CLOSE WINDOW

Q833: 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

སེཤེས་སྔ་ལ་སྔགས་པས་པཤཱ་ཅང་ས་ཏ་གཏན་ལ་རག་།། ། ཐཱ་ཤྭཱ་ད་། ཎཿ་རྣས་པ་མན་ན་བ་དྷཱ་། བ་གྶ་རྦ། ཥྱ་ས་ཕྲུ་། ཙྪོ་གིས་ནས་པནས་དྷཱ་། ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་རུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབན་གྱི་རྒོ་ཕུང་པོའི་རིལ་དགེ་སོང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་ག ་འདུན་ཆེན་པོ་དང་། ཁབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོད་སྟན་ལས་ལངས་ཏེ་གྲགས་ཟག་པ་གཅིག་ཏུ་གཟུ་ནས། ཁྲུས་མ་གཡས་པའི་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མན ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བེ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙན་པ་འདི་ནུབ་པར་བགྱིད་པའི་སེམས་ཅན་གང ་ལགས་པ་དེ་དག་ཇི་ལྟ་བུ་དག་ཅི་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི། བཅོམ་ལྡན་འདས་ཀྱིས ་གསུངས་པ་སྟེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ།། དེ་ལ་དགེ་སློང་གི་གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ།། ལྷོད་པའི་གནས་ནི་ཚུལ་ཁྲིམས་འཚལ་བའི་ཕྱོགས་གང་ཡིན་པའོ།། ཡུལ་འཁོར ་སྤྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པའི་དགེ་སློང་གིས་ནི་གནས་གཉིས་ལ་བསླབ་པར་བྱའོ། ། གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་དུ་བསྲུང་བར་བྱ་བ་དང་། བདག་ཉིད་ལ་ངེས་པར་བསམ་པར་བྱའི་བ ་རོལ་ལ་ངེས་པར་བསམ་པར་མི་བྱའོ། ། དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱིའི་ཕ་རོལ་ལ་ངས་པར་བསམ་པར་མི་བྱ་ཞེ་ན། དེས་འདི་ལྟར་བརྟག་པར་བྱསྟེ། ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོད ་བ་ཡིན་ནམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ།། གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན། ་ནནི་དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱའོ།། ཆོ་ག་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱའོ།། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བས་ཡང་དག ་པར་བླངས་ཏེ་བསླབ་པར་བྱའོ། ། བསླབ་པའི་གཞི་རྣམས་ལ་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ།། འཚེ་བ་ཡོངས་སུ་དག་པ་དང་སླད་དུ་མེད་པར་ཡང་བྱའོ།། བརྐམ་པ་མེད་ཅིང ་ངོ་རྣམས་ལ་འཚུམས་པ་མེད་པ་དང་། ཆོས་གོས་ལ་ཚོད་ཟིན་པར་ཡང་བྱའོ།། ལྷུང་བཟེད་ལ་ཚོད་ཟིན་པར་ཡང་བྱའོ།། དེས་ཁ་ཟས་ཡོག་དྲོད་ཀྱིས་བཟའ་བར་ཡང་མི་བྱ་སྟེ། ལྷོ་མ་བཀྲེས་ཙམ་རུ་ཁ་ཟས་བསྙུངས ་པདེས་བསླབ་པར་བྱའོ། ། དེས་ཁ་ཟས་ལ་རྟག་ཏུ་རྒྱུན་མི་ཆད་པར་མི་གཙང་བའི་འདུ་ཤེས་བསྐྱེད་པར་བྱའོ།། འདི་ལྟ་སྟེ། ཕྱི་ས་དང་། གཅིན་གྱི་འདུ་ཤེས་དང་། ནག་གི་འདུ་ཤེས་དང་། སྡུག་པའི་འདུ་ཤེས་དང་། མི་གཙང་བ ་འདྲ་ཤེས་དང་། རྦ་བསུ་བ་ལྟ་བུའི་འདུ་ཤེས་དང་། དམན་པའི་འདུ་ཤེས་དང་། མི་མཐུན་པའི་འདུ་ཤེས་དང་། ཤྲ་བ་ལྟ་བུའི་འདུ་ཤེས་དང་། དོང་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་སྐྱེད ་པར་བྱསྟེ། དེས་དེ་ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ།། དེས་ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྟག་ཏུ་དབེན་པ་ལ་མངོན་པར་དགའ་བར་བྱ་སྟེ། ཐེ་མ་གཏམ་ལ་དགའ་བར་མི ་བྱའོ། ། རི་དགས་འཆི་བ་ལྟ་བུ་དང་དུ་བླང་བར་བྱའོ།། དབེན་པར་བྱའོ།། བེན་པ་ལ་མངོན་པར་དགའ་བར་བྱའོ།། དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ།། དེས་པ་དང་འགྲོགས་ན་བདེ་བར ་བྱའོ། ། འཇིག་རྟེན་གྱི་གཏམ་ལ་མི་རྟེན་པར་བྱའོ།། ཚང་སྤྱོད་པ་སྤང་བར་བྱའོ།། སྨན་སྤྱད་ལ་དགའ་བ་དང་། ཕྲིན་པ་ལ་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲལ་བར་མི་བྱའོ།། འདུག་པ་དང་། འགྲེང་བ་དང་། ་འཆག་པ་དང་། ཉལ་བ་ལ་མཁས་པར་བྱའོ།། རབ་ཏུ་དབེན་པ་དང་། དགོན་པར་དགའ་བ་དང་། ཞི་བའི་གནས་ལམ་སྒྲ་ཆུང་བསད་ཆུད་པ་འཇིགས་པའི་ཡིད་ལ་བྱེད་པ་མེད་པ། སྡིག་སྦྲུལ་མེད་པ། མི་མང་པོ་མེད་པ་མིས་དབེན་པ ་ནང་དུ་ཡང་ག་པར་འཇོག་དང་འཚམ་པ་བསྟེན་པར་བྱའོ། ། བདག་སྟོད་པར་ཡང་མེ་བྱ། གཞན་སྨད་པར་ཡང་མི་བྱའོ།། ཚུལ་འཆོས་པ་དང་ཁ་གསག་མི་བྱའོ།། རྟག་ཏུ་རྒྱུན་མི་འཆད་པར་སྐྱོ་བའི་སེམས་བསྐྱེད་པར་བྱའོ།། ་དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདྲ་ཞིང་འདྲིས་པར་མི་བྱའོ།། སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ།། བསྒོམ་པར་བྱ། མང་དུ་བྱའོ།། དེས་རིགས་པ་དང་མི་ལྡན་པའི་དགེ་སློང་དང་ལྷན་ཅིག་ཕྲད་པ་སྤང་བར། ་བྱའོ།། དགེ་སློང་མ་དང་འདྲིས་པར་མི་བྱའོ།། འདོད་པ་ཆུང་པར་ཡང་བྱའོ། དེ་ནི་རྟག་ཏུ་བདག་ཉིད་ཀྱི་འཁྲུལ་པ་རྣམས་ལ་སོ་སོར་རྟག་པར་བྱའི་གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར་མི་བྱའོ།། ཕ་མ་ལ་ཡང ་ཡིད་བརྟན་པར་མི་བྱ་ན་རིགས་གཞན་ལྟ་ལ་ཅི་སྨོས། ཤིན་དུ་ཡང་དག་པར་སྔམ་པ་ཅན་དུ་བྱའོ།། ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ།། དམྱིགས་པ་ལ་མཁས་པར་བྱའོ།། དབེན་པའི་གནས་ལམ་དུ་གནས། ་པར་བྱའོ།། འཐུན་པ་ཡང་གཞན་དག་ལ་སྨྲ་བར་མི་བྱིན་མི་མཐུན་པ་ལྟ་ཅི་སྨྲས། དེས་ཆོས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག་པར་བྱའོ།། ཆོས་ཟབ་མོ་རྣམས་ལ་བཏག ་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མིག་མི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།། དེའི་སྐྱེ་བ་དང་འཇིག་པ་ལ་ཡང་སོ་སོར་བརྟག་པར་བྱའོ།། དེ་ལ་སྐྱེ་བ་དང་། འཇིག་པ་ལ་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་མེད་པ་ལ་སོ། ་སོར་རྟོག་པའོ།། དེ་ཅིའི་ཕྱིར་ཞེན། མིག་ཅེས་བྱ་བ་ནི་མེད་ཅེས་བྱ་བ་གྱུར་རོ།། ཚིག་དང་གཟུགས་དང་མིག་ག་རྣམ་པར་གས་པ་ན་དམིགས་པ་མ་ཡིན་གྱི་མེད་པར་དམིགས་པ་ཡིན་ནོ།། ཅིའི་ཕྱིར་ཞེམ་ཚས་ཐམས་ཅད་ན ་དམིགས་པ་མེད་པའི་ཕྱིར་རོ། ། དེས་རྣ་བའི་རྟེན་བསམ་པ་དཅིག་དོང་།། སྔ་དང་། ལྡེ་དང་། ལུས་དང་། ཡིད་ཀྱི་རྟེན་པསམ་པར་མི་བྱའོ།། ཅི་ཡང་རུང་བའི་བརྟེན་བསམ་པར་མི་བྱའོ།། དེ་ལྟར་བྱས་ན་ཅི་ཞིག་བས་མ ་ཡིན། དེ་བཞིན་དུ་ཆོས་རྣམས་སྟོང་པར་ཡང་བརྩོན་པར་བྱའོ།། དེ་ལྟར་བརྩོན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། ་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་རོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་འདུ་འཛི་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་པི་ནཿ། ་དེདེ་དག་གིས་ཟག་པ་ཟད་པ་ཐོབ་པར་འགྱུར་རོ།། དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེན། ཡུལ་འཁོར་སྐྱོང་འདི་ན་དགེ་སློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན ་པ་ཡིན། ། ཆོས་གོས་ཅེས་པར་འཛིན་པ་ཡིན།། ལྷུང་བཟེད་གཅེས་པར་འཛིན་པ་ཡིན།། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན་དང་། འགྲོན་དུ་གཉེར་བ་ཚན ་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར་བྱེད་དེ། འདྲིས་པར་གྱུར་ནས་རྒྱུན་མི་ཆད་བང་མིག་གིས་གཟུགས་རྣམས་ལ་ངེས་པར་སམ ་སོ། ། དེ་དེ་སེས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ།། ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དེ། ཉེས་པ་ལྕི་བ་དེ་བྱེད་པ་འམ། ཡང་ན་ཆུང་ངུ་བྱེད་ཅིང་། འདུག་པར་འགྱུར་ཏེ། ཡུལ ་འཁོར་རྐྱོང་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ། ། ཡུལ་འཁོར་སྐྱོར་ཅིའི་ཕྱིར། དགེ་སློང་ལྟར་བཅོས་པ་ཡིན་ཞེ་ན། དགེ་སློང་ལྟར་བཅོས་པདེ་དེ་བཞིན་གཤེགས་པས་མལ་ཆ་དང་སྟན་གནང་བ་ཐ་མ ་པ་གང་ལ་དགེ་སྦྱོང་གནས་པའི་མལ་ཆ་དང་། སྟན་གང་ཡིན་པ་མི་ཐུན་པོ་དེས་སྤངས་ནས། ཆོས་གོས་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས་བུད་མེད་དང་འདྲིས་པར་བྱེད་ཅིང་ཁྱིམ་པ་དང་འདྲིས་པར་བྱེད་ན་འདྲིས་པར་གྱུར་པའི་མི ་བླུན་པོ་དེ་ལ་དགེ་སྦྱོང་གི་ཚུལ་ལྟག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལ་ཡང་སུན་འབྱེན་ཅིང་གཤེ་བར་བྱེད་ལ་དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། དགོན་པའི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། ་གང་ལ་དེའི་སེམས་མངོན་པར་དགའ་བའི་འདོད་པ་རྣམས་འབའ་ཤིག་གིས་བསྔགས་པ་རྗོད་པར་བྱེད་ཅིང་གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོའི་གཏམ་འབའ་ཤིག་གི་བསྔགས་པ་བརྗོད་པར་བྱེད་ལ། དགེ་སློང་གི་གནས ་གང་ཡང་རུང་བ་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ། ། གང་ལ་ལས་དེ་བཞིན་གཤེགས་པས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདུ་འཛིར་མི་འགྱུར་བར་བྱའོ་ཞེས་གསུངས་པའི ་མདོའི་ཚིག་དེ་བོར་ནས་དགེ་སློང་གི་ཚུལ་མི་འདོད་ཅིང་དགེ་སྦྱོང་གི་དངོས་པོ་མི་འདོད་དེ། ཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོགས་པར ་བྱེད་པའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས་གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ།། མི་ཐུན་པོ་དེ་དག་ནི་བཅོས་མ ་སྟེ། མགོ་བྲེགས་པས་བཅོས་པ་དང་། གོས་ངུར་སྨྲིག་གྱོན་པས་བཅོས་པའོ།། རྒྱུ་གང་གིས་བཅོས་མ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨད་པ་གང་ཡིན་པ་མི་བླུན་པོ་དེ ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད། རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་བར་བྱེད། རང་ཉིད་གཡོས་དང་། འཚེད་པའི་ལས་བྱེད། གསེར་དང ་དངུལ་བདག་གི་བྱེད། བྲེ་རྒོད་དང་འབྲུ་ལ་སོགས་པ་སོགས་པར་བྱེད།། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའི་ར་བའི་གཞི་ཉ་ཚང་བྱེད་ཅིང་ཚལ་ཟའི་འཚ་བ་སྦྱོང་བར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་བཞི་དང་། ་ཀུན་དགའ་བའི་གཞི་ལེན་པར་བྱེད། ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་མི་ཆེས་ཤིང་སོ་སོར་ཐར་པ་ལ་ཡང་མ་དང་ནས་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བག། དེ་ལ་བདེན་པར་འཛིན། དར་སྤྱོད་ལམ་བྱེད། དགེ ་སྦྱོང་དུ་འདྲ་བར་འཛིན་ཅིང་གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་བ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་བསྔགས་པར་བྱེད། གང་ཟག་ཏུ་ལྟ་བ་དང་། གཅེར་བུ་བ་དང་མཚུངས་པར་སྟོན་པས། སྐྱེ་བ ་ཟང་པོ་འདྲད་པར་བྱེད་ཅིང་འགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམིགས་ནས་མུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ།། ཡུལ་འཁོར་བྱུང ་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་ནི་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། དགེ་སློང་ཚུལ་ཁྲིམས་རྣམས་ལ་བསྡམ་ས།། ཞི་ཞིང་ཞི་བའི་གནས་ལ་དགའ།། སོ་སོར་ཐར་པ་སློབ་བྱེད་པ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། ཆོས་རྣམས་གཙ ་བླངས་ནས་ནི། ། ཅི་ཡང་མེད་པའི་དགེ་སློང་བ།། བས་མཐའ་དགོན་པ་རྣམས་སུ་དགའ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། དེ་དག་བྲེ་མོ་གཏམ་མི་དགའ།། སོ་སོར་ཐར་རྣམས་ལེགས་པར་བསླབས།། གང་ཟག་མཆོག ་ལ་ཉེན་མཚན་དུ། ། བསྲུར་སྟེ་ཆེན་པོ་བྱེད་པ་ཡིན།། ནེང་ཡང་མི་རྨེད་ཚང་མི་བྱེད།། ལྷུང་བཟེད་ཆོས་གོས་རྙེད་མ་ཚལ།། ལེན་པ་མེད་པར་བརྩོན་པ་གང་།། དེ་དག་སངས་རྒྱས་ཉན་ཐོས་ཡིན།། དེ་དག་བུད་མེད ་བསྟེན་མི་བྱེད། ། བུད་མེད་རྣམས་དང་འདུ་བ་མེད།། ཤིང་དྲུང་རྣམས་ནི་བསྔགས་པར་བྱེད།། དེ་དག་སངས་རྒྱས་ཉན་ཐོས་ཡིན།། ཟས་དང་སྐོམ་གྱི་དོན་གྱི་ཕྱིར།། གཙམ་གསག་དག་ཀྱང་ཡོད་མི་བྱེད།། དེ་འདྲར་གྱུར་པ་དེ་དག་ནི།། ་དགེ་སློང་མ་ལ་བསྟེན་མི་བྱེད།། མཚོན་རྡོ་ཇི་ལྟར་བདར་བ་བཞིན།། བུད་མེད་རྣམས་ནི་དེ་འདྲར་ཤེས།། སོ་སོར་ཐར་ལས་བྱུང་བ་བཞིན།། བུད་མེད་འདུ་ཤེས་སྤོང་བར་བྱེད།། ངེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང ་གོས་ཀྱི་ཕྱིར། ། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོན་པར་མི་བྱེད་དོ།། དགེ་སློང་རྣམས་ཀྱི་བུད་མེད་རྣམས།། བལྟ་བར་མི་བྱ་རྫོགས་སངས་གསང་དེ་ལ་ཤེས་ལྡན་སུ་ཞིག་རྟོན།། དེ་ནི་བདུད་ཀྱི་སྤྱོད ་ཡུལ་ཡིན། ། དེ་དག་གིས་ནི་མེད་པར་སྤྲས།། རོ་དང་ཉལ་བ་བཞིན་དུ་ཉལ།། དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན།། འདྲུ་འཛི་བསྔགས་པར་མི་མད་དོ།། ཆོས་རྣམས་སྲོག་མེད་གསོ་བ་མེད།། གསོག་དང་གསོབ་དང ་སྙིང་པོ་མེད། ། སྟོང་པ་ཉིད་ལ་མོས་བྱེད་པ།། དེ་ནི་དགེ་སློང་ཆོས་ཉིད་དོ།། རྟག་ཏུ་བརྩོན་འགྲུས་ཕུན་སུམ་ཚོགས།། གཅིག་པུ་དགོན་པར་གནས་བྱེད་དང་།། འཇིག་རྟེན་ན་ནི་རྟེན་མེད་སེམས།། དེ་ནི་དགེ་སློང་ཆོས་ཉིད་དོ།། ་ར་གི་བཞིན་དུ་འཇིགས་པ་མེད།། ཚངས་པར་སྤྱོད་ལ་གནལ་བར་བྱེད།། སྡུག་བསྐལ་ཀུན་ལས་ཐར་བྱའི་ཕྱིར།། ཤེས་རབ་ལྡན་པས་ལས་ལ་བམྦྷས།། མིག་དང་གཟུགས་ནི་ཆལ་གཱ།། དེ་ག་གིས་ནི་རྣམས ་རྙེད། ། དངོས་པོ་དེ་ཡང་ཚོལ་བ་ན།། བཅད་པ་གང་སེང་མི་རིད་དོ།། སྔོན་ཡང་མི་བྱུང་དབྱེར་མི་འབྱུང་།། དབུས་ནའང་ཡོད་པ་མ་ཡིན་ཏེ།། དེག་བུ་ཡི་ངན་གྱིས་ན།། ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར།། ངེས་པ་དེ་དག་ཟས་ཕྱིར ་དང་། སྐོམ་གྱི་ཕྱིར་དདགོས་ཀྱི་ཕྱིར།། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོན་པར་མི་བྱེད་དོ།། རྒྱུ་མེད་ངེས་པ་བཟང་བ་ཡིན།། དེ་དག་སངས་རྒྱས་བསླབ་པ་རྣམས།། འདའ་ཞིང་འཇིག་པར་མི་བྱེད་དེ།། བརྟུལ ་བཟང་སྟོང་ཉིད་སྐྲག་པ་མེད། ། འཇིགས་པ་མེད་པར་འཇུག་པར་བྱེད།། ལྟ་བ་མི་བཟད་འཇིགས་མི་བྱེད།། སེམས་ཅན་གང་ཟག་དངོས་མི་འཇིག། དཀར་པོའི་ཆོས་རྣམས་ཐམས་ཅད་ལ།། ཤིན་ཏུ་བརྟན་པར་གནས་པ ་ཡིན། ། བརྟན་པོ་དེ་དག་འཇིག་རྟེན་ན།། མྱ་ངན་འདས་པའང་རེག་གྱུར་ནས།། མཆོད་པའི་གནས་སུ་འོས་པར་འགྱུར།། གང་དག་ཤེས་རབ་འཚལ་བ་དང་།། ལེ་ལོ་ཅན་དང་དམན་ལ་བརྩོན།། ཐོས་པ་ཉུང ་དང་སྡིག་པ་འདོད། ། ང་རྒྱལ་ཐ་བ་ཁྲོ་འབྱུང་གནས།། མགོ་ལ་སྤུ་གྲི་བསྟེན་བྱེད་ཅིང་།། ཤིང་གི་ཁབ་སྒྱུར་ཆོས་གོས་གྱོན།། སྟོང་པ་ཉིད་ནི་དོན་མེད་པ།། དེ་ནི་མཁས་པ་སྒོམ་མི་བྱེད།། ཆོས་ལ་སུན་འབྱིན་ཐེག་ཆེན་གྱི།། ་བསྔགས་པ་མ་ཡིན་བརྗོད་པར་བྱེད།། གང་ཞིག་ཆོས་འདི་བསྟན་པ་རྣམས།། ཇི་ལྟར་བསྟན་པ་དེ་བཞིན་དུ།། ནག་པོའི་ཕྱོགས་ལ་ཀུན་དུ་ཆགས།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང་བ་ལ་མངོན ་པར་བསྟོད་དོ། ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་བི་ཀུ་རྦ་ན་ར་ཛཱ་བ་རི་བྲི་ཙཱ་ནཱ་མ་མ་ཧཱ་ཡཱ་ན་སྭ་ཏྲ། བོད་སྐད ་