| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། 6།། རྒྱ་གར་སྐད་དུ། ཨཱརྱ་ས་མཱ་དྷི་ཨ་གྲ་ཨུད་ཏ་མཱ།། བོད་སྐད་དུ། ་འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་བམ་པོ་གཅིག་གོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའ ་སྐྱེས་བུ་ཆེན་པོ་ལྔ་སྟོང་ཙམ་དང་། ལྷ་དང་ཀླུ་ལ་སོགས་པ་སྡེ་བརྒྱད་དང་། ལྷ་དང་མེ་ལ་སོགས་པ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞིའི་མགོན་པོ་བཞི་དང་། སྲིན ་པོ་དང་། ཡི་དགས་ལ་སོགས་པ་སྡེ་བཞི་ཡང་འཁོར་དེར་འདུས་པར་གྱུར་ཏོ།། དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་དུ་བཞུགས་ནས་ཅད་མི་གསུང་ཞི་དེ་བཞུགས་པ་ལས་འཁོར་མང་པོ་རྣམས་ཐ ་ཙོམ་དུ་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད ་དོ། ། ཤིན་དུ་ལེགས་སོ་ཆོས་ཀྱི་རྗེ།། ཏི་ངངེ་འཛིན་ལ་ཞི་བར་བཞུགས།། འཁོར་གྱི་དཀྱིལ་འཁོར་མ་པོ་རྣམས།། ཐམས་ཅད་ཐེ་ཙོམ་སྐྱེས་པར་གྱུར།། ཤིན་དུ་ལེགས་སོ་ཉི་ཟླའི་འོད།། ཅང་མི་གསུང་བར་སྣང་མི་མཛད།། ཤིན་ཏུ ་ལེགས་སོ་རིན་ཆེན་གཏེར། ། དབུལ་པོ་ངས་རྣམས་ལ་སྦྱིན་མི་མཛད།། ཤིན་དུ་ལེགས་སོ་མིའི་རྒྱལ།། ཏིང་ངེ་འཛིན་ལས་བཞེངས་སུ་གསོལ།། ཤིན་དུ་ལེགས་སོ་ཀླུ་ཡི་རྒྱལ།། བདུད་རྩི་མ་རབ་དབབ་དུ་གསོལ།། ཤིན་དུ ་ལེགས་སོ་ལྷ་ཡི་མཆོག། མྱུར་དུ་ཆོས་རྣམས་བསྟན་དུ་གསོལ།། ཤིན་དུ་ལེགས་སོ་སེམས་ཅན་ལ།། ཐེག་པ་གཅིག་དོན་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འཁོར་མང་པོ་རྣམས་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ང་ལ་རིན་པོ་ཆེ་བླ་ན་མེད་པའི་ཡེ་ཤེས་མང་དུ་ཡོད་པ་ཁྱེད་ལ་ཕན་པ་དང་བདེ་བར་མཛད་ཅིང་དབུལ་འཐོངས་པ་དང་བྲལ་བར་བྱ་བ་ཡོད་ཀྱིས་ཐེ་ཙོམ་མ་བྱེད་པར་ཅི་དང་ཅི་འདོད་པ་དྲིས་ཤིག། དེ་ནས་དགའ ་བོས་སྟན་ལས་ལངས་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ནི་མང་དུ་ཐོས་པས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་སྙམ་ན་མདོ་སྡེ་དག་ལས་བཤད་པ་ཐོས་པ་ལྟར་ན་མང་དུ་ཐོས་ཤིང་ཤེས ་རབ་རྣོ་བའི་དབང་པོ་དང་ལྡན་པ་ནི་བྱང་ཆུབ་ཐོབ་པ་ཤིན་དུ་དཀའ་སྟེ་བགེགས་བརྒྱད་དུ་སྐྱེའོ་ཞེས་འབྱུང་ན། བདག་གིས་ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ་དགའ་བོ་མང་དུ་ཐོས་པ་ལ་སེམས་རྣམ་པ་གཉིས་ཏེ། གང་ཞེ་ན། ཏིང་ངེ་འཛིན་གྱི་སེམས་དང་། འཁྲུལ་པའི་སེམས་སོ།། སེམས་ཏིང་ངེ་འཛིན་ལ་གནས་ན་ནི་མང་དུ་ཐོས་པས་ཀྱང་གནོད་པ་མེད་དོ།། སེམས་འཁྲུལ་པ་ལ ་གནས་ན་ནི་མང་དུ་ཐོས་པས་ཀྱང་ཕན་པ་མེད་དེ་གང་གིས་ཏིང་ངེ་འཛིན་དང་ཤེས་རབ་དང་ཤིན་དུ་ལྡན་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། ། དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མདོ་ཀུན་ལས ་ཏིང་ངེ་འཛིན་དང་། ཤེས་རབ་ནི་མཆོག་དམ་པའོ་ཞེས་བསྟོད། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པ་ནི་དཔེར་ན་རི་དགས་ཀྱི་ནང་ན་སེང་གེ་མཆོག་ཏུ་གྱུར་པ་དང་། སྐང ་པ་ཐམས་ཅད་ཀྱི་ནང་ན་ཉི་མ་མཆོག་ཏུ་གྱུར་པ་དང་། རིའི་ནང་ན་རི་རབ་ལྷུན་པོ་མཆོག་ཏུ་གྱུར་པ་ལྟ་བུའོ།། དེ་ཡང་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པའི་ཤུགས་ནི་མཆོག་དམ་པ་ཡིན་པའི་ཕྱིར་རོ།། བཅོམ ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་གལ་ཏེ་མི་ཞིག་གིས་ཤོང་ཙན་དན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བརྩིགས་པ་དང་། མི་གཞན་ཞིག་གིས་རིན་པོ ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། མི་དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། མི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་སྣ་བདུན ་ལས་བགྱིས་པའི་བསོད་ནམས་མཆོག་གོ། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གཞན་ཡང་མི་ཞིག་གིས་གསེར་ཐ་མལ་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་པའི་གཙུག་ལག་འང ་བྱས་པ་དང་། མི་གཞན་ཞིག་གིས་གསེར་བཙོམ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། གསེར ་བཙེམ་ལས་བྱས་པའི་བསོད་ནམས་རབ་ཏུ་ཆེའོ། ། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་ཤིང་ཙན་དན་དང་། སྤོས་ཀྱི་ཤིང་གཞན་དག་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་གང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་བ་དང་། མི་གཞན་ཞིག་གིས་གསེར་བཙོམ་དང་། རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས། ་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་ན་མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཡོད་དམ། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། གསེར་བཅོམ་ལས་སྐུ་གཟུགས་བགྱིས་པའི་བསོད་ནམས་ཆེའོ།། སངས་རྒྱས ་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་སྦྱིན་པ་ཆེན་པོའི་སེམས་བསྐྱེད་དེ།། རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་དང་། ཆུང་མ་དང་། བུ་སྦྱིན་པ་བྱིན་པ་དང་། མི་གཞན་ཞིག་གིས་ཡན་ལག་གིས་དམ་པ ་མགོ་དང་། མིག་དང་། ལུས་དང་། རྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན་པ་བྱིན་ན་མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། ལུས་དང་། ཆུང་མ་དང་། ་བུར་བཅས་པའི་སྦྱིན་པའི་བསོད་ནམས་ཆེ་བ་ལགས་སོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི ་མི་རྣམས་ལ་འཇིག་འཇིག་རྟེན་དུ་སྤེལ་ཏེ་ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པ་དང་། དེ་ལ་མི་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ཡི་གེ་བཞིན་དུ་འདོན་ཅིང་ཡི་གེ་དང་དོན ་སྟོན་ཅིང་ཁོང་དུ་ཆུད་ན་མི་དེ་གཉིས་ཀྱི་བསོད་ནམས་གང་ཆེ། དགའ་བོས་གསོལ་པ། ཡི་གེ་གཞན་དུ་འདོན་ཅིང་ཁོང་དུ་ཆུད་པའི་བསོད་ནམས་ཆེའོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས ་མདོ་སྡེ་བཅུ་གཉིས་ཀྱང་ཐོགས་པ་མེད་པར་ཁ་ཏོན་དུ་ཤེས་ལ་དོན་ཟབ་མོ་མི་ཤེས་པར་མདོ་སྡེ་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བཙམ་འཆང་བ་དང་། དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས ་ཀྱང་བྱང་བར་ལ་དོན་ཤེས་ལ་དོན་ཟབ་མོ་ཡང་རྟོགས་ཏེ། ། མདོ་སྡེའི་གླེགས་པམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་མས་གཔལ་ཅང་ན་མེད་གཉིས་ཀྱི་བསོད་ནམས་གང་མཆོག་ཏུ་གྱུར་པ་ཡིན། དག་འ་ཚམ ་གསོལ་པ། ཁ་ཏོན་བགྱིས་ལ་དོན་ཡང་རྟོགས་ཏེ། གཞན་ལ་ཡང་སྟོན་ཅིང་འཆང་བའི་བསོད་ནམས་མཆོག་ཏུ་གྱུར་པ་ལགས་སོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས ་འགྲེལ་ཅིང་འཆད་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མི་སྤྱོད་པ་དང་། གལ་ཏེ་མོ་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང ་འཆད་ལ། སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་རྒྱ་ཆེར་སྤྱོད། སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བ་སམས་སྙོམས་ན་མི་དེ་གཉིས ་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚུལ་ཁྲིམས་དང་། བཟོད་པ་སྤྱོད་ཅིང་སེམས་ཅན་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཆེ་ཞིང་མང ་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ལ་བསྟན་བཅོསའུ་ཏ་བཅཝ་ལྔ་ཡང་བྱང་བར་འཆད་ཤེས་ཏེ་འཇིག་རྟེན་དུ ་སྤེལ་བ་དང་། དེ་ལ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ལ། བཀྲི་བའི་བསྟན་བཅོས་དང་། ངེས་པའི་བསྟན་བཅོས་དང་། ཕུང་པོ་ལྔའི་བསྟན་བཅོས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི ་བསྟན་བཅོས་དང་། ཁམས་བཅཝ་བརྒྱད་ཀྱི་བསྟན་བཅོས་དང་། སྟོང་པ་ཆེན་པོའི་བསྟན་བཅོས་དང་། ཉི་ཟླའི་བསྟན་བཅོས་དང་། ཟླ་བ་སྤྲིན་གྱི་བསྟན་བཅོས་དང་། མདོ་སྡེ་རྒྱན་གྱི་བསྟན་བཅོས་དང་། དོན་དམ་པ་ཉིད་ཀྱི་བསྟན ་བཅོས་དང་། རྡོ་རྗེ་སྙིང་པོའི་བསྟན་བཅོས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་བསྟན་བཅོས་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བསྟན་བཅོས་ལ་སོགས་པ་བསྟན་བཅོས་རུ་ཏ་བཅོ་ལྔ་ཡང་ཤེས་ལ་སྦྱིན་པ་དང་། ཚུལ ་ཐམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་སྤྱོད་དེ། ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་སྲུང་བ་དང་། སེམས་གཉིས་སུ་མེད་ཅིང་ནམ་མཁའ་ལྟར་མཉམ་པ་དང་། སེམས ་ཅན་གྱི་སྐྱོན་ཐམས་ཅད་མི་མཐོང་ཞིང་སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་སྙོམས་ཏེ། དགྲ་སྡང་བ་ལ་ཡང་ནམ་མཁའ་ལྟར་མཉམ་པ་དང་། དེ་ལ་མི་ཞིག་གིས་ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མི ་འདེབས་ན་མི་གཉིས་ཀྱི་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་བ་མ་བཏབ་ན་མ་དེའི་བསོད་ནམས་ཚད་མ་མཆིས་གྲངས་མ་མཆིས་ཏེ། བསམ་གྱིས་མི་ཁྱབ་པ ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གཞན་ཡང་མི་ཞིག་གིས་གོང་དུ་སྨྲས་པའི་བསོད་ནམས་ཐམས་ཅད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བྱེད་ནུས་ལ་མདོ་སྡེ་བཅུ ་གཉིས་དང་། བསྟན་བཅོས་ལུ་ཏ་བཅོ་ལྔ་སྙེད་ཀྱང་ཁ་ཏོན་དང་འབྲེལ་ཅིང་འཆད་ནུས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་ལ་སོགས་པ་ཡང་སྤྱོད། སྦྱིན་པ་ཡང་བྱེད་དེ། མང་དུ་ཐོས་པའི་མཆོག་ཏུ་ཡང་གྱུར་ལ་ཆོས་ཐམས་ཅད ་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་དེ་དེ་ལྟར་ཕན་པ་དང་བདེ་བའི་དོན་བྱས་ཀྱང་དེས་ནི་མི་ཞིག་ཉིན་གཅིག་གམ། མཚན་ཅིག་ཏིང་ངེ་འཛིན་དུ་ཞུགས་པ་ཙམ་དུ་མི་ཕོད་དོ།། དེ་ཅིའི་ཕྱིར་ཞེ་ན། ་མང་དུ་ཐོས་པའི་གང་ཟག་ནི་རིའམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ།། དེ་ལྟར་རྒྱ་ཆེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།། དམྱལ་བ་དེ་ལས་ཐར་ན་ཡང་འདབ་ཆགས་ཀྱི་བྱ་བ། ་བར་འགྱུར་ན་མང་དུ་ཐོས་པ་ལ་ཕན་པ་ཅི་ཡོད། གང་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཡོད་པ་ནི་སྐྱེ་ཤེ་འཁོར་བའི་སྡིག་འན་མཐོ་བའི་ལས་ལྕི་པ་བྱང་བར་ནུས་སོ།། མང་དུ་ཐོས་པ་ནི་རྩཝ་དང་འདྲའོ།། ཏིང་ངེ་འཛིན་ནི་མེདང་འབྲང ་མང་དུ་ཐོས་པ་ནི་ལྕགས་དང་འདྲའོ། ། བསམ་གཏན་གྱི་ཏིང་ངེ་འཛིན་ནི་གསེར་དང་འདྲའོ།། མང་དུ་ཐོས་པ་ནི་རྩི་བདུག་པ་དང་འདྲའོ།། བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྩིའི་སྡོང་པོ་དང་འདྲའོ།། མང་དུ་ཐོས་པ་ནི་གཙང་པོ་དང ་འདྲའོ། ། བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ།། ངས་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བསོད་ནམས་དང་། ཡོན་ཏན་བཤད་ན་ཟད་པའི་མཐའ་མེད་དེ་བསྐལ་པར་ཡང་མི་རྫོགས་སོ།། བཅོམ་ལྡན ་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་མངོན་སུམ་དུ་དྲན་པ་མངོན་འདས་པའི་དུས་ན་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ་འཇམ་དཔལ་དང་། ང་གཉིས་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ནི ་ཡོད་ཅེས་སྨྲ། ངས་ནི་མེད་དོ་ཞེས་སྨྲས་ཏེ། ཡོད་མེད་གཉིས་ཀྱི་བདེན་པ་ལ་རྩོད་པར་གྱུར་ཏེ་གཅིག་ཏུ་མ་ཆད་དོ།། མཐའ་མ་ཚེ་འཕོས་ནས་ངན་སོང་དུ་སྐྱེ་བར་གྱུར་ཏེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལུགས་ཀྱི་ཐུ་ལུམ ་ཟ་བར་གྱུར་ཏོ། ། དམྱལ་བ་དེ་ལས་ཐར་ཏེ་སངས་རྒྱས་འོད་སྲུང་དང་ཕྲད་ནས་ཡོད་པ་དང་མེད་པའི་བདེན་པ་གཉིས་འོད་སྲུང་གིས་འདི་སྐད་དུ་བཤད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཅིག་ཏུ་ངེས་ཤིང་ཆད་པ་མེད་དེ། ་བྱེད་ཡོད་པ་དང་མེད་པར་སྨྲ་བ་ནི་དེ་ལྟ་བུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ཞི་བ་སྟེ། བདེན་པའི་དི་གཉིས་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཏེ། ཁྱེད་ཤེས་པ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱི ་དོན་ཟབ་མོ་མི་ཤེས་པས་དོན་འདི་ལྟ་བུ་ནི་ཁྱེད་དམུས་ལོང་ངམ་འོན་པ་ལྟ་བུ་ཡིན་ན། དོན་ཟབ་མོ་འདིས་བུ་ཇི་ལྟར་ཤེས་ཤིང་རྟོགས་པར་གྱུར་ཞེས་བཤད་པས་ཐོས་ནས་རི་དབེན་པར་སོང་སྟེ། བདག་ཉིད་ཡིད་ལ་བྱས་ནས་བསམ ་གཏན་གྱི་ཏིང་ངེ་འཛིན་ལ་བཞུགས་སོ། ། ཞག་བདུན་ལོན་པ་དང་བསམ་གཏན་ཞི་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་རྣམ་གསུམ་དང་། ཡེ་ཤེས་རྣམ་གསུམ་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། སྟོང་པ་ཉིད ་སྟོང་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ་ཅི་ཡང་མེད་པར་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། དེ་བས་ན་བསམ་གཏན ་བསྒོམ་པ་ནི་མཆོག་དམ་པར་རིག་པར་བྱ་སྟེ། གཤིག་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་བདུན་གྱི་བར་དུ་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་བསྐལ་པ་གྲངས་མེད་པ་ཚུན་ཆད་ཀྱི་ཁན་མཐོ་བའི་སྡིག ་བ་ཡང་ཁད་ཀྱིས་ཞི་ཞིང་བྱང་བར་འགྱུར་རོ། ། གཞན་ཡང་ཁ་ན་མ་ཐོ་བའི་སྡིག་ལྕི་བ་ཡང་འབྱེད་པར་འགྱུར་ཏེ། དེ་ཡང་གང་ཞེ་ན། ཕམ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན་དང་། བཙུག་ལག་ཁང་བཤིག་པ་དང་། ་གེ་འདུན་གྱིགནས་འདམས་བཏང་བ་ཡིན་ཏེབས་པམ་བ་བཞི་དང་། ཁས་པམ་བབརྒྱད་དང་། ལྕི་བ་ལྔ་དང་རང་བཞིན་གྱི་ལྕི་བ་དྲུག་ཉམས་པ་ཡིན། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་བསྐུར་པ་བཏབ་པ་ཡིན། ཕ་རོལ་པོའི་ཉེས་པའི་སྐྱོན་སྨྲ་ཞིང་བཀུར ་སྟི་མི་བྱེད་པ་ཡིན། གང་དུ་སྐྱེས་པར་ང་རྒྱལ་ཆེ་བ་དང་། རང་བཞིན་གྱིས་སྡིག་ལྕི་བ་ལྔ་ཡིན་ཏེ། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་རང་ཞི་ཞིང་འབྱེད་པར་འགྱུར། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་མནུས་འབྱང། ་གི་གཞན་གྱིས་འབྱེད་པ་མ་ཡིན་ནོ།། ཉིན་ཞག་བདུན་ཙམ་གྱིས་ཀྱང་དེ་ལྟར་ཡོན་ཏན་དང་། བསོད་ནམས་དཔག་ཏུ་མེད་པ་འཐོབ་ན་ཚེ་གཅིག་ཏུ་དབེན་སར་རི་དང་ཤིང་དྲུང་དུ་འདུག་སྟེ། ཏོག་པ་བསལ་བ་དང་། འདུག་པ་དང་། ་སྤོང་བ་ཡིད་ལ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ཅིའི་ཕྱིར་ཞེ་ན། སེམས་འབབ་ཆུ་དང་འདྲ་སྟེ་སྐད་ཅིག་ཀྱང་མི་སྡོད། སེམས་ནི་སྤྲེའུ་དང་མཚུངས་ཏེ་གཅིག་བཏང་ཡང་གཅིག་ལ་འཛིན་ཏོ།། མདོར་ན་སེམས་ནི་ཏིང ་འཛིན་གྱི་དབང་གིས་མི་གཡོའོ། ། གལ་ཏེ་སེམས་གཡོན། ཆོས་ཐམས་ཅད་ལ་འཁྲུལ་པའི་འདུ་ཤེས་སྐྱེའོ།། གལ་ཏེ་ཏིང་ངེ་འཛིན་ལ་གནས་ན་ནི་འཇིག་རྟེན་ན་སྐྱེ་བ་དང་། གནས་པ་དང་། འགོག་པའི་འདུ་ཤེས་ཤིང ་རྟོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞིག་མི་རྟག་པ་འགྱུར་ཞིང་འཕོ་བ། སྟོང་ཞིང་བདག་མེད་པ། སྒྱུ་མ་དང་འདྲ་བ། སྤྲུལ་པ་ལྟ་བུ། གླག་དང་། རླུང་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ། ཆུའི་དབུ་བ་དང་། སྨིག་རྒྱུ་དང་བྲག་ཅ་དང་། ་བར་སྣང་གི་བྱའི་རྗེས་ལྟ་བུར་རྟོགས་སོ།། འཇིག་རྟེན་ན་སྲིད་པ་རི་དང་། ཚལ་དང་གཙང་པོ་དང་། འབབ་ཆུ་དང་། མཚེའུ་དང་། ལྟེང་ཀ་དང་། རྒྱ་མཚོ་ལ་སོགས་པ་ཆུ་ཐམས་ཅད་ཀྱང་མེའི་བསྐལ་པ་ཆེན་པོ ་བྱུང་བའི་ཚེ། ཐམས་ཅད་ཚིག་ཅིང་ཟད་པར་འགྱུར་ཡང་བསམ་གཏན་བཞི་དང་། གཟུགས་མེད་པའི་ཏིང་ངེ་འཛིན་བཞི། མ་གཏོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ན་བསམ་གཏན་གྱི་མཐུ་ནི་ཤིན་དུ་བསམ་གྱིས་མི ་ཁྱབ་པར་རིག་པར་བྱའོ། ། སེམས་ཏིང་ངེ་འཛིན་ལ་གནས་ན་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཉི་མ་དང་། ཟླ་བ་དང་། སྐར་མ་དང་། འབབ་ཆུ་དང་། གཙང་པོ་དང་། རྒྱ་མཚོ་དང་། རི་དང་ཚལ་དང་། ་ཀླུ་དང་། ལུང་པ་དང་། སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ།། བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ན་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་སྙེད་དུ ་ཡང་ཕྱིན་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རླུང་དང་། མེ་དང་ས་དང་། ཆུ་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། གཟའ་དང་། རེ་དང་། ཚལ་དང་། ཆུ་དང་། ཤིང་དང་ལྷའི་ཕོ་བྲང་དང་། ཀླུའི་ཕོ་བྲང་ཡང་རྫུ་འཕྲུལ་གྱིས ་སྤྲུལ་ནུས་ཏེ། དེ་བས་ན་བསམ་གཏན་གྱི་མཐུ་ནི་ཤིན་དུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱ། བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཕྱོགས་བཅུའི་འཇིག་རྟེན་གྱི་འམས་ཀྱང ་སྤྲུལ་ནུས་སོ། ། དགའ་བོ་མཽད་གལ་གྱི་བུ་ཆེན་པོ་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་གྱིས་རྣམ་པ་སྣ་ཚོགས་སུ་སྤྲུལ་ཅིང་ཏིང་ངེ་འཛིན་གྱིས་ས་ཆེན་པོ་འདི་ཡང་མ་གལ་མེ་བསྐོར་བ་བཞིན་དུ་སྤྱོད་ནུས་ཏེ། མང་དུ ་ཐོས་པས་ནི་དེ་ལྟར་མི་ནུས་པར་རིག་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་ཁྱོད་ས་ཆེན་པོ་སྐུལ་ཅིག་ཅེས་བཀའ་སྩལ་པ་དང་། དགའ་བོས་གསོལ་པ། བདག་ལ་བསམ་གཏན་གྱི་ཏིང་ངེ་འཛིན་མ་མཆིས་པས ་སྦྲུལ་རྔོ་མ་ཐོག་གོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམ་པ་དགེ་སྦྱོང་གི་འབྲས་བུ་བཞི་མ་ཐོབ་ཀྱང་མང་དུ་ཐོས་པ་ལས་ཁྲི་ཕྲག་བརྒྱ་སྟོང་གིས་འཕགས་སོ།། དེའི་ཚེ་དེའི ་དུས་ན་འོད་མའི་ཚལ་ན་གནས་པའི་དགེ་སློང་ལྔ་བརྒྱ་ཙམ་ཞིག་ཐམས་ཅད་མང་དུ་ཟོས་པ་རློམ་པ་ལས། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་མོད་གལ་གྱི་རྫུ་འཕྲུལ་དང་ཏིང་ངེ་འཛིན་མཆོག་གོ་ཞེས་གསུངས་པ ་ཐོས་ནས་སངས་རྒྱས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ཅག་མང་དུ་ཐོས་པ་བརླབས ་ཏེ། མདོ་སྡེ་བཅུ་གཉིས་ཀྱང་ཁོང་དུ་ཆུད་པས་རྒྱལ་ཁམས་ཆེན་པོ་བཅུ་དྲུག་སྙེད་ཀྱང་བདག་ཅག་ལ་སངས་རྒྱས་དང་འདྲ་བར་གུས་ཤིང་བཀུར་སྟི་བགྱིན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་ནི་ནམ་ཡང ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། ། ཞེས་གསུངས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་ལྔ་བརྒྱ་པོ་འཐུན་པར་དུས་ཅིག་ཏུ་བདག་ཅག་ནི་མང་དུ་ཐོས་པ་སྤང་ཞིང་བསམ་གཏན་གྱི་ཏིང་ངེ་འརྡན་ལ ་སློབ་བེ་ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱེད་མང་དུ་ཐོས་པ་སྤངས་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་གོ་ཞེས་མ་སྨྲ་ཤིག། ངས་བལྟས་ན་ཁྱེད་ཀྱི ་ཤེས་རབ་ནི་སྦྲང་བུའི་འདབ་མས་ཉི་ཟླ་སྒྲིབ་པར་འདོད་པ་དང་། དམུས་ལོང་གིས་རེ་རབ་ལྷུན་པོ་ལ་འཇོག་པར་འདོད་པ་དང་། གྲུ་གཟིངས་མེད་པར་རྒྱ་མཚོ་ལ་རྒལ་བར་འདོད་པ་དང་། པྲ་འདབ་མ་ཆག་པ་ནམ་མཁའ་ལ ་འཕུར་འདོད་པ་བཞིན་ཁྱེད་ཀྱང་དེ་དང་འདྲའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཤི་བ་ཙམ་དུ་འཇིགས་ཤིང་སྐྲག་པའི་སེམས་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། ་དགེ་སློང་ཁྱེད་ས་འཇིགས་མ་ཕྲག་པར་སེམས་ཏིང་ངེ་འཛིན་ལ་ཞོག་ཤིག་དགེ་སློང་རྣམས་ཀྱིས་གསོལ་བ། བདག་ཅག་ལ་བསམ་གཏན་གྱི་མཐུ་ཡང་མ་མཆིས་ན། ཏིང་ངེ་འཛིན་དྲུག་ལ་འགྱུར། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་སྨན་དམ་པ་ཡོད་དེ་ཁྱེད་ཏིང་ངེ་འཛིན་ཐོབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་བསྟན་དུ་གསོལ། བདག་ཅག་གིས ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྟོག་པ་དང་། བསལ་བ་དང་། འཇུག་པ་དང་། སྤོར་བའོ།། དགེ་སློང་རྣམས་ཀྱིས ་གསོལ་པ། རྟོག་པ་དང་། བསལ་བ་དང་། འཇུག་པ་དང་། སྤོང་བ་ཅི་ལགས་བདག་ཅག་གིས་མ་འཚལ་ན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་སངས་རྒྱས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ་དང་པོའི་སེམས་ནི་རྟོག་པ་ཞེས་བྱ། སེམས་གཉིས་བྱུང་བ་ནི་བསལ་བ་ཞེས་བྱ། སེམས་གསུམ་བྱུང་བ་ནི་འཇུག་པ་ཞེས་བྱ། སེམས་བཞི་བྱུང་བ་ནི་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ་གཏན་དང་པོ་ལ ་རྟོག་པ་ཞེས་བྱ། བསམ་གཏན་གཉིས་པ་ལ་བསལ་བ་ཞེས་བྱ། བསམ་གཏན་གསུམ་པ་ལ་འཇུག་པ་ཞེས་བྱ། བསམ་གཏན་བཞི་པ་ལ་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ་གཏན་ཞེས་བྱ་བ་ནི་ལུས ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་ཡིན་ཏེ། དེ་བཞིན་དུ་མངོན་པར་ཤེས་པ་བཞི་དང་། ཆོས་ཐམས་ཅད་ནི་འདི་ལྟར་ཡང ་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། བདེན་པ་བཞི་དང་། ཏིང་ངེ་འཛིན་བཞི་དང་། མཚན་མ་མེད་པ་བཞི་དང་། བྱང་ཆུབ་བཞི་ཡིན་ན། དགེ་སློང་ཁྱེད་བསམ་གཏན་དང་པོ་ཡང་བསལ་བར་མ་རྟོགས ་ན་བསམ་གཏན་བཞི་པ་དང་། ཆོས་ཐམས་ཅད་ལྟ་ཅི་སྨོས། དགེ་སློང་དག་ཐབས་སྣ་ཚོགས་ཀྱིས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། གལ་ཏེ་མི་གཙང་བ་ལ་རྟོག་ན་ལུས་ཀྱི་ཆེན་པོ་བཞི་ལྤགས་པ་དང་། ་རུས་པ་དང་། ཚིགས་པ་དང་། རྣག་ཁྲག་ཟགས་པ་དང་། སྣོད་བུག་དགུ་ཡོད་པའི་ནང་དུ་ཆུ་བླུགས་ན་ཟག་པ་བཞིན་དུ་མི་གཙང་བའི་དངོས་པོ་བཤང་གཅི་ཆེ་ཆུང་དང་། བཙོག་པ་ཤིན་དུ་སྐྱོང་རུང་བཟག་པ་མཐོང་ངོ་།། ་ཏིང་ངེ་འཛིན་དེ་ལས་ཀྱང་དངོས་པོ་རྣམ་པ་སྣ་ཚོགས་མཐོང་བ་ནི་འདི་ལྟར་གཡོ་བ་དང་། གནས་པ་དང་། རྣམ་པར་སྔོས་པ་དང་། རྣམ་པར་སེར་བ་དང་། རྣམ་པར་དཀར་བ་དང་། རྣམ་པར་གནག་པ་ཐ་དད་པ་སྣ་ཚོགས ་མཐོང་བས་སེམས་མ་འཁྲུལ་པར་གྱུར་ན་དངོས་པོ་དེ་དག་མཐོང་བའི་ཚེ་ཕྱིར་བཟློག་པར་བྱའོ། ། རུས་པ་དཀར་པོ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་བའི་རྟོག་པ་ཡང་དེ་དང་འདྲའོ།། གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས ་པ་དང་། དགེ་སློང་མས་རྩ་བ་བརྒྱད་ཉམས་པ་དང་། དགེ་བསྙེན་མས་ཁྲིམས་ཀྱི་རྩ་བ་ལྔ་ཉམས་པ་དང་། དགེ་ཚུལ་གྱིས་ཁྲིམས་བཅུ་ཉམས་པ་དང་། དགེ་སློབ་མས་ལྕི་བ་དྲུག་ཉམས་པ་དང་། སངས་རྒྱས་དང་། ཆོས་དང ་དགེ་འདུན་གྱི་སྤྱིའི་དཀོར་བརྐུས་པ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། ཕ་མ་དང་། དགེ་འདུན་གྱི་དཀོར་བསྐུས་པ་དང་། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྐུར་བའི་གང་ཟག་དེ་ལྟ་བུ་ནི་བསམ་གཏན་གྱི་ཏིང་ངེ་འཛིན ་ལའཇུག་པའི་ཚེ་བདག་གི་ལུས་དང་ངག་རླུང་ནག་པོ་ལྟ་བུ་དང་ཁྲག་ནི་མེ་རབ་ཏུ་འབར་བ་དང་། འདྲ་བ་དང་། རུས་པ་ནི་རི་དང་བྲག་ལྟ་བུ་དང་། རྩཝ་ནི་ཤིང་ལྟ་བུ་དང་། ནང་གྲོལ་ལྔ་ནི་སྦྲུལ་ལམ་ཚངས་པ་ལྟ་བུར་མཐོང་བ་དང་། ་ལག་ན་མེ་ཆེན་པོ་ཐོགས་ཏེ་རླུང་ཆེན་པོ་ལ་རྒྱུག་པ་དང་། མགོ་ལ་རི་ཆེན་པོ་ཁྱེར་ཞིང་ལངས་ཀྱང་རྡལ་འཆོས་པ་དང་། ཁ་ནས་སེང་གེ་འབྱུང་བ་དང་། མིག་ནས་འབར་བ་མོའི་བྱུང་བ་དང་། སྣ་ནས་སྦྲུལ་ཆེན་པོ་འབྱུང ་བ་དང་། རྣ་བ་ནས་འཕར་སྦྱང་འབྱུང་བ་དང་། བཤང་གཙ་ཆེ་ཆུང་ཆུ་ལྟ་བུར་འབབ་ཅིང་རྒྱ་མཚོ་ལྟ་བུར་མཐོང་བ་དང་། གལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཚ་འཕྲུལ་རྣམ་པ་མང་པོ་སྟོན་པ་མཐང ་ནས་མཚན་མ་དེ་ལྟ་བུ་མཐོང་བའི་ཚེ་བསམ་གཏན་ལས་ལངས་ཏེ། ཚལ་ལམ་དགོན་པར་སོང་སྟེ། ཕྱོགས་སུ་རྒྱས་པའི་མདོ་སྡེ་འདོན་ཅིང་འགྱོད་ཚངས་བྱའོ།། དེ་ལྟར་སྔོན་གྱི་ཁ་ན་མ་ཐོ་བའི་སྡིག་འགྱོད ་ཚངས་བྱ་བ་ཡང་ན་ཞག་བདུན་ནམ། བདུན་གཉིས་སམ། བདུན་གསུམ་འམ། བདུན་བཞིའམ། བདུན་ལྔའམ། བདུན་དྲུག་གམ། བདུན་བདུན་གྱི་བར་དུ་འཐོལ་ཚངས་བྱའོ།། དེ་ལྟར་སྡིག་སྦྱངས་ནས་བསམ ་གཏན་བསྒོམ་པར་བྱ་སྟེ། དེ་ལ་སྡིག་ཆུང་བ་ནི་བགས་ཀྱིས་བདག་གི་ལུས་བཻ་དུརྱ་རི་ལྟ་བུར་མཐོང་བར་འགྱུར་རོ།། གང་རྩ་བ་བཞིམ་ཉམས་པ་ནས། རང་བཞིན་གྱི་ཁྲིམས་ལྕི་བ་ལྔའི་བར་དུ་མཉམས ་པ་ནི་ཏིང་ངེ་འཛིན་དུ་འཇུག་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོན་པ་དང་། དེ་ཡང་ན་བདེན་པ་བཞི་འམ། ཡང་དག་པའི་སྤོང་བ་བཞི་འམ། རྫུ་འཕྲུལ་གྱི་རྐང་པ་བཞི་འམ། སྡུག་བསྔལ ་པའམ། བཟོད་པ་འམ། སྤྱི་བོ་དང་། འཇིག་རྟེན་མཆོག་གི་ཆོས་སྟོན་པ་དང་། ཡང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། བསམ་གཏན་བཞི་དང་སྐྱེས་བུ་ཡ་བརྒྱད་ཀྱི་ཆོས་དང་། སྟོང་པ་ཉིད་བཞི་དང་། ་ཏི་ངེ་འཛིན་གསུམ་དང་། རྣམ་པར་ཐར་པ་བརྒྱད་སྟོན་པར་མཐོང་བ་དང་། ཏིང་ངེ་འཛིན་ལ་ས་མུན་ནག་མཐོང་བ་དང་། སྣང་བ་མཐོང་ན་ཏིང་ངེ་འཛིན་དེ་ལ་ས་ལངས་ཏེ། ཤིན་དུ་དགའ་བའི་སེམས་བསྐྱེད་པར ་བྱའོ། ། ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཕྱིར་གནས་པའི་ཚལ་དུ་དོང་སྟེ། བསམ་གཏན་གྱི་ཏིང་ངེ་འཛིན་ཉིན་ཞག་བདུན་བསྒོམས་པས་ཐམས་ཅད་ཀྱི་དགྲ་བཅོམ་པ་ཐོབ་པར་གྱུར་ནས། བཅོམ་ལྡན ་འདས་གང་ན་བ་དང་ལྷགས་ཏེ། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་ཀྱིས་བསྟན་པ་བཞིན་འཁོར་བ་ལས་ཐར་ཏེ་བླ་ན་མེད་པའི་འབྲས་བུ་ཐོབ་པོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཐོབ་ན་ཆོ་འཕྲུལ་བསྟན་པའི་དུས་ལ་བའཔོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ལྔ་བརྒྱ་རྣམས་སྟང་གི་བར་སྣང་ལས་འཕགས་ཏེ། ཉལ་བ་དང་། འདུག་པ་དང་། འགྲོ་བ ་དང་། སྡོད་པ་དང་། ལུས་ལ་མེ་དང་། ཆུ་ལ་སོགས་པ་འབྱུང་བའི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མངོན་པར་བསྟན་ཏེ། དེའི་ཚེ་མང་དུ་ཐོས་པའི་དགེ་སློང་རྣམས་བསམ་གཏན་བསྒོམས་པས་མཽད་གལ་གྱི་བུ་ཆེན ་པོ་དང་འདྲ་བར་རྫུ་འཕྲུལ་ཐ་མི་དད་པར་གྱུར་ཏོ། ། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དམ་པའི་ཆོས་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས ་ནས་ཇི་སྲིད་དུ་གནས་ཤིང་དུས་ངན་པའི་ཚེ་སེམས་ཅན་ཇི་སྙེད་ཅིག་ཆོས་འདི་བསྐེམས་པས། དགེ་སྦྱོང་གི་འབྲས་བུ་བཞི་ཐེབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དང་ཕྱིན ་ཆད་དཔྱིད་ཟླ་འབྲིང་པོ་ལ་རྩ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས། ། དམྱ་ངན་ལས་འདས་ནས་ལོ་བརྒྱ་བཅུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན་མང་དུ་འབྱུང་སྟེ། དུར་ཁྲོད་དང་ཤིང་དྲུང་ན་གནས་ཤིང་འདི ་ཡིད་ལ་བྱེད་དེ། རྟོག་པ་དང་། བསལ་བ་དང་། འཇུག་པ་དང་། སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ་སྟོང་ཕྲག་དགུས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ།། ལོ་སུམ་བརྒྱའི་བར་དུ་ནི་སེམས ་ཅན་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པར་འགྱུར་རོ། ། ལོ་སུམ་བརྒྱ་ཕན་ཆད། ལོ་ལྔ་བརྒྱ་ཚུན་ཆད་ནི་དེའི་ཉེ་གནས་རྣམས་བགས་ཀྱིས་མི་དགེ་བའི་ཆོས་སྤྱོད་དོ།། ཕྲག་དོག་གི་སེམས ་ཀྱིས་ལོག་པའི་འཚབས་འཚོ་བར་འགྱུར་རོ། ། སྟོང་ཕྲག་ལྔ་བརྒྱལ་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་ཟབ་བོ།། ལ་ལྔ་བརྒྱ་པན་ཆད་བརྒྱད་བརྒྱ་ཚུན་ཆ་དང་ཉེ་གནས་རྣམས་བྱམ་པའི་གས ་གྱོན་ནས་བ.ལང་དང་། ལུག་དང་བྱིལ་དང་། བོང་བུ་དང་། རྟགས་ཞིང་འབྲུ་མང་པོ་སོག་སྟེ། རང་གི་ལ་གདར་ཞིང་རང་ཟ་བ་དང་། བྲན་པོ་དང་། བྲན་མོ་ཡང་གསོ་པར་འགྱུར་ཏེ། དེའི་ཚེ་སྙིང་ཕྲག་སྟོང་ལ་སྟོང་ཕྲག་གཅིག ་གིས་དགེ་སྦྱོང་ག་འབྲས་བུ་བའི་ཐོབ་པར་འགྱུར་རོ། ། ལོ་བརྒྱད་བརྒྱ་ཕན་ཆད་ནས་ལོ་སྟོང་ཚུན་ཆད་ནི་དབ་ཉི་གནས་རྣམས་སྡིག་པའི་ཆོས་སྲབ་སྟེ། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་དང་། ཁྱིམ་བདག་ལ ་གྲོགས་པོར་བསྟེན་ཅིང་ཕན་ཚུན་ཐན་འཕྲིན་གྱིས་འདྲུལ་ཞིང་། ནིང་རྨོབ་འོ། བྱེད་དེ། འབྲུག་ཟན་མང་པོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་སོག་ཅིང་ཤཟ་ཞིང་ཆང་འཐུང་སྟེ།། ཆེན་པོ་བཞིགསོ ་ཞིང་རྟས་པར་བྱེད་པ་དང་། སྨད་འཚོང་མ་ལྟར་གོས་སྡུ་གུ་གྱོན་ཞིང་འདྲིད་པ་དང་། སླུ་བའི་ལས་བྱེད་དེ། དེ་ལ་འབུམ་ཕྲག་ཟིལ་བརྒྱ་ཙམ་ཞིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་བོ།། ལོ་སྟོང་པན་ཆད་སུམ ་བརྒྱ་ཚུན་ཆད་ནི་ཆེ་ཐང་དུ་འཁྲུགས་ཏེ། ངའི་ཉེ་གནས་རྣམས་ལུས་ཆོས་གོས་གྱོན་ཡང་ཤིང་གི་ཁལ་འཕན་རྙིང་བཏགས་པ་འདྲ་སྟེ། གཟི་བྱིན་ཡང་མེད། ཁྱིམ་པས་མཐོང་ན་ཡང་བཀུར་སྟི་ཡང་མི་བྱེད་པས་ཤན་པ ་དང་འདྲ་བར་འགྱུར་རོ། ། དེའི་དུས་ན་ཡུལ་ཁམས་ཀྱང་འཁྲུགས་ཏེ། གཅིག་ལ་གཅིག་དག་བྱེད་ཅིང་བསོད་པས་རྒྱལ་པོ་དང་བློན་པོ་དང་། ཕ་མ་དང་། བུ་དང་། བུ་མོ་ཡང་གཅིག་ལ་གཅིག་དགྲ་བྱེད་དེ། བྱམས་པ་དང་། སྙིང ་བརྩེ་བའི་སེམས་ཀྱང་མེད་པས་བཟའ་བ་དང་བཏུང་བས་ཉོན་མོངས་ཏེ། བྱི་མ་ཐབ་མེད་པ་དང་། ཆུང་མ་མེད་པ་དང་། བུ་ཕོ་མེད་པ་དང་། བུ་མོ་མེད་པ་དང་། ལོང་བ་དང་། འོན་པ་དང་། ལྐུགས་པ་དང་། དབང་པོ་མ་ཚང་བ་དང་། ་ཟན་པོ་དང་། བྲན་མོ་ལས་བྲོས་པ། ཡུལ་ཁམས་ཕྲང་བར་བྱེད་པ། འཚོ་བས་རང་མི་སོས་པ་དག་དང་ཆོས་ལ་ཞུགས་ནས་ཁྱིམ་པ་རྣམས་ཀྱིས་ཀྱང་རྔོན་པ་དང་འདྲ་བར་ལྟ་སྟེ། དཔེར་ནཀའི་གླང་དང་། རྟ་རྒོད་དམ། བ་ཀྲུང་། ་མྱོས་པ་ལྟར་གདུལ་དཀའ་བ། རང་དགར་ཡང་འགྲོ་བ། སློབ་དཔོན་དང་། སློབ་མ་ཡང་མི་རྒོད་མ་རུངས་པ་དང་འདྲ་སྟེ། འདོད་ཆགས་ལ་བག་མེད་པར་སྤྱོད་ཅིང་བླ་མ་དང་འོག་མའི་རིམ་པ་ཡང་མེད་པ་དང་། བཟང་ངན་གྱི ་རིམ་པ་ཡང་མེད་དེ། དུད་འགྲོ་ཕྱུགས་དང་འདྲ་བ། ཁ་ན་མ་ཐོ་བའི་སྡིག་པ་མང་པོ་བྱེད་ཅིང་ངན་སོང་གསུམ་གྱིས་མི་འཇིགས་པར་གར་སོང་བར་གནས་ཀྱང་ཆང་འཚོང་བ་དང་། ཤན་པ་དང་། རྔོན་པ་དང་། སྨད་འཚོང ་མ་དང་། སྟེན་ཅིང་འགྲོགས་པ་ཁ་ནས་དག་སྡིག་པ་སྨྲ་ཞིང་སེམས་ལ་ཡང་སྡིག་པ་སེམས་པ་དང་ཡང་ན་བློན་པོ་དང་། སྟེན་ཅིང་དགེ་བའི་མི་དག་ལ་ཐབས་སྣ་ཚོགས་ཀྱིས་བསྡིགས་ཤིང་ནོར་ཕྲོགས་ཏེ་བུ་སྤ་དགས ་ཡང་ན་རྔོན་པའི་ཡོ་བྱད་ཉ་རྒྱལ་སོགས་པ་འཆང་ཞིང་ཉལ་སོགས་པ་བཅུས་ནས་རང་གི་ལག་དང་ཏེ་གསོད་པ་དང་། སྲེད་པ་དང་། ཟླ་བ་ཉ་བ་དང་། ཤཾ་བའི་ཚེ་གས་སྦྱོང་མི་བྱེད་དེ་རང་ཉམས་སུ་གཏོང་བ་དང་། ཚུལ་ཁམས ་ཀྱི་ལས་བྱེད་པ་རྣམས་ཕན་ཚུན་རྩོད་ཅིང་བླ་མ་དང་། འོག་མ་དང་། གྲོགས་པོ་ལ་ཞེ་སྡང་བ་དང་། གདུག་པའི་སེམས་བསྐྱེད་པ་དང་། སློབ་དཔོན་དང་། སློབ་མ་ཡང་གཅིག་ལ་གཅིག་སྐྱོན་འདྲ་ཞིང་འཕྱ་བ་དང་སྒྲོགས་པའི ་གཏམ་སྨྲ་ཏེ། དཔེར་ན་རྩངས་པ་མང་པོ་ཀུན་གཅིག་ཏུ་འདུས་པ་དང་འདྲ་བ་དང་། ཕན་ཚུན་དཔུང་དང་སྡེ་ཚན་གཅིག་ལ་གཅིག་ཚིག་ངན་གྱིས་སྨ་འབེབས་པ་དང་། བླ་འོག་གི་རིམ་པ་ཡང་མེད་པ་དང་། མི་རྒོད་མ ་རུངས་པ་ལྟར་དགེ་བ་བྱེད་པ་ལས་འཕྲོག་རློམ་བྱེད་པ་དང་། ཁེ་དང་། གྲགས་པ་ལ་ཆགས་ཏེ་ཆོས་མི་ཤེས་པར་གྱུར་པ་དེའི་ཚེ་མདོ་སྡེ་བཅུ་གཉིས་ཀྱང་ནུབ་པར་གྱུར་ཏེ། ཀློག་པ་དང་། འདོན་པ་ཡང་མེད་པ་དང་། དེའི་སློབ ་མ་རྣམས་ཀྱང་དགྲ་ཆོས་དང་། གཙུག་ལག་དང་། ཡི་གེ་དང་། རྩ་བ་དང་། གཞོན་པ་དང་། བོན་ཆོས་དང་། མིག་མངས་དང་། ཀླུ་གར་དང་། དུ་བ་དང་། སྤྱུགས་པ་དང་། འབོད་རྩལ་དང་། རྟ་རྒྱུག་པ ་ལ་སོགས་པའི་ཆོས་མ་ཡིན། བསློབ་ཅིང་སྤྱོད་དེ། དེ་ལྟར་བ་ལེགས་པའི་ཆོས་སྤྱོད་པས་ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྷུང་སྟེ། བསྐལ་པ་གྲངས་མེད་པར་ངན་སོང་གི་སྡུག་བསྔལ་མྱོང་ནས་དེ་ལས་ཐར་ནས་ཡང ་བྱོལ་སོང་དུ་སྐྱེ་སྟེ། ལྟོགས་པ་དང་། སྐོམ་པ་དང་། སྡུག་བསྔལ་གྱིས་ཉེན་པ་དང་། ཁལ་ལྕི་བ་འགྲེལ་ཞིང་འགྲོ་བར་འགྱུར་རོ།། ཕྱི་ཞིག་ན་སྤངས་པའི་ཡོན་ཏན་སློབ་པ་ཡང་ཆོས་མ་ཡིན་པ་མང་དུ་བྱེད་དེ། རི་དང་ཚལ ་དང་། དུར་ཁྲོད་དང་། ཤིང་དྲུང་ན་མི་གནས་ཤིང་རྟག་ཏུ་གྲོང་དུ་རྒྱུག་སྟེ། སེམས་ལ་རྟག་པ་མང་ཞིང་ཁེ་དང་གྲགས་པ་ཚོལ་ཏེ། ནོར་རྫས་དང་། ལོངས་སྤྱོད་ལ་ཆགས་ཤིང་ཆོག་མི་ཤེས་པ་དང་། ཆོས་སྟོན་པའི ་བཤད་མཁན་ཞིག་ཡིན་ན་ཡང་སངས་རྒྱས་ཀྱི་ཆོས་སྟོན་པ་ཡང་ཁྲི་ཙམ་ལ་གཅིག་ཙམ་ཡང་ཐོག་ཏུ་མི་ཕེབས་ཏེ། འཁོར་མང་པོ་དང་འགྲོགས་ནས་གྲོང་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་ནས་ཁྱིམ་པ་ལ ་ཆོས་སྟོན་པ་ཡང་ཁེ་དང་གྲགས་པའི་ཕྱིར་ཏེ། ལོངས་སྤྱོད་མང་དུ་སོགས་ཤིང་ཤན་པ་དང་འདྲའོ།། ཤ་དང་ཆང་ལ་མི་སྨོད་པ་དག་གིས་དགེ་སློང་དག་བྱེད་ནི་བཙུན་པ་ཁྱིམ་ནས་ཁྱིམ ་མེད་པར་རབ་ཏུ་བྱུང་བ་ཡིན་ན། སྙིང་རྗེའི་སེམས་ཀྱང་མེད་དེ། འདི་ལྟར་ཆོས་མ་ཡིན་པ་མང་དུ་སྤྱོད་པས་ཁྱོད་ནི་གན་པ་དང་འདྲའོ་ཞེས་སྐྱོ་ཞིང་བརྒྱད་པར་འགྱུར་རོ།། དགེ་སློང་དེ་དག་དེ་སང་གཤེ་བ་ཐོས་ནས་ཀུན ་ལོག་སྟེ། དེ་ལ་རྡེག་པ་དང་། གཤེབ་དང་། བརྒྱད་བཀག་སྟེ། གཅིག་ལ་གཅིག་འདི་སྐད་དུ་སྨྲའོ།། དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི་ངེད་ཤ་དང་ཆང་འཐུང་བ་མ་གནང་སྟེ། དེ་དང་དེ་བཞིན་གཤེགས་པ ་མྱ་ངན་ལས་འདས་ནས་ནི་ཅི་ཡང་སྣང་བས་དེ་དག་དང་ཆང་འཐུང་བ་ཡིན་ནོ། ། ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་གིཅིག་ལགཅིག་བདག་ཅག་གིས་ཤེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་འདྲའོ།། ཞེས་སྨྲ་ཞིང ་ལ་ལ་ནི་ཚིག་ཀྱལ་བ་དང་། དོན་མེད་པའི་ཚིག་དང་། འགྲན་དོར་གྱི་ཚིག་དང་། འཁྲུལ་པའི་ཚིག་ཏུ་གཏམ་སྨྲ་ཞིང་དཔེར་ན་དམུས་ལོང་ཞིག་འཛུབ་མོ་གཉིས་ཉི་མ་ལ་བཙུགས་ཏེ། ཉི་མ་ཡ་གི་ནི་བྱིན་ཆུང་ངོ་།། ཡངས་སོ།། ་དོག་གོ་ཞེས་སྨྲ་བ་འམ་མི་འོན་པ་ཞིག་བདག་གིས་གནམ་གྱི་སྟེང་ན་ཆོས་འཆད་པའི་སྒྲ་ཐོས་སོ་ཞེས་ཟེར་བ་དང་འདྲ་བར་དམུས་ལོང་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་འོད་སྲུང་ཆེན་པོ་ལ་སོགས་པ ་སྤྲུལ་ཏེ། དེའི་ནང་ན་བཞུགས་ཀྱང་ཀུན་གྱིས་རྡེག་ཅང་གཤེ་སྟེ། དེ་ནས་སྐྲོད་ཅིང་འདུག་ཏུ་མི་སྟེར་རོ།། གཞན་ཡང་དཔེར་ན་སེང་གེ་ནི་སྤོས་ཀྱི་རི་ལག་ནས་ཏེ། རི་དགས་དང་། གཅན་ཟན་གང་ཡང་གནས་དེར་ཉམི ་བཟོད་དོ། ། སེང་གེ་རི་དེ་ལས་བྱུང་སྟེ་སོང་བའི་འོག་ཏུ་ནི་གཅན་ཟན་གདུག་པཁྲོ་བོ་ལ་སོགས་པ་གཅིག་གིས་གཅིག་བོས་ཏེ། སྤོས་ཀྱི་རིལ་ལྷགས་ནས་འབྲས་བུ་ཞིམ་པོ་ཟ་ཞིང་ཆུ་མིག་ལཐུང་ངོ་།། དེ་ལྟར་ཟ་ཞིང་འབྱུང་བ ་ལས་ཐམས་ཅད་སྐམས་ཤིང་མེད་པར་གྱུར་ཏེ། སྤོས་ཀྱི་རི་ལ་གནས་པའི་ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར་བས་རྩ་གདུག་པ་སྐྱེས་ཏེ་ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་འགྱུར་རོ།། ད་མྱ་ངན་ལས་འདས་པའི་འོག་ཏུ ་དགེ་སློང་ཐམས་ཅད་ཀྱིས་ངས་བསྟན་པའི་མདོ་སྡེ་བཅུ་གཉིས་པ་འདོན་ཅིང་ཀློག་པ་ཡང་གོང་མ་ནི་བར་དུ་བཅུག། བར་མནི་འོག་ཏུ་བཅུག་འོག་མ་ནི་གོང་དུ་བཅུག་པར་མ་ནི་འོག་དང་། ཐ་མར་བཅུག་སྟེ། དོན་མ་ཡིན་པ ་ལ་ནི་དོན་ཞེས་ཟེར། དོན་ལ་ནི་དོན་མ་ཡིན་ཞེས་ཟེར་སྟེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་ངའི་གཞུང་ནི་བདེན་པ་ཡིན་ནོ་ཞེས་ཟེར་བ་དང་འདྲའོ།། དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་གཟི་བརྗིད ་དང་མཐུ་མེད་དེ། ལ་ལ་ཞིག་འདོན་ཏམ། ཀློག་ཀྱང་མི་གཅིག་འགའ་ཡང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ་མེད་དོ།། དེ་ལྟར་དེའི་སློབ་མ་རྣམས་ཀྱང་རྒྱལ་སྲིད་སྟོར་བ་འམ། བྱ་འདབ་མ་མེད་པ་དང་འདྲ ་སྟེ། གཙུག་ལག་ཁང་དང་། མཆོད་རྟེན་ཡང་སྟོངས་ཤིང་ཞིག་ལགས་པ་ཡང་མེད་དེ།། དེ་ལྟར་སུ་གཟུགས་དང་། བ་དན་དང་། རིན་པོ་ཆེའི་གདུགས་ཡོད་པ་ཡང་དགྲ་ཆ་ཞིག་པ་འདྲ་སྟེ།། བུག་རོན་དང་། བྱེའུ་དང་། ཤ ་ཁྱི་དང་། ལུག་ལ་སོགས་པའི་ཚད་དང་། གནས་སུ་འགྱུར་རོ།། དགེ་སློང་སོ་སོ་ན་འདྲག་པའི་གནས་ནི་བྱི་དོར་བཟང་དུ་བྱེད་དོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། འདི་ཡང་ཁྱེད་ལ་མདོ་ཙམ་ཞེག ་བཤད་པ་ཡིན་ནོ། ། དགའ་བོས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ་དུས་སོ།། དེ་ལྟར་དགའ་བོས་ཡིད་གདུང་ཞིང་དུ་བ་མ་བཏང་བ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་དེ ་ལྷར་མ་དུ་བར་མདོ་སྡེ་འདི་གཟུངས་སུ་བཟུང་ལ་འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག། དེ་ནས་དགའ་བོས་གདོང་མཆིམ་ཕྱིས་ནས་བཅོམ་ལྡན་འདས་ལ་བག་ཟླའོ།། ། ཞེས་གསོལ་ཏོ།། བརྒྱ་བྱིན་དང་། ལྷ་དང་། ་མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཅག་གིས་ཡོངས་སུ་བཟུང་སྟེ། གང་ཞིག་མདོ་སྡེ་འདི་རིའམ། ཚལ་ལམ། ཤིང་དྲུང་ངམ། ཟས་མཐའ་འམ། དུར་ཁྲོད་ན་གནས་ཏེ་འདོན་ཏམ། ་ཀློག་ན་བདག་ཅག་གིས་ལྷ་དང་། མིའི་འཁོར་དང་། མི་མ་ཡིན་པ་དང་བཅས་ཏེ། གནས་དེར་འགྲོ་ཞིང་། ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་གམ། ཚིག་གཅིག་ཙམ་ཡང་མི་བརྗེད་མ་ཉམས་པར་བཟུང་ངོ་ཞེས་གསོལ་ཏོ།། ་མདོ་སྡེ་འདི་གསུངས་པའི་ཚེ་དགེ་སློང་སྟོང་སྙེད་ཀྱིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་སློང་མ་སྟོང་ལྔ་བརྒྱས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་བསྙེན་ལྔ་བརྒྱས་ཡོངས་སུ་དག་པར་གྱུར་ཏེ། ་སྱཱ་ང། མེདད་མ་མ་ལན་ལ་སོགས་པས་བྱག་བྱས་ནས་བྱར་དང་། འདགས་པ་ཀྱང་འ་ན་ཅགདས་རྟགས་། ཁྲུས་ཀྱདག་པར་ཡངས།། མག་ལ་ཏུ། ཀྲ་བྷམ་ངྱསཿ། རྫགཿ། ཤྲཿ། ་ཡེཪྠནྡ་ཙི་ཏུ་པྲ་བྷཥཱ་ཧེ་ཏུན་ཏེ་ཥཱ་ན་ཏ་ཐཱ་ག་ཏོ་ཧྱ་བདཏ། ཏེཥྛཉཿ་ཡོན་རོ་དྷ་ཨེ་བཾ་བཱ་དཱི་མ་ཏཱ་ཤྲ་མ་ཎཿ། ་