| Wylie | e-texts produced with BDRC’s OCR application |
ན་ཀཱིར་ཏི་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པའོ། ། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧྲི་ད་ཡ་ཨ་ལཾ་ཀཱ་ར་ཏད་ཏྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ ་སེམས་དཔའ་ལ་པགའཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དང་གསུང་དང་ཐུགས་ཀྱི་སྙིང་པོ་བུད་མེད་བཅུའི་དཀྱིལན ་ཤས་ལྔ་པའི་ཚུལ་དུ་བཞུགས་སོ། ། བརྗེད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཁོར་རྡོ་རྗེ་དང་པད་མར་སྦྱོར་བ་ལ་བཞུགས་པ་འདི་ལྟ་སྟེ། དམ་ཚིག་ཡོངས་སུ་སྤྱོད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཡེ་ཤེས་ཀྱི་ལུས ་ཡོངས་སུ་འགྲུབ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྦ་བ་དན་ལྟ་བུའི་རྡོ་རྗེའི་གསུང་འབྱུང་བ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲེ་དང་། གཞན་གྱིས་ཤེས་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང། རྩེ་གཅིག་ཏུ་འདྲིས་པ་ཞེས་བྱ ་པའི་རྡོ་རྗེ་མཁའ་འགྲོ་དང་། གཞན་ལས་འཕགས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྟེན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རླན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྨིན་པར་བྱེད་པ་ཞེས་བྱ་བའི ་རྡོ་རྗེ་མཁའ་འགྲོ་དང་། བསྐྱོད་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གོ་འབྱེད་པར་བྱེད་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་།། ཧ་ར་ནུ་བུར་ལ་སོགས་པས་མཛེས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གི་ཏ་མགྲིན་ལ་སོགས ་པའི་གླུ་མཁན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲེ་དང་། སྦྲུལ་གྱི་སྙིང་པོ་ལ་སོགས་པའི་དྲི་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཚོད་མ་སྣ་ཚོགས་ཟ་བའི་རོ་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྩེན་པ་སྣ་ཚོགས་ཀྱིས ་འཁྲུང་མཁན་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་དང་། གསུམ་རིག་པར་བྱེད་པ་དངོས་མེད་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེ་མཁའ་འགྲོ་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་ཆེན་པོ ་ནམ་མཁའི་དབྱིངས་དང་མཉམ་པ་འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་ཞུ་བ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། ཚོར་བའི་མཚན་ཉིད་སིམ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། འདུ་ཤེས་ཀྱི་མཚན་ཉིད་དུབ་ཞེས། ་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། འདུ་བྱེད་ཀྱི་མཚན་ཉིད་ལ་རྟོགས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། རྣམ་པར་ཤེས་པའི་མཚན་ཉིད་བསྡུས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པ་ནམ ་མཁའི་དབྱིངས་དང་མཉམ་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་ལྟ་བུར་གང་བར་སྣང་ངོ་། ། དེ་ནས་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ནམ་མཁའ་འགྲོ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་མཆོད་པའི་སྤྲིན ་སྤྲོས་པ་དུ་མ་ཡིད་ལས་བྱུང་བ་ལྷ་དང་མིའི་མཆོད་པ་ལས་ཁྱད་པར་དུ་འཕགས་པས་མཆོད་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། དེ་བཞིར་གཤེགས་རྣམས་ཐམས་ཅད་ཀྱི།། གསང་གསུམ་བསྡུས་པའི་སྤྱོད་པའི་མཆོག ་རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྒྱུ། ། འདྲེན་པ་མཆེག་གིས་བཤད་དུ་གསོལ། དེ་ནས་རྡོ་རྗེ་ཆེན་པོས་གསོལ་བ་བཏབ་པའི་ཚིག་གསན་ནམ་མཁའ་འགྲོ་ཐམས་ཅད་ལ་རྣམ་པར་བལྟས་ཏེ་ཅང་མི་གསུང་བར་བཞུགས་སོ།། དེ་ནས་བྱང་ཆུ ་སེམས་དཔའི་རྡོ་རྗེ་མཁའི་འགྲོ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པའི ་འཁོར་དུ་འཆད་དུ་མི་བཞེད་པ་དེ་བདག་ཅག་ལ་མི་དགྱེས་སུ་མ་མཛད་ཅིག། དེ་ནས་དེ་བཞིན་གཤེགས་པའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་དེ་ཚིགས་སུ་བཅད་པ་གསུངས་པ། ་སེམས་དཔའ་ཆེན་པོས་ཞུས་པ་ལེགས།། ས་འོག་མ་ཡིསངས་རྒྱས་ཀྱང་།། འདི་ཡི་གཞུང་གིས་སེམས་རྨོངས་ན།། སེམས་དཔའ་གཞན་ནི་སྨོས་ཅི་དགོས།། སངས་རྒྱས་ཆོས་ཉིད་དག་པ་འདི།། བྱིས་པ་རྣམས་ཀྱིས་མི་རྟོགས་ཕྱིར། ་བྱིན་གྱིས་བརླབས་ནས་འཆད་པ་ནི།། སྟོན་པ་རྣམས་ཀྱིས་ཆོས་ཉིད་དོ།། དེ་ནས་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཡང་མཆོད་པའི་ཚོགས་ཀྱིས་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ལེགས་སོ་ལེགས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་གིས་བདག་ཅག་བྱིན་གྱིས་བརླབ་པ་མཛད་དུ་གསོལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐུན་མོང་མ ་ཡིན་པ་བསྟན་ཅིང་རྣམ་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་རྡོ་རྗེ་མཁའ་འགྲོད་དེ་དག་གིས་གསོལ་བ་བཏབ་པ་མཁྱེན་ནས ་སེམས་དཔའ་ཐམས་ཅད་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྡུས་པ་ཞེས་བྱ་བའི་སྙིང་པོ་རང་རང་གིཟུགས་ལས ་བྱུང་ངོ་། ། ཨོཾ་ཨཱཿཧཱུཾ་ས་མ་ཡ་བཛྲ། དེ་ནས་ཕྱུང་མ་ཐག་ཏུ་དེའི་འོད་ཟེར་གྱིས་རྡོ་རྗེ་མཁའ་འགྲོའི་འཁོར་དེ་དག་ཐམས་ཅད་བསྡུས་ནས་རང་གི་སྙིང་ཁར་བཙུད་ནས་བུད་མེད་ཀྱི་དཀྱིལན་ཐམས་ཅད་བརྒྱལ་བ་ལྟར་གནས་སོ།། དེ་ནས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་དེ་བསླང་བའི་ཕྱིར་མཁའ་འགྲོ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་དེ་དག་དྲན་པ་སླར་ཐོབ་ཅིང་ཇི་ལྟ་བ་བཞིན ་དུ་གནས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་འཁོར་ལོ་རྣམ་པར་དགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་རང་རང ་གི་གནས་ཇི་ལྟ་བ་བཞིན་དུ་འཁོད་པར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ནམ་མཁའི་དབྱིངས་ན་གནས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བདེ་བ་དང་ཡིད་བདེ་བ་མྱོང་བར་གྱུར་ཏོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུགིས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་ཅན་གྱི་ཁམས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ཏེ། ་དབུགས་རྔུབ་པར་མི་མཛད། འབྱུང་བར་མི་མཛད། ལུས་འགྱུར་བར་ཡང་མི་མཛད། ལུས་གནས་པར་ཡང་མི་མཛད།། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མི་གཟིགས་མི་དགོངས་ཉེ་བར་མི་འཇིག་གོ།། ་ཐབས་དང་ཤེས་རབ་སྟོང་པར་ཡང་མི་མཛད། ཤིན་ཏུ་འགལ་བ་ཅན་ཡང་དག་པར་འཛུད་པར་མི་མཛད། མཐོ་རིས་ལ་ཡང་མི་འཇོག། མ་དང་པ་རྣམས་དང་པར་ཡང་མི་མཛད།། པ་དུལ་བ་རྣམས་དུལ་བར་ཡང་མི་མཛད། ཉེ་བར ་འཚེ་བཞི་པར་ཡང་མི་མཛད། མ་འགགས་པ་རྣམས་འགག་པར་ཡང་མི་མཛད།། མ་བསྐུལ་བ་རྣམས་བསྐུལ་བར་ཡང་མི་མཛད།། མ་རྒྱས་པ་རྣམས་རྒྱས་པར་ཡང་མི་མཛད། རྣམ་པར་རྨོངས་པ་རྣམས་རྨོངས་པ ་སེལ་བར་ཡངས་མ་དང་། དགའ་བར་གྱུར་པ་རྣམས་མི་དགའ་བར་ཡང་མི་མཛད། མི་དགའ་རྣམས་དགའ་བར་ཡང་མི་མེད། མ་ཁྲོས་པ་རྣམས་ཁྲོས་པར་ཡང་མི་མཛད། མི་སྡུག་པ་རྣམས་སྡུག་པར་ཡང་མི་མཛད། དྲག་པོ་མ་རུངས་པ་ཆེན ་བོ་དང་གདུམ་པོ་ཆེན་པོ་དང་། ལྷ་དང་ལྷ་མ་ཡིན་དང་ལོག་འདྲེན་དང་གདུག་པ་ཆེན་པོ་དང་ཡི་དགས་དང་ཤ་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་ཤིན་ཏུ་གདུག་པའི་དུག་ཆེན་པོ་དང་ཚ་བའི་གདོན་དང་ནང་དང་སྦྲུལ་དང་སེམས་ཅན ་ཐམས་ཅད་ལ་འཚེ་བར་བྱེད་པ་རྣམས་ཉེ་བར་ཞི་བར་ཡང་མི་མཛད་དོ། ། རྣམ་པར་དུལ་བར་ཡང་མི་མཛད་དེ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བརྗོད་པ་དང་བཅས་པར་གར་མཛད་ཅིང་ཞལ་མཛུམ་པ་དང་འདོད ་པ་དང་བསྐུབ་པ་དང་འགྱེད་པ་དང་སྤྱན་མཛེས་པས་པྲིན་རིངས་བསྐྱོད་ཅིང་བསྒྱུར་བ་དང་། པད་མའི་ཕྱག་གི་སོར་མོ་གཡས་གཡོན་གར་གྱི་བྲིང་བའི་ཚུལ་གྱིམ་སའི་ངོས་ལ་ཞབས་འཕེན་ནིང་བྱུ་དང་། འདོར་ཞིང་བསྐུལ་བ་དང་འཇོག་ཅིང་འདོགས ་པའི་རྣམ་པར་གནོན་པས་ནམ་མཁའི་དབྱིངས་འདི་ཐམས་ཅད་ཀུན་དུ་ཁྱབ་པར་མཛད་དེ། རླུང་གི་ཁམས་ཆེན་པོར་ཀུན་ཏུ་ཁྱབ་པར་མཛད། དེ་ལ་ཁྱབ་ནས་མེའི་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད་དེ།། དེ་ནས་ཆུའི ་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད། ། དེ་ནས་སའི་ཁམས་ཆེན་པོར་ཀུན་ཏུ་ཁྱབ་པར་མཛད་དོ།། དེ་ཡང་ཀུན་ཏུ་ཁྱབ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱིས་སེམས་ལ་ཀུན་དུ་ཁྱབ་པར་མཛད་དོ།། རིདང་སེམས ་ཅན་ཐམས་ཅད་དང་། ། སྣ་ཚོགས་ཕྲ་བ་སྦོམ་པོ་དང་།། བུད་མེད་གཞོན་ནུ་རྒན་པོ་དང་།། སྐྱེས་པ་དང་ནི་མནང་དང་།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། གདོན་དང་སྐར་མ་གཤིན་རྗེ་དང་།། ཆུ་བདག་བརྒྱ་བྱིན་ལ་སོགས་དང་།། འབྱུང་དང་འབྱུང་འགྱུར ་ཐམས་ཅད་ལ། ། བཅོམ་ལྡན་འདས་ནི་བདེ་ཆེན་པོ།། ཀུན་དུ་བཟང་པོ་རྡོ་རྗེ་འཛིན་ཀུན་དུ་ཁྱབ་པས་བྱས་ཏེ་གནས།། དཔལ་རྡོ་རྗེ་སྙིང་པོའི་རྐྱེན་གྱི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། ལས་ཀྱི་མཆོག་རྣམས་འགྲུབ་བྱེད་པའི།། གསང་སྔགས་རྣམས་ནི་བཤད་པར་བྱ།། རྩེ་གཅིག་སེམས་ཀྱིས་མཉན་པར་བྱའོ།། ཨོཾ་ཨ་ཀ་རོ་མུ་ཁ~ཾ་སརྦ་དྷརྨཱ་ཎཱཾ་ཨ་དྷ་ནུང་བ་ནན་ཏྭཱ་ཏ། གཏོར་མའི་སྔགས་སོ།། ་ཨ་ཨཱ། ཨི་ཨཱི། ཨུ་ཨཱ། ཨ་ཨཻ། ཨོ་ཨཽ། ཨཾ་ཨཿབུད་མེད་དོ།། རི་རཱི། ལི་ལཱི། མ་ནིང་ངོ་།། ཀ་ཁ་ག་གྷ་ར། ཙ་ཚ་ཛ་ཛཱ། ཊ་ཋ་ཌ་ཌྷ་ཎ། ཏ་ཐད་དྷ་ན། པ་ཕ་བ་བྷ་མ། སྐྱེས་པའིའོ།། ཡ་ར་ལ་ཝ། འབྱུང་བའི་འོ། ཤ་ཥ་ས་ཧ། འཇིགས་པ ་ལ་སོགས་པའོ། ། ཆོས་ཀྱི་དབྱིངས་ཀྱིས་བོན་ནོ།། བཛྲ་དྷྲིཀ་ཧཱུཾ། ཛིན་ཛ~ཾ་ཀཌྜྷྱ། རདན་དྷྲྀ་ཀ་ཨཾ། ཨ་རོ་ལི་ཀ་རཱི་ཁཱ་ཛྙཱ་དྷྲྀ་ཀ་ཁ~ཾ། མཁའ་འགྲོ་ཆེན་པོ་ལྔའའོ།། ཋཱ་ཏི་མཱ~ཾ། མོ་ཧ་ཏི་ལཱི། རཱ་ག་ར་ཏེ་བཱཾ་བཛྲ་རཱ་ཏ~ཾ་ཀྵ~ཾ། རྡོ་རྗེ་མཁའ་འགྲཏན། ་པར་བྱེད་པ་ལ་སོགས་པའི་འོ།། ཀྵི་ཏི་གརྦྷཀྵི། བཛྲ་པཱ་ཎི་ཛཱི། ག་ག་ན་གརྦྷ་ཁཾ། ལོ་ཀ་ཤྭ་རཱ་ཡ་གཾ། ནཱི་བ་ར་ཎ་བེཥྐསྟཱི་ནི་ཀཾ། ས་མན་ཏ་བྷ་དྲ་སཾ། རྡོ་རྗེ་མཁའ་འགྲོ་དམ་ཚིག་སྤྱོད་པའི་ལ་སོགས་པའི་འོ།། རཱུ་པ་བཛྲ་ཛཿ། ཤཔྟ་བཛྲ་ཧཱཾ། ་གན་དྷེ་བཛྲ་གཾ་ང་ས་བཛྲ་ཧོཿ། སྥར་ཤ་བཛྲ་ཁཾ། དྷརྨ་དྷཱ་ཏུ་བཛྲ་རཾ། རྡོ་རྗེ་མཁའ་འགྲོ་མ་ངས་པར་བྱེད་པ་ལ་སོགས་པའིའོ།། ཡ་མཱན་ཏ་ཀྲི་ཏ་བཛ་པྲ་ཛྙཱན་ཏ་ཀྲྀ་ཏི། པད་མཱན་ཏ་ཀྲིཏེ། བི་གྷྣཱན་ཏ་ཀྲིཏ། ཊ་ཀི་རཱ་ཛ། ནཱི་ལ་དཎ་ཌ། མ་ཧཱ་བ་ལ། ་ཨཙ་ལེ་ཀན་ཧཱུ~ཾ། སུ~ཾཊྚཧཱུཾ། ཙཀཱ་བཏིན་དུ་ཊྚི། རྡོ་རྗེ་མཁའ་འགྲོག་ཤིན་དྲུག་ཤེད་ལ་སོགས་པའིའོ།། ལ་ཛིན་བྷྲཱུ~ཾ། ཏེ་ཛེ་སྟན་དུ་བྷྲཱུཾ། མན་དྷེ་ཙཀ་ཊཱི། བར་དྷ་ན་བྷྲཱུཾ། བི་སར་ན་གྷྣཱཾ་བར་ཛིན་བྷྲཱུཾ། ཀར་བྷ་བབྷཱུཾ། རྡོ་རྗེ་མཁའ་འགྲོ ་གཙུག་ཏོར་རྒྱལ་བ་ལ་སོགས་པའིའོ། ། ཧཱུ~ཾ་ཧྲཱིཿཁ་རྡོ་རྗེ་མཁའ་འགྲོའོའོ།། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བཛྲ་བྷ་བ་ན་ན་ད་ཧཱུ~ཾ། སའིའོ།། ཨོཾ་བཛྲ་པྲ་ཀ་ར་ཏ་ཧཱུཾ་བ་སྐྱེ་བའིའོ། ཨོཾ་བཛྲ་བཉྩ་ཧཱུ~ཾ་ལ་བྷྲཱུཾ། དྲང་བའིའོ།། ཨོཾ་བཛྲ་བི་དཱན་དཱ ་གུར་ཀྱིའོ། ། ཨོཾ་བཛྲ་ཤ་ར་ཏ་སཏྭཱ~ཾ། སཏྭཱཾ། མདའི་འོ།། ཨོཾ་བཛྲ་ཛྙཱ་ན་ལཱརྒ་ཧཱུཾ་ཧཱུཾ་ཧཱུཾ། འོད་ཀྱིའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ་ཧཾ། སྟོང་པ་ཉིད་ཀྱི་སྔགས་སོ།། ཨོཾ་དྷརྨདྷཱ་ཏྱ་སྭ་བྷ་བ་ཨ་ཏ་མ་ཀོ་ཧ།། ཆོས་ཀྱི་དབྱིངས ་སྔགས་སོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ག་ཙི་ཏ་ཏ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀ་ཧ~ཾ།། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའིའོ།། བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཐིག་གདབ་པའོ།། བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། མཚོན་དགྱེ་བའིའོ།། ཧཱུཾ་ཧ་ཨ་ཛྙེ། ་དབབ་པའི་འོ།། བཛྲ་ཀཱི་ལ་ཡ་མུད་ག་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཕུར་བུས་བརྡུང་བའིའོ།། དེ་ལ་སོགས་པ་མཐའ་ཡས་པ།། འཇིག་རྟེན་གསུམ་དུ་རྙེད་དཀའ་བའི།། སྔགས་ཀྱི་ཚོགས་རྣམས་ཇི་སྙེད་པ།། དེ་ཀུན་སྔོན་དུ་རྒྱས་པ་རུ། ་གསང་བ་དང་ནི་འཇིགས་བྱེད་དང་།། བདེ་མཆོག་སོགས་ལ་དེ་ཡིས་ནི།། ལས་དང་བཅས་པར་རབ་བཤད་པ།། རྣལ་འབྱོར་རྟོགས་པས་ཤེས་བྱའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས།། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ་དེ་ནས་མཁའ་འགྲོ་གྲོང་ཁྱེར་མཆོག། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ།། ལས་ཀྱི་ཆོ་ག་ཤེས་པ་ཡིས།། ཅི་རིགས་པར་ནི་ལས་རྣམས་བྱ།། ཉི་ཤུ་རྩ་ལྔའི་སྲད་བུ་ནི།། སེམས་མེད་ལས་བྱུང་བྱས་ནས་སུ།། བྱིན་བརླབས་མི་བསྐོད་རྟག ་པ་རུ། ། བྱས་སྟེ་ཐིག་ནི་གདབ་པའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། ཏ་རན་བཞིས་བརྒྱན་པ་སྟེ།། དར་དང་མེ་ཏོག་ཕྲེང་བས་ཀྲུགས།། སྲད་བུ་བཞི་དང་རབ་ལྡན་པ།། ཟུར་གྱི་ཆ་ནི་ཐམས་ཅད་དུ།། ཟླ་བ་རིན་ཆེན་རྡོ་རྗེ་དགོད།། ལས་ཀྱིས་བྱེ ་ཟག་ཤེས་པ་ཡིས། ། བློ་དང་ལྡན་པས་ཕྱག་རྒྱང་གོང་།། ཨིན་དྲ་ནཱི་ལ་ལ་བུ་ལ།། འཇིགས་བྱེད་རྡོ་རྗེ་དབུས་སུ་བྲི། བབ་བརྒྱད་འཁོར་ལོ་དགཔ། ལྷོ་དྲོ་ན་ཆེན་ཟུང་དག་ལྔང་།། ངདང་རབ་བཏུང་བདག ་དས་པ། ཁྱ་རལ་གྱི་སྔོན་པོ་ཟེ།། པེ་ཡི་འཚམས་སུ་འཁོར་ལོ་སྔོན།། བདེན་བྲལ་ཨུཿཔ་ལ་དམར་པོ་དང་།། རླུང་གི་འཚམས་སུ་པ་ཡ་མར།། དབང་ལྡན་ཨུཏ་པ་ལ་སེར་པོ་སྟེ།། རྡོ་རྗེ་ཐོབ་ཤར་གྱི་སྷོ།། ལྷོ་ཡས་རུ་རྡོ་རྗེ་དདྲུག། ་པད་མའི་རྫིང་བུས་ཀྱིའོ།། བྱང་རྐོརྡོ་རྗེ་ཁབྱེ་བ། སྦྱོང་བ་ལྡརྡ་པས་དགོད་པར་བྱ།། དམ་པ་ཉི་ཤུ་རྩ་ལྡར་ནི།། ཆེན་ཅི་དག་ཀྱང་བསྒོས་བྱ་སྟེ།། རྡུལ་ཚར་ལྔ་ལ་སོགས་པ་རྣམས།། རིས་པ་བཞིན་དུ་གང་དབབ་དག་དོནས ་བུས་པ་གཟུང་བྱ་བ། ། རྩབདག་ནོག་མེད་པའི།། ཞབས་བརྟན་མགྲིན་རིང་མ་ཆུ་འཕྱང་བ།། ལྷ་ཡི་གྲངས་ཙམ་སྟ་གོན་གནས།། མགུལ་པར་རས་ཀྱི་ཡང་དག་དཀྲིས།། ལྡུམ་བུ་ཡིས་ནི་ཁ་མཛེས་པ།། རིན་ཅན་ལྡན་འབྲས་ལྡ་། ་སྤོས་ཆུ་ཡིས་ནི་རབ་བཀང་ནས།། བུམ་པ་མངོན་པར་བསྔགས་པར་བྱ།། རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི།། བདག་པོ་ལྷ་མོ་རྣམས་ཀྱི་བཞི།། ལྷ་རྣམས་ཀྱི་ནི་བུམ་པ་བཞི།། སྒོ་ཡིས་ཕྱོགས་ཀྱི་བུམ་པ་ནི།། ལས་ཀུན་བྱེད་པས ་བཟླས་བྱས་ཏེ། ། ཀུ་ཤའི་ཆུན་པོས་སེམས་ཅན་ཆེ།། འཇུག་པ་ཀུན་ལ་གཏོར་བར་བྱ།། ཡོན་དང་གཏོར་མ་མཆོད་ཕུལ་ནས།། དེ་དག་ཕྱི་གང་རབ་དཀོད་དེ།། གཡས་སུ་རྒྱལ་བ་སྟན་དྲང་ངོ་།། དེ་ནས་ལྷ་རྣམས་རབ་གནས ་པའི། ། བསམ་པའི་སྦྱོར་བས་བསམ་བྱ་སྟེ།། ཕྱག་རྒྱ་བྲལ་བའི་སྦྱོར་བ་ནི།། ལུས་ཅན་བྱིན་གྱིས་མི་རློབ་པས།། བུ་མོ་གཟུགས་བཟང་ལང་ཆོས་བརྒྱན།། དབང་ཐོབ་ལུས་ནུས་ཐོ་པ་མོ།། གཡོན་མ་རྒྱན་གྱིས་རབ་བརྒྱན་ཏེ།། དེ་ས ་འཁོར་ལོ་སྤྲུལ་པར་བྱ། ། དེ་ལ་མར་མེ་བརྒྱ་སོགས་པའི། ཆོད་པཾ་ཕུལ་ནས་བསྟོད་བྱ་སྟེ།། གགདག་ཅི་བུ་བ་ཁྲག་རྣམས་ནི།། དུང་ཆེན་པོ་རུ་བཞག་བྱས་ཏེ།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ནས་མཁའ་འགྲོ་གྲོང་མཆོག་ཏུ།། ་སློབས་རྣམས་ནི་བཞུགས་བྱ་སྟེ།། རྡོ་རྗེ་ཡེ་ཤེས་རབ་ཐོབ་པའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕོ་བྲང་དཀྱིལ་འཁོར་དམ་པ་འདིར།། བདག་གིས་སློབ་མ་གཞུག་པར་བྱ།། དེ་ནས་སློབ་མ་དེ་ཡིས་ཀྱང་།། མེ་ཏོག་སྔག ་འདིས་གཏོར་བའོ། ཨཿ་བཛྲ་ཧོཿཞེས་བྱ་བ།། དེ་ནས་ཚིག་འདིས་གདོང་གཡོགས་དགྲོལ།། དེ་རིང་དད་པའི་ཤུགས་ཀྱིས་ནི།། དཀྱིལ་འཁོར་དེང་འདིར་བལྟ་བར་བྱ།། སངས་རྒྱས་རིགས་སུ་ཁྱོད་སྐྱེས་སོ།། སྔགས་དང་ཕྱག་དྷས ་ཁྱོད་བྱིན་བརླབ། ། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་འགྲུབ་པར་བྱེད།། རྡོ་རྗེ་པད་མོ་རོལ་པའི་མཆོག། སྔགས་ཀྱི་བདག་ཉིད་ཤེས་པར་བྱ།། བ་ཤ་བཛྲ། གང་དག་མེ་ཏོག་གསང་བ་སྟེ།། དེ་དེ་དེ ་ཡི་ལྷ་ཡང་དག། དེ་ཡི་སྦྱོར་བ་རབ་སྦྱིན་ཏེ། དེ་ཡིནན་ཏན་དུ་བསྒྲུབ་པོ།། དུང་ཆེན་བདུད་ཅི་ཝ་ཐུད་དེ།། དམྱལ་བའི་ཆུ་འདིས་ཁྱོད་ལ་ནི།། དམ་ཚིག་འདས་ནས་སྲེག་པར་བྱེད་། དང་ཚིག་བསྲུངས་ནདངོས་གྲུབ་པའི།། འཐུང་ཤིག་རྡོ་རྗེ་བདུད་རྩི་ཆུ།། བཛྲ་ཨུད། ་དེ་ནས་སངས་རྒྱས་ཐམས་ཅད་ཀྱིས།། དམ་ཚིག་དང་ནི་སྡོམ་པ་རྣམས།། བླ་མས་སློབ་མ་སྡིག་བྲལ་ལ།། ཅི་ལྟ་བ་བཞིན་བསྒྲག་པར་བྱ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རི་མོའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། དབང་བསྐུར་བཱི་ཚེ་ཀའི་མཆོ།། གང་གིས་ལེགས་པར་བྱེད་འགྱུར་ན།། དེ་ནི་སངས་རྒྱས་ཉིད་དུ་འགྲུབ།། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན།། ཡང་དག་ཤེས་ཤིང་རྒྱུད་ཤེས་པ།། དེ་ཉིད་བཅུ ་ལ་སོགས་པ་ཡི། ། གསང་རིག་ཆོ་ག་ཤེས་པ་པོས།། བསྒྲིམས་ཏེ་སློབ་མ་ཡང་དག་གཟུང་།། བླ་མ་ལ་གུས་དང་བའོ།། དགེ་བསྒོམ་ལྷ་རྣམས་མཆོད་བྱེད་པ།། གཏོང་ཕོད་ཡོན་ཏན་ལྡན་པའོ།། དེ་ནས་སློབ་མ་དེ་ཡིས་ཀྱང་།། ལངས ་ཏེཞབས་ལ་མགོས་བཏུགས་ནས། ། རྒྱལ་པོ་དབང་ཕྱུག་བདེ་དམ་པ།། གོས་དང་བརྒྱན་གྱི་ལེགས་པར་བགོས།། སྟེང་དུ་ཐེར་བྲི་བར་བྱ།། གདུགས་དང་རྒྱལ་མཚན་བ་དན་དང་།། ལྷམ་དང་ཚངས་པའི་སྐུད་པ་དང་།། གདུང ་བུ་དག་དང་རྐེ་རགས་དང་། ། བཀྲ་ཤིས་ཚིགས་བཅད་སྣ་ཚོགས་ཀྱིས།། སློབ་མ་སྡིག་དང་བྲལ་བ་ལ།། སློབ་དཔོན་གྱི་ནི་དབང་བསྐུར་རོ།། དང་པོ་རྣམ་རྒྱལ་བུམ་པ་དང་། དེནས། ལོ་བཞི་རྣམས་དང་།། ལྦ་རྣམས་ཀུན་གྱི་བཞི་པ ་ས། ། བཀྲ་ཤེས་ཚིགས་བཅད་གྲུ་སྒྲ་དང་།། རྡོ་རྗེ་དྲིལ་བུ་བསིལ་བ་ཡིས།། སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ།། ཏིལ་གྱི་གང་བ་བཞིན་གང་བའི།། རྒྱལ་བས་བུམ་པ་བཟུང་ནས་ནི།། དེ་ཉིད་ལ་ནི་དབང་བསྐུར་བར། དཀྱིལ་འཁོརྡ ་ཉིད་རིག་པར་བསམ། ། དེ་ལྟ་བུ་ནི་བསམས་ནས་ཀྱང་།། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ།། དེ་ནས་ཡིད་འོང་བུ་མོ་ནི།། ལེགས་པར་གོམས་པ་དབང་ཐོབ་པ།། རྒྱན་གྱིས་རབ་བརྒྱན་རབ་མཛེས་པ།། བཙལ་ཏེ་བླ་མ་ལ་ཕུལ་ནས།། ་དེ་ནས་རྒྱལ་དབང་སློབ་མ་དེ།། ནང་གི་སྦས་པ་བཏུས་པ་ཡི།། གསང་བ་མཉམ་པར་འཇུག་པ་ཡི།། སྦྱོར་དང་ལྡན་པས་དབང་བསྐུར་བྱ།། རྡོ་རྗེ་པད་མོ་ལས་དྲང་བ།། སྦོམ་པོ་མཐའ་ལྟག་རྩེ་སྦྱར་ནས།། རྐང་དུ་རྡོ་རྗེ་བཞག་པར་བྱ།། ཀྱེ་མའོ ་བདེ་བ་བདེ་བ་ཆེ། ། ཀྱེ་མའོ་དམ་ཚིག་བདེ་བརྗོད་ཅིང་།། ཀྱེ་མའོ་བདེ་བ་བླང་བར་བྱའོ།། འདི་ནི་གསང་བ་ཞེས་བྱ་བའི།། དེ་དབང་བསྐུར་བའི་ཐབས་མཆོག་གོ།། ཡང་ན་ཤིན་ཏུ་དད་ལྡན་པ།། གཟུགས་བཟང་སྒྲུབ་ལ་དགའ་བ་དང་།། སྦྱར ་གོ་བས་བླ་མ་ལ་ནི་དབུལ། ། བླ་མས་བྱིན་བརླབས་ལྷ་མོ་དང་།། བསྒྲུབ་པ་དེ་ལ་སྦྱིན་པར་བྱ།། དེ་ཡིས་བླངས་ནས་བརྩོན་པའི་ཚོགས།། ཅི་སྐད་གསུངས་བཞིན་རབ་བྱས་ནས།། རང་གི་ལྷ་དང་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའི ་ཚོགས་རྣམས་ཀུན། ། མཉེས་བྱེད་ཚོགས་སེམས་བརྟག་ཏེ།། མངོན་སུམ་བདེ་བར་རང་འབྱུང་བ།། གཞན་གྱིས་གང་དུ་བསྒྲག་མི་ནུས།། གོ་བའི་ཡུལ་དེ་བདེ་བ་ཆེ།། བླ་མ་དེ་ལ་དབུལ་བར་བྱ།། བླ་མ་གཞན་ལ་དེ་བཞིན་དུ།། ཅི་དགའ ་བར་ནི་ཡོན་ཡང་དབུལ། ། སློབ་དཔོན་ཅུང་ཟད་ཅི་འདོད་པ།། ཡིད་ལས་བསམས་པ་དབུལ་བར་བྱ།། དམ་ཚིག་འདའ་བས་འཇིགས་པའི་ཕྱིར།། བསྒྲིམས་ཏེ་དེ་བཞིན་དཔྲལ་བར་བྱ། སློབ་དཔོན་གྱི་ནི་ཡུལ་གྱི་མཆོག། རིགས་ཀྱི་ཁྱད་པར། ་གྱིས་ནི་ལྔ། བུམ་པའི་དབང་སོགས་དབྱེ་བ་ཡིས།། ཡང་ན་གསུམ་དུ་འགྱུར་བ་ཡིན།། རང་གི་མ་དང་སེང་གེ་གདན།། ཡོན་གྱི་མཆོག་སྟེ་སངས་རྒྱས་རིགས།། གསེར་དང་གླང་པོ་རིན་ཆེན་དང་།། སྲིང་མོ་བླ་མ་ལ་དཔྲལ་བ།། ་རྡོ་རྗེ་སེམས་དཔའི་རིགས་ཡིན་ཏེ།། ཡོན་དེ་ཡོན་གྱི་མཆོག་ཡིན་ནོ།། ཤིང་རྟ་རྟ་ནི་ཤིན་དུ་བརྒྱན།། རང་གི་ཆུང་མ་དཔྲལ་བྱ་སྟེ།། རིན་ཆེན་སྣ་ཚོགས་རྣམ་དག་པ།། ཡོན་དེ་རིན་པོ་ཆེ་ཡི་རིགས།། མུ་ཏིག་ཕྲེང་བ་ཤིན་དུ་མཛེས།། དུ་མོ་རིན་ཆེན ་འདྲ་བ་ཡིས། ། བརྒྱན་ཏེ་ཟླ་མ་ལ་དཔྲལ་བ།། ཡོདན་དེ་པད་མའི་རིགས་ཡིན་ནོ།། རྒྱལ་པོ་དང་ནི་དབང་ཕྱུག་དང་།། ཆུང་མ་འཕྲུལ་གྱི་བཞོན་པ་སོགས།། གླང་པོ་རྟེན་ཤིན་དུ་བརྒྱན།། དེ་བཞིན་གཤེགས་པ་ཀུན་གྱི་།། ནན་ཏན་བྲམ ་དཔྲལ་བྱ་བ། ། སྣ་ཚོགས་རྡོ་རྗེའི་རིགས་ཡིན་ནོ།། དེ་རྣམས་བཞི་དང་འགྱུར་བ་དང་།། མི་འགྱུར་བ་ཡི་བྱེ་བྲག་གིས།། གསུམ་དུ་ཤེས་བྱ་བླ་པ་ལ།། བློ་ལྡན་རྡོ་རྗེ་སློབ་མ་ཡིས།། ཅི་སྟེ་བདེ་བ་ཀུན་འདོད་ན།། དད་མོས་སེམས་ཀྱི་དབུལ་བར་བྱ།། ་ཡིད་ལ་གང་བས་པ་མ་བྲལ་ལམ།། ཁས་བླངས་དེ་ནི་མ་ཕུལ་ན།། ཡི་དགས་དམྱལ་བ་རྣམས་གཉིས་སུ།། ངེས་པར་སྐྱེས་ཏེ་བརླབ་པར་འགྱུར།། དེ་བས་དེ་ནམ་རབ་ཕུལ་ནས།། གསོལ་བ་དག་ནི་རབ་ཏུ་གད་བ།། རྡོ་རྗེ་དཀྱིལ་འཁོར ་ཆེན་པོ་ཡི། ། དཀྱིལ་འཁོར་དུ་ནི་བདག་ཞུགས་སོ།། སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡིས།། དཀྱིལ་འཁོར་དུ་ནི་བདགཞུགས་སོ།། སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་འཁོར་བདག་གིས་ད་རིང་མཐོང་།། གསང་བའི་དཀྱིལ་འཁོར་ཆེན ་པོ་ཡི། ། དཀྱིལ་འཁོར་དུ་ནི་བདག་དབང་བསྐུར།། དེ་ནས་བླ་མ་དེ་ཡིས་ཀྱང་།། དེ་ལ་དབང་བསྐུར་སྦྱིན་བྱ་སྟེ།། དྲི་དང་མེ་ཏོག་ཕྲེང་བས་བརྒྱན།། བསྒྲིམས་ཏེ་ཡང་དག་རྟག་པར་བྱ།། དང་པོ་ལ་ནི་བུམ་པའི་དབང་།། གཉིས་པ་ལ་ཞིགས ་བའི་དབང་། ། གསུམ་པ་ཤེས་རབ་ཡེ་ཤེས་ཏེ།། བཞི་པ་དེ་ཡིས་ཡེ་ཤེས་ཏེ།། བླ་མ་ལས་ནི་ཐོབ་པའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཡོན་དང་བཅས་པར་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། ་གང་གི་ཐབས་ཀྱིས་རིགས་ལྔའི་དོན།། རང་གི་དོན་གྱུར་ཀུན་དུ་བཟང་།། འདི་དག་གཞན་ལ་རབ་བདའ་ཕྱིར།། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཤད།། ཡིད་འོད་དབེན་པའི་ས་ཕྱོགས་སུ།། ཅི་བདེར་གནས་ལ་རབ་མཁའ ་ཀུརསེམས་ཀྱིས་ཁྱབ་པར་བྱས་རཔས། ། དལ་བཏག་ཨེ་མའོ་འཇིག་རྟེན་ཀུན།། སྡུག་བསྔལ་ཆོས་ཀྱིས་ཀུན་ནས་གཙེས།། བྱང་ཆུབ་སེམས་ཉམས་སེམས་ཅན་རྣམས།། ཀུན་ལས་འབྱུང་ཞེས་དམ་བཅས་པའི།། ལྤགས་པ་སྐྱེ་མ ་བཞག་པ་ནི། ཨཱཿསེམས་ཀྱི་རྡུལ་ཕྲན་ཆ་དྲུག་རྣམས།། ཕྱོགས་བཅུ་དག་ཏུ་ཕྱེ་ནས་སུ།། ཆོས་ཀྱི་དོན་རྣམས་དེ་གསལ་ནས།། ཤིན་དུ་དྲི་མེད་སེམས་དག་པ།། འོངས་དང་མ་འོངས་པ་ཡི་སེམས།། ད་ལྟ་ཡང་ནི་དམིགས་སུ་མེད།། ་གཉིས་མེད་དེ་ལ་གཉིས་མེད་མེད།། ནམ་མཁའ་ཞེས་པའང་གནས་པ་མེད།། དེ་ལྟར་ཀུན་དུ་བརྟགས་ནས་སུ།། འགྲོ་བ་ཐམས་ཅད་ཤིན་དུ་སྟོང་།། དྲི་མེད་རྣ་ལ་འབྱོར་ཉིད་ཀྱི་ཡིན།། དངོས་པོ་མེད་པར་རང་སེམས་བསམ།། འགྲོ་བ་འདི་ནི ་དེ་ལྟ་བུའི། ། དངོས་པོ་གང་དག་ཡོད་མིན་ན།། སྡུག་བསྔལ་སྣ་ཚོགས་གང་དག་ལགས།། སེམས་ཉམས་སེམས་ཅན་འབྱུང་བར་བསྒོམས།། འོན་ཀྱང་སྔོན་གྱི་སྨོན་ལམ་ཤུགས།། དབྱངས་ཡིག་སྤེལ་བའི་གླུ་ལྡན་བྱ།། རིན་ཆེན་སེམས་ནི ་རྨུགས་པ་ལ། ། བདེ་གཤེགས་རྣམས་ཀྱིས་བསྐུལ་བར་པྲ།། ཤཱུ་ནྱ་ཏཱ་ཏི་ཡོ་ག་བདཾ་སྭཱ་ཧཱ། པྲ་བྷ་བཱི་ཨཱ་ཀཱ་ཤ་ཏཱ་མ་བ་ག་ཏ་ས་མ་ཡ།། ཨུ་པ་ཏ་པ་ཡན་ཏི་སུག་ཏ་སུ་ག་ཏེག་ཏི་ཤྲཱི་བཛྲ་སྭཱ་ཧཱ།། པྲ་པུསྟཾ་ཧཾ།། རྣམ་རྟོག་གུན་སྲངས་དྲི་མེད་པའི ་རྣམ་པར་མི་རྟོག་སྒོམ་པའི་སེམས། ། སྔགས་ཀྱི་དེ་ཉིད་བསྐྱོད་བྱས་ལ།། ཏྲཱཾ་ཞེས་པ་ཡི་གཟུགས་སུ་བརྟག། ཏིང་ངེ་འཛིན་གྱིས་དབང་འགྱུར་ན།། གང་ཕྱིར་དེ་ནི་བསྒོམ་པས་ཐོབ།། དམ་པ་ནམ་མཁའི་དབྱིངས་ལ་གནས།། བྱང་ཆུབ་སེམས་ཚེགས ་དེང་བཅས་ལ། ། ལ་བྱོར་ཡིད་ཀྱིས་ཀུན་མས་མས་ནས།། རྒྱས་པར་རྣམ་པར་བརྟག་པར་བྱ།། ཡི་གེ་རྦྷུ་ཀྱིས་ལྷ་ཡི་གནས།། རྡོ་རྗེ་རིན་ཆེན་གྱིས་ནི་བརྒྱན།། སྒོ་ད་ཏ་བབས་ཀ་བདག། དང་གྱི་ཕྲེང་བས་རྣམ་པར་ཀླུབས།། གྲ་བཞི་པ ་བཞི་པ། དྲིལ་བུའི་དྲ་བ་དག་གིས་བཅན།། རྟག་པར་དོ་ཤལ་མེ་ལོང་དང་།། མེ་ཏོག་ཕྲེང་བས་བརྒྱན་རྣམས་ཟེས།། དེ་ཡི་དབུས་སུ་སེང་གེའི་གང་ན།། སེང་གེ་བརྒྱད་ཀྱིས་རྣམ་པར་བརྒྱན།། བློན་ལམ་དབང་གིས་དེ་དག་ཀུན་། ཁྱང་ཆུག། ་སེམས་དཔའ་མབུ་བེ་ཆེ།། ཤར་ཕྱོགས་པ་གླང་ཤན་དུ་རྒྱས།། ལྷོ་ཕྱོགས་རྟ་ཡི་གདན་བཟངས་ཏེ།། ནུབ་ཕྱོགས་སུ་ནི་མི་བྱ་བཤད།། དེ་བཞིན་བྱང་ཕྱོགས་ནམ་མཁའ་ལྡིང་།། པིབསྐྱོང་ཁྲོ་བ་བསམ་པ་ནི།། མཐིང་ཀ་དཀར་པོ ་དམར་པོའོ་ཞལ། ། རྡོ་རྗེ་ཕྱག་རྒྱ་ཐུགས་ཁ་དང་།། མཐིང་ཀ་ཁ་དོག་གསལ་ལ་བཟང་།། གཡས་ན་རིན་ཆེན་འཁོར་ལོ་སྟེ།། རལ་གྲི་པད་མ་གཡོན་པ་ན།། འཇིག་རྟེན་ཁམས་ནི་ཀུན་འཁྲུག་པའོ།། བརྟུལ་ཞུགས་ཅན་གྱིས་ཞལ ་གསུ་བསམ། ། དང་པོ་ཡི་ནི་སྟོང་པ་ཉིད།། གཉིས་པ་དེ་བཞིན་མཚན་མ་མེད།། གསུམ་པ་སྨོན་པ་མེད་པ་ཡི།། ཞལ་དུ་མཁས་པར་རིག་པར་བྱ།། ཕྱག་དྲུག་རྟག་ཏུ་འབར་བར་བསྒོམས།། པཙོ་ནར་སྣ་ཚོགས་རྣམས་དང་ལྡན།། པད་མ་ལ ་མཉམ་བཞག་ནས། ། ཡེ་ཤེས་ཕྱག་རྒྱ་སྙིང་ཁ་ནང་།། དབུས་ཀྱི་གནས་སུ་བསམ་པ་ནི།། རྡོ་རྗེ་དཀྱིལ་མོ་དཀྲུང་དུ་གནས།། ཤར་གྱི་གནས་སུ་བསམ་པ་ནི།། སྔགས་པ་རྣམ་སྣང་ཐུབ་པ་སྟེ།། དཀར་དང་མཐིང་ཀ་དམར་བའི་ཞལ།། 2འ ་ཕྱག་རྒྱ་སྙིང་ཁ་ན། ། རྡོ་རྗེ་འབར་སོགས་འོད་གསལ་བ།། རིན་ཆེན་རྡོ་རྗེ་གཡས་པ་ན།། རལ་གྲི་པད་མ་གཡོན་པ་ན།། རྣལ་འབྱོར་ཅན་གྱིས་རྟག་པར་བསམ།། ཐོང་ཚུགས་དབུ་རྒྱན་དག་གིས་བརྒྱན།། རིན་ཆེན་མགོན་པོ་ལྔ་ཕྱོགས་ན།། ས ་དང་མཐིང་ཀ་དཀར་བའི་ཞལ། ། རིན་ཆེན་ཕྱག་རྒྱ་སྙིང་ཁ་ནས།། མརྒད་ལྟ་བུར་སྣང་བའོ།། གཡས་ན་འཁོར་ལོ་རལ་གྲི་སྟེ།། རྡོ་རྗེ་པད་མ་གཡོནའོ།། རྟག་པར་རྣལ་འབྱོར་པས་བསམ་པ། ན་ཆེན་ཡང་དུ་འབེབས་པའོ།། ་ནུབ་ཕྱོགས་གནས་སུ་དགོད་བྱ་བ།། སྣང་བ་མཐའ་ཡས་བསམ་པ་ནི།། དམར་དང་མཐིང་ཀ་དཀར་བའི་ཞལ།། པད་མ་རཱ་གའི་མདོག་ལྟ་བུ།། པད་མའི་ཕྱག་རྒྱ་སྙིང་ཁ་ན།། རྡོ་རྗེ་རིན་ཆེན་གཡས་པ་ན།། འཁོར་ལོ་རལ་གྲི་གཡོན ་པ་ན། པད་མ་ལ་ནི་མཉམ་བཞག་པསམ།། བྱང་ཕྱོགས་གནས་སུ་དོན་གྲུབ་ནི།། ལྗང་ཁུ་མཐིང་ཀ་དཀར་བའི་ཞལ།། རལ་གྲི་ཕྱག་རྒྱ་སྙིང་ཁ་ན།། འབར་བའི་ཕྲེང་བས་མཉམ་པ་འོད།། པད་མ་རྡོ་རྗེ་གཡས་པ་ན། ་འཁོར་ལོ་རིན་ཆེན་གཡོན་པ་ན།། ཟླ་བའི་དཀྱིལ་འཁོར་དབུས་གནས་པ།། བྱང་གི་གནས་སུ་བསམ་པར་བྱ།། སྔགས་པས་ཕྱག་དྲུག་བསམ་པ་ནི།། སྤྱན་དེ་ཞལ་གསུམ་དཀར་མོ་ཡི།། རྣམ་པར་སྣང་མཛད་ཕྱག་རྒྱ་བཞིན། ་དེ་ཡི་དོན་དུ་རྣམ་པར་བསྒོམ།། བཱ་མ་ཀཱི་ཡང་བསམ་པ་ནི།། ཨུད་དཔལ་དང་ནི་མཐིང་འདྲ་བ།། ཞལ་གསུམ་ཕྱག་དྲུག་ཆགས་པ་སྟེ།། མི་བསྐྱོད་ཕྱག་རྒྱ་མཆོག་འཛིན་པའོ།། ཆགས་པས་ཆགས་པ་རིགས་ཀྱི་སྔགས།། ་གསུམ་ཕྱག་དྲུག་དགེ་བ་སྟེ།། སྦྱོར་བའི་ས་ནི་དཀར་མོ་བསམ།། པད་མ་རཱ་གའི་ཕྱག་རྒྱའོ།། སྒྲོལ་མ་ཁ་དོག་སེར་མོ་སྟེ།། འཁྲིལ་བག་རྒྱན་གྱིས་རབ་ཏུ་བརྒྱན།། ཞལ་གསུམ་ཕྱག་དྲུག་རབ་ཏུ་བསམ།། ཐོགས་མེད་རྒྱལ ་པོའི་ཕྱག་རྒྱའོ། ། སྒོ་བའི་སྒོ་སྲུངས་དགོད་བྱ་བ།། སྒོ་རྣམས་སུ་ནི་ཁྲོ་བོ་བསམ།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། གཞན་གྱིས་མི་ཐུབ་དེ་བཞིན་ཏེ།། ཐུབ་པར་དཀའ་བ་རྟ་མགྲིན་དང་།། ཁྲོ་བོ་བདུད་རྩི་འཁྱིལ་པ་བསམ།། དེ་དག ་ཀུན་ཀྱང་ཞལ་གསུམ་པ། ། དྲག་ཅིང་དྲག་པོར་གནོན་པའོ།། མཐིང་ཀ་སེར་པོ་དེ་བཞིན་དམར།། ལྗང་ཁུ་དག་ནི་ཁ་དོག་ཏུའོ།། མཚོན་ཆ་སྣ་ཚོགས་འཛིན་པ་སྟེ།། ཐོད་པའི་ཕྲེང་ཐོགས་དེ་བཞིན་ནོ།། གདོན་རྣམས་ཐམས་ཅད ་སྐྲག་བྱེད་པ། ། གདོན་སྦྱིན་སྲིན་པོ་འཕྲ་མེན་མ།། མ་ཧེ་སེང་གེ་སྟག་རྣམས་དང་།། བ་ལང་ཞོན་པ་རྣམ་བཞིའོ།། རྣམ་པར་འགྱུར་བའི་ཁྲེ་ཉེར་ཅན།། ཁྲོ་བོ་སྤྱན་ནི་ཀུན་ནས་བསྡུས།། སྔགས་འདི་རྣམས་ཀྱིས་བསམ་པ་ནི།། གཤིན ་རྗེ་གཤེད་ལ་སོགས་པའོ། ། སྔགས་ཀྱི་དེ་ཉིད་རྗེས་འཐུན་པར།། སྔགས་པས་དཀྱིལ་འཁོར་བསྒྲུབས་ནས་སུ།། ས་ཡི་སྙིང་པོ་ལ་སོགས་པ།། སེམས་དཔའ་རྣམས་ནི་དེར་གནས་བསམ།། ལུས་དང་ངག་དང་སེམས་དེ་ཉིད། ་ཧཱ་ཞེས་བྱ་བའི་ཡི་གེ་མཆོག། སེམས་ནི་དེ་རུ་ཞུགས་པར་བསམ།། མི་བསྐྱོད་པ་ནི་བདག་ཉིད་ཆེ།། དབང་པོའི་ལམ་དུ་བྱུང་ནས་སུ།། དང་པོའི་དཀྱིལ་འཁོར་གྱིས་ནི་བརྒྱན།། བདག་ཉིད་གཅིག་ཅིང་གཅིག་འགྱུར་བ།། སྐད ་ཅིག་གིས་ནི་བརྟག་པར་བྱ། ། ཁྱོད་ནི་རྡོ་རྗེ་སེམས་ཞེས་བྱ།། དེ་ལ་སོགས་པས་བསྟོད་པར་བྱེད།། དེ་ནས་རྣམ་སྣང་མཛད་ལ་སོགས།། རང་གི་སྙིང་ཁར་རབ་ཏུ་བཟུང་།། གཟངས་རྣམས་ཀྱི་ནི་རང་བཞིན་དུ།། རྣམ་པར་སྣང་མཛད་ཐུབ ་བ་བཞུགས། ། ཚེ་རབ་རིན་ཆེན་མགོན་པོ་ཡིན།། མཐའ་ཡས་འོད་ནི་འདུ་ཤེས་སུའོ།། འདུ་བྱེད་ཀུན་ཏུ་གདོན་མིཟ།། མི་བསྐྱོད་པ་ནི་ཕུང་པོ་ལྔ།། དེ་བཞིན་གཤེགས་པ་ལྔ་རྣམས་ནི།། སྔགས་འདི་རྣམས་ཀྱིས་བཞུགས་པར ་བསཔ། ། ས་ཡི་ཁམས་ཀྱི་རང་བཞིན་དུ།། དེ་ནས་སྤྱན་ནི་བཞུགས་བྱ་སྟེ།། རྣལ་འབྱོར་ཡིད་ཀྱིས་བསམ་པ་ནི།། དེ་ཡང་སྤྲོ་བར་གནས་པར་བསམ།། མཱ་མ་ཀཱི་ཡང་ཆུ་ཡི་ཁམས།། བརླན་ཞིང་ཁྲག་ནི་རྒྱུ་བའི་ཕྱིར།། རྣལ ་འབྱོར་པས་ནི་ཡིད་ཀྱིས་བསམ། ། དེ་ཡི་ལུས་ནི་རྒྱས་པར་འགྱུར།། མེ་ཡི་ཁམས་ཀྱི་རང་བཞིན་དུ།། གོས་དཀར་མོ་ཡང་བཞུགས་པར་བྱ།། ཀུན་ཏུ་ཁྱབ་པར་ཞུགས་པ་ཡི།། འོད་རྣམས་སུ་ནི་དེར་འགྱུར་རོ།། སྒྲོལ་མ་རླུང་གི་རང ་བཞིན་དུ། ། ཞུགས་པར་དེ་ནི་བསམ་པར་བྱ།། རླུང་ནི་རྣམ་པ་ལྔ་རུ་འགྱུར།། དེ་བཞིན་ཡིད་མགྱོགས་རྫུ་འཕྲུལ་འགྲུབ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། ནམ་མཁའ་རང་བཞིན་དག་ཏུ་འཇུག། དེ་ལུས་ཁོང་སྟོང་ཉིད་ལན ་རང་སེམས་ཡོན་ཏན་བསྒོམ་པའི་སེམས། ། ནམ་མཁའི་དབྱིངས་ཀྱི་རྣལ་འབྱོར་གྱིས།། སངས་རྒྱས་སྒྱུ་མའི་སྦྱོར་བས་སུ།། དག་པའི་བདག་ཉིད་ཅི་འདོད་པར།། དེ་ནས་རི་རབ་ཕུལ་ནས་འགྲོ།། ས་ཡི་སྙིང་པོ་བདག་ཉིད ་སངས་རྒྱས་སྤྱན་ནི་བདག་ཉིད་དེ། ། མིག་གི་ཕྱོགས་སུ་ཞུགས་ནས་ནི།། འཕྲུལ་གྱི་མིག་ཏུ་རྟག་ཏུ་འགྱུར།། ཕྱག་ན་རྡོ་རྗེ་བདག་ཉིད་ཆེ།། རྣ་བའི་རྣམ་ཤེས་སྦྱོར་བས་ན།། སྒྲ་རྣམས་ཐམས་ཅད་ཤེས་པ་དེ།། ་རྣ་བའི་རྣམ་ཤེས་དེ་བཞིན་འགྱུར།། ནམ་མཁའི་སྙིང་པོ་བདག་ཉིད་ཆེ།། སྣ་ཡི་རྣམ་ཤེས་སྦྱོར་བས་ན།། སངས་རྒྱས་ཤངས་ནི་བདག་ཉིད་ཤེས།། དེ་ཡང་དེ་ཡི་ངོ་བོར་འགྱུར།། འཇིག་རྟེན་དབང་པོའི་རིམ་ཆགས། ་པ།། རྡོ་རྗེ་ལྕེ་ཡི་སྦྱོར་བས་སུ།། རོ་ཡི་དངོས་པོ་མྱོང་བ་དེས།། སྐད་ཅིག་གཅིག་ལ་དེ་རུ་འགྱུར།། བློ་ལྡན་སྒྲིབ་པ་ཐམས་ཅད་ནི།། རྣམ་པར་སེལ་བའི་མིང་དང་ལྡན།། ཉོན་མོངས་ཐམས་ཅད་རྣམ་པར་སེལ།། ཉེ་བའི་ཉོན་མོངས་པ ་ཡང་འཇིགས། ། མེ་ལོང་གིས་ནི་རྣམ་པ་ལྟར།། རྟེན་པའི་ཚུལ་གྱིས་འབྱུང་བ་ནི།། གཟུགས་བརྙན་གྱི་ནི་སྦྱོར་བས་སུ།། སྐད་ཅིག་གིས་ནི་དེ་རུ་འགྱུར།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། རྣམ་པ་བཅུ་དང་དྲུག་ཏུ་ཡང་།། སྦྱོར་བ ་དེ་ནི་བྱིན་བརླབས་ནས། ། སྔགས་པས་དེ་ནི་སེམས་ལ་བཞུགས།། ཁྲོ་བོ་ལྕགས་ཀྱུ་དཔུང་པ་ཡིས།། ཞགས་པ་ལྟ་བུ་གཉིས་པའོ།། ལུ་གུ་རྒྱུད་ཀྱི་ཁ་སྤྲད་གསུམ།། རྒྱལ་མཚན་གཞུག་པར་ཁྱབ་པར་བཞག། དེ་ལྟར་དོན ་རྣམས་རབ་ཏུ་ཞུགས། ། སངས་རྒྱས་ཀུན་གྱི་ངོ་བོར་བདག། རྡོ་རྗེ་ཕྱག་རྒྱ་དང་ལྡན་པ།། གཡོན་པ་དྲིལ་བསྣམས་སྟ་ཟུར་བརྟེན།། རྡོ་རྗེ་སེམས་དཔའ་དེ་གནས་འགྱུར།། རྣལ་འབྱོར་ཆེན་པོ་དཀར་པོའི་གཟུགས།། ་དཀར་དང་མཐིང་ཁ་དམར་པོའི་དབུ། སྟོང་ཉིད་ལ་སོགས་བདག་སྦྱོར་བ།། རྡོ་རྗེ་སེམས་དཔའ་ཞེས་སུ་སྨྲ།། རྡོ་རྗེ་ཕྱག་རྒྱ་རྗེས་སུ་ཆགས་པ་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱ་ད་མ་ཀོ་ཧཾ། ་སངས་རྒྱས་མཆོད་པ་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨ་མ་ཀོ་ཧ།། རང་གི་དཀྱིལ་འཁོར་སྔ་མ་བཞིན།། མདུན་དུ་བསམ་ནས་ནམ་མཁའ་ལ།། ཁྱབ་པའི་སྦྱོར་བས་གཅིག་བྱས་ཏེ།། དཀྱིལ་འཁོར་སྔ་མ ་བཞིན་བསམས་བཟླས། ། བཅོམ་ལྡན་མི་མཉེས་གཞུག་ཅིང་བཞུགས།། རྡོ་རྗེ་ཕྱག་རྒྱ་ཐུགས་ཁང་བསྡམས།། གཡས་པར་འཁོར་ལོ་རིན་པོ་ཆེ།། པད་མ་རལ་གྲི་གཡོན་པའོ།། དེ་ཉིད་གསུམ་གྱི་ཚུལ་གྱིས་ནི།། ཅི ་ནུས་པར་བཟླས་པར་བྱ། ། སྐྱོན་ཡིད་ཀྱིས་དྲངས་ན་ནི།། དེ་དག་ཐམས་ཅད་སྙིང་ཁར་བཞུགས།། མཉམ་པ་ཉིད་ཀྱི་གནས་འདུག་ན།། ལུས་ཀྱི་ཇི་ཙམ་བསྐྱོད་པ་དང་།། ཚིག་ཏུ་རབ་ཏུ་འཕྲོ་བའི་རྣམས།། དེ་དག་སྔགས་དང ་ཕྱག་རྒྱར་འགྱུར། ། རྟག་ཏུ་བསྒོམ་པའི་སྦྱོར་བས་ནི།། དེ་ལ་སེམས་དཔའི་གཞན་མ་ཡིན།། རྣལ་འབྱོར་ངོ་བོ་གཟུགས་ཅན་ལ།། ལྷ་མོ་རྣམས་ཀྱང་དེ་ལ་འཛིན།། དབང་པོ་ལམ་དུ་གང་གྱུར་པ།། དེ་དང་དེ་ཡི་ངོ་བོ་དག། ཤིན་ཏུ་མཉམ ་བཞག་སྦྱོར་བས་སུ། ། བདག་ཉིད་ལྷག་པའི་ལྷར་བྱའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ལྷའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྐུ་དང་གསུང་དང་ཐུགས ་རྡོ་རྗེའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཚིག་འཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ།། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི།། ཡེ་ཤེས་གཅེས། ་པ་དྲི་མེད་པ།། བྱང་ཆུབ་སེམས་ནི་རིན་པོ་ཆེ།། བླ་ན་མེད་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་བྱང་ཆུབ་སེམས་དཔའ ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན ་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་སྦྱོར་བ་ཐོབ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཀྱེ་མ་ཀུན་ཏུ་བཟང་པོ་འདི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཆོས་རྣམས་སྐྱེ་བ་མེད་པ་སྟེ།། གཡོ་བ་མེད་ཅིང ་གནས་པ་མེད། ། རྟོག་པའི་དྲིམ་སྤངས་པ་ཡིད།། བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས།། དེ་ནས་བཅོམ་ལྡན་འདས་མི་འཁྲུག་པ་དེ་བཞིན་གཤེགས་པ་གསུང་སྤྲོས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་གཞུགས། ་ནས། བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་།། དངོས་པོ་འདི་དག་མ་སྐྱེས་ཏེ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་རྡོ་རྗེ་མི་འཁྲུགས་པ་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་བཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་། ། དངོས་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན།། བདག་མེད་ཆོས་ལས་ལེགས་བྱུང་བའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས ་བཅོམ་ལྡན་འདས་རིན་ཆེན་ཏོག་གིས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། དངོས་པོ་སྐྱེ་བ་མེད་པ་སྟེ།། དངོས་པོ་ངོ་བོ་ཡོད་མིན་པས།། ནམ་མཁའི་གོ་འཕང་ཐོབ་བོ་ཞེས།། དངོས་རྣམས་རབ་ཏུ་བརྗོད་པ་ཡིན།། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་དེ་བཞིརན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འདོགས་པ། ་བ། གཟོད་ནས་དག་ཅིང་རྙོག་པ་མེད།། སེམས་ཅན་མེད་ཅིང་སྲོག་ཀྱང་མེད།། སངས་རྒྱས་ཉིད་དང་བྱང་ཆུབ་མེད།། རྨི་ལམ་སྒྱུ་མ་ལྟར་སྣང་བའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་ཀྱིས ་གསུངས་སོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ ་བོབ་ནས་ངོ་མཚར་སྐྱེས་པར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག། ཀྱེ་མའོ་ཆོས་ནི་བསྟན་པ་རྣམས།། བདག་མེད་ཆོས་ལས་ལེགས་བྱུང་བ།། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལ། ་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡི།། མི་གཡོ་ཡི་གེ་ལས་བྱུང་ཞིང་།། རྨིལ་མ་ལ་སོགས་མ་སྐྱེས་པ།། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ།། གནས་དང་སྟན་ནི་རྣམ་བསམས་ཏེ།། སེམས་པའི་དཀྱིལ་མོ་བཀྲུང་བཅས་ནཔ།། དང་པོར ་རང་བཞིན་དག་གའོས། ། དག་པའི་ཆོས་ཀྱི་ཚུལ་ལ་གནས།། ཡིད་ཀྱིས་ཧཱུཾ་བྱས་རྡོ་རྗེ་ཅན།། རྡོ་རྗེ་སེམས་པས་བྱིན་གྱིས་བརྣབས།། རིན་ཆེན་ལུས་མུ་ང་རྒྱལ་བྱ།། ལག་པ་བསྟོད་དེ་བསྐོར་བ་ན།། ལྕགས་ཀྱུ་ཡིས་ནི་སྤྱད་ཡང་དང་།། ་བྱོར་ནས་དྲང་པོར་ཕྱོགས་བཅིང་སྟེ།། དམ་ཚིག་མཆོག་ཀྱང་དབུལ་བར་བྱ།། གདན་རྣམས་སོ་སོར་ཕུལ་ནས་སུ།། མཆོད་ཡོན་འབུལ་བའི་སྦྱོར་བ་བྱ།། དབང་བསྐུར་མཚོན་ཆ་གོ་ཆ་སོགས།། སིལ་སྙན་མཆོད་སོགས་ངོ་བོ་བྱ།། ་རྣམ་པ་ཀུན་གྱིས་མཉེས་བྱ་བ།། རྣལ་འབྱོར་བདག་ཉིད་ཅན་གྱིས་བདག། རྣལ་འབྱོར་ནམ་གསུམ་ཤེས་བྱ་སྟེ།། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་།། གཟུགས་ཉིད་ཡོངས་སུ་རྫོགས་པ་དག། རྣལ་འབྱོར་ཡིན་ཞེས ་སངས་རྒྱས་གསུངས། ། སྔགས་ཀྱི་བྱིན་བརླབས་ང་རྒྱལ་བསྐྱེད།། རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས།། བྱང་ཆུབ་སེམས་ནི་དག་པ་དང་།། གསང་སྔགས་ས་བོན་སྐྱེ་བ་ཆེ།། ཕྱག་རྒྱ་ཚོགས་སུ་བརྟག་པ་ཡི།། རིམ་གྱིས ་གཟུགས་ཀྱིས་རྫོགས་བྱ་བ། ། དེ་ནི་བརྟག་པས་བརྗོད་པ་སྟེ།། རྣལ་འབྱོར་ཆོ་ག་ཡིན་པར་གསུངས།། བསྡུ་དང་སྤྲོ་བར་བྱ་བ་ལས།། རྣམ་པའི་མཆོག་ཀུན་ལྡན་པ་དང་།། སྐད་ཅིག་ཡེ་ཤེས་ཀྱི་རྫོགས་པ།། རྫོགས་པའི་རྣལ་འབྱོར་ཞེས ་བརྗོད་དོ། ། དང་པོར་དམ་ཚིག་བྱིན་བརླབས་པར།། རྣལ་འབྱོར་རིག་པ་དག་གིས་བརྟག། རབ་ཏུ་རྫོགས་པར་བྱ་བ་དག། འདི་ནི་རྣལ་འབྱོར་ཚེ་གར་བཤད།། ཉོན་མོངས་དྲི་མར་བཅས་པའི་སེམས།། བྱང་ཆུབ་སེམས་ཀྱིས་དག་བྱ་སྟེ། ་དེ་ནི་རང་བཞིན་དག་པའོ་ཞེས།། བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར།། དག་གྱུར་དེ་ནས་བློ་ཡས་ནི།། སེམས་ལ་སོ་སོར་བརྟག་པར་བྱ།། སེམས་ལ་སོ་སོར་བརྟགས་ནས་ཀྱང་།། ཕྱི་རོ་ལ་རང་བཞིན་སྟོང་པར་བྱ། ་སེམས་ཙམ་ལ་ནི་གནས་ནས་སུ།། བྱང་ཆུབ་ཚོགས་ཀྱིས་བག་ཆགས་དེས།། བསྒོམ་པར་བྱ་བའི་རི་བོ་དག། ཟླ་བའི་གཟུགས་སུ་རྣམ་པར་བཏག། དག་པའི་བདམ་ལ་གནས་པ།། ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡི།། ཡན་ལག་ཀུན ་གྱི་མཚན་ཉིད་གཟུགས། ། རྡོ་རྗེ་སྐུ་ནི་བསྒོམ་པར་བྱ།། ཨཱཿཞེས་བྱ་བའི་སྤྲོས་མེད་གསུངས།། སེམས་ནི་ཧཱུཾ་ཞེས་བྱ་བར་སྤྲུལ།། ཡི་གེ་གསུམ་གྱིས་བྱིན་བརླབས་ལུས།། སྙིང་ལ་གནས་པ་ཟླ་བའི་གཟུགས།། དེ་ལ་རང་གི་ཡི་གེ་ན། ་མདོག་གཟུགས་འོད་ནི་བྱེད་བསམས་ཏེ།། ང་རྒྱལ་བསྐྱེད་ནས་དེ་ལ་ནི།། རྡོ་རྗེའི་བདག་ཉིད་བདག་ཉིད་བརྗོད།། རྒྱན་ཀུན་ཡོངས་སུ་རྫོགས་པ་དང་།། འོད་ཀྱི་དཀྱིལ་འཁོར་གྱི་བརྒྱན་པ།། ཆ་ཤས་ཀྱི་ནི་དྲ་བ་ཅན།། ཡེ་ཤེས ་སེམས་དཔའ་རྫོགས་པར་བརྟག། དེ་འོག་ལག་པའི་ཕྱག་རྒྱ་ཡིས།། གོ་ཆ་མཚོན་ཆ་ལ་སོགས་བྱ།། རྫོགས་སངས་རྒྱས་ལྔ་དབང་བསྐུར་ཏེ།། ཅོད་པན་ཕྲེང་བ་རྣམས་ཀྱིས་ཀླུབས།། དེ་ནས་དེ་འོག་སངས་རྒྱས་ཀྱི།། ་སྤྲུལ་པ་མཛད་པའི་སྒྱུ་མ་འཕྲོ།། ཡན་ལག་བཞི་པ་དཔུང་ལྡན་པའི།། ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་།། བསྙེམས་མ་དང་ནི་ཏོག་ལྡན་མ།། མཚོན་ཆམ་དང་རྩེད་མོ་ཅན།། སྒྱུ་མའི་ཆ་བྱད་རྣམ་པའོ།། རྣམ་པར་འཕྲུལ་པ ་བྱིན་གྱིས་བརླབ། ། ཀུན་ལ་ཁྱབ་པར་བྱེད་པ་ཡི།། སྣ་ཚོགས་དབུས་སུ་བཞག་ནས་ནི།། དེ་ཉིད་ཆེན་པོ་བདག་ཉིད་ལྔས།། ཕྱོགས་བཞི་འཁོར་ལ་ཁྱབ་བྱ་སྟེ།། དགའ་བས་དགའ་བྱེད་བཞི་ཡང་སྡེ།། ཏིང་འཛིན་ཀུན་གྱི་དགའ་བ་ལ།། ་འོས་པར་བྱེད་པའི་སྔགས་པ་ཡི།། འཁོར་ལོ་དང་ནི་རྡོ་རྗེའི་གཟུགས།། པད་མའི་གཟུགས་ལ་དེ་དག་ནི།། འཁོར་ལོ་ཀུན་ལ་པད་མ་ཡི།། ངོ་བོ་ཡིས་ནི་རོལ་པ་དང་།། ཨེ་ཞེས་བྱ་བ་འཕྲོ་བ་ལས།། མདོག་ལྡན་བདག་ཉིད ་གཟུགས་སུ་བྱ། ། མཛེས་པའི་བརྒྱན་རྣམས་ཀུར་ལྡན་པའི།། ཉིད་ཀྱི་ག་དན་ལ་བཞུགས་པར་ལྟ།། སྒེག་དང་གླ་དང་གར་རྣམས་དང་།། རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་།། སིལ་སྙན་མཆོད་པའི་རྣམ་པ་ནི།། སྣ་ཚོགས་རྣམས། ་ཀྱིས་མཆོད་པར་བྱ།། རྣམ་པ་ཀུན་དང་ལྡན་པར་ནི།། བདག་ཉིད་ཀྱི་ན་ལས་བསྒོམས་ནས།། སྦར་ཆེས་བྱ་བ་བྲལ་བ་དང་།། མོགས་ལ་གུག་སྐྱེད་ཉམས་པ་དང་།། རྟོག་པ་ངན་པ་རྣམ་པར་སྤངས།། དེ་ནས་གསང་སྔགས་བཟླས ་བརྗོར་བྱ། བཟླས་པས་སྐྱོན་ལག་གཡས་ཀྱིས།། བསྒྲིམས་ནས་རྡོ་རྗེགས་ནས་སུ།། གཡོན་པས་དྲིལ་བུ་ལ་གསིལ་ཞིང་།། དེ་ཛེ་ཀླུ་ཚུལ་སྣ་ཚོགས་དང་།། བདན་ཚུལ་དུ་བྱས་པས་མཆོད།། བཟླས་པ་ཡིས་ནི་འདུག་བརྟུལ་ནས། ་གཤེགས་སུ་གསོལ་དང་རང་ཉིད་འགྲུབ།། ལས་དང་ངག་དང་སེམས་བསྒོམས་ཏེ།། བརྟན་པོར་ཅི་བ་དེར་འགྲོ་བར་བྱ་ཁར་མང་དུ་ན་གྱུར་ན་ཡང་།། ཡི་གེ་བརྒྱ་པས་བྱིན་གྱིས་བརླས།། དེ་ལྟར་བསྒོམ་པས་སྐོམ་བྱེད་པ།། རྡོ་རྗེ་ཐེགས ་རབ་རྫོགས་པའི། ། བྱང་ཆུབ་དེས་ནི་མྱུར་ཐོབ་ནས།། ཟླ་ཉི་དཀྱིལ་འཁོར་ལྟ་བུར་སྣང་།། སྣ་ཚོགས་ལས་ཀྱི་ཐོག་འདྲེན་ཅིང་།། རིན་ཆེན་རྒྱལ་མཚན་རབ་དགའ་བྱེད།། རྒྱལ་བྱེད་པད་མའི་གདུང་རྒྱུད་ཅན།། གནས་ཆེན་འཇིག་རྟེན་དབང ་ཕྱག་འགྱུར། ། དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ།། དགའ་ཆེར་འདོད་དགུར་ལྕགས་ཀྱུར་འགྱུར།། སྒྱུ་མ་བཞི་པ་ཀུན་ཤེས་ཤིང་།། དྲག་པ་འཇོམ་བྱེད་ཁྲོ་བར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བྱང་ཆུབ་ཀྱི ་སེམས་བསྒོམ་པའི་ཡེ་ཤེས་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ། ། ། སྦྱིན་བསྲེག་དེ་ཉིད་ལ་གནས་པའི།། མེ་ནི་ལྷ་ཡི་ཞ་ལ་ཡིན་པས།། སྣ་ཚོགས་ལས་རྣམས་གྲུབ་བྱེད་པའི།། སྦྱིན་བསྲེག་ལས་ནི་རབ་ཏུ་བཤད།། ་བྱིན་བསྲེག་གིས་ནི་ལྷ་རྣམས་ཚིམ།། ཚིམ་པར་གྱུར་ན་དངོས་གྲུབ་སྟེར།། གསང་སྔགས་ལྷག་ཆད་གང་ཡིན་པ།། ཐམས་ཅད་སྦྱིན་པསྲེག་དག་གིས་བསྐོངས།། དེ་ཕྱིར་སྐུ་གསུམ་ཆོས་མཆོག་གིས།། སྦྱིན་བསྲེག་རབ་ཏུ་བསྔགས ་ཡང་ང་། ཆུབ་ཤིང་ལས་ནི་བྱུང་བའི་ས།། དགེ་བའི་རྣཾ་ལས་རྣམས་བྱེད།། གདོལ་པ་མ་དུར་ཁྲོད་བྱུང་བ་ཡི། མ་ནི་ལུས་རྣམས་རབ་ཏུ་བཟླག། ཐ་ཁུང་ཟླུམ་པོ་ན་ནི་དང་།། ཟགས་དང་ནི་ཆུང་གསུ་དང་། ་དཀྱིལ་འཁོར་གྱི་ནི་འཁྱོར་ལ།། རྡོ་རྗེམ་ཚན་བདག་གིས་བརྒྱན། བྱིན་བསྲེག་དེ་ཉྀད་ཚུལ་རིག་པས།། ཐ་འང་རྣམས་ཀྱི་བྲས་སུ་ནི།། པད་མའི་སྟེང་གདས་གཙུག་ང་།། རྡོ་རྗེ་ཛིན་ཆེན་པདམ་པཞག། ཀ་དམིགས་པས ་བདུགས་ནས་སུ། ། ལག་གཉིས་པུས་མོའི་བར་བཞག་སྟེ།། དགང་བཟང་བར་གྱིས་བཀང་ནས་ནི།། ཟུག་གཟར་བཀང་སྟེ་དེ་བཞིན་བསྲེག། སྦྱིན་བསྲེག་ལ་དགོས་གཡས་སུ་བཞག། གཡོན་དུ་ཆུ་ཡི་སྦེད་དགོད་དོ།། ལས་ཀུན་བྱེད ་པས་བཟླས་ནས། ། གསང་གཏོར་དང་ནི་ཐོར་འཐུང་བྱ།། ཀུ་ཤ་རྩེ་མོ་ནོན་པོ་ཡིས།། ཐབ་ཁུར་ཁོར་ཡུག་བསྐོར་བར་བྱ།། མེ་ནི་འབར་བར་ཤེས་པ་དང་།། གཡས་པ་མི་འཇིགས་ཐོ་བ་སྤྱོད་ཅིང་།། གསང་སྔགས་འདིས་ནི་ཚིག་བཞིན།། ་མེ་ཡི་ལྷ་ནི་སྤྱན་དྲང་ངོ་།། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ།། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག། བསྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི་བཞུགས་སུ་གསོལ།། ཨོཾ་ཨ་ག~ཾ་ནེ་ཡེ་ཨཱ་དཱི་བྱ་ཡཱ་བཱི་ཤེ་བ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧཱ ་ཋཀཿ3། ནཱ་ཡ་སྭཱ་ཧཱ།། ཕྱག་གཡོན་རྡོ་རྗེ་བསང་གཏོར་ཏེ།། མཆོད་ཡོན་མཆོད་པ་རྣམ་ལྔ་ཕུལ།། མེ་ཡི་ཕྱོགས་ནས་བོད་པ་ནི།། གསུམ་པོ་ཆེ་ལ་མིག་གསུམ་པ།། གདོང་བཞི་པ་ལ་ལག་བཞིར་ལྡན།། མདོག་དམར་རལ་པའི་ཐོར་ཚུགས ་ཅན། ། མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་།། ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན།། ལག་པ་དང་པོ་མཆོག་སྦྱིན་ལ།། གཉིས་པ་ན་ནི་སྔགས་ནོར་ཕྲེང་།། གཡོན་པ་རིལ་པ་སྤྱི་ཐུགས་ཏེ།། གཉིས་པ་ན་ནི་བེ་ཅོན་ཉིད།། མདོག་དམར། ་རྒྱན་ནི་མེད་པ་ལ།། དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ།། འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་།། ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ།། དེ་ལ་སྦྱིན་བསྲེག་ལ་དགོས་པས།། ཀུན་ལ་ལན་གསུམ་བསྲེག་བླུགས་དབུལ། ་དེ་ནས་ཐོར་འཐུང་བྱས་ནས་སུ།། འབར་བའི་རྣམ་པར་བསྒྱུར་བར་བྱ།། རིམ་པ་འདི་ཡིས་ཚུལ་གྱིས་ནི།། མཁས་པས་ལྷ་རྣམས་ཚིམ་པར་བྱ།། ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ།། འདོད་པའི་དངོས་གྲུབ་གསོལ་བ་གང་ག།། ཁུབ ་བརྒྱལ་མཚན་རྡོ་རྗེ་གདུགས། ། པད་མའི་ལྕགས་ཀྱུའི་རྣམ་པ་དང་།། མེ་ལྕེ་མདོག་དཀར་སྣང་བ་དང་།། འཁྱིལ་བའི་མཚན་མས་མཁའ་ལས་བརྟག། དེ་ནི་མྱུ་རུ་འབྱུང་འགྱུར་བ།། བསྒོམ་དང་བཟླས་ལ་འབད་པར་བྱ།། ཞི་དང་རྒྱས་དང ་དབང་ལ་ནི། ། མི་ཞེས་པ་དང་སྭཱ་ཧཱ་མཐར།། དབྱངས་ཀྱི་རྒྱུད་ནི་བསྲིང་བ་ནི།། བར་ཆད་མེད་པའི་དབྱངས་ཀྱིས་སྦྱར།། ཞི་བའི་སེམས་ནི་ཞི་བལ།། འབྱོར་བས་རྒྱས་པ་མངོན་པར་སྤེལ།། དྲེགས་པདེ་བ་ཚུལ་བཅས་པ་དང་། དབང་དུ ་གྱུར་པས་དབང་དུ་བྱའོ། ། དྲག་ཤུལ་སྤྱོད་ཚུལ་ལ་གནས་པ།། ཧཱུཾ་ཞེས་པ་དང་བཊ་དང་བཅས།། ལུས་ནི་མེ་ལྕེ་འབར་བ་དང་།། འཇིག་རྟེན་གསུམ་པོ་བཟར་བསམས་ནས།། བསྐུལ་བའི་ཚིག་དང་སྤེལ་བ་ཡི།། གསང་སྔགས་ཡི ་རིམ་པར་སྦྱོར། ། སྔགས་གྲུབ་ཆོག་ཤེས་པ་ཡིས།། སྦྱིན་པསྲེག་ཆོ་ག་ཐམས་ཅད་ལ།། སྣ་ཚོགས་ལས་དང་ལྡན་པ་ཡི།། ཡང་དག་ཡིན་པ་མཆོད་པར་བྱ།། སྦྱིན་བསྲེག་དེ་ཉིད་ལ་བསྐུལ་ཞིང་།། དང་པོར་དགང་ཐུགས་པ་སྲེག་ཅིང་དབུལ།། ་བྱིས་ནི་རིམ་བཞིན་རྣམ་པར་སྤེལ།། ཞི་དང་རྒྱས་དང་དབང་རྣམས་ལ།། དགེ་བའི་རྫས་རྣམས་སྦྱིན་པསྲེག་བྱ།། བཤང་གཅི་ཁྲག་རྐང་རུས་པ་དང་།། ཤ་ཚོན་དག་ཀྱང་སྦྱིན་བསྲེག་བྱ།། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ།། མི་གཙང ་པ་ཡིས་བཀང་ནགོ། ། ཅི་ལྟར་སྡིག་པ་སྐྱེ་མི་འགྱུར།། གལ་ཏེ་སྡིག་འགྱུར་འབྲས་བུ་གང་།། སེམས་ཅན་མི་ཤེས་པས་རྨོངས་པ།། ཐབས་དང་ཤེས་རབ་ནམ་ཐས་ཤིང།། ཕྱི་རོལ་དངོས་ལ་མངོན་ཞེན་པ།། རྣམ་རྟོགས་དྲབས་བླུགས ་བྱས་གང་། ། དེ་དག་གིས་ནི་དགེ་སྡིག་གི། ཕུང་པོ་གཉིས་སུ་རྣམ་པར་བརྟགས།། ཆོས་འདི་རང་བཞིན་གྱིས་དག་སྟེ།། སྐྱེ་བ་མེད་ཅིང་གནས་མེད་ཀྱང་།། སེམས་ཅན་ཤེས་པ་སྤེལ་བའི་ཕྱིར།། སངས་རྒྱས་རྣམས་ཀྱིས་ཐབས་སུ་བསྟེན།། ་ངས་པའི་དོན་དུ་དགེ་སྤངས་ནས།། བསོད་ནམས་མིན་པ་ཅི་ཞིག་སྨོས།། དཔེར་ན་མི་གང་ཆུ་ཀླུང་གིས།། ཕ་རོལ་འགྲོ་བའི་སེམས་ཅན་དག། རྩ་དང་ཤིང་ལས་སོགས་བསྡུས་ནས།། ཆུ་ལ་རྒལ་བའི་བཟིངས་བྱས་ཏེ། ་ལས་འཇུག་ཏེ་ལེགས་བརྒལ་ནས། བོར་ཏེ་བདེ་བར་འགྲོ་བ་ལྟར།། དེ་བཞིན་འཁོར་བའི་ཕ་རོལ་གྱི།། ཆོས་ཀྱི་ས་ལམ་ནི་བསྐྱེས་བྱས་ཀྱང་།། ཆོས་དང་ཆོས་མིན་རྣམས་སྤངས་ནས།། བྱང་ཆུབ་བདེ་བ་ཐོབ་པ་ནི།། དེ་ཕྱིར་རྣམ ་ཏོག་རྣམ་སྤངས་ལ། ། ཟབ་མོ་ཡི་ནི་ཆོས་སྤེལ་ཏེ།། དེ་བཞིན་གཤེགས་པས་གསུངས་རྣམས་ལ།། སྔགས་རིག་རྣམ་རྟོག་མ་བྱེད་ཅིག། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ།། འཁོར་བའི་རྒྱ་མཚོར་ལྟུབ་བྱེད་པས།། ནམ་མཁའ་ལྟ་བུར ་དྲི་མེད་པའི་རྣམ་པར་པི་རྟོག་ཏིང་འཛིན་གནས། ། དབང་པོ་གཉིས་ནི་མཉམ་སྦྱོར་ཏེ།། ལུས་དང་ངག་དང་སེམས་བསྡུས་ནས།། ངའོ་སྙམ་པས་གཟི་བསྐྱེད་ལུས།། རྣམ་པ་ཀུན་གྱི་རྣམ་བརྒྱན་ན།། རལ་འབྱོར་ལྡན་པས་ཚེ་འདི་ལ།། ་ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར།། ལས་ལས་བྱུང་བར་བསྟན་པ་ཡི།། སྐྱེས་པ་བུད་མེད་གཟུགས་མང་ལ།། མཉེས་པ་ཉིད་དུ་མི་བྱ་འདི། རྡོ་རྗེ་ལུས་ཅན་དམ་ཚིག་ཡིན།། ངན་ཏོག་བཟང་ཏོག་དྲ་བ་ཡི།། སེམས་ཀྱིས་སེམས ་ཅན་རྣམས་ལ་ནི། ། སྣ་ཚོགས་གདུང་བས་སུན་མི་འབྱུང་།། རྡོ་རྗེ་དང་ལྡན་དམ་ཚིག་ཡིན།། སྲེད་པས་བསྐྱེད་ནུབ་ཕྲ་མ་ཡི།། ཚིག་དག་རྣམ་པར་མི་ཟླ་ཞིང་།། མཉན་ན་བདེ་བ་བྱེད་པ་འདི།། རྡོ་རྗེ་ངག་ཅན་དམ་ཚིག་ཡིན།། རྣམ ་པར་སྣང་མཛད་ཆེན་འཁྲུག་མཆོག། ཤ་ཡི་ཁམས་ལ་གནས་པ་ཡིན།། རྐང་ལ་མི་འཁྲུགས་རྒྱས་པ་སྟེ།། ཁྲག་ལ་རིན་ཆེན་འབྱུང་བ་གཙོ།། སེམས་ཅན་རྣམས་ཀྱིས་རུས་ཕུང་གི། རུས་གོང་ལ་ནི་འོད་དཔག་མེད།། རྩཝ ་ཚོགས་རྣམས་རྣམ་འབྲེལ་ལ། ། ཐུབ་པ་སྐྱེས་མཆོག་དོན་ཡོད་ལ།། དམ་ཚིག་ཤེས་པ་རྣམས་ལ་ནི།། གསང་ཆེན་པ་ཡིས་བསྟན་པ་འདི།། བློ་ལྡན་རྡོ་རྗེ་རྣམས་ཀྱིས་ནི།། རྟག་ཏུ་བརྟེན་ཅིང་བསྒོམ་པར་བྱ།། འདོད་ཆགས་དེ་བཞིན་གཏི་རུས ་རྨོངས། སྲེད་དང་འདུ་བྱེད་རྣམ་སལ་བའི།། ཆོས་ནི་རྔམ་པ་ལྔ་པོ་འདི།། ཐུབ་སྐྱེས་མཆོག་རྣམས་ཀྱིས་གསུངས།། བཤད་ག་ཅི་ཁུ་ཆུ་མཆིལ་མ་ཁྲག། འཛག་པ་འབྱུང་བ་བཞིས་བསྡུས་པ།། བསྒོམ་པའི་བློ་གྲོས་རྟོགས་པ ་ཡིས། དམ་ཚིག་བརྟན་པར་བྱ་བ་སྟེ།། རྟག་ཏུ་བཟའ་ཞིང་སྦྱིན་པར་བྱ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སྦྱིན་པ་སྲེག་གིས་ལེའུ་སྟེ་བདུན་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། འགྲོབ་མི་ཤེས་དུ ་བསལ་ཕྱིར། ། ཡེ་ཤེས་ཉི་མ་ཤར་བ་ལས།། དགེག་བུ་མུན་པ་བསལ་ཚུལ་གསུངས།། གཤིན་རྗེ་གཤེད་ལས་སོགས་པ་ཡི།། མདོག་དང་ཕྱག་མཚན་ལས་སོགས་པ།། དེ་ཀུན་སྔོན་དུ་རྒྱས་པ་རུ།། བྱེ་བྲག་གིས་ནི་རྒྱས་པར ་བསན། དེ་རི་ལས་ཀྱིས་ཁྱད་པར་གྱི།། དབང་དུ་བྱས་པ་ཁྲོ་བ་ཆགས།། གཞན་དུ་མ་གསུངས་གང་ཡིན་པ།། དེ་དག་འདི་རུ་བཤད་པར་བྱ།། བྲྀ་གྱི་ཡེ་ཤེས་ལས་བྱུང་བ།། གཙུག་གཏོར་གཟི་བརྗིད་པུང་པོ་སྟེ།། ཞལ་གསུམ་སེར་བྱ། ་མདངས་དང་ལྡན།། ཕྱག་དྲུག་ཉི་མ་ལས་སོགས་པ།། འཛིན་ཅིང་དཀྱིལ་མོ་བཀྲུང་བཅས་པ།། རལ་པའི་གཙུག་ཏོར་གྱིས་བརྒྱན་ཅིང་།། འཇིག་རྟེན་ཁམས་ཀུན་འཁྲུག་བྱེད་པའི།། གཟུགས་ཀྱི་འབྲོས་པས་ནམ་མཁའི ་གར། ། རིག་མས་སཱ་ལ་རབ་མཁྱུད་པས།། ཆགས་ཕྱིར་སྤྲོ་བའི་རྩོལ་བ་ཅན།། འདི་འདྲ་སྒོམ་པར་བྱེད་པ་ལ།། བགེགས་ཀྱི་གནོད་པ་ཡོད་མི་དགོས།། སྐྱོན་མེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡང་ནི་བུམ་གྱི་ཡེ་ཤེས་ལས ་བྱུང་བ་སྔགས་ཀྱི་འཁོར་ལོ་ཅན། ། ཞལ་གསུམ་གསེར་འདྲ་མདངས་པོ་ཆེ།། ཕྱག་དྲུག་འཁོར་ལོ་ལས་སོགས་པ།། རོལ་པའི་གཙུག་ཏོར་གྱིས་བརྒྱན་པ།། འཛིན་ཅིང་སྟག་གིས་སྨད་གཡོགས་ཏེ།། ཐོད་པའི་ཕྲེང་བས ་སྐུ་ལ་བརྒྱན། ། རིག་མ་དང་ལྡན་ཆགས་པའོ།། འཇོལ་སྒེག་ཉམས་ཀྱི་སྦྱོར་བ་མཛད།། འདི་བསྒོམ་སྤྲོ་བར་བྱེད་པ་ལ།། ཉིན་དང་མཚན་དུ་རྡོ་རྗེ་སེམས།། འཁོར་བཅས་གནས་སུ་བྱོན་ནས་སུ་རྟག་ཏུ་སྲུང་བ་ཉིད་དབྱེས ་བཀའ་བཞིན་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་བཞིན་བྲུཾ་ཀྱི་ཡེ་ཤེས་ལས།། བྱུང་བའི་ཁྲོ་བོ་གཙུག་ཏོར་རྒྱལ།། ཞལ་གསུམ་སེར་པོ་མདངས་ལྡན་པ།། ཕྱག་དྲུག་ལྕག་པ་ཀྱུ་ལ་སོགས་པ།། འཛིན་ཅིང་སྦྲུལ ་གྱིས་ཡང་དག་བརྒྱན། ། འོག་ཏུ་བགེགས་ཀྱི་གཅོམ་ནན་ནས།། གད་མོའི་སྒྲས་ནི་འདེབས་པར་བྱེད།། རལ་པའི་གཙུག་གཏོར་གྱིས་བརྒྱན་པ།། ཁྲོ་བོ་འདི་འདྲ་སྒོམ་བྱེད་པའི།། རྣལ་འབྱོར་གང་ལ་སངས་རྒྱས་ཀྱི།། སྤྲུལ་པའི་བོགགས ་ཀྱང་རླག་བྱེད་ན། ། གཞན་མ་རྣམས་ནི་སྤོས་ཅི་དགོས།། སྙིང་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྲུཾ་ལས་ཡང་ནི་བྱུང་བ་ཡི།། གཙུག་ཏོར་དམ་ཚིག་ཅོད་པན་ཅན།། ཞལ་གསུམ་གསེར་རྐུན་མདངས་ལྡན་པ།། ཕྱག་དྲུག་ཀ ་པཱ་ལས་སོགས་པ། ། འཛིན་ཅིང་སྣ་ཚོགས་རབ་ཏུ་འབར།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ཞབས་རྣམ་སྦྱར་ཞིང་རྣམ་པར་འཕེན།། སྤྲོ་དང་བསྡུ་བའི་བློ་གྲོས་ཅན།། འདི་འདྲ་གང་ཞིག་བསྒོམ་པ་ལ།། བི་ན་ཡ་ཀ་པཱ་ལ་སོགས་པའི ་བགེགས་ཀྱིས་སྐབས་ནི་མི་རྙེད་ཕྱིར། ། ཇི་བཞིན་རབ་ཏུ་བསྒོམ་པར་བྱ།། གཞན་གྱིས་མི་ཐུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ།། ཟླ་གི་ཡི་གེ་ལས་ཀྱང་བྱུང་།། མིང་གི་གཙུག་ཏོར་རྣམ་པར་མཐོར།། ཞལ་གསུམ་གསེར་ནི་གཙེམ་འདྲ།། ་ཕྱག་དྲུག་ཏྲི་ཤུ་ལས་སོགས་པ།། འཛིན་ཅིང་སྲོག་སོང་སྟེང་ན་གནས།། རོལ་པའི་སྟོབས་ཀྱིས་བགེགས་མཆུ་བཅིངས།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། སངས་རྒྱས་སྤྲིན་ནི་སྤྲོ་བའོ།། གང་ཞིག་དེ་འདྲ་སྒོམ་བྱེད་པའི།། རྣལ་འབྱོར། ་དེ་ཡིས་གོ་ཆ་བགོས།། ཕྲ་བའི་དང་ཚུལ་ཅན་ཡིན་པས།། བགེགས་ལུས་གང་གིས་མི་གཡོའོ།། བགེགས་ལས་རྒྱལ་བ་རྡོ་རྗེ་ཞེས་བྱ་བའི་ཏི་ངེ་འཛིན་ཏོ།། བྲུཾ་གྱི་ཡེ་ཤེས་མཐུ་ལས་བྱུང་།། གཙུག་ཏོར་རྣམ་པར་འཇོམས་པའི ་མཆོག། ཞལ་གསུམ་གསེར་འདྲའི་ཉི་འོད་མཚུངས།། ཕྱག་དྲུག་རྡོ་རྗེ་ལ་སོགས་པ།། འཛིན་མཛད་ཚེམས་ཀྱིས་སྦོམ་མནན་ཏེ།། ཆགས་ལྡན་རིག་མས་འཁྱུད་པའོ།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ཁྲག་ཅན་ལྗགས་ཀྱང ་འདྲིལ་བ་སྟེ། ། བླ་མེད་བྱང་ཆུབ་ཐོབ་འདོད་པ།། འདི་འདྲ་སྒོམ་པར་བྱེད་པ་ལ།། བསྐལ་པ་བརྒྱད་བཅུའི་བར་དུ་ཡང་།། བགེགས་ཀྱི་གནོད་པ་ཡང་མི་འོང་།། བགེགས་ཀྱི་སྟོང་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡང་ནི་དྲི ་ཡེ་ཤེས་ལས། ། ཡང་དག་བྱུང་བའི་སྐབས་དཀར་གོ།། ཞལ་གསུམ་གསེར་ཞུན་ལྟ་བུར་གནས།། ཕྱག་དྲུག་གདུགས་ལ་སོགས་འཛིན་ཅིང་།། སྐྱབས་མེད་འཕོངས་པའི་སྐྱབས་མཛད་ཅིང་།། མ་ནིང་རྣམས་དང་ཟ་མ་ལ།། བུ་ནི་སྦྱིན་པར་བྱེད་པ་གོ།། ་རལ་པའི་གཙུག་ཏོར་གྱི་བརྒྱན་པ།། རེག་མ་དང་ལྡན་པ་ཆེན་འདི།། རྣལ་འབྱོར་གང་གིས་སྒོམ་བྱེད་ཅིང་།། བཟླས་བརྩེ་གཅིག་ཏུ་བྱེད་ན།། བགེགས་ཀྱི་གནོད་པས་དམི་རྫི།། རིན་ཆེན་གྱི་སྐྱབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། རྣལ ་འབྱོར་ཁྱད་པར་ཅན་གྱིས་ནི། ། འདི་རྣམས་བྱང་ཆུབ་བསྲུང་བའི་ཕྱིར།། འཁོར་ལོ་གཙོ་བོར་རབ་བསྒོམས་ན།། ནང་གི་བགེགས་ཀྱིས་ཡོང་མི་ཚུགས།། བྱང་ཆུབ་སྙིང་པོ་དོན་གཉེར་བས།། འདི་འདྲའི་འཁོར་ལོ་ཅན་བསྒོམས་ན།། བསྒྲིམས ་ནས་རྣལ་འབྱོར་བསྒོམས་པ་ཡིས། ། རིང་པོ་མ་ཐོགས་འདོད་པ་འཐོབ།། དཔལ་རྡོ་རྗེ་སྙིང་པོ་བརྒྱད་གྱི་རྒྱུད་ལས་བྱང་ཆུབ་ཀྱི་སྙིང་པོ་བརྒྱན་གཙུག་ཏོར་འབྱུང་བའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མ ་ཐམས་ཅད་འདུས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། འདི་ཡི་དཔལ་ནི་གང་ཞིག་ལགས།། རྡོ་རྗེ་དང་ནི་སྙིང་པོ་དང་།། དེ་བཞིན་རྒྱན་གྱི་དོན་ནི ་ཀྱེ་ཧེ་མཆོག་དེ་བསྟན་དུ་གསོལ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་ནི་ཐུན་མོངས་མ་ཡིན་པའི།། གསང་བའི་རྒྱུད་དུ་རབ་སྨྲས་པ།། ཇི་བཞིན ་གནས་པའི་དེ་ཁོ་ར། ། ཡང་དག་བསྟན་གྱིས་རྩེ་གཅིག་ཉོན།། ལུས་ངག་ཡིད་གསུམ་བདེ་དམ་པས།། ལྷ་མོ་ལས་ནི་བསྐྱོད་བྱ་སྟེ།། བྱང་ཆུབ་ཆེན་པོ་བདེ་བ་ཡིས།། ཚུལ་བཞིན་དུ་ནི་སྔགས་པས་བྱ།། བསྐུལ་བའི་སྙིང་པོས་འདི་སྨྲ་སྟེ། ་སཱིའི་ས་ས་ཅིག་སྐད་ཅིག་དུ།། རང་གི་གནས་ན་གནས་པ་ཡིན།། དེ་ཉིད་དུ་ཉིད་བརྩེར་བ་རུ།། བཅུ་དྲུག་ཆ་དང་ཡང་དག་ལྡན།། ཟླ་བ་གསང་བའི་ཐིགེ་ལེ་ལ།། མེ་ཏོག་དང་ནི་འདྲ་བ་ཉིད།། རླུང་གིས་ཕུལ་བས་བསྟོད་པར་བྱ།། དེ་བཞིན ་བསྐོར་བས་བསྐབས་པར་བྱ། ། དེ་བཞིན་དུ་ཡང་བསྐུལ་བྱ་བ།། རྒྱུད་ཀྱི་ཕྲེང་ནི་འོད་གསལ་བཞིན།། སྟེང་དང་མདུན་དུ་རྒྱ་གཉིས་ལས།། བན་དྲུག་གནས་སུ་ཡང་དག་གནས།། དེ་ལས་སྙིང་དབུས་རབ་ཞུགས་ཏེ།། རླུང་གི་སྦྱོར་བས་ཕུལ་བྱས ་པས། སྟེང་དང་མདོག་རབ་མཛེས་རྫོགས་སྐུ།། བདག་གི་དཔལ་དུ་ཤེས་པར་བྱ།། དེ་ལས་བྱུང་བའི་དངོས་གྲུབ་ཆེ།། ནོར་བུ་ལ་གནས་རྟོག་བྲལ་བ།། ཐིག་ལེ་ཡིག་མེད་བསྡུས་པའི་སྐུ།། ལྷན་ཅིག་སྐྱེས་པར་ཤེས་པར་བྱ།། དེ་ལ་དེ་ཡི་གཟུག ་ཀྱི་སྐུ། ། ནམ་མཁའི་ཁམས་ཀུན་གདབ་ཡི།། བྲལ་བའི་ཤེས་པས་དོན་བྱེད་པ།། གཞན་གྱི་དཔལ་དུ་ཤེས་པར་བྱ།། དེ་རྣམས་རྒྱུ་ལས་བྱུང་བ་ཡི།། ཡེ་ཤེས་ཤེས་རབ་ཤིན་དུ་གསང་།། གསང་བ་རྣམ་པར་འགྲུབ་པ་ཡི།། རྡོ་རྗེ་སྙིང་པོའི ་རྒྱན་ཞེས་བྱ། ། ལྷ་མོ་ལས་བྱུང་བ་དེ་དང་ལྡར།། འཇའ་ཚོན་ལྟར་གསལ་རྒྱུད་དག་པ།། སྣང་བའི་པུ་དེ་མི་ཤིགས་པ།། རྡོ་རྗེ་དེ་ཡིས་ཡང་དག་བསྒྲགས།། སྡང་ཞིང་སྲིད་པའི་ཆོས་རྣམས་ཀུན།། བསྡུས་ཕྱིར་བརྩེགས་པའི་བུདས་པ། ག་ཇིར་། ་ཏྭཱ་ད་དུས་མི་གནས་པ།། འབྱུང་ཕྱིར་སྙིང་པོ་ཞེས་སུ་བསྒྲགས།། དག་དང་མ་དག་ཐམས་ཅད་ལ།། འཁོར་བ་ཇི་སྲིད་པར་སྣང་བ།། གཉིས་ཀ་མཛེས་པར་བྱེད་པས་ན།། རྒྱན་དུ་ཡང་དག་བསྒྲགས་པ་ཡི།། དཔལ་དང་རྡོ་རྗེ་སྙིང་པོ་དང་། ་རྒྱན་ཞེས་བྱ་བ་བཞི་པོ་ནི།། འབྲེལ་ཅིང་གྲུབ་པར་བྱེད་པའི་ཕྱིར།། རྒྱུད་ཅེས་བྱ་བར་བཤད་པའོ།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། བཞི་སྟོང་གི་ནི་གྲངས་སྙེད་ཀྱི།། མཚན་གྱི་དོན་ནི་འདི་དོན་དུ།། ཡང་དག་འདུས་པར་ངས་བཤད་དོ།། གཞན ་དུ་དོན་ནིམ་བསྒྲགས་པ། ། བླ་མ་ལ་ནི་གུས་པ་ཡི།། སློབ་མ་ལ་ནམ་རྟོགས་པའི།། རྒྱུད་གཞན་དག་ཏུ་སྦས་པའོ།། དོན་འདི་ཡང་དག་པ་ཤེས་ན།། ཇེ་སྙེད་དོན་ནི་བསམ་ཡས་པ།། ཤེས་ཀྱང་དེ་ཡི་འབྲས་བུ་མེད།། དེ་འདོད་སཏས ་བྱས་ཡང་དག་བླང་། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཡེ་ཤེས་གསུམ་གྱི་མཚན་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །། རྟག་པར་མི་ཕྱོགས་སྨྲ་བ་དང་།། བླ་མ་སྨོད་བྱེད་བརྩོན་པ་ལ།། དམ་ཚིག་ཕྱིར་ནི་ཡོངས ་བསྐལ་བྱ། ། དེ་ཡི་ཤ་ཁྲག་གྲང་པ་ནམས།། དྲངས་ཏེ་ཚོགས་ཀྱི་སྟོན་མོ་བྱ།། དེ་ལྟར་མ་བྱས་སྡུག་བསྔལ་ཚོགས།། གཏི་མུག་ཅན་དེས་ཐོབ་པར་འགྱུར།། ནད་ཐམས་ཅད་དང་ཁྲོས་ཆེན་དང་།། འཇིགས་དང་ཉེ་བར་འཚོ་བ་ཡི།། བརྐ ་པ་གྲངས་མེད་བྱེད་པ་རུ། ། སྡུག་བསྔལ་ཆེན་པོར་རབ་སྙེད་ཅིང་།། འོ་དོད་འབོད་པས་སྦྲུལ་གྱི་བརྒྱན།། བསྟིར་མེད་ཆེན་པོར་རྟག་པར་འགྲོ།། དེ་བས་ལས་འདིས་རྒྱས་གདབ་བོ།། གདག་ཉིད་རྡོར་རྗེ་མཁའ་འགྲོ་ཡི།། ཁྲོ་བོ་གཟུགས ་ཞིང་གྱུར་ནས། ། ཨུད་དཔལ་མཐིང་ཁ་འདྲ་བ་ཡི།། ཞལ་གསུམ་བལ་ཕྱག་དྲུག་པ།། རྡོ་རྗེ་ཏྲི་ཤུལ་ཕུར་བུ་དང་།། ཐོད་པགྲི་གུག་འཁོར་ལོ་འཛིན།། མི་སྡུག་ཁྲོས་བ་ལྕེ་ལྔ་པ།། བསམས་ནས་དེ་འོག་ནམ་མཁའ་ལ།། བསྒྲུབ་བྱ ་རྒྱས་པར་དམིགས་ནས་སུ། ། རྡོ་རྗེ་ཕུར་པ་ལས་སོགས་པ།། སེམས་ཅན་དཀྱིལ་འཁོར་གནས་པ་ལས།། སྒྲུབ་པོས་དེ་ཡི་ཉེས་པ་བསྒོ།། དེ་ནས་ཕྱག་མཚན་ཏྲི་ཤུལ་དང་།། པུར་བུ་དྲག་པོ་མཆོག་དག་གིས།། མགོ་དང་སྙིང་ཁཾ་ལྟེ ་ངག། ། རྐང་པ་གཉིས་དང་ལག་པ་ཡི།། གནས་ལྔ་རབ་ཏུ་ཕུག་བྱ་སྟེ།། ལྕེ་ལྔའི་འོད་ཟེར་ལྔ་པོ་ཡིས།། སྲིན་བུ་འཛའ་ལུ་ཀ་བཞིན་དུ།། ཁྲག་ཀུན་སྔགས་ཀྱིས་དྲངས་ནས་སུ།། ཐོད་པར་ཕབ་ནས་བཏུང་བར་བྱ།། དེ་བཞིན་ཤ་རྣམས ་ཡང་བསྡུས་ནས། ། བཟའ་བ་རུ་ནི་རབ་ཏུ་རྟག།། རུས་པ་རྣམས་ཀྱང་འཚོས་བྱས་ནས།། ཤེས་པ་རྡོ་རྗེ་པད་མར་སྦྱར།། འདི་ནི་དོན་བསྒྲུབ་རབ་བྱེད་པས།། ཟླ་བ་ཕྱེད་ནི་ཚུན་ཚད་ཀྱིས།། རྡོ་རྗེ་འཛིན་པ་ཆེན་པོ་ཡང་།། འཆི་བར་འགྱུར་བར ་གདོན་མི་ཟ། ། རྡོ་རྗེ་གསང་བ་འདི་ལྟ་བུ།། བསྒྲུབ་བྱ་ལེགས་པར་བསྒྲུབ་བྱས་ནས།། ལས་ངན་དག་གིས་དེ་མི་འཁོལ།། སངས་རྒྱས་སུ་ནི་སྐྱེ་བར་འགྱུར།། རྣལ་འབྱོར་དེ་ཡང་དེ་ཡིསེ་མཐུས།། ཁྲོ་བོ་མཁས་འགྲོ་ཞེས་འགྱུར་ཏེ།། ཁམ ་གསུམ་གསང་དང་གསོ་བ་དང་། ། སེམས་ཀྱི་རྡོ་རྗེ་བརྟན་བྱས་ནས།། སྐད་ཅིག་ཙམ་དུ་བྱེད་པར་འགྱུར།། གསལ་བར་ནུས་པ་གདོན་མིཟ།། དཔལ་རྡོ་རྗེ་སྙིང་པོ་བརྒྱན་དྲི་ལས་རྡོ་རྗེ་མཁའ་འགྲོ་ཁྲ་བའི་སྦྱོར་བས་དགྲ ་བསང་བའི་ལེའུ་སྟེ་བཅུ་པའོ། ། ། དེ་ནས་གཞན་ཡང་བཤད་བྱ་བ།། འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད།། གང་གིས་ལེགས་པར་ཤེས་ན་ནི།། ཚེ་འདིས་དངོས་དྲུབ་སྦྱིན་པར་བཤད།། གསང་བ་འདུས་པ་སྟོང་ཕྲག ་གཅིག། རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ།། དགོངས་པ་ལུང་སྟོན་སྟོང་ཕྲག་བཞི།། ལྷ་མོ་བཞིས་ཞུས་བརྒྱ་བདུན་བཅུ།། ཨུ་དར་ཏན་ཏ་ཉིས་བརྒྱ་བརྒྱད།། དེ་ཡི་ཉེ་བར་བཤད་པའི་རྒྱུད།། དམ་ཚིག་ཆེན་པོ་ལྔ་བཅུ་ལྔ།། རྡོ་རྗེ་ལྔ་འདུས ་སྟོང་ཕྲག་གཅིག། ཀུན་ལས་བཏུས་པ་འབུམ་ཕྲག་གཅིག། མཉམ་ཉིད་རྣམ་རྒྱལ་ནས་བརྒྱ་བཅུ།། བླ་གསང་ཐིག་ལེ་སྟོང་བདུན་པ་རྒྱ། རྡོ་རྗེས་འོག་བརྒྱ་ཉི་ཤུ།། ཅོད་པན་རྡོ་རྗེ་བདུན་རྒྱ་ལྔ།། ཁྲོ་ཊ་ཐིག་ལེ་འབུམ་ཕྲག་ལྔ།། རྡོ་རྗེ་རྣམ་རྒྱལ ་བརྒྱ་དགུ་བརྒྱ། ། མཉམ་ཉིད་གསང་བ་སྟོང་ཕྲག་ལྔ།། རྡོ་རྗེ་གས་རྒྱན་སྟོང་ཕྲག་ལྔ།། རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན།། ནོར་བུ་གསང་ཐིག་འབུམ་ཕྲག་ཅིག། སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ།། རྡོ་རྗེ་གསང་བརྒྱན་སྟོང་ཕྲག། ་གཅིག། རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ།། དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན།། དམ་ཚིག་མངོན་བརྒྱན་སྟོང་ཕྲག་འབུམ།། འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག། གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ།། རིན་ཆེན་སྡོང་པོ་དགུ་བརྒྱ་བདུན།། ་བས་ཀྱི་ཐིག་ལེ་བརྒྱ་བརྒྱད་བཅུ།། ལྷ་མོ་བསྟན་ཆོས་ལྔ་བརྒྱ་བདུན།། འདི་རྣམས་དགོས་པའི་བྱེ་བྲག་གིས།། ང་ཡིས་ཡང་དག་བསྟན་པར་བྱ།། འདི་ནི་གཉིས་པོ་མཁྱུད་པ་ཡིས།། རྒྱུད་ཀྱི་དབྱེ་བ་བསྟན་པའོ།། དེ་བཞིན་དུ་ནི་ཡན་ལག ་བཅངས་དང་། ། རྒོད་དང་བལྟས་པས་ཤེས་པར་བྱ།། དེ་བཞིན་ཞེ་སྡང་གཏི་མུག་གིས།། རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ།། མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང་།། འདི་ཡི་རིམ་པས་ཤེས་པར་བྱ།། ཕྱི་ནང་དབྱེ་བ་ཤེས་པ་ཡིས།། རྒྱུད་ཀྱི ་དབྱེ་བ་ཤེས་པར་བྱ། ། ནང་དུ་བསྟན་པ་བླ་མའི་ལས།། ཡང་དག་བླངས་ཏེ་བསླབ་པར་བྱ།། ཙ་བཞིན་གནས་པ་ལ་དགོངས་ཏེ།། བདེ་བར་གཤེགས་པས་རྒྱུད་ཀུན་བསྟར།། རྡོ་རྗེ་སྙིང་པོ་བརྒྱན་གྱི་རྒྱུང་།། མཁའ་འགྲོ་མ་དང་མཁར། ་འགྲོ་བ།། རྒྱུད་རྣམས་ཀུན་གྱི་ཕྱི་མོ་སྟེ།། གཞན་དུ་མ་བསྒྲགས་དོན་གང་ཞིག། འདི་རུ་ཡང་དག་བསྟན་པ་སྟེ།། རྣལ་འབྱོར་གང་ཞིག་ལེན་པའམ།། སྒོམ་པར་བྱེད་དམ་འཆང་བའམ།། ཀློག་པར་བྱེད་པ་རྣལ་འབྱོར་ཆེ།། དེ་ཡང ་དེ་དང་འདྲ་བར་འགྱུར། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྒྱུད་ཐམས་ཅད་ཀྱི་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། སྣ་ཚོགས་མདོ་དང་རྒྱུད་རྣམས་ཀྱིས།། སྡོམ་པ ་ཡང་དག་ཤེས་འགྱུར་ན། ། མཁའ་འགྲོ་ཆེན་པོར་འགྱུར་བར་བཤད།། གང་གིས་ཉན་ཐོས་རབ་འབྱིན་པ།། སྤོང་བ་ལྟུང་བའི་བྱེ་བྲག་བཤད།། བསླབ་པ་དང་ནི་རྫས་གྲགས་ཀྱིས།། འདི་རུ་ཤེས་ཀྱང་ཡོངས་རྫོགས་བྱེད།། ཚུལ ་ཁྲིམས་ཀྱི་ནི་བསླབ་པ་གསུམ། ། དགེ་བའི་ཆོས་ནི་བསྡུད་པ་དང་།། སྡོམ་པ་ཉི་ཤུ་ལས་སོགས་དང་།། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས།། བྱང་ཆུབ་སེམས་དཔའ་རབ་འབྱིན་པ།། ལུས་ངག་ཡིད་གསུམ་རབ་བྱུང་བའི་སྡོམ ་བདེས་ཀྱང་མཁའ་འགྲོ་ཡི། ། རྒྱུ་རྣམས་ཡང་དག་སྦྱོར་བར་བྱེད།། ཟླ་བ་སྲུང་དང་གཙང་སྦྲ་བསྡམ།། གྲོང་དང་གནག་ལྷས་ཐང་ལ་ཡང་།། ལུས་དང་ངག་དང་ཡིད་ཀྱིས་ནི།། གནོད་པ་དག་ནི་ཡོང་མི་བྱེད།། དེ་བཞིན་གཤེག ་པའི་སྡོམ་པ་མཆོག། བླ་ན་མེད་པའི་བྱང་ཆུབ་སེམས།། འགྲོ་བའི་དོན་བྱེད་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་རབ་ཏུ་གཟུང་།། རྡོ་རྗེ་མི་བསྐྱེད་རིགས་ཆེན་པོ།། དེ་རྗེ་ཚེ་དང་དྲིལ་བུ་དང་།། སློབ་དཔོན་ཡང་ནི ་བཟུང་བྱས་ལ། ། དེ་ཡི་ཡོན་ཏན་ཐོབ་པར་བྱེད།། རིན་ཆེན་ཏོག་གི་རིགས་མཐོན་པོ།། ཉིན་མོ་མཚན་མོ་ལན་གསུམ་དུ།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། བྱིན་པས་དེ་ཡི་ཡོན་ཏན་འཐོབ།། པད་མོ་སྣང་བའི་རིགས་དག ་ལ། བྱི་དང་ནང་དང་གས་པ་ལ།། དམ་ཚིག་རབ་ཏུག་ད་བ་པན།། བླ་མེད་བྱང་ཆུབ་ཐོབ་པར་བྱེད།། ཛ་སྐ་ལས་ཀྱི་རིགས་མང་པོ།། དམ་ཆག་དང་ནི་སྡོམ་པར་ལྡན།། བསྙེད་བཀུར་མ་ཛད་པ་སེམས་ཅད་དོར། ས ་དེ་ཡིས་ཡོན་ཏན་ཐོབ། ། སྲོག་པ་ཅིང་གཡེང་མི་བྱ།། མ་བྱིན་མི་བླང་བརྫུན་མི་སྨྲ།། པྲ་དང་ཀྱལ་འཚིག་རྩུབ་པོ་དང་།། སྨྲ་བར་མི་བྱ་མ་དང་སེམས་དང་།། གནོད་སེམས་ལོག་པད་ལྟ་བ་རྣམས།། རམ་ཡང་བྱབ་པ་ཡིའོ།། ་དཀོན་མཆོག་གསུ་པ་ཡང་བ་སྤང་།། ལྷ་དང་བྲ་མ་དེ་བཞིན་ནོ།། ཉེས་པ་ཀུན་གྱི་རྩ་བའི་ཕྱིར།། ཆང་ཡང་རྣམ་པར་སྤང་བར་བྱ།། ཕྱག་བརྒྱ་བཞོན་པ་མཚོན་ཆ་སོགས།། མཚན་མའམ་ནི་ལྷ་ཡི་འགྲི།། འགོས་དང་བཟའ་བར ་མི་བྱེ་བ། ། དེ་ལས་སོགས་པ་མཐའ་ཡས་པའི།། སྡོམ་པ་གང་དེ་གསུངས་པ་རྣམས།། འདི་རུ་དང་པོའི་ལས་ཅན་ལ།། དེ་ཡིས་ཡང་དག་འཇུག་པར་བྱེད།། ཐུན་མོང་མ་ཡིན་ཕས་ཕས་པ།། བཅུ་བཞིར་གྲགས་པ་གང་འདི་ནི།། ་སྔགས་པས་དོན་ཀུན་འགྲུབ་བྱེད་པས།། སྤང་ཞིང་དོད་པར་མི་བྱའོ།། སློབ་དཔོན་སྙིང་ནས་སྨོད་པ་དང་།། བདེ་གཤེགས་བཀའ་ལས་འདའ་བྱེད་དང་།། ཞེས་སྡང་གིས་ནི་མཆེད་སུན་འབྱིན།། བྱམས་སེམས་མེད་པར་སེམས་ཅན ་སྤངས་ཁྱང་ཆུབས་པས་ཆེན་འདོར་བ་དང་། ། བདག་གཞན་གྲུབ་པའི་མཐའ་སྤོང་བྱེད།། གསྡོད་མི་རུང་ལ་གསང་བ་བསྟན།། རྒྱལ་བའི་བདག་ཉིད་ཕུང་པོ་སྤོད།། དག་པའི་ཆོས་ལ་སོམ་ཉིད་བྱེད།། གསུམ་ལྡན་ཁྲོལ་བྱམས་ལྡན ་སྟོང་པ་ཐལ་སྦྱར་བྱུང་ལ་རྟོག་པ། ། དད་ལྡན་སེམས་ནི་ཀུན་འབྱིན་བྱེད།། དམ་ཚིག་དང་ལྡན་རྩེ་མི་བྱེད།། ཤེས་ལྡན་བུད་མེད་སྨོད་པར་བྱེད།། སྔགས་པས་དེ་དག་ཡོངས་སྤངས་ནས།། ངེས་པར་དངོས་གྲུབ་ཐོབ་པར་བྱེད།། དེ་ལ་སྔགས ་པ་ཡོངས་འདསན། ། ། ངེས་པར་བདུད་དང་ཕྲད་པར་འགྱུར།། ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ།། བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ།། སྦོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་།། དེ་དང་འདྲ་བར་ཤེས་པར་བྱ།། དམ་ཅིག་མི་ལྡན་རིག ་པར་བསྟན། ། ཚོགས་ཀྱི་འཁོར་ལོར་ཅོད་པར་བྱེད།། གསང་བའི་ཆོས་ནི་སྟོན་པ་དང་།། དད་ལྡན་རྣམས་ལ་གཞན་དུ་སྟོན།། ཉན་ཐོས་ནང་དུ་ཡུན་རིངས་གནས།། སྣོད་མ་རུང་ལགསང་བ་བསྟན།། ཁ་ན་མཐོ་སྦོམ་འགྱུར་ཏེ།། སྔགས་པདེ ་ཡི་མ་སྡོམ་ཟད། ། ཟད་པས་འགྲུབ་པར་ཡོད་མི་འགྱུར།། དེ་བས་ཉིན་རེལ་ན་གསུམ་དུ།། ཁ་ཏོན་གྱིས་ཀྱང་ཀླག་པར་བྱ།། དཀྱིལ་འཁོར་མཐོང་དང་ཞུགས་པ་དང་།། དབང་བསྐུར་བ་ལས་སོགས་ཚུལ་གྱི།། རྡོ་རྗེ་མཁའ་འགྲོ་ཐོབས་པའི ་བྱང་ཆུབ་སེམས་དང་ཉན་ཐོས་དང་། ། བྱ་དང་གཉི་ག་རྣལ་འབྱོར་རྒྱུད། དགོངས་གསུངས་རྣམས་ཀྱིས་དེ་ལྟ་མན།། དེ་ལྟར་བས་སྡོམ་པའི་མཆོག། ང་ཡིས་ཡང་དག་བསྟན་པར་བྱ།། དྲི་ཆེད་དྲི་ཆུ་རག་ཏ་དང་།། ཤེས་དང་བྱང་ཆུབ་ས ་དཔས་ནི། ། བཟའ་བའི་སྐོར་པས་ཡང་དག་བཟའ།། ལྕེ་ཡི་ཡེ་ཤེས་མེས་སྦྱངས་ཕྱིར།། ཕྱི་རོལ་ཟས་ལས་ཁྱད་པར་འགྱུར།། དེ་བཞིན་གླང་ཆེན་ཏ་ཤ་དང་། ལ་ཀྱི་གཤནན་རྣམས། ཡེ་ཤེས་ལྔ་པི་བོའི་ཕྱིར། གའ་ས་མཀྱིས ་གསད་པ་། མཐོན་ཡང་དང་པར་བྱའོ།། བུད་མེད་ཐམས་ཅད་འདོད་པར་སྤྱོད།། བརྫུན་ཚིག་དག་ཀྱང་སྨྲ་བར་བྱ།། དེ་ལྟར་བྱས་པས་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་མཉེས་པར་འགྱུར།། སེམས་ཅན་རྣམས་ཀྱང་ཚིལ་ཞིང་དགལ ་དེ་བཞིན་རྣལ་འབྱོར་སྙིང་པོ་ཡིས། ། སངས་རྒྱས་དང་ནི་བྱང་ཆུབ་སེམས།། རང་འདྲེན་ཉན་ཐོས་སྐུ་གཟུགས་སོགས།། རང་ཉིད་དག་པ་གསུམ་སྦྱོར་བས།། ཕྱག་བྱས་ན་ནི་རི་རུང་འགྱུར།། ཀུན་ཏུ་རྡོ་རྗེ་སེམས་དཔའ་ཡི།། ལུས་ངག་ཡིད ་དཀྱིལ་འཁོར་ལས། ། ཉིད་བསམ་གཏད་གསུམ་སྦྱོར་བས།། དབྱེར་མེད་བློ་ཡིམ་མི་བྱའོ།། དཀྱིལ་འཁོར་དག་ཀྱང་མི་བྲིའོ།། གླེགས་བམ་དག་ཀྱང་མི་ཀླག་གོ། མཆོད་རྟེན་ལས་ཀྱང་ཡོང་མི་བྱ།། ལག་པའི་ཕྱག་རྒྱ་རྣམས ་ཀྱང་སྤང་། ། ཉིན་རེ་ཞིང་ནི་དུས་བཞི་རུ།། བུ་མོ་ལེགས་པར་གོམས་པ་ལས།། ག་པུར་ཙན་དན་ཁས་བླངས་ཏེ།། ཆོ་ག་བཞིན་དུ་ལུས་འཁོར་མཆོད།། རོལ་མོའི་ཐབས་ནི་སྣ་ཚོགས་པ།། ང་ཡི་རྒྱུད་ལས་རབ་བསྟན་པས།། བཅུ་དྲུག་ཐིག ་མེ་ལ་སོ་ལས། ། སྔགས་ཀྱི་སྙིང་པོ་བདག་པར་བྱ།། བླ་མ་དམ་པ་ཟུགས་རྣཆེས།། ཡང་དག་བསྟན་པ་ལ་དམིགས་པ།། བྱིན་ཅི་ལོག་ཁུང་ཡོངས་འདོར་ཏེ།། རྡོ་རྗེ་འཛིན་པདེ་འདྲར་འགྱུར།། དཔལ་དང་སྦྱང་བརྒྱན ་རྒྱུད་ལས་དམ་ངག་དང་སྡོམ་པ་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ། ། །། དེ་ནས་རོ་ལངས་ཆེན་མེ་ཡེ།། སྒྲུབ་པ་ཡང་དག་བཤད་པར་བྱ།། སྒྲུབ་པོས་ལེགས་པར་ཤེས་གྱུར་ན།། དངོས་གྲུབ་ཐོབ་པར་འགྱུར་བའོ།། ནག་པོ་ཡིན ་ཆོས་བརྒྱད་དང་། ། ཡང་ན་བཅུ་བཞི་གང་ཡང་རུང་ཤིང་གཅིག་དུར་ཁྲོད་མ་མོ་འམ།། ཡང་ན་མི་མེད་གྲོད་པར་དུ།། སྔོན་དུ་སྒྲུབ་པའི་བདག་ཉིད་ཅན།། ལས་ཀུན་འགྲུབ་པར་བྱེད་པ་བསྒྲུབས།། མདའ་མཿ། མ་དང་སླྀ་ཤ་ཅན།། གདོལ་པ ་པོ་དང་གར་མཁད་སོགས། ། བདུན་གྱི་སོལ་ལྷག་ཡོད་པ།། ། བྱང་དང་མདངས་ལྡན་རྨ་མེད་མ།། ལོ་ནི་སུམ་བཅུ་རྩ་གཉིས་བསྔགས།། ཡང་ན་ཉི་ཤུ་རྩ་ལྔའོ།། ཡང་ན་ཆུ་དང་དང་པོར་སྐྱེས།། སྦྱངས་ནས་ཤི་བ་མ་སྦགས་པ། ཡང ་དག་བླངས་ཏེ་ལ་བང་སྟེང་། ། གཞན་ཡང་བུ་མོ་སྒྲ་བཟུང་སྟེ།། ལྷ་གཞད་དང་ནི་དབང་པོ་ལག། དཀར་པོ་དང་ནི་རི་སྒྲ་དང་།། གྲུ་གནོན་ཆུ་ཡིས་བཀྲུ་བར་བྱ།། དེ་ནས་ཙདན་དན་ཀར་པོ་ཡིས།། བུ་མོ་ལུས་བླུགས་རྒྱན་དང་གོས།། ་ཡང་དག་བརྒྱན་ཏེ་མདུན་བཞག་ནས།། དཀྱིལ་འཁོར་འཇིགས་པ་བྲི་བྱ་སྟེ།། རྩ་སོགས་གསང་སྔགས་རབ་ཏུ་བཟླ།། འབྱུང་པོའི་གཏོར་མ་ཡང་བྱིན་ཏེ།། ཤན་ནག་པོ་མདངས་དང་ལྡན།། མྱོས་བྱེད་བསྲེགས་པ་རོལ་ཁར།། མཚན ་གཅིག་ཐོག་ཐག་སྦྱིན་བསྲེག་བྱ། ། དེ་ནས་ཐོ་རས་དུས་སུ་ཡང་།། ཁྲག་ཆེན་ཕྱོགས་བཞིར་གཏོར་བྱས་ནས།། མར་ཁུ་ཆེན་པོ་རོལ་བསྐུ།། དེ་ནས་རོ་དེ་ལངས་གྱུར་ཏེ།། ཁྲོ་དང་ལྡན་པའི་ཨ་གཙར་གྱིས།། ས་གསུམ་མོ་ཡི་སྒྲས་འགྲེངས་བྱེད།། ་ནན་མ་ཏ།། ད་མ་མ་མྱོང་སོགས། བསྲང་བའི་འཁོར་ལམ་བསྲུང་བ་།། ཕྲག་དེ་མ་པག་ཏུགསོད། མ་སྲུང་བཟུང་བྱས་ནས།། བདག་ཉིད་ལ་སཏད་ལ་མགོད།། ཡ?་མད། བྱ་ན་འཇོག་པ ་བྱ། ། དེ་ནས་དེ་ནི་བེབས་གྱུར་ཏེ།། སྒྲུབ་པ་པོ་ཡི་མདུན་གནས་ནས།། བཀའ་ནོད་འདི་སྐད་སྨྲ་བར་བྱེད།། སེམས་ཅན་ཆེན་པོ་ཁྱོད་ཅི་འདོད།། བདག་ལ་ཡང་དག་བཀའ་སྩོལ་ཅིག། རལ་གྲི་མིག་སྨན་ས་འོག་གམ།། རྐང་འགྱོག ་དེ་བཞིན་བརྐྱང་ཀྱི་ལེ་དེ། ། པི་རྫིང་འགུགས་པ་ལས་གང་དག། བདག་གིས་གཅིག་ཅིག་སྦྱར་བར་བྱ།། དེ་ནས་སྒྲུབ་པོ་དེ་ཡིས་ཀྱང་།། གང་འདོད་སྨྲས་ནས་ཅང་ཏེའུ་བརྡང་།། དེ་ནས་རོ་ལངས་ཁ་དེ་ནས།། དྲ་བ་འཕྲུལ ་འབར་བ། ། དེ་ནས་སྦྲུལ་ནག་ལྟ་བུ་རུ།། རོ་ཡི་ཁ་ནས་འབྱུང་བར་བྱེད།། དེ་དེ་སྒྲུབ་པས་ཁ་ཡིས་བླངས།། ཟུང་སྟོག་སེར་གྱི་རལ་གྲིར་འགྱུར།། དེ་ཐོགས་ཚངས་པའི་འཇིག་རྟེན་ཁམས།། སྟེང་དུ་ངེས་པར ་བར་བྱེད། ། དེ་བཞིན་ཀུན་དུ་འགྲོ་བར་བྱེད།། དེ་བཞིན་རྫས་ཀུན་གང་ལ་བསྟན།། ཐམས་ཅད་གསེར་འགྱུར་རྩི་ལྟ་བུ།། དེ་བཞིན་ཐབས་གྲུབ་དེ་བྱ་ནས།། རོ་ནི་སྔ་ཁོ་བཞིན་འགྱུར་ཏེ།། དེ་ཡིས་སྦྱིན་བསྲེག་རབ་བྱས་ནས།། དཀྱིལ ་འཁོར་ཡང་དག་ཚིམ་པར་བྱ། ། དེ་བས་འདི་ནི་སྒྲུབ་པའི་མཆོག། དོན་ཀུན་ཡང་དག་འགྲུབ་བྱེད་པ།། ལས་ཐམས་ཅད་ཀྱི་གཙོ་བོ་སྟེ།། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས།། དཔལ་རྡོ་རྗེ་སྙིང་པོ་རྒྱན ་གྱི་རྗུད་ལ་ཕ་རོལ་ས་ཆེན་པོའི་ལེའུ་སྟེ་བཅུ་གསུམ་པའོ། ། །། དེ་ནི་ང་ཡིས་སྒྲུབ་པོ་ཡི།། དངོས་གྲུབ་སློབ་དཔོན་ལས་བྱུང་ཕྱིར།། རྒྱུད་རྣམས་ཀུན་ལས་གསུངས་པ་ཡི།། སློབ ་དཔོན་བསྐུར་བའི་ཆོ་ག་བཤད། ། སློབ་དཔོན་མེད་པར་གྱུར་ན་ནི།། དངོས་གྲུབ་ཐོབ་པར་མི་འགྱུར་བས།། སློབ་དཔོན་གྲངས་དང་མཚན་ཉིད་ནི།། ཡིད་གཅིག་བསྡུས་ལ་མཉན་པར་གྱིས།། དམ་སྡོམ་གྱི་ནི་སྡོད ་གཙང་ལ། ། སློབ་དཔོན་མཚན་ཉིད་ཡོངས་རྫོགས་པར།། བྱེད་ཅིང་དང་པོ་ལས་འཇུག་པར།། བྱེད་པ་རྒྱུ་ཡི་སློབ་དཔོན་ནོ།། རི་བོང་འཛིན་པ་སྐུལ་བྱེད་ཅིང་།། དེ་ཡིས་སྒྲུབ་པོ་ཞིང་དག་ཅིང་།། ཡེ་ཤེས ་སྣ་པའི་སྡོད་རུང་བྱེད། ། རྐྱེན་གྱི་སློབ་དཔོན་ཆེན་པོའོ།། ལྷན་ཅིག་ཉན་པར་གང་གྱུར་པ།། དེ་ལས་དགའ་བ་ཡང་དག་ཐོབ།། ཐོབ་པས་ཡང་དག་བ་མཐར་ཕྱིན།། ལྷན་ཅིག་བྱེད་པའི ་སློབ་དཔོན་ནི། ། མི་འགྱུར་བྱ་བས་ལྡན་ཤེས་རབ་ཅན།། སྔགས་རྒྱུད་སྦྱོར་ཤེས་དཀྱིལ་འཁོར་མཁས།། དེ་ཉིད་བཅུ་ཤེས་ཐེག་ཆེན་དགའ།། གསང་བཟུངས་ཐུབ་སློབ་དཔོན་ཡིན།། མིག་བཟངས་ལ་སོ ་བཅུ་དྲུག་པ། ། ཁུ་འཁྲིག་རྟོག་པ་ཡང་དག་སྤངས།། བླ་མ་དགའ་བ་དང་མོས་ཅན།། ཤིན་ཏུ་རྒྱན་གྱིས་རབ་བརྒྱན་པ།། དད་ལྡན་སྦྱོར་བ་ལ་གོམས་པ།། གཟུགས་བཟང་འདོད་ཆགས་ཀྱིས་མྱོས་བྱེད།། ་ཤིན་ཏུ་དུལ་བ་ཁྱད་པར་ཅན།། བསྲུང་བའི་གནས་སུ་ཡང་དག་བླངས།། དགེ་དང་བསྒོས་པ་ལ་དགའ་བ།། རྟག་ཏུ་བླ་མ་ལ་གུས་པའི།། སློབ་པས་བླ་མ་འདི་ལྟར་བལྟ།། བླ་མ་སངས་རྒྱས་ཀུན་དང་མཉམ།། ་དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་།། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་།། དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ།། ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན།། དེ་ཡི་ཡོན་ཏན་ཐམས་ཅད་གཟུངས།། སྐྱོན་ཀུན་སེམས་ཀྱིས་ཀྱང་མི ་བསམས། ། ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ།། སྐྱོན་གྱིས་དངོས་གྲུབ་ཉམས་པར་བྱེད།། མཆོད་རྟེན་བཤིག་དང་སྡིག་འདྲའི་ཕྱིར།། དེ་ཡི་གྲིབ་མའང་མི་འགོམ་སྟེ།། སྟན་དང་ལྷམ་དང་བཞོན་པ་དང་།། ་འགོམ་པར་བྱ་བ་སྨོས་ཅི་དགོས།། རྒྱུ་བ་དང་ནི་མི་རྒྱུ་བའི།། མཆོག་ཀུན་དེ་ཡིས་སྤངས་པར་འགྱུར།། སློབ་དཔོན་སྨོད་པར་བྱེད་པ་དེས།། རྨི་ལམ་དུ་ཡང་མཐོང་མི་བྱ།། ངེད་བགེགས་དང་ལོག་འདྲེན་འཛིན། ་རིམས་དང་སྨུག་དང་གཤིན་རྗེས་འཛིན།། འཆི་བར་རབ་ཏུ་འགྱུར་བ་སྟེ།། ངན་པ་གཏུམ་པོ་བླུད་ཆེན་ཏེ།། ཕྱོགས་བཞི་དག་ཏུ་སོང་གྱུར་ཡང་།། བློ་ལྡན་རྣམས་ཀྱིས་མི་སྲུང་བར་།། མདུང་ལ་སོགས་པའི ་མཚན་ཆ་ཡིས། ། ཁ་ན་མཐོ་བྱེད་པ་བསང་།། མདོ་སོགས་བསྟན་པའི་དམྱལ་བ་རུ།། སློབ་དཔོན་སྤོད་པར་བྱེད་པདེ།། གནས་པར་འབྱུང་བ་དང་ཡིས་བསྟན།། དེ་བས་མ་མའ་ཞབས་དྲུང་དུ།། བགས་བ་དང་། ་དུ་ངོ་ཚ་བ་སྲུང་།། བློ་དང་རྒོ་དང་ལུང་བ་སོགས།། ཁ་བ་ལག་པས་བཀབ་ནས་སུ།། ཤིན་ཏུ་འཇམ་པར་སྨྲ་བར་བྱ།། མགོ་ཐོད་བཅིང་དང་མཚོན་བྱུག་པ།། བླ་མའི་དྲུང་དུ་མི་བྱའོ།། བྲོ་བརྡུངས་པ་དང་བརྐམ ་ཚིག་དག། ཐོས་པའི་ཡུལ་ནས་མི་བྱའོ།། བདུད་འགྲོ་བ་དང་རྐང་པ་བརྐྱང་།། ཡང་དག་ཉིད་དུ་མ་བྱའོ།། ལས་ནི་གང་དག་བྱེད་པའམ།། མཉན་པ་ལས་སོགས་འདོད་པ་ལ།། བཟུང་ཕྱིར་ཐལ་མོ་མ་བཤིག་པར།། ་གནས་ནས་ལངས་ཏེ་མཐོང་ཡུལ་དུ།། རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ།། མཚན་མོ་དང་ནི་ཆུ་རྒལ་དང་།། ཅོད་རོང་དག་ཏུ་གནས་གྱུར་ན།། བཀའ་ལུང་གཉེར་དུ་དགུམ་པའི་ཕྱིར།། མདུན་དུ་འགྲོ་བ་ཉེས་མི་འགྱུར། ་དེབས་ཐབས་ནི་ཐམས་ཅད་ཀྱི།། རྡོ་རྗེ་འཛིན་པ་བླ་མ་མཆོག། རྗེ་སུ་འཐུན་པས་མཉེས་པར་བྱ།། དེ་མཉེས་སངས་རྒྱས་ཐམས་ཅད་མཉས།། གང་གིས་སློབ་དཔོན་ཡང་དག་སྨད།། དེ་ཡིས་རྒྱུད་ཀུན་བསྒྲུབ་པའི་མཆོག། ་གཉིད་དང་འདུ་འཛི་རྣམས་སྤངས་ཏེ།། བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང་།། དམྱལ་སོགས་སྒྲུབ་པར་བྱེད་པའོ།། དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ།། བསབས་པ་འབྲས་བུ་སྨིན་བྱེད་པའི།། སངས་རྒྱས་འབྲས་བུ་འདོད ་ང་ཡིས། ། སེམས་ཅན་དད་དང་ལྡན་པས་མཆོད།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བླ་མ་བཀུར་བའི་ལེའུ་སྟེ་བཅུ་བཞི་པའོ།། །། རྡོ་རྗེ་པད་མོ་སྦྱོར་བ་ལས།། ཡང་དག་ཡེ་ཤྭམྨེ་འགྱུར་བས།། སྒྱུ་མའི་མཆོག་ནི་བུད་མེད་དེ། ་དཔེ་མང་དང་མཚན་ཉིད་བསྟན།། ཏསྟི་ནི་དང་ཤང་ཀི་ནི།། ཀ་མ་ལ་དང་ཅི་དྲན།། ཐམས་ཅད་རིགས་ནི་བཞིར་འགྱུར་ཏེ།། ཏསྟི་རིག་ཏ་རི་ཆེ་བ།། སྤོས་མོ་འདོད་ཆགས་ཡང་དག་ཅེ།། བདེ་ཡངས་ཁ་ནས་ཤ་རུལ་གྲོ།། དཀར ་འཆང་མཐའ་ཕྲ་གོ་སྐོམ་བྱེད། ། ཤང་གི་རག་ཏི་རི་སྦྱོར་བ།། རྐང་པྲ་སཱ་ལེགས་ཅུང་ཟད་ཁྲོ།། ཁ་ནས་དུང་བྲོ་འགྲོས་དལ་ལེགས།། དཀར་འཆང་དཔལ་གྱི་འབྲས་བུ་འདྲ།། ཀ་མའ་ངག་ཏའི་རོད་དམར་ཞིང་།། ཤ ་གི་རག་ཏ་རོ་སྦྱར་བ། ། ཕྲ་སྦོམ་རན་བ་དམར་པོ་སྟེ།། འདོད་ཆགས་མིག་ནི་མི་འཛུམས་ལྟ།། དཀར་འཆང་ཨ་རི་ཤ་འདྲ་བ།། ཙི་ཏ་རག་ཏི་རོ་མངར་ཞིང་།། ཐུན་དུན་ཁྲོ་བག་དང་བཅས་པ།། ཆགས་མིན་ལྟ་བྱེད་ངོ་ག་ནག་པ།། ་དཀར་འཆང་གཡས་གཡོན་དབྱེ་བ་སྟེ།། འདི་རྣམས་ཡང་དག་ཕྲད་གྱུར་ན།། སྒྲུབ་པ་པོལ་ཚེ་འདི་རུ།། དངོས་གྲུབ་ཡང་དག་སྟེར་བ་སྟེ།། བདེ་བས་འདི་རྣམས་འབད་པས་བཙལ།། ཡང་དག་རྙེད་ནས་གང་རུང་དུ།། བ་ལང ་བཟའ་ནི་མངའ་ཡི་ནང་། ། བཏུང་བས་ཤེལ་ཁམས་རྣམ་པར་འཕེལ།། དེ་ནི་ཐབས་ཀྱིས་སྟེར་བ་ཡིས།། ཡང་དག་ཏུ་ནི་རང་བཞིན་རྟག། རང་བཞིན་ནམ་མཁའ་ལྟ་བུ་སྟེ།། དངོས་པོ་ཐམས་ཅད་ཟད་པ་སྟེ།། རྣམ་པར་རྟོག་པ་ཐམས་ཅད ་དང་། ། བྲལ་བའི་དགའ་བ་ཡང་དག་ཟབ།། སམ་མེད་ཟད་མེད་ཕྲ་མོ་སྟེ།། དམ་པ་ཞི་བ་རྣམ་དག་པ།། འཆི་མེད་རྡོ་རྗེ་བདུད་རྩི་བརྗོད།། གང་གི་དབུས་སུ་འདབ་བརྒྱད་པ།། སྙིང་པོ་ལྔ་ཡིས་ཡང་དག་བརྒྱན།། དེ་དབུས་དེ་གནས་ཆ་ནས་ལྔ།། ་ཆ་གཉིས་པ་ནི་བརྒྱད་མཐར་དབྱུང་།། སུམ་བཅུ་བཅུ་པ་ལྔ་ཡི་ན།། ཆ་གཉིས་ལྔ་པ་དྲུག་པ་ཡི།། ཐིག་ལེ་དུ་ནི་གཞུག་པ་སྟེ།། སྐྱེས་བུ་གང་གིས་དེ་ལ་ནི།། མིག་གི་འོད་ཟེར་གྱིས་ལྟ་བ།། དེ་ལ་ཅི་བཞིན་གནས་པ་ཡི།། ཡེ་ཤེས་སྐྱེ་བར་ཟེ ་ཚོམ་མེད། ། ནམ་ཞིག་འགོག་པའི་སེམས་གྱུར་ན།། སངས་རྒྱས་ཀུན་གྱིས་མཆོག་འཛིན་པ།། དཔལ་ལྡན་མཁའ་འགྲོ་འདྲ་བར་འགྱུར།། དེ་རིང་ཕན་ཆད་བུ་ཁྱོད་ནི།། དཀྱིལ་འཁོར་ཡང་དག་འབྲི་བ་དང་།། སྒྲུབ་པོ་རྒྱུད་ལ་སྦྱོར་བ་ཡིས ་སློབ་དཔོན་ཆེན་པོ་ཉིད་དུ་འགྱུར། ། འདི་ནི་སངས་རྒྱས་ཀུན་གྱིས་ཀྱང་།། དབང་བསྐུར་བར་ནི་རབ་སྔགས་ཏེ།། ཐམས་ཅད་སྔགས་ནི་སྒྲུབ་འགྱུར་ཏེ།། ལས་མཆོག་ཁྱད་པར་ཅན་ཡང་འགྲུབ།། བུ་མོ་འདི་ནི་ཁྱོད་དང་འཐུན།། ་སེམས་ཅན་ཁྱོད་ཀྱིས་འདོད་པ་གྱིས།། ཡིད་དུ་འོང་བའི་རིག་མ་འདི།། བདེ་གཤེགས་ཀུན་གྱིས་ཁྱོད་སྤྱོད་གནས།། སྟོང་པ་ལ་ནི་སེམས་སྦྱོར་ན།། ཁྱོད་ནི་ཡང་དག་དམ་པར་འགྱུར།། འདི་ནི་བདེ་གཤེགས་བདེ་མཛད་པ།། ་ཁྱོད་ནི་འདི་ལས་རང་བྱུང་ངོ་།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དམིགས་པ་དང་བཅས་པའི་ཤེས་རབ་ཀྱིས་མཚན་ཉིད་བརྟོག་པའི་ལེའུ་སྟེ་བཅཝ་ལྔ་པའོ།། །། དེ་ནས་ཡང་ནི་བཤད་བྱ་བ།། དངོས་ཀུན་ཆོག ་ཤེས་མེད་ན། ། སྒྲུབ་པོ་དངོས་གྲུབ་འབྱུང་མི་འགྱུར།། དེ་ཕྱིར་འདི་ནི་བརྟུལ་ཞུགས་བསྟན།། སྦྱོར་བའི་རྩོལ་བ་ཐམས་ཅད་ནི།། དེ་ཉིད་རིག་པས་སྤང་བར་བྱ།། རྡོ་རྗེ་སེམས་དང་ངེས་འདུག་པ།། སྤངས་ནས་གཞན་དུ་མི ་བྱའོ། ། དག་པ་དེ་ཉིད་ལ་གནས་པས།། སྦྱོར་བ་རྣམས་ཀྱང་མི་བྱ་སྟེ།། བདག་མེད་གནས་པའི་སྤྱོད་པ་ཡིས།། ཅི་སྲིད་བར་དུ་སོ་སོར་རྟག། དངོས་མེད་གོ་འཕང་ལ་གནས་དང་།། ཟབས་བཟངས་དག་དང་ལྡན་པ་ཡིས།། རྙེད ་ལས་གང་ཅི་འབྱུང་བ་རྣམས། ། མ་རྟོགས་པས་ནི་འབྱུང་བར་འགྱུར།། སྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི།། དངོས་གྲུབ་མཚན་ཉིད་གང་ཡང་རུང་།། དེ་ཀུན་སྐད་ཅིག་ཙམ་ལ་ནི།། རང་ཉིད་གནས་པར་གྱུར་པ་ཡིན།། དེ་བས ་དགེ་སློང་དངོས་གནས་དང་། ། དེ་བཞིན་རྟོག་དགེའ་རྒན་པོ་དང་།། རང་གི་བུ་དང་རྒྱལ་པོ་ལ།། དེ་ཉིད་ཡང་དག་བཤད་མི་བྱ།། ཇི་ལྟར་མར་མེ་བུམ་ནང་ནས།། ཕ་རོལ་དུ་ནི་འོད་མི་གསལ།། བུམ་པ་དེ་ནི་ཆག་པར་གྱུར།། ་དེ་འོག་མར་མེ་གསལ་བར་འགྱུར།། དེ་བཞིན་དང་ལུས་བུམ་པ་ཉིད།། དེ་ཉིད་མར་མེ་ཉིད་ལྟ་བུ།། བླ་མའི་ཁ་ཡིས་ལེགས་བཅག་ནས།། སྦྱོར་བའི་དེ་ཉིད་སྟོན་པ་ཡིན།། སྦྱོར་བ་དེ་ཉིད་ལ་གནས་ན།། གང་ཚེ་བརྟན ་བ་མི་བཏག་ལ། ། གནས་ཤིང་འཇིག་རྟེན་པ་སྤངས་ཏེ།། སྦྱོང་པ་ཐམས་ཅད་བྱས་ནས་ནི།། དེ་ལ་དེ་ཚེ་སངས་རྒྱས་གཟིགས།། ཀུན་ཏུ་ཐེ་ཚོམཅོད་པ་ཡིས།། རིག་པས་བྱིས་པ་བཞིན་དུ་སྦྱང་།། གང་ཚེ་ཆགས་མེད་རྣལ་འབྱེད། ་ག། ཚེ་ཕུན་སུམ་ཚོགས་འཕེལ་འགྱུར།། སྡིག་པ་མ་ལུས་ལྡན་པ་དང་།། གཏི་མུག་སྒྲིབ་པ་རབ་གནས་པ།། སྨྱོན་པའི་རྣལ་འབྱོར་སྐྱོར་བ་ཡིས།། ཟླ་དྲུག་གི་ནི་དོན་ཡོད་གྲུབ།། རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་། ་འདོད་པ་ཀུན་གྱིས་རབ་ཏུ་འགེངས།། ཟད་མེད་གཞོམ་དུ་མེད་པ་དང་།། དང་པའི་སྐུ་ཚེ་འབྱུང་བར་འགྱུར།། བླ་ན་མེད་པའི་བྱང་ཆུབ་མཆོག། འབད་པ་མེད་པར་ཡང་དག་འཐོབ།། འདོད་པ་ཀུན་གྱི་དགའ་མོས་རྣམས།། དབང་བྲལ།། ་བས་ནི་འགྲུབ་པར་འགྱུར།། འགྲོ་དང་འདུག་དང་གནས་པ་ན།། མཆོག་ཏུ་ཟབ་པའི་གནས་ལ་བརྟག། འོད་གསལ་ཡེ་ཤེས་ལམ་མཁན་པ།། མཚན་ཉིད་རྟོགས་པའི་རྣལ་འབྱོར་པའི།། བསམ་གཏན་སྦྱོར་བ་འདི་ཡིས། ་ནི། སེམས་ཀྱི་རིན་ཆེན་བརྟན་པར་འགྱུར།། སངས་རྒྱས་བྱང་ཆུབ་རབ་ཞུགས་པ།། བྱིན་གྱིས་བརླབ་པའང་མཛད་པར་འགྱུར།། དེ་ལྟར་གྱུར་པས་ཞུས་ནས་ཀྱང་།། ཇི་སྲིད་སེམས་ནི་མི་སྐྱོ་བར།། མཉམ་བཞག་ཡིད་ནི་བཟང་པོ ་ཡིས། དེ་ལས་འབད་པས་བསྒོམ་པར་བྱ།། དེ་འོག་ལ་ནི་ཅི་དགའ་བའི།། སྤྱད་པ་ཡིས་ནི་གཅིག་བྱས་ན།། ཅུང་ཟད་སྤྱན་ཕྱེ་བ་ཡི་མཚན།། བྱང་ཆུབ་རྒྱ་ཆེན་ཐོབ་པར་འགྱུར།། རྒོད་དམ་སྨྲ་འམ་འདུག་པ་འམ།། ལ་ལར ་རབ་ཏུ་གར་བྱེད་པར། ། ཇི་སྲིད་སྐྱོ་བར་མི་འགྱུར་བར།། བསྒོམ་པའི་སེམས་ལ་ཞེན་པར་བྱ།། དེ་ལྟའི་དམ་ཚིག་ལྡན་གྱུར་ཅིང་།། རྣམ་པར་མི་རྟོག་སྔགས་པ་ཡིས།། དུས་ཀྱི་ངེས་པས་ཡོངས་སྤངས་ནས།། བླ་མེད་བྱང་ཆུབ ་ཐོབ་པར་འགྱུར། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱིས་རྒྱུད་ལས་ཤེས་བྱེད་ཀུན་དུ་སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཚིགས་སུ ་བཅད་པས་བསྟོད་པ། ། སངས་རྒྱས་ཀུན་གྱིས་རང་བཞིན་ལས།། བྱུང་བའི་ལྟོ་སྟེ་ཁྱོད་མཆོག་པས།། སེམས་དཔའ་ཀུན་གྱི་ཕྱག་རྒྱ་ཆེ།། མཁའ་འགྲོ་ཆེན་པོ་ཕྱག་འཚལ་ལོ།། གཏི་མུག་ཐམས་ཅད་འོད་གསལ་པ། ་མཁའ་འགྲོ་སངས་རྒྱས་ཆེན་པོ་སྟེ།། གཟུགས་སྣང་ཆོས་ནི་རྣམ་དག་པ།། བདེ་གཤེགས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ང་རྒྱལ་ཐམས་ཅད་འོད་གསལ་བ།། མཁའ་འགྲོ་རེ་འདོད་སྐོང་པ་སྟེ། སིམ་སོགས ་ཆོས་ནི་རྣམ་དག་པ། ། རིན་ཆེན་མཁའ་འགྲོ་ཁྱོད་ཕྱག་འཚལ།། འདོད་ཆགས་ཐམས་ཅད་འོད་གསལ་བ།། སྐྱོན་གྱི་གོས་མེད་མཁའ་འགྲོ་ཆེ།། མཚན་མར་འཛིན་པ་རྣམ་དག་པ།། པད་མོ་མཁའ་འགྲོ་ཁྱོད་ཕྱག་འཚལ།། ་ཕྲག་དོག་ཆོས་ནི་འོད་གསལ་བ།། མཁའ་འགྲོ་སྣ་ཚོགས་ལས་བྱེད་པ།། མངོན་པར་འདུ་བྱེད་ཆོས་ཀུན་དག། སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད།། མཚན་མཆོག་འདི་ཡིས་ཁྱོད་བསྟོད་པས།། གང་ཟག་དེ་ཡང ་བསོད་ནམས་ཚོགས། ། ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་ནས།། སངས་རྒྱས་འགྱུར་བར་ཐེ་ཚོམ་མེད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོ་ནམ་མཁའི་དབྱིངས ་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མི་བཤིགས་པའི་ཟླ་བ་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ། རང་གི་ཐུགས་ཁའི་མི་ཤིགས་པའི ་ཐིག་ལེ་ལས་ཤིན་ཏུ་དགྱེས་པ་ཆེན་པོ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་ཕྱུང་སྟེ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཟླ་བའི་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ།། ནམ་མཁའི་དབྱིངས་ཐམས་ཅད ་དུ་ཡང་སྣང་བར་བྱས་ནས་སྟེང་འོག་ཏུ་ཡང་བཞུགས་ཏེ། ། མ་ལུས་ཤིང་ལུས་པ་མེད་པའི་རི་དང་།། སེམས་ཅན་ཐམས་ཅད་ལ་གསལ་བར་བྱས་ནས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ཏེ་སླར་ལོག་ནས་བཅོམ ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་བདག་པོའི་སྙིང་པོའི་མཆོག་གི་ཟླ་བའི་ཐིག་ལེའི་དབུས་ན་བདེ་བར་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག། ་ཏུ་བདེ་བར་གྱུར་པའི་སྙིང་པོ་ངེས་བསྐུལ་བ་ན་གར་མཛད་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཁའི་ཟླ་བའི་ཐིག་ལེའི་དབུས་སུ་གསང་བའི་དགྱེས་པ་ཆེན ་པོའི་བདེ་བར་གཅིག་ཏུ་བསྡུས་པར་གྱུར་ཏེ། ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཐུགས་ལ་ན་ལ་པ་གྲ་གྱུ་།། དེ་ནས་མཁའ་འགྲོའི་ཚོགས་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཅ་ཅོའི་སྒྲ ་ཡང་དག་པར་འབྱིན་ཅིང་དབྱངས་ཆེན་པོ་རྗོད་པར་གྱུར་ཏོ། ། ཀྱེ་མའོ་རྡོ་རྗེ་སེམས་དཔའ་ཡི།། རྡོ་རྗེ་ཤིན་དུ་དགྱེས་ཆེན་པོ།། ཀྱེ་མའོ་སྣ་ཚོགས་ཐབས་ནི་བདེ་བྱེད་ཆེ།། སྣ་ཚོགས་ཡེ་ཤེས་བདེ་བ་ཆེ།། ཀྱེ་མའོ་ཀུན་དུ་བཟང་པོ་ཡིས།། ་དགེ་བའི་ཡེ་ཤེས་བདེ་བྱེད་ཆེ།། གང་བདེའི་ཕྱིར་ནི་རིག་མ་ཡིན།། པད་མོ་ལ་ནི་གནས་པར་མཛོད།། ཀྱེ་མའོ་རེག་པ་ཤིན་ཏུ་ཟག།། ཤེས་རབ་ཕ་རོལ་ཕྱིན་མ་འདི།། སེམས་ཅན་ཀུན་ལ་ཤེས་རབ་ཀྱི།། མུན་པའི་ཐིབས་པོ་སེལ ་བར་མཛད། ། ཀྱེ་མའོ་ཐམས་ཅད་ངོ་མཚར་ཆེ།། མཁའ་འགྲོ་འདྲ་བར་གར་མཛད་ཅིང་།། རྣམ་པར་སྣང་མཛད་མྱང་བ་དང་།། མཉེ་བ་དང་ནི་འཕྲོག་པ་མཆོག། ཀྱེ་མའོ་ཤིན་ཏུ་རབ་ཏུ་དགྱེས།། སྐལ་ལྡན་སྐལ་སྤྱོད་པ་དང་ནི།། ་སྣ་ཚོགས་སྐལ་པས་བདེ་བྱེད་ཆེ།། སྣ་ཚོགས་རྡོ་རྗེ་ཤིན་ཏུ་མཛེས།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་ལ་བཞེངས་ཏེ་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ་འདི ་སྐད་ཅེས་བཀའ་སྩལ་ཏོ། ། ཨཱ་ལི་དང་ནི་ཀཱ་ལཱི་དང་།། དེ་བྱུང་ཟླ་བ་རྣམ་པ་གཉིས། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཅིག་ཏུ་གྱུར་པ་མཉམ་ཉིད་དོ།། ས་བོན་མཚན་མར་གྱུར་པ་ནི།། སོ་སོར་རྟོག་པར་ངས་བཤད་དོ།། ་དེ་བྱུང་སངས་རྒྱས་ཐམས་ཅད་ཀྱིས།། འགྲོ་དོན་བྱེད་པ་བྱ་ནན་ཏན།། གཟུགས་བརྙན་རྫོགས་པ་ཆོས་དབྱིངས་ཏེ།། ལྷ་ཡི་དབང་པོ་སངས་རྒྱས་བསྐྱེད།། དེ་ལ་བར་མས་ཁུ་བས་བསྐྱེད།། བསྐུར་བས་རང་གི་ལྷར་བསྐྱེད་ནས། ་བྱིན་གྱིས་བརླབས་པ་བྱ་བ་ནི།། རྒྱུད་རྣམས་ཀྱི་ནི་ཐུན་མོང་ངོ་།། གསང་དང་གསང་ཆེན་ཤིན་དུ་གསང་།། རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་།། རྗེས་སུ་རྣལ་འབྱོར་ཞེས་བྱ་དང་།། སྟོང་པ་དང་ནི་ཤིན་དུ་སྟོང་།། ཆེན་པོ་སྟོང་པ ་ཞེས་བྱ་དང་། ། དགའ་དང་དགའ་བ་བར་མ་དང་།། དགའ་བྲལ་གྱི་ནི་དགའ་བ་རྣམས།། རྒྱུད་རྣམས་ཀུན་གྱི་སྤྱི་བོའོ།། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་།། གསང་དང་ཤེས་རབ་ཡེ་ཤེས་དང་།། ཁ་སྦྱོར་འབྱེད་པའི་ཆོ་ག་དང་།། ་གཏོར་མ་རྡོ་རྗེའི་བཟླས་པ་དང་།། དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་།། རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ།། གསང་བའི་དེ་ཉིད་བཅུ་ཡིན་ནོ།། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་།། སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། ་སྤྱིར་བསྲེག་མཆོད་པ་ལས་སྦྱོར་དང་།། སླར་སྡུད་པ་ཡི་རྣམ་པ་ནི།། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ།། ཡང་དག་དེ་ཉིད་དངོས་པོ་མི་ཤེས་པར།། གསང་སྔགས་སྨྲ་བ་པ་ཡིན་ཞེས་བརྗོད་པ།། དེ་དག་མངོན་པའི་རྒྱལ་གསང་སྔགས་ཆོག་འཆང་། ་དེ་ནི་ང་པ་ཉམས་འདི་དང་ཕ་རོལ་བརླག། ཉམས་པས་བདུད་ཀྱིས་བཟུང་ནས་ཤི་ནས་དམྱལ་བར་འགྲོ།། སེམས་ཅན་རྣམས་ལ་རབ་རྟེན་ཏེ།། བྱང་ཆུབ་དམ་པ་ཐོབ་འགྱུར་བ།། སེམས་ཅན་སླུ་བར་མི་བྱ་སྟེ།། བདེ་གཤེགས་ལས་ལ ་སེམས་ཅན་སྦྱར། ། གང་ཞིག་སྦྱོར་འདི་མི་བརྩོན་པས།། རྐང་ལག་མིག་སོགས་སྦྱིན་པ་དང་།། དཀའ་ཐུབ་ཅི་འདྲ་སྤྱད་བྱས་ཀྱང་།། བདུད་རྩི་རོ་ཐོབ་མི་ནུས་སོ།། རྣལ་འབྱོར་གཅིག་གཅིག་ཤེས་བྱས་ནས།། དབེན་པར་སོང་སྟེ་རབ་འབད་ན།། ་སྡུག་དག་ཚེ་འདིར་སངས་རྒྱས་འགྲུབ།། ཆོས་བདག་མེད་པར་རབ་བསྒོམས་པས།། ཐམས་ཅད་མཁྱེན་པ་ཁོང་དུ་ཆུད།། ཐབས་ཤེས་གཉིས་ཀྱི་འཇོ་སྒེག་གིས།། གསང་བ་ལྔ་ཡི་བདག་ཉིད་མཆོད།། དངོས་པོ་ཐམས་ཅད་དངོས་མེད་པར། ་བནི་བཅུ་དོན་ནི་རྟོགས་པ་དང་།། རྡོ་རྗེ་པད་མ་དབང་བསྐུར་བ།། དུད་རྩི་ཡིས་ནི་དགའ་བར་བྱེད།། གསང་བར་བྱ་བའི་ཆོས་གསང་བས།། གསང་ཞིང་སྦས་ཏེ་སྤྱད་པར་བྱ།། འདོད་པའི་ཡོན་ཏན་ལྔ་ལ་ནི།། ནལ་འབྱོར་སེམས་པས་སྦྱང་བྱནས། ་དེ་བཞིན་བཟའ་དང་བཏུང་བྱས་ནས།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། འདི་ལ་ཁྲུས་དང་གཙང་སྦྲ་མེད་དེ་མཆོད་ཕྱིའི་ཐོགས་པའང་མེད།། དཀྱིལ་འཁོར་སྦྱིན་བསྲེག་མེད་དེ་དུས་དང་གཟའ། ་ཚེས་མེད།། གཏོར་མ་ལས་སོགས་བྱ་བར་བྱ་བ་མེད་དེ་མཆོག་དང་པོ།། རྡོ་རྗེ་སེམས་དཔའི་སྒྲུབ་པ་ཡང་དག་པ་འདི་ཉིད་ཡིན་དེ་བཙོན་པར་བྱ།། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་བཅོམ་ལྡན ་འདས་རྡོ་རྗེ་འཛིན་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏེ། ལེགས་སོ་ལེགས་སོ་བདེ་བྱེད་ཆེ།། ལེགས་སོ་ལེགས་སོ་ཡེ་ཤེས་ཆེ།། ལེགས་སོ་ལེགས་སོ་བདེ་བ་ཆེ།། ལེགས་སོ་ལེགས་སོ་སྣ་ཚོགས་ཆེ། ་ལེགས་སོ་ལེགས་སོ་དགྱེས་པ་ཆེ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཐུགས་རྗེས་ཆེན་པོའི་ཐུགས་རང་གིས་ཐུགས་ཡང་དག་པ་ལ་དམིགས་ནས་ཅང་མི་གསུང་བར་བཞུགས་སོ།། དཔལ་རྡོ་རྗེ ་སྙིང་པོ་རྒྱན་གྱི་རྒྱུད་རྣལ་འབྱོར་ཆེན་པོ་འདི་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་དཔལ་ཨུརྱ་ནི་གསང་བའི་དགོན་པ་ནས་བྱུང་བ་རྫོགས་སྷོ། ། རྒྱ་གར་གྱིས་མཁན་པོ་ཀ་མ་ལ་ཀུཊ་ཏ་དང་། འོད་ཀྱི་ལོ་ཙྪ་བ་ཆེན་པོ་མདའ ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་བཏན་ལ་བབ་བ། ཡེ་དྷམཱ་ཧེ་ཏ་པྲ་བྷ་ཝ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཙུ་ཡོན་དྷ་ཨེ་བ་པཱ་དཱི་མ་ཧཱ་པྲ་མ་ཎ།། ་