| Wylie | e-texts produced with BDRC’s OCR application |
སྒྲུབ་དབང་པོ། ། བྱང་ཆུབ་རྡོ་རྗེ་འདྲར་བ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་ཞིག་ཐུན་བཞིའི་ཛི་རྗེ་དག་ནི་སྦུབ་བྱེད་པ།། མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་གྲུབ་ཅིང་།། བླ་མའི་དྲིན་གྱིས་འདྲིན་མ་ནོར་ལ་མ་རྟོགས་པ།། བྱང ་ཆུབ་རྡོ་རྗེ་འདྲར་བ་ལྟ་དེ་ལ་རྟག་ཕྱག་འཚལ། ། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང་།། འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་དཔའ་དང་།། མཆོད་པ་བྱེད་པ་དང་ནི་འབྲིའམ་འདྲིར་འཇུག་པ།། བྱང་ཆུབ་རྡོ་རྗེ་འདྲ་བ་ལྟ་དེ་ལ་རྟག ་ཕྱག་འཚལ། ། གང་དུ་ནི་སོགས་ལས་ཚོགས་ཤིན་ཏུ་བརྟགས་པ་ཡིས།། འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི།། བསྒྲུབ་བྱ་འདི་དང་ལྡན་པའི་བསྒྲུབ་པའི་དབང་པོ་ནི།། བྱང་ཆུབ་རྡོ་རྗེ་འདྲར་བ་ལྟ་དེ་ལ་རྟག་ཕྱག་འཚལ།། ་གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང་།། ལེགས་པར་དྲན་དང་མིང་ཙམ་ངེས་པར་ཟོས་པ་དང་།། དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག། བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ།། བསྟོད་པའི་ཚིག་ནི་ཞི་བ ་འདིས། ། འདྲེན་པ་ཀུན་ལ་བསྟོད་པ་དང་།། བྱང་ཆུབ་སེམས་དཔའ་མཆོད་ཆེན་ལ།། མགོན་པོ་དེ་དག་རྗེས་ཡི་རང་།། འདུས་པ་གསང་བ་ལས་བྱུང་བ། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། རྒྱུད་ཀུན་བདག་པོའི་དབང་པོ་ཡིས།། རྒྱུད་འདི ་ལེགས་པར་གསུངས་པ་ཡིན། ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔར་དེ་དག་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་ཏེ།། སྐུ་དང་གསུང ་དང་ཐུགས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་གསུང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཆེན་པོ་གསང་བ་འདུས་པ་ལས། ་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་བཅཝ་བརྒྱད་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཨ་ཙཨཱརྱ་ཤྲད་དྷཱ་ཀར་ཝརྒྷ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྐུར་ཏེ་གཏན་ལ། ་ཕབ་པ།། རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ལ། ཨ་བྷི་དཱ་ན་མ་ཧཱ་ཡོ་ག་ཏན་ཏྲ་སརྦ་ཏན་ཏྲ་ཧཱ་ད་ཡ་ར་ཧ་སྱ་བི་ཏ་ཀ་མ་ཨི་ཏི། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ ་ཕྱེ་བ་ཞེས་བྱ་བ། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལ་ལོ།། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འ ་ལོ། ། འདི་སྐང་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཚད་མེད་པའི་ཕྱག་རྒྱ་ཆེན་པོས་མངོན་པར་རྟོགས་པས། ་བཞུགས་ཏེ། དཔག་ཏུ་མེད་པའི་རྡོ་རྗེའི་རིགས་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་མངོན་པར་རྟོགས་པ་ལ་མངོན་དུ་བྱ་བ་ལ་བཞུགས་པ།། གཉིས་སུ། ་མེད་པའི་བདེ་བ་ཆེན་པོ་ཉམ་སུ་མྱོང་བས་དགྱེས་པས་མཆོག་ཏུ་པད་མ་དགྱེས་པ། ཆོས་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བ་མཐོང་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པ།། རྡོ་རྗེ་འཆད་ཆེན། ་པོའི་དམ་ཚིག་བླ་ན་མེད་པའི་དབང་དུ་གྱུར་པ་ལ་རབ་ཏུ་མཁས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་སྡང་རྡོ་རྗེ་དང་།། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆགས་པ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཡེ་ཤེས་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་རྡོ་རྗེ་དང་།། དེ་ལྟ་བུ་རྣམས་གཙོ་བོར་གྱུར་པ་དམ་ཚིག་ཆེན་པོའི ་