CLOSE WINDOW

Q840: 'phags pa bdag med pa dris pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

མདོ་རྫོགས་སྷོ། ། ། རྒྱ་གར་སྐད་དུ། ཨཱརྱ་ནེ་ར་ཨ་དམ་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་ནས་དམིགས་པའི་ལྟ་བ་ཅན་རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར་དཔྱོད་པ་དང་བཅས་པའི་མུ་སྟེགས་པ་དེ་དག་རྣམས་ཐེག་པ་ཆེན་པོའི་ནང་དུ་སོང་སྟེ། ་ཞེ་ས་དང་བཅས་ཤིང་ཐལ་མོ་སྦྱར་ནས་བདག་མེད་པའི་དྲི་བ་དག་ཡོངས་སུ་དྲིས་པ། རིགས་ཀྱི་བུ་ཐམས་ཅད་མཁྱེན་པས་ནི་ལུས་ལ་བདག་མེད་དོ་ཞེས་གསུངས་ལ། གལ་ཏེ་ལུས་ལ་ཡང་དག་པར་བདག་མེད་ན་ཇི་ལྟར་ན ་དེ་ལས་རྩེ་བ་དང་། དགོད་པ་དང་། ངུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་ལ་སོགས་པ་ཀུན་དུ་འབྱུང་བར་འགྱུར། ཅི་ལུས་ལ་ཡང་དག་པར་ན་བདག་ཡོད་དམ་མེད་པ་ཡིན། ་བདག་ཅག་གི་ཐེ་ཙོམ་དེ་དག་ཁྱོད་ཀྱིས་བསལ་བའི་རིགས་སོ།། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་ལུས་ལ་ནི་བདག་ཡང་དག་པར་ཡོད་དོ་ཞེ་འམ། མེད་དོ་ཞེས་གཉི་གར་ཡང་འདིར་བརྗོད་པར་མི་བྱ་སྟེ། ་ཡང་དག་པར་ཡོད་དོ་ཞེས་བརྗོད་པ་ན་མེད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།། གལ་ཏེ་ཡོད་ན་ཇི་ལྟར་ན་དེ་སྒྲ་དང་། སེན་མོ་དང་། ལྤགས་པ་དང་། མགོ་བོ་དང་། ཤ་དང་། རུས་པ་དང་། རྐང་དང་། ཚིལ་དང་། རྒྱུས་པ་དང་། ་མཆིན་པ་དང་། རྒྱུ་མ་དང་། མིང་བ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་། ཉིང་ལག་ལ་སོགས་པ་ལུས་ཐམས་ཅད་ཀྱི་ཕྱི་དང་ནང་དུ་བཅས་པ་ལ་རྣམ་པར་བརྟགས་ན་བདག་ཡང་དག་པར་མི་སྡང་ངོ་།། མུ་སྟེགས ་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་མཐོང་གིས། བདག་ཅག་རྣམས་ནི་ཤའི་མིག་ཅན་ཡིན་པས་བདག་ཡང་དག་པར་ཇི་ལྟར་མཐོང་། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག ་དང་ལྡན་པ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། གང་ལ་ཁ་དོག་མེད་པ་དང་། གཟུགས་མེད་པ་དང་། དབྱིབས་མེད་པ་དེ་ཇི་ལྟར་མཐོང་བར་འགྱུར། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅི་མེད་པ་ཡིན་ནམ།། ཐེག་པ་ཆེན ་པོ་པ་རྣམས་ཀྱིས་སྨྲས་པ། མེད་དོ་ཞེས་བརྗོད་པ་ན་ཡོད་དེ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།། གྲལ་ཏེ་མེད་ན་ཇི་ལྟར་འདི་མངོན་སུམ་དུ་ཡོད་པར་རྗེ་བ་དང་། རྒོད་པ་དང་། དྲུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། ་ཕྲ་དོག་དང་། ཕྲ་མ་ལ་སོགས་པ་ཀུན་དུ་འབྱུང་བར་འགྱུར། དེ་བས་ན་མེད་དོ་ཞེས་པར་ཡང་མི་རུང་སྟེ། ཡོད་དམ་མེད་ཅེས་གང་འདི་ལྟར་བརྗོད་པར་མི་བྱ་སྟེ། ཉེས་པ་འདི་ཡོད་པས་ན་ཡོད་པའོ་ཞེའམ། མེད་པའོ་ཞེས ་བརྗོད་པར་མི་བྱའོ། ། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། འོ་ན་འདིར་གང་ཞིག་དམིགས་པར་འགྱུར། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། དམིགས་པར་གྱུར་པ་ནི་ཅི་ཡང་མེད་དེ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅི་ནིམ ་མཁའ་ལྟར་སྟོང་པ་ཉིད་ཡིན་ནམ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་དེ་དེ་བཞིན་ཏེ། ནམ་མཁའ་ལྟར་སྟོང་པ་ཉིད་ཡིན་ནོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་རྩེ་བ་དང་། རྒོད ་བ་དང་། དུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་ཁྲག་དོག་དང་། ཕྲ་མ་ལ་སོགས་པ་ཇི་ལྟར་བལྟ་བར་བགྱི། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྣུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་འདྲ་བ་ཡིན་ནོ།། མུ་སྟེགས ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་ནི་ཇི་ལྟ་བུ་ལགས། རྨི་ལམ་དང་། མིག་འཕྲུལ་ནི་ཇི་ལྟ་བུ་ལགས། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མིནི་མཚོན་པ་ཙམ་མོ།། རྨི་ལམ་ནི་སོ་སོར་སྣང་བ་ཙམ་སྟེ། གཟུང་བར་བྱ་བ ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པ། ཡོད་པ་མ་ཡིན་པའི་ངོ་བོ་ཉིད་དོ།། མིག་འཕྲུལ་ནི་བཅོས་མ་ཙམ་དུ་དགོས་པའོ།། གྲོགས་པོ་དག་དེ་དེ་བཞིན་ཏེ། དངོས་པོ་ཇི་སྙེད་པ་ཐམས་ཅད་ནི་སྒྱུ་མ་དང་། རྨི་ལམ་དང་། མིག ་འཕྲུལ་དང་འདྲ་བར་ཤེས་པར་བྱའོ། ། གཞན་ཡང་ཀུན་རྫོབ་དང་། དོན་དམ་པ་དག་བསྟན་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི་འདི་ནི་བདག་གོ། འདི་ནི་གཞན་ནོ་ཞེས་བྱ་བ་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། ་བྱེད་པ་པོ་དང་། ཚོར་བ་པོ་དང་། ནོར་དང་། བུ་དང་། ཆུང་མ་དང་། མཛའ་བཤེས་དང་། ཉེ་དུ་ལ་སོགས་པར་རྟོག་པ་དེ་ནི་ཀུན་རྫོབ་ཅེས་བྱའོ།། གང་ལ་བདག་མེད་པ་དང་། གཞན་མེད་པ་དང་། སྲོག་མེད་པ་དང་། སྐྱེས་བུ་མེད་པ་དང་། ་གང་ཟག་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པ་དང་། ནོར་མེད་པ་དང་། བུ་མེད་པ་དང་། ཆུང་མ་མེད་པ་དང་། མཛའ་བཤེས་མེད་པ་དང་། ཉེ་དུ་ལ་སོགས་པ་མེད་པ་དེ་ནི་དོན་དམ་པ་ཞེས་བྱའོ།། གང་ལ་རང་བཞིན ་ཀྱིས་དངོས་པོ་ཐམས་ཅད་དུ་ཡོངས་སུ་བཏགས་ཤིང་དགེ་བ་དང་། མི་དགེ་པའི་འབྲས་བུ་དང་། སྐྱེ་བ་དང་། འགག་པ་ནི་ཀུ་རྫོབ་བོ།། དགེ་བ་དང་། མི་དགེ་བའི་འབྲས་བུ་མེད་པ་དང་། སྐྱེ་བ་མེད་པ་དང་། འགས ་མེད་པ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དེ། དེ་ནི་དབུ་མའི་ཆོས་རྣམས་ཀྱི་སྒྲུབ་པ་ལྷུར་ལེན་པའོ།། དེ་ལ་འདི་སྐད་ཅེས་བྷྱསྟེ། ཀུན་རྫོབ་དང་ནི་དོན་དམ་པ་སྟེ། དབྱེ་བ་གཉིས་སུ་ཡ ་དག་པ་གང་། ། ཀུན་རྫོབ་འཇིག་རྟེན་པའི་ཆོས།། དོན་དམ་འཇིག་རྟེན་འདས་པའོ།། ཀུན་རྫོབ་ཆོས་ལ་ཞུགས་པ་ཡི།། སེམས་ཅན་ཞེ་མངས་དབང་དྲ་ཐོ།། དོན་དུམ་ཡོངས་སུམ་གས་པས།། འཁོར་བར་ལྡན་རིང་འཁོད་བར ་འགྱུར། ། ཀུན་རྫོ་བའིའཇིག་རྟེན་ཆོས་རྣམས་ལ།། མི་མཁས་པ་དག་རྟོག་པར་བྱེད།། ཀུན་དུ་རྟོག་པ་དེ་ཡིས་ནི།། སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར།། ཇི་ལྟར་སོ་སོར་སྐྱེ་བོ་ཡི།། བྱིས་པས་གྲོལ་ལམ་མི་ཤེས་པས།། མི་ཟང ་པའི་སྡུག་བསྔལ་དག། མང་པོ་རྗེས་སུ་མྱོང་བར་འགྱུར།། གང་དུ་སྲིད་པ་འགག་འབྱུང་བའི།། དོན་དམ་དག་ནི་མི་ཤེས་པས།། སྐྱེ་བ་དང་ནི་འགག་འགྱུར་ཞིང་།། སྐྱེ་མེད་འགྲོ་དང་འོང་བར་འགྱུར།། འཇིག་རྟེན་ཆོས་ལ་གནས་པ ་ཡི། ། བླུན་པོ་འཁོར་ལོ་བཞིན་དུ་འཁོར།། སྡུག་བསྔལ་གནས་ཅན་འཁོར་བ་འདིར།། ཡང་དང་ཡང་དུ་འཁོར་བར་འགྱུར།། ཇི་ལྟར་ཉི་མ་ཟླ་བ་དག། སླར་ཡང་འོང་ཞིང་འགྲོ་བར་བྱེད།། དེ་བཞིན་སྲིད་པར་འཕོ་བན།། སླར་ཡང ་འོད་ཞིང་འགྲོ་བར་འགྱུར། ། འཁོར་བ་ཐམས་ཅད་མི་རྟག་ཅིང་།། མི་བརྟན་སྐད་གཅིག་འཇིག་པ་ཉིད།། དེ་བས་དོན་དམ་ཤེས་པ་ཡིས།། ཀུན་རྫོབ་བདེན་པའི་གནས་སྤོང་ངོ་།། མཐོ་རས་གནས་ནས་ལྷ་རྣམས་དང་།། དྲི་ཟ་ལྔམ ་རྣམས་ཀྱང་ནི། ། ཀུན་ལ་འཕོ་བ་ཡོད་གྱུར་པ།། ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན།། གྲུབ་དང་རིགས་འཛིན་གནོད་སྦྱིན་དང་།། དྲི་ཟ་དང་ནི་ལྷོ་འཕྱེ་རྣམས།། སླར་ཡང་དམྱལ་བར་འགྲོ་འགྱུར་བ།། ཀུན་ཀྱང་ཀུན་རྫོབ་འབྲས་བུ ་ཡིན། ། གང་ཞིག་བརྩོན་དྲག་ལྷ་རྣམས་དང་།། ཡོན་ཏན་འབྱུང་གནས་ལ་གནས་གང་།། མཐོ་རིས་ལས་འཕོ་ལྷུང་གྱུར་པ།། ཐམས་ཅད་ཀུན་རྫོབ་འབྲས་བུ་ཡིན།། བརྒྱ་བྱིན་འཁོར་ལོས་བསྔར་ཉིད་དེ།། གང་གིས་དམ ་པའི་གནས་ཐོབ་ནས། ། སླར་ཡང་བྱོལ་སོར་སྐྱེ་གནས་འཇུག། ཐམས་ཅད་ཀུན་རྫོབ་འབྲས་བུ་ཡིན།། དེ་བས་མཐོ་རིས་ལྷ་རྣམས་ཀྱི།། བདེན་པ་བཟང་པོ་ཀུན་སྤོང་ལ།། བྱང་ཆུབ་སེམས་ནི་འོད་གསལ་བ།། རྣལ་འབྱོར ་པས་ནི་རྟག་ཏུ་བསྒོམ། ། དངོས་པོ་མེད་ཅིང་དམིགས་སུ་མེད།། ཐམས་ཅད་སྟོང་པ་གནས་མེད་པ།། སྤྲོས་པ་རྣམས་ལས་ཡང་དག་འདས།། བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན།། སྲ་བ་མ་ཡིན་འཇམ་པ་མིན།། ་དྲོ་བ་མ་ཡིན་གྲང་བ་མིན།། དེ་ནི་རེག་མིན་གཟུང་བ་མིན།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། རིང་པོ་མ་ཡིན་ཐུང་པ་མིན།། ཟླུམ་པོ་མ་ཡིན་གྲུ་གསུམ་མིན།། ཕྲ་བ་མ་ཡིན་སྡོམ་པའང་མིན།། བྱང་ཆུབ་སེམས་ཀྱི་མཚན ་ཉིད་ཡིན། ། སྒོམ་པ་རྣམས་ལས་རྣམ་འདས་ཤིང་།། མུ་སྟེགས་རྣམས་ཀྱི་སྤྱོད་ཡུལ་མིན།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། དཔེ་མེད་བསྒོམ་དུ་མེད་པ་དང་།། མཐོང་མིན་གནས་ཀྱི ་མཆོག་སྔར་ལ། ། རང་བཞིན་གྱིས་ནི་རྣམ་དག་པ།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། ཐམས་ཅད་ལྔ་བསྡུ་བུ་སྟེ།། ཆུ་བྲང་ལྟ་བུང་སྙིང་པོ་མེད།། ག་པ་མ་ཡིན་བདག་མེད་པ།། སྒྱུ་མ་མིག་སྤྱ་ག་དང་མཚུངས།། གོང་བུ ་བཞིན་དུ་བསྡུས་བྷ་ཧཱ། ། སྨོས་པ་རྣམས་ཀྱིས་ཡོངས་སུ་གང།། འདོད་ཆགས་ཞེ་སུང་ལ་སོགས་སྣང།། དེ་ནི་སྠཱན་ཚུངས་འབ་ཞིག་ཡིན།། ཇི་ལྟར་ནདན་ཅིག་ས་ནི།། སྐད་ཅིག་ལ་མི་མཐོང་།། ཤེས་རབ་བ་རོ་ལྗིན ་མཐོང་ན། ། དེ་བཞིན་པོ་ནི་འདུམ་བྱས།། རྟག་ཏུ་རྒོད་ཅིང་རྩ་བ་དང་།། སྨྲ་ཞིང་བུ་དང་རོལ་མོ་དང་།། གཞི་ལ་སོགས་པའི་བདེན་པ་རྣམས།། དེ་དག་ཐམས་ཅད་ཟིལ་མ་མཚུངས།། ལུས་ཅན་ཀུན་གྱིས་འདུ་བྱས་པ།། དི་བུར་རྨིལམ ་དང་མཚུངས་ལ། ། རྨི་ལམ་སེམས་ཀྱི་ཀུན་རྟོག་སྟེ།། སེམས་ཀྱང་ནམ་མཁའ་ལྟ་བུ་ཡིན།། གང་ཤིག་ཚུལ་འདི་རྟག་སྒོམ་པ།། ཤེས་རབ་པ་རོལ་ཕྱིན་པའི་ཚུལ།། གང་ཤིག་འདི་ནི་རྟག་སྒོམ་པ།། དངོས་པོ་ཀུན ་ལས་རྔམ་གྲོལ་ནས། ། གོ་འཕང་མཆོག་ནི་ཐོབ་པར་འགྱུར།། བླ་ན་མེད་པའི་བྱང་ཆུབ་གང་།། སངས་རྒྱས་ཀུན་གྱིས་རྣམ་བསྒོམས་པ།། བསྒོམས་དང་བཅས་པས་འཛིན་ན་ནི།། ཐེག་ཆན་འབྲས་བུ་འཐོབ་པར་འགྱུར།། འཕགས་པ ་བདག་མེད་པ་དྲིས་པའིས་བྱ་བ་ཐེག་པ་ཆེན་པོའི་མེད་རྫོགས་སྷོ། ། ། རྒྱག་གྱི་མཁན་པོ་ག་མ་ལ་གྲུབ་ཏ་དང་། ཞུ་ཆེན་གྱི་ལོ་ཙྪབ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ག། ་