CLOSE WINDOW

Q862: 'phags pa spyan ras gzigs zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀ་ན་ནི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས། ་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བའི་འབན་བྱནད་ཀྱི་བུང་བའི་རོལ་དགེ་སློང་ག་དགེ ་ན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དགཔ ་ཚུལ་ཁྲིམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡངས་སུ་དགན། བླགས་རྣམ་པར་དགཔ་ཉིད་འཛིན་ཡངས་སུ་དག་པ་དང་། བཟེད་པ་ཡོངས་སུག་པ་དང་། ཨུ་ད་པ་ཡངས་སུ་དགཔས་པན་ན་གཤེགས་པ་ཡངས་སུངངནན ་བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་དགར་བ་ཡོངས་སུ་དག་པར ་བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས ་རྣམ་པར་དག་པ་སྟོབས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་མི་འཇིགས་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། བློ་གྲོས་རྣམ་པར་དག་པ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་ཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག ་རྣམས་ཀྱིས་སྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདའ་བའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི ་མཐར་ཡང་ཟད་པར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ།། མཐའ་ཡས་སོ།། ་བསམ་གྱིས་མི་ཁྱབ་པོ།། མཚུངས་པ་མེད་དོ།། དཔག་ཏུ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ལ་སྟི་སྟང་བྱེད་པ་དང་། བླ ་མང་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། ཕྱི་མའི་ཚེ་བྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་བུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུཙམ་ལ་སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། ་རིམོར་བྱེད་པ་དང་། མཆོད་པ་དང་། བརྗོད་པ་དང་། ཡང་དག་པར་སེམས་ཉེ་བར་བཞག་སྟེ་བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས། ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། ་བརྗེད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོང་པ་བྱེད་པ་དེས་པན་ཡོན་ལྔ་ཡོངས་སུ་བཟུང་བར་འགྱུར་ཏེ། ལྡག་ཞོན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ཚོ་ཤེས་ཤིང་ཀྲོལ་ཡོད་པ་དང་ལྡ་པ་འགྱུར ་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དང་ལ་སྐྱེད་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ།། དེ་ཆོས་བཞི་དང་ལྡན་པར་འགྱུར་ཏོ།། བཞིག་པ་ཞེ་ན། དེ་བཞིན་གཤེགས ་པའི་བརྟན་པ་འཛིན་པ་དང་། དེ་ཡང་ཇི་ནད་བསྟན་པ་བཞིན་དུ་བསྒྲུབ་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ། ཆོས་བཞི་པ་དེ་དག་གོ། ་བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་དམ་དུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མེ་བརྫིར་འགྱུར་ཏེ། བཞི་གང་ཞེ་ན། རིགོས་མཐོ་ཞིང་རིགས་ཆེ་བ་དང་། བཅས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི་དུབ་ན་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་སྟེ། བློ་གྲོས་རྣམ་པར་དག་པ་བྱང་ཆུབ ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་རྫི་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། སུ་ཞིག་བསྐོར་བ་བྱེད་པ་ནི།། ཚེ་རབས་དག་ནི་ཐམས་ཅད་དུ།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། དྲན་དང་ལྡན་ཞིང་བློ་གྲོས་ལྡན།། བསོད་ནམས་ལྡན་ཞིང་འགྲི་མེད་འབྲུས ་མཆོད་རྟེན་བསྐོར་བ་བྱས་ན་ནི། ། ཚེ་རབས་དག་ནི་ཐམས་ཅད་དུ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར།། དས་ནི་གང་དག་བསྟན་པ་ཡི།། མི་ཁོམ་བརྒྱད་པོ་དེ་དག་སྤོང་།། སངས་རྒྱས་འབྱུང་བ་བ་ས ་གཡེན་པར་བྱེད་འདི་ལ་བཅིག། མདོག་ལྡན་གཟུགས་ནི་ཕུན་སུ་མཆོགས།། མཚན་གྱིས་ལེགས་པར་བརྒྱན་པ་དང་།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། ལེ་ལོ་ཅན་དུ་མི་འགྱུར།། དེ་ནི་མུག་ཅིང་ནོར་ཆེར་འགྱུར།། བསོད་ནམས ་ལྡན་ཞིང་རྫིབ་མེད། ། འཇིག་རྟེན་སྒྲོན་མ་མཉེས་བྱས་ནས།། ཡང་དང་ཡང་དུ་སྟི་སྟང་བྱེད།། བདག་མེད་སྟོང་པའི་ཆོས་ཐོས་ན།། དེ་ནི་ཆོས་ལ་རྨོངས་མི་འགྱུར།། མྱུར་དུ་དང་བ་ཐོབ་འགྱུར་ཞིང་།། ཆོས་དོན་ཇི་བཞིན་མཁས་པར་འགྱུར།། ་ཚོང་དཔོན་ཁྱིམ་དང་རྒྱས་པ་དང་།། ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར།། དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར།། གཏོང་བ་བཏང་ཞིང་སེར་སྣ་མེད།། འཛམ་བུའི་གླིང་ན་གང་ཡང་རུང་།། ཁྱད་པར་ཅན་གྱི་རིགས་མཛེས་པ།། དེར་ནི་བརྟན་པ་དེ་སྐྱེ་སྟེ། ་དམའ་བ་དག་ནི་རྣམ་པར་སྤངས།། མཆོད་རྟེན་བསྐོར་བ་བྱས་ན་ནི།། སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་།། དབང་ཆེར་གྲགས་པའི་ཁྱིམ་བདག་དང་།། དཔལ་དང་གཟི་བརྗེད་ལྡན་པར་འགྱུར།། བྲམ་ཟེ་ས་ལ་ཆེ་འདྲ་དང་།། ཚུལ་ཁྲིམས་ལྡན་ཞིང་མང་ཐོས ་དང་། རྒྱལ་རིགས་ས་ལ་ཆེ་འདྲ་དང་།། ཕྱུག་ཅིང་ནར་ཆེར་ལྡན་པར་འགྱུར།། རེས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི།། ས་ཀུན་ལ་ནི་གང་སྨོན་པ།། གླིང་བཞི་དག་གི་དབང་ཕྱུག་བླ།། རྒྱལ་པོ་ཆོས་དང་ལྡན་པར་འགྱུར།། འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ།། ་རིན་ཆེན་བདུན་དང་ལྡན་པར་འགྱུར།། རྒྱལ་སྲིད་གནས་ནས་སངས་རྒྱས་ལ།། ཡང་དང་ཡང་དྲ་སྟི་སྟང་བྱེད།། འདི་ནས་ཤི་འཕོས་མཐོ་རིས་སུ།། སོང་ནས་སངས་རྒྱས་བསྟན་ལ་དང་།། ལྷུན་པོའི་ཟོམ་གྱི་དབང་ཕྱུག་གོ།། ལྷའི་དབང ་ཨུ0f7f། པོ་བརྒྱ་བྱིན་འགྱུར།། ལྷ་དབང་ཤིན་ཏུ་འཐབ་བྲལ་དང་།། དེ་བཞིན་དུ་ནི་དགའ་ལྡན་དང་།། ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་།། དབང་སྤུར་འཇིགས་པ་མེད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། དེ་ཚངས་པའི་འཇིག་རྟེན་དུ།། ཚངས་པ་འདབང ་མུག་མཁས་འགྱུར་ཞིང་། ། ལྷ་རྣམས་བྱེ་བས་མཆོད་པར་འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མིག་སྐོར་བ་བྱེད་པ་ཡིས།། བསྔགས་པ་བསྐལ་པ་བྱེ་བར་ཡང་།། བརྗོད་པས་ཟད་པར་བྱ་མི་ནུས།། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། སྟོན་པའི། ་མཆོད་རྟེན་ཕྱག་འཚལ་བ།། དེ་ནི་བསྐལ་པ་བྱེ་བར་ཡང་།། ནམས་ཀྱང་ལོང་ཞིང་འཐད་མི་འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མངོན་དུ་བསྐོར་བ་བྱེད་པ་ནི།། བུང་བ་སྔོན་པོ་མཛེས་འདྲ་ཡི།། རྣམ་པར་དག་པའི་མིག་འཐོབ་འཆར།། མཆོད་རྟེན་ག ་བ་བྱས་ན་ནི། དེ་ནི་ངེས་པར་རྟག་ཏུ་ཡང་།། འཐུན་པའི་དོན་ཀུན་ཐོབ་འགྱུར་ཞིང་།། དོན་མིན་རྣམས་ནི་སྤངས་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། དེ་ནི་ལེ་ལོ་མེད་འགྱུར་ཞིང་།། རྟག་ཏུ་བག་ཡོད་ལྡན་པར ་འགྱུར། མཆོད་རྟེན་བསྐོར་བ་བྱས་ན་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་པ།། བརྟན་ཞིང་རྣམ་པར་གནོན་བརྟན་དང་།། དེ་ནི་མྱུར་དུ་མཁས་པར་འགྱུར།། མེ་དང་དུག་དང་མཚོན་གྱིས་དེ།། ནམས་ཀྱང་འཆི་དུས་བྱེད་མི་འགྱུར།། མཁས་པའི་ཚེ ་ནི་རྫོགས་རྫོགས་ས། ། ཟད་པར་བྱས་ནས་འཆི་དུས་མེད།། མཆོད་རྟེན་བསྐོར་བ་བྱས་ན་ནི།། ཕོ་བྲང་འཁོར་དང་ཡུལ་འཁོར་དང་།། གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་།། གཟུགས་ཀྱི་ཁྱད་པར་འཕགས་པར་འགྱུར།། བྱང་ཆུབ་སྤྱད་པ་སྤྱོད་པའི་དུས། ་དེ་ནི་འདོད་པ་མི་སྟེན་ཅིང་།། ལུས་ཀྱང་གཙང་ལ་གོས་གཙང་ཞིང་།། གཙང་མའི་ཆོས་ལ་གནས་པར་འགྱུར།། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས། ་དད་པ་བསྐྱེད་དེ་པུས་མོ་གཉི་གའི་ལྷ་ངས་ལ་བཙུགས་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་དེ་ཅི་འདྲ་བར་བདག་གི་ལུས་ཀྱང་དེ་འདྲ་བར་གྱུར་ཅིག ་ཅེས་དེ་ལ་མོས་པ་བསྐྱེད་ན། བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ ་ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་རིགས་ཀྱི་བུ་དེས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི ་ཁྱ་པ་ཡོངས་སུ་བཟུང་བའི་ཕྱིར་ཏེ། བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། གྲོང་དུ ་འཇུག་ཀྱང་རུང་འཆག་ཀྱང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཆོས་སྟོན་ཀྱང་རུང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྷའམ། ཀླའ་མ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་དམ། ་མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། མིའམ་མི་མ་ཡིན་པའམ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཤིང་དམ་རི་འམ།། ཁུང་བུའམ། བུ་གའམ། བྱ་སྐྱིབས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་གལ་བ་ལོགས་སུ་འདུག་དང་། རབ་ཏུ ་འདུད་པ་དང་། ཀུན་ཏུ་འདུད་པ་མི་བྱེད་པ་དེ་གང་ཡང་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ལ་བྱེད་པ་དེ་བཞིན་དུ་རིགས་ཀྱི་བུ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་ལྗོངས་དང་པོ་བྲང ་འཁོར་ན་ཆུ་ལ་སེམས་ཅན་རྣམས་ལུང་ད་ལུ་ཀུན་དུ་འདུད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མོས་བསྐྱེད་དེ། སངས་རྒྱས་མཆོད་རྟེན ་ལ་ནི་པུས་མོ་གཉིས་བཙུགས་དང་། སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ།། དེ་འགྲོ་ཚོན་འཇིག་རྟེན་གསུམ་པོ་འདུད་པ་བྱེད།། མི་རྣམས་གཙོ་བོ་རང་བྱུང་གང་དུ་འགྲོ་བྱེད་པ།། དེ་ལོགས་སུ་ནི་རྫི་དང་ཤིང་དང་སྡོང་བླ་ད་། ་སྨན་དང་ཤིང་ལ་རྣམས་དང་འབྲས་བུ་འདབ་མ་དང་།། ཡིད་འོང་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བུས་མོ་གཙུགས་པ་ནི།། དེ་ལ་མིའི་དབང་པོ་ཀུན་ཀྱང་འདུད་པར་འགྱུར།། གནོད་སྦྱིན་དཔ ་དང་ཀླུ་དང་ལྷའི་རྒྱལ་པོ་དང་། ། ཚངས་པའི་དབང་པོ་ཐམས་ཅད་རྐང་པར་གདུགས་པར་བྱེད།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བུ་ས་བཙུགས་ཕྱག་བྱས་ན།། དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར་བར་འགྱུར།། གསེར་གྱི་མདོག ་ལྡན་མཚན་རྣམས་ཀྱིས་ནི་གོ་ཆར་འགྱུར། ། མཐུ་ཆེ་བླ་མར་བྱ་ཞིང་ཐུབ་པར་དཀའ་བར་འགྱུར།། དེ་ཡི་ཡུལ་ན་སེམས་ཅན་གང་དག་གནས་གྱུར་པ།། དེ་དག་ཐམས་ཅད་བྱམས་པའི་སེམས་དང་དགའ་བར་འགྱུར།། དེ་ལ་སེམས་ཅན་གང ་ཡང་སྡིག་པ་མི་བསྐྱེད་དེ། ། སྐྱེ་བོ་ཚོགས་ཆེན་དགའ་ཞིང་ཡིད་དུ་འོང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་བུས་བཙུགས་ཕྱག་འཚལ་བ།། དེ་ལ་འཇིག་རྟེན་ཀུན་གྱི་རྒྱལ་པོ་རབ་ཏུ་འདུད།། དེ་ལ་ལྷ་དང་ཀླུ་དང་མི་དང་ལྟོ་འཕྱེ་ཆེན་པོ ་འདུད། ། བསྐལ་པ་མཐའ་ཡས་རྣམས་སུ་དབུགས་བྱིན་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་བུས་བཙུགས་ཕྱག་འཚལ་བ།། གང་ཚེ་རྒྱལ་བ་དམ་པ་བྱུང་བར་གྱུར་པའི་ཚེ།། དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར་བ་ཐོབ།། ་འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར།། འཇིག་རྟེན་སངས་རྒྱས་འགྱུར་ཅེས་མོས་པ་བསྐྱེད་ནས་ནི།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བུས་བཙུགས་ཕྱག་འཚལ་བ།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་གྲངས་ཟང་འབྲུ ་ན། དེ་ནི་རིང་པོ་མི་ཐོགས་བྱང་ཆུབ་མཚུངས་མེད་འཐོབ།། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ།། བསྐལ་པ་བྱེ་བ་གཞལ་ཡས་སྟི་སྣང་བྱེད་པ་བས།། གང་ཞིག་ཕྱི་དུས་མ་ཟད་བསྐལ་པ་འདི་ལ་ནི།། མཆོད་རྟེན་ཕྱག་འཚལ་དེ ་ཡི་བསོད་ནམས་ཆེས་མང་ངོ་། ། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ། སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བརྙེས་གྱུར་པ།། མི་ཡི་ཁྱུ་མཆོག་པ་ལ་འདིར་ནི་མཆོད་བྱས་ན།། རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན། ་འགྱུར་བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ།། མེ་ཏོག་ཕྲེང་བ་བྱས་ནས་སུ།། མཆོད་རྟེན་དག་ལ་སུ་འབུལ་བ།། དེ་ནི་ནམས་ཀྱང་བོངས་མི་འགྱུར།། མིའི་ནང་ནས་ཤི་འཕོས་ནས།། སུམ་བཅུ་རྩ་གསུམ་འགྲོ་བར་འགྱུར།། དེར་ནི་རིན་ཆེན་སྣ་ཚོགས་ཀྱི།། གཞལ ་མེད་ཁང་པ་ཐོབ་པར་འགྱུར། ། མཆོད་རྟེན་ཕྲེང་བ་འདིར་ཕུལ་ན།། ཁང་བཟངས་དག་དང་ཁང་བརྩེགས་པ།། ལྷའི་བུ་མོས་བསྟེན་པ་རྣམས།། སུམ་བཅུ་གསུམ་དུ་སྤྱོད་པར་འགྱུར།། ཡན་ལག་བརྒྱད་ལྡན་ཆུས་གང་ཞིང་།། གསེར་གྱི་བྱེ་མ་འཇལ ་གྱུར་པ། བཻ་དཱུརྱ་དང་ཤེལ་དག་གི། ལྷའི་རྫིང་བུ་ཐོབ་པར་འགྱུར།། དེར་ནི་ལྷའི་དགའ་སྤྱད་ནས།། མཁས་པ་ཚེ་ཚད་རྫོགས་པར་འགྱུར།། ལྷའི་འཇིག་རྟེན་ཤི་འཕོས་ནས།། མི་ནང་ལོངས་སྤྱོད་ལྡན་པར་འགྱུར།། དགེ་བའི་རྩ་བ་དེ་ཉིད་ཀྱིས།། ་མཁས་པ་བག་ཡོད་གྱུར་ནས་ནི།། དེ་བཞིན་གཤེགས་པ་མཉེས་བྱས་ཏེ།། རྐང་གཉིས་མཆོག་ལ་མཆོད་པ་བྱེད།། མཆོད་རྟེན་ཕྲེང་བ་འབུལ་བྱེད་པ།། དེ་ནི་འདོད་ཆགས་མི་འཕྲོགས་ཤིང་།། ཞེ་སྡང་གིས་ཀྱང་འཕྲོགས་མི་འགྱུར།། དེ་ནི ་ནམས་ཀྱང་རྨོངས་མི་འགྱུར། ། རྐང་གཉིས་མཆོག་ལ་མཆོད་བྱས་ན།། དེ་ནི་ཚེ་རབས་ཐམས་ཅད་དུ།། ཆགས་པ་མེད་ཅིང་ཞེ་སྡང་མེད།། བསྐམ་པ་མེད་ཅིང་དབང་པོ་བསྡམས།། མཆོད་རྟེན་ཕྲེང་བའི་ཡུལ་བྱེད་པ།། ཚེ་རབས་བྱེ་བ་སྟོང་རྣམས་དང་། ཁྲག ་ཁྲིག་དག་ནི་བརྒྱ་བགྲངས་པ། ། ཀུན་ཏུ་བཀུར་སྟི་བྱས་པར་འགྱུར།། མཆོད་རྟེན་ཕྲེང་པ་འབུལ་བྱེད་པ།། དེ་ནི་འཁོར་ལོས་སྒྱུར་བར་འགྱུར།། བརྒྱ་བྱིན་ལྷའི་དབང་ཕྱུག་འགྱུར།། ཚངས་པའི་འཇིག་རྟེན་ཚངས་པར་འགྱུར།། འཇིག་རྟེན་མགོན་པོ ་སྐྱོབ་པ་ལ། ། དར་གྱི་དབུལ་བ་ཕུལ་བྱས་ནས།། ལྷ་ཡི་དག་དང་མ་རྣམས་ཀྱི།། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། དམའ་བའི་རིགས་ནི་རྣམ་སྤངས་ཏེ།། དེར་ནི་དེ་སྐྱེ་འགྱུར་མ་ཡིན།། ཕྱུག་ཅོང་ནོར་ཆེན་ལྡན་པ་དང་།། འཇིག་རྟེན་དབང་ཕྱུག་དེ ་འགྱུར་རོ། ། དེ་བཞིན་གཤེགས་ལ་མཆོད་བྱས་ན།། གཟུགས་དང་དོན་དང་ལོངས་སྤྱོད་དང་།། ཁ་དོག་དང་ནི་འབྱོར་པ་དང་།། ཀུན་ཏུ་གྲགས་དང་ལྡན་པར་འགྱུར།། དེ་ནི་ཚེ་རབས་དྲན་འགྱུར་ཞིང་།། འདོད་ཆགས་ཀྱིས་ཀྱང་འཕྲོགས་མི་འགྱུར།། འདོད ་པ་རྣམས་ཀྱི་སྐྱོན་ཤེས་ཤིང་། ། ཚངས་པར་སྤྱད་པ་སྤྱོད་པར་འགྱུར།། དེ་བཞིན་གཤེགས་པ་མཆོད་བྱས་ན།། གཟུགས་རྣམས་དང་ནི་སྐྱེ་དག་དང་།། རོ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་།། སྡིག་པའི་ལས་ནི་བྱེད་མི་འགྱུར།། རྣམ་པར་འདྲེན་པ ་མཆོད་བྱེད་ན། ། དེ་ནི་སྤོས་དང་མེ་ཏོག་གིས།། ནམས་ཀྱང་འཕྲོགས་པར་མི་འགྱུར་ཞིང་།། ངན་ལྡན་ཤེས་རབ་ལྡན་པར་འགྱུར།། དེ་བཞིན་གཤེགས་ལ་སུ་མཆོད་པ།། དེ་ཡི་ནོར་གྱི་ཕུང་པོ་ལ།། རྒྱལ་པོ་དང་ནི་ཆོམ་རྐུན་དང་།། མེ་དང་ཆུས་ཀྱང་རེག ་མི་འགྱུར། ། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ།། དར་གྱི་དབུལ་བ་སུ་འབུལ་བ།། དེ་ནི་བརྐམ་དང་མྱ་ངན་དང་།། ནད་བུ་ཅན་དུ་གཞར་མི་འགྱུར།། འཇིག་རྟེན་སྒྲོན་མ་མཆོད་བྱེད་པ།། ཚེ་རབས་དག་ནི་ཐམས་ཅད་དུ།། མྱ་ངན་མེད་ཅིང་གནོད་མེད་དང་། འབོར ་ལོས་སྒྱུར་བ་འབྱོར་ཆེན་འགྱུར། ། འདྲེན་ལ་མཆོད་པ་བྱས་ན་ནི།། རྐང་པ་ལག་པ་མཉེན་འགྱུར་ཞིང་།། ཡན་ལག་རྣམ་པར་དག་འགྱུར་ལ།། གཟུགས་དང་ཁ་དོག་ལྡན་པར་འགྱུར།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད།། ་གང་དག་འཇིག་རྟེན་རབ་དཀོན་པ།། རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར།། བསྐལ་པ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པར།། མཆོད་ཅིང་བདེ་ལ་ཤེས་རབ་ལྡན།། བྱང་ཆུབ་དམ་པ་འཚང་ཡང་རྒྱ།། འཇིག་རྟེན་མགོན་པོ ་སྐྱོབ་པ་ལ། ། ཕྲེང་བའི་ཁང་པ་བྱས་ན་ནི།། དེ་ནི་གཡོག་འཁོར་མི་ཕྱེད་ཅིང་།། རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར།། འཕགས་པ་རྣམས་ཀྱིས་གང་སྤངས་པ།། སྡིག་པའི་ལས་ནི་སྤོང་བར་བྱེད།། རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི།། དགེ་བའི་ལས་ལ ་སྟེན་པར་བྱེད། ། ལྷ་འམ་འོན་ཏེ་ཀླུ་རྣམས་སམ།། འཇིག་རྟེན་དག་ན་གང་མཁས་པ།། དེ་དག་དགའ་ཞིང་མགུ་བ་དང་།། སྟི་སྟར་བྱས་ཤིང་བསྔགས་པར་འགྱུར།། བརྟན་པ་དེ་ནི་གར་སྐྱེས་པ།། བསོད་ནམས་གཟི་བརྗིད་རབ་ཏུ་བརྗིད།། ཡུལ་འཁོར་དག་དང ་གྲོང་ཁྱེར་དང་། ། རིགས་དེར་སྟི་སྟེང་བྱེད་པར་འགྱུར།། སངས་རྒྱས་གཞན་གྱིས་མི་ཐུབ་པ།། རྐང་གཉིས་མཆོག་ལ་སུ་མཆོད་པ།། དེ་དག་མཐུ་སྟོབས་ཆེ་བ་དང་།། གཡོག་འཁོར་ཆེན་པོས་མཛེས་པར་འགྱུར།། བྱང་ཆུབ་ཏུ་ནི་ཡོངས་བསྔོས་ཏེ།། ་ཕྲེང་བའི་གཙུག་ལག་ཁང་བྱས་ན།། སངས་རྒྱས་རྣམས་ཀྱིས་གང་བསྔགས་པའི་འབྱོར་པ་དག་ནི་དེས་འཐོབ་པོ།། དེ་ནི་འཐེང་དང་ཞར་བ་དང་།། དམན་དང་མ་རུངས་མ་འགྱུར་གནས།། གང་དང་གང་དུ་སྐྱེས་པར་ཡང་།། མཚན་རྣམས་ཀྱིས་ནི་བརྒྱན ་པར་འགྱུར། སེམས་ཅན་དབུལ་པོ་རྣམས་མཐོང་ན།། དེ་ནི་ནོར་གྱིས་སྡུད་པར་བྱེད།། དེ་ནི་ནོར་དང་ལྡན་འགྱུར་ཞིང་།། དེ་ནི་བྱང་ཆུབ་སྤྱད་པ་སྤྱོད།། བློ་གྲོས་ཆེན་པོས་ས་འདི་ཀུན།། ཡོངས་སུ་བཏང་བ་བྱས་ནས་ཀྱང་།། དམན་པའི་སེམས་སུ་མི་འགྱུར་ཞིང་། དེ་ནིན ་ནམས་ཀྱང་ཕོངས་མི་འགྱུར། ། གང་དག་བྱང་ཆུབ་མངོན་ཞུགས་པ།། དེ་དག་བུ་དང་བུ་མོ་དང་།། ཆུང་མ་དགེ་ཞིང་བཟང་མོ་དག། བཏང་ནས་མྱ་ངན་བྱེད་མི་འགྱུར།། དེ་ནི་སྔོན་དུ་འགྲོ་འགྱུར་ཞིང་།། བཀྲི་བ་མེད་ལ་མཐོང་ན་དགའ།། ཕྲག་དོག་དང་ནི་དརྒྱལ་གྱིས། ་ནམས་ཀྱང་དེ་ལ་གནོད་མི་འགྱུར།། གང་དག་བྱང་ཆུབ་རབ་ཞུགས་པ།། དེ་དག་ཕྲག་དོག་མེད་ཅིང་དེས།། བཟོད་པའི་ཕ་རོལ་ཕྱིན་པར་འགྱུར།། ཕན་པ་འདོད་ཅིང་ཡོན་ཏན་ལྡན།། གང་དག་བྱང་ཆུབ་མདོན་ཞུགས་པ།། འཇིག་རྟེན་ཀུན་ན་དེ་རིན་ཆེན།། དེ ་དགའབྱུང་བ་ཤིན་ཏུ་དཀོན། ། སྨད་པ་མེད་པའི་སྦྱིན་གནས་འགྱུར།། ས་འདི་དག་ནི་རིམ་གྱིས་སུ།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་རྣམས་ཀྱི་ཡོན་ཏན་མཐའ།། ཚིག་གིས་བསྟན་པར་མི་ནུས་སོ།། སེམས་ཅན་དག་ནི་ཐམས་ཅད་ཀྱི། ་དུས་གསུམ་སེམས་ནི་ཤེས་པར་ནུས།། དེ་དག་རྣམས་ཀྱི་ཡོན་ཏན་མཐའ།། ཚིག་གིས་བསྟན་པར་མི་ནུས་སོ།། རྒྱ་མཚོ་ཆེན་པོ་བཞི་པོ་དག། སྒྲ་ནི་བྱེ་བ་སྟོང་གཤེགས་པའི།། སྐྲ་ཡིས་ཟད་པར་བྱ་བར་ནུས།། དེ་དག་ཡོན་ཏན་ཟད་མི་ནུས།། ས ་རྣམས་ཐམས་ཅད་བྱེར་རླགས་པ། ། རབ་ཏུ་ཕ་རྡུལ་ཤེས་པར་ནུས།། སངས་རྒྱས་སྲས་པོ་དེ་དག་གི། ཡོན་ཏན་མཐའ་ནི་བརྗོད་མི་ནུས།། ཆུ་ཀླུང་ཐམས་ཅད་རབ་འབབ་པ།། རྒྱུན་པས་བཟློག་སྟེ་འགྲོ་ཡང་སྲིད།། སངས་རྒྱས་སྲས་པོ་དེ་དག ་གི། ཡོན་ཏན་མཐའ་བརྗོད་དེ་ལྟ་མིན།། སེམས་ཅན་དག་ནི་ཐམས་ཅད་ཀྱི།། སྔོན་གྱི་ལུས་རྣམས་ཇི་སྙེད་པ།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་ཟད་མི་འགྱུར།། སྔོན་གྱི་ལུས་རྣམས་ཐམས་ཅད་ལ།། སྤུ་ཕྲེང་ཇི་སྟེ ་ཡོད་པ་རྣམས་བཟང་བར་བྱ་དེ་པག་པར་དུས། ། དེ་དག་ན་ཏན་ནད་མི་འཐུར།། འགྲུབ་ས་མ་འའརབ་པོ།། སེམས་ཅན་འན་གྱི་སྨན་མས་ནི།། བགྲང་བར་བྱ་ཞིང་དགག་པར་རུས།། དེདག་ཡོན་ཏན་དང་པའི་དྲུག། ས་འདི་། ་ཐམས་ཅད་པ། ཆུའི་ཕུང་པོར་གནས་གྱུར་ཀྱང་།། དེ་ནི་བགྲང་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་བརྗོད་མི་ནུས།། མར་མེམ་ད་ནས་བཟུང་ནས་ནི།། མ་འོངས་བསྐལ་པ་ཇི་སྙེད་པ།། དེའི་བར་དུ་ཤིང་སྔོན་རྣམས།། ཇི་སྙེད་མ་འོངས་འཐུང་འགྱུར ་བ། དེ་དག་འབྲས་བུ་མེ་ཏོག་རྣམས།། དེ་དག་ཟད་པར་ཤེས་པར་ནུས།། བསྐལ་བ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བནྱ་གྲངས་བང་།། བརྩོན་པ་ཞིག་གིས་དེ་དག་གི། བསྔགས་ཕྲེང་ཡིད་དུ་འང་བརྗོད་ཀྱང་།། སངས་རྒྱས་སྲས་པོད་། ་གི། ཡོན་ཏན་མཐའ་ནི་བརྗོད་མི་ནུས།། སངས་རྒྱས་སྲས་པོ་དེ་དག་ལ།། མི་གང་མི་དགའ་བྱེད་པ་དེ།། ལྷ་དང་མི་ནི་སྤངས་ནས་སུ།། དེ་དག་དམྱལ་བ་སྤྱོད་ཡུལ་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མི་གང་ལ་ལ་གནོད་བྱེད་པ། མིག ་མེད་པ་འམ་ལོང་བ་དང་། ། སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར།། ཤི་འཕོས་ནས་ནི་མནར་མེད་འགྲོ།། དེ་ནི་འབར་ཞིང་འཇིགས་སྐྲག་འགྱུར།། ལུས་ནི་མཚན་པོར་གྱུར་ནས་ཀྱང་།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། ཚེ་རབས་དེ་དང་དེ།། ་དག་ས།། དེ་ལུས་དཔག་ཚད་ཙམ་འགྱུར་ཏེ།། དེ་དག་ཕྲུམ་ལྟར་ཟླུམ་གྷ་ར་ལ།། ཀུན་ནས་ཡོངས་སུ་བཟའ་བར་འགྱུར།། དེ་ཚེ་ལུས་ལ་མག་བེ་ནི།། ལྔ་སྟོང་ཡོད་པར་འབྱུང་འགྱུར་ཞིང་།། མགོ་བ་དེ་དག་རེ་རེ་ལ་འང་།། ལྕེ་ནི་ལྔ་བརྒྱ་ཐམ་པ ་ཡོད། ། གཅིག་ལའང་ཐོད་ག་ཤོལ་ལྔ་བརྒྱ་དག་གིས།། ལྕེ་ནི་རབ་ཏུ་རྨོ་བར་འགྱུར།། སྡིག་པའི་ལས་ཀྱི་རྣམ་སྨིན་གྱིས།། མི་བཟད་ཆེན་པོར་གཤེགས་པར་འགྱུར།། མནར་མེད་དེ་ནས་ཤི་འཕོས་ནས།། དེ་ནི་ཚེ་དང་རབ་ཚབར།། བློ་གྲོས ་ངན་པ་ཚེར་བཀྱོབ། དེ་སྔོན་ཉིས་བྱས་འབྲས་བུ་ཡིན།། བྱང་ཆུབས་ས་དཔའ་རྣམས་ལདི།། མ་བསྡམས་གང་ཞིག་གནོད་བྱེད་པ།། དེ་ལ་དུད་འགྲོའི་སྐྱེགནས་དང་། མྱལ་བའི་ས་ནི་དཀོན་མ་ཡིན།། ཚེ་བས་བྱེ་སྟོད་རྣམས་དང་། ་ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པར་སྡུག་བསྔལ་ཚོར་བ་མྱོང་འགྱུར་ཞིང་།། དེ་ནི་བཟང་པོ་རྣམས་མ་མཐོང་།། སངས་རྒྱས་སྲས་པོ་སྐྱོབ་རྣམས་ལ།། གནོད་པ་དག་ནི་བྱིས་གྱུར་ན།། ཨ་ལ་གར་རྟ་འཇིགས་པ་ཡི།། ཤིན་ཏུ་བདུག་པའི་སྦྲུལ ་དུསྱ། ང་ནི་བཀྲེས་དང་སྐོམ་པས་ཉེན།། སྡིག་པའི་ལས་རྣམས་བྱེད་པར་འགྱུར།། དེ་ནི་ཟས་ཀྱང་མི་རྙེད་དེ།། ནམས་ཀྱང་འདྲངས་པར་ཟ་མི་མྱོང་།། ཤི་འབོས་གཤིན་རྗེའི་འཇིག་རྟེན་དུ།། དེ་ནི་རྟག་པར་གདུན་ཏུ་བརྡུང་།། དགེ་སློང་དག་ལ ་གནོད་བྱས་པས། ། ནམས་ཀྱང་སྐབས་ནི་རྙེད་མི་འགྱུར།། དེ་ནས་ཤི་འཕོས་དུས་བྱས་ཏེ།། མིའི་ལུས་ནི་ཐོབ་གྱུར་ན།། བློ་ན་དེ་ནི་དམུས་ལོང་འགྱུར།། གནོད་སེམས་ལྡན་ཞིང་སྡོམ་པ་མེད།། དེ་ནི་ཉེས་པར་སྨྲས་བྱས་ཏེ།། འཕགས་པ་རྣམས་ལ ་སྐུར་བཏབ་པས། ། མིའི་ནང་ནས་ཤི་འཕོས་ནས།། ངན་སོང་དག་ཏུ་མྱུར་དུ་འགྲོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྡམས་གང་ཞིག་གནོད་བྱེད་པ།། བསྐལ་པ་བྱེ་བ་སྟོང་དག་དུ།། ནམས་ཀྱང་སངས་རྒྱས་མཐོང་མི་འགྱུར།། ་རྫོགས་སངས་རྒྱས་ཀྱི་སྲས་རྣམས་ལ།། གང་ཞིག་ཆོས་བཞིན་སྲུང་བྱེད་པ།། དེས་ནི་ངན་འགྲོ་ཀུན་སྤངས་ཏེ།། མྱུར་དུ་བཟད་འགྲོ་འགྲོ་བར་འགྱུར།། ཕྱུག་ཅིང་ནོར་ཆེན་ལྡན་པ་དེ།། སྟོབས་དང་ལྡན་ཞིང་འཇིགས་པ་མེད།། དྲན་དང་ལྡན ་ཞིང་ཤེས་རབ་ལྡན། ། བདེ་ཞིང་ངོ་ཚ་ཁྲེལ་ལྟས་ལྡན།། གང་དུ་འཇིག་རྟེན་རྣམས་ཀྱི་སྒྲོན།། ཡོངས་སུ་མྱ་ངན་འདས་གྱུར་པ།། སངས་རྒྱས་མཆོད་རྟེན་མཐོང་ནས་ནི།། ཡང་དང་ཡང་དུ་སྟི་སྟང་བྱེད།། རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི།། འདི ་འདྲའི་ཆེས་འདི་ཐོས་གྱུར་ནས། ། སངས་རྒྱས་སྲས་པོ་རྣམས་ལ་ནི།། སུ་ཞིག་གྱི་ཕྱིར་དང་མི་བྱེད།། གང་གི་སངས་རྒྱས་སྟོང་རྣམས་དང་།། བརྒྱ་ད་དབྱེ་བ་བགྲངས་དག་ལ།། བསྐལ་པ་གང་གཱའི་བྱེ་མ་སྙེད།། དེ་སྙེད་བསྐལ་པ་རབ་ཀུར་པ་པས། འབྲི། ་རྟེན་མགོན་གྱིས་གསུངས་པ་ཡི།། དམ་ཆོས་འཇིག་ཆག་ཤིག་གིས།། ཉིན་དང་མཚན་དུ་འཛིན་བྱེད་པ།། དེ་ནི་བསོད་ནམས་བྱེད་པར་འཕགས།། ཆོས་འཇིག་དུས་ན་ཆོས་འཛིན་པ།། སྔོན་གྱི་སངས་རྒྱས་ཐམས་ཅད་དང་།། སངས་རྒྱས་ཡེ་ཤེས ་གནས་གང་མདེན་པ་མད་བྱས། དམ་ཅས་འ། མ། སྟོན་པ་གས་པསུ་བྱེད་ལ། འན་ལ་པ་བྱ་རྣནམས། དནརྣམས་ཀྱ་མ་འཇུང། ས་ཀྱིན་རྗོང་ཟུ་ན། ནན་འཇུ ་དེ་ནི་ཡིད་དུ་མི་འོང་བས། ། ནམས་ཀྱང་འཕྲོགས་པར་མི་འགྱུར་རོ།། སྟོན་པའི་བསྟན་པ་བསྲུང་བྱས་ན།། བཟོད་པ་ཕུན་སུམ་ཚོགས་པ་དང་།། དེས་དང་བས་ལ་དང་མཉེན་པ་དང་།། སེམས་ཅན་རྣམས་ལ་བྱམས་སེམས་འགྱུར།། འཛག་ཚེ་རྒྱལ་བ ་མཆོག་གི་ཆོས་བཟུང་བས། ། བདེ་དང་དགའ་འཐོབ་མཛོད་ནི་མེད་པར་འགྱུར།། སྔོན་གྱི་རིམ་གྲོ་བྱ་བ་ཐོབ་འགྱུར་ཞིང་།། མི་ཁོམ་བརྒྱད་པོ་མ་ལུས་ཟད་པར་སྤོང་།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། དཔེར་ན་ནམ་མངའ་སྐ་མས ་ཡོངས་གང་ལྟར། ། རྟག་ཏུ་མཚན་གྱིས་གོ་ཅར་བྱས་པ་དང་།། རབ་ཏུ་ཚིག་སྟན་ཡིད་འོང་དབྱངས་ལྡན་འགྱུར།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། གང་ན་ཡིད་བདེ་མེད་ཅིང་རབ་སྡུག་པ།། རིགས་དམན་དེ་ནི་ཡིས་སྤངས་པར་འགྱུར།། ་ཕྲུག་ཅིང་ཤིན་ཏུ་བདེ་ལ་ལོངས་སྤྱོད་ལྡན།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན།། མི་དམནས་རྣམས་ཀུན་ཏུ་རྣམ་པར་རྒྱུ།། སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད།། འཇིག ་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། ། མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན།། མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་འགྱུར།། རྒྱལ་པོ་མཁས་པ་འཛངས་པ་རྣམས་ཀྱིས་བསྔགས།། འཇིག་ཚེ་རྒྱལ་བ་མཆོག་གི ་ཆོས་བཟུང་བས། ། མཆོག་ཏུ་གཟུགས་མཛེས་བལྟ་ན་སྡུག་པ་དང་།། སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་།། བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན།། སྟོན་པ་སྟོབས་བཅུ་མདའ་བ་ལྷའི་ལྷས།། གང་གི་མདུན་དུ་མདོ་འདིར་བ་བཤད ་གམི་དེ་ལག་ཏུ་མདོ་སྡེ་འདི་འདྲ་བའི། ། ཕྱི་མའི་དུས་ཀྱི་ཚོན་ཐོབ་པར་འགྱུར།། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ།། རས་འདྲི་རྩིག་ངོས་འདྲིའམ་གསེར་ལས་བྱས།། དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ།། དེ་དག་མ་ལུས་རབ་ཏུ་བསྟན ་ཀྱིས་ཉོན། དེ་ནི་བསྡུ་མིན་མེད་པར་གཞང་མི་འཐུར།། སྦུང་པོར་མི་འགྱུར་ཡན་ལག་མི་སྡུག་མིན། དེ་ནི་གཟུགས་དང་ལྡན་ཞིང་འདོག་ལྡན།། བུམ་བརྙརྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། ལུས་ནི་རྣམ་པར་དག་ཅིང་བྱང་པར་འབོག། ་སྤོབས་པའི་ཐོབ་ཅིང་སྣ་སྟན་ཡད་དུའོ།། ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱིགས།། དེ་མཐོང་སེམས་ཅན་པ་དེ་ནི་དགའ་བར་འགྱུར།། སྡིག་བྱེད་མི་བཟུར་ཞེསྡང་མེད་སེམས་ལྡན།། ག་ཡོ་མེད་མི་རྒུ་རྒྱལ་པོ་འཁྲུག་མི་བྱེ་། མཐུ ་དང་ལྡན་ཉི་དབང་ཆེར་གྲགས་པར་འགྱུར། ། བྱམས་ལ་གནས་ཤིང་མིདམ་ན་སེམས་དང་ལྡན། འདྲེན་པའི་མུ་གཟུགས་རབ་ཏུ་མདེས་བྱས་ན།། ངན་མཆོག་འགྱུར་སྐྱེ་བོ་མེད་མཆོད་འོས།། ཐོ་ལྡན་དྲུགཅིང་ན་ཉིད་ཏུ་ཆེར་ལྡན། དབང ་ལྡན་འཁོར་ལོས་སྐུར་བའི་རྒྱལ་པོར་འགྱུར། ། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།། ལྷའི་དབང་པོ་དབང་ཕྱུག་དབང་ཐོབ་པ།། སྤུན་པོའི་ཟོམ་ན་དབང་པོ་པོ་བརྒྱ་བྱིན་འཐུང་།། བདག་པོ་སྲུན་པོའི་ཟོམ་ན་རྒྱལ་སྲིད་སྟོན། དེ་ནི་དྲན་དང ་བློ་གྲོས་མི་ལྡན་མི་ནི། ། དེན་རྟོགས་མོས་ཤེས་རབ་ཆེན་པོར་འགྱུར།། འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐོབ་འགྱུར་ཏེ།། འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས།། སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན།། དད་འགྲོབ་རྒྱ་གནས་གཞིན ་རྗེའི་ཡུལ་མི་འགྲོ། ། ངན་འགྲོ་གསུམ་པོ་ངས་ནི་རྣམ་སྤངས་ཏེ།། བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར།། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ནས།། དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ།། མི་དམན་དགའ་བའི་སེམས ་ཀྱིས་སངས་རྒྱས་མཆོད། ། རྒྱལ་བ་མཆོག་གི་བསྟན་ལ་དང་བར་འགྱུར།། ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར།། ཡིད་འོང་ཤིན་ཏུ་མཛེས་པའི་སྤོས་དང་ཅན།། ཛམ་བུ་ཀླུང་གསེར་འོང་བྱེད་དགའ་འབྱུར་བའི།། ་གཞལ་མེད་ཁང་མཆོག་བལྟ་སྡུག་ཐོབ་པར་འགྱུར།། དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པ་པོ།། སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་ཐོབ།། ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ན་གསལ།། གསེར་སྟེང་རིན་ཆེན་བཻ་དཱུརྱ་དང་མཚུངས།། ་ཨུ་དགའ་བ་མ་བྱས་པ། གསས།། ད་ས་ལག་ཏན་གན་ཏུ་ག།། རྣམ་པ་གན། མ་ནམས་ལ།། ཡ་ག་ནས་ཚུལ་བ་ག་རྫུག་རྒྱུ་ན་པས་བརྗི་མ་ས ་ཡང་ལག་ལེགས་གནས་མཚུངས་མེད་པབ་པར་འགྱུར། ། སྐྱེ་བོ་མང་བས་བལྟ་བའི་འོས་ཡིན་ཏེ།། དམྱལ་བ་དག་ཅ་འད་པ་སྤོང་བར་འཇུབ། སྤྱང་པ་རྣམ་པར་སྤྱད་ཚེ་འདོད་པ་ལ།། ངན་སྔགས་ཁྲང་ལྟང་སྲུད་པར་ཤེས་པར་འགྱུར། ་ཚངས་སྤྱོད་དགེ་བ་ཁྱད་པར་འཕགས་ལ་སྤྱད།། དགའ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པར་འགྱུར།། བསྐལ་པ་མཐའ་ཡས་མང་དུ་དེ་ཁ་ནས།། རབ་མཛེས་ཨུད་པལ་བསུང་ནི་འབྱུང་བར་འགྱུར།། དེའི་ལུས་ནི་གསེར་གྱི་མདོག་འདྲ་ཞིང་། ་ཅད་དདུ་ལྟ་བུར་དྲི་ཞེས་དང་ཀྱང་འབྲུག། སྤྱོད་པ་རྣམ་པར་སྤྱོད་ཆེ་ཁྲོ་བ་དང་། ཐབ་རྒྱུན་གཏི་མུག་གནོད་མི་བྱེད།། དམན་པ་མེད་པའི་སེམས་ཀྱིས་དབུགས་བྱིན་རྙེད།། བག་ཡོད་ལྷའི་ནང་ན་རྒྱལ་པོ་འཐེབ།། གང་ཚེ་རྒྱལ་བ་མྱ་ངན་འང ་དེ་ས་པས་དག་ཅས་ཀྱང་འཇོ། ། མེད་མ་དགའ་པའི་སེམས་ཀྱིས་སྤྱད་པ་མྱེད།། ཅོམ་ལྡན་མྱ་ན་འདས་པའི་རི་བསྲེལ་མཆོད།། རྒྱལ་བམ་ཚོ་གག་བསྟན་པ་འཇིག་ས་།། བ་གའབས་མེད་པ་ཆོས་རྡུལ་འདུ། ་ངས་ནི་ཆོས་མཆོག་མཛེས་པ་དེ་སྤད་པས།། གནོད་པས་འཆི་བའི་དུས་བྱེད་གཞར་མི་འགྱུར།། གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་།། ཉོན་མོངས་མེད་པ་གསར་མདོག་སྟོབས་བཅུར་གྱུར།། དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག ་བརྒྱ་སྟང་དུ། རྒྱལ་བ་མཆོག་ལ་མཆོད་པའི་བསྔགས་བརྗོད་དུས།། འཇིག་རྟེན་ཀུན་དུ་སྡིག་པའི་ལས་སྤངས་ཏེ།། དགའ་བའི་སེམས་ཀྱིས་མཆོག་གི་ལས་བྱས་ཤིང་།། རླབས་ཆེན་སྐྱེད་ཚེ་དོན་ནི་ལེགས་བྱས་ནས།། འཇོག་རྟེན་མཐུ ་ཆེན་རྫོགས་པའི་སངས་རྒྱས་འགྱུར། ། གང་གིས་སྤོས་ཆུ་ཡུངས་འབྲུ་ཙམ་བླངས་ཏེ།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ།། དེའི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང་།། རྡུལ་དང་དྲི་མ་སྤོངས་ལ་མཉན་པར་གྱིས། དེ ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། ། ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལ།། སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ།། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་།། རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར།། མཐུ་ཆེན་རབ་མཁས་འཁོད ་ལོས་སྐུར་འགྱུར་ཏེ། ། གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན།། འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་འཐོབ།། དེ་ལ་ཡིད་མི་བདེ་དང་སྡུག་བསྔལ་མེད།། སྤྱད་པ་སྤྱོད་ཚེ་ལོངས་སྤྱོད་ཉམས་མི་འགྱུར།། བྱུག་ཅིང་ནོར་ལྡན་མཛོད་ན ་རབ་ཏུ་མང་། མྱ་ངན་པད་གྱུར་འཇིག་རྟེན་ཀུན་ཏུ་རྒྱུ།། སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་འདྲེ།། རྒྱལ་བ་མཆོག་གི་བསྟན་པ་ཁྱད་འཕགས་ཆོས།། ཚིག་རབ་བརྗོད་ཅིང་ཐེ་ཙོམ་སེལ་བར་བྱེད།། ཆོས་ཐེས་ཡིད་བདེ་སླར་ཡང་སྨྲ་བར་བྱེད། སྡིག ་པའི་ལས་མེད་བློ་རྒྱ་ཆེ་དང་ལྡན། ། རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད་འཕགས་པ།། དགའ་བར་འགྱུར་ལ་རྟག་ཏུ་མཁས་བྱས་ཏེ།། མིག་ཀྱང་སྐྱོང་ཞིང་མུན་པ་སེལ་བར་བྱེད།། འདོད་ཆགས་མི་ཆེ་ཞེ་སྡང་ཆེ་མ་ཡིན།། མི་ཡི་འཇིག ་རྟེན་གཏི་མུག་ཆེ་མ་ཡིན། ། དེ་ནི་ཚངས་སྤྱད་དག་པ་མཆོག་འདི་སྤྱོད།། མི་ཡི་དོན་ནི་དཔག་ཏུ་མེད་པ་བྱེད།། བཅོམ་ལྡན་མཆོད་རྟེན་རྣམས་ལ་སྤོས་བདུགས་ན།། དེ་ལ་གནོད་པར་སེམས་དཔའ་སུ་ཡང་མེད།། དེ་ནི་ནམས་ཀྱང་ལོངས་སྤྱོད ་ཉམས་མི་འགྱུར། ། བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་རྣམས་སུ།། སེམས་ནི་རྣམ་དག་སྡིག་པ་རྣམ་དག་ཅིང་།། ཞི་ཞིང་རབ་ཞི་ཞི་དུལ་ལྡན་གྱུར་ནས།། མི་དམན་སེམས་ཀྱིས་བྱང་ཆུབ་མཚུངས ་མེད་འཐེབ། ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།། མྱ་ངན་མེད་བདེ་ཞི་བ་མཆོག་བཀོད་ཅིང་།། འཁོར་ལོ་མཚུངས་མེད་འཇིག་རྟེན་ཀུན་བསྐོར་ནས།། ཕྱི་ནས་ཉོན་མོངས་རྡུལ་མེད་མྱ་ངན་འདས།། སུ་ཞིག་དགའ་མགུ་སེམས ་ཀྱི་གོས་ཀྱིས་ནི། ། བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱས་པ།། དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་བརྒྱ་བགྲངས་མཐའ་ཡས་རྟག་ཏུ་རྙེད།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། དེ་ནི་བཙས་མ་ཐག་ཏུ་གོས། ་མཆོག་འཐོག་ལྷའི་ཁྱད་འཕགས་དང་གས་རབ་བཟང་རྙེད། བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ།། གང་ཤིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་། དྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ།། དེ་འདིར་མཚུངས་པ་མེད་པའི་ལུས ་འཐོབ་སྟེ། ། སུམ་བཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ། སྣ་ཚོགས་དག་དང་སེང་གེའི་ཕྲེང་བ་དང་།། གསེར་སྐུང་རབ་མཛེས་བསྐལ་པ་མཐའ་ཡས ་འབྱུང་། ། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། ལྷ་མཐུ་འམ་མི་འམ་ལྟོ་འཕྱེ་ཚེ།། སུ་ཡང་དེ་ལམ་དང་སྐྱེད་མི་བྱེད།། རྟག་ཏུ་ཚངས་པར་སྤྱོད་པ་མཆོག་འདི་སྤྱོད།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། སྟོང་ག ་འཇིག་རྟེན་ཁམས་ཀུན་ཟིལ་གནོན་ཏེ། ། འཛམ་ཀྲུང་གསེར་གྱིས་གསེར་ནི་ཟིལ་མནན་བཞིན།། སྐྱེ་དགུ་དོན་ནི་དཔག་ཏུ་མེད་པ་བྱེད།། གལ་ཏེ་རིན་ཆེན་རབ་མཆོག་སྣ་བདུན་གྱིས།། སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི།། དེ་འདྲའི་དཔལ་འདི་ཟད ་པར་བྱ་ནུས་ཀྱི། ། རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན།། ནོར་བུ་རིན་ཆེན་ཟླ་བའི་འོད་རྣམས་ཀྱིས།། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ།། དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི།། རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན།། ་འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་པ་དན་ཕུལ་བྱས་ན།། དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར།། བྱང་ཆུབ་མཆོག་སྤྱོད་དམ་བཞི་པ་སྤྱོད།། བཅོམ་ལྡན་མཆོད་རྟེན་པ་དན་ཕུལ་བྱས་ན།། དག་ཅིང་མཆོག ་གི་ལུས་ནི་འཐོབ་འགྱུར་ཏེ། ། དཔེར་ན་གསེར་ལྟར་ཤིན་ཏུ་དགར་འགྱུར་ཞིང་།། ལྷ་ཡིས་བསྔགས་ལ་མཆོད་ཅིང་བླ་མར་བྱེད།། དེ་ཡི་ལུས་ནི་གསེར་གྱི་མདོག་འདྲར་འགྱུར།། རས་ཀྱི་གོས་དངལ་བ་བཟང་རབ་དང་།། དུ་གུ་ལ་དང་ཀ་ཤིཀ་རྣམས་དང་། ཤིན ་ཏུ་མཛེས་པའི་གོས་ཀྱང་རྙེད་པར་འགྱུར། ། འཛམ་བུའི་གླིང་ན་རིགས་མཆོག་དམ་པ་གང་།། ཕྱུག་ཅིང་ཆེ་ཉིད་བདག་དབང་ནོར་མང་བ།། དེ་དག་ཏུ་ནི་རྟག་ཏུ་དེ་སྐྱེ་སྟེ།། དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས།། དེ་ལ་སེམས་ཅན་སུ་ཡང་ཕྲག ་དོག་མེད། སེམས་ཅན་གནོད་པར་སེམས་དཔའ་གཞན་མི་འབྱུང་།། གཞན་གྱི་སྡིག་པའི་ལས་ལ་དེ་སྨོད་དེ།། རྟག་ཏུ་བག་ཡོད་ཚུལ་ཁྲིམས་རྣམ་དག་འགྱུར།། འཛིན་པ་མེད་ཅིང་སེར་སྣ་མེད་པར་འོས།། གཏོར་བར་རབ་བཏང་མྱ་ངན་མདཔའཐོག། དོན ་སྲོག་ཕྱིར་གཞན་ལ་སྦྱིན་མི་བྱེད། ། ཕོངས་པ་མེད་བྱེད་རྟག་ཏུ་བག་ཡོད་འགྱུར།། སངས་རྒྱས་སྟོབས་བཅུ་ད་དཔོན་མཐོང་ནས་ནི།། དགའ་བའི་སེམས་ཀྱི་གདུགས་དང་བ་དན་དང་།། མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད།། བྱང་ཆུབ ་སྤྱོད་མཆོག་འདི་ནི་རྟག་པར་སྤྱོད། ། མི་ཡི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད།། ལྷ་ནང་ལྷའི་དག་དང་མིའི་གཙོ།། ཡིད་འོང་སྤོས་མཛེས་བལྟན་སྡུག་པ་དང་།། ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་འཐོབ།། རི་རབ་རྩེ་མོར་ལྷན་རབཏུགས་ལ། ་ལྷ་ཀུན་སློབ་མར་གྱུར་ནས་མངོན་དུ་འདུད།། ཆོས་ཀྱིས་དེ་དག་ཡིད་བདེ་སྐྱེད་པར་བྱེད།། དེ་ལ་དད་མཆོག་གཞན་གསུང་ཐོབ་པར་འགྱུར།། དེ་ནས་ཤི་འཕོས་མེ་ཡི་འཇིག་རྟེན་དུ།། རྒྱལ་པོ་དམ་པ་སྟོབས་ལྡན་འཁོར་ལོས་སྐུར།། དེ་ལ་སེམས་ཅན ་སུ་ཡང་སྡིག་མི་སྐྱེད། ། སྐྱེ་བོ་མང་པོ་དགའ་ཞིང་ཡིད་འོང་འགྱུར།། རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ།། རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར།། ཤེས་རབ་མཐའ་མས་མཛོད་ནི་མང་ལྡན་འོད།། སེམས་ཆུང་མི་འགྱུར ་དམན་པའི་སེམས་མི་འགྱུར། ། ལོངས་སྤྱོད་རྙེད་ནས་བགེད་ཅིང་བདག་ཀྱང་སྤྱོད།། དེ་ནི་འཇིགས་མེད་ཡིད་མི་བདེ་བ་མེད།། རྒྱལ་པོ་དགའ་ནས་གྲོང་དང་ཡུལ་འཁོར་བགེད།། དེ་ལ་སེམས་ཅན་སུ་ཡང་སྡིག་མི་སྐྱེད།། གཙོ་བོ་ཁྱད་པར་འཕགས ་པ་མཛོད་མང་ཞིང་། ། ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་བརྒྱན་འགྱུར།། རྒྱལ་པོའི་བུ་འམ་དེ་བཞིན་བློན་པོར་འོད།། རྒྱལ་པོར་གྱུར་ན་སྟོབས་ལྡན་རྫིབ་མེད།། བརྙས་པའི་རིགས་དམའ་ཐམས་ཅད་ཡོངས་སུ་སྤོངས།། ལོངས་སྤྱོད་ཁྱད ་འཕགས་རིགས་མཆོག་རྙེད་ནས་ནི། ། རྟག་ཏུ་བག་ཡོད་སེམས་ནི་ཞུམ་མི་འགྱུར།། འདོད་པ་རྣམས་ནི་ངན་སྐྱུགས་ཁུང་ལྟར་སྤོང་།། ཁྱད་འཕགས་གཟུགས་དང་མཚན་རྣམས་རབ་ཏུ་འཐོབ།། ཁྱད་འཕགས་རིགས་དང་དེ་བཞིན་དབང་ཕྱུག ་ཉིད། ། དེ་ཡི་གཡོག་འཁོར་རྟག་ཏུ་མི་བྱེད་འགྱུར།། སྐྱེ་བོ་མང་པོས་མདུན་དུ་བདར་བར་འོང་།། དེ་ནི་གཞན་ལ་གནོད་པའི་སེམས་མི་བསྐྱེད།། སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན།། དེ་ལ་མེ་དང་དུག་དང་མཚོན་མི་ཚུགས།། སྐྱེ་བོ་ཚོགས ་ཆེན་གྱིས་ནི་བལྟ་བར་འགྱུར། ། རབ་ཏུ་དགའ་ཞིང་ཐུབ་པའི་ཆོས་ལ་སྤྱོད།། ཤེས་བཞིན་ལྡན་ནས་ཡིད་བདེ་སྐྱེད་པར་བྱེད།། འཛིན་པ་མེད་ཅིང་ཆགས་མེད་སེམས་དང་ལྡན།། ཆགས་མེད་གྱུར་ནས་དེ་ལ་མི་མཐུན་མེད།། དེ་ཡི་ལུས་གཙང་ཀུན་ནས ་ཉོན་མོངས་མེད། ། རྣམ་དག་སེམས་ལྡན་དེ་ནི་བདེན་པར་སྨྲ།། འཇིགས་པས་ཉེན་པ་རྣམས་ལ་ཡིད་བདེ་སྐྱེད།། སེམས་ཅན་རྣམས་ཀྱི་སྐྱབས་དང་དཔུང་གཉེན་འགྱུར།། དེ་ནི་བདག་དོན་རྒྱ་ཆེན་བྱས་ནས་སུ།། གཞན་ཡང་སངས་རྒྱས་ཡེ་ཤེས ་རྫོགས་ལ་འགོད། ། ཤིང་དབང་ཤིང་མཆོག་དམ་པ་དྲུང་སོང་ནས།། མཚུངས་མེད་མཆོག་ཞི་བྱང་ཆུབ་འཚང་ཡང་རྒྱུ།། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན།། འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར།། སངས་རྒྱས་ཞིང་ན་འཛམ ་ཀླུང་གསེར་གྱིས་གང་། ། དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།། བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན།། དེ་ཡི་ལུས་ནི་མདོག་ངན་ཡོད་མི་འགྱུར།། གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ།། སྣང་བ་ཐོབ་ནས་འཇིག་རྟེན ་ཀུན་ཏུ་རྒྱུ། ། གལ་ཏེ་རྒྱལ་བ་དམ་པ་བྱུང་མྱུར་ན།། དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར།། ཉེ་དུར་འགྱུར་རམ་ཡང་ན་བུར་ཡང་འགྱུར།། དེ་ནི་ཡེ་ཤེས་ཕུང་པོ་མུར་དུ་འཐོབ།། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། སྤངས ་འབྲུ་དག་གིས་བྱུང་བུར་གང་འགྱུར་བ། ། བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས།། བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན།། སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས།། སྤྱོད་པ་མཆོག་སྤྱད་ཁྱད་པར་བརྙེས་གྱུར་པ། ་མི་མཆོག་དེ་ལ་མཆོད་པ་འདིར་བྱས་པ།། རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར།། གལ་ཏེ་མི་མཇེད་འཇིག་རྟེན་ཁམས་འདི་ཀུན།། ནོར་བུ་རིན་ཆེན་བཻ་དཱུརྱས་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག ་ཕུལ་དཔལ་དེ་ཟད་མི་འགྱུར། ཀར་ཤ་པ་ནེས་མི་མཇེད་འཇིག་རྟེན་ཁམས།། འོག་ནས་སྲིད་པའི་རྩེ་མོའི་བར་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། སངས་རྒྱས་ཞིང ་སྟོང་དེ་དག་ཙན་དན་གྱིས། ། འོག་ནས་སྲིད་པའི་རྩེ་མོ་བར་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རིས་ཀྱི།། གོས་ཀྱིས་སངས་རྒྱས་ཞིང་སྟོང ་གང་གྱུར་པ། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་པུལ་དཔལ་དེ་ཟད་མི་འགྱུར།། ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ།། ལྷའི་ལྷ་རྫས་ནོར་བུ་རིན་ཆེན་མང་།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག ་ཕུལ་དཔལ་དེ་ཟད་མི་འགྱུར། ། ལྷ་ཡི་འཇིག་རྟེན་ཡོད་པའི་ལྷ་ཡི་སྤོས།། དེ་དག་མི་མཇེད་འདི་ཀུན་གང་གྱུར་པ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཕྱོགས་དང་ཕྱོགས་མཚམས ་ཚད་ནི་ཤེས་པར་ནུས། ། ནམ་མཁའི་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས།། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་བའི།། དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།། སངས་རྒྱས་དམ་པ་མི་མཆོག་བཞུད་པའི་ཚེ།། འདྲེན་པ་མཚུངས་པ ་མེད་ལ་དང་བྱས་ཏེ། ། སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར།། མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་པུ་ལ།། དེ་ནི་ལས་མཛེས་དམ་པ་གུས་བྱས་པས།། ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་གྱུར།། འཇིག་རྟེན་ཀུན་ཏུ་ཚངས་པའི་བདག་པོར་གྱུར།། ་རྒྱལ་བའི་མཆོད་རྟེན་ལ་ནི་བུམ་ཕུལ་ནས།། འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོབས་ལྡན་འགྱུར།། སྟོང་ཕྲག་བཅུ་ལ་དབང་བར་དེ་གྱུར་ཏེ།། ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར།། ཁྱིམ་བདག་བློ་ལྡན་བསོད་ནམས་ལྡན་གྱུར་པ།། བདེ ་གཤེགས་མི་མཆོག་བྱེ་བ་ཉི་ཤུ་དག། ངས་ནི་མཉེས་བྱས་གཟིམས་ཆན་བཟའ་ཡིས།། མི་མཆོག་དག་ལ་བླ་མར་སྟི་སྟང་བྱས།། དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བསྐུས།། ང་ཡི་ཁ་དོག་ངན་པ་ཀུན་མེད་གྱུར།། ངས་ནི་ཚེ་དང་གྲང་དང་། ་ངལ་བསྲུང་ས། སངས་རྒྱས་སྤྱན་སྔར་དམན་མེད་སེམས་གྱུར་ཅིང་།། དེ་དག་མཆོད་པདམ་པ་མཆོག་གིས་མཆོད།། རྒྱན་གྱིས་བརྒྱན་པའི་གདུགས་མཛེས་བལྟ་སྡུག་པ།། སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ།། དེ ་འདི་ལུས་ནི་མཚུངས་པ་མེད་གྱུར་ཏེ། ། སུམ་བཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་།། བྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་དང་།། ཛམ་ཀྲུང་གསེར་ལྟར་རབ་མཛེས་བསྐུ ་སྡུག། མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང་།། མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེན་གྲགས།། བྱང་ཆུབ་སྤྱོད་མཆོག་དམ་པཞི་པ་སྤྱོད།། དེ་ནི་ནམས་ཀྱང་ལོངས་སྤྱོད་འགྲིབ་མི་འགྱུར།། ལྷས་ཀྱང་སྟི་སྟང་བྱ་ཞིང་མཆོད་པར་འོང ་བརྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དཀའ། ། ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད།། ཡི་དམ་བཅས་ནས་ནགས་དང་ནགས་མདབ་སོང་།། མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར།། བཅོམ་ལྡན་མཆོད་ཏན ་རྣམས་ལ་གདུགས་འབུལ་བ། ། ཇི་ལྟ་བུ་ཡང་བྱང་ཆུབ་སེམས་མི་འདོར།། བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར།། དེ་ཡི་ཤེས་པ་ནམས་ཀྱང་ཉམས་པ་མེད།། རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱས་ན།། མྱ་ངན་མེད། ་ཅིང་དབང་ལྡན་རྒྱལ་པོར་འོང་།། མི་ཡི་འཇིག་རྟེན་ཡིད་འོད་སྒྲ་ལྡན་འགྱུར།། དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོད།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར།། རྣ་བ་རྣམ་པར་དག་ཅིང ་སེམས་ཀྱང་དགའ། ། སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར།། དེ་ཡི་ལྕེ་ནི་རབ་མཛེས་བལྟ་ན་སྡུག། ཐོག་མར་རབ་གཉེན་མཛེས་ཤིང་སྒྲ་ཡིད་འོང།། དཔེར་ན་ལྷ་ཡི་རིན་ཆེན་བྱི་རུ་འདྲ།། སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན།། བཅོམ ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། ། ནམས་ཀྱང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན།། ཞར་བ་རྐུར་པོ་ཡ་ཡོ་ཅན་མི་འགྱུར།། ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ལྷ་འམ་ཀླུ་འམ ་མིང་མ་སྟོ་བྱེན། སུ་ཡང་དེ་ཡི་མདང་སྐྱེད་མི་འགྱུར། དབུགས་བྱིན་ཐོབ་ནས་འཇིག་རྟེན་ལྡ་། ཅོམ་ལྡན་མཆོད་རྟེན་རོལ་མོའི་སྨྲ་བྱས་ན།། དེ་ནི་མ་ནིང་ཟམ་གཞང་མི་འགྱུད།། ནམས་ཀྱང་མཛེད་ཤ་བཅུམི་འབྲུང་ཤིང་། བསྡུག་པ་པར ་འོས་པའི་ལུས་ནི་ཐོབ་པར་འགྱུར། ། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྤ་བྱས་ན།། ལྕེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར།། གསེར་གྱི་གཟུགས་ལྟར་ཁ་དོག་འབར་བར་འོད།། ཏིང་འཛིན་བརྟན་ཞིང་ཤིན་ཏུ་རྟོགས་པར་འགྱུར།། བཅོམ ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། ། ལྷནང་བདག་པོར་འགྱུར་ཞིང་དབང་ཕྱུག་འགྱུར།། མི་ཡི་འཇིག་རྟེན་སྐྱེས་ན་དགའ་བར་རོང་།། བརྩོན་འགྲུས་ལྡན་ཞིང་བགཡོད་འབར་བར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། དེ་ལ ་སུ་ཡང་ཡིད་མི་བདེ་མི་སྐྱེད། ། དེ་ལ་སུ་ཡང་ཚིག་རྩུབ་སྨྲ་བ་མེད།། ཕྲ་མ་ཐམས་ཅད་སྤངས་ཤིང་ཡང་དག་སྨྲ།། བསོད་ནམས་འདོད་པ་སུ་ཞིག་ཕྱགས་ཐོགས་ཏེ།། བཅོམ་ལྡན་མཆོད་རྟེན་གུས་པར་ཕྱག་བྱེད་པ།། དེ་ནི་སྨད་ཅིང་མི་ག ་ལུས་མི་འགྱུར། ། བ་སཱུ་ཁུང་ནས་ཙན་དན་དྲི་དང་འཐུང་།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། ཡན་ལག་མ་སྨད་ཁྱད་འཕགས་ལུས་འཐོབ་ཅིང་།། མཛེས་ལ་མཚན་གྱིས་གོ་ཆར་བྱས། ་པར་འགྱུར། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། ལྷ་ཡ་ཙན་དན་ཁྱད་འཕགས་རབ་མཛེས་པའི།། གཞལ་མེད་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ།། དེ་ནི་དེ་ལ་གཞར་ཡང་སྲེད་མི་སྐྱེད།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན ་བྱགས། ཡིད་འོད་དྲི་ལྡན་མཆོག་ཏུ་བལྟ་སྡུག་པའི།། ལྷའི་བུ་མོ་བྱེ་བ་སྟོང་འཐོབ་ཅིང་།། དེ་ནི་དེ་ལ་ནམས་ཀྱང་ཆགས་མི་སྐྱེད།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། བསྐྱེད་མོས་ཚལ་མཆོག་ཡོད་པའི་རྫིང་བུ་ནི།། ཡན་ལག ་བརྒྱད་ལྡན་ཆུ་གཙང་མཛེས་གྱུར་པ། ། མེ་ཏོག་ཨུད་པལ་ལས་ནི་རྒྱས་པ་འཐོབ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། དེ་ཡི་གཡོག་འཁོར་རྟག་ཏུ་འཐུན་འགྱུར་ཞིང་།། མི་དམན་སེམས་ཅན་ལྷའི་སྒྲ་ཡང་ཐོས།། ལྷ་མོ ་རྣམས་ཀྱི་ཀླུང་བྱངས་སྙན་མ་ཐོབ། ། བཅོམ་ལྡན་མྱ་ངན་འདས་པར་མཆོད་རྟེན་ཕྱགས།། འཇིག་རྟེན་ཀུན་ཏུ་སྐྱེས་ཚེ་བདག་ཅད་ཀྱིས།། འདི་ནས་ཤི་འཕོས་ངན་འགྲོར་མི་འགྲོ་ཞང་། མ་འཇིག་རྟེན་སངས་རྒྱས་མཐོང་བ་ཤོ། སཿ། ་ལྡན་མྱ་ངན་དས་པའི་མཆོད་རྟེན་རྫོགས།། དེ་ན་སྦྲུ་ལ་སྙན་པའི་གཏམ་བྱས་ཏེ། སངས་རྒྱས་ཡེ་ཤེས་རྟོགས་ལ་ཝཱ་བ་ཀོད་ནས།། ག་བའི་དུས་བྱས་འཛམ་བུའི་བྷིང་སྟེ། བཅོམ་ལྡན་མྱ་ངན་དས་པའི་མཆོད་རྟེན་རྫོགས།། ས་པ ་ཟག་ཏུ་བསལ་པ་མཐའ་ཡས་དྲན། ། སྔོན་གྱི་སངས་རྒྱས་གཙོ་རྣམས་བཀུར་བ་དང་། དེ་དག་མཚན་དང་ཡོན་ཏན་ཆོས་ཀྱང་དྲན།། འཇིག་རྟེན་སངས་རྒྱས་ཇི་ལྟར་འབྲུར་ཞེས་ཏེ།། མོས་པ་འིསྐྱེད་ནས་མཆོད་རྟེན་དུ་སྨྲས་སེལ།། དེ་ཡི་ཕན ་ཡོན་དེ་དག་ངས་བཤད་ཀྱིས། ། ཐ་བ་དྲི་སོལ་དད་པའི་སེམས་ཀྱིས་ཉོན།། མཐུ་ཆེན་སྐྱེས་བུ་དམ་པ་ཁྱད་འཕགས་པ།། རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། དེ་ནི་གཞང་ཡང་དད་པ་དམ ་པ་འཐོབ། ། སངས་རྒྱས་སྟོབས་བཅུ་དེད་དཔོན་དེས་མཐོང་ནས།། འདྲེན་པ་མཚུངས་པ་མེད་པ་མཆོད་པ་བྱེད།། མཚན་གྱིས་གོ་ཆར་བྱས་པའི་སངས་རྒྱས་སུ།། འགྱུར་ཞེས་ཐུགས་དགྱེས་དེ་དག་ལས་ཡང་སྟོན།། གྲོང་ཁྱེར་ཡངས་པ་ཉམས ་དགའ་མཆོག་གནས་ཤིང། ། དེ་ནི་ཆོས་སྟོན་གང་གིས་མཐོང་གྱུར་པ།། དེ་དག་ཕྱི་རུས་རབ་ཏུ་འཇིག་པའི་ཚེ།། རྒྱལ་མཆོག་མྱ་ངན་འདས་པའི་ཆོས་འཛིན་འགྱུར།། མཆོད་རྟེན་རྫ་སྐྱེས་སེལ་བར་བྱེད་པ་ནི།། རྒྱལ་བ་དམ་པའི་མིཐུལ་མཐར་འདོད་པལ།། རྒྱུ ་དང་ས་བོན་འགྱུར་བ་འདི་ཡིན་ནོ། ། འདོད་དང་དམྱལ་དང་དུད་འགྲོའི་སྐྱེ་གནས་སྤོད།། བྱང་ཆུབ་སེམས་དཔའ་གང་གིས་མདོ་མཆོག་འདི།། ཕྱི་མ་རབ་འཇིགས་དུས་ན་འཛིན་བྱེད་པ།། དེ་ནི་འཇིག་རྟེན་སངས་རྒྱས་ལྷ་ཡི་ལྷ།། བསོད་ནམས་ཁྱད་འཕགས ་མཚུངས་མེད་ཞིང་དུ་འགྱུར། ། འདི་བཤད་ཚེ་ན་གང་དག་འདིར་མཆོད་དང་།། ཚུལ་འདི་བཤད་པ་གང་དག་ཐོས་པ་དང་།། གང་དག་མདོ་མཆོག་འདི་ནི་འདིར་བཟུང་བ།། དེ་དག་ཕྱི་མའི་དུས་ན་འདིར་འདི་འཛིན།། གང་དག་ཕྱིན་ཆད་མདོ་མཆོག་འདི་འཛིན་པ།། དེ་དག ་རྟག་ཏུ་དེ་དང་འཐུན་པའི་སྲས། ། སངས་རྒྱས་བྱ་བས་དེ་དག་བསྔགས་བརྗོད་ཀྱང་།། དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར།། གང་དག་ཕྱི་དུས་རྒྱལ་བའི་ཆོས་འཛིན་པ།། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།། བསྐལ་པ་བྱེ་བར་བཞུགས་པ་དེ་དག་གི། ་བསྔགས་པ་བརྗོད་ཀྱང་མཐའ་མང་ཕྱིན་མེ་ནུས།། དྲི་ཞིམ་ཡིད་འོང་སྤོས་ཀྱིས་ཆོག་བཞིན།། སངས་རྒྱས་མཆོད་རྟེན་ལ་ནས་སྐུད་པ།། དེ་ནི་འཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྠ།། དེ་ནིས་འདིར་སྙིང་པོ་བླངས་པར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་དྲུག་ཕུལ་བྱས་ན།། ་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་འགྱུར་ཚེ།། འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་།། དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་ཐུག་ཕུལ་བྱས་ན།། དྲི་མེ་ཞིམ་དང་མི་གཙང་སྨད་པ་རྣམས།། རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་པ ་པོར་གནས། དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདིར་སྤྱོད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར།། རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག། ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད།། རྒྱལ་བའི་མཆོད་རྟེན། ་སྤོས་ཐུག་ཕུལ་བྱས་ན།། གང་གི་ཚེན་མིའི་འཇིག་རྟེན་ན།། ཞེ་སྡང་མེད་སེམས་འཇམ་ཞིང་མཉེན་གྱུར་པ།། དེ་ཚེ་ན་འཛམ་བུའི་གླིང་དྲ་གནས།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། བྱད་འཕགས་ཚོགས་ལྡན་སྒྲ་དབྱངས་ཡིད་འོད་འགྱུར།། སྐྱེ་།། ་མང་པོ་ཡིད་འོད་དགའ་ཞིང་བཀུར།། དེ་ཡི་བ་བཞིན་རྟག་ཏུ་གསལ་བར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། དེ་ནི་ངན་སོངས་རྣམས་མ་ལུས་སྤང་།། དེ་བཞིན་གཤེགས་དང་ཉེ་བ་ཐོབ་པར་འགྱུར།། དད་པ་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ།། ་རྣས་པའི་མཛོད་རྟེན་པོས་དྲུག་ཟུལ་བྱས་ན།། རྒྱལ་པོ་སློབས་ལྡན་འཁོང་པོས་སྦྱང་བར་འགྱུར།། བློན་པ་ཚེད་དཔོན་གྱིས་བདག་བསོད་ནམས་ལྡན།། ཆོས་རྗེ་འོ་མཛད་སངས་རྒྱས་སུ་ཡང་འབྱུར།། དགའ་པའི་སེམས་ཀྱིས་མགུ་པའི་ཟུགས་བསྐྱེད་དེ། ་བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲ་བ་འབུལ།། དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན།། མཐུ་ཆེ་བླ་མ་འཁོར་ལོས་སྒྱུར་བར་འགྱུར།། བལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ནས།། གཞལ་མེད་ཁང་ཆེན་རབ་མཛེས་བལྟ་སྡུག་པ།། ཁ་དོག་སྣ་ཚོགས་དཔག་མེད། ་ལྡན་པ་དང་། རིན་ཆེན་ཁང་བཟངས་ཆེ་འོས་དག་པ་འཐོག་རྒྱལ་པོ་པོ་བྲང་ཁྱད་པར་འཕགས་གྱུར་པ།། སྐྱེས་པ་བུད་མེད་དག་གིས་གང་བ་དང་།། མཉམ་ཞིང་ལེགས་བྱས་རབ་མཛེས་བལྟ་སྡུག་པ།། དྲ་བ་སྣ་ཚོགས་བདེ་བྱེད་བདེ་འཇུག་འཐོབ།། རྒྱལ་མཚན ་བ་དན་གསལ་བར་མཛེས་བྱས་ཤིང་། ། གདུགས་བྲེས་ཤིན་ཏུ་མཛེས་ལ་བལྟ་སྡུག་དང་།། མུ་ཏིག་དྲ་བ་ཕྲེང་བ་དེ་འདྲ་བའི།། རྒྱལ་སྲེད་ཡོན་ཏན་ཁྱད་འཕགས་གཞན་ཡང་འཐོག།། དེ་ཡི་ཡུལ་ན་གཞན་ནོར་འཇིག་བྱེད་པ།། ཆོམ་རྐུན་གཡོ་ལྡན་གཡོ་ཅན་གནས ་མི་འགྱུར། ། སེམས་ཅན་རྒྱ་ཆེན་བློ་མཆོག་ལྡན་པ་དང་།། ཕན་བྱེད་བྱམས་སེམས་ལྡན་པ་དེ་ན་གནས།། ཤི་འཕོས་བག་ཡོད་དེ་ནི་ལྟར་འགྲོ་སྟེ།། དཀར་གནག་གང་ཡིན་བདག་ཅག་ཇི་ལྟར་གནས།། འདི་ནས་ཤི་འཕོས་ཇི་ལྟར་མིར་སྐྱེ་ཞིང་།། བློ་ལྡན་ད ་ནི་མཐོ་རིས་འདྲི་གནས་འགྱུར། ། སངས་རྒྱས་སྦྱིན་གནས་མྱུར་དུ་མཐོང་འགྱུར་ཏེ།། མཐོང་ནས་མཆོད་ཅིང་མཚུངས་མེད་སྟི་སྟང་བྱེད།། སངས་རྒྱས་མཐོང་ནས་བྱང་ཆུབ་མོས་སྐྱེད་ཅིང་།། རྡུལ་བྲལ་རྣམས་ལ་ཕྱིར་ཞིང་སྟི་སྟང་བྱེ།། ཡེ་ཤེས་མཐའ་ཡས་ལྡན ་དང་མཐུ་ཆེན་འགྱུར། ། ཁྱད་པར་ས་གནས་འཕགས་པའི་སེམས་ཅན་འགྱུར།། བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་ནས།། འདི་འདྲའི་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར།། དེ་ཡི་བྱ་བ་འདི་ནི་བརྗོད་པར་བྱ།། ངས་བརྗོད་འདི་ལ་ཐེ་ཙོམ་མ་སྐྱེད་ཅིག། ་སངས་རྒྱས་བཀའ་སྤངས་མནར་མེད་འགྲོ་འགྱུར་ཞིང་།། ཕྱིན་ཆད་སྡུག་བསྔལ་ཉོན་མོངས་གྱུར་ཏ་རེ།། འཇིག་རྟེན་སྒྲོན་མ་མཚུངས་མེད་བསོད་ནམས་ཞིང་།། དེ་ཡི་མཆོད་རྟེན་བརྒྱ་སུ་སེལ་བ།། བག་ཡོད་གྱུར་ནས་དེ་ནི་བདུད་རྒྱ་འདྲལ།། དུས་རྣམས། ་ཀུན་ཏུ་ངན་སོངས་ཡང་སྤོང་།། རྟག་ཏུ་སངས་རྒྱས་རྡུལ་བྲལ་སྟི་སྟང་བྱེད།། རྟག་ཏུ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར།། མི་ཡི་འཇིག་རྟེན་སྐྱེས་ནས་བསོད་ནམས་ལྡན།། རྒྱལ་པོ་ཀུན་གྱི་མཆོད་པའི་གནས་སུ་འགྱུར།། ལྷ་ནང་ལྷ་ཡི་དབང་པོ ་མཆོད་གནས་འགྱུར། དར་ནི་མྱུར་དུ་ལྷ་ཡི་ཚེ་ཡང་འཐོབ།། དཔལ་ལྡན་གསེར་གྱི་གཞལ་མེད་ཁང་པ་རྙེད།། ལྷ་ཡི་བདེ་བ་མཚུངས་མེད་དབང་ཕྱུག་ཉིད།། གཟུགས་དང་སྒྲ་དང་དྲི་དང་རོ་མཆོག་དང་།། རེག་བྱ་དཔལ་ལྡནས་ཡི་འཇིག་རྟེན་འཐོབ།། མཐུ་ཆེན ་ལྡན་ཞིང་བལྟ་བའི་འོས་སུ་འགྱུར། ། ལྷ་མོ་རྣམས་ལ་འདོད་པའི་སྲེད་མི་སྐྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། འདི་ནས་ཤིའི་ཕོས་མི་ཡི་འཇིག་རྟེན་འགྲོ།། ཡན་ལག་ལགས་གནས་ཁྱད་པར་འགྲོ་བར་འགྱུར།། ནམ་ཡང ་བསྟན་བཅོས་མི་ཉུ་མང་པོ་འཐོབ། ། བཅོམ་ལྡན་མཆོད་རྟེན་བརྒྱབསལ་བྱས་ན།། དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་།། དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས།། དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད།། བཅོམ་ལྡན ་མཆོད་རྟེན་བརྒྱབསལ་བྱས་ན། ། བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར།། འདོད་པའི་ཡོན་ཏན་དག་ལ་དགའ་མི་སྐྱེད།། མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ནི་ནམས ་ཀྱང་བྱང་ཆུབ་སེམས་མི་འདོར། ། ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར།། རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ཡི་མདོག་དན་དུས་རྣམས་ཀུན་ཏུ་སྤོང་།། ་འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤྱོད།། ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ལ།། ཁྱད་འཕགས་ཁ་དོན་ལྡན་ཞིང་བལྟ་སྡུག་ལ་རེག། ་དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ།། དང་པའི་ཤུགས་སྐྱེས་བཅོམ་ལྡན་མཆོད་རྟེན་ལ།། མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན།། འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་།། སྟོབས་བཅུ་མངའ་བའི་དེད་དཔོན་མཉེས།། ་པར་བྱེད།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།། སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར།། དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར། བཅོམ་ལྡན་མཆོད་རྟེན་དག་པསྔ་རབས་མིས།། ་མེ་ཏོག་ཕུལ་བ་སྐམ་པོ་ཕྱགས་བྱས་ན།། ངན་སོངས་ཡི་ལས་ངན་ཐམས་ཅད་གཅོད།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང།། ་ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང་།། བསྐལ་པ་མཐའ་ཡས་རྣམས་སུ་དབུགས་ཕྱིན་ཐོག།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། སྦྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འོད།། མཚུངས་མེད་ཐོབ་ཅིང་ལྷ་མས ་མཆོད་འོས་འགྱུར། ། རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར།། ལྷ་ཡི་མེ་ཏོག་རབ་མཛེས་མན་དཱ་ར།། མཚུངས་མེད་པ་ཏ་ལ་ཡང་སུ་འབུལ་དང་།། མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ།། དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ ་འགྱུར། ། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། དེ་ལུས་དུག་གིས་མི་ཚུགས་མཚོན་མི་ཚུགས།། མེ་འབར་འོད་འཕྲོ་ཐུང་པོ་ཆེས་མི་ཚུགས།། ནོར་གྱི་ཕུང་པོ་རྐུན་པོས་རྐུ་མི་འགྱུར།། མགུ་ཞིང་རབ་ཏུ་དགའ་བའི་ཤུགས་བསྐྱེད་དེ། བཅོམ ་ལྡན་མཆོད་རྟེན་མེ་ཏོག་སྐམ་ཕྱགས་ན། ། དེ་ཡི་བསོད་ནམས་བཟུང་བར་གང་གྱུར་པ། གྲངས་སམ་ཆ་ཡང་བརྗོད་པར་སླ་མ་ཡིན།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། སུམ་བཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། མི་ཡི་འཇིག ་རྟེན་ན་ནི་རྟག་ཏུ་དགའ། ། མཐུ་དང་ལྡན་ཞིང་ཡིད་འོང་སྒྲ་སྐད་འབྱུང་།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། ཆོས་མཆེག་རབ་མཛེས་ཡང་དག་སྤྱོད་བྱེད་ཅིང་།། དེ་ལུས་རྣམ་པར་དག་ལ་ཆེན་པོར་འོད།། རིང་པོར་མི་བོགས་འཇིག་རྟེན ་སངས་རྒྱས་འགྱུར། ། འཇིག་རྟེན་སངས་རྒྱས་འགྱུར་བྱས་མོས་བསྐྱེད་དེ།། སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ།། དེ་ནི་མཛེས་ཤིང་བལྟ་ན་སྡུག་པར་འགྱུར།། དེ་འདིར་རྒྱལ་སྲིད་ཐོབ་ནས ་ལཱཀླུ་མི། ། ལྟོ་བྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད།། སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན།། དེ་ཡཾ་ཡུལ་ན་སེམས་ཅན་གང་གནས་པ།། དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས ་ལ་འགོད། ། དེ་ནི་ངན་སོངས་ཡང་རྣམ་པར་སྤོང་།། དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད།། བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོམ་འགྱུར།། དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། དེ་ཡི་གཡོག་འཁོར་ཡིད་འོད་སྒྲ་སྐད་ལྡན།། ་བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད།། སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན།། དེ་ལ་སུ་ཡང་དབང་ཕྱུག་མེད་མ་བྱེད།། སྐྱེ་བོ་ཚིགས་ཆེན་དག་གིས་བལྟ་འོས་འགྱུར།། དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག། སངས་རྒྱས ་མཆོད་རྟེན་ཐལ་སྦྱང་ཕྱག་འཚལ་བ། ། སྦྱིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང་།། དོན་འཐུན་པ་དག་སྐྱེ་བོ་མང་ལ་བྱེད།། སྤྲོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད།། སངས་རྒྱས་མཆོད་རྟེན་ཐལ་སྤྱང་ཕྱག་འཚལ་བ།། མཐོ་ངས་འཇིག་རྟེན ་གནས་ཤིང་ལྷ་དབང་འགྱུར། ། མིར་གྱུར་ན་ཡང་མིའི་རྒྱལ་པོར་འོང་།། དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར།། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྷུང་།། འཇིག་རྟེན་འདིར་དེ་རྟག་ཏུ ་འདོད་པ་སྤོང་། ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར།། ཡོན་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་བ།། དེ་ནི་མི་རིགས་སྔགས་ལ་གཞང་མི་སྤྱོད།། མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར།། དེ་ལ་སེམས་ཅན་མི་ངོམས་དགའ་བར་འགྱུར། ་ཡིད་འོད་དབྱངས་ལྡན་པོ་བྲང་འཁོར་གཤེགས་ཤིང་།། འཇིག་རྟེན་མགོན་པོ་སྒོ་གཏན་བཞུགས་པའི་ཆེ།། སུ་ཞིག་ཤུགས་བསྐྱེད་མེ་ཏོ་གོ་བླངས་ཏེ་གཏོར།། དེ་ནི་བརྒྱན་ནས་རྒྱལ་བ་དམ་པ་མཐོང་།། རང་གི་ཁྱིམ་དུ་སྟོབས་བཅུ་བསྙེན་བཀུར ་བྱེད། ། དེ་ཡི་བཤོས་གསོལ་ཆོས་བཟང་སྟོན་པ་མཛད།། དང་པ་སྐྱེས་ནས་མི་མཆོག་བསྙེན་བཀུར་བྱེད།། གོས་ཀྱང་ཐོགས་ཏེ་རྣམ་པར་འདྲེན་ལ་འབུལ།། སངས་རྒྱས་བྱང་ཆུབ་མཚུངས་མེད་མཆོག་ཐོབ་ནས།། སྟོབས་བཅུ་ལྡན་ཞིང་གཡོ ་བ་མེད་གྱུར་ལ། ། བྱང་ཆུབ་སངས་རྒྱས་སྡུག་བསྔལ་སྐྱེ་བོ་འགྲེལ།། འཇིག་རྟེན་ཀུན་ཏུ་མཚུངས་མེད་སངས་རྒྱས་ཤོག། དེ་ཡི་སྨོན་ལམ་འདི་འདྲ་འདི་དང་ནི།། སངས་རྒྱས་ཡེ་ཤེས་དེ་སེམས་དགའ་མཁྱེན་ནས།། སྟོབས་བཅུ་འཛུམ ་མཛད་འཇིག་རྟེན་ཐམས་ཅད་དུ། ། མཚུངས་མེད་སངས་རྒྱས་འགྱུར་ཞེས་ལུང་སྟོན་ཏོ།། སྐྱེས་བུ་དམ་པ་མཆོག་གི་གསུང་ཐོས་ནས།། བདེ་གཤེགས་མཆོག་གསུང་གཞན་དུ་མི་འགྱུར་ཏེ།། བདག་ནི་རྒྱལ་བ་མཆོག་འགྱུར་དོགས ་མེད་ཅེས། ། དགའ་ཞིང་མགུནས་པར་སྣང་ཀུན་ཏུ་རྒྱུ།། འཇིག་རྟེན་ལྷའི་ལྟ་ཟུང་སངས་རྒྱས་སུ།། བྱད་འཕགས་མཚུངས་མེད་སྦྱིན་གནས་འགྱུར་བ་དང་།། དེ་སེམས་སྤྱོད་དང་འགལ་བར་གནས་མཁྱེན་ནས།། དེ་ལ་སྟོབས་བཅུ་མ་དང་། ་བས་བཞེས་པར་འགྱུར།། བདེ་གཤེགས་མཆོག་གིས་གོས་ནི་བཞེས་རིག་ནས།། དེ་ནི་ཤུགས་སྐྱེས་རབ་དགའ་སེམས་ན་གུ་སྟེ།། མཚུངས་མེད་འཇིག་རྟེན་མགོན་ལ་བལྟས་ནས་ནི།། འཇིག་རྟེན་སངས་རྒྱས་བདག་འགྱུར་མོས་པ་བསྐྱེད། ་སྐྱེ་ཤི་ཕ་རོལ་སེམས་ཅན་བསྐལ་བར་བྱ།། གྲོལ་ནས་སྐྱེ་བོ་མང་པོ་འདུས་བྱས་དགྲོལ།། འཇིག་རྟེན་ཀུན་ན་ལོང་བའི་མིག་བདག་གྲཝར།། སཱད་བ་ཐོབ་ནས་མུན་པརབ་རིབ་བསལ།། དེ་ལྟས་པན་ཡོན་དམ་པ་འདི་ཐོས་ནས།། མེ་ཏོག་ཕྲེ ་རྒྱལ་མཚན་གོས་མཆོག་དང་། ། རོལ་མོ་སྒྲ་དང་གདུགས་དང་བྱུག་བདུག་གིས།། མགོན་པོ་མཆོད་ལ་སངས་རྒྱས་འགྱུར་བར་གྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་དང་། བློ་གྲོས་རྣམ་པར་དག་པ ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས་ཤེས་བྱ་བ་ཐེག ་པ་ཆེན་པོའི་མདོ། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྐུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་བཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་མཿ ་