| Wylie | e-texts produced with BDRC’s OCR application |
ནས། ། གཞུང་ལའང་མིང་དོན་མཚམ་པ་ཡིན།། ། རྒྱ་གར་སྐད་དུ། ཙ་ཏུར་དེ་བི་ཏི་པ་རི་པྲིཙྪ། བོད་སྐད་དུ། ལྷ་མོ་བཞེས་ཡོངས་སུ་ཞུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ་ལྷ་མོ་བའི་དང་མཉམ་ལྡན་ཞིང་།། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ།། ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ།། རྡོ་རྗེ་སེམས་དཔའ་ཆེར་བཞུགས་ཏེ།། འོད་ཟེར་འཆང་ཞིང་འཁྲིགས་པ་ཡི།། གསང་ཆེན་ཆོས་ཀྱིས ་འབྱུང་གནས་ལ། ། བྱང་ཆུབ་སེམས་ནི་འཕྲོས་ནས་སུ།། ཆོས་ཀྱི་དབྱིངས་གནས་ཞུ་མཛད་དོ།། ཞུ་བའི་དངོས་པོ་དེ་མཐོང་ནས།། ། ལྷ་མོ་སྤྱན་མས་ཡོངས་ཞུས་པ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ཆོག ་འདི་དག་ནི་གསོལ་བ་སྟེ། ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། གང་ལས་སྐྱེ་བར་འགྱུར་བ་ལགས།། དང་པོ་ཇི་ལྟར་འོང་བ་ཡིན། དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལག་ག་ཡན་ལག་མེད་པ་གང་དེ་ནི།། ཡན་ལག་དང་བཅས་གྱུར་ནས། ་སུས་དངས་འགྱུར་བ་རྡུས་ལགས།། བག་དང་རབསྡུ་དང་།། དེ་བཞིན་ལ་དང་སྲས་དང་ཡང་།། དབང་བ་མང་པ་འདང་ས་རྣམས་དང་། ཁམས་རྣམས་སུནི་འཇུག་པ་ཡང་། བདག་བག་ཏུགས་ད ་ཡས། ། བཅིངས་པའི་ཉོན་མོངས་འདོད་ཆགས་སོགས།། རྣམ་པར་ཤེས་པ་སྣསྔ་ཚོགས་པ།། ཇི་ལྟར་དངོས་སུ་འདུས་པ་ལགས།། དངོས་པོ་མེད་པ་བསྒོམ་པའི་གཟུགས།། གཟུགས་སོགས་སྤྱོང་ཡུལ་མཚན་ཉིད་རྣམས། 4 ་བཞིན་མེད་ཅིང་དམིགས་མེད་ལ། ། དམིགས་པ་དང་བཅས་ཇི་ལྟར་ལགས།། དེ་དག་ངོ་མཚར་ཆེན་པོ་ནི།། བདག་གི་ཐེ་ཚོམ་ལྷས་བཀའ་སྩོལ།། དེ་ལྟར་ཞུས་མ་ཐག་ཏུ་ནི།། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས།། ཤེས ་རབ་ཟབ་བཟང་མེད་ནི། ། ཉོན་ཅིག་སྤྱན་མ་བཤད་པར་བྱ།། དཔྱད་དུ་མེད་ཅིང་ཤེས་བྱ་མིན།། དེ་བཞིན་དབྱར་མཁན་གྱིས་ཤེས་དཀའ།། སངས་རྒྱས་ཀུན་གྱིས་གསང་ཆེན་ནི།། ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ།། མི་ཤེས ་མུན་པས་བསྒྲིབས་པས་ན། ཉན་ཐོས་རྣམས་ཀྱིས་ཤེས་པ་མིན།། སྤྱོད་ཡུལ་བག་ཆགས་ཤེས་མཁན་ནི།། རང་སངས་རྒྱས་སུ་སྤྲུལ་པ་སྟེ།། དེ་དག་ཀུན་གྱི་ཀྱང་མི་ཤེས།། ཤེས་མེད་སོ་སོའི་སྐྱེ་གནས་དང་།། མ་འོངས་པ་དང ་འདས་པ་དདང་ལྟ་བྱུང་བའི་དུས་གསུམ་ལ། ། བྱོལ་སོང་བག་ཆགས་ལས་བྱུང་བའི།། དུད་འགྲོ་ཡི་དགས་སྐྱེ་བ་རྣམས།། དེ་ཀུན་གྱིས་ཀྱང་མི་ཤེས་ཏེ།། སངས་རྒྱས་སྤྱོད་ཡུལ་གསང་ཆེན་ནོ།། སྙིང་པོ་ཤིན་དུ་སྙིང་པོའི་མཆོག། ་གང་དེ་ཀུན་བདག་ལ་གནས་པའི།། སངས་རྒྱས་ཀུན་གྱི་གསང་ཆེན་ནི།། ལྷ་མོ་ཁྱོད་ལ་བཤད་པར་བྱ།། བྱང་ཆུབ་སེམས་དག་འོད་གསལ་པ།། ཟླ་བ་ཤེས་དང་མཉམ་པའི་འོང་།། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས།། ཡུངས་དཀར་ཆེ་བའི ་ཚད་ཙམ་མོ། ། དེ་ཡི་དབུས་སུ་བཞུགས་པའི་ལྷ།། མི་གསལ་གསལ་བའི་གཟུགས་ཅན་ཏེ།། ཕྱེ་ཚད་ཙམ་གྱི་ཕྲ་མོའི་མཆོག། ཡིད་ཀྱི་དངོས་པོའི་ཐིག་ལེའི་གཟུགས།། རྟག་ཏུ་སྙིང་གིས་དབུས་གནས་པ།། འོད་ཟེར་ཆེན་པོ་འབར་བ ་ཅན། ཇི་སྙེད་དགུ་པའི་བར་དུ་ནི།། དཔྲལ་བ་ལ་གནས་རྐང་མཐལ་བར།། ཐིག་ལ་དེ་ཁོ་ནར་བསྡུས་ཏེ། ལྟེ་བའི་དབུས་སུ་རྣམ་པར་གནས།། ཆ་ཤས་ལྔ་པ་ཅན་ཡོན་ཏེ།། བཅུ་གཉིས་ཅན་ཐ་མ་ལ།། ཆ་ཤས་དྲུག་གིས་མཚན་པ་ཉད། ་ངརོ་ཐོག་ལེས་བརྒྱན་བྱེད་པ།། རྡོ་རྗེ་ཁོང་ནས་བྱུང་ནས་སུ།། ས་བོར་སྐྱེ་གནམ་དབུས་བཞག་སྟེ།། ཆོས་ཀྱི་དབྱིངས་ནི་ཞུ་བར་བྱེད།། དེ་ནི་རིམ་པར་སྐྱེད་བྱེད་ན།། སྒོ་དགུ་ལ་ནི་ཀུན་ཏུ་འགྲོ།། ཁྱབ་ཅིང་ཁྱབ་གནས་འགྲོ་ཀུན་ལ།། མི་གཡོ་ལ་སོགས ་གཡོ་དང་བཅས། ། ཚངས་སོགས་ལྷ་དང་ལྷ་མིན་གྱི།། གཞི་ནི་དེ་ལས་གྱུར་པའོ།། གང་ལས་གཙོ་བོར་སྐྱེད་བྱེད་པ།། ས་དང་ནམ་མཁའ་དེ་ཞེས་གསུངས།། ཇི་སྙེད་ལུས་ལ་གནས་པའི་བར།། དེ་ཡིས་ལས་དང་ལས་མིན་བྱེད།། དགེ ་དང་མི་དགེ་བསམ་པ་ཡང་། ། བྱ་བའི་ལས་ཀུན་བྱེད་པ་ཡིན།། སྦྱོར་བ་རྟག་ཏུ་དེ་གསུངས་ཏེ།། མཆོད་པ་བསྒོམ་པར་གསུངས་པ་ཡིན།། གང་ཚེ་ལས་ཀྱི་ལུས་ཞིག་ན།། དེ་ཚེ་དེ་ཡི་རང་མཐུ་ཡིས།། དེ་འདྲའི་ལུས་སུ་དེ་འགྱུར་ཏེ།། གང་གིས་གཡོ ་དང་མིག་ཡེ་ཁྱབ། ། ནམ་མཁའ་མཉམ་པ་ཉིད་འདྲ་བ།། དེ་ནི་གནས་པ་ཤེས་པར་བྱ།། བཅུ་ཡི་གཉིས་མཐའ་ཚིག་གི་དོན།། གང་གིས་རྟག་ཏུ་བསྒོམ་བྱས་ན།། དེ་ནི་དངོས་གྲུབ་རྒྱས་པ་ཡིས།། རྡོ་རྗེ་འཛིན་པར་བདག་ཉིད་འགྱུར།། ་སོ་དང་མཆུ་དང་རྐན་དང་ལྕེ།། མགུལ་གནས་གང་ལ་ཡོད་པ་ནི།། གང་ལ་དེ་ནི་ཡིག་འབྲུ་ཉིད།། དེ་ནི་ཟད་དང་གནས་ཕྱིར་རོ།། བརྗོད་པ་མེད་ཅིང་ཐེ་ཚོམ་པ།། སྒྲ་ཡིས་རྣམ་པར་སྤངས་པ་ནི།། རང་གི་ཕྱི་ནང་དེ་བཞིན་ཉིད།། བྱང་ཆུབ་སེམས ་ནི་འདིར་གསུངས་སོ། ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་སྤྱན་མས་ཡོངས་སུ་ཞུས་པའི་ལེའུ་སྟེ་དང་པའོ།། །། དེ་ནས་ལྷ་མོ་མཱ་མ་ཀཱིས། རྡོ་རྗེ་ཅན་ལ་འདི་ཞུས་ཏེ། བྱང་ཆུབ་སེམས་ཀྱི་རིམ་པ་ཡིས།། ཁ་སྙིང་ལྟ ་གསང་བ་ལ། ། འགྲོ་དང་ཕྱིར་འོང་བསྟན་པ་ནི།། རྡོ་རྗེ་ཆེན་པོས་བཀའ་སྩལ་འཚལ།། ཆ་ཤས་རྣམ་པ་དུ་ཞིག་གསུངས།། གནས་ཀྱི་རྣམ་པར་བསྒྱུར་བ་དུ། ཁ་དོག་རྣམ་པ་དུ་ཞིག་གསུངས།། དེ་བཞིན་གདན་ཡང་ཇི་ལྟར་འཆལ།། རྡོ ་ཅན་གྱིས་བཀའ་སྩལ་པ། ཆ་ཤས་བཞི་དང་མཉམ་ལྡན་ཞིང་།། པད་མ་བཞི་ལ་ཡང་དག་གནས། སྙིང་ཁའི་པད་མ་ལ་གནས་གནག། ཁ་ཡི་པད་མ་ལ་གནས་དཀར་།། ང་རོ་ལྟེ་བའི་པད་མར་གནས།། གསང་བའི་བང ་མང་རོ་མཐ། སྐབས་ཀྱི་ཐའ་དུ་འགྲོ་བྱེད་པས།། ཐིག་ལེའི་ཁྱོང་རབ་ཏུ་གནས།། བསྡོམ་བྱེད་པ་དང་ཐོས་བྱེད་པ།། དེ་ཆེ་མཐོང་བྱེད་པ་བྱེད་པ།། རེག་པར་བྱེད་ཀྱང་དེ་ཁོ་ནས།། བདེ་དང་སྡུག་བསྔལ་ཚོར་དབྱེད་པའོ།། གང་ལས་གཞང་བྱེད་གས ་བྱེད་པ། ། དེ་བཞིན་མཆོད་དེ་དང་དུ་བ།། བྱེད་པ་གཅོད་པ་དེ་ཁོ་ནས།། ཆོ་ག་རྣམ་པ་མང་པོ་ཤེས།། རྒྱལ་པོ་དོན་ཡང་བྱེད་པར་འགྱུར།། དབང་ཕྱུག་དོན་ཡང་བྱེད་པར་འགྱུར།། བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་།། དམངས་རིགས་སྨད་པའི ་རིགས་རྣམས་དང་། ། བུད་མེད་དུ་མ་སྤྲུལ་པར་བྱེད།། དུད་འགྲོ་ཡི་དགས་སྐྱེ་བ་དང་།། གཟུགས་ཅན་རྣམས་དང་གཟུགས་མེད་དང་།། དེ་བཞིན་འདོད་པའི་སྲིད་རྣམས་ལས།། འབྱུང་བ་ཐམས་ཅད་བསྐྱེད་བྱེད་མ།། དེ་ཉིད་ཁོ་ན་རྫུ་འཕྲུལ ་གནས། ། མོ་གཟུགས་དང་ནི་ཕོ་ཡི་གཟུགས།། བདེ་བ་ཆེན་པོ་གོ་འཕང་གནས།། དེ་ལྟར་དེ་བཞིན་ཉིད་ཤེས་པ།། དམ་པའི་ཡིག་འབྲུ་ཤེས་པ་གང་།། དེས་ནི་གསང་ཆེན་ཤེས་པ་སྟེ།། གང་དེས་བདག་ཉིད་ཀུན་གནས་པ། ཁ་དོག་མེད་ཅིང་།། ་ཁ་དོག་དམར། ཁ་དོག་དཀར་དང་སེར་བ་ཡི།། ཐིག་ལེའི་གཟུགས་སུ་བསྒྱུར་བ་འདི།། འགྲོ་དང་ཕྱིར་འོད་རྣམས་པར་བསྟན།། གང་དེ་རིག་པ་རྫུ་འཕྲལ་ཆེ།། མཐའ་ཡས་བཅས་པ་སྣ་ཚོགས་གཟུགས།། སྙེད་དང་བསྡུས་དང་འཇིག ་པ་ལ། ། ཐིག་ལེའི་གཟུགས་སུ་རབ་གནས་སོ།། གང་གིས་བརྒྱད་ཁྲི་རྩ་བཞིའི་ཆོས།། སྟོང་ཕྲག་བཅུ་རུ་ཤེས་ན་ཡང་།། དེ་ཡིས་དེ་ཉིད་མི་ཤེས་ཏེ།། དེ་དག་ཀུན་ཀྱང་འབྲས་མེད་དོ།། བཅུ་གཉིས་ལྔ་ཡི་ལྔ་པ་ཡང་།། བརྒྱད་ཀྱི་མཐའ ་རུ་འབྱུང་བ་འདུས། ། སྒྲ་ཡོས་དང་པོ་ཡི་ག་ཡ།། ལྔ་པ་ཡིས་ནི་ཡང་དག་བརྒྱན།། སྙིང་རྗེ་ཆེན་པོ་ལས་བྱུང་བ།། བ་མར་བལྟས་པའི་དྲུག་པས་བཏགས།། གདོད་མ་མར་མ་མེད་པའི་ལྷ།། དེན་སྤྱི་བོར་བསྟན་པ་ཡིན།། དེ་དག་གསང་ཆེན ་དམ་པ་ཡིན། ། ལྷ་མོ་བདག་གིས་རབ་བསྟན་ཏོ།། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་པཱ་མ་ཀཱ་སི་ཞུས་པ་སྟེ་ལེའུ་གཉིས་པའོ།། །། དེ་ནས་ལྷ་མོ་གོས་དཀར་མོས།། ཡན་ལག་ཀུན་གྱིས་བཟླས་ནས་སུ། ་ཐལ་མེ་སྙིམ་པར་སྦྱར་བྱས་ཏེ།། རྡོ་རྗེ་སེམས་དཔའ་ལ་གསོལ་པ།། ཆོས་ཀྱི་དབྱིངས་ཀྱི་བསྡུ་བ་དང་།། མུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། རང་བཞིན་ཉིད་ནི་ཛི་ཥ་ལགས།། ལྷ་ཡི་དབང་ཕྱུག་ཁྱོད་ལའུ།། གང་གིས་འོད་ཀྱི་གོང་བུར་བསྡུ། ་རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས།། གསུངས་ཤིག་དེ་ཉིད་ཡིག་འབྲུའི་ཚིག། འདུས་པ་གསུངས་པ་ཇི་ལྟར་ལགས།། ཆུ་ཁམས་དང་ནི་མེ་ཡི་ཁ་ལས།། ཇི་ལྟར་དེ་ནི་མཉམ་པོར་འགྱུར།། མ་ལས་སྐྱེ་བ་གསུམ་ཅམ་དང་། དེ་བཞི། ་པ་ལས་སྐྱེ་བ་གསུམ།། དེ་དག་དྲུག་སོགས་གོང་བུ་ལས།། ཇི་ལྟར་མི་རྣམས་སྐྱེ་བ་ལགས།། སངས་རྒྱས་གཟུགས་ནི་བདག་མི་འཚལ།། ཐུབ་པ་ཆེན་པོས་བཀའ་སྩལ་མཛོད།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།། གསང་བ ་ཤིན་དུ་གསང་གྱུར་པ། ། ཉོན་ཅིག་ལྷ་མོ་བཤད་པར་བྱ།། སྐྱེ་གནས་དབུས་སུ་རྩ་གཉིས་ནི།། གཡོན་དང་དེ་བཞིན་གཡས་པ་སྟེ།། གཡོད་དུ་བྱང་ཆུབ་སེམས་ཤེས་བྱ།། གཡས་སུ་དེ་བཞིན་རག་ཏའོ།། དེ་གཉིས་ཕྲད་ནས་གཅིག ་འགྱུར་བ། ། ཆོས་ཀྱི་དབྱིངས་ནི་འདུས་པ་ཡིན།། མུན་པ་སྐུ་སྟེ་རྡུལ་གསུང་གཟུགས།། ཐུགས་ཀྱི་རང་བཞིན་སྙིང་སྟོབས་ཏེ།། རྡུལ་ནི་རག་ཏ་བྱང་ཆུབ་སེམས།། མུན་པ་དེ་བཞིན་སྐྱེད་པ་ཡིན།། རྡོ་རྗེ་པད་མ་མཉམ་སྦྱར་ནས། ་རང་བཞིན་མཉམ་པའི་རོར་འགྱུར་རོ།། དྲི་ཆེན་ཆུ་དང་ཤེལ་མེ་ཏོག། དེ་བཞིན་ལྔ་པ་བྱང་ཆུབ་སེམས།། བདུད་རྩི་ལྔ་དངོས་གོང་བུར་བསྡུས།། དེ་ལས་རྡོ་རྗེར་འདིར་གསུངས་སོ།། ཆ་ཤས་གཉིས་པ་དང་ལྡན་པ།། དེ་བཞིན ་དགུ་པ་ཡང་ཡིན་ནོ། ། ག་གསུས་པ་དེ་ལ་ན། ཡུམ་བཅུ་དང་ནི་བཅུ་དང་ནི།། དེ་བཞིན་ལྔ་པའི་ས་བོན་ཏེ།། ཆ་ཤས་གཉིས་པ་ལྔ་ཡས་ནི།། དྲུག་གིས་བཏགས་པ་ངེས་འབྱུང་བ།། དེ་ནི་ཐིག་ལེར་གསུངས་པའོ།། ཆོས་ཀྱི་དབྱིངས་ཀྱི་ཡིག ་པྲ་ཟླ། ། སྐྱེ་གནས་པད་མ་ལ་གནས་པ།། དེ་ཉིད་ས་བོན་སྭཱ་ཧཱ་མཐའ།། འདུས་པ་ལ་ནི་ཤེས་པར་བྱ། ཆུ་ཁམས་པ་ལས་བྱེས་ཤེས་བྱ།། མེ་ཡིས་ཁམས་ནི་མ་ལས་ཀྱིས།། ཤདང་ཁྲག་དང་ལྤགས་པ་ཡང་།། མ་ལས ་སྐྱེས་པ་ཞེས་བཤད་པ། ། ཚལ་དང་རྐང་དང་ཁུ་བ་ནི།། པ་ལས་སྐྱེས་ཞེས་བཤད་པ་ཡིན།། གོང་བུ་ཡང་དག་འདུས་པ་ནི།། དེ་དག་ཙམ་དུ་བཤད་པ་ཡིན།། གཟུགས་དང་ཚོར་བ་འདུ་ཤེས་དང་།། དེ་བཞིན་འདུ་བྱེད་རྣམ་ཤེས་རྣམས།། ། ་སངས་རྒྱས་དངོས་པོ་ལྔ་ཡི་གཟུགས།། ཕུང་པོ་ཞེས་བྱར་བཤད་པའོ།། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོན་བཟའ་དཀར་མོས་ཞུས་པ་སྟེ་ལེའུ་གསུམ་པའོ།། །། དེ་ནས་བཞད་པའི་ཞལ་གྱུར་ཏེ།། ལྷ་མོ་སྒྲོལ་མ ་བཅོམ་ལྡན་མས། ། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཆོས་ཀྱིས་དབྱིངས་ཀྱི་སྒྲུབ་པ་ནི།། གསུངས་ཤིག་རྡོ་རྗེ་ཅན་ཆེན་པོ།། རྫས་རྣམས་སྒྲུབ་པ་བཀའ་སྩལ་འཚལ།། དེ་བཞིན་རིག་པའི་སྔགས་རྣམས་ཀྱང་།། དཀྱིལ་འཁོར་རྣམས་ནི ་བཏགས་པ་དང་། ། སྦྱིན་སྲེག་སོ་སོར་བྱ་བ་དང་།། དེ་བཞིན་མཆོད་པའི་ཆོ་ག་ཡང་།། ཁྱད་པར་དུ་ཡང་བཀའ་སྩལ་འཚལ།། དེ་ལྟར་ལྷ་མོས་ཞུས་མ་ཐག། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་ཐབས་ནི།། ་ཉོན་ཅིག་ལྷ་མོ་པོ་ཤང་བར་བྱ།། གཟུགས་དང་སྐྲ་དང་དྲི་དང་ནི།། དེ་བཞིན་རོ་དང་རེག་ལ་སོགས།། ཁམས་བཅཝོ་བརྒྱད་པོ་དེ་དག་ཀྱང་།། ཆོས་ཀྱི་དབྱིངས་ཤེས་བྱ་བའོ།། དེ་དག་ཉིད་ལས་བླང་བ་ནི།། བྱང་ཆུབ་སེམས་ཞེས་ཤེས་པར་བྱ། ་བྱང་ཆུབ་སེམས་ལས་གོང་བུ་སྟེ།། གོང་བུ་ལས་ཀྱང་ཡིད་སྐྱེད་དོ།། ཡིད་ལས་ནམ་མཁའི་ཁམས་ཀྱང་ནི།། ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས།། དབང་པོ་ཕུང་པོ་འབྱུང་བ་རྣམས།། དེ་ལྟར་དབྱིངས་སུ་བསྡུ་བ་སྟེ།། བསྡུ་བ་དེ་ནི་བརྟན ་བྱས་པ། ། ཆོས་ཀྱི་དབྱིངས་ཀྱི་གྲུབ་པ་ཡིན།། དེ་བས་ནན་ཏན་ཐམས་ཅད་ཀྱིས།། སྒྲུབ་པ་ཡང་དག་སྤྱང་པར་བྱ།། ཇི་ལྟར་གལ་པོ་ཞེས་དངོས་ཀྱིས།། བསྒྲུབ་པར་བྱ་བ་རབ་ཏུ་བརྟག། ཆོས་དབྱིངས་བསྒྲུབ་པ་བཤད་ནས་སུ།། རྫས་བརྒྱད ་ལན་ལག་བསྒྲུབ་པ་བཤད་། ། ངི་ལུ་མིག་སྨན་དངོས་གྲུབ་དང་།། ས་འོག་རལ་གྲིའི་དངོས་གྲུབ་དང་།། ནམ་མཁའ་འབུར་དང་མིག་སྨན་དང་།། འཆི་བ་མེད་དང་ནད་འཇོམས་དང་།། མ་དང་གླང་པོ་ཆེ་དང་ཨུ0f7f།། གླང་དང་ཁྭ་དང་། ་བོང་བུ་དང་།། རྔ་མོ་མ་ཧེ་སྤྱང་ཀི་རྣམས།། ཆ་ནི་མཉམ་པར་བྱ་བའོ།། མཐེ་བོང་ཚོགས་ཚད་ཙམ་དུ་ནི།། ཤིན་དུ་མཉམ་པོར་བཞག་ནས་སྦྱར།། དྲི་ཆེན་ཆུ་དང་རག་ཏ་དང་།། བྱང་ཆུབ་སེམས་ནས་ཚད་ཙམ་ནི།། སྔགས་བཟླས ་ནས་ནི་སྦྱར་བྱས་ཏེ། ། བྱིན་གྱིས་རླབས་ཀྱང་བྱ་བའོ།། ཕྱག་འཚལ་དང་ན་ཡི་གེ་ཨཱ།། དབུས་སུ་དེ་བཞིན་ཧཱུཾ། བྱས་ཏེ།། འབར་བའི་ཧཱུཾ་ཡིག་འབར་བྱེད་པ།། དགུ་པ་དེ་ནི་རབ་ཏུ་བསྒྲུབ།། ལན་ནི་ཉི་ཤུ་རྩ་གཅིག་ཏུ།། སྔགས་བཟླས་ནས ་ནི་ཕྱེ་མར་བཏག། ཡུངས་དཀར་ལྔ་ཡོ་ཚད་ཙམ་དུ།། ལྔ་དང་ལྔ་ནི་འབྱོར་པར་བྱ།། ཚེས་བརྒྱད་དང་ནི་བཅུ་བཞི་ལ།། རི་ལུ་རྣམས་ནི་བྱས་ནས་སུ།། པད་མའི་སྣོད་ལ་བཞག་བྱས་ཏེ།། སྟོང་ཕྲག་བརྒྱར་ནི་བཀྲ་བར་བྱ།། མཚན ་བཞི་ལ་ནི་བསྒོམ་བྱས་ནས། ། ཉིན་དང་མཚན་དུ་བཟའ་བར་བྱ།། དེ་ནི་བསྐལ་བའི་མཐའ་མར་ཡང་།། དངོས་གྲུབ་རྒྱས་པར་འགྲོ་བ་སྟེ།། གཟི་བརྗིད་མདངས་དང་སྟོབས་བརྩོན་འགྲུས།། ལྔ་པ་ལ་ནི་སྨོན་ལམ་ཡང་།། མངོན་པར ་ཤེས་པ་ལྔ་ཐོབ་པ། ། རིལ་ཆེན་པོ་ཟོས་ཕྱིར་རོ།། རྫས་ཀྱི་སྒྲུབ་པ་རྣམས་རྫོགས་ནས།། རིག་པའི་སྔགས་རྣམས་བདག་ལ་སྩོལ།། ཡི་གེ་ཨ་དང་བཾ་ཡིག་དང་། ལཾ་ཡིག་དབུས་སུ་ཡང་དག་གནས།། དང་པོའི་མདོག་ནི་དམར ་སྟེ། ། གཉིས་པ་ཡི་ནི་མདོག་དཀར་བ།། གསུམ་པ་ཁ་དོག་སོར་པོ་རྣམས།། བྷ་གའི་དབུས་སུ་བསྒོམ་པར་བྱ།། འཁོར་ལོ་ལྟར་ནི་བསྐོར་བ་ནི།། ཉིན་བྱེད་དང་ནི་མཚན་ཕྱེད་ལ།། རིག་པ་དེ་ནི་རབ་འབྱོར་ན།། དེ་ནི་སྐད་ཅིག་ཁོ་ནར ་འགྲུབ། ། ལྷ་མོ་ལྷ་མིན་བུ་མོ་དང་། མི་ཡི་བུ་མོ་རྣམ་པ་བཞི།། ས་ཡི་དཀྱིལ་འཁོར་ཀུན་ཏུ་ནི།། སྔགས་ཀྱིས་བཀྲག་ནས་སྡུད་པར་བྱ།། བསྒོམ་པ་དེ་བཞིན་རིག་པའི་སྔགས།། བདག་གིས་བཤད་པ་ཟིན་བྱས་ཏེ།། དཀྱིལ་འཁོར་རྣམས ་ནི་བཤད་པར་བྱ། ། དགའ་བ་སེམས་ཀྱིས་རྩེ་གཅིག་ཉོན།། དཀྱིལ་འཁོར་ལས་ཤེས་གསུངས་པ་སྟེ།། དཀྱིལ་འཁོར་བྷ་གར་བསྟན་པ་ཡིན།། དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི།། དཀྱིལ་འཁོར་གསུམ་དུ་བཏག ་པ་ཡིན། ཏགས་པ་རྣམས་ཀྱང་འདུས་པ་སྟེ།། གང་དུ་གཙོ་བོ་སྐྱེད་པར་བྱེད།། ཕུང་པོ་རྣམས་ནི་སངས་རྒྱས་གསུངས།། འབྱུང་བ་རིག་མར་བཏགས་པའོ།། ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ།། ཞགས་པ་པད་མར་ཆུང་བྱེད་པ།། ཁ་ཕྲད ་པ་ནི་སྒྲོག་ཡི་པར། ། སྒྲ་བསྒྲགས་པ་ནི་དྲིལ་བུར་བཤད།། སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ།། མེ་ཏོག་རག་ཏ་ཞེས་འདོད་དོ།། པར་མེ་ཤ་རྣ་པས་ཁོ་ན་ཡིན།། དྲི་ནི་བྱང་ཆུབ་སེམས་ཞེས་འདོད།། སྒེག་མོ་ལིང་གར་བསྟན་པ་སྟེ།། ་ཕྲེང་བ་ཐ་ག་ཁོ་ན་ཡིན།། དབྱངས་མ་དབུགས་སུ་བསྟན་པ་དང་།། གར་མཁན་མ་ནི་རྣལ་འབྱོར་ཏེ།། བཅོམ་ལྡན་འདས་ཀྱིས་བཟང་པོར་གསུངས།། དེ་རྟོགས་པ་ནི་བསྐལ་བཟངས་ཡིན།། རྟོགས་པ་དེ་རྣམས་བྱམས་པ་སོགས། ་དེ་ལྟར་ནང་གི་བདག་ཉིད་གསུངས།། དཀྱིལ་འཁོར་གཞན་ནི་སྔོན་བཤད་ཟིན།། སྦྱིན་བསྲེགས་ལས་ནི་བཤད་པར་བྱ།། ཉོན་ཅིག་སྦྱིན་པསྲེག་རྣམ་པ་བཞི།། སྦྱིན་བསྲེག་ཕྱི་དང་ནང་གསུངས་ཏེ།། ཕྱི་ནི་སྔོན་དུ་བསྟན་པ་ཡིན།། ་ཉོན་ཅིག་ཁྱོད་ཀྱིས་ནང་གི་ནི།། པད་པ་བཞི་རྣམས་འབྱོར་པ་ནི།། ལུས་ཀྱི་དབུས་སུ་ཉེ་བར་གནས།། མེ་དང་དེ་བཞིན་རླུང་དང་ནི་དབང་ཆེན་དང་ནི་ཆུ་དེ་བཞིན།། རླུང་གིས་མེ་ལ་འབར་བྱས་ཏེ་ན་ཡིས་ཡོངས་སུ་སྨིན་པར་བྱེད།། དབང ་ཆེན་དཀྱིལ་འཁོར་ལས་བྱུང་བ། ། གང་དུ་པེ་ནི་བསྐྱོད་པའོ།། ཡིག་མངོན་གྲོང་ཡི་གེ་སེ།། ཡ་ཡིག་དབང་གིསིལས་ཁྱོ་ན།། ལ་ཡིག་རྒྱས་པར་འགྱུར་བ་སྟེ།། བ་ཡི་གའི་བཞེས་གསུང་སོ།། གང་ཞིག་ཟས་དང་བཏུང་བ་ནི།། དེ་དག། ་ཐམས་ཅད་ཚུལ་སྟེ།། པད་མར་ཀཱ་ཡིག་ཁམར་ལྟ།། སྙིང་གི་པད་མར་བཙུད་པར་བྱ།། ལྟེ་བའི་པད་མར་འགྲོ་ཕྱིར་རོ།། ཁ་སྦྱོར་ཚུལ་གྱི་སྦྱོར་བ་ཡིས།། གསང་བའི་པད་མར་འགྲོ་མ་ཐག། ཐལ་བར་མཐའ་རུ་རྣམ་པར ་བསྟན། དེ་ལྟར་སྦྱིན་བསྲེག་བདག་བཤད་པ།། ཉིན་དང་ཉིན་དུ་བྱ་བ་སྟེ།། རྟག་པར་རྒྱུན་ཏུ་ཟས་ཟོས་ན།། ཚེ་འདི་ཁོ་ནར་འགྲུབ་པར་འགྱུར།། རྒས་པ་མེད་ཅིང་ནད་ཀྱང་མེད། འཆི་བ་མེད་ཅིང་འབྲས་རྣམས་མེད།། དེ་ནི་གློ ་བུར་འཆི་བ་མེད། ། འཚེ་བ་ཐམས་ཅད་ཟད་འགྱུར་ཞིང་།། རྨི་ལམ་ངན་ཡང་ཞི་བར་འགྱུར།། བཟང་པོ་བསྐལ་པར་གསོན་པ་སྟེ།། སེབས་ཅན་ཐམས་ཅད་དགའ་བར་སྨྲ།། མཐོང་བ་ཙམ་གྱིས་སྐུལ་བྱེད་དོ།། སྦྱིན་བསྲེག་ལས་རྣམས ་བཤད་བྱས་ནས། ། ལྷ་མོ་མཆོད་པ་བསྟན་པར་བྱ།། དྲི་དང་ཕྲེང་སོག་མ་གོས་རྣམས་དང་།། སྤྲོས་མེ་ཟས་དང་ལྷ་བཤོས་ཀྱིས།། དབང་པོ་གཉིས་ནི་རབ་འབྱོར་ནས།། བདག་ལ་མཆོད་པ་རྣམས་ནི་བྱ།། བདག་ནི་ཐམས་ཅད་སངས་རྒྱས ་ཉིད། ། སངས་རྒྱས་ཀུན་གྱི་གནས་ཡིན་ཏེ།། དེ་བས་ནན་ཏན་ཐམས་ཅད་ཀྱིས།། རྣལ་འབྱོར་པས་ནི་རྟག་ཏུ་མཆོད།། གང་ཞིག་དགའ་ཡང་བྱ་བའི་ལས།། རྣལ་འབྱོར་པ་ཡིས་མཆོད་པར་བསྒོམ།། ཟས་དང་བཏུང་བ་དེ་བཞིན་གོས།། ་དེ་བཞིན་དྲི་དང་ཕྲེང་ཁོང་ནས།། རིག་མ་བཞི་ཡིས་རྣམ་བརྒྱན་པའི།། བདག་ནི་ལྷ་ཉིད་བསམ་པར་བྱ།། དེ་ལྟར་བཤད་ནས་རྡོ་རྗེ་དེ།། ཅང་མི་གསུངས་པར་དངོས་པོར་བཞུགས།། དེ་ནས་ལྷ་མོ་བཞི་རྣམས་ཀྱིས།། ཕྱག་གིས ་ཐལ་མོ་སྦྱར་གྱུར་ཏེ། ། རབ་ཏུ་ཞལ་ནི་རྣམ་བཞད་ནས།། རབ་ཏུ་དང་བའི་སེམས་ཀྱི་ནི།། རྣམ་པར་མི་རྟོག་པ་ཐོབ་སྟེ།། མི་གསུང་བར་གཞུགས་གྱུར་ཏོ།། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་སྒྲོལ་མས་ཞུས་པའི་ལེའུ་སྟེ་བཞི་པའོ།། ་ཐམས་ཅད་ཀྱི་གསང་བའི་མཆོག་དམ་པ་གསང་ཆེན་ཞེས་བྱ་བའི་རྒྱུད་ལྷ་མོ་བཞིས་ཡོངས་སུ་ཞུས་པ་དཔལ།། ཨུ་རྒྱན་གྱི་ཡུལ་ནས་བྱུང་བ་རྣལ་འབྱོར་མ་ཆེན་མེའི་དེ་ཁོ་ན་ཉིད་རྫོགས་སྷོ།། །། རྒྱ་གར་གྱི་བཁན་པོ་སྠི་ཏི ་ན་ཀཱིར་ཏི་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པའོ། ། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧྲི་ད་ཡ་ཨ་ལཾ་ཀཱ་ར་ཏད་ཏྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ ་