| Wylie | e-texts produced with BDRC’s OCR application |
རྒྱག་དསྐདདྱ། ཨཱདྱ་ཤྲཱི་བ་སུ་པ་བྲིཙྪནཱ་མ་མཧཱ་ཡཱན་སཱུ་ཏྲ། བོ་སྐ་། འཕགས་པ་དཔལ་དབྱིག་གིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅན ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་ན་སྨིན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག ་བཞུགས་ཏེ། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ་བཱརཱ་ནཱ་སཱིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་གའ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་འདས་ཤིང་གཤེགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེང་དཔོན་གྱི་བུ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་འདས་ཤིང་གཤེགས་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་སྙེད་ཅིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེ་དགྲངས་མེད་པ། ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ།། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་ད་ལྟར་བཞུགས་ལ ་འཚེ་ཞིང་བཞེས་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ལྟར་མི་བ ་འམ། མི་སྟོང་ངམ། མི་འབུམ་གྱིས་སྔོན་འབད་དེ་བསུལ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ན། བཅོམ་ལྡན་འདས་བདག་གིས་ཀྱང་འབད་དེ་བསྩལ་ན་ཅིའི་སླད་དུ་དེ་མི་ཐོབ། མི་རྟོགས་ཀྱིས ་དེའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་དེ་ཀ་རབརྩི་བ་དང་། ཇི་ལྟར་གནས་པར་བགྱི་བ་དང་། དེ་ལྟར་བསྒྲུབ་པར་བགྱི་བ་བཅོམ་ལྡན་འདས་ཀྱིས་བདག་ལ ་སྦྱར་ལེགས་པར་བསྟན་དུ་གསོལ། དེ་གད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བྱེད་པ་ལ་དབྱིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱི་རྟོག་པ་མཛེས་སོ།། ་སྤོབས་པ་དགེའོ།། ཚོང་དཔོན་གྱི་བུདེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་བྱ་བ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད ་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཚོང་དཔོན་གྱི་བུ་དཔལ་དབྱིག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ ་སེམས་དཔས་ནི་ཉིན་ཅིག་བཞིན་དུ་སྙིང་ཐག་པ་རུས་པའི་ཁོད་ནས་ཡིད་ལ་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་མི་གཏང་བར་བྱའོ།། ་ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་ཅས་པའི་ཁོད་ནས་ཡིད་ལ་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ ་བའི་ཡིད་དམ་མི་གཏང་བར་བྱའོ། ། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་ལའི་ཁོད་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་འཇིག་རྟེན་གྱི་ཁམས ་ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་མི་སྟོངས་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆག་གསུམ་བསྐལ་པ་དུ་མར་གནས་པར་དུས་གསུམ་དུ ་གསོལ་བ་གདཔལ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅད་ཐམས་ཅད་ལ་བསྐལ་པ་དུམང་ཆོས་བསྟན་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏད་བར་བྱའོ།། འཇིག་རྟེན ་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཅི་ནུས་པ་དང་། ཅི་ལྕོགས་པ་དང་། ཇི་ལྟར་གསོལ་བ་འདེབས་པ་བཞིན་དུ་ཐེག་པ་གསུམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏད ་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་བསྒྲོལ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་མྱུར་ཞིང་རིངས་པར་ཡོངས་སུ་རྫོགས་པར་འགྱུར་བར་དུས་གསུམ་དུ་གསོལ་བ ་གདབཔ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་གསུམ་ཐོབ་པར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏད་པར་བྱའོ།། ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ངན་འགྲོ་ཐམས་ཅད་ནས་གདོན་པར་དུས་གསུམ་དུ་གསོལ་པ་གདབ་པ་མི་གཏང་བར་བྱའོ།། འཇིག་རྟེན་གྱི ་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྤོང་བར་འགྱུར་བར་དྲས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིགས་པ་ཐམས་ཅད་སྤོང་བར ་འགྱུར་བར་གསོལ་བ་གདབ་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར ་བླང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ལ་སོགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དུས་གསུམ ་དུ་རྗེས་སུ་ས་རང་བས་གཏུང་བར་བྱག། ཅང་དཔན་ཐ་ཐ་གཞན་ཡང་ལས་དང་པཔའ་བྱང་ཆུབས་པས་དག་དེ་ང་ཐག་པ་རུས་པ་ང་ནས་ཡད་ས་བྷས་ཏ། སེམས་ཅན་ཐམས་ཅང ་ཀྱིས་བསམས་ནས་དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དང་། བདག་ཉིད་སྡིག་པ་སྨོད་པ་ལ་རྣམ་པར་སྨོད་པ་དང་། སྡིག་པ་སྤྱོད་པ་ལ་བཤུད་པ་དང་། སྡིག་པ་ལས་ངེས་པར་འབྱུང་བ་དང་། དགེ་བ་ཐམས ་ཅད་འདོད་པ་དང་། དགེ་བ་ཐམས་ཅད་བླང་བ་དང་། སོ་རབས་ཆེ་རབས་སུ་ཡང་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ་བར་གསོལ་པ་གདབ་པ་དང་། གཅིག་ཏུ་ངེས་པར་རྣམ་པར་དག་པའི་དགེ་བའི་སྤྱད་པ་སྤྱོད་པར ་གསོལ་པ་གདབ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བར་གསོལ་བ་གདབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར ་ལོ་བསྐོར་བར་གསོལ་བ་གདབ་པ་དང་། བསྐལ་པ་དུ་མར་ཆོས་བསྟན་པར་གསོལ་པ་གདབ་པ་མི་གཏང་པར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་ཕ་མ་ལ་གནོད ་པ་མེད་པ་དང་། བུ་དང་། ཆུང་མ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་ལ་གནོད་པ་མེད་པར་ཇི་ལྟར་མོས་པ་དང་། ཅི་ནུས་པར་དུས ་དུས་སུ་སྦྱིན་པ་སྦྱིན་པར་བྱའོ། ། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་བསླབ་པའི་གཞི་ལྔ་ལ་གནས་ཤིང་འདུག་པ་དང་། བརྟན་པོར་འདུག་པ་དང་། མི་ལྷོད་པར་འདུག་པར ་བསླབ་པར་བྱའོ། ། གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་མི་ནུས་ན་ཡང་། དེས་བཞི་འམ། གསུམ་འམ། གཉིས་སམ། དེའི་ནང་ནས་བསླབ་པའི་གཞི་གཅིག་ཙམ་ལ་ཡང་བསླབ་པར་བྱའོ།། གལ་ཏེ་བསླབ་པའི ་གཞི་གཅིག་ཙམ་ལ་སློབ་ཀྱང་མི་ནུས་ན་དེ་སྡིག་པའི་ལས་མི་དགེ་བ་གང་དང་གང་ཀུན་ཏུ་སྤྱོད་པ་དེ་ལ་ཞེན་པ་མ་ཡིན་པ་དང་། དྲག་པོ་མ་ཡིན་པའི་སེམས་དང་། མི་དགའ་བཞིན་པ་དང་། ལྟོང་བ་དང་། ཡང་བའི་སེམས་དང་། ་དོན་གྱི་དབང་དང་། དགོས་པའི་དབང་གིས་སྤྱད་པར་བྱ་སྟེ། དེས་མི་དགེ་བ་བཅུའི་ལས་ཁྲོ་བའི་དབང་དུ་གྱུར་པ་དང་། ཁོན་དུ་འཛིན་པའི་དབང་དུ་གྱུར་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བའི་དབང་དུ་གྱུར་པས་ཀུན་ཏུ་སྨད་པར་མི་བྱའོ།། ་ཀུན་ཏུ་སྤྱད་པར་འདོད་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུད་པར་བྱའོ།། སྤྱོད་ཅིང་འདུག་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུད་པར་བྱའོ།། སྤྱད་ཟིམ་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུད ་པར་བྱའོ། ། སོ་སོར་བཤགས་པར་བྱའོ།། ངེས་པར་འབྱུང་བར་བྱའོ།། ལེགས་པ་དགེ་བ་ཅི་ཡང་རུང་བ་ཞིག་ཀུན་ཏུ་སྤྱོད་པ་ན་ནི་དེས་ནི་དེ་ལ་སེམས་ཞེན་པ་དང་། དྲག་པའི་སེམས་དང་། ཚིམ་པ་དང་། མགུ་པ་དང་། ལྷོད། ་པ་མ་ཡིན་པ་དང་། ཡང་མ་ཡིན་པ་དང་། བར་ཆད་མེད་པ་དང་། དད་པ་དང་། དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བའི་དབང་དུ་གྱུར་པའི་སེམས་ཀྱིས་ཀུན་ཏུ་སྤྱད་པར་བྱའོ།། ཀུན་ཏུ་སྤྱོད་པར་འདོད་པ་ན་ཡང་སྙིང ་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི ་ཕྱི་དང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡུ་བར་བྱའོ།། ས་དཀ ་ཀུན་ཏུ་སྤྱོད་པ་འདས་པ་དང་། ས་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཡང་སྙིད་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་མངོན་པར་བསྡུས་ཏེ་བཟླུམས་ནས་རྗེས་སུ་ཡི་རང ་བར་བྱའོ། ། རྗེས་སུ་ཡེ་རད་བའི་མཆོག་དང་། བྲལ་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། བྱ་ནོམ་པ་དང་། དམ་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པ་དང་། ནམ་མཁའ་དང་མཉམ། ་བ་དང་། མྱ་ངན་ལས་འདས་པ་དང་མཉམ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱའོ།། རྗེས་སུ་ཡི་རང་ནས་ཀྱང་དགེ་བ་ཀུན་ཏུ་སྦྱང་བ་དེ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ་ཉན་ཐོས་ཐམས་ཅད་ལ་འབུལ་བར་བྱའོ།། ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དྲ་བྱ་ཞིང་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན ་ལས་བཟླ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། ། དེས་ཀཽ་ཤི་ཀའི་གོས་དང་ཙན་དན་དང་། ཨ་ག་རུའི་གདུགས་པ་ལ་སོགས་པ་དང་། ཡོ་བྱད་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ངམ། འདོད་པའི་ཡོན་ཏན་ལྔ་ལ་དགས་མགུར་སྤྱོད་དམ། 2 ་དུ་འགྲོ་བའམ། འདུ་བྱེད་དམ་བྱ་བ་ཐམས་ཅད་བྱེད་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་དེ་འབའ་ཤིག་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ ་དྲན་པར་བྱའོ། ། ཡིད་ལ་བྱའོ།། བསྒོམ་པར་བྱའོ།། ལན་མང་དུ་བྱའོ།། དེ་ལྟར་བྱས་ན་དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ལྷོང་པར་འགྱུར།། ཡང་བར་འགྱུར།། ཆུད་པར་འགྱུར།། སྲབ་པར་འགྱུར།། གསོག་དུ ་འགྱུར་རོ། ། ལེགས་པར་དགེ་བའི་ལས་ཀུན་དུ་སྤྱོད་པ་རྣམས་ལ་ནི་སེམས་ཞེན་པར་འགྱུར།། དྲག་པར་འགྱུར། མི་སྤོང་བར་འགྱུར།། མི་ཡང་བར་འབྲུབ་མི་ཆུང་པར་འགྱུར་རོ།། དེ་སྡིག་པ་མི་དགེ་བ་ཀུན་དུ་སྤྱོད་པ།། ་རྣམས་ལ་ལྷོད་པར་འགྱུར། ཡང་བར་འགྱུར། ཆུང་བར་འགྱུར། སྲབ་པར་འགྱུར། གསོག་ཏུ་གྱུར། མེད་པར་གྱུར་པ་དང་། ལེགས་པར་དགེ་བའི་རྩ་བཀུན་དུ་སྤྱོད་པ་རྣམས་ལ་སེམས་ཞེན་པར་གྱུར་པས་སྲིད་པའི་འགྲོ་བ ་གང་དང་ཕྲང་པ་དག་ཏུ་ཆུད་པར་མི་འགྱུར་རོ། ། འཁུ་བ་དང་། གསོད་པ་དང་། འཆིང་བ་དང་། རྣམ་པར་འཚེ་བ་གང་ཡིན་པ་རྣམས་ལེགས་པར་སྤངས་པ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཁོང་སུ་གཏོགས ་པའི་སེམས་ཅན་མཐའ་ཡས་མུ་མེད་པ་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་བསགས་པ་དུས་མཐའ་ཡས་པར་ཉམས་སུ་མྱོང་བར་འགྱུར་བའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་དང་། མི་ཐུག་པ ་དང་། ཟད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་འཕོངས་པའི་སྡུག་བསྔལ་དང་། ལྷ་དང་མི་དང་། ལྷམ་ཡིན་དང་། དུ་འགྲོ་དང། ཡི་དགས་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། འདོད་ཆགས་དང་། ཞེ་ང ་གཏི་མུག་གི་སྡུག་བསྔལ་བཅད་པར་བྱ་བ་དང་། དགོག་པར་བྱ་བ་དང་། རྣམ་པར་ཞི་བར་བྱ་བའི་ཕྱིར་ཞུགས་པ་དང་། བྱམས་པའི་སེམས་སུ་གྱུར་པ་དང་། སྙིང་རྗེ་ཆེན་པོའི་སེམས་སུ་གྱུར་པ་དང་། གོ་ཆ་ཆེན་པོའི་དགོས་པ་དང་། ཐེག་པ་ཆེན ་པོ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་གདུང་མི་འཆང་བར་ངེས་པར་བྱེད་པའི་ཕྱིར་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དང་། ་ཆུང་བར་འགྱུར་བ་ནས་སྲབ་པའི་བར་དུ་འགྱུར་རོ།། ལེགས་པ་དགེ་བ་ཀུན་དུ་སྤྱོད་པ་རྣམས་ནི་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའི་བར་དུ་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའི་བསམ་པ་སོགས་ཤིང་སྒོམ་པ་ཡང ་ཡོངས་སུ་རྫོགས་པ་དང་། སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་རོ།། ཚོང་དཔོན་གྱི་བུ་དེ་ལྟར་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག་རིམས་འདི་ལྟ་བུས་མཐར་གྱིས་སྲིད་པ་འདི་དང་། སྲིད་པ་ཕྱི་མ་དང་སྲིད་པ་ལན ་གྲངས་གཞན་དག་ལ་སྡིག་པ་མི་དགེ་བ་ཀུན་དུ་སྤྱོད་པ་འགྲིབ་པར་བྱེད་པ་དང་། ཆུ་ངུར་བྱེད་པ་ནས་གསོག་ཏུ་བྱེད་པའི་བར་དང་། ལེགས་པ་དགེ་བའི་ཀུན་དུ་སྤྱོད་པ་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའ ་བར་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སོགས་ཤིང་བསྒོམ་པར་བྱེད་དེ། ལེགས་པ་དགེ་བ་ཀུན་དུ་སྤྱད་པ་རྣམས་ཡོངས་སུ་སྨིན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ནས་དེའི་ཚེ་ཡུལ་དེར་དེ་ནས་དེར་ངའི་རྒྱལ་པོ་སིན་དུ་གི་རི་ཞེས་བྱ་བའི་བུ་བཅོམ་ལྡན་འདས་ལ་ལྟ་བ་དང་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཱ་རཱནཱ་སཱིར་སོང་ནས་དེ་བཅོམ་ལྡན་འདས ་རང་ཐག་མི་རིང་བཞིག་ན་འདུག་པར་གྱུར་ཏོ། ། དེ་ནས་དེར་ངའི་རྒྱལ་པོ་སིན་དུ་གི་རིའི་བུ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་གལ ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཁྱེད་ཀྱིས་ལེགས་པར་བཀའ་སྩལ་ཏོ།། བདེ་བར་གཤེགས་པ་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ།། བཅོམ་ལྡན་འདས ་བྱང་ཆུབ་ཀྱི་སེམས་ཀྱིས་གསོལ་བ་འདེབས་ཤིང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིས་ཏེ། སེམས་ཅནཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་གསོལ་བ་འདེབས་ཤིང་བརྗོད་པ་གང་ལགས་པ་དེ་ཙམ་ཡང་བཅོམ་ལྡན ་འདས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་འཕེལ་བར་འགྱུར་ཞིང་། ཡང་དག་པར་རབ་ཏུ་འཕེལ་བར་འགྱུར།། སོགས་པར་འགྱུར། གྲངས་མ་མཆིས་པར་བགྱིད། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སོགས་ཤིང་སྐོམ། ་པ་དང་། ཡོངས་སུ་རྫོགས་པར་འགྱུར་ཞིང་སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་ན་གོང་དུ་རྩོལ་ཞིང་བརྩོན་པ་མི་གཏོང་བ་ལྟ་ཅི་སྤོས་ལགས། བཅོམ་ལྡན་འདས་བདག་ཀྱང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིད་དེ ་སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། གྲོལ་བར་བགྱི་བ་དང་། དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། ཐམས། ་ཅད་མཁྱེན་པ་ཉིད་ཐོབ་པར་བགྱི་བའི་སླད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། སེམས་ཅན་མརྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ། ཡོངས་སུ ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟློ་བའི་སངས་རྒྱས་སུ་གྱུར་ཅིག། ཡང་དང་ཡང་དུལན་བརྒྱར་བརྟན་ཏེ། མཐལ་ཡས་པ་མཐའ་ཡས་པར་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ ་འདེབས་ལགས་སོ། ། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་ཀྱང་དེའི་རྗེས་ཐོགས་སུ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚོང ་དཔོན་གྱི་བུ་དཔལ་དབྱིག་དང་། དེར་ངའི་རྒྱལ་པོའི་བུ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ ་ལ་མངོན་པར་བསྟོད་དོ། ། འཕགས་པ་དཔལ་དབྱིག་གི་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། པྲཛྙཱ་པར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས ་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། རྟ་ག་སྐད་དུ། ཨཱརྱ་རང་ན་ཛྭ་ལི་པ་རི་པྲི་ཙྪནཱ་མ་མ་ཧཱ་ཡཱན་སུ་ཨུ0f7f།། བོད་གད་དུ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་ཞེས་བྱ་ག། ཐེག་པ་ཆེདན་པ ་