| Wylie | e-texts produced with BDRC’s OCR application |
ཏེ་གཏན་ལ་ཕབ་བོ། ། །། རྒྱ་གར་སྐད་དུ། ཨཱརྱ་ས་གྷྲཾ་ནཱི་སཱུ་ཏྲ་དྷ་བྷཱ་པ་རཱ་ཡ། བོད་སྐད་དུ། འཕགས་པ་དགེ་འདུན་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས།། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་སུམ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་མོའུ་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྒྲ་གཅན་འཛིན་དང་། ཚེ་དང་ལྡན་པ་བསྐུལ་དང་། ཚེ ་དང་ལྡན་པ་བཟང་སྐྱོང་དང་། ། ཚེ་དང་ལྡན་པ་བཟང་དཔལ་དང་། ཚེ་དང་ལྡན་པ་ཙན་དན་དཔལ་དང་།། ཚེ་དང་ལྡན་པ་དུག་སེལ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་དགའ་སྡེ་དང་། ་དེ་དག་ལ་སོགས་པ་དགེ་སློང་སུམ་ཁྲི་ཉིས་སྟོང་དང་། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ཉི་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དང ་བ་དང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུར་གནས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུ་བཟང་པོ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་བྲི་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བལྟ་ན་སྡུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲུག་ཁྲི་ཉིས ་སྟོང་དང་། ལྷའི་བུ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་སྲིད་སྒྲུབ་དང་། ལྷའི་བུ་བཟང་པོ་དང་། ལྷའི་བུ་ཤིན་དུ་བཟང་པོ་དང་། ལྷའི་བུ་ཆོས་འདོད་དང་། ལྷའི་བུ་ཙན་དན་སྙིང་པོ་དང་། ལྷའི་བུ་ཙན་དན་གནས་དང་། ལྷའི་བུ་ཙན་དན་དང་། ་དེ་དག་ལ་སོགས་པའི་ལྷའི་བུ་ཁྲི་ཉིས་སྟོང་དང་། ལྷའི་བུ་མོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་མོ་རྔ་ལྡན་དང་། ལྷའི་བུ་མོ་མཛེས་ལྡན་དང་། ལྷའི་བུ་མོ་བདག་ཉིད་ཆེན་ལྡན་དང་། ལྷའི་བུ་མོ་མིག་དཔལ་དང་། ལྷའི་བུ་མོ་སྐྱེས་དགུའི་བདག ་མོ་གནས་པ་དང་། ལྷའི་བུ་མོ་སྟོབས་འཛིན་དང་། ལྷའི་བུ་མོ་ནོར་དཔལ་དང་། ལྷའི་བུ་མོ་ལག་པ་བཟང་ལྡན་དང་། དེ་དག་ལ་སོགས་པ་ལྷའི་བུ་མོ་བརྒྱད་སྟོང་དང་། ཀླུའི་རྒྱལ་པོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སོག་མ་མེད་ད་། ་ཀྭའི་རྒྱལ་པོ་ཨེ་ལའི་མདབ་མ་དང་། ཀླུའི་རྒྱལ་པོ་ཉ་མིང་དང་། ཀླུའི་རྒྱལ་པོ་བུམ་པའི་སྙིང་པོ་དང་། ཀླུའི་རྒྱལ་པོ་བུམ་པ་མགོ་དང་། ཀླུའི་རྒྱལ་པོ་དགེ་བྱེད་དང་། ཀླུའི་རྒྱལ་པོ་ཤིན་ཏུ་དགའ་བ་དང་། ཀླུའི་རྒྱལ་པོ་མདབ་བཟངས་དང་། ་ཀླུའི་རྒྱལ་པོ་གླང་པོའི་མགོ་དང་། དེ་དག་ལ་སོགས་པ། ཀླུའི་རྒྱལ་པོ་བརྒྱད་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་རྒྱལ་པོའི་ཁབ་ག་ལ་བ་དང་། བྱ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དང་། བཅོམ་ལྡན་འདས་ག་ལ ་བ་དར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཅང་མི ་གསུང་བར་གྱུར་པས་གནང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོན་ལྡན་འདས ་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་བྱེ་བ་དང་། ལྷའི་བུ་མོ་བྱེ་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་མང་པོ་དག་འདུས་ཏེ། བཅོམ་ལྡན ་འདས་ཉན་ཐོས་བྱེ་བ་མང་པོ་དང་། ཀླུའི་རྒྱལ་པོ་རྣམས་ཀྱང་ཆོས་ཉན་པའི་སླད་དུ་འདུས་ནས་འཁོད་ཅིང་མཆིས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཚུལ་ལ ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྒན་པ་རྣམས་ནི་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱུང་བར་འགྱུར་བ་དང་། སེམས་ཅན་གཞོན་ནུ་རྣམས་ནི་དགེ་བའི་ཆོས་རྣམས་ལ་མངོན་པར་བརྩོན་ཞིང་ཁྱད་པར་དུ ་འཕགས་པའི་ཐོབ་པར་འགྱུར་ཏེ། དགེ་བའི་ཆོས་རྣམས་ལས་མི་ཉམས་ཡོངས་སུ་མི་ཉམས་ཤིང་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ལ་འཇུག་པ་དེ་ལེགས་པར་བཤད་དུ་གསོལ།། དེ ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དུ་དཔའ་བཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་དྲི ་བར་སེམས་པ་ནི་ཀུན་དུ་དཔའ་བ་ལེགས་སོ་ལེགས་སོ། ། ཀུན་དུ་དཔའ་བ་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་དེས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་དེ་བཞིན་ནོ།། ཞེས་གསོལ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དུ་དཔའ་བཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་དག ་ཡང་འཛམ་བུའི་གླིང་དུ་སྤྱོད་པ་ཞིག་ཡོད་དེ། གང་ལ་ལ་ཞིག་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་དེའི་མཚམས་མེད་པ་ལྔའི་ལས་རྣམས་འབྱུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར ་འགྱུར་རོ། ། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། གང་དག་གིས་ཟུང་གི་མདོ་ཡང་འདི་ཐོས་པ་དེ་དག་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྐད་བསྐྱེད་པར་འགྱུར་རོ།། སྙམ་ནམ་ཡང་ཀུན་དུ། ་དཔའ་བ་དེ་ལྟར་མི་ལྟའོ།། ཀུན་དུ་དཔའ་བས་གསོལ་པ། འོ་ན་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སལ། ་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱིས་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྐད་བསྐྱེད་པར་འགྱུར་རོ།། ཀུན་དུ་དཔའ། ་བགང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ།། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ ་མཐོང་བ་དང་མི་འབྲལ་བར་འགྱུར་རོ། ། དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་དག་ཐམས་ཅད་ཀྱིས་དག་པའི་ཆོས་གང་དག་འཐོབ་པར་འགྱུར་བ ་དེ་དག་ལ་བདུད་སྡིག་ཅན་གྱིས་མི་རྫི་བར་འགྱུར་རོ། ། ཀུན་དུ་དཔའ་བ་གང་དག་ཟུང་གི་མདོ་འདི་ཐོས་པ་དེ་དག་ཐམས་ཅད་སྐྱེ་བ་དང་འགག་པ་ཤེས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དེའི་ཚེ་སྟན ་ལས་ལངས་ཏེ་བླགོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ཞུས་པ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག། ་མཆིས་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོའི་ཚད་ཉོན་ཅིག། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་དང་། འཛམ་བུའི་གླིང་གི ་རྡུལ་ཕྲ་རབ་ཇི་སྙེད་པ་དང་། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་དག་ཐམས་ཅད་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས ་ནི་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་ངོ་དོ། ། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་རྣམས་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཀྱང་ཆོས་མང་དུ་སྐྱེད་པར་འགྱུར་ཏེ་དེའི ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་ནི་བགྲང་པའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ། ། ཀུན་དུ་དཔའ་བ་དེའི་ཚེ་དེའི་དུས་ན་གང་ཚིག་འདི་ཐོས་ནས་སྤྲོ་བ་ཆེན་པོར་འགྱུར་བ་དེ་ནི་བསོད་ནས་ཀྱི་ཕུང་པོ་དཔག་ཏུ ་མེད་པ་སྐྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་ཆོས་ཀྱིས་ཡོངས ་སུ་སྐོམ་པར་འགྱུར་བས་དེ་དག་གང་ལགས་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དུ་དཔའ་བ ་སེམས་ཅན་གཉིས་པ་འདི་དག་ནི་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ཏེ། གཉིས་གང་ཞེ་ན། ཀུན་དཔའ་བ་འདི་ལྟ་སྟེ། གཅིག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ།། ཀུན་དུ་དཔའ་བ་གཉིས་པ་ནི་གང་ཆོས་ཐོས ་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པའོ། ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཆོས་ཐོས་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག ་པར་རབ་ཏུ་སྟོན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་གཅིག་ནི་ཆོས་ཐོས་ནས་བྱང་ཆུབ་ཏུ་ཡོང་སུ་སྔོ་སྟེ། ནམ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ན་སེམས་ཅན་ཐམས་ཅད་ཀྱི་ཕྱིར ་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ནོ། ། ཀུན་དུ་དཔའ་བ་གཉིས་པ་ནི་གང་ཐེག་པ་ཆེན་པོ་ལ་འཇུག་པ་སྟེ།། རྟག་ཏུ་ཡང་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ནོ།། དེ་ནས་ལྷ་དང་ཀླུ་དང་མི་དང་ལྷའི་བུ་མོ་བྱེ་བསྟན་ལས ་ལངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཀྱིས་ཡོངས་སུ་སྐོམ་ཞིང་མཆིས་ན། བཅོམ་ལྡན་འདས་བདག་ཅག ་རང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་ཀུན་དུ་དཔའ་བསྟན ་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་བཀའ་སྩལ་པ། ཀུན་དུ་དཔའ་བ་སེམས་ཅན་གང་དག་འདིར་ལྷགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངས་སུ་སྒྲུབ་པ་གྲུབ་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས ་རྒྱུ་གང་དང་རྐྱེན་གང་གིས་ན་སེམས་ཅན་འདིར་ལྷགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་མ་ནི་ལེགས་སོ་ལེགས་སོ། ། ཀུན་དུ་དཔའ་བ་དེའི་ཕྱིར་འདི་ལ་ཡོངས་སུ་བསྔོ་བའི་ཁྱད་པར་ཉོན་ཅིག། ཀུན་དུ་དཔའ་བསྔོན་བྱུང་བ་འདས་པའི་དུས ་བསྐལ་པ་གྲངས་མེད་པར་འགྱུར་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས ་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ཀུན་དུ་དཔའ་བའི་དེའི་ཚེ་དེའི་དུས་ན་དབྲམ་ཟེའི་ཁྱེའུ ་ཞིག་ཏུ་གྱུར་ཏེ། ། ངས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་བཀོད་པ་དེ་དག་ཐམས་ཅད་དེའི་ཚེ་དེའི་དུས་ན་རི་དགས་སུ་གྱུར་ནས། དེས་དེའི་ཚེ་དེའི་དུས་ན་འདི་སྐད་དུ་དེ་ལྟར་རི་དགས་གང ་ལ་ལ་སྡུག་བསྔལ་གྱིས་ཡོངས་སུ་གཟིར་བར་གྱུར་པ་དེ་དག་ཐམས་ཅད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག། དེ་དག་ཐམས་ཅད་ཀྱང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་དགོད་པར་གྱུར་ཅིག། ་ཅེས་སྨོན་ལམ་བཏབ་སྟེ། རི་དགས་དེ་དག་གིས་ཀྱང་ཚིག་དེ་ཐོས་ནས་དེ་བཞིན་དུ་གྱུར་ཅིག་ཅེས་དེ་སྐད་སྨྲས་ཏེ། ཀུན་དུ་དཔའ་བ་དགེ་བའི་རྩ་བ་དེས་ན་སེམས་ཅན་དེ་དག་འདིར་ལྤགས་ཏེ། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་བཅོམ་ལྡན་འདས་ལས་སྤྲོ་བ་ཆེན་པོ་ཐོས་ནས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་དེ་དག་གི་ཚེའི་ཚད་ཇི་སྲིད་ཅིག་ཟུབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཆུཐུབ་པར ་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་བསྐལ་པའི་ཚད་ཇི་ཙམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། འདི་ལྟ་སྟེ་དཔེར་ན་མི་ལ་ལ ་ཞིག་གིས་རབ་ཆུ་ཞེང་དཔག་ཚད་བཅུ་གཉིས་ལ་འཕང་དུ་དཔག་ཚད་གསུམ་པ་ཞིག་རྩིགས་ཏེ། ར་བ་དེའི་ན་ཏིལ་གྱི་འབྲུ་ཤ་སྟག་གིས་ཡོངས་སུ་གང་བར་བྱས་ལ། དེ་ནས་མི་དེས་ལ་སྟང་འདས་ཤིང་རབ ་ཏིལ་གྱི་འབྲུས་ཡོངས་སུ་གང་བ་དེ་ལས་ཏིལ་གྱི་འབྲུ་གཅིག་ཕྱི་རོལ་དུ་བོར་ཏེ། དེ་ལྟ་བུའི་ཚུལ་དུ་མི་དེས་ཏིལ་གྱི་འབྲུ་དེ་དག་ཐམས་ཅད་ཟད་པར་བྱས་ལ། རབ་དེའི་རྨད་ཡང་མེད་བཞི་ཡང་མེད་པར་གྱུར་དུ་ཟིན་ཀྱང ་བརྒལ་པ་ནི་ཟད་པར་མི་འགྱུར་། ། བཱན་དང་བོགཞན་ཡང་འདིས་སྟེ།། དཔེར་ན་རྣམས་སུ་དཔག་ཅན་ལྔ་བཅུ། བང་དུ་དཔག་ཅད་བཅུ་གཉིས་བཞིག་ཡོད་ལ། དེ་ནས་མི་ལ་ལ་ཞིག་གིས་འི་དུས་ལ་གྱིས ་བརྩིགས་ཏེ་དུས་རིང་པོ་ལལོ་བརྒྱ་འདས་ཤིང་ཀ་ཤི་ཀ་རས་ཀྱིས་ལན་ཅིག་ཕྱིས་ཏེ་དེ་ལྟར་བྱས་པས་རི་དེ་ཟད་པར་མྱུར་དུ་ཟིན་ཀྱང་བསྐལ་པ་ནི་ཟད་པར་མི་འགྱུར་ཏེ། ཀུན་དུ་དཔ་བ་བསྐལ་པའི་ཆད་ནི་ད་ཡིན་ནོ།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྔོ་བ་ཅིག་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་མང་དུ་སྐྱེས་པ་ནི ་འདི་ལྟ་སྟེ། བདེ་བར་ཚེའི་ཚད་བསྐལ་པ་བརྒྱད་ནུ་ཐུབ་པར་འགྱུར་ན་གང་དེ་བཞིན་གཤེགས་པའི་བསྟན་པ་ལ་བསྙེན་བཀུར་ཤིན་དུ་མང་པོར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩམ ་པ། རིགས་ཀྱི་བུ་ཉོན་ཅིག། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེའི་ཚེའི་ཚད་ཀྱང་བསྐལ་པ་བརྒྱ་ཁྲི་བཞི་སྟོང་ཐུབ་པར་འགྱུར་ན། ཀུན་དུ་དཔའ་བ་གང་ཟུང་གི་མདོ་ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་ལྟ་ཅི་སྨོས་ཏེ། ་ཀུན་དུ་དཔའ་བདེན་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མ་པོ་བསྐྱེད་པར་འགྱུར་རོ།། ཀུན་དུ་དཔའ་བ་སེམས་དང་པ་གང་ཞིག་ཟུང་གི་མདོ་ལ་སྙིང་ཐག་པ་ནས་ཕྱག་འཚལ་བ་དེ་ནི་བསྐལ་པ་དགུ་བཅུ་རྩ་ལྟར་ཚེར་བ ་དྲན་པར་འགྱུར་རོ། ། བསྐལ་པ་དྲུག་བཅུའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། ཚེ་འདི་ལ་ཡང་ཐམས་ཅད་དགའ་བར་འགྱུར་ཏེ། ཀུན་དུ་དཔའ་བ་དེ་ནི་མཚོན་གྱིས་འཆི་བའི་དུས་བྱེད་པར་མི ་འགྱུར། ། དུག་གིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། དེ་ལ་བྱེད་ཀྱིས་ཚུགས་པར་མི་འགྱུར་རོ།། འཆི་བར་ཡང་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། ཀུན་དུ་དཔལ ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་ལ་སྐྱེས་བླ་རྣམ་པ་ཁྱོད་ཀྱིས་ཟུང་གཱ་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལེགས་པར་བཤད་པ་ཐོས་པས་བསོད་ནམས་ཀྱི་ཕུང་པོ་འདི་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་པ་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་སོ་སོར་ལུང་སྟོན་པར་འགྱུར་ན། ་ཀུན་དུ་དཔའ་བ་གང་རླུ་གི་མ་རྣཾས་ཀྱི་མ་རྒྱ ་ཆེན་པོ་འདི་མཐའ་དག་རྫོགས་པར་རྒྱ་ཆེར་ཐོས་པ་ལྟ་ཅི་སྨོས་ཀྱིས་མ་འཇིགས་ཤིག་ཅེས་དབུགས་འབྱིན་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཀྱང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་མཉན་པར་བགྱི་ན། བཅོམ་ལྡན་འདས་བདག་བསོད་ནམས་ཀྱི་ཕུང་པོ་རྗེ ་ཙམ་ཞིག་བྱེད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕྲེང་པོ་རྡ་སྣ ་པར་སེམས་ཅན་དེ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་པབྱེད་པར་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་ནམ་བདག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་པ་དེ་ན། བཅོམ་ལྡན་འདས་ངོམས ་མ་མཚལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བོ་ཁྱོད་ཆོས་རྣམས་ཀྱིས་དོམས་མི་ཤེས་པ་ནི་ལེགས་སོ་ལེགས་སོ།། ཀུན་དུ་དཔའ་བར་ཡང་ཆོས་རྣམས་ཀྱིས་ངོམས་མི་ཤེས་ན ་ཀུན་དུ་དཔའ་བ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དོམས་མི་མྱོང་བར་བྱ་བ་ལྟ་ཅི་སྨོས། ཀུན་དུ་དཔའ་བ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པ་དེ་བསྐལ་པ་སྟོང་དུ་ལོག ་པར་ལྟུང་བར་འགྲོ་བར་མི་འགྱུར། བསྐལ་པ་ལྔ་སྟོང་དུ་དུས་འགྲོར་སྐྱེ་བར་མི་འགྱུར། བསྐལ་པ་ཁྲི་ཉིས་སྟོང་དུ་བློ་ངན་པར་མི་འགྱུར། བསྐལ་པ་ཁྲི་བརྒྱད་སྟོང་དུ་མཐའ་འཁོབ་དུ་སྐྱེ་བོའི་ནང་དུ་སྐྱེ་བར་མི་འགྱུར། ་བསྐལ་པ་ཉི་ཁྲིར་རབ་ཏུ་སྦྱིན་པ་ལ་དཔའ་བར་འགྱུར། བསྐལ་པ་ཉི། ཁྲི་ལྔ་སྟོང་དུ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།། དེ་སྐལ་བ་བཞི་ཁྲིར ་ཁྱིམ་གྱི་གནས་ནས་འབྱུང་བར་འགྱུར། ། བསྐལ་པ་ལྔ་ཁྲིར་ཆོས་འཛིན་པར་འགྱུར། བསྐལ་པ་དྲུག་ཁྲི་ལྔ་སྟོང་དུ་འཆི་བ་རྗེས་སུ་དྲན་པ་སྒོམ་པར་འགྱུར་རོ།། ཀུན་དུ་དཔའ་བ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ ་སྡིག་པའི་ལས་ཅུང་ཟད་ཀྱང་འབྱུང་བར་མི་འགྱུར་རོ། ། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ།། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ།། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས ་པ་དེ་དག་ནི་གང་དང་གང་དུ་སྐྱེ་ཡང་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་ལྔར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། ། བསྐལ་པ་བརྒྱད་ཁྲིར་ཐོས་པ་འཛིན་པར་འགྱུར། བསྐལ་པ་སྟོང་དུ་སྲོག་གཙེ ་པ་སྤོང་བར་འགྱུར། བསྐལ་པ་དགུ་ཁྲི་དགུ་སྟོང་དུ་བརྫུན་དུ་སྨྲ་བ་སྤོང་བར་འགྱུར། བསྐལ་པ་ཁྲོ་སུམ་སྟོང་དུ་ཕྲ་མའི་ཚིག་སྤོང་བར་འགྱུར་ཏེ། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས ་ཅན་དེ་དག་ནི་རྙེད་པར་དཀའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བསྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བ་དག་སྡིག་པའི་ལས་ཀྱི ་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་མང་ངོ་།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་འབྱེད་པར ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་ཁ་རོ་གང་ལ་སྡིག་པའི་ལས་ཀྱི་ཕུང་པོ་ཀུན་མ་དྲི་ཤིག། ཀུན་དུ་དཔའ་བ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར། ་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ལ་གནོད་སེམས་བསྐྱེད་པ་བས་ནི་གང་ཟུང་གི་མདོ་ལ་སྤོད་པ་དེ་དེ་བས་མི་དགེ་བའི་ཕུང་པོ་ཆེས་མང་དུ་བྱེད་དོ།། ཀུན་དུ་དཔའ་བ་གང་དག་ཐེག་པ་ཆེན་པོ་ལ ་གནོད་པའི་སེམས་འབྱེད་པ་དེ་དག་ཀྱང་དེ་བས་མི་དགེ་བའི་ཕུང་པོ་ཆེས་མང་དུ་བསྐྱེད་པར་འགྱུར་ཏེ། ཀུན་དུ་དཔའ་བ་སེམས་ཅན་དེ་དག་མི་ཚིག་པ་དེས་ཚིག་པ་ཉིད་དོ།། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་སེམས ་ཅན་དེ་དག་ནི་ཐར་པར་བགྱི་མི་ནུས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་དེ་དེ་བཞིན་ཏེ། ཐར་པར་བྱ་མི་ནུས་སོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གི་མགོ་བཅད་ལ་དེ་ལ་དེས་ལྡན ་སྦྲང་རྩི་འམ། ཁ་ར་འམ། བུ་རམ་འམ། མར་རམ། འབྲུ་མར་རམ། བསྐུ་བའི་སྨན་གང་ཡང་རུང་བ་ཞིག་གིས་མགོ་ལ་བསྐུས་ན། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་སླར་ལྗང་ནུས་སམ། ཀུན་དུ་དཔའ་བས་གསོ ་པ། ། བཅོམ་ལྡན་འདས་རྔོ་མི་ཐོག་གོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་གཞན་ཡང་མི་གཞན་ཞིག་ཀྱང་ཡོད་པར་གྱུར་ལ། དེས་སེམས་ཅན་གཞན་ལ་མཚོན་རྣོན་པོས་བཏབ་ན་མཚོན་ཐད་ཅིག་བཏབ ་སྲོག་ཚད་མ་ནུས་ཀྱང་། ཀུན་དུ་དཔའ་བ་མ་འབྱུང་བར་འགྱུར་ཏེ། སྨན་གྱིས་སྦྱར་ན་དེའི་རྨ་འཚེ་བར་འགྱུར་རོ།། ནམ་སོས་པར་གྱུར་པ་དེ་ན་སྡུག་བསྔལ་དྲན་ནས་དེ་ནི་བདག་གིས་ཤེས་ཀྱིས་ལན་འགའ་ཡང་སྡིག་པ་མ ་དགེ་བའི་ལས་མངོན་པར་འདྲ་བྱ་བ་མི་བྱའོ་སྙམ་དུ་སེམས་དཔའ་དེ་བཞིན་དུ། ཀུན་དུ་དཔའ་བ་མི་དེ་ནམ་སྡུག་བསྔལ་དྲན་པ་དེ་ནི་སྡིག་པ་ཐམས་ཅད་ཡོངས་སུ་སྤོང་ངོ་།། དེའི་ཚེ་ཆོས་ཐམས་ཅད་མངོན་སུམ་དུ་བྱེད ་པར་འགྱུར་རོ། ། ཆོས་ཐམས་ཅད་མངོན་སུམ་དུ་བྱས་ནས་དེའི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཤི་བའི་ཐ་མ་མྱ་ངན་བྱེད་ཅིང་སྨྲ ་སྔགས་འདོན་ཀྱང་དེ་ལ་སྐྱབས་བྱེད་ནུས་པ་མེད་པ་དེ་བཞིན་དུ། ཀུན་དུ་དཔའ་བ་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་དེ་བདག་ལ་ཕན་པ་དང་གཞན་ལ་ཕན་པ་བྱེད་མི་ནུས་ཏེ། ཕ་མ་རེ་ཐག་ཆད་པ་བཞིན ་དུ་སེམས་ཅན་རྣམས་ཀྱང་འཆི་བའི་དུས་ཀྱི་ཚེ་རེ་ཐག་ཆད་པར་འགྱུར་རོ། ། ཀུན་དུ་དཔའ་བ་གཉིས་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་རེ་བག་ཆད་པ་ཡིན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཅིག་ནི་སེམས ་ཅན་སྡིག་པ་བྱེད་པ་འམ། ཁྱེད་དུ་འཇུག་པའོ།། མི་གཅིག་ཤོས་ནི་དམ་པའི་ཆོས་སྤོང་བ་སྟེ། གཉིས་པོ་དེ་དག་ནི་སེམས་ཅན་རྣམས་འཆི་བའི་དུས་ཀྱི་ཚེ་རེ་བག་ཆད་པའོ།། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་གི་འགྲོ་བ་གང་ལགས། ཚེ་སླད་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་སེམས་ཅན་དམ་པའི་ཆོས་ལ་སྨོད་པ་རྣམས ་ཀྱི་འགྲོ་བ་ནི་མཐའ་ཡས་ཏེ། ཚེ་ཕྱི་མ་ཡང་མཐའ་ཡས་སོ།། ཀུན་དུ་དཔའ་བ་དམ་པའི་ཆོས་སྤོང་བའི་སེམས་ཅན་དེ་དག་ནི་བསྐལ་པར་སེམས་ཅན་ན་དམྱལ་བ་ཆེན་པོ་དུ་འབོད་དུ་ཚོར་བ་མྱོང་བར་འགྱུརརོ།། ་བསལ་པར་བསྡུས་གཞོས་དང་བསྐལ་པར་ཚ་བ་དང་། བསྒྲལ་པར་རབ་ཏུ་ཆེ་བ་དང་། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང་། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མན་མེད་པ་དང ་བསྐལ་བ་ཐམས་ཅན་དམྱལ་བ་ཆེན་པོ་སུ་ཟིང་ཞེས་བྱེད་པ་དང་། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཀྱིདུ་ཟེར་བ་དང་། ཀུན་དུ་དཔའ་བ་སེམཔ་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ ་པ་བརྒྱད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྡུག་བསྔལ ་ལགས་སོ། ། ཁང་བར་གཤེགས་པ་སྡུག་བསྔལ་ལགས་སོ།། ཉན་པར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སེམས་ཅན་དམྱལ་བར་སེམས་ཅན་རྣམས།། ་ཇི་ལྟར་སྡུག་བསྔལ་བ་ཚར་མྱོང་།། འཇིགས་པ་ཆེན་པོའི་ཚིག་འདི་ལ།། ཁྱོད་ནི་ཉན་པར་སྤྲོ་མ་ཡིན། གང་ཞིག་དགེ་བའི་ལས་བྱེད་ལ། དེ་ནི་དགེ་བར་འགྱུར་བ་ཡིན། གང་ཞིག་མི་དགེའི་ལས་བྱེད་པ།། དེ་ཡང་སྡུག་ཅཝ ་ཉིད་དུ་འགྱུར། ། གང་ཞིག་བདེ་རྒྱུ་མི་ཤེས་པ།། སྐྱེས་ནས་འཆི་བའི་སྡུག་བསྔལ་དང་། མྱ་ངན་བཅིངས་པའི་སྡུག་བསྔལ་གྱིས།། བྱིས་པ་རྟག་ཏུ་སྡུག་བསྔལ་ལོ།། གང་དག་སངས་རྒྱས་མཆོག་དྲན་པ།། མཁས་པ་རྣ ་ནི་བདེ་བ་ཡིན། ཐེག་པ་ཚལ་དད་པ་ཡང་།། དེ་དག་ངན་འགྲོར་འགྲོ་མ་འགྱུར།། ཀུན་དུ་དཔའ་བ་དེ་བཞིན་དུ།། སྔོན་གྱི་ལས་ཀྱིས་རབ་བསྐལ་ནས།། ལས་ནི་ཆུང་ངུ་བྱས་པ་ཡང་། འབྲས་བུ་མཐའ་ལས་སྤྱོད་པར ་འགྱུར། སངས་རྒྱས་ཞིང་གི་ཞིང་མཆོག་ཏུ།། ས་བོན་བཏབ་ན་འབྲས་བུ་ཆེ།། ཇི་ལྟར་ས་བོན་ཉུང་བཏབ་ལས།། འབྲས་བུ་མང་པོར་སྤྱོད་པ་བཞིན། རྒྱལ་བའི་བསྟན་ལ་དགའ་བྱེད་པ།། མཁས་པ་རྣམས་ནི་བདེ་བར ་འགྱུར། ། སྡིག་པ་དག་ནི་རྣམ་པར་སྤོང་།། དགེ་བ་དག་ཀྱང་མང་དུ་བྱེད།། གང་དག་ང་ཡི་བསྟན་པ་ལ།། སྦྱིན་པ་སྒྲ་ཙམ་བྱེད་པ་ནི།། བསྐལ་པ་སྟོང་ཕྲག་བརྒྱད་བཅུར།། ལོངས་སྤྱོད་ཆེ་ཞེ་ནོར་ཡང་མང།། གང་དང་གང་དུ་རྒྱས ་པར་འགྱུར། དེ་དག་རྟག་ཏུ་སྦྱིན་པ་ཅན།། ད་ལྟར་སངས་རྒྱས་སྦྱིན་པའི་གནས།། ཟབ་མོ་དེ་ནི་འབྲས་བུ་ཆེ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་འཚལ་བར་བགྱི།། བཅོམ་ལྡན་འདས་ཇི་ལྟར་ན་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་ནས་དགེ་བའི་རྩ་བ་ཡོངས་སུ་འཛིན ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་ལ་བདེ་བའི་ཡོ་བྱད ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་ལྟར་གང་གིས་ཟུང་གི་མདོའ་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བགྱི།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ། ། གང་དགེ་བའི་རྩ་བ་དེ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ།། དགེ་བའི་རྩ་བ་དེ་དེ་བཞིན་གཤེགས་པ་དང་མཚུངས་པར་འཚལ་བར་འགྱི་བ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ཀུན་དུ་དཔའ་བ་ཆོས་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ།། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཆོས་སྨྲ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་གང་ཟུང་གི་མདོ་སྒྲོགས་པ་དེ་ནི་ཆོས་སྨྲ་བའོ།། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་གང་ཟུང་གི་མདོའི་ཆོས་ཀྱིས་རྣམ་གྲངས་ཐོས་པ་དེ་དག་ཀྱང་འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་སྐྱེད ་པར་འགྱུར་ན། གང་དག་ཡི་གེར་འདྲི་བ་དང་ཀློག་པ་ལྟ་ཅི་སྨོས་ཏེ། དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་ཉོན་ཅིག་འདི་ལྟ་སྟེ། དཔེར ་ན་ཨ་ཕྱོགས་བཞིའི་ཕྱོགས་རེ་རེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་བསྐལ་པ་བཅུ་གཉིས་ཀྱི་བར་དུ་བཞུགས་ཤིང་ཆོས ་སྟོན་ཏེ་ཟུང་གི་མདོ་འདི་ཡི་གེར་འདྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་བརྗོད་ཀྱང་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་དམ་ཚིག་གིས་བརྗོད་པར་མི་རུས་སོ། ། སངས་རྒྱས་བཅོམ་ལྡན་འདས་གང ་གཱའི་ཀླུང་བཞི་བཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱིས་ཀྱང་ཡི་གེར་འདྲི་བའི་བསོད་ནམས་ཀྱི་ཕུང་པོ་དེ་བརྗོད་པར་མི་ནུས་ན། གང་ཡི་གེར་འདྲི་བ་དང་། སེམས་དཔའ་བ་དང་།། ཀློག་པ་དེ་དག་ཆོས་ཀྱི་གཏེར་དུ་འགྱུར་བ་ལྟ་ཅི ་སྨོས། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཀློག་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀ ་སྩལ་ཏོ། ། ཚིག་བཞི་ཚིགས་སུ་བཅད་པ་ཙམ།། བླགས་པ་རྣམས་ཀྱི་དགེ་བ་གང་།། གང་གཱ་བརྒྱད་བཅུ་རྩ་བཞི་ཡི།། བྱེ་མ་སྙེད་ཀྱི་རྒྱལ་བ་ཡིས།། འདི་ན་ཟུང་གི་མདོ་བླགས་པ།། དེ་དག་བསོད་ནམས་གང ་ཡོད་ག། རྒྱུན་མི་འཆད་པར་བརྗོད་གྱུར་ཀྱང་།། བསོད་ནམས་དེ་ནི་ཟད་མི་འགྱུར།། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། རྙེད་པར་དཀའ་ཞིང་མཐའ་ཡས་སོ།། ཡང་དེའི་ཚེ་དེའི་དུས་ན་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང ་ཕྲག་བརྒྱ་བཅུ་རྩ་བཞིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གི་སླད་དུ་ཆོས་ཀྱི ་གཏེར་འདི་ལྟ་བུ་བཅོམ་ལྡན་འདས་ཀྱིས་འདམ་བུའི་གྲོང་འདིར་བཞག་པ་ལེགས་སོ་ལེགས་སོ། ། གཞན་གཙོར་ཐུབ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་བརྒྱད་བཅོམ་ལྡན་འདས་གལ་བ་དེ་ལྤགས་ནས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་དགེ་སྦྱོང་གཽ་ཏ་མཱི་རྒྱལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་རྟག་ཏུ་རྒྱལ་ལོ།། ཀྱེ་མུ་སྟེགས་ཅན་གཅེར་བུ་ཅན་དག་མུ་སྟེགས་ཅན་བྱེད ་རྣམས་ཇི་ལྟར་རྒྱལ་བར་འགྱུར། ། དེ་དག་གིས་སྨྲས་པ་རྒྱལ་བར་མཛོད། དགེ་སྦྱོང་གཽ་ཏ་མཱི་རྒྱལ་བར་མཛོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཁྱེད་རྣམས་ལ་རྒྱལ་བ་མ་མཐོང་ངོ་།། བྱེད་ནི་ཕྱིན་ཅི་ལོག་གནས་ན།། ་ལྟ་བུར་ནི་རྒྱལ་བར་འགྱུར།། གཅེར་བུ་ཁྱེད་རྣམས་ཉོན་ཅིག་དང་།། ཁྱེད་ལ་ཕན་པ་བརྗོད་པར་བྱ།། བྱིས་པ་བློ་ལ་བདེ་བ་མེད།། ཁྱེད་ཅག་རྒྱལ་བར་ག་ལ་འགྱུར།། ངས་ནི་སངས་རྒྱས་སྤྱན་གྱིས་སུ།། ཟབ་མོའི་ལམ་ཡང་བསྟན་པར་བྱ། ་དེ་ནས་གཅེར་བུ་པ་དེ་དག་བཅོམ་ལྡན་འདས་ལ་ཁྲོས་པས་མ་དད་པའི་སེམས་སྐྱེད་དོ།། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དེད་། དེ་ནས་གཅེར་བུ་པ་བྱེ་བ་ཕྲག་བཅཝ་བརྒྱད་པོ་དེ་དག་སྔངས་སྐྲག་ནས ་སྡུག་བསྔལ་ཆེན་པོས་ཉམ་ཐག་སྟེ་ངུ་ཞིང་མཆི་མ་ཟག་པ་དང་། དེ་བཞིན་གཤེགས་པས་ཀྱང་སྐུ་མི་སྣང་བར་མཛད་དོ།། དེ་ནས་གཅེར་བུ་པ་དེ་དག་ངུ་ཞིང་གདོང་མཆི་མས་གང་བས་བཅོམ་ལྡན་འདས་མ་མཐོང་ནས་ཚིགས ་སུ་བཅད་པ་འདི་དག་སྨྲས་སོ། ། འདི་ན་དཔུང་གཉེན་སུ་ཡང་མེད།། དེ་བཞིན་ཕ་མེད་མ་ཡང་མེད།། འབྲོག་དགོན་བཞིན་དུ་རབ་ཏུ་མཐོང་།། ཁང་པ་སྟོང་པ་གནས་མེད་དོ།། འདི་ན་ཆུ་ཡང་མ་ཡོད་དོ།། ཤིང་ཡང་མེད་ཅིང་བྱ་ཡང་མེད་འདིར་ན ་སྒྲུབ་པ་མཐོང་སྟེ། པགོན་མ་སྔག་པས་ཚ་བ།། དེ་བཞིན་གཤེགས་པ་མ་མཐོང་བས།། མི་བཟང་ཆེན་པོ་མྱོང་བར་གྱུར། ཡང་དེའི་ཚན་གཅེར་བུ་པབྱེ་པ་ཕྲག་པན་བརྩད་པོ་དེ་དག་སྟན་ལས་ལས་བྲས་མོག ་སི་ལ་བཙུགས་ནས་སྒྲ་འབྱིན་ཅིང་དབྱངས་ཀྱིས་གོ་བར་བྱེད་དོ། ། དེ་བཞིན་གཤེགས་པ་ཐུགས་རྗེ་ཅན།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། བདག་ཅག་རྣམས་ལ་ཕན་པ་མཛོད།། འགྲོ་བ་ཉམ་ཐག་བསྐྱབ་ཏུ ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བ་ལ་བཀའ་སྩལ་པ། ཀུན་དུ་དཔའ་བསོད་ལ་གཞན་མུ་སྟེགས་ཅན་གཅེར་བུ་པ་རྣམས་ལ་ཆོས་ཤོད་ཅིག། དེ་སྐད་ཅེ ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རི་ནག་པོ་ནི་རི་རབ་རིའི་རྒྱལ་པོ་ལ་གོར་མ་བཀུམ་པར་རྩེ་མོ ་འདུད་ན་དེ་བཞིན་གཤེགས་པ་བཞུགས་བཞིན་དུ་བདག་གིས་ཇི་ལྟར་ཆོས་བསྟན་པར་བགྱི། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁ་རོག་རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་གིས ་ཀུན་དུ་དཔའ་བ་སོང་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ལྟོས་ཏེ་དེ་བཞིན་གཤེགས་པ་ག་ལ་སྣང་བ་དང་། དེ་བཞིན་གཤེགས་པ་གང་ན་གང་དུ་གཏིང་བ་ལྟོས་ཤིག་དང་། ཀུན་དུ་དཔའ་བ་ཉིད་ཀྱིས་གཞན་དུ ་སྟེགས་ཅན་གཅེར་བུ་རྣམས་ལ་ཆོས་བསྟན་པར་བྱའོ། ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་བ། བཅོམ་ལྡན་འདས་རང་གི་རྫུ་འཕྲུལ་གྱིས་སམ།། འོན་ཏེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས ་ས་མ། སུའི་རྫུ་འཕྲུལ་མཐུས་མཆི་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་སོང་ཤིག། ཀུན་དུ་དཔའ་བད་བཞིན་གཤེགས་པའི ་མཐུས་ནི་ཕྱིར་ཤོག་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བསྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས ་ཅན་དེ་དག་ལ་ཆོས་བསྟན་པ། གྲོགས་པོ་དག་སྐྱེ་བ་ནི་སྡུག་བསྔལ་བ་ཡིན་ཏེ་སྐྱེ་བ་ཉིད་ཀྱང་སྡུག་བསྔལ་བའོ།། སྐྱེས་ནས་སྡུག་བསྔལ་གྱི་འཇིགས་པ་མང་དུ་འབྱུང་ངོ་།། སྐྱེས་ནས་ནད་ཀྱིས་འཇིགས་པ་རྣམས་འབྱུང་ངོ་།། ནད་ལ ་ཆབའི་འཇིགས་པ་རྣམས་འབྱུང་ངོ་། ། རྒས་པ་ལས་འཆི་བས་འཇིགས་པ་འབྱུང་ངོ་།། བཅོམ་ལྡན་འདས་སྐྱེས་པ་ལས་སྐྱེ་བའི་འཇིགས་པ་སྐྱེ་བར་འགྱུར་ཞེས་བགྱི་བ་གང་ལགས། མིར་སྐྱེས་ནས་འཇིགས་པ་མང་དུ་འབྱུང་སྟེ། ་རྒྱལ་པོའི་འཇིགས་པ་འབྱུང་ངོ་།། རྐུན་པོའི་འཇིགས་པ་འབྱུང་ངོ་།། མེའི་འཇིགས་པ་འབྱུང་ངོ་།། དུག་གི་འཇིགས་པ་འབྱུང་ངོ་།། ཆུའི་འཇིགས་པ་འབྱུང་ངོ་།། རླུང་གི་འཇིགས་པ་འབྱུང་ངོ་།། ཀློང་འཁྱིལ་བའི་འཇིགས་པ་འབྱུ་།། རང ་གིས་བྱས་པའི་ལས་རྣམས་ཀྱི་འཇིགས་པ་འབྱུང་ངོ་། ། བཅོམ་ལྡན་འདས་ཀྱིས་སྐྱེས་པའི་གླེང་བཞི་དེ་ལྟ་བུ་རྣམ་པ་མང་པོས་ཆོས་བསྟན་པ་དང་། དེའི་ཚེ་དེའི་དུས་ན་གཞན་མུ་སྟེགས་ཅན་གཅེར་བུ་པ་དེ་དག་རབ་ཏུ་སྐྲག ་པར་གྱུར་ནས་བདག་ཅག་ནི་ཕྱིན་ཅད་སྐྱེ་བ་ལ་ནམ་ཡང་མི་མོས་སོ་ཞེས་དེ་སྐད་སྨྲས་སོ། ། བཅོམ་ལྡན་འདས་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། གཞན་མུ་སྟེགས་ཅན་གཅེར་བུ་པ་བྱེ་བ་ཕྲག ་བརྒྱད་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་གྱུར་ཏོ། ། རང་གི་འཁོར་ལས་ཀྱང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅཝ་བརྒྱད་ས་བཅུལ་རབ་ཏུ་གནས་པར་གྱུར་ནས་ཐམས་ཅད ་ཀྱིས་ཀྱང་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་འདི་ལྟ་སྟེ། རྟའི་གཟུགས་དང་། གླང་པོ་ཆེའི་གཟུགས་དང་། སྟག་གི་གཟུགས་དང་། ནམ་མཁའ་ལྡིང་གི་གཟུགས་དང་། རི་རབ་ཀྱི་གཟུགས་དང་། གསུང་དྲུང་རས་ལྟ་བུའི་གཟུགས་པ། ་ལ་ལ་དག་ནི་ཤེད་ལྗོན་པའི་གཟུགས་སུ་སྟོན་ཅིང་ཐམས་ཅད་ཀྱང་པད་མའི་ཁྲི་ལ་དཀྱིལ་མོ་ཀྲུང་དུ་འཁོད་དོ།། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་ནི་བཅོམ་ལྡན་འདས་ཀྱི་གཡས་རོལ་ན་འཁོད། བྱང་ཆུབ་སེམས ་དཔའ་བྱེ་བ་སྟོང་ཕྲག་དགུ་ནི་བཅོམ་ལྡན་འདས་ཀྱི་གཡོན་རོལ་ན་འཁོད་ཅིང་དེ་བཞིན་གཤེག་པ་ནི་རྟག་ཏུ་མཉམ་པར་བཞག་སྟེ། ཐབས་མཁས་པས་ཆོས་སྟོན་པར་སྣང་ངོ་།། ཞག་བདུན་པའི་ཉིན་མོ་དེ་བཞིན་གཤེས ་པ་ཕྱག་གི་མཐིལ་བརྐྱང་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་པད་མ་བླ་མའི་འཇིག་རྟེན་གྱི་ཁམས་ནས་འདིར་འོང་བར་མཁྱེན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཀུན་དུ་དཔའ་བ་ནམ་འགྲོ་བ་དེ་ན་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་པད་མ་བླ་མའི་འཇིག་རྟེན་གྱི་ཁམས་དེར་ཉིན་ཞག་བདུན་གྱིས་ཕྱིན་ཏོ། ། ནམ་བཅོམ་ལྡན་འདས་ཀྱིས་ཕྱག་རྐྱང་བ་དེའི་ཚེ་བྱང་ཆུབ ་སེམས་དཔའ་ཀུན་དུ་དཔའ་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་སེམས་དང་ཞིང་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྣརུ ་བགྲད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདག་ཕྱོགས་བཅུ་འདིག་ན་ཀྱི་ཁམས་ཐམས་ཅད་དུ་མཆིས་ནས། བཅོམ་ལྡན་འདས་བདག་གིས་རྫུ་འཕྲུལ་གཅིག་གིས་ནི་སངས་རྒྱས་ཀྱི་ཞིང་། ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། རྫུ་འཕྲུལ་གཉིས་ཀྱིས་ནི་བཅོམ་ལྡན་འདས་བྱེ་བ་སྟོང་མཐོང་སྟེ།། གདུགས་བདུན་པ་ལ་པད་མ་བླ་མའི་འཇིག་རྟེན་གྱི་ཁམས་སུ་ཕྱིན་ནས་དེའི་བར་ན་སངས་རྒྱས་ཀྱི་ཞིང་མི་འཁྲུགས་པ་བྱེ་བ ་བརྒྱ་སྟོང་དག་ཀྱང་མཐོང་སྟེ། བཅོམ་ལྡན་འདས་དེ་ནས་གདོང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དག་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དང་། དེ་ཉིད་ཀྱི། ་གདུགས་ལ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་འཇིག་རྟེན་དུ་བྱུང་བ་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམ ་ཅད་ལ་ཕྱག་བགྱིས་ནས་སླར་མཆིས་སོ། ། བཅོམ་ལྡན་འདས་དེ་ཉིད་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་འདས་ནས། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་པོ་དེ་དག་ཐམས་ཅ ་ནཡང་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་བྱུང་སྟེ། ། དེ་ཉིད་ཀྱི་གདུགས་ལ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདོན་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ད་། ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ལན་གསུམ་བསྐོར་བ་བགྱིས་པ་དང་རྫུ་འཕྲུལ་གྱིས་མི་གདའ་བར་གྱུར་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དྲུག་བཅུ་རྣམས་སུ་ཡང་སངས་རྒྱས ་བཅོམ་ལྡན་འདས་དག་མཐོང་སྟེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཕྱག་བགྱིས་ནས་བདག་ཐལ་བྱུང་མཆིས་སོ།། བཅོམ་ལྡན་འདས་སངས ་ཞིང་གཞན་བྱེ་བ་ཕྲག་ཕུད་ན་ཡད་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་རྣམས་མཐོང་སྟེ། བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཕྱག་བགྱིས་ནས་པལ་བྱུང་མཆིས་པོ་མ་ནས། ་གཞན་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་དག་ན་དམ་པའི་ཆོས་ནུབ་པ་མཐོང་ནས་བཅོམ་ལྡན་འདས་བདག་དེ་ལ་བསམ་པ་སྐྱེས་པ་དང་མཆི་མ་ཤོར་ཏོ།། གཞན་ཡང་ལྷ་དང་། ཀླུ་དང་། ་གནོད་སྦྱིན་དང་སྲིན་པོ་དང་། འདོད་པའི་གཟུགས་ཅན་མང་པོ་དག་དུ་ཞིང་མྱ་ངན་གྱི་ཟུག་ཏུ་ཆེན་པོས་ཟུག་པ་ཡང་མཐོང་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་གཞན་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དང་བཅས་པ ་རིརབ་དང་བཅས་པས་ཕྱོགས་དང་བས་པ་མ་ལུས་པ་ཐམས་ཅད་ཚིག་པ་དེ་ལ་ཡང་ཕྱག་བགྱིས་ནས་རེ་ཐག་ཆད་པར་གྱུར་ཏེ་མཆིས་སོ། ། བཅོམ་ལྡན་འདས་བདག་པད་མའི་འཇིག་རྟེན་གྱི་ཁམས་སུམ ་བྱིན་གྱི་བར་དེར་བཅོམ་ལྡན་འདས་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་ཕྲག་ལྔ་ཡང་མཐོང་སྟེ། ལྕེ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་ད་བྱང་ཕྱོགས་ན་ཁྲི་བཤམས་པ་བྱེ་བཅུ་སྟོང་དག་ཕྱོགསན་ཅི་གམས ་པབྱེ་བ་བརྒྱ་སྟོང་དང་། ནུབ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། སྟེང་གི་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་མཐོང་སྟེ། བཅོམ་ལྡན་འདས་ཁྲི་བཤམས་པ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས ་བགྱིས་པ་ཤ་སྟག་སྟེ། ཝ་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་སྟོན་ཏེ། བཅོམ་ལྡན་འདས་དེ་ལ་བདག་ངོ་མཚར་དུ་གྱུར་ནས་དེ་བཞིན་གཤེགས་པ་དེ་དག་ལ་བཅོམ་ལྡན་འདས ་འཇིག་རྟེན་གྱི་ཁམས་འདི་མིང་ཅི་ཞེས་ཞུས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ནི་པད་མ་བླ་མ་ཞེས་བྱའོ།། བཅོམ་ལྡན་འདས་དེ་ནས་བདག་གིས་དེ་བཞིན ་གཤེགས་པ་དེ་དག་ལ་བསྐོར་བ་བགྱིས་ནས་སངས་རྒྱས་ཀྱི་ཞིང་འདིའི་དེ་བཞིན་གཤེགས་པའི་མཚན་ཅི་ཞེས་ཞུས་པ་དང་། དེ་དག་གིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་པད་མའི་སྙིང་པོ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཞིང་འདི་ན་སངས་རྒྱས་ཀྱི་བྱ་བ་བྱེད་དོ།། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ་ཞིག་ཀྱང་གདའ་ན་པད་མའི་སྙིང ་པོ་ཞེས་བགྱི་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མ་འཚལ་ན་དེ་གང་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་སྙིང་པོ་ཞེས་བྱ་བ་དེ་ངས་ཁྱོད་ལ་བསྟན་ཏོ། ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་ནི་མི་གདའ་བར་གྱུར་གྱི་བྱང་ཆུབ་སེམས་དཔའི་གཟུགས་དེ་དག་ཏུ ་གདའ་སྟེ། དེ་བཞིན་གཤེགས་པ་གཅིག་པུ་ཞིག་གདའ་ནས་བདག་གིས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་དེར་མཆིས་པ་དང་། ཁྲི་ཡང་བྱུང་བར་གྱུར་ནས་ཁྲི་དེ་ལ་མཆིས་པ་དང་། བཅོམ ་ལ་དན་འདས་དེའི་ཚེ་ཁྲི་དུ་མ་ཞིག་བྱུང་ནས་ཁྲི་དེ་དག་ལ་སུ་ཡང་མཆིས་པར་མ་མཐོང་ནས་བདག་གིས་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཁྲི་འདི་དག་ལ་སེམས་ཅན་འགའ་ཡང་མ་མཆིས་མ་མཐོང་ངོ་ཞེས ་གསོལ་བ་དང་། བཅོམ་ལྡན་འདས་དེས་བཀའ་སྩལ་པ། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་ཁྲི་འདི་དག་ལ་འདུག་པའི་མཐུ་མེད་དོ།། གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་ཅི་ཞིག་བསྐྲུན་ན་ཁྲི་དེ་དག་ལ་མཆིས་པར། ་འགྱུར། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག་སེམས་ཅན་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེ་དག་དགེ་བའི་རྩ་བ་དེས་ཅི་དེ་དག་ལ་འདུག་པར་འགྱུར་ཏེ། གང་དག་ཡི་གེར་འདྲི་བ་དང་། ་ཀློག་པ་ལྟ་ཅི་སྨོས། ཀུན་དུ་དཔལ་ཁྱོད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པས་ཁྱོད་ཁྲི་འདི་ལ་འདུག་པར་གྱུར་གྱི་དེ་ལྟ་མ་ཡིན་ན་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནང་དུ་ཆུད་པ་བདག་ལ་འགྱུར། བཅོམ་ལྡན་འདས་དེས་དེ་སྐད་ཅེས ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས ་པད་མའི་སྙིང་པོ་དེ་བཞིན་གཤེགས་པ་འཛུམ་པ་མཛད་པ་དང་། བཅོམ་ལྡན་འདས་དེ་ཅིའི་སླད་དུ་འཛུམ་པ་མཛད་པ་བདག་གིས་བཅོམ་ལྡན་འདས་དེ་ལ་ཞུས་པ། བཅོམ་ལྡན་འདས་རྒྱུ་གང་དང་ཇི་ཞིག་གི་སླད་དུ་དེ་བཞིན ་གཤེགས་པ་འཛུམ་པ་མཛད། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བྲ་མཐུ་ཆེན་པོ་ཐོབ་པ་ཉོན་ཅིག། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གླིང ་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ལ། དེས་གླིང་བཞིར་ཞིང་རྣམས་ལ་ཏིལ་བཏབ་ན། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས་དེའི་ས་བོན་མང་དུ་སྐྱེ་བ་ཡིན་ནམ། ཀུན་དུ་དཔའ་བས་གསོལ་པ། ་བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་དེ་ལས་སེམས་ཅན་ལལ་ཞིག་གིས་ཏིལ་གྱི་འབྲུ་དེ་དག་ཕུང་པོ་གཅིག་ཏུ ་བྱས་ལ་མི་གཞན་ཞིག་གིས་ཏིལ་གྱི་འབྲུའི་ཕུང་པོ་དེ་ལས་ཏིལ་གྱི་འབྲུ་རེ་རེ་ནས་བླངས་ཏེ་ཕྱོགས་གཞན་དུ་འཇོག་ན། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེས་ཏིལ་གྱི་འབྲུ་དེ་དག་བགྲང་བའམ། དཔེ་བྱ ་ནུས་སམ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ།། བདེ་བར་གཤེགས་པ་དེ་མ་ལགས་སོ།། ཏིལ་གྱི་འབྲུ་དེ་དག་བགྲང་བའམ། དཔེ་བགྱི་བར་རྔོ་མི་ཐོག་གོ། ཀུན་དུ་དཔའ་བ་དེ་བ་ཞི། ་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་གྱིས་དཔེའ་བྱ་བར་མི་ནུས་སོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ཏིལ་གྱི་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་དུ་དེ་བཞིན ་གཤེགས་པར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པའི་དགེ་བའི་རྩ་བའི་བསོད་ནམས་ཡོངས་སུ་བརྗོད་ཀྱང་དེ་བས་ཀྱང་བསོད་ནམས་ཟད་པར་མི་འགྱུར་ན། གང་ཡི་གེར་འདྲི་བ་དང་། ཀློག་པ་དང་། འདིར།། ། ་འཇུག་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཡི་གེར་འདྲི་བས་བསོད་ནམས་ཅི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་སྟོ། ་གསུམ་གྱི་སྟོང་ཆེན་པོའི་འདོག་རྟེན་གྱི་ཁམས་ཀྱི་འརྡའམ་ཤིང་དེ་དག་ཐམས་ཅད་སོར་གཅིག་ཙམ་དུ་གདུབས་པ་དང་། ཀུན་དུ་དཔའ་བས་དཔེར་བྱ་བ་གཉིས་ཀྱང་ཉོན་ཅིག། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ། ་ཛུའམ་གཡངསའམ། སའམ་རྡུལ་ཕྲ་རབ་ཇི་སྣད་པ་དེ་དག་ཐམས་ཅད་གླིང་བཞི་ལ་དབང་བའི་འཕེ་ལས་བྱུང་བའི་རྒྱལ་པོར་གྱུར་ན་དེ་དག་གེ་བསོད་ནམས་དེ་དཔེ་བྱ་བར་དུས་ས་པ། ཁན་དུ་དཔའ་བས་གསལ་པ། ་བཅོམ་ལྡན་འདས་དེ་ས་ལགས་སོ།། གཞན་དུ་དེ་བཞིན་གཤེགས་པ་ནི་མརྟོགས་སོ།། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་མདོ་ཆོས་བྱིན་མ་གྲངས་ཡི་གར་འདྲ་བའི་བསོད་རྣམས་ཀྱི་ལུང་པོ་ཡང་དང་བྱང་མི་ནུས་ཏེ། ་འབེར་ལོས་སྦྱར་བའི་རྒྱལ་པོ་ཇི་སྙེད་པ་དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་བས་ནི་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཐན་ཡི་གེ་འབྲུ་གཅིག་ཙམ་བྲིས་ཏེ་འཇོག་པ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་པར་འགྱུར་ཏེ། བསོད་ན་མ། ་རབ་ཏུ་མང་གིའི་ཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་ནི་དེ་ལྟ་མ་ཡིན་ནོ།། ཀུན་དུ་དཔའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའི་དམ་པའི་ཆོས་འཛིན་ཅིང་བསྒྲུབ་པ་ལ་གནས་པའི་བསོད་ནམས་དེ ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཟིལ་གྱིས་གནོན་མི་ནུས་སོ། ། དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཡི་གེར་འདྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་ཡང་དཔེ་བྱ་བར་མི་ནུས་སོ།། ཀུན་དུ་དཔའ་བཟུང་གི་མདོ་འདི་ནི་བསོད ་ནམས་ཀྱི་གཏེར་སྟོན་པའོ། ། དེ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ།། ཆོས་ཐམས་ཅད་ཀྱི་སྒྲོན་མ་འབར་བར་བྱེད་པའོ།། བདུད་སྡིག་ཅན་ཐམས་ཅད་ཕམ་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས ་རྣམ་པར་འབར་བར་བྱེད་པའོ། ། ཆོས་ཐམས་ཅད་མངོན་པར་བསྒྲུབ་པ་མངོན་པར་བསྒྲུབ་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད ་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལ་ཚངས་པར་སྤྱོད་པ་ནི་རབ་ཏུ་དཀའ་བ་སྤྱོད་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་པ་ནི་དཀོན་པ་ལགས་ཏེ། དེ་བཞིན་དུ་ཚངས་པ ་སྤྱོད་པ་ཡང་དཀོན་པ་ལགས་སོ། ། གང་གི་ཚེ་ཚངས་པར་སྡུད་པ་སྤྱོད་པ་དེའི་ཚེ་དེ་བཞིན་གཤེགས་པ་མངོན་དུ་མཐོང་བར་འགྱུར་ཏེ། ཉིན་མཚན་དུ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ།། གང་གི་ཚེ་དེ་བཞིན་པ ་བ~ཾ་མངན་སུམ་དུ་མཐོང་ཞིང་ཉིན་མཚན་དུ་དེ་བཞིན་གཤེགས་པ་ལ་ལྟ་བར་འགྱུར་བ་དེན་སངས་རྒྱས་ཀྱི་ཞིང་མཐོང་ངོ་། ། རྣམ་སངས་རྒྱས་ཀྱི་ཞིང་མཐང་བདེན་གཏར་ཐམས་ཅད་མཐོང་།། དེ་འགུམ་པའི་དུས་ཀྱི ་ཀླག་པ་སྐྱེ་བར་མའི་གྱུར། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར། ནམ་དུ་ཡང་མྱ་ངན་ཅན་དུ་མི་འགྱུར། སྲེད་པའི་ཞགས་པས་བཅིངས་པར་མི་འགྱུར་རོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དུ་དཔའ་བདེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་རྙེད་པར་དཀའོ།། གསོལ་པ། བཅོམ་ལྡན་འདས་རྙེད་པ་དག་ལགས་སོ།། བདེ་བར་གཤེགས་པ་ད། ་པར་དཀའ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་རྙེད་པར་དཀའོ།། ཀུན་དུ་དཔའ་བཟུང་གི་ཆོས་ཀྱི་རྣམ་གྲངས་འདི་གང་གི་རྣ་ལམ་དུ་གྲག་པར་གྱུར་པ། ་དེ་བསྐལ་པ་བརྒྱད་ཅུའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ།། བསྐལ་པ་དྲུག་ཁྲིའི་བར་དུ་འཁོར་ལོས་འབྱུར་བའི་རྒྱལ་པོ་འཐོབ་པར་འགྱུར་རོ།། བསྐལ་པ་བརྒྱད་སྟོང་གི་བར་དུ་བརྒྱ་བྱིན་ཐོབ་པར་འགྱུར་རོ།། བསྐལ་པ་ཉི་ཁྲིའི་བར ་དུ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། བསྐལ་པ་སུམ་ཁྲི་བརྒྱད་སྟོང་གི་བར་དུ་ཚངས་པ་ཆེན་པོར་འགྱུར་རོ།། བསྐལ་པ་དགུ་ཁྲི་དགུ་སྟོང་གི་བར་དུ་ལོག་པར་ལྟུང་བར་འགྲོ་བ ་མི་འགྱུར་རོ། ། བསྐལ་པ་འབུམ་གྱི་བར་དུ་ཡི་དྲེགས་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་འད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་སུམ་སྟོང་ག་བང་དུ་ལྷ་མ་ཡིན ་རིས་སུ་སྐྱེ་བར་མི་འགྱུར་རོ། ། མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། བསྐལ་པ་ཉི་ཁྲི་ལྔ་སྟོང་གི་བར་དུ་ཤེས་རབ་འཆལ་བར་མི་འགྱུར་རོ།། བསྐལ་པ་བདུན་སྟོང་གི་བར་དུ་ཤེས་རབ་སྤྱོད་པར་འགྱུར་རོ།། བསྐལ་པ། ་དགྲ་སྟོང་གི་བར་དུ་མཛེས་ཤིང་བསྟན་སྡུག་པར་འགྱུར་ཏི། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་རྡོ་ལ་བ་དེ་བཞིན་དུ་འགྱུར་རོ།། བརྒལ་པ་ཁྲི་ལྔ་སྟོང་གི་བང་དུ་བུད་མེད་དུ་སྐྱོབར་མི་འགྱུང་ངོ་རོ།། བག ་ཁྲི་རུ། སྟོང་གི་བར་དུ་ལུས་ལ་ནད་ཀྱིས་བཏབ་པར་མི་འགྱུར་རོ།། བསྐལ་པ་གསུམ་ཁྲི་ལྔ་སྟོང་ག་བར་དུ་ལྷའི་མིགེ་ཅན་དུ་འགྱུར་རོ།། བསྐལ་པ་ཁྲི་དགུ་སྟོང་གི་བར་དུ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་དྲུག་ཁྲིའི ་བར་དུ་ཁྲོ་བའི་ཟིལ་གྱིས་ནོན་པར་མི་འགྱུར་རོ། ། བསྐལ་པ་བདུན་སྟོང་གི་བར་དུ་དབུལ་པོའི་ཁྱིམ་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་བརྒྱད་ཁྲིའི་བར་དུ་གླིང་གཉིས་ལ་སྤྱོད་པར་འགྱུར་རོ།། ནམ་དབུལ་པོར་འགྱུར་བ་དེ་ན་ཡང་འདི་འདྲ་བའི་བདེ ་བ.རབ་ཏུ་འཐོབ་སྟེ། བསྐལ་པ་ཁྲི་ཉི་སྟོང་གི་བར་དུ་དམུས་ལོང་གི་སྟེ་གནས་སུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཝཾ་སུམ་སྟོང་གི་བར་དུ་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་ཅིག་སྟོང་གི་བར་དུ་བཟོད་པ་སྨྲ་བར་འགྱུར ་འཆི་བའི་དུས་ཀྱི་ཚེ་ཡང་རྣམ་པར་ཤེས་པ་ཐ་མ་འགག་པར་འགྱུར་བ་ན། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ།། ཁྲོ་བོའི་ཟིལ་གྱིས་ནོན་པར་མི་འགྱུར་རོ།། དེས་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བཅུ་གཉི ་ཀྱིབྱེས་རྙེད་ཡོད་པར་གྱུད་། ། ལྷོ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་རཱིའི་ཀླུང་གི་བྱེམ་སྙིད་བྱེ་བ་ཉི་ཤུ་མངོན་སུམ་དུ་མཐོང་བར་འགྱུར་རོ།། ནུབ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་ཉི་ཤུ་རྩ་ལྔའི་བྱེ་མ་སྙེད་མཐོང་བར་འགྱུར་རོ།། ་བྱང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱད་ཅུའི་བྱེམ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ།། སྟེང་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་སྟོང་ཕྲག་དགུ་བཅུ་མངོན་སུམ་དུ་མཐོང་བར ་འགྱུར་རོ། ། འོག་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེམ་སྲེད་མངོན་སུམ་དུ་མཐོང་བར་འགྱུར་ཏེ་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་ཕྲེ་ལ། རིགས་ཀྱི་བུ་ཁྱོད་ཀྱིས་ཟུང་གཙེས་ཀྱི། ་རྣམ་གྲངས་ཐོས་པས་ཚེ་གཞན་དུ་ཡོན་ཏན་དང་། ཕན་ཡོན་དང་། བདེ་བ་འདི་སྐད་དུ་འགྱུར་གྱིས་མ་འཇིགས་ཤིག་ཅེས་དབུགས་འབྱིན་ཏོ།། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་རྒྱམ ་9་ཟླག་ཟུགྶས། ང་བྲག་ས་འད་ཡང་ང་མ་གས་ལགས་མ་ན་ན་ཡང་ལགས་སོ།། དེ་བ་གཤེགས་པ་མཐང་ལགས་། ཀའབྲལ་པ། གས་ཟ་པནན་གཤེགས་པ་དདག་བྱུ ་གཟིགས་སུ་བྱོན་ཏོ། ། གསོལ་པ། བདག་གིས་དགེ་བའི་ལས་ཅི་ཞིག་བགྱིས་ན་དེ་བཞིན་གཤེགས་པ་མང་པོ་ཞིག་བདག་ག་ལ་མཆིས་པར་བྱོན། བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ཁྱོད་ཀྱིས་མའི་ལུས་ཐོབ་སྟེ་ཟུང་གཆོས་ཀྱི ་རྣམ་གྲངས་རྣ་ལམ་དུ་ཐོས་པས་དེའི་ཕྱིར་ཁྱོད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེས་སོ། ། གསོལ་པ། བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྙེད་དུ་གྱུར་ན་གང་མཐའ་དག་ཆུབ་པར་ཐོས་པ ་ལྟ་སྨོས་ཀྱང་ཅི་འཚལ། བཀའ་སྩལ་པ། ཁ་རོག་ཁ་རོག་ཀྱེ་རིགས་ཀྱི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པའི་བསོད་ནམས་བརྗོད་ཀྱིས་ཉོན་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ། ། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་ད་ཨག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་ལ་མཆོད་པ་པས་ནི་གང་གིས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ་ཡང་བསོད་ནམས་ཀྱི་ཕུང་པོ ་པས་ཆེས་མང་དུ་བསྐྱེད་པར་འགྱུར་ན། གང་མཐའ་དག་ཆུབ་པར་ཐོབ་པ་ལྟ་ཅི་སྨོས། རིགས་ཀྱི་བུ་གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པར་འགྱུར་ཏོ།། གང་གིས་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཏིལ་བཏབ་པའི་ཏིལ་གྱི་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ལ། དེ་ནས་སྐྱེས་བུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་འགའ་ཞིག ་དདས་རྒྱམ་ཟངས་མ་མས་སྒྱུར་བ་རྣལ་པ་དག་པ་སྦྱིན་པརྒྱན་པསནགདགས་རྣན་པ་གས་པ་ན་ལྡན་བརྒྱན་དན་བས་རྣམས་བྲང་བ་དབས་ཅེས་ཡང་གྱུད་ག། ངགས་ས་མ་ཅན ་འཇིག་རྟེན་གྱི་ཁམས་ཀྱིསམས་ཅན་དེ་དག་ཐམས་ཅད་རྒྱུན་དུ་གས་པར་གྱུར་ལ། གདུ་གས་དྲི་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི་གང་གིས་ལན་ཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ ་ན་པསོད་ནམས་ཀྱི་ཕུང་པོ་བས་ནས་མང་མྱེད་དོ། ང་གསུམ་ཆེན་པའི་འདིག་རྟེན་གྱི་ཁམས་ཀྱིསེམས་ཅན་ད་དག་ཐམས་ཅདཔ། བྱར་འང་བར་ནུ་ག། ཤེས་དེ་དག་ཐམས་ཅད ་སྦྱིན་བ་བྱིན་པའི་བསོད་ནམས་ཀྱི་བྲང་པོ་པས་ནི་གང་གིས་ཕྱིར་མ་འོང་བ་གཅིག་ལ་སྦྱིན་པ་བྱིན་ན་དེ་ནི་བསོད་ནམས་ཀྱི་ཕུང་པོ་དཔས་ཆེས་མང་དུ་བྱེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་དིག་རྟེན་གྱི་ཁམས་ཀྱི ་ན་དང་། ཐམས་ཅད་བྱིར་མ་འོང་བར་གྱུར་པ་གང་གིས་དེ་ཐམས་ཅད་པ་སྦྱིན་པ་རྩེན་པ་སོད་རྣམས་ཀྱི་ཐུང་ཐོབས་ནི་གང་གིས་དཐབཅོམ་ཐོག་ཅིག་མ་བྱིན་པ་བྱིན་ན་དེན་བསད་ནམས་ཀྱི་བྲང་བ་དཔས ་ཆེས་མང་དུ་བྱེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་པས་གང་གིས ་རང་སངས་རྒྱས་གཅིག་ལ་སྦྱིན་པ་བྱིན་ན་དེ་ན་བསོད་ནམས་ཀྱི་བང་པོ་དེབས་ཆེས་མང་དུ་འབྱེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ། ་གང་གིས་དེ་དག་ཐམས་ཅད་ལཾ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ནི་གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ་སྦྱིན་པ་བྱིན་ན་དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི ་ས་ཨང་ཅན་པར་འཛག་ཏན་བྱཁམས་བྱསེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔང་ཟུར་ལ་གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་རུང་བ་བས་ནི་གང་དེ་བཞིན་གཤེགས་པ་གཅིག་ལ ་སེམས་དང་བར་བྱེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ་གང་སེམས་དད་པར་བྱེད་པ་དང་། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར ་འགྱུར་བ་དེ་ནི་བསོད་ནམས་ཀྱི་བྲང་པ་དེ་བས་ཆེས་མང་དུ་བསྐྱེད་ན། ། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལ་ཅི་སྨོས། ཀུན་དུ་དཔའ་བ ་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་དང་བས་ཕྱག་འཚལ་བ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་འདི་ཐོས་པར་ནུས་སམཞེ་ན། གང་དག་ཐོས་པར ་གྲུར་ཡང་དད་པ་བྱེ་བར་མི་འགྱུར་རོ། ། ཀུན་དུ་དཔའ་བ་ཉོན་ཅིག། བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ལས་གང་དག་རྒྱ་མཚོ་ཆེན་པོའི་གཏིང་རྙེད་པར་ནུས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་མ་མཆིས ་སོ། ། བཀའ་སྩལ་པ། ཀུན་དུ་དཔའ་བ་གང་ལག་མཐིལ་གཅིག་གིས་རྒྱ་མཚོ་ཟད་པར་བྱེད་པའི་སེམས་ཅན་འགའ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་མ་མཆིས་སོ།། བདེ་བར་གཤེགས་པ་དེ་མ་མཆིས་སོ།། ་བཀའ་སྩམ་པ།། ཀུན་དུ་དཔའ་བ་ཇི་ལྟར་རྒྱ་མཚཚན་པ་ཐམས་རྒྱས་པའི་སེམས་ཅན་འགའ་ཡང་མེད་པ་དེ་བཞིན་དུ། ཐན་དྲདཔའ་བ་མན་པ་ལམས་པའི་སེམས་ཅཅུ་གང་གིས་ཀྱང་ཆོས་བྱིན་མ་གྲངས་འདུཅན ་ནུས་སོ། ། ཀུན་དུ་དཔའ་བ་གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་རྙེད་མ་མཐོང་བ་དེ་དག་གིས་ནི་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདི་མི་ནུས་སོ།། གང་དག་དེ་བཞིན ་གཤེགས་པ་གང་གཱའི་ཀླུང་དགུ་བཅུའི་བྱེ་མ་སྙེད་མ་མཐོང་བ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ནུས་ཏེ། ། གང་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་མཐོང་བ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི ་ཐོས་ནས་སྤོང་བར་འགྱུར་རོ། ། ཀུན་དུ་དཔའ་བ་གང་དག་དེ་བཞིན་གཤེགས་པ་བྱེ་བ་བརྒྱ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་སེམས་དད་པ་བསྐྱེད་པར་འགྱུར་རོ།། དགའ་བར་འགྱུརརོ།། ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཏེ། དེ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་ཅིང་མི་སྤོང་བར་འགྱུར་རོ།། ཀུན་དུ་དཔའ་བ་ཉོན་ཅིག། གང་གིས་ཟུང་གི་མདོ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཅེས། ་ཡི་གེར་འདྲི་བ་དེ་དག་ནི་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་ལྔ་ལས་འདས་ནས་དེ་དག་གི་སངས་རྒྱས་ཀྱི་ཞིང་ནི་བདེ་བ་ཅན་གྱི་ཁམས་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ།། ཀུན་དུ་དཔའ་བ་སེམས་ཅན་དེ་དག་གི ་ཚད་ནི་བསྐལ་པ་བརྒྱད་ཁྲི་བ་ནི་སྟོང་ཐུབ་པར་འགྱུར་རོ། ། ཀུན་དུ་དཔའ་བ་ཉོན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ ་དག་ནི་ཀུན་དུ་དཔའ་བ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་ལ་ལས་མཚམས་མེད་པ་ལྔའི་ལས་བྱས་སམ་བྱེད་དུ་བཅུག་གམ། བྱེད་པ་ལ་རྗེས་སུ་ཡི་རང་བ་དེ་ཡང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ། ་ད་བཅོམ་ཉན་ན་མཚམས་མེད་པ་ལྔང་སྡིག་པའི་ལས་དེ་དག་ཀྱང་བར་འགྱུར་བ་བཞིནན།། བམ་པོ་གཉིས་པ།། ཀུན་དུ་དཔའ་བཏོན་གང་ཡོན་ཏན་གཞན་ཡང་བགད་པར་བྱུག། འདི་ས་དབང་ན། ་སེམས་ཅན་ལ་ལ་ཞིག་མཆོད་རྟེན་བཤིག་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་གཡོ་བར་བྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བར་ཆད་བྱེད་པ་དང་། མ་སྲོག་གཅང ་སེམས་ཅན་དེ་ཕྱིས་འགྱོད་ཅིང་མྱ་ངན་བྱེད་དེ་ལུས་འདིས་བདག་ཕུང་ངོ་། ། འཇིག་རྟེན་ཕ་རོལ་ཡང་པུང་སྟེ་བདག་མ་དྲང་ངོ་སྙམ་དུ་སེམས་པ་ཆེན་པོ་བྱུང་བ་དང་། སྡུག་བསྔལ་གྱི་ཚོར་བ་མྱོང་དོ།། མི་བཟོད་པའི་ཚོང་བ་མྱོང་།། ་ཀུན་དུ་དཔའ་བ་སེམས་ཅན་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་སྤང་བར་འགྱུར་རོ།། སྨད་པར་འགྱུར་རོ།། སེམས་ཅན་དེ་ནི་ཚིག་གམ་རུང་བར་གྱུར་ག། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་མདྲལ་ས་པ་ཡིན་ཏེ ་ཇིགར་སྡོང་དུ་མཚིག་པ་བཞིན་དུ་མི་དེ་ཡང་བསྐལ་པ་དུ་མའི་བར་དུ་དེ་བཞིན་དུ་འགྱུར་རོ། ། ཇི་ལྟར་ཁྱིམ་ལེགས་པར་བྲིས་པའི་གགདུང་ཚིག་ན་མི་མཛེས་པ་ལྟར་མི་དེ་ཡང་དེ་ལྟར་འགྱུར་རོ།། འཇིག་རྟེན་འདི་ན་ཡང་མི་མཛེས་ས།། ་གང་དང་གང་དུ་འགྲོ་བ་དེ་དང་དེ་དག་དུ་ཡང་སེམས་ཅན་རྣམས་ཀྱིས་སྐྱོ་ཞིང་བརྡེག་པ་དང་། བཀྲེས་པ་དང་། སོམ་པས་ཉེན་ཅིང་ཅུང་ཟད་ཀྱང་མི་སྙད་པར་འགྱུར་རོ།། དེའི་ཕྱིར་སྡུག་བསྔལ་གྱི་ཚོར་བ་མྱོང་སྟེ་བཀྲེས་ཤིང་སྐོམ་འི ་རྒྱུ་དང་སྨྱོས་པའི་རྨས་མཆོད་རྟེན་གཤིག་པ་དང་། མཚམས་མེད་པ་ལྔའི་ལས་རྗེས་སུ་དྲན་ནས་དེའི་ཕྱིར་བདག་གང་དུ་འགྲོ་བར་འགྱུར།། བདག་གི་སྐྱོབ་པ་ནི་སུ་ཡིན་སྙམ་དུ་སྡུག་བསྔལ་ལ་སྐྱེ་བའི་སེམས་བསྐྱེད་དེ་དེ་ཡང ་འདི་སྙམ་དུ་སེམས་སོ། ། དིན་ནི་བདག་གི་སྐྱོབ་པས་ཡང་མེད་ཀྱིས།། དག་རི་ད་འི་བྲལ་དག་ཏུ་མང་ལ་དེར་འཆི་བའི་དྲིས་བྱའོ་སྙམ་མོ།། སྨྲས་པ། བདག་གིས་སྡིག་པའི་ལས་བྱས་པས་རྟག་ཏུ་སྡོང་དུ་མཚིག་པ་བཞིན།། འཛི ་རྟེན་འདི་ནའང་མི་མཛེས་ལ། ། ཚེ་གཞན་ན་ཡང་མཛེས་མ་ཡིན།། ཁྱིམ་གྱི་ན་ན་འང་མི་མཛེས་ལ།། ཕྱི་རོལ་ན་ཡང་མཛེས་མ་ཡིན།། ཉེས་པའི་རྒྱུས་ནི་སྡིག་བྱས་ཏེ། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། ཚེ་གཞན་དུའང་སྡུག ་བསྔལ་ན། ། ངན་འགྲོ་འདིར་ནི་གང་དུ་གནས།། མཆི་མས་བརྣངས་པར་རབ་དུ་ནས།། ལྷ་རྣམས་ཀྱིས་ཀྱང་ཚིག་ཐོས་སོ།། ཀྱི་ཧུད་འཇིག་རྟེན་ཕ་རོལ་དུ།། ངན་འགྲོར་འགྲོ་བས་རེ་ཚད་།། ལྷ་རྣམས་ཀྱིས་དེ་ལ་སྨྲས་པ། ་སྐྱེས་བུ་བླུན་པོ་དེ་སྙམ་དུ།། སྡུག་བསྔལ་སེམས་དཔའ་ཐོད་ལ་སོང་།། པ་བསད་ཅིང་ནི་མ་བསད་དེ།། བདག་གིས་མཚམས་མེད་ལྔ་བྱས་པས།། བདག་ལ་སྐྱབས་དང་དཔུང་གཉེན་མེད།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། ་རི་ཡི་རྩེ་མོར་སོང་ནས་སུ།། དེ་ནས་བདག་ལུས་དོར་བར་བྱ།། སྐྱེས་བུ་བླུན་པོའམ་གྲོ་ཤིག། གནོད་པར་བྱེད་པའི་སེམས་ཀྱིས་སུ།། ཁྱོད་ཀྱིས་སྡིག་པ་མར་བྱས་ཀྱིས།། སྡིག་པའི་ལས་ནི་མ་བྱེད་ཅིག། གང་དག་བདག་ལ་གནོ།། ་བྱེད་རྣམས།། སྡུག་བསྔལ་སེམས་ཅན་དམྱལ་བར་འགྲོ།། མྱ་ངན་བྱེད་ཅིང་དུ་བས་ན།། དེ་ཕྱིར་ས་ལ་འགྱེལ་པར་འགྱུར།། བརྩོན་འགྲུས་དེས་ནི་སངས་རྒྱས་མི་འགྱུར་ཏེ།། བྱང་ཆུབ་སེམས་དཔའ་འགྱུར་བའང་མ་ཡིན་ནོ།། ཉན་ཐོས་ཐར ་པའི་ཐེག་པའང་མི་འཐོབ་ཀྱིས། ། བརྩོན་འགྲུས་གཞན་གྱིས་རབ་ཏུ་འབད་པར་གྱིས།། དྲང་སྲོང་ག་ལ་ཡོད་པའི་རི་དེར་སོང་།། སོང་སྟེ་དྲང་སྲོང་ཆེ་བ་ཉིད་མཐོང་ནས།། དེ་ཡི་རྐང་ལ་མགོ་བོས་ཕྱག་འཚལ་ཏེ།། སེམས་ཅན་དམ་པ་བདག་ལ།། ་སྐྱབས་མཛོད་ཅིག། བདག་ནི་འཇིགས་སྐྱེད་སྡུག་བསྔལ་རབ་ཏུ་གཟིར།། སེམས་ཅན་སྙིང་པོ་དྲང་སྲོང་ཚིག་གསོན་ཅིག། བཞུགས་ལ་སེམས་ཀྱི་སྐབས་ནི་དབྱེ་མཛོད་དེ།། སྐད་ཅིག་ཙམ་ཞིག་དགེ་བའི་ཆོས་ཀྱང་ཤོད།། འཇིགས ་སྐྲག་སྡུག་བསྔལ་རབ་ཏུ་གཟིར་བས་ན། ། དེ་ཕྱིར་སྐད་ཅིག་ཡུད་ཙམ་བཞུགས་སུ་གསོལ།། བདག་གིས་སྡིག་མང་གང་བགྱིས་བཤགས་པར་འཚལ།། དྲང་སྲོང་གིས་ནི་བདག་ལ་བཀའ་སྩོལ་ཅིག། དྲང་སྲོང་གིས་སྨྲས་པ། སྡུག་བསྔལ ་ངུ་ཞིང་མྱ་ངན་བྱེད་པས་གཟིར། ། ཁྱོད་ནི་བཀྲེས་ཤིང་སྐོམ་པས་ཉེས་པ་སྟེ།། རེ་ཆད་སྲིད་པ་གསུམ་དུ་འགྲོ་བས་ན།། ཁ་ཟས་གང་དག་བྱིན་པ་དེ་དག་ཟོནོ།། ལུས་ནི་ཚིམ་པར་བྱ་བའི་ཕྱིར།། དྲང་སྲོང་གིས་ནི་ཟས་བྱིན་ཏེ། ཡིད་དུ་འོང་བའི་ཞིམ་ཟོས ་ནས། སེམས་ཅན་རབ་ཏུ་དགའ་བར་འགྱུར།། སྡིག་པ་ཐམས་ཅད་བྱང་བྱེད་པའི།། ཆོས་ནི་ཁྱོད་ལ་ཕྱིས་བཤད་དོ།། དེ་ཡི་ཁ་ཟས་ཞེས་པ་དེ།། མད་ཅིག་ཅིག་ལ་ཟོས་པར་གྱུང་།། ཟས་ཟོས་ནས་ཀྱང་ལག་བཀྲུས་ཏེ།། དྲང་སྲོང་ལ་ན ་བསྐོར་བྱས་ནས། ། དཀྱིལ་མོ་ཀྲུང་དུ་འདུ་གནས་སུ།། སྡིག་པ་གང་དང་གང་བྱས་སྤྲས།། ཕ་བསད་དང་ནི་མ་བསད་དང་། མཆོད་རྟེན་གཤིག་པ་བདག་གིས་བགྱིས།། བདག་གིས་བྱང་ཆུབ་སེམས་དཔའ་ཡེ།། སངས་རྒྱས་འགྲུབ ་པ་བར་ཆད་བགྱིས། ། དེ་ཡི་ཚིག་དེ་ཐོས་ནས་སུ།། དེ་ནས་དྲང་སྲོང་ཚིག་སྨྲས་པ།། ཁྱོད་ཀྱིས་སྡིག་པ་བྱས་པས་ན།། ཀྱེ་མ་སྐྱེས་བུ་ཁྱོད་མི་དགེ། སྡིག་པའི་ལས་ནི་བྱས་པ་དང་།། བྱེད་དུ་བརྟག་པ་བཤགས་པར་བགྱིས།། དེ་ནས་དེ ་ཚེ་བྱ་ངན་གྱི་ཟུག་རྔུས་ཟུག་སྟེ། འཇིགས་སྐྲག་སྐྱོ་ནས།། བདག་ལ་སུ་ཞིག་སྐྱོབ་པར་འགྱུར།། བདག་གིས་སྡིག་པའི་ལས་བྱས་པས།། སྡུག་བསྔལ་ཚེར་བ་མྱོང་བར་འགྱུར།། དེ་ནས་མི་དེས་པུས་མོ་གཉིས་ས་ལ་བཅུགས་ནས ་དྲང་སྲོང་དེ་ལ་སྨྲས་པ། ། བདག་གིས་བྱས་ཤིང་བྱེད་བཅུག་པ།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། སྡིག་པའི་འབྲས་བུར་དེ་མ་གྱུར།། སྡུག་བསྔལ་བདག་གིས་མྱོང་མ་འགྱུར།། བདག་ནི་ཁྱོད་དང་ཉེ་གྱུར་གྱིས།། དྲང་སྲོང ་བདག་གི་སྐྱབས་སུ་གྱུར། ། འགྱོད་པ་མེད་ཅིང་ཞི་བསན།། བདག་གིས་སྡིག་པའི་ལས་རྣམས་ནི།། དེ་ནས་དེའི་ཚེ་དེའི་དུས་ན་དྲང་སྲོང་དེས་མི་དེ་ལ་སྤྲས་པ། ང་ནི་སྐྱེས་བུ་ཁྱོད་ཀྱི་སྐྱབས་སུ་འགྱུར།། ང་ནི་རྟེན་དུ་འགྱུར།། ང་ནི་དཔུང ་གཉེན་དུ་འགྱུར་གྱིས་ཁྱོད་མ་འཇིགས་པར་མངོན་སུམ་དུ་ཆོས་ཉོན་ཅིག། ཁྱོད་ཀྱིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཅུང་ཟད་ཐོས་སམ་ཞེས་དབུགས་ཕྱུང་བ་དང་། དེས་སྨྲས་པ། བདག་གིས་ཡོད་མ་ཐོས་སོ།། དྲང་སྲོང ་གིས་སྨྲས་པ། གང་སྙིང་རྗེ་ལ་གནས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་གཏོགས་པར་སེམས་ཅན་ཚིག་པ་ལ་སུ་ཞིག་ཆོས་སྟོན།། སྨྲས་པ། རིགས་ཀྱི་བུ་ཡང་ཉོན་ཅིག། སྔོན་བྱུང་བ་འདས་པའི་དུས་བསྐལ་པ ་གྲངས་མེད་པའི་ཡང་ཤིན་ཏུ་གྲངས་མེད་པར་གྱུར་པ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་ཡོད་དེ། རིགས་ཀྱི་བུ་རྒྱལ་པོ་ཟླ་བ་དྲི་མ་མེད་པ་དེའི་ཁྱིམ་དུ་བུ་ཞིག་བཙས་སོ།། ་དེནས་རྒྱལ་པོ་ཆེན་པོ་ཟླ་བ་དྲི་མ་མེད་པས་བྲམ་ཟེ་མཚན་མཁན་རྣམས་བསྡུས་ནས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་གཞོན་ནུ་ལ་མཚན་ཇི་ལྟ་ཞིག་མཐོང་།། དེ་ནས་བྲམ་ཟེ་མཚན་མཁན་རྣམས་ཀྱིས་སྤྲས་པ། རྒྱལ་པོ་ཆེན་པོ་མི ་དགེའོ། གཞོན་དུ་བཅས་པ་འདིན་མོ་དགེའོ།། རྒྱལ་པོས་སྨྲས་པ། བྲམ་ཟེ་འདི་ཅིང་འགྱུར། མཚན་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་བུ་གཞོན་ནུ་འདི་གལ་ཏེ་ལོ་བདུན་ཐུབ་པར་འགྱུར་ན་དེ་ཡབ་ཡུམ་གྱི་སྐུ་ལ་རྒལ་བར་འགྱུའོ།། ་དེ་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ།། འི་སྲོག་གི་བར་ཆད་དུ་གྱུར་ཀྱང་རུང་གིས་དའི་བུ་འདི་མེ་གསད་དེ། རྒྱལ་བརྒྱལ་ལ་ན་འཇིག་རྟེན་དུ་མད་སྐྱེ་བ་འཐོབ་པས་གང་མེའི་ལུས་ལ་གནོད་པར་འགྱུར་བ་དེ་ལ་བུམ་བྱའོ།། ་ནས་གཞོན་ནུ་དེ་སྐྱེ་དྲག་ཁྱད་དུ་ན་དེ་ཟླ་བ་གཅིག་ལོན་ན་གཞན་ལོ་གཉིས་ལེན་པ་ཙམ་གྱི་ཚད་དུ་སྐྱེས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པས་ཀྱང་གཞོན་ནུ་འདི་ནི་བདག་གི་ལས་བསགས་པས་སྐྱེས་པར་ཤེས་སོ།། དེ་ནས་རྒྱལ་པོས་གཞོན ་ནུདེ་ལ་རྒྱལ་ཐབས་བྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ཁྱོད་སྲིད་ཆེ་ཞིང་གྲགས་པའི་རྒྱལ་པོར་གྱུར་ལ་ཆོས་ཀྱིས་དབང་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་ནོ།། དེ་ནས་རྒྱལ་ཐབས་བྱིན་ནས་རྒྱལ་པོ་ཞེས་མིང་བཏགས་སོ།། རྒྱལ་པོཿ ་བ་དྲི་མ་མེད་པ་ཡང་རང་གི་ཡུལ་གྱི་རྒྱལ་པོ་མི་བྱེད་དོ། ། དེ་ནས་བློན་པོ་བྱ་བ་དེ་དག་རྒྱལ་པོ་ཟླ་བ་དྲི་མ་མེད་པ་དེ་ག་ལ་བ་དེར་དོང་སྟེ། ལྷགས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ཁྱོད་དེ་ཅིའི ་སླད་དུ་རང་གི་ཡུལ་གྱི་རྒྱལ་པོ་མི་མཛད། ། རྒྱལ་པོས་སྤྲས་པ། ངས་བསྐལ་པ་མང་པོ་གྲངས་མེད་པར་གང་རྒྱལ་སྲིད་དང་ལོངས་སྤྱོད་དང་དབང་ཕྱུག་ལ་དབང་བར་གྱུད་ཀྱང་ངན་མ་ཡང་ངོམས་མ་མྱོང་ངོ་།། ཡང་དེའི་ཚེ་དེའི་དུས་ན ་ཡུན་རིང་མོ་ཞིག་ལོན་པ་དང་། ཁུ་ངེས་ཕ་མའི་སྲོག་བཅད་དེ་དེན་དེས་མཚམས་མེད་པའི་ལས་བསགས་སོ།། ཀྱེ་སྐྱེས་བུ་གང་གི་ཚེ་རྒྱལ་པོ་དེ་སྡུག་བསྔལ་གྱི་ཚོར་རབ་སྐྱེས་ནས་འགྱོད་དེ་མཆི་མས་བརྣངས་བར་དུ་བ་དང ་ངས་དེ་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་དེར་སོང་ནས་ཆོས་བསྟན་པ་དང་། དེས་ཀྱང་ཆོས་དེ་ཐོས་ནས་མཚམས་མེད་པ་དེ་དག་ལྷག་མ་མ་ལུས་པར་སྦྱར་དུ་བྱང་བར་གྱུར་པའི་དུས་དེ་ཡང་དྲན་ནོ།། ་སྲས་གཟུང་གི་ཆོས་ཀྱི་རྣམ་གྲངས་མདོའི་རྒྱལ་པོ་དཀའ་ཐུབ་ཆེན་པོ་གང་དག་གིས་ཐོས་པ་རྣམས་ཆོས་ཀྱི་གནས་བླ་ན་མེད་པ་སྡིག་པ་ཐམས་ཅད་བྱུང་བར་འགྱུར་བ་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བའང ་འཐོབ་པར་འགྱུར་རོ། ། གང་གིས་མྱུར་དུ་ཐར་འགྱུར་བ།། ཆོས་རྣམས་བཤད་ཀྱིས་རབ་ཏུ་ཉོན།། ཚིག་བཞི་པ་ཡི་ཚོགས་བཅད་ཙམ།། རྒྱུན་མི་ཆད་པར་བཤད་པས་ན།། སྡིག་པ་ཐམས་ཅད་བྱང་གྱུར་ནས།། རྒྱུན ་དུ་ཞུགས་པ་འཐོབ་པར་འགྱུར། ། སྡིག་པ་ཀུན་ལས་ཐར་ཏོ་ཞེས།། ཆེད་དུ་རྗོད་པ་ཆེད་དུ་བརྗོད།། སེམས་དམྱལ་འཇིགས་པའི་བཅིངས་པ་ལས།། སེམས་ཅན་སྡུག་བསྔལ་རབ་ཏུ་དཀྲོལ།། དེ་ནས་མི་དེ་སྟན་དེ ་ལ། ། ལངས་ཏེ་ཐལ་མོ་སྦྱར་བྱས་ནས། དེ་ལ་མགོ་བོས་ཕྱག་འཚལ་ཏེ།། ལེགས་སོ་ཞེས་བྱ་རབ་ཏུ་བྱིན།། ལེགས་སོ་དགེ་བའི་བཤེས་གཉེན་རྣམས།། ལེགས་སོ་སྡིག་པ་འཇིག་བྱེད་པ།། གང་དག་ཟུང་མད ་ཚུལ་ཆེན་བསྟན། ། ཐོས་པར་འགྱུར་བ་རྣམས་ཀྱང་ལེགས།། དེ་ནས་དེའི་ཚེ་དེའི་དུས་ན་སྟེང་གི་བར་སྣང་ལས་ལྷའི་བུ་ཁྲི་ཉིས་སྟོང་ཐལ་མོ་སྦྱར་ཏེ་དྲང་སྲོང་དེའི་གན་དུ་ལྷགས་ནས་རྐང་པ་ལ་ཕྱག་འཚལ་ཏེ། འདི ་སྐད་ཅེས་བཅོམ་ལྡན་འདས་དཀའ་ཐུབ་ཆེན་པོ་ཡུན་ཇི་སྲིད་ཅིག་ཚུན་ཆད་དགོངས་ཤེས་སྨྲས་སོ། ། དེ་བཞིན་དུ་ཀླུའི་རྒྱལ་པོ་བྱེ་བ་ཕྲག་བཞི་ལྷགས། གནོད་སྦྱིན་གྱི་རྒྱལ་པོ་ཁྲི་བརྒྱད་སྟོང་ལྷགས་ཏེ། དྲང་སྲོང ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་སྨྲས་སོ། ། ཆེ་བ་ཉིད་དང་ལྡན་པ་ཡུན་ཇི་སྲིད་ཚུན་ཆད་དགོངས། དྲང་སྲོང་གི་སྨྲས་པ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམ ་སོ། ། སྨྲས་པ། དགེ་བའི་ལས་གང་གིས་ན་སྐད་ཅིག་གིས་སྡིག་པའི་ལས་འདི་རབ་ཏུ་ཞི་བར་འགྱུར།། སྨྲས་པ། ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པས་སོ།། གང་དེང་སེམས་ཅན་ཚོགས་པ་རྣམས་ལས་གང་དག་ཆོས་ཀྱི་ནམ་ཟང ་འདི་ཐོས་ནས་དང་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། མི་གང་གིས་མཚམས་མེད་པ་ལྔའི་ལས་བྱས་པ་དེ་དག་གིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས ་ཡང་སྐད་ཅིག་གིས་མཚམས་མེད་པ་ལྔའི་ལས་དེ་དག་མ་ལུས་པར་ཡོངས་སུ་ཟད་ཅིང་ཡོངས་སུ་བྱང་བར་འགྱུར་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཞིག་གི་བར་དུ་ངན་འགྲོ་རྣམས་ཀྱི་སྒོ་གཅད་པར།། ་འགྱུར་རོ།། ལྷའི་འཇིག་རྟེན་གྱི་སྒོ་སུམ་བཅུ་རྩ་གཉིས་ནི་ཕྱེ་བར་འགྱུར་རོ།། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་ཡང་དེའི་དགེ་བའི་རྩ་བ་འདི་འདྲ་བར་འགྱུར་ན། ་གང་མེ་ཏོག་དང་། བདུག་པ་དང་།། སྤོས་དང་། ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་རྒྱལ་མཚན་དང་། བ་དན་དག་གིས་སྟི་སྟང་བྱེད་པ་དང་། བཙུན་པར་བྱེད་པ་དང་། རི་མོ་བྱེད་པ་དང་། མཆོད་པ ་བྱེད་པ་དང་། སིལ་སྙན་དང་། རོལ་མོ་སྦྱོར་བའི་ལས་བྱེད་ཅིང་ལན་གཅིག་ཅིག་རྗེས་སུ་ཡི་རང་སྟེ་ལེགས་པར་བཤད་པ་ལེགས་སོ་ལེགས་སོ་ཞེས་སྨྲ་བ་ལྟ་ཅི་སྨོས།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཟུང་གི་ཆོས་ཀྱི་རྣམ་གྲངས་འཆད་པ་ན་གང་ཐལ་མོ་སྦྱར་ཏེ། ཕྱག་འཚལ་བ་དེ་དག་ཅི་ཐལ་མོ་སྦྱར་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང ་པོ་བསྐྱེད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་དག་གི་མཚམས་མེད་པ་ལྔའི་ལས་བྱསོ་སམ་ཁྱེད་དུ་བཅུག་གམ། བྱེད་པ་ལ་ཡིད་རང་བ་དེ་དག་ཀྱང་ཟུང་གི་ཆོས་ཀྱི་རྣམ། ་གྲངས་འདི་ལས་ཐན་ཚིག་བཞི་པའི་ཚོགས་སུ་བཅད་པ་ཙམ་ཐོས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ན་དེའི་མཚམས་མེ་ལྔའི་ལས་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འཐུར་ན། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ། ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་ཟུང་གི་མདོའི་དོན་གོ་བར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ།། ཀུན་དུ་དཔའ ་བ་འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་མ་དྲོས་པའི་ཁང་པ་ཉི་མ་ནམ་ཡང་མི་འཆར་བ་དེ་ནས་ཆུ་ཀླུང་ཆེན་པོ་ལྔ་འབབ་བོ།། དེ་ནས་མི་ལ་ལ་ཞིག་ཆུ་ཀླུང་ཆེན་པོ་ལྔ་པོ་དེ་དག་གི་ཐིགས་པ་བགྲང་ན། ཀུན་དུ་དཔའ་བ་དེ་དག ་གེ་ཐིགས་པ་བགྲངས་པས་མཐའ་རྟོགས་པར་ནུས་སམ། ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོག་གོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཀྱི་དགེ་བའི་རྩ་བ ་ཡང་བསྐལ་པ་བརྒྱར་རམ། བསྐལ་པ་སྟོང་དུ་ཡང་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ།། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡུད་ཙམ་ཞིག་འཆང་བ་དེ་དཀའ་བ ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་འཆང་ནུས་པར་འགྱུར་བ་དེ་ནི་དེ་བས།། ་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། མཚེ་མ་དྲོས་པ་ལས་ཀླུང་ཆེན་པོ་ལྔ་འབབ་པ་དེ་དག་གི་ཐིགས་པ་ནི་བགྲང་བའི་ཚུལ་གྱི་མཐའ་རྟོགས་པར་མི་ནུས་སོ།། གསོལ་པ། བཅོམ་ལྡན་འདས ་ཀླུང་ཆེན་པོ་ལྔ་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། གང་གཱ་དང་། སི་ཏ་དང་། བག་ཤུ་དང་། ཡ་མུན་དང་། ཙན་དྲ་བ་ག་དང་ཀླུང་ཆེན་པོ་ལྔ་པོ་དེ་དག་ནི་རྒྱ་མཚོ་ཆེན་པོར་འབ ་ཏེ། ཀླུང་ཆེན་པོ་རེ་རེ་ལ་ཡང་འཁོར་ཀྲུང་ལྔ་བཏུང་རྩ་ཡོད་དེ།། ཀུན་དུ་དཔའ་བཀྲུང་ཆེན་པོ་ལྔ་པོ་འདི་དག་ཀྱང་འཁོར་སྟོང་སྟོང་དང་ནམ་མཁའ་ལས་བབས་ཏེ། དེ་དག་གིས་སྐྱེ་དགུ་རྣམས་དེམས་པར་བྱེད་དོ།། གསལ་པ། ་འཁོར་སྟོང་སྟོང་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་ལྡན་ཞེས་བྱ་བ་འཁོར་སྟོང་དང་། དུང་ཅན་ཞེས་བྱ་བ་འཁོར་སྟོང་དང་། འབབ་པ་ཞེས་བྱ་བ་འཁོར་སྟོང་དང་། སྣ་ཚོགས་སྡེ་ཞེས་བྱ་བ ་འཁོར་སྟོང་དང་། ཆོས་ཚུལ་ཞེས་བྱ་བ་འཁོར་སྟོང་སྟེ། ཀུན་དུ་དཔའ་བཀྲུང་ཆེན་པོ་དེ་དག་ནི་འཁོར་སྟོང་སྟོང་དང་ལྡན་པ་ཡིན་ཏེ། དེ་དག་ནི་འཛམ་བུའི་གླིང་ཏུ་ཆན་གྱི་རྒྱུན་འབབས་སོ།། ཀུན་དུ་དཔའ་བ་དེ་དག་དུས་དུས་སུ་ཆར་བའི། ་ཐིགས་པའི་རྒྱུན་རབ་ཏུ་གཏོང་སྟེ། དེས་མེ་ཏོག་དང་། འབྲས་བུ་དང་། ལོ་ཏེག་རྣམས་སྐྱེའོ།། ནམ་འཛམ་བུའི་གླིང་དུ་ཆར་གྱི་རྒྱུན་རབ་ཏུ་འབབ་པ་དེ་ན་ཆུ་སྐྱེ་བར་འགྱུར་ཏེ། ཆུ་སྐྱེས་པས་ཞིང་དང་ཀུན་དགའ་ར་བ་ཐམས་ཅད ་ངོམས་པར་བྱེད། བདེ་བར་བྱེད་དོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ། དཔེར་ན། སྐྱེ་དགུའི་བདག་མོ་ནི་འཛམ་བུའི་གླིང་ཐམས་ཅད་བདེ་བར་བྱེད་དོ།། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བོ་མང་པོ་ལ ་བན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཛམ་བུའི་གླིང་དུ་བཤད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ལྟ་བ་བཞིན་དུ་མི་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ནོ།། ཀུན་དུ་དཔའ་བ་སུམ་བཅུ་རྩ་གསུམ་པའི་ལྷ ་རྣམས་གང་ཞེ་ན། ལྷའི་དབང་པོ་བརྒྱ་བྱིན་གང་ན་གནས་པ་དེ་དག་ནི་སུམ་བཅུ་རྩ་གསུམ་པ་ཞེས་བྱའོ།། ཀུན་དུ་དཔའ་བ་སེམས་ཅན་གང་དག་དག་གིས་ལེགས་པར་སྤྱད་པ་སྨྲ་བའང་ཡོད་དེ། དེ་དག་གི་བསོད་ནམས་ཀྱི་ཕུང ་པོ་ཡང་དཔེར་བྱ་མི་ནུས་སོ། ། སེམས་ཅན་གང་དག་དག་གིས་ཉེས་པར་སྤྱོད་པ་སྨྲ་བ་ཡང་ཡོད་དེ་དེ་དག་གི་སེམས་ཅན་དམྱལ་བ་དང་དུང་འགྲོར་འགྱུར་བ་ཡང་དེཔེར་བྱ་བར་མི་ནུས་སོ།། སེམས་ཅན་གང་དག་སེམས་ཅན་དམྱལ ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དེ་དག་ལ་སྐྱབས་གང་ཡང་མེད་དེ། དེ་ན་དེ་ཐག་ཆད་ནས་སྨྲ་སྔགས་འདོན་ཅིང་སེམས་ཅན་དམྱལ་བར་ལྟུང་བ་དེ་དག་ནི་མི་དགེ་བའི་གྲོགས ་པོའི་དབང་དུ་བལྟའོ། ། སེམས་ཅན་གང་དག་དག་གིས་ལེགས་པར་སྤྱོད་པ་སྨྲ་བ་དེ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དཔེར་བྱ་བར་མི་ནུས་པ་དེ་ཡང་དགེ་བའི་བཤེས་གཉེན་གྱི་དབང་དུ་བལྟ་སྟེ། ནམ་དགེ་བའི་བཤེས་གཉེན ་མཐོང་བ་དེ་ན་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ། ། ནམ་དེ་བཞིན་གཤེགས་པ་མཐོང་བ་དེ་ནི་སྡིག་པ་ཐམས་ཅད་བྱེང་པ་ཡིན་ནོ།། ནམ་སྐྱེ་དགུའི་བདག་པོ་འཛམ་བུའི་གླིང་དུ་སྤྲོ་བར་བྱེད་པ་དེ་ན་འཛམ་བུའི་གླིང་གི ་སེམས་ཅན་རྣམས་ཀྱི་བདེ་བ་དཔེར་བྱ་བར་མི་ནུས་སོ། ། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བྱེད་དོ།། གང་དག་ཟུང་གི་ཆོས ་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་མི་ནུས། ཆོས་ཀྱི་འག་ན་དེ་རྡུང་མི་ནུས། ་ཆོས་ཀྱི་སེང་གེའི་ཁྲིལ་འདུག་མི་ནུས། མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་མི་ནུས།། འོད་ཟེར་དཔག་ཏུ་མེད་པས་སྣང་བར་བྱེད་མི་ནུས་སོ།། ཀུན་དུ་དཔའ་བ་དེ་བཞིན་དུ་གང་དག་ཟུང་གི་ཆོས་ཀྱི་ནམ ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མི་ནུས་སོ། ། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ངོ་མཚར་ཅུང་ཟད་ཅིག་ཞུའོ།། བདེ་བར་གཤེགས་པ་ངོ་མཚར་ཅུང་ཟད ་ཅིག་འའོ། ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དུ་དཔའ་བ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དདངས་ཁྱོད་ཀྱི་དོགས་པ་གསལ་བར་བྱའོ།། གསོལ་པ། གང་གིས་སེམས་ཅན་དེ་དག་མཚམས་མེད་པ་ལྔ ་ལས་ཡོངས་སུ་ཐར་བར་བགྱིས་ནས་ཕྱིར་མི་ལྡོག་པའི་སལ་སོ་སོང་བཀོད་པའི་དྲང་སྲོང་དུ་གྱུརང་པ་དེ་གང་ལགས། བཀའ་སྩལ་པ། སངས་རྒྱས་རྣམས་ཀྱི་ཚིག་ཟབ་སྟེ།། ཀུན་དུ་དཔའ་བ་ལ་ཉོན་ཟུང་གི་མདོལྔ ་སྟོན་པ་ནི། ། དྲང་སྲོང་གཟུགས་སུ་བསྟན་པའོ།། རླུང་གིས་སངས་རྒྱས་སུ་དག་ཀྱང་།། སྙིང་བརྩེའི་ཕྱིར་ནི་རབ་ཏུ་སྟོན།། གང་གཱའི་བྱེ་མ་ཇི་སྙེད་པ།། དེ་སྐད་ཀྱི་ནི་གཟུགས་ཀྱང་སྟོན།། སངས་རྒྱས་ཀྱི་ན་གཟུགས་རྟེན ་ཙ། ། བདག་ཉིད་ཆོས་ཀྱང་རབ་ཏུ་སྟོན།། སངས་རྒྱས་བལྟ་བར་གང་འདོད་པ། ཟུང་ནི་སངས་རྒྱས་མཚུངས་པ་ཡིན།། ཟུང་ནི་གལ་ཡོད་པ་ན།། སངས་རྒྱས་རྟག་པར་དེ་ན་ཡོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་རིགས་ཀྱི་བུ་ཉོན་ཅིག། ཀུན་དུ་དཔའ་བ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དགུན་སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་བྱུང་སྟེ།། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བ ་བྱུང་བདེ་ནང་སྦྱིན་པ་ལ་དཔའ་བར་གྱུར་ནས་ངས་སངས་རྒྱས་ཟླ་བ་ཞེས་བྱ་བ་བྱེ་བ་ཕྲག་བཅུ་གཉིས་ལ་བསྙེན་བཀུར་བྱས་ཏེ། བཟའ་བ་དང་། བཅའ་བ་དང་། སློ་བ་དང་། ཕྲེང་བ་དང་། བྱུག་པ་དང་། ཇི་ལྟར་བདེ་བ་དང་། ཁ་ཟས ་བཟང་པོ་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་སོ།། རིམ་གྲོ་བྱས་ནས་ཀྱང་ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་པ་དྲན་ནོ།། ཀུན་དུ་དཔའ་བ་ངས་དེ་བཞིན་གཤེས ་པ་རིན་པོ་ཆེ་ཐམས་ཅད་སྣང་བ་ཞེས་བྱ་བ་ཕྲག་བཅཝ་བརྒྱད་བྱུང་སྟེ། དེ་ན་ཡང་ང་སྦྱིན་པ་ལ་དཔའ་བར་གྱུར་ནས་དེ་བཞིན་གཤེགས་པ་སྙིང་པོའི་སྡེ་ཞེས་བྱ་བ་ཕྲག་བཅཝ་བརྒྱད་ལ་ངས་སྤོས་དང་། ཕྲེང་བ་དང་། ཟུག། ་པ་དང་། རྒྱན་དང་། ལྷབ་ལྷུབ་ཀྱིས་སོ་སོར་ཅི་རིགས་པས་བསྙེན་བཀུར་བྱས་ནས་དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་པ་དྲན་ནོ།། ཀུན་དུ་དཔའ་བ་དས་སངས ་རྒྱས་བྱ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་བུད་འབྱུང་བ་ཞེས་བྱ་བ་ཤ་སྟག་གོ།། ཀུན་དུ་དཔའ་བངས་སངས་རྒྱས་བྱེ་བ་ཕྲག་ཏུ། ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འད་སྲུངས་ཞེས་བྱ་བ་ཤ་སྟག་གོ།། དེ་ན་ཡང་བསྦྱིན་པ་ལ་དཔའ་བར་གྱུར་ནས་ངས་དེ་བཞིན་གཤེགས་པ་རྣམས་ལ་སྤོས་དང་། ཕྲེང་བ་དང་། ་ཐུག་པས་བཀུར་སྟི་བྱས་ནས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བླ་མདང་རིམ་གྲོར་བྱ་བ་དེས་བླ་མ་དང་། རིམ་གྲོ་བྱ་བས་རིམ་གྲོ་བྱས་ནས་དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང ་བསྟད་པ་ཐོབ་བོ། ། ཀུན་དུ་དཔའ་བ་སངས་རྒྱས་འོད་དྲི་མ་མེད་པ་ཞེས་བྱ་བ་བྱེ་བ་ཕྲག་བཅུ་དྲུག་བྱུང་སྟེ། དེའི་ཚེ་དེའི་དུས་ན་དཁྱིམ་བདག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་སྟེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ ་ཞིག་ཏུ་གྱུར་ནས། ངས་སངས་རྒྱས་བྱེ་བ་ཕྲག་བཅུ་དྲུག་པོ་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགའ་བས་མཆོད་དེ་ཇི་ལྟ་བུས་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རིམ་གྲོ ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ནས་དེ་ཉིད་དྲངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། ལུང་བསྟན་པའི་དུས་དང་ཆོད་ལ་ཡང་མ་བབ་བོ།། ཀུན་དུ་དཔའ་བ ་ཉོན་ཅིག། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་སྟག་སྟེ། ་ད་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་གྱུར་ནས་ངས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱེ་བ་ཤ་དགུ་བཅུ་རྩ་ལྔ་པོ་དེ་དག་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ་གངང་དང་། བགོ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བསྙེན་བཀུར་བྱས་ནས་དེ་ཉིད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྦྲན་པ་ཐོབ་པ་ངས་དྲན་ནོ།། ཀུན་དུ་དཔའ་བ་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བ་བྱེ་བ་ཕྲག་དགུ་བཅུ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དེའི་དུས་ན་བྲམ་ཟེ་གཞོན་ནུ་ཕྱུག་ཅིང་ནོར་མངལ ་ལོངས་སྤྱོད་ཆེ་སྟེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཞིག་ཏུ་གྱུར་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགོ་བདག་གིས་བསྙེན་བཀུར་བྱས་ཏེ། ་ཤིན་གཤེགས་པ་རྣམས་ལ་སོ་སོ་ཅི་རིགས་པར་རིམ་གྲོ་བྱས་ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། ལུང་བསྟན་པའི་དུས་དང་ཚད་ལ་ཡང་མ་པ་བཅོ ་ཀུན་དུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག་བཅཝ་བརྒྱད་འཇིག་རྟེན་དུ་བྱུང་སྟེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་ཤསག་སྟེ། ། དེའི་ཚེ་དེའི་དུས་ན ་སྦྱིན་པ་ལ་དཔའ་བར་གྱུར་ཏེ། ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྤོས་དང་། ཕྲེང་བ་དང་། ཐུག་པ་དང་། གདིང་པ་དང་། བགོ་བ་དང་། རྒྱན་རྣམས་ཀྱིས་བསྙེན་པར་བྱར་ཏེ། ་དབཞིན་གཤེགས་པ་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་དག་དྲན་ཏ་ལུང་བསྟན་པའི་དུས་དང་ཆེད་ལ་ཡང་མ ་པོ། ། ཀུན་དུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག་བཅུ་གསུམ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྡང་བའི་དཔལ་ཞེས་བྱ་བ་ཤ་སྟག་སྟེ། ངས ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགབ་པ་དང་། རྒྱན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ་ཇི་ལྟ་དེ་བཞིན་གཤེས ་པ་རྣམས་ལ་ཐམ་དང་རིམ་གྲོ་བྱ་བ་དེ་ལ་བུའི་བླམ་དང་རིམ་ཐོ་བྱབས་མ་ཐོ་བྱས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་དོན་དང་འདུལ་བ་རྣམ་པར་ངེས་པའི་ཆོས་ཀྱིས་སྣ་ཚོགས་བགད་ནས་ངས་དེ་ཉིད་དུ་བྲན་མེ ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ་དེ་ན་ཡང་ལུང་བསྟན་པའི་དུས་ལ་མ་བབ་བོ། ། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱམ་སྐར་རྒྱ ་ཞེས་བྱ་བ་བྱེ་བ་ཕྲག་ཉི་བཅཝ་ལྔ་འཇིག་རྟེན་དུ་བླང་སྟེ། དེའི་དེ་དུས་ན་རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པ་རྣམས་ལ་བསྟན་བཀུར་བྱས་ཏེ། ལྟ་ང་ལ་ཀུན་དག་པོ་རིམ་གྲོ་བྱེད་པ་ཇི་ལྟ་བ་བཞིན་དྲངས་ཀྱང་དེ་བཞིན ་གཤེགས་པ་རྣམས་ལ་རིམ་གྲོ་བྱས་ནས་ངས་དེར་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ངས་དྲན་ཏེ་དེན་ཡང་ལུང་བསྟན་པ་དྲིས་ལམ་པབ་པོ། ། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པ་དཿ། ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཤེས་བྱ་བ་བྱེ་བ་ཕྲག་བཅུ་གཉིས་འཇིག་རྟེན་དུ་བྱུང་སྟེ། ངས་དེ་བཞིན་གཤེགས་པ་དེ་དག་ལ་གདིང་བ་དང་། གོ་བ་དང་། སྤོས་དང་། ཕྲེང་བ་དང་། ཐུག་པས ་བསྙེན་བཀུར་བྱས་ནས། ཇི་ལྟ་བུས་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་ངས་རིམ་མོ་བྱས་ཏེ། དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་བར་གྱུར་ནས་དེ་ཉིད་དུ་དཐུན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏྲ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ་རིང་པོ་མལོན་པར་རྣམ་པར་གཟིགས་ཐམ་གང་བྱུང་བ་དེས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། ངས་དེ་ཤེས་ནས་དེའི་ཚེ་འཛམ་བུའི་གླིང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར ་རབ་ཏུ་ཕབ་སྟེ། དེ་ན་འཛམ་བུའི་གླིང་གི་སེམས་ཅན་དེ་དག་དབུལ་བ་མེད་པར་གྱུར་ནས། ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏེ། དེ་ནས་ཡུན་རིང་མོ་ཞིག་ལོན་གྱི་བར་དུ་ཡང་། ་ལུང་མ་བསྟན་ཏོ།། གསོལ་པ། དུས་དེ་གང་ལགས། ཚོད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀུན་དུ་དཔའ་བ་ཉོན་ཅིག། དེ་ནས་བསྐལ་པ་གྲངས་མེད་པ་ཞིག་ན་གདོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག། ་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱུང་སྟེ། ངདེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱུང་བདེན་ང་ཡང་བྲམ་ཟེའི་ཁྱེའུའི་གཟུགས་ཀྱི། ་ཚངས་པར་སྤྱོད་པ་སྤྱད་དེ། དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་ནས་མེ་ཏོག་ཨུད་པ་ལ་བདུན་གྱིས་གཏོར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་བསྔོས་པ་དང་། དེ་བཞིན་གཤེགས་པ་དེས་ངལ་བྲམ ་འ་ཨི་བྱིའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པའི་ན་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རེ་ཞེས་ལུངས་མ་ཀུན་དུ་དཔའ་བདེན ་དཤད་ཏ་ལ་བཅུ་གཉིས་སྲིད་ཀྱི་སྟེང་གི་ནམ་མཁའ་བར་སྣང་ལ་འདུག་ནས་མི་སྐྱེ་བའི་ཆོས་ལ་བཟོད་ཐོབ་སྟེ། གང་ངས་བསྐལ་པ་གྲངས་མེད་པ་རྣམས་སུ་ཚངས་པར་སྤྱོད་པ་སྤྱད་པ་དང་། གང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དི། ་འི་རྩ་བ་དེ་ཐམས་ཅད་ཁར་སད་དང་ནི་རིང་ཙམ་དུ་མངོན་སུམ་དུ་དྲན་ནས། ཀུན་དུ་དཔའ་བདེན་ཡང་ངས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དག་དགེ་བའི་ཆོས་རྣམས་ལ་སོ་སོར་བཀོད་པར་གྱུར་ན། ཀུན ་དདཔའ་བ་དལྟང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ལྟ་ཅི་སྨོས་ཏེ། ཀུན་དུ་དཔའ་བ་ངས་སེམས་ཅན་རྣམས། ་ལ་ཆོས་རྣམ་པ་མང་པོ་བསྟན་ཏོ།། ཇི་ལྟ་བུའི་གཟུགས་ཀྱིས་འདུལ་བ་དེ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ།། ལྷའི་འཇིག་རྟེན་དུ་ནི་ལྷའི་གཟུགས་ཀྱི་ཆོས་བསྟན་ཏོ།། ཀླུའི་གནས་སུ་ནི་ཀླུའི་གཟུགས ་ཀྱིས་ཆོས་བསྟན་ཏོ། ། གནོད་སྦྱིན་གྱི་གནས་སུ་ནི་གནོད་སྦྱིན་གྱི་གཟུགས་ཀྱིས་ཆོས་བསྟན་ཏོ།། ཡི་དགས་ཀྱི་གནས་སུ་ནི་ཡི་དགས་ཀྱི་གཟུགས་ཀྱིས་ཆོས་བསྟན་ཏོ།། མིའི་འཇིག་རྟེན་དུ་ནི་མིའི་གཟུགས་ཀྱིས་ཆོས་བསྟན་ཏོ།། ་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་བསྟན་ཏོ།། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་ནི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་བསྟན་ཏོ།། གང་དང ་གང་གི་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་དང་དེའི་གཟུགས་ཀྱིས་ངས་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ། ། ཀུན་དུ་དཔའ་བ་དེ་ལྟར་སེམས་ཅན་རྣམས་ལ་རྣམ་པ་མང་པོས་ཆོས་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དུ་དཔ ་བསེམས་ཅན་རྣམས་ཇི་ལྟར་ཆོས་རྣམ་པ་མང་པོ་ཐོས་པ་དེ་ལྟར་སེམས་ཅན་སྙིང་པོ་དེ་དག་དགེ་བའི་རྩ་བ་རྣམ་པ་མང་པོ་དག་བྱེད་པར་འགྱུར་ཏེ་སྦྱིན་པ་རྣམས་སྦྱིན་པར་འགྱུར། བསོད་ནམས་དག་བྱེད་པར་འགྱུར། ་བདག་གི་དོན་དུ་མི་ཉལ་བ་ཡང་བྱེད་པར་འགྱུར། འཆི་བ་རྗེས་སུ་དྲན་པ་ཡང་སྒོམ་པར་འགྱུར་ཏེ། དེ་དག་དེ་ལྟ་བུའི་དགེ་བའི་ལས་མངོན་པར་འདུ་བྱེད་པ་རྣམས་བྱེད་པར་འགྱུར་རོ།། དེ་དག་ཆོས་ཐོས་པའི་རྒྱུས་སྔོན་གྱི་དོ་འི ་རྩ་བ་དེ་དྲན་པར་གྱུར་ཏེ། དེ་ལྷ་དང་མི་དེ་དག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ།། ཀུན་དུ་དཔའ་བ་དེ་ལྟར་ན་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་མ་ཐག་ཏུ་ཡོན་ཏན་དང་ཕན་ཡོན་དེ་ལྟར་དཔག་ཏུ་མེད ་པར་འགྱུར་རོ། ། དེ་ནས་སེམས་ཅན་དེ་དག་གཅིག་ལ་གཅིག་འདི་སྐད་འཛེར་ཏོ།། གང་བྱས་ཤིང་བསགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སེམས ་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་དགེ་བའི་ཆོས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གཞན་འགའ་ཞིག་ཀྱང་ཡོད་པ་འོ། ། དེ་དག་གིས་སྨྲས་པ། གང་དག་ཆོས་ལ་ཡིད་ཆེས་ནས་འདི་སྐད་ཅེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས ་ཡོད་དོ་གས་ཟེར་བ་དེ་དག་གི་བདེ་བའི་རྣམ་པར་སྨིན་པའི་འབྲ་ཆུ་ཆེན་པོ་ནི་ཆོས་ཀྱི་བདེ་བ་བླན་མེད་པར་འགྱུར་རོ། ། སེམས་ཅན་གཏི་མུག་བླུན་པོ་གང་དག་འདི་སྐད་ཅེས་ཆོས་རྣམས་ཀྱང་མེད་དོ།། ཆོས་རྣམས་ཀྱི་ཕ་རོལ་ཏུ ་འགྲོ་བ་ཡང་མེད་དོ་ཞེས་ཟེར་བ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་དེ་ནི་ངན་སོང་རྣམས་སུ་འགྲོ་བར་འགྱུར་རོ། ། དེ་དག་ནི་ཕྱི་ཕྱིར་ཞིང་ངན་སོང་གི་ས་ལ་གཞོལ་བར་འགྱུར་རོ།། བསྐལ་པ་བརྒྱད་ཀྱི་བར་དུ་སེམས་ཅན ་དམྱལ་བའི་སྡུག་བསྔལ་གྱི་ཚེར་བ་མྱོང་བར་འགྱུར་རོ། ། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཡི་དགས་ཀྱི་ཡུལ་རྣམས་སུ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་རོ།། བསྐལ་པ་བཅུ་དྲུག་གི་བར་དུ་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་ལུང ་བསྐལ་པ་དགུ་སྟོང་གི་བར་དུ་འབྱུང་པོ་དང་། ཤ་ཟ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། བསྐལ་པ་ཁྲི་བཞི་སྟོང་གི་བར་དུ་ལླི་མེད་པར་འགྱུར་རོ།། བསྐལ་པ་ཁྲི་དྲུག་སྟོང་གི་བར་དུ་མའི་མངལ་དུ་འཆི་བའི་དུས་བྱེད་པར་འགྱུར་རོ།། རྒལ ་པ་ཁྲི་ཉིས་སྟོང་གི་བར་དུ་ཤ་རིལ་རིལ་པོར་འགྱུར་རོ། ། བསྐལ་པ་ཁྲི་ཆིག་སྟོང་གི་བར་དུ་དམུས་ལོང་དུ་སྐྱེ་ཞིང་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། དེ་ན་ཕ་མ་དག་འདི་སྙམ་ཏུ་སེམས་པར་འགྱུར་རོ།། བདག་ཅག་ནི་དོན་མེད ་པར་སྡུག་བསྔལ་མྱོང་ངོ་། ། བདག་ཅག་གི་བུ་སྐྱེས་པ་ནི་དོན་མེད་དོ།། ཟླ་བ་དགུའི་བར་དུ་དོན་མེད་པར་མངལ་དུ་བཙས་སོ།། གྲང་བ་དང་དྲོ་བའི་ཚོར་བ་མྱོང་ངོ་།། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ཀྱང་རབ་ཏུ་མྱོང་ང་། ་ཚེ་འདི་ལ་ཡང་སྡུག་བསྔལ་མང་པོ་མྱོང་ངོ་།། ཕ་མས་ཁྱིམ་དུ་བུ་སྐྱེས་པ་མཐོང་ན་ཡང་བྲོད་པ་མེད་ཅིང་ཕ་མ་རབ་ཏུ་རེ་ཐག་ཆད་པར་འགྱུར་རོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ་དམ་པའི་ཆོས་སྤོང་བའི་སེམས་ཅན་རྣམས ་མམས་ཅད་དཔ་བ་དང་དུ་སོ་གགས་པསན་ཡང་དག་ལབ་དས་ཅམ་ཀྱ་ས་ག་དྲ་ཅན་པས་ཟག་པར་འགྱུར་བ། ཀུན་དུ་དཔའ་བ་གང་དག་ཅག་འདས་ཅས་ངས་རྣམས་པདང་། ངས་རྣམས ་རོལ་དུ་འགྲོ་བ་ཡོད་དོ་ཞེས་ཟེར་བ་དེ་དག་ནི་དགེ་བའི་རྩ་བ་དེས་བསྐལ་པ་ཉི་ཤུའི་བར་དུད་བྱང་གི་ས་མ་སྙན་དུ་སྐྱེ་བར་འགྱུར་རོ། ། བསྐལ་པ་ཉི་ཤུ་རྩ་ལྔའི་བར་དུ་སུམ་བཅུ་རྩ་གསུམ་གྱི་སྒྲ་རྣམས་དང་བསལ་བ་མཉམ ་པར་སྐྱེ་བར་འགྱུར་རོ། ། སུམ་བཅུ་རྩ་གསུམ་ནས་ཤི་འཕོས་ནས་བྱང་གྱི་སྒྲ་མི་སྟན་དུ་སྐྱེ་བར་འགྱུར་རོ།། མའི་མངལ་དུ་སྐྱེ་བར་མི་འགྱུར་རོ།། འཇིག་རྟེན་གྱི་ཁམས་བརྒྱ་སྟོ་། སོང་བར་འགྱུར་ཏེ་ཐམས་ཅད་ཀྱང ་བཙན་ཞེས་བྱ་བ་ཤ་སྟག་གོ། ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་མཐོང་ངོ་།། མཐོང་ནས་ཀྱང་དེ་ཉིད་དུ་གནས་ཏེ་དེ་ཉིད་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཀུན་དུ་དཔའ་བ་དེ་ལྟར་ན་ཟུང་གི་ཆོས ་ནམ་གྲངས་འདི་ནི་མཐུ་ཆེ་བའོ། ། གང་དག་འདི་ལ་སེམས་དད་པ་དེ་དག་ནམ་དུ་ཡང་ཡང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། དེ་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་ཡང་ལྡན་པར་འགྱུར་རོ།། ། ་ཀུན་དུ་དཔའ་བལ་ལ་དག་དེ་བཞིན་གཤེགས་པས་ཉིན་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་ཐར་པར་བྱས་ནས་ཀྱང་ད་དུང་དུ་སེམས་ཅན་གྱི་ཁམས་ཟད་པར་མ་གྱུར་ཏེ་མང་པོ་ཞིག་ནི་བྱང་ཆུབ་ཏུ་སྨོན ་ལམ་འདེབས། མང་པོ་ཞིག་ནི་མཐེའི་རིས་ཀྱི་འཇིག་རྟེན་དུ་སྐྱེས་མང་པོ་ཞིག་ནི་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ན་རྒ་གང་གིས་སེམས་ཅན་རྣམས་ཟད་པར་མ་གྱུར་ཅེས་འཛེར་བའི་སེམས་ཅན་དག་ཀྱང ་ཡོད་དོ། ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་དགེ་སློང་གཽ་ཏ་མ་དང་འགྱེད་དུ་འདོད་དོ་སྙམ་མོ།། དེ་ནས་བྲམ་ཟེ་དང་གཞན་མུ་སྟེགས་ཅན་སྤྱོད་པ ་པ་དང་། ཀུན་དུ་ཆུབཀྱད་ཁྲི་བཞི་སྟོང་དང་། གཅེར་བུ་པ་བརྒྱ་ཕྲག་དུ་མ་ཞིག་རྒྱལ་པོའི་ལབ་ག་ལ་བ་དེར་དོང་ངོ་།། ཡང་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་བྱམས་པ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཛུམ་པ་མི་མཛད་ན་འཛུམ་པའི ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག་དེང་རྒྱལ་པོའི་ཁབ་འདིར་འདུས་པ་ཆེན་པོ་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་འདིར་ལྷ་འམ། ཀླུའམ། ་གནོད་སྦྱིན་ནམ། མི་འམ། མི་མ་ལགས་པ་འམ། སུ་དག་འཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེར་འདིར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་དེ་དག་ཐམས་ཅད་འོང་བར ་འགྱུར་ཏེ་བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་ཡང་འདིར་འོང་བར་འགྱུར་རོ། ། མུ་སྟེགས་ཅན་སྤོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་བ་བྱེ་བ་ཕྲག་དགུ་སྟོང་འོང་བར་འགྱུར་ཏེ་དེ་དག་དང་དེར་བགྱེད་པར ་འགྱུར་རོ། ། དེ་དག་ཐམས་ཅད་ཀྱི་འགྱེད་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་སྟེ། བྲམ་ཟེ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། མུ་སྟེགས ་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་བྱེ་བ་སྟོང་ཕྲག་དགུ་པོ་དེ་དག་ཐམས་ཅད་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅཝ་བརྒྱད་འོང་བར་འགྱུར་ཏེ། དེ ་དག་ང་ལས་ཆོས་ཐོས་པར་འགྱུར་རོ། ། ཐོས་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། གནས་བཅང་མའི་རིས་ཀྱི་ལྷའི་བུ་བྱེ་བ་སྟོང་ཕྲག་དྲུག། ་བཅུ་འོང་བར་འགྱུར་རོ།། བདུད་སྡིག་ཅན་གཡོ་གད་བཅས་པ་བྱེ་བ་སྟོང་ཕྲག་སུམ་བཅུ་འོང་བར་འགྱུར་རོ།། ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་འོང་བར་འགྱུར་རོ།། རྒྱལ་པོ་ལྔ་བརྒྱ་ཙམ་ཡང་འཁོར་དང་བཅས ་ནས་ཆོས་ཉན་དུ་འོང་བར་འགྱུར་རོ། ། དེ་དག་ཐམས་ཅད་ང་ལས་ཆོས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བསྟན་སྲ། ་ལངས་ནས་བླ་གོས་ཕྲག་པ་གཅིག་དུ་གཟར་ཏེ། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་རྒྱལ་པོ་ལྔ་བརྒྱ་ཙམ་པོ་དེ་དག་གི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་ཉོན་ཅིག། རྒྱལ་པོ་དགའ་བོ་ཞེས་བྱ་བ་དང་། རྒྱལ་པོ་ཉེ་དགའ་ཞེས་བྱ་བ་དང་། རྒྱལ་པོ་རྒྱལ་བའི ་ཁྱུ་མཆོག་ཅེས་བྱ་བ་དང་། རྒྱལ་པོ་ཚངས་པའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་ཚངས་པའི་དབྱངས་ཤེས་བྱ་བ་དང་། རྒྱལ་པོ་བསྟན་མཛེས་ཤེས་བྱ་བ་དང་། རྒྱལ་པོ་མཛའ་བའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་དགའ་བའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་དང་། རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་དང་། རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་རྒྱལ་པོ་ལྔ་བརྒྱ་ཙམ་དང་། རྒྱལ་པོ་རེ་རེ་ཞིང་ཡང་གཡོག་བྱེ་བ་བརྒྱ་སྟོང་ཡོད་དེ། རྒྱལ་བ ་འཕགས་སྐྱེས་པོ་མ་གཏོགས་པར་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་གོ། ། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་འོང་ངོ་།། སྒོ་ཕྱོ། ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་ལྔ་བཅུ་འོང་ངོ་།། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དྲུག་བཅུ་འོང་ངོ་།། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་འོང་ངོ་།། འོག་གི ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་བཅུ་འོང་ངོ་། ། སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱ་འོང་སྟེ། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པ་ཤ་སྟག་གོ།། དེ་ནས་བྱང་ཆུབ་སེམས ་དཔའ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱལ་པོའི་ཁབ་གལ་བ་དང་། བཅོམ་ལྡན་འདས་གལ་བ་དེར་དོང་ངོ་།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་བཀའ་སྩམ་པ། ཀུན་དུ་དཔའ་བ་ཁྱོད་ཕྱོགས་བཅུའི་འཇིག་རྟེན་གྱི་འམས་རྣམས་སུ ་ས་ཨོང་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱིས་ཕྱོགས་བཅུའི་འཇིག་རྟེན་ན་གནས་པ་ཁྱེད་ཐམས་ཅད་ཐལ་མོ་སྦྱར་ཏེ་ཐུད་ཅིག་ཅེས་དེ་སྐད ་ལ་གོ་བར་བྱས་མ་ཐག་ཏུ་ཡུད་ཙམ་གྱིས་ཆོས་ཉན་དུ་སླར་ཤོག་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་མི་སྣང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས ་སུ། སོང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་བྱེར་ཆེན་པོར་ཆོས་སྟོན་གྱིས། དེ་ལ་ཁྱེད་ཅིག་གིས་ལེགས་སོ་ཞེས་བྱ་བ་གསོལ་ཅིག་དང་། དེའི་ཕྱིར་ཁྱེད་དེང་ཉིད ་དུ་ཕན་པ་དང་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྒོའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་ནས་སངས་རྒྱས་ཐམས་ཅད་ལ ་བསྙེན་བཀུར་བྱས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྲོན་པ་ནི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གལ་བ་དང་། བཅོམ་ལྡན་འདས་གལ་བ་དེར་འོངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བྲམ་ཟེ་རྣམས་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པོ་དང་། ཀུན་དུ་ཀྱུ་དང་། ་གཅེར་བུ་པ་རྣམས་ཀྱང་འདུས། ལྷ་དང་། ཀླུ་དང་གནོད་སྦྱིན་དང་། མི་མང་པོ་ཞིག་དང་། རྒྱལ་པོ་གཡོག་དང་བཅས་པ་ལྔ་བརྒྱ་ཙམ་ཡང་འདུས། བདུད་སྡིག་ཅན་གཡོག་དང་བཅས་པ་བྱ་བ་སྟོང་ཕྲག་སུམ་བཅུ་རྩ་གསུམ ་ཡང་འདུས་སོ། ། ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་རབ་ཏུ་གཡོས་སོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་ལྷའི་ཙིན་དན་གྱི་ཕྱེ་མའི་ཆར་དུ་བབ། ལྷའི་མེ་ཏོག་གི་ཆར་ཀྱང་རབ་ཏུ་བ ་ནས་དེ་བཅོམ་ལྡན་འདས་ཀྱི་དབུའི་སྤྱི་གཙུག་གི་མཚམས་སུ་ཁང་པ་བརྩེགས་པར་ཀུན་དུ་གནས་སོ། ། ཡང་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་། དེ་ནས་དེའི་ཚེ ་ཕྱོགས་བཞི་ནས་རླུང་གི་རྒྱལ་པོ་བཞི་འཁྲུགས་ཏེ་ལངས་ནས་གང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཉལ་ཉིལ་དང་། ཕྱག་དར་དང་ཁྱེམ་དེ་རྣམས་གྲོང་ཁྱེར་གྱི་ཕྱི་རོལ་དུ་བོར་ནས་ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་རྣམས་སུ་སྤོས་ཆུའི་ཆར་རབ་ཏུ་བག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུར་དང་། པད་མ་དཀར་པོའི་ཆར་ཀྱང་རབ་ཏུ་ཕབ་ནས་མེ་ཏོག་དེ་དག་ཐམས་ཅད་ཀྱང ་སེམས་ཅན་དེ་དག་གི་སྤྱི་གཙུག་གི་སྟེང་དུ་མེ་ཏོག་གི་གདུགས་སུ་གནས་སོ། ། དེ་བཞིན་གཤེགས་པའི་དབུའ་སྤྱི་གཙུག་གི་བར་སྔར་ལ་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་ཀུན་དུ་གནས་ཏེ། ཁང་པ་བརྩེགས་པ ་བརྒྱད་ཁྲི་བའི་སྟོང་པོ་རྣམས་ཀྱི་ནང་ནས་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བརྒྱད་ཁྲི་བ་ནི་སྟོང་བྱུང་སྟེ་ཝཾ་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པ་བཞུགས་ནས་ཆོས་སྟོན་ཏོ། ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་སེམས་འདི་རྣམ་ན་མོས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་ས ་གསོལ་ཏོ། ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འདིར་ཆོ་འཕྲུལ་འདི་ལྟ་བུ་གདའ་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་མི་ཙ་ཡ་ཅན་ནོར་བདེས ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་གནས་པ་དབུལ་པོར་གྱུར་པ་ལ་ལ་ཞིག་ཡོད་ལ་དེའི་མགོ་ལ་རྒྱལ་པོ་བྱུགས་པ་དང་། དེ་རྒྱལ་པོ་སྒོའི་བར་དུ་སོང་སྟེ་ཕྱིན་ནས་ནན་གྱིས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འགྲོ་བར་འདོད ་པ་དང་། དེ་ནས་རྒྱལ་པོའི་བློན་དང་། འཁོར་གྱིས་དེ་བཟུང་ནས་རྣམ་པ་མང་པོས་བདེགས་པ་དང་། དེ་ནས་དེའི་ཚེ་དེའི་དུས་ན་མི་དབུལ་པོ་དེ་ནན་གྱིས་ནང་དུ་འགྲོ་འདོད་དོ།། ཞེས་རྒྱལ་པོ་ས་ཐོས་ནས་དེ་འདི་སྙམ་ཏུ་སེམས ་ཏེ། གདོན་མི་ཟ་བར་དེ་ལ་གསོང་འདོད་པ་ཞིག་ཡིན་ནོ།། སྙམ་ནས་རྒྱལ་པོ་ཁྲོས་ཏེ་འཁོར་རྣམས་ལ་འདི་སྐད་ཅེས་ཁྱེད་དེང་ལ་མི་དེ་རི་ཁྲོད་དུ་ཁྲིད་དེ་སོར་ཅིག། གཡོག་དང་། ཕ་མ་དང་། བུ་དང་། བྲན་ཕོ་དང་། དྲན ་དང་། ལས་བྱེད་པ་ཐམས་ཅད་ཀྱང་སོང་ཅིག་ཅེས་བསྒོ་བ་དང་། དེ་ནས་དེ་དག་ཐམས་ཅད་བསད་ནས་དེའི་གཉེན་བཤེས་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་གྱུར་པ་དེ་བཞིན་དུ་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བཤད་པ་དང་། དེན་མིང་རྒྱལ་ཅན་ཇི་ལྟ་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་བཞིན་གཤེགས་པ་ལ་གཟུགས་དང་། ཁ་དོག་དང་། མཚན་དང་། ་དབྱིབས་དང་། མཚན་མར་བཟུང་སྟེ། དེ་བཞིན་གཤེགས་པའི་ལུས་ཡིན་པ་སྙམ་དུ་སེམས་ཤིང་དེ་ན་དེ་དག་ཆོས་མང་པོ་ཟོས་ནས་ལྷག་པའི་ང་རྒྱལ་དུ་ལྷུང་སྟེ་རྒྱལ་བ་སྣ་ཚོགས་སྨྲ་བ་དང་བདག་ཏུ་འཛིན་པ་དང་། བདག་གིས་ཛིན ་པའི་ཟིལ་གྱིས་ནོན་ནས་བདག་ཉིད་འདི་ལྟ་བུའི་ཆོས་མི་ཉན་མི་འཆད་དེ། གང་ལ་ལ་ཞིག་མདོའི་མཚིགས་སུ་བཅད་པའམ། ཐ་ནད་པ་ཙམ་ཞིག་དེ་དག་ལ་བཤད་ན་ཡང་དེ་བདག་གིས་ཤེས་སོ་ཞེས་དེ་དག་ལ་མི་འཛིན་ཅི ་ནཔས་ཀྱང་མི་ཉན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་རྒྱལ་ཅན་དུ་གྱུར་པའི་ཕྱིར་ཏེ། དེ་དག་ནི་མང་དུ་ཐོས་པས་བག་མེད་པའོ།། གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་འགྲོགས་པ་དེ་དག་ནི་འདི་ལྟ་བུའི་ཆོས་དང་ལྡན་པ་བྱེད་པར། ་མི་འགྱུར། དེ་དག་ནི་འདི་ལྟ་བུའི་ཆོས་དང་ལྡན་པའི་ཚིག་ཐོས་པར་མི་འགྱུར་གྱི་དེ་དག་མང་དུ་ཐོས་པ་དེས་རྒྱགས་པར་འགྱུར་ཏེ། མི་དེ་ལྟ་བུ་དེ་དག་ནི་རང་གི་རང་བཟོར་བྱས་པ་འཇོག་པར་བྱེད། རང་གི་གཞུང་གི་གླེང་གཞི་ཡང ་འཛེག་པར་བྱེད་དོ། ། དེ་དག་ནི་བདག་དང་འཇིག་རྟེན་ཐམས་ཅད་ལ་སྨྲ་ཞིང་དོན་མེད་པར་ཡུལ་འཁོར་གྱི་བསོད་སྙོམས་མང་པོ་ཟ་སྟེ་ཟོས་ནས་ཀྱང་ལགས་པར་འཇུ་བར་མི་འགྱུར་རོ།། དག་འཆི་བའི་དུས་ཀྱི་ཚེ་འཇིགས་པ་ཆེན ་པོ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་གིས་དེ་ལ་སྨྲས་པ། ཁྱོད་ཀྱིས་ནི་ང་ལ་བཟོའི་གནས་མང་དུ་བསླབས་ན་ཇི་ལྟར་ཁྱོད་བདག་འཇོག་པར་མི་ནུས། ངས་དེ་དག་ལ་འདི་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་ང་ནི་ད ་ལྟར་བདག་འཇོག་པར་མི་ནུས་སོ། ། དེ་ན་སེམས་ཅན་དེ་དག་སྨྲེ་སྔགས་རྣམ་པ་སྣ་ཚོགས་འདོན་པར་འགྱུར་ཏེ། ཇི་ལྟར་གཞན་གྱིས་མ་ཡིན་གྱིས་རང་གི་ལས་ཀྱི་རྐྱེན་གྱིས་གང་ཟག་དེ་ཅིག་བུའི་ཕྱིར་གཉེན་གྱི་ཚོགས་མང་བ་བསོད ་པར་གྱུར་པ་དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་འཚ་བའི་དུས་ཀྱི་ཚེ་སྤུ་སྔགས་འདོན་ཅིང་མི་དགེ་བའི་གྲོགས་པོའི་ཕྱིར་བདག་ཅག་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སུ་གཞོལ་བར་མཐོང་ངོ་།། དེ་བཞིན་དུ་རྩོད ་རྣམས་ལ་བྲམ་ཟེ་ང་གཞན་མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་རྒྱགས་པར་མ་གྱུར་ཅིག། འདི་ལྟ་སྟེ། དཔེར་ན་བྱ་མདབ་གཤོག་མ་རྫོགས་པར་ལྷའི་འཇིག་རྟེན་དུ་འགྲོ་བའི་ཕྱིར་ནམ་མཁའ་ལ་འཕུར་མི་ནུས་པ ་དེ་བཞིན་དུ་བྱེད་རྣམས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་མི་ནུས་ཏེ་ཁྱེད་ཅག་ལ་དེ་ལྟ་བུའི་རྫུ་འཕྲུལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་རྣམ་པས་བྱ་གག་གི་སྐྱ་གནས་སུ་སྐྱེ་གནས་ལུས་འདི་རིང་པོ་མ་ཐོགས་པར་ལུ ་འཇིག་ཅིང་མཐར་མཆི་བར་འགྱུར་ཏེ། འཆི་བའི་དྲིས་ཀྱི་ཚེ་དེ་དག་རོ་བྲོ་བོ་མེད་ནས་བདག་ཅག་གིས་ལུས་འདི་ཅི་ཞིག་གི་ཕྱིར་བད་གཅག་གིས་གང་ལྷའི་འཇིག་རྟེན་གྱི་བདེ་བ་དང་། མའི་འཇིག་རྟེན་གྱི་བདེ་བ་ཡང་མ་མྱོང་ལ། མྱང ་ལས་འདས་པའི་གནས་ལ་ཡང་གནས་པར་མ་གྱུར་ཏེ། བདག་ཅག་གིས་ལུས་འདི་ནི་དོན་མེད་པར་བཟུང་ན་བདག་ཅག་གི་འགྲོ་བ་ནི་གང་ཡིན། བདག་གི་རྟེན་དུ་ནི་སུ་ཞིག་འགྱུར། གང་དུ་སྐྱེ་ཞིང་གང་དུ་འཇིག་པར་འགྱུར་ཞིག་གགས ་ནས་ཡོངས་སུ་སྐྲག་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་བྷཱུ་དང་། གཅེར་བུ་པ་དེ་དག་ལ་བཀའ་སྩལ་པ། ཁྱེད་ཅག་རིན་པོ་ཆེའི་འཛམ་བུའི་གླིང་འདིར་ཡི་ཆད་པར་མ ་བྱེད་ཅིག། བྱེད་ཆོས་དཀོན་མཆོག་ལས། ཕྱི་རོལ་དུ་མ་གྱུར་ཅིག། ཀྱེ་གྲོགས་པོ་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་བྱེད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ།། དེ་ནས་བྲ་ཟེ་དང་གན ་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྨཱ་དང་། གཅེར་བུ་པ་དེ་དག་ཐམས་ཅད་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བགོས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པས་གདུགས་མཚན་དུ་སེམས་ཅན་རྣམས་འཁོར་བ་ལམ་ཡོངས་སུ་བཀྲོལ་ཡང་སེམས་ཅན་གྱི་ཁམས་ལ་བྲི་བ་འམ་གང་བར་ཡང་མེ་གདའ་ན། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན ་དེ་དག་སྐྱེ་བ་དང་འགག་པ་མཉམ་པར་སྟོན། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། མུ་སྟེགས་ཅན་དག་འགྱོད་པ་ཆེན་པོ་བསལ་བ་དང་། ཆོས ་ཀྱི་སྒྲོན་མ་ཆེན་པོ་འབར་བར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་ནས་འདྲི་བའི་གླེང་གཞི་ཆེན་པོ་འདྲི་སྟེ། ཕྱི་མའི་དུས་ན་སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་སྐྱེ་བ་དང་། འཇིག་པ་ཤེས་པར་འགྱུར་རོ།། སྨན་གྱི ་སྡེ་སེམས་ཅན་རྒན་པོ་དག་ཀྱང་གཞོན་ནུ་བཞིན་དུ་ཅི་ཡང་མི་ཤེས་པ་ཡང་ཡོད་དོ། ། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་སྐྲ་བགྲུས་ནས་གོས་སར་པ་བགོས་ཏེ། དེ་ཁྱིལ་གྱི་ཕྱི་རོལ་ཏུ ་བྱུང་བ་དེ་ལ་སེམས་ཅན་རྣམས་ཀྱིས་ཁྱོད་གོས་སར་པ་ལེགས་པར་བགོས་སོ་ཞེས་སྨྲས་པ་དང་། སེམས་ཅན་གཞན་ཞིག་ཀྱང་མགོ་བཀྲུས་ནས་གོས་རྙིང་པ་ཡང་བཀྲུས་ཏེ་བགོས་པ་དང་། དེ་ཟེགས་པས་མིདེ ་སྒྲ་བསྐུས་ཀྱང་མཛེས་པར་མ་གྱུར་ལ། དེའི་གོས་ཀྱང་མཛེས་པར་མ་གྱུར་པ་དེ་བཞིན་དུ། སྨན་གྱི་སྡེ་འཛམ་བུའི་གླིང་ན་སེམས་ཅན་རྒན་པོ་ཡོད་པ་དག་ནི་མཛེས་པ་མ་ཡིན་ཏེ། སེམས་ཅན་གཞོན་ནུ་དག ་ནི་སྐྱེ་བ་དང་འགག་པ་སྟོན་ཏོ། ། དེ་ན་བྲམ་ཟེ་དང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དེ་དག་ཐམས་ཅད་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག ་ཅག་གི་ནང་ན་གཞོན་ནུ་ནི་གང་ལགས། རྒན་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་ཡང་དང་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་ཚོར་བ་མྱོང་ཡང་ཁྱེད་ད་དུང་དུང ་མི་མྱོང་བས་ཁྱེད་ཅག་ནི་རྒན་པའོ། ། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དེ་དག་ཐམས་ཅད་དང་། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླན་ཆད་འཁོར་བར་སྡུག་བསྔལ་གྱི་ཚོར་པ་མྱོང་པ ་འམི་སྤྲོའོ། ། གང་གཞན་མ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། སེམས་ཅན་གཞོན་ནུ་རྣམས་ལས་ཀྱང་གང་ཆོས་ཉིད་མངོན་སུམ་བྱེད་ནུས་པ་མེད་དོ།། དགད་ཅེས་སྨྲས་པ ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་རྣམས་མོས་པ་དཀའ་བ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག་དེ་དེ་བཞིན་གཤེགས་པས་ནི་འཇིག་རྟེན་ཐམས་ཅད་མངོན་སུམ་དུ་མཛད་དོ།། དེ་ནས་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག། ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་ཀྱང་མི་འཚལ་ཆག་ཀྱང་མི་སྨྲའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་འདི་དག་བཅོམ ་ལྡན་འདས་ལ་མི་སྭཱ། ། ཀུ་རུ་མི་སྨྲ་ཞིང་ཕྱག་ཀྱང་མི་འཚལ། བཅོམ་ལྡན་འདས་ལ་ཞུ་བ་ཡང་མི་བགྱིད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། སེམས་ཅན་གཞོན་ནུ་རྣམས ་ཀྱིས་ཆོས་ཉིད་མངོན་སུམ་དུ་བྱེད་མི་ནུས་སོ་ཞེས་སེམས་ཅན་གང་དེ་སྐད་ཟེར་བ་ལ། སྨན་གྱི་སྡེ་འདི་དག་ནི་ཁྱེད་ཀྱིས་སེམས་ཅན་གཞོན་ནུ་ཡིན་པར་ལྟའོ།། སེམས་ཅན་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ ་བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་གཞོན་ནུ་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་བདག་ཅག་ནི་སེམས་ཅན་གཞོན་ནུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་སེམས་ཅན་འདི་དག་ནི་འཇིག ་རྟེན་མངོན་སུམ་དུ་བྱེད་པ་ཡིན་གྱིས། དེ་རང་གི་ལུས་ལས་འཇིག་རྟེན་གྱི་ཚད་སྟོན་ཅིག། དེའི་ཚེ་དེའི་དུས་ན་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལུས་དང་མ་བྲལ་བར་སྟོང་གི་ནམ་མཁའ་ལ་གནས་ཏེ། ས་བཅུ་རབ་ཏུ་ཐོབ། ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གང་དག་འཁོར་བ་ཡོངས་སུ་ཟད་པར་བགྱི་བ་དང་ཡོངས་སུ་བྱང་བར་བགྱི་བའི་སླད་དུ་བརྩོན ་བརྩོམ་པའི་སེམས་ཅན་དེ་ལྟ་བུ་ནི་རྙེད་པ་ལེགས་པར་རྙེད་དོ། ། བཅོམ་ལྡན་འདས་སེམས་ཅན་འདི་དག་ནི་དེད་ཉིད་སྐྱེས་ལ། བཅོམ་ལྡན་འདས་སེམས་ཅན་འདི་དག་ནི་དེང་ཉིད་ཡོངས་སུ་གྲོལ་ཏེ་ཐམས་ཅད་ཀྱང་ས་བཅུ་རབ ་ཏུ་ཐོབ་པར་མཐོང་ངོ་། ། བམ་པོ་གསུམ་པ།། །། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། ཀླུའི་རྒྱལ་པོ་དང་། བདུད་སྡིག་ཅན་འཁོར་དང་བཅས་པ་ཐམས་ཅད ་ལྷགས་ནས་གཡོ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་འདིར་དེ་བཞིན་གཤེགས་པའི་གན་དུ་མཆིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་བདག་ཅག་གིས་སངས་རྒྱས ་ཀྱི་བདེ་བ་འདི་ལྟ་བུ་ཐོབ་པར་གྱུར་ཅིག། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་དེ་བཞིན་ཏུ ་ལྟར་ཁྱེད་དེ་བཞིན་གཤེགས་པའི་གན་དུ་ལྷགས་ནས་ཁྱེད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་དོ། ། དེས་ན་ཁྱེད་ཐམས་ཅད་རིང་པོ་མི་ཐོགས་པར་བླ་ན་མེད། ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ། དེ་ནས་གཞན་མུ་སྟེགས་ཅན་དེ་དག་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཏ་ཧོབ་པར་གྱུར་ཏེ་བ་ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་གྱུར་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་སྟེང་གི་ནམ་མཁའ་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་དུ་མངོན་པར་འཕགས་ནས་རིན་པོ་ཆེ ་བདུན་གྱི་ཁང་བརྩེགས་པ་དག་དེ་བཞིན་གཤེགས་པ་ལ་དབུལ་ཞིང་ཐམས་ཅད་ཀྱང་རྣམ་པར་འཕྲུལ་པ་སྣ་ཚོགས་བྱིན་གྱིས་རློབ་སྟེ་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱི ་དབུའི་སྤྱི་གཙུག་གི་སྟེང་ལོགས་སུ་གནས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་སྣ་ཚོགས་འཐོར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིད་ལ་བྱེད་དེ། རང་གི་ལུས་ལ་ཡང་སངས་རྒྱས་སུ་འདུ་ཤེས་བསྐྱེད ་དོ། ། ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡང་དེ་བཞིན་གཤེགས་པ་ལ་མངོན་པར་འཐོར་ཞིང་ཚིག་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་ནི་རྙེད་པ་ཆེན་པོའོ།། ཞིང་ཆེན་པོའོ།། འཇིག་རྟེན་གྱི་མགོན་ནོ།། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད། ་པ་བརྙེས་པའོ།། མཁས་པ་མཁས་པ་ཚོར་བ་ལགས་ཏེ། གང་སེམས་ཅན་འདི་ལྟ་བུ་དག་ཐབས་མཁས་པས་མཐར་གྱིས་འཁོར་བ་ལས་ཡོངས་སུ་ཐར་པར་མཛད་དེ་ལེགས་པར་གསུངས་པ་གཅིག་ཙམ ་གྱིས་ཀྱང་སེམས་ཅན་དེ་སྙེད་ཅིག་འཁོར་བ་ལས་ཡོངས་སུ་གྲོལ་ལོ་ཞེས་སྨྲས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་ཅིག་ཏུ་གཅ ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱ་གང་དང་རྐྱེན ་གང་གིས་རིགས་ཀྱི་བུ་དེ་དག་ཚིག་འདི་སྐད་འབྱིན་ཅིང་རྫུ་འཕྲུལ་མངོན་པར་འདྲ་བགྱི་བ་མིང་པོ་བགྱིད་དེ། དེ་བཞིན་གཤེགས་པའི་བསྔགས་པ་མང་པོ་མངོན་པར་འདུ་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩ ་པ། རིགས་ཀྱི་བུ་ཉོན་ཅིག། དེ་དག་ནི་ང་ལ་སྟོང་པ་མ་ཡིན་གྱི། རང་གི་ལུས་ལ་སྟོད་ཅིང་རང་གི་ལུས་ཆོས་ཀྱི་སྟོན་དམ་པ་ལ་འཇོག་པར་འགྱུར། རང་གི་ལུས་ལས་ཆོས་ཀྱི་འོད་ཟེར་འབྱིན་པར་འགྱུར།། བླ་ན་མེད ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་སྟོན་པར ་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདེ་བར་གཤེགས་པ་གདུགྲ་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་གྲོ ་ཡང་ད་དུང་དུ་སེམས་ཅན་རྣམས་ཟད་པར་མ་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་གང་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་འདི་ལེགས་སོ་ལེགས་སོ།། སྨན་གྱི་སྡེ་འདི་ལྟ་སྟེ། ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ཕྱུག་ཅིང་ནོར་ཆེ་བ་ལ་ལོངས་སྤྱོད་ཆེ་སྟེ། ནོར་དང་འབྲུ་དང་། མཛོད་དང་། བདེ་བ་མང་པོ་དང་ལྡན་ལ། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤེས་འཚོ་བའི་མི་མང་པོ་དང་ལྡན་ཏེ། དེ་ནོར་གྱི་བྲང ་པོ་མངལ་ཞིང་དང་ཀུན་དགའ་ར་བ་མང་དུ་བདག་ཅིང་། འདི་ལྟ་སྟེ། ནས་དང་། གྲོ་དང་། འབྲས་དང་། བལ་སྲན་དང་། སྲན་ཆུང་ལསགས་པ་འབྲུ་མང་དུ་བདག་པ་ཞིག་ཡད་ལ་མ་དེས་དཔྱིད་ཀྱི་དུས་ལ་འབྲུ་ཐམས་ཅད་ཀྱིས་པན ་བ་ཁ་ནས་དུས་གཞན་ཞིག་གི་ཆོས་བན་དེ་དག་ཐམས་ཅད་ཡངས་སུ་སྨིན་པར་གྱུར་པ་དང་། མི་དེས་འབྲིད་དང་དེ་དགས་སོར་འདོག་སྟེ། གཞག་ནས་ཀྱང་དཔྱིད་ཀྱི་དུས་ཀྱི་བར་དུ་ཟོས་ནས་ཡང་འདེབས་བབཞིན ་དུ་སྨན་གྱི་སྡེ་སེམས་ཅན་རྣམས་ཀྱང་སྔན་ལས་བྱས་པའི་ལས་དེ་དག་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་བ་དང་དེ་ལ་བསོད་ནམས་ཀྱི་ཞིང་ཚལ་ཏེ་དགེ་བའི་རྩ་བ་རྣམས་བསྐྱེད་དོ། ། བསྐྱེད་ནས་ཀྱང་དགེ་བའི་ཆོས ་ལནན་ཏན་གྱིས་སྒྲུབ་སྟེ་ཆོས་ཐམས་ཅད་འཕེལ་བར་བྱས་ནས་དགའ་བ་དང་མགུ་བ་བསྐྱེད་དེ། སྨན་གྱི་སྔ་དགའ་ཞིང་མགུ་བའི་སེམས་དེས་བསྐལ་པབྱེ་བའི་བར་དུ་ཆུད་མི་ཟའོ།། སྨན་གྱི་སྡེ་དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་སེམས་དང་པ་བསྐྱེད་པའི་དགེ་བའི་རྩ་བརྒྱན་ཟ་བའི་ཆོས་ཅན་དུ་ནམ་ཡང་མི་འགྱུར་ཏེ། མངངན་ཆོས་ཐམས་ཅད་རབ་ཏུ་ཤེས་སོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས ་ལམ་ཇི་ལྟ་བུ་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་དུ་འཇིགས་པ་མང་པོ་མཐོང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཐམས ་ད་ཡོངས་སུ་སྦྱོར་བའི་ཕྱིར་རོ། ། སེམས་ཅན་སྡིག་པའི་ལས་ཅན་གྱིས་ནི་སྡུག་བསྔལ་མི་བཟང་བ་སེལ་བར་མི་ནུས་སོ།། དེ་ནི་སྡིག་པའི་རྨི་ལམ་མཐོང་ཡང་འཇིགས་པ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་བྱང ་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་དུ་ཇི་ལྟར་འཇིགས་པ་མཐོང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་མ་རབ་ཏུ་འབར་བ་མཐོང་སྟེ།། དེས་ནས་བྱང་ཆུབ་ས ་དཔའ་དེས་བདག་གིས་ཉོན་མོངས་པ་ཐམས་ཅད་ཚིག་པར་རིག་པར་བྱའོ། ། སྨན་གྱི་སྡེ་གཉིས་སུ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེས་ཆུ་ཐུབ་ཅིང་རབ་ཏུ་བྲུག་པ་མཐོང་ཡང་འཇིགས་པར་མ ་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་དེ་བཞིན་དུ་གཏི་མུག་གི་བཅིངས་པ་ཐམས་ཅད་ལས་བཟློག་ནས་སྡིག་པ་བྱང་བར་བྱས་པ་ཡིན་ནོ།། སྨན་གྱི་སྡེ་གསུམ་དུ་ན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད ་པའི་རྨི་ལམ་ན་འཇིགས་པ་ཆེན་པོ་མཐོང་ངོ་། ། གསོལ་པ། བཅོམ་ལྡན་འདས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ལུས་ཀྱི་མགོ་བྲེགས་པ་མཐོང་ཡང་སྨན་གྱི་སྡེ་དེ་ལ་ངེས་འཇིག ་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བདག་གི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་བྲེགས་པ་ཡིན་ཏེ། བདག་ནི་འགྲོ་བ་དྲུག་ཏུ་འཁོར་བ་ལས་རྒྱལ་བ་ཡིན་ནོ་སྙམ་མོ།། དེ་སེམས་ཅན་དམྱལ་བར་གནས་པ་ཡང་མ་ཡིན། དུད ་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་མ་ཡིན།། ལྷ་མ་ཡིན་རྣམས་ཀྱི་ནང་དུ་མ་ཡིན། ཀླུ་རྣམས་ཀྱི་ནང་དུ་མ་ཡིན། ལྷ་རྣམས་ཀྱི་ནང་དུ་མ་ཡིན་ཏེ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི་སངས་རྒྱས་ཀྱི ་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བ་རབ་ཏུ་འཛིན་ཏོ། ། སྨན་གྱི་སྡེ་ཕྱི་མའི་ཚེ་ཕྱི་མའི་དུས་ན་གལ་ཏེ་སེམས་ཅན་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོ་བར་འགྱུར་ན་དེས་ཡིད་མ་ཆེན་པོ་བཅས་པར་བལྟ་སྟེ། ་བརྙས་པར་གནས་པར་གྱུར་ཀྱང་སྨན་གྱི་སྡེ་དེ་ལ་དེས་སྐྱོ་བའི་སེམས་བསྐྱེད་པར་མི་བྱ། ཞུམ་པར་མི་བྱའོ།། སྨན་གྱི་སྡེ་ངས་ཆོས་མང་དུ་བསྟན་ཏེ། སྨན་གྱི་སྡེ་ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཞིག། ་གི་བར་དུ་དཀའ་བ་སྤྱོད་པ་སྤྱད་ཀྱང་སྨན་གྱི་སྡེ་ངས་ལོངས་སྤྱོད་ཀྱི་ཕྱིར་རམ། འཚོ་བའི་ལོངས་སྤྱོད་ཀྱི་ཕྱིར་རམ། དབང་ཕྱུག་གི་ལོངས་སྤྱོད་ཀྱི་ཕྱིར་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། སྨན་གྱི་སྡེ་ཆོས་ཀྱི ་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ངས་དཀའ་བ་སྤྱོད་པ་སྤྱད་ཀྱང་ངས་དེ་སྲིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་གྱི། ། སྨན་གྱི་སྡེ་གང་གི་ཚེ་གང་གི་དུས་ན་ངས་ཟུང་གི ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ཉིད་ཀྱི་ཉིན་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་ཟབ་བོ།། ཆོས་ཀྱི་རྣམ ་ཟག་འད་བྱས་པ་རྙེད་བྱར་དགག། ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་མཆོག་རྙེད་པར་དཀའོ། སྨན་གྱི་སྔནས་ཀྱིན་མ་གྲངས་འད་འཛིན་པ་དག་ཀྱང་མཆོག་ཏུ་རྙེད་པར་དཀའ།། གང་ད། ་ཆོས་ཀྱིརྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་བྲན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་རོ།། སྨན་གྱི་སྔ་བསྐལ་པ་སྟོང་དུ་འཁོར་བསྙིལ་བར་འགྱུར་རོ།། སངས ་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རབ་ཏུ་རྙེད་པར་འགྱུར་རོ། ། འགོག་པ་དང་ལམ་ཡང་རབ་ཏུ་ཤེས་པར་འགྱུར་རོ།། གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། དགེ་བའི་གནས་རབ་ཏུ་ཤེས་པའི་སྐལ་པ་ཡ ་པར་འགྱུར་རོ། ། མངོན་པར་ཤེས་པ་དང་དགེ་བའི་གནས།། རབ་ཏུ་ཤེས་པའི་སྐལ་བ་ཡོད་པར་འགྱུར་རོ།། དགེ་བའི་གནས་དང་འགོག་པའི་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། སྨན་གྱི་སྡེ་ཅིའི་ཕྱིར་འགོག་པ ་ཞེས་བྱ། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་གནས་ནི་དོན་ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཆོས་ཀྱི་གནས་གང་ཡིན། གསོལ་པ། བཅོམ་ལྡན་འདས་ཆོས་ཤེས་བགྱི་བ་ནི་བརྩོན ་འགྲུས་བརྩམས་པ་ཉིད་དང་། ཚུལ་ཁྲིམས་བསྲུངས་པ་ཉིད་དང་། ཚུལ་ཁྲིམས་དང་ལྡན་པ་ལགས་ཏེ། ཆོས་ཀྱི་གཏེར་ཞེས་བགྱིའོ།། བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་གཏེར་འབྱུང་བའོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྐལ་པ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ།། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་གང་དག་མང་དུ་ཐོས་པ་དང་ལྡན་པ། རབ་ཏུ་ཤེས་པ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་རབ་ཏུ་ཤེས་སོ།། དེ་བཞིན་གཤེག་པ་རྣམས་ཀྱི་འབྱུང་བ ་བྷྱ། ། ཤེས་ནས་དེ་བནན་གཤེགས་པ་རྣམས་ཀྱི་འབྱུང་བབད་པའི་གནས་འདིས་ཏུ་ཤེས་སོ།། པ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ན་སེམས་ཅན་རྣམས་ཀྱིམ་ཆས་ཐམས་ཅད་བཏུགས ་སོ། ། ཐབས་མཁས་པས་ཆོས་རྣམས་རབ་ཏུ་ཤེས་སོ།། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་ཤེས་སོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་རབ་ཏུ་ཤེས་སོ།། ། ་གསོལ་པ། ཡེ་ཤེས་ཉིད་རྟོགས་ནས་མྱ་ངན་ལས་འདས་པ་གང་རབ་ཏུ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཆོས་རབ་ཏུ་ཤེས་ནས་ཆོས་རབ་ཏུ་ཤེས་སོ།། སྨན་གྱི་སྡེ་དེ་བཞིན་དུ་དམ་པའི ་ཆོས་བསྡུ་བ་རབ་ཏུ་ཤེས་ནས་རྙེད་པ་དང་པོ་སྐྱེའོ། ། ཆོས་ཇི་ལྟར་ཐོས་པ་བཞིན་དུ་བཟུང་ནས་ཆོས་དང་ལྡན་པ་ཉིད་རྙེད་པར་འགྱུར་རོ།། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན་མི་ཚོང་བར་གྱུར་པ་ལ་ལ་ཞིག་མི་ཁུར་སྟོང ་གི་གསེར་ཁྱེར་ཏེ་དེ་ཁེ་སྤོགས་ཀྱི་ཕྱིར་སོང་བ་དང་། དེའི་ཕ་མ་འདི་སྐད་སྨྲ་སྟེ། བུ་ཉོན་ཅིག་གསེར་སྲང་སྟོང་ཁྱེར་ལ་གཞན་དང་རང་གི་གསེར་ལེགས་པར་ཁྱེར་ཅིག་ཚེང་བ་དེས་གསེར་ཁྱེར་ཏེ་སོང་ནས་ཟླ་བ ་ག་ཅིག་ཙམ་ལོན་པ་དང་གསེར་དེ་དག་ཐམས་ཅད་ཆུད་གསན་ཏེ་མེད་པར་བྱས་ཀྱི་འོག་ཏུ་དེ་ནས་མི་དེས་བསམས་པ་དང་ཤིན་དུ་མི་དགའ་བ་ནས་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ་དེ་གནོད་ཞིང་ངོ་ཚ་ནས་རང ་གི་ཁྱིམ་དུ་མ་སོང་བ་དང་། དེའི་ཕ་མས་ཐོས་ནས་ཡི་ཆད་དེ། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས་གོས་དག་ཀྱང་དྲལ་ཏེ་བུ་ངན་པ་དེ་བདག་ཅག་གི་ཁྱིམ་དུ་བུའི་གཟུགས་སུ་སྐྱེས་ནས་ཁྱིམ་སོ་ཀུན་ཀྱང་བཤིག། ་སྟེ། བདག་ཅག་ལ་མཁོ་བ་མེད་ཅིང་སྡུག་བསྔལ་བར་བྱས་སོ།། བྲན་གྱི་ལས་བྱེད་དུ་བཅུག་གོ་ཞེས་དེ་སྐད་སྨྲ་སྔགས་འདོན་ཏེ། དེའི་ཕ་མ་ཡི་ཆད་ནས་འཆི་བའི་དུས་བྱས་པ་དང་། དེ་ནས་བུ་དེས་ཕ་མ་བདག་ལ་ཡི་ཆད་དེ ་འཆི་བའི་དུས་བྱས་སོ། ། ཞེས་ཐོས་ནས་བུ་དེ་ཡང་ཡི་ཆད་དེ་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ་དེ་བཞིན་གཤེགས་པས་དོན་འདི་བཤད་པ་ལ་ཡང་གང་དག་ངའི་བསྟན་པ་ལ་མི་དད་པ་དེ་དག་ནི་རེ་ཐག་ཆད་ནས ་འཆི་བའི་དུས་ཀྱི་ཚེ་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ་འཆི་བའི་དུས་བྱེད་པར་འགྱུར་རོ། ། ཇི་ལྟར་ཕ་མ་དེ་དག་ཡི་ཆད་དེ་གསེར་གྱི་ཕྱིར་མྱ་ངན་བྱེད་ཅིང་། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས་གཞན་དང་རང་གི་གསར ་ཕྱིར་མྱ་ངན་གྱི་ཟུག་རྔུ་དང་ལྡན་པ་དེ་བཞིན་དུ། སྨན་གྱི་སྡེ་གང་དག་ངའི་བསྟན་པ་ལམ་དད་པ་དེ་དག་ནི་ཕྱིས་འཆི་བའི་དུས་ཀྱི་ཚེ་གདུང་ཞིང་སྨྲེ་སྔགས་འདོན་ལ། སྡུག་བསྔར་གྱི་ཚོར་བ་བྱོང་ཞིང་། སྔོན་ལས་བྱས་པའི ་བསོད་ནམས་དག་ཆུད་ཟོས་ནས་ཕྱིན་ཅད་ཞིང་བཟང་པོ་དང་ལྡན་པའི་བསོད་ནམས་དག་མི་བྱེད་དེ། དེ་དག་གི་སྙིང་མྱ་ངན་གྱི་ཟུག་རྔུ་དང་ལྡན་པས་དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་ཞིང་མི་བཟང་བ་དྲག་པོ་མཐོང་ནས་འཆི་བའི་དུས་ཀྱི་ཚེ་འདི་སྙམ་དུ་སེམས་ཏེ། གང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་མཐོང་བར་མི་འགྱུར ་ཞིང་སྡུག་བསྔལ་གྱི་ཚེར་བི་དེ་མྱོང་བར་མི་འགྱུར་བར་བདག་ལ་སུ་ཞིག་སྐྱབས་སུ་འགྱུར་སྙམ་པ་དང་། དེའི་ཕ་མས་འདི་སྐད་ཅེས་སྨྲས་སོ།། བུ་ཅིག་ནད་ཀྱི་འཇིགས་ཆེན་ནི། འབྱུང་བར་མི་ནུས་ཇི་ལྟར་བྱ། ནབ ་འཆི་བས་འཇིགས་མོད་ཀྱི། ། བུ་ཁྱོད་འཆི་བ་ཡོད་མ་ཡིན།། ནད་ཀྱིས་འཇིགས་དང་སྐྲག་པ་ལས།། ཁྱོད་ནི་ཐར་པར་འགྱུར་བ་ཡིན།། བདག་གི་རྣམ་པར་ཤེས་པ་འགག། བདག་གི་ལུས་ལ་རབ་ཏུ་གནོད།། ཡན་ལག ་ཐམས་ཅད་སྡུག་བསྔལ་ཏེ། ། བདག་གིས་འཚོ་བ་མཐོང་བར་གྱུར།། བདག་གི་མིག་ནི་མི་མཐོང་ཞིང་།། བདག་གི་རྣ་ཡང་མི་ཐོས་སོ།། སྣ་ཡང་ཐོབ་པར་མི་འགྱུར་ཏེ།། ལུས་ཀྱང་ཟོ་བདོག་བདེ་མ་ཡིན།། ཡན་ལག་ཉིད་ལག ་སྡུག་བསྔལ་ཏེ། ། ཤིང་དང་འདྲ་བས་སེམས་པ་མེད།། བདག་གི་འཆི་བ་འོད་མེད་ཅེས།། ཡུམ་གྱིས་བདག་གི་སྤྲོ་བ་སྲིད་ཟད།། མས་སྨྲས་པ། བུ་ཁྱོད་དེ་སྐད་སྨྲ་མི་རིགས།། དེ་ལ་མཆོག་ཏུ་འཇིགས་མ་བྱེད ་ཁྱོད་ཀྱི་ལུས་ལ་རིམས་བཏབ་པས། ། རྣམ་པ་སྣ་ཚོགས་མཐོང་བར་གྱུར།། བུས་སྨྲས་པ། ལུས་ལ་རིམས་ཀྱང་མ་མཐོང་སྟེ།། ན་བ་མེད་ཅིང་སྡུག་བསྔལ་མེད།། འཆི་བ་ཤིན་ཏུ་མི་བཟད་མཐོང་།། བདག་གི་ལུས་སྡུག་བཅོམ ་པར་གྱུར། ། བདག་གི་ལུས་ཀུན་སྡུག་བསྔལ་གྱིས།། རབ་ཏུ་གཟིར་བར་མཐོང་གྱུར་ན།། སུ་ལ་སྐྱབས་སུ་འགྲོ་བར་བྱ།། བདག་གི་སྐྱོབ་པར་སུ་ཞིག་འགྱུར།། ཕ་མས་སྨྲས་པ། ཁུ་ཁྱོད་ལ།། ལྷ་ཡང་རབ་ཏུ་བསྐྱོན་གྱུར་གྱིས།། ལྷ ་རྣམས་ལ་ནི་མཆོད་བྱས་ན། ། དེ་ཡི་འོག་ཏུ་འཚོ་བར་གྱུར།། བུས་སྨྲས་པ། གང་གིས་བདག་ནི་འཚོ་འགྱུར་བ།། ཁྱོད་ཀྱིས་དེ་ལྟར་མཛད་དུ་གསོལ།། རིངས་ཤིང་རབ་ཏུ་མྱུར་བཞུད་ལ།། ལྷ་བོན་པོ་ལ་འདྲི་བར་བསོལ།། དེ་ནས་དེའི ་ཕ་མ་ལྷའི་རྟེན་གྱི་དྲུང་དུ་སོང་ནས་ལྷ་ལ་བདུགས་པ་ཕུལ་བ་དང་། དེ་ནས་ལྷ་བོན་པོས་ལྷ་ལ་བདུག་པ་ཕུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལ་ལྷ་བཀྱོན་གྱིས་ལྷ་རྗེ་ཅིག། མཆོད་སྦྱིན་གྱིས་ཤིག། དེ་ལ་ཕྲུགས་སོད་ཅིག། མི ་ཡང་སོད་ཅིག་དང་། དེ་ནས་ཁྱེད་ཀྱི་བུ་ནད་ལས་ཡོངས་སུ་ཐར་པར་འགྱུར་རོ།། དེ་ནས་ཕ་མ་དེ་དག་གིས་བསམས་པ། བདག་ཅག་ནིའི་བུལན་ཇི་ལྟར་བྱ། གལ་ཏེ་ལྷ་མ་མཉེས་ན་ནི་བུ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར། ཇི་སྟེ ་མཉེས་པར་ལྡན་པདག་ཅག་ནི་དབུལ་བས་མ་དེང་སྔགས་གང་ནས་བླད་སྙམ་ནས་དེ་དག་རིརིས་ཤིང་མྱུ་བང་ཁྱིམ་དུ་དོང་སྟེ། ། ཁྱིམ་གྱི་རྗེས་ཅུང་ཟད་ཅི་བདྲོག་པ་དེ་བམས་ཅད་ལྡན་ཏོ་བའི་ཕྱིར་འཚོང་དྲ་དོང་ངོ་།། དེ་ནས་མི་གཞན་ནི། ་ག་ང་བྱེད་དང་ཀྱི་ས་གྲངས་དག་ཏི་གྱི་ན་ནག་ཙུནས་པ་ཐ་ས་ནིམིགས་མ་དུས་ནི་མ་ན་ཅིང་མེད་པ་པས་མ་ཏིམིས་ཐྱ་ག་པ་ན་མ ་དེ་ཁྱེར་ཏེ་མི་ཉོར་དོང་ངོ་། ། དེ་གཉིས་ཀྱིས་མི་ཉོས་ནས་མི་དེས་ཀྱང་བདག་གསད་པར་ནི་མ་ཤེས་སོ།། དེ་ནས་ཕ་མ་རྨོངས་པར་གྱུར་པ་དེ་གཉིས་སླར་རང་གི་ཁྱིམ་དུ་མདོང་གི་ལྷ་རྟེན་གྱི་དྲུང་དུ་སོང་སྟེ། ལྷ་བོན་པོ་ལང ་མེར་དུ་མཆོད་སྦྱིན་མཛོད་ཅིག་ཅེས་སྨྲས་སོ། ། དེ་ནུས་པ་མདེ་གཉིས་བདག་ཉིད་ཀྱིས་ཕྱུགས་ཀྱང་བསད་མི་དེ་ཡང་བསད་དོ།། དེ་ནས་ལྷ་བོན་པོ་དེས་མཆོད་སྦྱིན་བྱ་བར་བས་མ་ཏ་མ་བུས་པ་དང་། དེ་ནས་ལྔ་དབ་བས་ཏེ་ཁྱོད་ཅི ་བུ་ནི་དེས་ཁྱེར་རོ་ཞེས་སྨྲས་སོ། ། དེ་ནས་པ་མ་དེ་གཉིས་དགའ་ཞིང་མགུ་བས་ཁྱབ་ནས་བུ་འདི་སོ་སོན་བདག་ཅག་བྲན་དུ་གྱུར་ཀྱང་བླ་ཞེས་སྨྲས་ཏེ། ཕ་མས་ལྷ་ལ་མཆོད་སྦྱིན་བྱས་ནས་སླར་ལོག་སྟེ་རང་གི་ཁྱིམ་དུ་ཕྱིན་ནས་བུ་འཆི་བའི།། ་དུས་བྱས་པ་མཐོང་ངོ་།། དེ་ནས་ཕ་མ་དེ་གཉིས་སྡུག་བསྔལ་ཞིང་ཡི་མུག་པ་ཆེན་པོས་སྙིང་ལ་མྱ་ངན་གྱི་ཟུག་རྔུ་ཟུག་སྟེ་ཡི་ཆད་པར་གྱུར་ནས་དེ་ཉིད་དུ་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ་མི་དགེ་བའི་གྲོགས་པོ་དང་བསྟེན ་པར་བལྟའོ། ། གསོལ་པ་བཅོམ་ལྡན་འདས་སེམས་ཅན་དེ་དག་གང་དུ་སྐྱེ་བ་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁ་རོག་ལམ་འདྲི་ཤིག་གསོལ་པ། བཅོམ་ལྡན་འདས་ཞུའོ།། བདེ་བར་གཤེགས་པ་ཞུའོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་ལ་མ་ནི་སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་དུ་སྐྱེས་སོ།། ཕ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སྐྱེས་སོ།། བུ་ནི་སེམས་ཅན་དམྱལ་བ་ཆེན་པོ ་བར་སྐྱེས་སོ། ། ལྷ་བོན་པོ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས་མི་མནོངས་པ་དེ་གང་དུ་སྐྱེས།། དེའི་ཚེ་སྐད་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ་པ། སྨན་གྱི་སྡེ་དེ་འདི་ལ་མི་མཉེས་པ་དེ་ནི་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་མི་དེ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་བ ་པ་མཉམ་པར་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལཾ་པ། སྨན་གྱི་སྡེ་ཉོན་ཅིག། མི་དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ལ་སེམས་དད་པས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ལན་ཅིག ་སྨན་གྱི་སྡེ་དགེ་བའི་རྩ་བ་དེས་བསྐལ་པ་དྲུག་བཅུའི་བར་དུ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བདེ་བ་མྱོང་བར་འགྱུར། བསྐལ་པ་བརྒྱད་ཅུའི་བར་དུ་སྐྱེ་བར་ཚེ་རབས་དྲན་པར་འགྱུར། སྐྱེ་བ་དང་སྐྱེ་བར་བྱ ་ངན་གྱི་ཟུག་ཏུ་ཐམས་ཅད་དང་བྲལ་བར་འགྱུར་རོ། ། སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་དོ།། སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་མི་ནུས་སོ།། གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་རྔོ་ཐོག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བརྩོན་འགྲུས་བརྩམ་པར་བྱའོ།། གསོལག་བཅོམ་ལྡན་འདས་བརྩོན ་འགྲུས་བརྩམ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། བརྩོན་འགྲུས་ཤེས་བྱ་བ་ནི་འབྲས་བུ་རྣམས་སྟོན་པའོ།། འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ནི ་བརྩོན་འགྲུས་ཀྱི་གནས་སོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་འགག། ་པཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། རང་སངས་རྒྱས་ཀྱི་འབྲས་བུ་དང་། རང་སངས་རྒྱས་ཀྱི་འབྲས་བུའི་ཤེས་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། བྱང་ཆུབ་སེམས་དཔའ་འབྲས་བུ་དང་། བྱང་ཆུབ་ཀྱིགས ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་ཏེ། སྨན་གྱི་སྡེ་འདི་དག་ནི་བརྩོན་འགྲུས་ཀྱི་གནས་ཤེས་བྱའོ།། གསོལ་པ། བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟར་བསྟན་པར་བགྱི། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་ཤིང་ཞིག་བསྐྱེད་ན་དེ་ཉིད་ཀྱི་ཉིན་མོ་ཤིང་དེའི་རྩ་བཟུག་ནས་དེ་ཉིད་ཀྱི་ཉིན་མོ་རྩ་བ་དེའི་དཔག་ཚད་ཙམ་གྱི་འོག་ཏུ་སོང་ངོ་།། མི་གཞན་ཞིག་གིས་ཀྱང་དེ་བཞིན ་དུ་ཤིང་བསྐྱེད་པ་དང་། དེ་ཉིད་ཀྱི་ཉིན་མོ་རླུང་གིས་བསྐྱོད་དེ་ཤིང་དེ་རྩ་བ་མཟུག་ནས། དེ་ནས་མ་དེས་ཤིང་དེ་ཕྱུང་བ་དང་། མི་གཅིག་ཤེས་ཀྱིས་ཀྱང་། ཅིའི་ཕྱིར་ངའི་ས་པནས་ཤེས་འཐབ་འབྲེག་རྩོད་པར་གྱུར་ནས། དེའི་ཚེ་རྒྱལ་པོས ་གཉིས་འཐབ་འབྲེག་རྩོད་པར་གྱུར་ཏོ། ། ཞེས་ཐོས་ནས། རྒྱལ་པོ་དེས་པོ་ཉ་བཏང་སྟེ་སོང་ལ་མི་དེ་གཉིས་ཁྲིད་དེ་ཤོག་ཤིག། ལྷ་ད་ལྟར་འཚལ་ལོ་ཞེས་མི་དེ་རིངས་པའི་གཟུགས་སུ་བརྒྱུགས་ནས་མི་དེ་གཉིས་ལ་འདི་སྐད་ཅེས་ཁྱེད ་ལ་རྒྱལ་པོ་འབོད་དོ། ། ཞེས་སྨྲས་པ་དང་། དེ་ནས་མི་གཅིག་ནི་འཇིགས་ཤིང་སྐྲག་གོ།། མི་གཅིག་ནི་འཇིགས་ཤིང་སྐྲག་པ། མེད་པར་རྒྱལ་པོ་གང་ལ་བ་དེར་ཁྲིད་དོ།། སྲིད་ནས་རྒྱལ་པོའི་མདུན་དུ་འཁོད་དོ།། དེ་ནས་རྒྱལ་པོས་མི་དེ་གཉིས ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཁྱེད་ཅི་ཞིག་གི་ཕྱིར་འཐབ་ཅིང་རྩོད་པར་གྱུར། དེ་ནས་མི་དེ་གཉིས་ལངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་གསན་དུ་གསོལ། བདག་ཅག་ལ་ནི་ས་ཕྱོགས་ཅུང་ཟད་ཀྱང་མ་མཆིས ་ཀྱིས་གཡར་པོ་ཞིག་ལ་ཤིང་བསྐྱེད་པ་ལས་རླུང་གིས་བསྐྱོད་ནས་རྩ་བ་ཡང་མ་ཟུག་ལོ་མ་དང་མེ་ཏོག་དང་འབྲས་བུ་ཡང་མ་བྱུང་སྟེ། རྒྱལ་པོ་ཆེན་པོ་དེའི་རྩ་བ་དག་ཚད་ཙམ་གྱི་འོག་ཏུ་ཡང་མཆིས་པ་དང་། ཁྱོད་ཀྱིས་ཉེས་སོན། ་མི་འདིས་བདག་ལ་ཐབ་མོ་བརྒལ་དུ་བས་ཀྱི་བདག་གིས་མནོངས་ན་ལྷ་དེ་ལ་བདག་གི་ཅུང་ཟད་ཀྱང་མནོངས་པར་མཁྱེན་པར་མཛད་དུ་གསོལ།། དེ་ནས་རྒྱལ་པོ་དེས་བློན་པོ་བྱེ་བ་ཕྲག་སུམ་བཅུ་བཀུག་སྟེ་བསོགས་ནས་འདི་སྐད་ཅེས ་བསྒོའོ། ། ཁྱེ་ཅག་སྤྲོས་ཤིག། བློན་པོ་རྣམས་ཀྱིས་གསོལ་པ། ཇི་སྐད་སྨྲ་བར་བགྱི། གང་གི་ཉིན་མོ་ཤིང་བསྐྱེད་པ་དེ་ཉིད་ཀྱི་ཉིན་མོ་རྩ་བ་ཟུག་ནས་ལོ་མ་དང་མེ་ཏོག་དང་འབྲས་བུ་འབྱུང་བ་ཁྱེད་ཀྱིས་གང་ན་ཡང་མཐོང་ངམ། ཐོས་སམ། ་ཁྱེད་ཀྱིས་ཞག་བདུན་ནམ་ཟླ་བ་ཕྱེད་ཀྱིས་འདི་བྱེ་བྲག་ཕྱེད་པར་གྱིས་ཤིག། དེ་ནས་བློན་པོ་དེ་དག་སྟན་ལས་ལངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་བདག་ཅག་གིས་འདི་བྱེ་བྲག་ཕྱེད་པར་བགྱིང་མི་རུང་ངོ་།། ། ་འདི་བྱེ་བྲག་ཕྱེད་པར་རྔོ་མ་ཐོག་གོ།། རྒྱལ་པོ་ཆེན་པོ་འདི་ནི་ངོ་མཚར་ཏེ། རེ་ཤིག་མི་འདི་ཉིད་ལ་རྨ་བར་བགྱིའོ།། ཀྱེ་སྐྱེས་བུ་གང་སྨྲས་པའི་དོན་བདེན་ནམ་སྨོས་ཤིག། སྨྲས་པ་རྒྱལ་པོ་ཆེན་པོ་དོན་དེ་མེད་དོ།། རྒྱལ་པོས་སྨྲས་པ། གང་གི ་ཉིན་མོ་ཤིང་བསྐྱེད་པ། དེ་ཡི་ཉིན་མོ་རྩ་བ་ཟུག་ཅིང་།། མདབ་མ་མེ་ཏོག་འབྲས་བྱུང་ཞེས།། དེ་ཉིད་ཉིན་མོ་སྨྲ་བ་ནི།། ཁྱོད་ཀྱི་ཚིག་འདི་འཐད་པར་དཀའ།། འདིའང་མཐོང་བའམ་ཐོས་པ་མེད།། དེ་ནས་མི་དེས་ཐལ་སྦྱར་ཏེ།། རྒྱལ་པོ་དེ་ལ ་འདི་སྐད་སྨྲས། ། གཤེགས་ལ་ཉིད་ཀྱིས་ཤིང་བསྐྱེད་དེ།། རྩ་བ་ཟུག་ལ་གཟིགས་སུ་གསོལ།། དེ་ནས་རྒྱལ་པོ་དབློན་པོ་བྱ་བ་ཕྲག་སུམ་བཅུ་དང་ལྷན་ཅིག་ཕྱི་རོལ་དུ་བྱུང་ནས་མི་དེ་གཉིས་ཀྱང་བཙོན་རར་བཅུག་གོ།། དེ་ནས་རྒྱལ་པོ ་དེ་ཉིད་ཀྱིས་ཤིང་བསྐྱེད་པ་དང་། ཤིང་དེ་རྩུ་བ་ཡང་མ་ཟུག། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མ་བྱུང་ནས། དེ་ནས་རྒྱལ་པོ་དེ་ཁྲོས་ཏེ་འདི་སྐད་ཅེས་ཁྱེད་མྱུར་དུ་དེང་ལ་ཤིང་གཤེགས་པ་སྟེ་རེ་རྣམས་ལོང་ཤིག་ཅེས ་སྨྲས་ནས་བླངས་པ་དང་། དེ་ནས་གང་མི་རིས་བསྐྱེད་པའི་ཤིང་དེ་ལ་ཁྲོས་ནས་ཤིང་དེའི་ལོམ་དང་། མེ་ཏོག་དང་། འབྲས་བུ་བྱུང་བ་རྣམས་བཅད་དེ་ཤིང་གཅིག་པོ་དེ་བཅད་པ་དང་ཤིང་བཅུ་གཉིས་བྱུང་ངོ་།། ཤིང་བཅུ་གཉིས ་པ་བཅད་པའི་དང་། ངན་པན་སྔ་བདུད་ཀྱི་གང་རྩ་བ་དང་བཅས། ལམ་དང་བཅས། མཱ་གཱ་དང་བཅས་པ་ཉི་ས་རྩ་བཞི་བྱུང་ངོ་།། དེ་ནས་ག་ཤུན་བན་པ་དེ་དག་ལས་བྷགསར་གྱིས་བཅན།། སར་གྱིས་ན། ་ངན་པོ་ཆེ་སྣ་བདུན་གྱི་མདཔ་མེ་ཅན་ཏེ་ཤུ་རྩ་བནི་ཟུང་ངོ་།། དེ་ནས་རྒྱལ་པོ་དེ་ཐེ་བའི་བྲམ་གྱིས་ནན་ནམ་ངག་ལེག་གིས་སྟར་བླངས་ཏེ། ཤིང་དེ་ལ་གཅབས་པ་དང་། ཤིང་གཁས་པ་དེ་ལས་བདུད་རྩིའི་གྲོ་ཐུང ་དེ་ནས་རྒྱལ་པོ་དེ་ཡིད་མོ་བདེ་ནས་སེང་ལ་མི་དེ་གཉིས་བཙོན་ར་ནས་ཕྱུང་ཤིག་ཅེས་བསྒོ་བ་དང་། ལྷ་དེ་ལྟར་འཚལ་ལོ་ཞེས་དེའི་མོད་ལ་རབ་ཏུ་བརྒྱུགས་ཏེ། པི་དེ་གཉིས་བཙོན་དས་པཱུང་ནས་ཤིང་གལ་བ་དེར་ཁྲིད་པ་དང་། ་པོས་སྦས་པ། ཤིང་གཅིག་བཅད་པ་གཉིས་གྱུར་ཏུ་འཕེལ་ཏེ་ཉི་ཤུ་རྩ་བཞིར་གྱུར་པ་དེ་ཁྱེད་ཀྱིས་བསྐྱེད་དམ།། ངས་བསྐྱེད་པའི་ཤིང་ནི་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མ་སྐྱེས་སོ།། དེ་ནས་མི་དེས་གསོལ་པ། ་ཆེན་པོ་བདག་གི་བསོད་ན་པས་ཅི་འདྲ་བ་དེ་འདྲ་བའི་བསོད་ནམས་ཁྱེད་ལ་མི་མངའོ།། དེ་ནས་བློན་པོ་བྱེ་བ་ཕྲག་སུམ་བཅུས་པུས་མོའི་ལྷང་གཉིས་ས་ལ་བཙུགས་ནས་མེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་སྔ་མ་འད་ནི་པ ་གིས་ཁྱེད་ཀྱིས་རྒྱལ་པོ་བ་དགོས་སོ། ། དེ་ནས་མི་དེས་བློན་པོ་དེ་དག་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། རྒྱལ་པོ་ལོངས་སྤྱོད་བདག་མི་དགོས།། ནོར་དང་འབྲུ་ཡང་དགོས་པ་མེད།། སངས་རྒྱས་རྣམས་ལ་བདག་དང་བས།། ་རྐང་གཉིས་དག་གི་མེ་ཏོག་ཏུ་ཤེག། ཞི་བ་མྱ་ངན་འདས་པའི་དབྱིངས།། གང་ན་དེ་བཞིན་གཤེགས་པར་འགྲོ། མྱ་ངན་འདས་ཁྱིམ་འགྲོ་འགྱུར་བ།། ཆོས་འདི་ཁྱེད་ལ་བཤད་པར་བྱ།། དཀྱིལ་མོ་དགྲང་ནི་བཅས་ནས་སུ།། དེ་ནས་ཡ ་དམ་རབ་བཅས་སོ། ། བདག་གིས་སྔོན་བྱས་ལས་རྣམས་ཀྱིས།། རྒྱལ་པོའི་བེཅེན་རང་ཕྱིན་པར་འགྱུར།། སྨོན་ལམ་འདི་ནི་བཏབ་པས་ན། བདག་གི་ལས་ན་ཟད་པར་གྱུར།། དེ་ནས་བྱ་བྱེ་བ་ཕྲག་ཉ་ཤུ་རྩ་བཞིས་རྡོ་རྗེའི་མཆུས་སིལ ་སྙན་རྣམས་དཀྲོལ་ཏོ། ། དེ་ནས་དེའི་ཚེ་དེའི་དུས་ན་ཁང་པ་བརྩེགས་པ་སུམ་ཁྲི་ཉས་སྟོང་བྱུང་སྟེ། ཁང་པ་བརྩེགས་པ་རེ་རེའི་ཚད་ཀྱང་དཔག་ཚད་ཉི་ཤུ་རྩ་ལྔ་ལྔ་བར་གྱུར་ཏོ།། ཁང་པ་བརྩེགས་པ་རེ་རེ་ལས་ཀྱང་བྱ་གསེར་གྱི་ཟ་བ་ཅན ་གསར་གྱི་མཅུ་ཅན་གསེར་གྱི་གདོང་ཅན་བྱེ་བ་ཕྲག་ཉི་ཤུ་ལྔ་ལྔ་བྱུང་སྟེ། དེ་དག་གིས་མིའི་སྐད་དུ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་ལེགས་པ་བྱས།། ཁྱོད་ཀྱིས་ཤིང་དེ་བཅད་པས་ན། བྱེ་བ་བརྒྱ་ཡི་ཤིང་རྣམས་ལས།། ཉི་ཤུ ་བཞིར་གནས་པར་གྱུར། ། སེམས་ཅན་གང་གིས་ཤིང་བསྐྱེད་འདི།། ཅི་འདྲ་ཤེས་པ་མ་ཡིན་པ།། སྡིག་པའི་ལས་ཀྱིས་བྱིན་ན་ཀྱི། མི་སྡུག་འབྲས་བུ་མྱོང་བར་འགྱུར།། རྒྱལ་པོས་སྨྲས་པ།། བདག་གིས་དོན་འདི་མག། ་ཀྱིས།། དཀའ་ཐུབ་ཆེན་པོ་ལུང་སྟོན་ཅིག། བྱ་རྣམས་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་སྣང་བྱེད་དེ།། རྣམ་པར་འདྲེན་པར་འགྱུར་བ་ཡིན།། འཁོར་བའི་སྲིད་པའི་བཙོན་ར་ལས།། སེམས་ཅན་ཐམས་ཅད་ཐར་བྱེད་པའོ།། རྒྱལ་པོས ་སྨྲས་པ། གང་གི་ཤིང་ནི་མ་སྐྱེས་པ།། སྐྱེས་བུ་གཉིས་པ་དེ་གང་ཡིན།། དེས་ནི་སྡིག་པའི་ལས་གང་བྱས།། གཉིས་སྐྱེས་རྣམས་ནི་སྨྲ་བར་བྱོས།། བྱ་རྣམས་ཀྱིས་སྨྲས་པ།། གང་གི་ཤིང་ནི་མ་སྐྱེས་པ།། དེ་ནི་ལྷ་བྱིན་གླེན་པ་སྟེ།། ་དགེ་བ་ཅུང་ཟད་མ་བྱས་ན།། དེ་ཡི་ཤིང་ནི་ཇི་ལྟར་སྐྱེས།། དེ་ནས་དེའི་ཚེ་དེའི་དུས་ན་བློན་པོ་བྱེ་བ་ཕྲག་སུམ་བཅུ་པོ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐམས་ཅད་ས་བཅུ་ལ་རབ་ཏུ་གནས་ཏེ་མངོན་པར་ཤེས་པ་སོ ་སོར་ཐོབ་པར་གྱུར་ཏོ། ། རྒྱལ་པོ་དེ་ཡང་ས་བཅུ་ལ་གནས་ནས་དགེ་བའི་ཆོས་མངོན་པར་རྟོགས་པ་རྗེས་སུ་ཐོབ་བོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་བློན་པོ་བྱེ་བ་ཕྲག་སུམ་བཅུ་རྩ་གསུམ་པོ་རྣམས་ས་བཅུ་ལ་གནས་ཏེ་མངོན་པར་ཤེས་པ་སོ་སོར་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན ་གྱི་སྡེ་ཉོན་ཅིག་དང་ལུང་བསྟན་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་འཛད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས། ཁ་དོག་བརྒྱ་སྟོང་ཕྲག་དུ་མ་འདི་ལྟ ་སྟེ། ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བརྒྱད་ཁྲི་བཞི་སྟོང་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་འཐའ་ཡས་བུ་མེད་པ་སྣང་བར་བྱས་ཏེ་སླར ་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གས ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། སྨན་གྱི་སྡེ་ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྐྱེ་བོའི་ཚོགས་དེའི་གན་དུ་འོང་བ་མཐོང་ངམ་གསོལ་པ། བཅོམ་ལྡན་འདས་དེམ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེའི་ཕྱིར་སྐྱེ ་ཟེའི་ཚིགས་ལ་རྣམ་པར་རྟོགས་ཏེ་ལྟོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་རྣམ་པར་བལྟས་པ་དང་། ཤར་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས། དེའི་ཕྱོགས ་གཅིག་ན་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། མི་དག་མི་སྨྲ། མི་ཟེར། མི་བརྗོད། མི་ཟ། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ལྷོ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས་དེ ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་དུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོ། ་བཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་སྟོང་ཕྲག་ཉི་ཤུརྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ་ཀུན་དུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡར། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། བྱང་ཕྱོགས་ནས་ཤིང་དཔག་ཚད ་བདུན་སྟོང་པ་ཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ།། ཀུན་དུ་མི་སྨྲ།། ཡོངས་སུ་མི་བརྗོད། མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། འོག་གི་ཕྱིཿ ་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་དུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ་སྟེང་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མ་སྶ། ཀུན་དུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང། མི་འཆག་སྟེ། ཅང་མི་སྨྲ ་བར་འཁོད་པ་མཐོང་ངོ་། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས ་ཀྱིས་བདག་ལ་སྐབས་བྱེན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱིས་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ ་སྩལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྔས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕྱོགས་བཞིའི་འཇིག་རྟེན་ནས་སྐྱེ་བོའི་ཚོགས་མང་པོ་ལྷགས་ཤང ་གནས་པ་ནས་འོག་དང་སྟེང་ཕྱོགས་ཀྱི་བར་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ལྔ་བཅུ་ལྷགས་ཤིང་གནས་པར་གྱུར་པའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་སོད། ་ལའདི་དག་འཇིག་རྟེན་གྱི་ཁམས་གང་ནས་ལྷགས་པ་དེ་བཞིན་གཤེགས་པ་དེ་དག་ལ་ཁྱོད་ཉིད་ཀྱིས་ཞུས་ཤིག། གསོལ་པ། སུ་རྗེ་འཕྲུལ་གྱི་སྟོབས་བསྐྱེད་པས་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི། ་སྡེརང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པར་སོང་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི ་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ། འཇིག་རྟེན་གྱི་ཁམས་ཟླ་བའི་སྒྲོན་མ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཅན་གྱི་ཞིང་ཞེས་བྱ་བ་བྱང་ཆུབ་སེམས ་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུས་ཡོངས་སུ་བསྐོར་ཅིང་བདུན་གྱིས་བལྟས་ནས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཟླ་བ་ཅན་གྱི་ཞིང་དེའི་སྤྱན་སྔར་འདུག་ནས་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱུ་གང་གིས་མི་མཇེད་ཀྱི་འཇིག ་རྟེན་གྱི་ཁམས་སུ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་སྤྱན་སྔར་སྐྱེ་བའི་ཚོགས་ཕྱོགས་བཅུ་ནས་འདུས་ཤིང་ལྷགས་པ་དག་དེ་ན་མཆིས་པའི་ཚེ་ནི་མཐོང་ལ་འདི་ན་མཆིས་པའི་ཚེ་མ་མཐོང་བར་གྱུར། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྨན་གྱི་སྡེ་དེ་ཉིད་ན་རྒྱུ་ཞིང་གནས་སོ།། གསོལ་པ། བཅོམ་ལྡན་འདས་ཡང་ཇི་ལྟ་བུ་ལགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གལ ་ཁ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ་མཆིས་པ་ན་བཅོམ། ་ལྡན་འདས་བདག་གིས་དེ་དག་ཏུ་སེམས་ཅན་ཇི་སྙེད་མཐོང་བ་དེ་སྙེད་ནི་གང་ན་ཡང་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་ནི་སེམས་པ་མེད་པའི་ཤིང་ལས་བྱུང་ངོ་།། གསོལ་པ། བཅོམ ་ལྡན་འདས་གང་སེམས་པ་མ་མཆིས་པའི་ཤིང་ལས་མི་བྱུང་བ་སུས་མཐོང་སུས་ཟོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་གང་སེམས་པ་མེད་པའི་ཤིང་ལས་མེ་འབྱུང་བ་ཁྱོད་ཀྱིས་མ་མཐོང་མ་ཐོས་སམ། ་གསོལ་པ། བཅོམ་ལྡན་འདས་བདག་གིས་མ་མཐོང་མ་ཐོས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མཐོང་བར་འདོད་ན་དེ་ངེས་བསྟན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་འཚལ་ལོ།། བདེ་བར་གཤེགས ་པ་འཚལ་ལོ། ། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ནས་ཕྱག་བརྐྱང་བ་དང་། ཕྱག་དེ་ལས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བྱུང་སྟེ། སྐྱེ་བའི་ཚོགས་རེ་རེས་ཀྱང་ལག་པ་བརྒྱ་བརྒྱ་བརྐྱང་ནས་སྤོས་དང་། ཕྲེང་བ་དང་། ཐུག་པ་སྣ་ཙམ ་དེ་བཞིན་གཤེགས་པ་ལ་གཏོར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་ཀྱིས་སྐྱེ་བོའི་ཚོགས་འདིས་དེ་བཞིན་གཤེགས་པ་ལ་སྤོས་དང་། ཕྲེང་བ་དང་། ཐུག་པ་གཏོར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས ་མཐོང་ལགས་སོ། ། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་བྱུང་བ་འདི་དག་སེམས་པ་མེད་པའོ།། མི་འདི་དག་ནི་སེམས་པ་མེད་པའོ།། དེ་ནས་བྱེ་བ་སྟོང་ཕྲག་བརྒྱ་པོ་དེ་དག ་རེ་ནང་ཡང་གང་ལག་པ་བརྒྱབརྒྱ་ཡོད་པ་དེ་དག་ཐམས་ཅད་ལྟུང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་དེ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཙ་ཞིག ་ལགས། བང་བར་གཤེགས་པ་འང་ཅི་ཞིག་ལགས། གང་མི་རྣམས་ཀྱི་ལག་པ་བརྒྱ་པོ་ཡང་ཡུད་ཙམ་གྱིས་ལྷུང་སྟེ། བཅོམ་ལྡན་འདས་གལ་ཏེ་ལག་པ་བརྒྱ་པ་ཡང་གྲོལ་བར་མི་འགྱུར་ན་ལག་པ་གཉིས་པའི་མི་ལྟ་སྤོས་ཀྱང ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་བཞིན་དུ་སེམས་ཅན་རྣམས་ནི་སེམས་པ་མེད་པར་སྐྱེའོ།། སེམས་པ་མེད་པར་འགག་གོ།། སྨན་གྱི་སྡེ་དེའི་ལུས་ཀྱང་སེམས་པ་མེད་པར་གྱུར་པར་ཤེས་པར་བྱའོ།། ་གསོལ་ལ། བཅོམ་ལྡན་འདས་གང་སེམས་ཅན་དེ་དག་ལ་གཞན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱིས་སེམས་ཅན་གཞན་པ་ཡང་ཡོང། རྒན་པ་ཡང་ཡོད་དོ།། སོལ་པ། ཙ ་ལྡན་འདས་གཞོན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ད་ལྟར་ལྟུང་བ་དེ་དག་ནི་རྒན་པའོ།། གང་དག་ཤིང་རྣམས་ལས་སྐྱེས་པ་དེ་དག་ནི་གཞོན་པའོ།། གསོལ་པ། བཅོམ་ལྡན་འམ། ་སེམས་ཅན་གཞོན་ནུ་རྣམས་མཐོང་བར་འཚལ་ལོ།། དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གིས་ཕྱག་གཡས་པའི་འཐིལ་བརྐྱང་བ་དང་། དེ་ནས་ཕྱོགས་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བརྒྱའོང་ངོ་།། འོག་དང་སྟེང ་ཕྱོགས་ནས་སྐྱེ་བོའི་ཚོགས་བྱེ་བ་ཕྲག་ལྔ་བཅུ་འོང་སྟེ། སྐྱེ་བོའི་ཚོགས་དེ་དག་ལྷགས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་བཞིན་གཤེགས་པ་ལ་མི་སྨ། ཀུན་མི་སྨྲ་ཞིང་ཅང་མཟེར་བར ་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དེ་དག་དེ་བཞིན་གཤེགས་པ་ལ་མི་སྨྲ།། ཀུན་མི་སྨ་ནི ་ཅང་མ་མཆི་བར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མི་ཤེས་སམ། ས་ཕྱོགས་ནི་སེམས་པ་མེད་དེ་མི་སྨྲ། ཀུན་མི་སྨྲ་ཞིང་ཆོས་ཀྱི་ཕུང་པོ་ཡང་མི་ཤེས་སོ།། དེཅིའི་བྱོར་ཞེ་ན། སྨན་གྱི ་འདི་ལ་སེམས་ཅན་གཞོན་ནུ་ཁ་ཅིག་ནི་མཐོང་ཡང་སྐྱེ་བ་མི་ཤེས། འགག་པ་དང་། རྒ་བ་དང་། ནད་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། མཛའ་བ་དང་བྱེ་བ་དང་། འཆི ་བ་དང་། དུས་མ་ཡིན་པར་འཆི་བ་དང་། སྡུག་བསྔལ་མི་བཟེད་པ་དེ་དག་ཐམས་ཅད་མི་ཤེས་ཏེ། མཐོང་ཡང་ཡིད་འབྱུང་བར་མི་འགྱུར་ན་ཤེས་པར་ལྟ་ག་ལ་འགྱུར་ཏེ། སྨན་གྱི་སྡེ་དེ་དག་ཡང་དང་ཡང་བསླབ་པར་བྱའོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཆོས་མ་འཚལ་བའི་སེམས་ཅན་གཞོན་ནུ་དེ་དག་གང་ནས་མཆིས།། གང་ནས ་འཆི་འཕོ་ཞིང་གང་དུ་སྐྱེ་བར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། མིའི་ལུས་ཡོངས་སུ་འཛིན་པ་དེ་དག་ན་དངུལ་མཁན་གྱིས་ཀྱང་མ་བྱས། ཟངས་མཁན་གྱིས་ཀྱང་མ་བྱས། ཤིང་མཁན ་གྱིས་ཀྱང་མ་བྱས། རྫ་མཁན་གྱིས་ཀྱང་མ་བྱས་ཏེ། རྒྱལ་པོའི་འཇིགས་པས་ཀྱང་མ་བྱས་ཀྱི། གཞན་དུ་ན་སྐྱེས་པ་དང་བུད་མེད་འདུས་པ་དང་། སྡིག་པའི་ལས་དང་ལྡན་པ་ལས་བྱུང་ངོ་།། སེམས་ཅན་དེ་དག་ཀྱང་ཡང་དང་ཡང་བཟོའི་ལས ་རྣམས་སློབ་པས་དེ་དག་གི་སྡུག་བསྔལ་མི་བཟད་པ་མཐའ་ཡས་པ་དང་། ཚོར་བ་མི་བཟད་པ་འབྱུང་སྟེ།། དེར་དེ་དག་སྔོན་སྡིག་པ་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པ་མྱོང་ངོ་།། སྨན་གྱི་སྡེ་འདི་ཉིད་དུ་གང་སེམས་ཅན ་གཞོན་ནུ་ལྷགས་པ་མི་ལྡང་བ་འདི་དག་ནི་འདི་འདྲ་བའི་སྡུག་བསྔལ་གྱི་ཚེར་བ་མྱོང་བར་འགྱུར་ཏེ། སྨན་གྱི་སྡེ་དེའི་ཕྱིར་མི་སྨྲ།། ཀུན་མི་སྨྲའོ།། སྨན་གྱི་སྡེ་དེ་ལྟར་ན་སེམས་ཅན་གཞོན་ནུ་དེ་དག་ནི་དགེ་བའི་ཡང་མི་ཤེས།། སྐྱེ ་བ་ཡང་མི་ཤེས། འགག་པ་ཡང་མི་ཤེས་ཏེ། དེ་དག་མི་ལུས་ཀྱང་འཐོབ་པར་མི་འགྱུར་བ་འདི་དག་ཀྱང་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ཤེས་བྱའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་ནུ་རྣམས་ཇི་ལྟར་སྐྱེ། ་ཇི་ལྟར་འགག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་མེ་ལ་ཤིང་གིས་རེག་པར་བྱས་པ་དང་། ཤིང་དེ་ལ་མཐར་གྱིས་མེ་འབར་བ་དེ་བཞིན་དུ། སྨན་གྱི་སྡེ་ཐོག་མ་མིའི་ལུས་སུ་སྐྱེའོ།། ་སྐྱེས་ནས་གདོད་ཚོར་བ་མྱོང་ངོ་།། གསོལ་པ། བཅོམ་ལྡན་འདས་སུ་ཞིག་འདིར་མངོན་པར་སྐྱེད། སྐྱེས་ནས་སུ་ཞིག་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སངས་རྒྱས་ཉིད་སྐྱེས་སོ།། དེ ་བཞིན་གཤེགས་པ་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ། ། འདི་ལྟ་སྟེ་དཔེར་ནོ།། རྒྱལ་པོས་མི་ལ་ལ་ཞིག་བཅིངས་ཏེ་ཁང་པ་མུན་པ་མུན་ནག་གི་ནང་དུ་བཙོན་རར་བཅུག་པ་དང་། མི་དེ་ཁང་པ་མུན་ནག་དེར་ཞུགས ་ནས་ཁང་པ་མུན་ནག་ལ་ཁང་པ་མུན་ནག་དུ་མཐོང་ངོ་། ། དེ་ནས་མི་གཞན་སྡུག་བསྔལ་གྱི་ཚོར་བས་རེག་པ་ཞིག་གིས་མཐོང་ནས་མི་དེ་ནི་མ་རུང་བར་གྱུར་ཏོ།། སྔན་སྡུག་བསྔལ་མ་མྱོང་བས་འཚོ་བ་སྲོག་ཆད་པར་འགྱུར ་རོ། ། སྙམ་བསམས་ནས་དེས་དེར་མེ་ཁྱེར་ཏེ་འོངས་ནས་ཁྱིམ་དེའི་ནང་དུ་མ་ཆུང་ཟད་ཅིག་བོར་བ་དང་། མི་བཙོན་རར་བཅུག་པ་དེས་མི་དེ་མཐོང་ངོ་།། མཐོང་ནས་ཀྱང་དེ་དབུགས་ཕྱིན་པར་གྱུར་ཏེ་སྤྲོ་བ་སྐྱེས་སོ།། མེ་ད ་ཡང་རྒྱུ་གང་གིས་འབར་བའི་མ་འབར་བ་དེས་ཁྱིམ་དེ་ཀུན་དུ་འབར་བར་གྱུར་ནས་མི་དེ་ཡང་དེ་ཉིད་དུ་ཚིག་པ་དང་། དེ་ཚིག་གོ་ཞེས་རྒྱལ་པོས་ཐོས་ནས་མི་དགའ་སྟེ། དེ་འདི་སྙམ་དུ་ཕྱིན་ཅད་ནི་བདག་གི་ཡུལ ་དུ་སེམས་ཅན་གང་ཡང་བཙོན་རར་མི་བཞུག་གོ་སྙམ་དུ་སེམས་སོ། ། དེ་ནས་རྒྱལ་པོ་དེས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་ལ། ཀྱེ་སེམས་ཅན་ཁྱེད་ཅག་མ་འཇིགས་ཤིག། མ་སྐྲག་ཤིག་། བྱེད ་ཅག་འཇིགས་པར་མ་གྱུར་ཅིག། ཕྱིན་ཆད་ངའི་ཡུལ་དུ་ཆད་པས་གཅད་པ་འམ། བཙོན་རར་གཞུག་པར་མི་བྱའོ།། སེམས་ཅན་གང་ཡང་སྲོག་དང་འབྲལ་བར་མི་བྱ། ཀྱེ་སེམས་ཅན་བྱེད་རྣམས་མ་འཇིགས ་ཤིག་ཅེས་དེ་ལྟར་དབུགས་ཕྱུང་བ་དེ་བཞིན་དུ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཐམས་ཅད་བསྲེགས་པ་ནད་ཐམས་ཅད་རབ་ཏུ་ཞི་བའོ།། ཇི་ལྟར་ཁྱིམ་ཚིག་ནས་མི་ཉིད་ཀྱི་ལུས་ཀྱང ་ཚིག་སྟེ། སེམས་ཅན་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ནས་སེམས་ཅན་བཅིངས་པ་ཡང་བཅིངས་པ་ལས་ཡོངས་སུ་ཐར་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འདོད་ཆགས་དང་། ཞེ་སྡང ་དང་། གཏི་མུག་ག་དྲི་མ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྒྲོན་མ་བཞིན་དུ་འཇིག་རྟེན་དུ་བྱུང་ནས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་ལུས་རྣམས་ལས་ཡོངས་སུཐ ་པར་མཛད་ཅིང་སེམས་ཅན་གཞོན་ནུ་དང་རྒན་པོ་རྣམས་ཀྱང་ཡོངས་སུ་ཐར་བར་མཛད་དོ། ། དེ་ནས་སྟེང་གི་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་།། རྒྱལ་བའི་ཞིང་ནི་ངོ་མཚར་ཞིང་། ཞིང་བཟང་མངོན་པར་འདུས་བྱས་པ། ་དེ་ལ་ས་བོན་བཏབ་པ་ནི། རྣམ་པར་ཆུད་ཟར་མི་འགྱུར་རོ།། རྒྱལ་བའི་ཞིང་ནི་དག་པའི་ཞིང་།། སངས་རྒྱས་བསྟན་པ་བསྔགས་པ་སྟེ། སེམས་ཅན་ཐམས་ཅད་བཟུང་བའི་ཕྱིར།། སྟོན་པས་ཀྱང་ནི་ཐབས་མཛད་དོ།། མྱ་ངན་འདས ་བའི་དབྱིངས་གནས་ཀྱང་། ། ས་ཡི་སྟེང་ན་ཀུན་དུ་སྣང་།། རྟག་ཏུ་འཇིག་རྟེན་ཞི་བྱས་ནས།། སངས་རྒྱས་སྦྱིན་པའི་གནས་རྣམས་སྤྱོད།། སེམས་ཅན་གཞོན་ནུ་ཐར་བར་བྱེད།། རྒན་པོ་རྣམས་ཀྱང་ཐར་པར་བྱེད།། སེམས་ཅན་ཐམས་ཅད ་ཁམས་གསུམ་ལས། ། མཐར་གྱིས་ཡོངས་སུ་ཐར་པར་བྱས།། སེམས་ཅན་དམྱལ་བའི་སྒོ་བཅད་དེ།། དུད་འགྲོ་ཡི་དགས་ཐར་བར་བྱས།། འཇིག་རྟེན་འདི་ཡང་ཞི་བྱས་ནས།། འཇིག་རྟེན་ཕ་རོལ་བདེ་བར་བྱེད།། དེ་ནས་བཅོམ་ལྡན ་འདས་ཀྱིས་འཛུམ་པ་མཛད་ནས་བཀའ་སྩལ་པ། ལེགས་པ་རྣམས་ནི་མཐོང་ན་ལེགས།། སངས་རྒྱས་རྣམས་ཀྱང་མཐོང་ན་ལེགས།། དམ་ཆོས་ཡོན་ཏན་ཞིང་ཡང་ལེགས།། དགེ་འདུན་འདུས་པ་མཐོང་ན་ལེགས།། ཟུང་བསྟན ་པ་ཡང་ལེགས་པ་སྟེ། ། སྡིག་པ་རྣམ་པར་འཇིག་པ་ལེགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བཏུད་ནས་བཅོམ་ལྡན་འདས་ལ་འདིག ་གསོལ་ཏོ། ། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས།། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གཞོན་ནུ་འདི་དག་མཐེང་ངམ། གསེལ་པ། བཅོམ་ལྡན་འདས་མཐོང་ལ ་སོ། ། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་དག་ཐམས་ཅད་ནི་དེང་ཉིད་དུས་བཅུལ་རབ་ཏུ་གནས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན ་སྡེ་དཔག་ཚད་བརྒྱད་བྲི་སྲིད་ཀྱི་སྟེང་གི་ནམ་མཁའ་ལ་གནས་པ་དང་། ལྷ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ།། སེམས་ཅན་གཞོན་ནུ་དེ་དག་ཀྱང་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་པར་སྣང་ལ་གནས་བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྦས་གང་བར་གྱུར་པ་དང་། སེམས་ཅན་དམྱལབ ་ཆེན་པོ་སམ་བཅུ་རྩ་གཉིས་སུ་སྐྱེས་པའི་སེམས་ཅན་རྣམས་སྒྲ་དེ་ཉན་ཏོ། ། ལྷའི་རིས་སུམ་བཅུ་རྩ་གཉིས་ཀྱང་བདེ་མཉན་ཏོ།། སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ།། རྒྱ་མཚོ་ཆེན ་པོའི་ནང་གི་ཀླུ་བརྒྱད་ཁྲི་བཞི་སྟོང་ཡང་འཁྲུགས་སོ། ། སྲིན་པོ་བྱེ་བ་སྟོང་ཕྲག་སུམ་བཅུ་ཡང་འཛམ་བུའི་གླིང་འདིར་ལྕགས་སོ།། ཡི་དགས་དང་། གནོད་སྦྱིན་དང་། སྲིན་པོ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡང་ལྕང་ལོ་ཅན་གྱི་ཕོ་བྲང ་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པ་ཆེན་པོ་ཀུན་དུ་གནས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཞོན་ནུ་དེ་དག་ལ་ཆོས་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱེ་བ་སྟོང་ཕྲག་བརྒྱ་རང་རང་གི་རྫུ་འཕྲུལ་གྱིས་ལྷགས་སོ། ། ། བམ་པོ་བཞི་པ་སྟེ་ཐ་མ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན ་འདས་གལ་བ་དེ་ལགས་སུ་ཐལ་མ་སྦར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སད་ཅེས་གསལ་ཏོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདུས་ཤིང་མཆིས་པ་མང་། དེ་བར་གཤེགས་པ་དང་། བཅོམ ་ལྡན་འདས་ལྷ་དང་ཀླུ་འདུས་ཤིང་མཆིས་པ་ཡང་མང་ངོ་། ། སྲིན་པོ་ཟེ་བ་ཕྲག་དུ་མ་ཞིག་ཀྱང་ལྕང་ལོ་ཅན་གྱི་པོ་བྲང་འཁོར་ནས་ལྷགས་ཏེ་འདུས་ནས་མཆིས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྨན་གྱི་སྔལ་བཀའ་སྩལ་པ། རིགས་ཀྱི་བུ་མར་ཤོག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་ནས་བབས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་། ་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་བགྱི་ག་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ཕུང་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། རིགས་ཀྱི་བུ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི་གང་ཚངས་པར་སྤྱོད་པ་ཡོངས་སུ་ཚོལ་ཞིང་གང་ཚངས་པར་སྤྱོད་པ་ཡོངས་སུ་བཙལ་ནས་ཀྱང་སྡིག་པ་ཐམས་ཅད་སྤོད་པའོ།། རིགས་ཀྱི་བུ་སེམས་ཅན་གནོན་ནུ་མི་ཚངས་པར། ་སྤྱོད་པ་སྤངས་ནས་གདོན་མི་ཟ་བར་གཟུངས་རབ་ཏུ་འཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་དང་ཡང་ལྡན་པར་འགྱུར་བ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ཐབས་གང་གིས་སེམས་ཅན་མང་པོ་ཞིག་འདུས ་ཤི་ས་ཀྱི་ཐང་མ་ཉི། དེ་ནས་བཅོམ་ལྡན་ལས་ཀྱིས་བྱུང་ཆུ་མམས་དཔའ་སེམས་དཔའ་ཆེན་པོ་ཅན་གྱི་རྣལ་བཀ་སྤྲུལ་པ། ས་ག་དག་སྐྱེ་བཉིད་སྡུག་བསྔལ་དུའི་ཉས་ད་སྔག་པས་ང ་ཉན་ནད་ཉིད་སྡུག་བསྔལ་དང་། མྱ་ངན་སྡུག་བསྔལ་དང་། སྨྲེ་སྔགས་འདོན་པ་སྡུག་བསྔལ་དང་། སྡུག་པ་དང་བྲལ་བ་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་དུ་མིཉན་པའི་སེམས་ཅན་ཡང་ཕལ་ཆ ་ཡོད་དོ། ། འཆི་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཕྱིར་ལུས་དང་སྲོག་འཕྲོག་པ་ཡིན་ཏེ། སྨན་གྱི་སྡེ་འདི་ནི་སྡུག་བསྔལ་ཐམས་ཅད་ཅེས་བྱའོ།། དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་བསྟན་པའིདི་ཐོས་ནས། བཅོམ་ལྡན་འདས ་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ཀྱང་འགུམ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་དང་སེམས ་ཅན་ཐམས་ཅད་ཀྱང་མཆིའོ། ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཆི་བའི་དུས་ཀྱིས་ནོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འཆི་བའི་དུས་ན་རྣམ་པར་ཤེས་པ་འགག་པར ་བྱེད་པ་ཞེས་བྱ་བའི་རླུང་དང་། རྣམ་པར་ཤེས་པ་འཁྲུལ་པར་བྱེད་ཞེས་བྱ་བའི་རླུང་དང་། རྣམ་པར་ཤེས་པ་འཁྲུགས་པར་བྱེད་པ་ཞེས་བྱ་བའི་རླུང་དང་། རིགས་ཀྱི་བུ་རླུང་གསུམ་པོ་འདི་དག་གིས་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས ་པ་ཐ་མ་ལ་ཀློད་པར་འགྱུར། འཁྲུལ་བར་འགྱུར། འཁྲུགས་པ་སྐྱེད་པར་འགྱུར་རོ།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་འགག་པ་ན་ལུས་འཇོམ་པར་བགྱིད་པའི་རླུང་གསུམ་པོ་གང ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་མཚོན་ཞེས་བྱ་བ་དང་། སྐུལ་བ་ཞེས་བྱ་བ་དང་། ཟེ་བ་ཞེས་བྱ་བས་ལུས་འཇོམ་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ལུས་ཤེས་བགྱི་བ་ཇི་ལྟ་བུ་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཀུན་དུ་འབར་བ་ཞེས་ཀྱང་བྱ། ཚིག་པ་ཞེས་ཀྱང་བྱ། དང་སྣབས་ཞེས་ཀྱང་བྱ།། སྦགས་པ་ཞེས་ཀྱང་བྱ། དུར་ཁྲོད་པ་ཞེས་ཀྱང་བྱ། ངན་པའི་བློ་ཞེས་ཀྱང་བྱ། ཁར་ལི་བ་ཞེས ་ཀྱང་བྱ་སྐྱབས་ཡོངས་སུ་གཟིར་བ་ཞེས་ཀྱང་བྱ། སྐྱེ་བས་ཀུན་དུ་དཀྲུགས་པ་ཞེས་ཀྱང་བྱ། སྲོག་ཡོངས་སུ་གདུང་བ་ཞེས་ཀྱང་བྱ། འཆི་བ་དང་སྡུག་པ་དང་བྲལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། ཐོགས་པོ་དག་འདི་རྣམས་ནི་ལ ་ཤེས་བྱའོ། ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འགུམ། ཇི་ལྟར་འཚོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཆི་བའོ།། ཚེ་དང་ལྡན་པ་བསོད་ནམས་ཤེས ་བ་ནི་འཚོ་བའོ། ། གྲོགས་པོ་དག་ལུས་ཤེས་བྱ་བ་ནི་འཆི་བ་སྟེ། རྒྱུས་པ་བྱེ་བས་ནི་བཀྲིས། སྤུའི་ཁུང་བརྒྱད་ཁྲི་བཞི་སྟོང་དང་ནི་ལྡན།། ཡན་ལག་ཁྲི་ཉིས་སྟོང་གིས་ནི་སྤེལ། རུས་པ་སུམ་བརྒྱ་དྲུག་བཅུས་ནི་བསྟན། ལུས་ཀྱི་ནང་ན་སྲིན་བུའི་རགས། ་བརྒྱ་བཅུ་རྩ་བཞི་ནི་གནས་ཏེ། སྲོག་ཆགས་དེ་དག་ཐམས་ཅད་ལ་ཡང་འཆི་བ་ཡང་ཡོད། འཆི་བ་འགག་པ་ཡང་ཡོད་དོ།། ནམ་མིད་འཆི་བ་དེན་སྲོག་ཆགས་དེ་དག་ཐམས་ཅད་རེ་ཐག་ཆད་པར་འགྱུར་ཏེ། དེ་ན་སྲོག་ཆགས་ཐམས་ཅད ་གཅིག་ལ་གཅིག་ཟབས་རླུང་འཁྲུག་ཅིང་གཡོ་བར་འགྱུར་ཏེ། དེ་ན་དེ་དག་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་།། ལ་ལ་ནི་བུའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་བུ་མོའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་གཉེན་གྱི་ཕྱིར་མྱ་ངན་བྱེད་དེ། དེ་དག་ཐམས ་ཅད་མྱ་ངན་གྱི་ཟུག་རྔུས་ཟུག་གོ། ། གཅིག་ལ་གཅིག་ཟ་བར་བརྩམས་ནས་དེ་དག་གཅིག་གིས་གཅིག་ཟོས་ཏེ་སྲོག་ཆགས་གཉིས་ཤིག་ལས་པ་ན་དེ་གཉིས་ཀྱང་ཞག་བདུན་གྱི་བར་དུ་འཐབས་ཏེ་ཞག་བདུན་འདས་པ་དང་། ་སྲོག་ཆགས་གཅིག་ནི་བཅོམ་སོ།། གཅིག་ནི་ཐར་ཏོ།། ཚེ་དང་ལྡན་པ་ཆོས་ཤེས་བྱ་བ་གང་ཞེ་ན། འདི་སྙམ་དུ་སེམས་ཏེ། ཇི་ལྟར་སྲོག་ཆགས་རྣམས་གཅིག་ལ་གཅིག་མི་མཐུན་པར་བྱས་ནས་འཆི་བར་འགྱུར་བ་དེ་ཤི། ་དུ་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་གཅིག་ལ་གཅིག་མི་མཐུན་པ་བྱེད་དེ་སྐྱེ་བས་མི་འཇིགས། རྒ་བས་མི་འཇིགས། ནད་ཀྱིས་མི་འཇིགས། འཆི་བས་མི་འཇིགས། ཇི་ལྟར་སྲོག་ཆགས་གཉིས་འཐབ ་པོ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཕན་ཚུན་འཐབ་བོ། ། དེ་ནས་འཆི་བའི་དུས་ན་སྐྱེས་བུ་དགེ་བ་རྣམས་ཀྱིས་སྨྲས་པ། སྐྱེས་བུ་ཁྱོད་ཅི་ཞིག་ལ་ཡིད་སྟོན་ཁྱོད་ཀྱིས་ཉེས་པ་ཅུང་ཟད་ཀྱང་མ་མཐོང ་ངམ། སྐྱེ་བའི་ཉེས་པ་མ་མཐོང་དམ། རྒན་པ་དང་ན་བའི་ཉེས་པ་མ་མཐོང་དམ། འཆི་བའི་ཉེས་པ་མ་མཐོང་དམ། སྨྲས་པ། ཚེ་དང་ལྡན་པ་བདག་གིས་སྐྱེ་བའི་ཉེས་པ་ཡང་མཐོང་ངོ་།། རྒ་བ་དང་ན་བའི་ཉེས་པ་ཡང་མཐོང ་ངོ། ཐམས་ཅད་ཀྱི་ཐ་མར་འཆི་བའི་ཉེས་པ་ཡང་མཐོང་ངོ་།། སྨྲས་པ། ཅིའི་ཕྱིར་གང་དགེ་བའི་རྩ་བ་རྣམས་ཀྱི་བྱ་བ་མ་བྱས། ཅིའི་ཕྱིར་འཇིག་རྟེན་གཉིས་གར་བདེ་བ་འཕེལ་བའི་ཆོས་ཀྱི་ཕུང་པོ་དགེ་བའི་རྩ་བ ་རྣམས་མ་བྱས། གྲོགས་པོ་དག་གཉིས་སུ་ཡང་དྲིའོ།། ཁྱོད་ཅིའི་ཕྱིར་གང་སྐྱེ་བ་དང་། འཆི་བ་ལས་ཡོངས་སུ་ཐར་པའི་དགེ་བའི་ཚོགས་མ་བྱས། ཁྱོད་ཀྱི་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་བརྟག་པ ་མ་བྱས། ཇི་ལྟར་ཁྱེད་ཀྱིས་ས་ལ་འགན་དེ་རྡུང་པའི་སྒྲ་མ་ཐོས། དེ་བཞིན་གཤེགས་པའི་ཞིང་ལ་དགེ་བའི་ས་བོན་སྤུན་ཅིང་སྤོས་སམ། ཕྲེང་བ་འམ། མར་མེ་སྦྱིན་པ་བྱིན་པ་མ་མཐོང་། དེ་བཞིན་གཤེགས་པ་ལ ་བཟའ་བ་དང་། བཅའ་བ་འབུལ་བ་དང་། འཁོར་བཞི་ཚིམ་པར་བྱས་པ་ཡང་མ་མཐོང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བསྟན་པ་ལ་མངོན་པར་དད་པ་དེ་དག་ནི་འཁོར་བཞིའོ།། ་ལྟར་དེ་ལ་ཕན་པའི་ཕྱིར་སྨྲས་ཏེ་བསྙད་པ་དང་། ལྷ་ཅུང་ཟད་ཀྱང་མ་བགྱིས་སོ།། མི་ཁྱོད་ཀྱིས་ནི་འཛམ་བུའི་གླིང་དུ་འོངས་ནས་མི་དགེ་བ་བྱས་སོ།། དེའི་ཚེ་མི་ཤི་བ་དེ་ལ་ཆོས་ཀྱི་རྒྱལ་པོས་རྗེས་སུ ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་པ་འབྱུང་མཐོང་ཞིང་།། 2ཀན་འདི་རྡུང་བ་ཐོབ་གྱུར་ལ།། མྱ་ངན་འདས་པ་ཞིར་འགྲོ་བའི།། ཆོས་བསྟན་ཐོས་ཀྱང་མ་བྱས་སོ།། དེན ་མི་དེས་སླར་སྨྲས་པ། བདག་ནི་བྱིས་པའི་བློར་གྱུར་ཏེ། སྡིག་པའི་གྲོགས་ཀྱི་དབང་སོང་ནས།། འདོད་པའི་འཁྲུལ་བའི་སེམས་ཀྱིས་སུ།། བདག་གིས་སྡིག་པའི་ལས་བྱས་སོ།། འདོད་པ་དག་ཀྱང ་བསྟེན་པ་དང་། བདག་གིས་སྲོག་ཆགས་རྣམས་ཀྱིང་བསད།། དགེ་འདུན་རྣམས་ཀྱང་ཆུད་གསན་པས།། མི་བཟད་དེའི་འབྲས་བུའོ།། གནོད་པར་སེམས་པའི་ཡིད་ཀྱིས་སུ།། བདག་གིས་མཆོད་རྟེན་གཤིག་པ་བྱས། ་ཚིག་དོན་རྣམས་ཀྱ་རབ་ཏུ་སྨྲས།། བདག་གི་མ་ཡང་གདུང་བར་བྱས།། བདག་གི་ལུས་ཀྱིས་གང་བྱས་པ། ཉེས་པ་དག་ཀྱང་རབ་ཏུ་ཤེས།། སེམས་དམྱལ་ཆེན་པོ་དུ་འབོད་དུ།། ཤིན་ཏུ་མི་བཟད་སྐྱེབ་མཐོང་།། བསྡུས་གཞོམ་དུ་ཡང ་ཚེར་བ་མྱོང་། ། དེ་བཞིན་རབ་ཏུ་ཚ་བ་དང་།། མནར་མེད་ཆེན་པོ་མི་བཟད་པར།། ཚེར་བ་རྗེས་སུ་མྱོང་བར་འགྱུར།། པད་མ་ལྟ་བུར་ཆེར་གས་པའི།། སེམས་ཅན་དམྱལ་བར་སྡུག་བསྔལ་དུ།། ཐིག་ནག་བཏབ་པ་འཇིགས་ཆེན་དུ།། ལན ་བརྒྱ་བར་དུ་སྐྱེ་བར་འགྱུར། ། སེམས་དམྱལ་སེམས་ཅན་བསད་ནས་སུ།། ཕྱིས་ཀྱང་འཇིགས་པ་དེ་མཐོང་སྟེ།། དཔག་ཚད་བརྒྱར་ནི་ཡང་དང་ཡང་།། འཇིགས་པ་ཆེན་པོར་ལྟུང་བར་འགྱུར།། དེ་དག་སྒོ་རྙེད་མི་འགྱུར་ཏེ།། བྱིས ་ཀྱང་མུན་པར་རབ་ཏུ་ལྟུང་། ། སྤུ་གྲི་ཞེས་བྱ་སེམས་དམྱལ་དུ།། སྤུ་གྲི་སྟོང་ཡང་འབྱུང་བར་འགྱུར།། བྱ་བ་སྟོང་ཕྲག་བརྒྱ་རྣམས་ཀྱི།། སྤུ་གྲི་མདུན་དུ་འབྱུང་འགྱུར་ཏེ།། བདག་གིས་ཉེས་པའི་ལས་བྱས་པས།། དེ་དག་གིས་ནི་དེ་ལུས ་གཏུབས། ། རླུང་འཁྲུགས་ཆེན་པོ་མི་བཟད་པས།། ལུས་དེ་ཐམས་ཅད་འཇིག་པར་བྱེད།། རྟག་ཏུ་འདི་འདྲའི་སེམས་དམྱལ་དུ།། བདག་གིས་སྡུག་བསྔལ་མྱོང་བར་འགྱུར།། ལུས་ནི་རབ་ཏུ་སྡུག་བསྔལ་བར།། སེམས་ཅན་ཀུན་གྱིས་བདག ་མཐོང་ངོ་། ། ཁྱིམ་མོ་བྱ་ཕྱིར་གཞན་དག་གི། ནོར་ཡང་རབ་ཏུ་བདག་གིས་བླངས།། བདག་གི་བུ་པོ་བུ་མོ་དང་།། དེ་བཞིན་ཕྲན་སྲིང་མོ་དང་།། བདག་གི་ཕ་མའང་དེ་བཞིན་ཏེ།། མཛའ་བོ་གཉེན་གཤས་མང་པོ་དང་།། བྲན་དང་ལས་བྱེད ་རྣམས་དང་ནི། ། དེ་བཞིན་པ་དང་ཕྱུགས་དང་གཡོག། དགོས་པ་ངན་ལ་བདག་འཁྲུལ་ཏེ།། གསེར་དང་དངུལ་གྱི་སྣོད་རྣམས་དང་།། དེ་བཞིན་རབ་པྲ་གོས་རྣམས་དང་།། ཁྱིམ་བྱེད་པ་ཅུག་པས་འཁྱལ་བ་སྟེ།། ཁྱིམ་ཡང་ཤིན་ཏུ ་བཀྲ་བྱས་ནས། ། སྐྱེས་པ་བུད་མེད་ལང་ལོང་དང་།། བི་བང་སིལ་སྙན་འཁྲོལ་བ་ལ།། བདག་ཡིད་མདུལ་དགའ་བར་གྱུར།། སྤོས་ཆུ་དག་གིས་ལུས་བཀྲུས་ཀྱང་།། ད་དུང་བྱས་པ་གཟོ་བ་མེད།། ལུས་ཁྱོད་སེམས་པ་མེད་པ་སྟེ།། ང་ནི་ཁྱོད་ཀྱི ་ཆེད་ལ་འཁྲུལ། ། ཕྱིན་ཆད་སེམས་ཅན་འགའ་ཙམ་ཡང་།། བདག་ལ་སྐྱོབ་པར་འགྱུར་བ་མེད།། རླུང་འཁྲུག་ཆེན་པོ་མི་བཟད་པར།། ལུས་ནི་ཡོངས་སུ་གདུང་བ་ན།། རོ་དང་ལྡན་པ་ཞིམ་ཟོས་ཏེ།། ལྕེས་ཀྱང་སྣ་ཚེགས་དེ་བཞིན་ནོ།། ཕྲེང ་བསྣ་ཚོགས་བཟང་མཛེས་པ། ། རབ་ཏུ་མང་པོ་མགོ་ལ་བཅིངས།། མིག་ནི་གཟུགས་ཀྱིས་འཁྲུལ་བྱས་ཏེ།། མིག་གི་སྐྱབས་ནི་ཡོད་མ་ཡིན།། བདག་གིས་མཐོང་ནས་གང་བྱས་པ།། སྡིག་པའི་རྣམས་ནི་མིག་གི་རྒྱུ།། ལག་པ ་རྡོ་རྗེས་བཅད་པ་ནི། ། བདག་གི་རྣ་བའི་རྒྱུ་ཡིན་ནོ།། ལག་པ་གཉིས་ལ་གདུ་བུ་བཏགས།། སོར་མོ་རྣམས་ལ་སོར་གདུབ་བཅུག། མགུལ་དུ་མུ་ཏིག་སེ་མོ་དོ།། རྐང་པ་གཉིས་ཀྱང་རབ་ཏུ་བརྒྱན།། དེ་ལ་དྲ་བ་བྱས་པ་དང་།། དེ་ལ་གསེར་ཡང ་གནས་པར་བྱས། ། ལུས་ལ་རིན་ཆེན་སྣ་ཚོགས་དང་། གསེར་གྱི་གདུ་བུའང་དེ་བཞིན་ནོ།། ལོངས་སྤྱོད་ཆེན་པོས་རབརྩེས་ནས།། ཡིད་ཀྱང་ཤིན་དུ་རྟས་པར་གྱུར།། རབ་ཏུ་འཇམ་ལ་བདག་རེག་ནས།། ཤིན་དུ་སྲེད་པས་དེ་བསྟན་ཏོ།། ་གདིང་བ་སྣ་ཚོགས་མལ་ཆ་ཡིས། བདག་གིས་ལུས་ནི་རྩེར་བཅུག་གོ།། སྤོས་ཆུ་བཟང་པོས་ཁྲུས་བྱས་ཏེ།། སྤོས་རྣཾས་ཀྱིས་ཀྱང་རབ་ཏུ་སྐུས།། ལྷ་རྫས་ག་བུར་ཙན་དན་གྱི།། བདུག་པ་རྣམས་ཀྱིས་རབ་ཏུ་བདུགས།། ཁ་དོག་བཟང ་བོ་བྱས་ནས་ཀྱང་། ། གླ་རྩི་ལྡན་པས་རབ་ཏུ་བསྒོས།། ལོ་ལོན་འབྲུ་མར་དྲི་དག་དང་།། སྣ་མ་ཙམ་པ་ཀ་ལས་སོགས།། བསྐུས་ནས་པྲ་མོ་ཀ་ཤི་ཀ། དཀར་པོའི་གོས་ཀྱང་རབ་ཏུ་བགོས།། གླང་པོའི་རྒྱབ་ནས་བབས་ནས་སུ།། ཏ་ཡེ་རྒྱབ་ཏུ ་མངོན་པར་ཞོན། ། བདག་ནི་རྒྱལ་པོ་ཡིན་སྙམ་སེམས།། སྐྱེ་བོ་བདག་གི་མདུན་ན་རྒྱུག། གླུ་གར་ཤིན་ཏུ་བསླབས་པ་ཡི།། སྲས་རྣམས་ཀྱང་ནི་རབ་ཏུ་ཤེས།། རི་དགས་རྣམས་ནི་མཉེས་པར།། བདག་གི་མངས་ཀྱང་རི་དགས ་གསང་། འཇིག་རྟེན་ཕྱི་མ་པ་ཤེས་པས།། བདག་གིས་འདི་འབྲའི་སྡིག་བྱས་ཤིང་།། བདག་གིས་གཞན་གྱི་ཤ་ཟོས་པས།། དེ་ཕྱིར་བདག་གི་སྡུག་བསྔལ་འདི།། མི་བཟད་འོང་བར་འགྱུར་བ་ཡི།། འཆི་བ་བདག་གིས་མི་ཤེས་ཏེ། ་བདག་ནི་བྱིས་པའི་བློར་གྱུར་པས།། བདག་གི་ལུས་ཀྱང་གསོ་བ་བྱས།། དེང་ནི་བདག་ལ་འཆི་འོང་ན།། སྐྱབས་བྱེད་པ་ནི་སུ་ཡང་མེད།། གཉེན་རྣམས་ཁྱེད་ཅག་ཐམས་ཅད་ཀྱང་། ང་ཡི་གདོང་དུ་བལྟར་ཅི་ཡོད།། ཅི་ཞིག་ཕྱིར། ་ནི་གོས་འདྲལ་ཞིང་།། ཅི་ཕྱིར་ངུ་ཞིང་སྨྲེ་སྔགས་འདོན།། ཅི་ཕྱིར་སྒྲ་རྣམས་རབ་འཇིག་ཅིང་།། ཅི་ཕྱིར་ཁྲག་ཀྱང་འབྱིན་པར་བྱེད།། ཅི་ཕྱིར་མགོ་ལ་རྡུལ་འཐོར་ཞིང་།། ཟང་ཡང་རབ་ཏུ་རྡུང་བར་བྱེད།། བདག་གསོན་ཆེན་སྡིག་པ ་རྣམས། ། སྤང་བར་བྱ་རིགས་ཁྱེད་ཅི་མདུད།། བདག་གི་ལུས་ནི་སྤྱང་གི་དང་། ཁྱི་དང་བྱ་རོག་རྣམས་དང་ནི།། བྱ་རྣམས་ཀྱིས་ཀྱང་བཟའ་བར་འགྱུར།། ལུས་འདི་དགོས་པ་མེད་པར་གསོས།། འཆི་བའི་སྤྲུལ་དང་ལྡན་གྱུར་ནས།། ་མི་ནི་རྟག་ཏུ་སྐྱེ་བར་འགྱུར།། འཇིགས་པ་འདི་ལས་གྲོལ་འགྱུར་བ།། དེ་ལྟ་བུ་ཡི་སྨན་རྣམས་བསྙེན།། བདག་ལ་སྨན་པས་གང་བྱིན་པའི།། སྨན་དེ་དགོས་པ་མ་ཡིན་ན།། ཉོན་མོངས་སྤྲུལ་ལས་ཐར་བྱེད་པ།། ད་ལྟར་ཚེས ་ཀྱི་སྨན་རྣམས་ནི། ། འཆི་ཀར་བདག་ལ་སྦྱིན་པར་བྱོས།། ཤ་ནི་དེ་ལ་མ་སྦྱིན་ཅིག། ལུས་འདི་གསོ་བ་བྱས་ཀྱང་ནི།། གདོན་མི་ཟ་བར་འཇིག་པར་འགྱུར།། གང་ཕྱིར་སྡུག་བསྔལ་སྦྱིན་གྱུར་པ།། སྡིག་གི་ཕུང་པོ་ཅི་ཕྱིར་བླངས།། ་ལུས་འདི་ཤིན་ཏུ་གསོས་བྱས་ཀྱང་།། བྱས་པ་མ་རུང་བྱེད་པར་འགྱུར།། བུ་དང་བུ་མོ་ཅི་ཞིག་ཕྱིར།། ངལ་མིག་གིས་ལྟ་བར་བྱེད།། ན་བ་འདི་ལས་ད་སྐྱོབས་ཤིག། དོན་མེད་པར་ནི་ཅི་ཕྱིར་དུ།། བུ་དང་བུ་མོ་བྱེད་ཅག་། ་དེ་ནི་མ་རུང་མ་བྱེད་ཅིག། ཁྱེད་ཅག་གསོ་བར་བྱ་བའི་ཕྱིར།། དེས་ནི་གཞན་གྱི་ནོར་ཡང་ཕྲོགས།། དེ་ནི་འཆི་དུས་བབ་པ་ན།། དེ་ཐག་ཆད་ཀྱིས་ཅི་ཞིག་བྱེད།། སྐྱེ་དང་ངན་འགྲོས་རབ་ཏུ་འཇིགས།། འཆིབས་ཀྱང་ནི་ཡ ་སུ་གཟིར། ཚོར་བ་འདུ་ཤེས་འདུ་བྱེད་དང་།། རེག་པ་ཤིན་དུ་ཚོར་བའོ།། སྲེད་པས་བྱིས་པ་རྣམ་ཀྱང་འབྱམ།། མི་བཟད་འབྲས་བུ་རྣམས་ཀྱང་ཐོབ།། ངན་པའི་རིགས་སུ་སྐྱེ་བ་ནི།། དེར་ཡང་མྱ་ངན་བཅིངས་པར་འགྱུར།། བདག་ལ་བསོད ་ནམས་ཆུང་ཤེས་ནས། ། སྐྱེ་བོ་གཞན་དག་མྱ་ངན་བྱེད།། སྦྱིན་དང་ཚུལ་ཁྲིམས་ཡོངས་སུ་ཉམས།། ཆོས་ལ་ཡང་ནི་རྒྱབ་ཀྱིས་ཕྱོགས།། ཡང་སྐྱེ་བ་ནི་མི་ཤེས་པས།། ཉོན་མོངས་སྦྲུལ་གྱིས་ཉོན་མོངས་གས་རིག་པས་ནི་བྱིས་པ་རྣམས།། ་གང་ན་ཐར་པ་མེད་པར་འབྱ།། ཐར་པའི་དོན་ནི་མི་ཤེས་ནས།། འཁྲུལ་པས་སྡིག་པ་རྣམས་ཀྱང་བྱེད།། ཉོན་མོངས་རྣམས་ཀྱིས་བྱིས་པ་འཁྱམ།། ཡིད་ནི་རྟག་ཏུ་རྣམ་པར་འཁྲུགས།། བཅིང་བ་སྣ་ཚོགས་ལྡན་ལུས་ལ།། མེས་ནི་ཀུན་དུ་འབར་ཤིང ་ཚིག། གང་ན་བདེ་བ་མེད་པ་དེར།། ལུས་ནི་རྣམ་པར་འཁྲུལ་པས་འབྱམ།། གང་ལས་ཤིན་དུ་བདེ་འབྱུང་བ།། བདེ་བ་དེ་ནི་མི་ཤེས་ཏེ།། སངས་རྒྱས་ཞིང་ནི་བདེ་བ་སྦྱིན།། ཆོས་ཀྱི་འཁོར་ལོ་སྨན་གྱི་མཆོག། ཚུལ་ཁྲིམས་བདེན་པའི་ཚུལ་ཁྲིམས་སོ།། ་དེ་བཞིན་གཤེགས་པའི་ཚངས་དབྱངས་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་དག་འཆི་བའི་དུས་ཀྱི་ཚེ།། དེ་ལྟར་སྨྲེ་སྔགས་འདོན ་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་གཏོགས་པར་དེ་དག་གི་སྐྱོབ་པར་འགྱུར་བ་ས་ཡང་མེད་དོ་ཞེས་བཀའ་དེ་སྐད་སྩལ་ནས་ཚིགས་སུ་བཅད་པ་འདི་དག་ཀྱང་གསུངས་སོ། ། སྡིག་པའི་ལས་ནི་བྱིས་པས་ན། སེམྲ ་ཅན་དམྱལ་བ་རྣམས་སུ་ལྟུང་། ། སྲེག་པའི་གོས་ནི་གྱོན་པར་འགྱུར།། སྐམ་དུ་ལྕགས་ཁུ་འཐུང་བར་འགྱུར།། ལུས་རྣམས་ལ་ནི་མེ་མདགའ་བབ།། ཚིག་ནས་རབ་ཏུ་མི་བཟད་དུ།། སེམས་ཅན་དམྱལ་བ་འཇིགས་ཆེན་དུ།། དེ་ཡི ་ལུས་ནི་རབ་ཏུ་འཚིག། བདེ་བ་དག་ནི་མི་ཤེས་ཤིང་།། ཆོས་ཀྱང་རྣམ་པར་མི་ཤེས་ཏེ།། ཆོས་མ་ཡིན་པས་བྱིས་པ་འབྱམ།། བདེ་བ་བ་ཅུང་ཟད་རྙེད་མི་འགྱུར།། དད་དང་ཚུལ་བྲིམས་ཕུན་སུམ་ཚོགས།། ཤེས་རབ་ལྡན་ཞིང་དཀའ་གྲུབ ་ཆེ། དགེ་བའི་བཤེས་གཉེན་བསྟན་པ་ནི།། དེ་བཞིན་གཤེགས་པར་མྱུར་དུ་འགྱུར།། འཇིག་རྟེན་སངས་རྒྱས་འབྱུང་བའི་ཕྱིར།། བརྩོན་འགྲུས་ཀྱི་ནི་མཆོག་རྩོམས་ལ།། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ།། དགེ་བའི་ལས ་གྱིས་ཆོས་སྟོན་ཅིག། བྱམས་པའི་སེམས་དང་དེ་བཞིན་དུ།། ཚངས་སྤྱད་མཆོག་ལ་སྙོམས་པར་ཞུགས།། སྨན་སྡེ་དེ་སྐད་ཐོས་ནས་ཀྱང་།། མཆོག་ཏུ་བསྒྲུབ་པར་འགྱུར་བར་བྱ།། རྣམ་གྲོལ་མཐོང་དང་སངས་རྒྱས་དང་། སྒྲུབ་སྒྲགས་རྣམ ་པར་འདྲེན་པ་དང་། འཇིག་རྟེན་གྱི་ནི་ཕ་མ་དང་།། དེ་ནི་བྱང་ཆུབ་སེམས་ཤེས་བྱ།། འཇིག་རྟེན་དུ་ནི་ཆོས་འདི་གང་སྟོན་པ།། དགེ་བའི་གཤེས་གཉེན་མཆོག་ཏུ་རབ་རྙེད་དཀལ། སངས་རྒྱས་བསྟན་ལ་གང་དག་གུས་ཉན་པ།། དེ་དག་བླ་མ།། ་སངས་རྒྱས་བདེ་གཤེགས་འགྱུར།། ཞི་བ་སངས་རྒྱས་སྲས་རྣམས་ལ།། གང་དག་གུས་དང་བཅས་འགྱུར་བ།། དེ་དག་ཀྱང་ནི་སེམས་ཅན་ཀུན།། ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅིའི་སླད་དུ་དོགས་འདི་གཡོ་རབ་ཏུ་གཡོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྨན་གྱི་སྡེ་ཅི་མཐོང་བལྟོས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བལྟས་པ་དང་ཕྱོགས་བཞི་ན་ས་གས་པ་མཐོང་ངོ་།། སོགས་པས་སོགས་པའི་ཕྲག ་ནམ་མི་བྱེ་བ་ཕྲག་ཉི་ཤུ་ཟུང་བ་དང་། འོགག་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་།། སེང་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་རྩ་ཝ་བྱུང་བ་མཐོང་ངོ་།། དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་རྣམ་པར་བལྟས་ནས ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདིར་སུ་དག་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་སྐྱེ་བོའི་ཚོགས་འདི་དག་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟ་ཆགས་འདིད་དགན་ཀྱད་ལ་བང་པའི་གྱུར་བྱས་སོ།། གས་ལ་པ། སེམས་ཅན་འདི་དག་ཀྱང་འགྲམ་པར་འགྱུར་དག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གཟུགས་པ་དག་དཔའ ་ཏེ། སེམས་ཅན་ཐམས་ཅད་ཀྱང་འཆི་བར་འགྱུར་རོ།། དེ་ནས་སེམས་ཅན་གཞོན་ནུ་སྔ་མ་གང་དག་ཐོག་མ་ཉིད་དུ་སྐྱེས་པ་དེ་དག་གིས་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འ ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ནམ་ཡང་སྐྱེ་བ་དང་འགུམ་པ་ལ་ལྟ་བར་མི་སྤྲོའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་བརྩོན་འགྲུས་ཀྱི་སྟོབས་རྙེད་པར་སྤྲོའམ།། དེ་དག་གིས་གསོལ་པ། དེ ་བཞིན་གཤེགས་པ་མངོན་སུམ་དུ་བལྟ་བར་བགྱིའོ། ། དེ་ནས་ཆོས་གང་མཉན་པ་ཞུས་ཏེ་ཡིད་དུ་འོང་བ་མཉན་པར་བགྱིའོ།། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འདུས་པ་ལ་བལྟ་བར་བགྱིའོ།། བྱང་ཆུབ་སེམས་དཔའ ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ལ་བལྟ་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ལྟ་བུ་ལ་སྤྲོའི་སྐྱེ་བ་དང་མགུམ་པ་ལ་ནི་ལྟ་བར་མི་སྤྲོའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དང་ལྷག་ཅིག་ཏུ་སྟན་ལས་ལངས་ནས་དེ་དག་ཐམས་ཅད་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལ་འགྲོ་ཞིང་དཀྱིལ་མོ་དཀྲུང་བཅས་ནས་བསམ་གཏན་བྱེད་དེ། དེ་དག་ཐམས་ཅད་ཀྱི་ལུས་ལས ་སེང་གེ་རྣམས་ཟུང་ངོ་། ། སྟག་རྣམས་བྱུང་ངོ་།། སྦྲུལ་རྣམས་བྱུང་ངོ་།། གླང་པོ་རྣམས་བྱུང་ངོ་།། རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་སྟོན་ཏོ།། རི་ལ་ཡང་དཀྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ།། སྟང་དུ་དཔག་རད་ཉི་ཝ་སྲིད་དུ། ་འགྲོའོ།། ཟླ་བ་དང་ཉི་མ་བྱེ་བ་སྟོང་ཕྲག་བཅུ་ཡང་འབབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་སེམས་ཅན་གཞོན་ནུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་ཟེར་ཆེན་པོ་གདའ་བ་དང་། ་རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཟླ་བ་དང་། ཉི་མ་བྱུང་བ་འདི་ལ་ལྟོས། དེ་དག ་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་བྱང་ཆུབ་སེམས་དཔའ་རང་གི་ལུས་ལས་འོད་ཟེར་སྣང་བ་དང་། རྫུ་འཕྲུལ ་དང་། ཆོ་འཕྲུལ་བསྟེན་པ་སྟེ་བསྟན་ནས་ཀྱང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚིགས་ཆེན་པོ་དང་། ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི ་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་འདིར་མིའི་ལུས་དང་། སྟོབས་དང་། བརྩོན་འགྲུས་བསྟན་ནས་འདི་འདྲ་བའི་སྟོབས་ཉེ་བར་སྟོན་ཏོ།། གསོལ་བ་བཅོམ་ལྡན་འདས་འོད་ཟེར་སྣང་བ་འབྱུང་བར་བགྱི་བའི་སླད ་དུ་ཆོས་བསྟན་དུ་གསོལ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཁྱོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ ་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་པ་མཐོང་ངམ། ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། དེས་འདི་སྙམ་བསམས་ཏེ། གང་བདག་གིས་དེ་བཞིན་གཤེགས ་པ་ལ་དོན་དེ་ཞུའོ། ། སྙམ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས། ཁྱོད་ཀྱི་སེམས་རངས་པར་བྱའོ།། བསྟན་པར ་བྱའོ། ། རྣམ་པར་དབྱེ་བར་བྱའོ།། སྨན་གྱི་སྡེ་གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་ཀྱི་དེ་ཐམས་ཅད་བསྟན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ཐེ་ཙོམ་བསལ་བའི་སླད་དུ་བསྟན་དུ་གསོལ། ་བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ལྷའི་བུ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་བསྐོར་བ་དང་། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས ་ཀྱིས་བསྐོར་བ་དང་། འབྱུང་པོ་བྱེ་བ་སྟོང་ཕྲག་བཅཝ་བརྒྱད་ཀྱིས་བསྐོར་བ་དང་། ཡི་དགས་དང་ཤ་ཟ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔས་བསྐོར་བ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སེམས ་ཅན་འདི་དག་ནི་ཆོས་ཉན་པའི་ཕྱིར་འཁོར་འདིར་ངའི་གན་དུ་འདུས་ཤིང་འཁོད་གོར་མ་ཆག་སྟེ། སྨན་གྱི་སྡེ་འདི་དག་ནི་དེང་ཁོ་ནར་འཁོད་པ་བསྙིལ་བར་འགྱུར་རོ།། སེམས་ཅན་ཐམས་ཅན་ལ་ཕན་པ་དང་འདོད་པས་དང ་ཉིད་མ་བཅུ་རབ་ཏུ་འཐོབ་པར་འགྱུར་རོ། ། ས་བཅུ་ལ་རབ་ཏུ་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་རྗེས་སུ་འཐོབ་པར་འགྱུར་རོ།། ན་དང་འཆི་ལས་ཐར་བྱའི་ཕྱིར།། ལས་བྱས་བདེ་བ་ཐོབ་བྱེད་ཅིང་།། ཉོན་མོངས་ནས ་པ་ཕམ་བྱས་ནས། ། སངས་རྒྱས་བསྟན་པ་འཐོབ་པར་འགྱུར།། གསོལ་བ་བཅོམ་ལྡན་འདས་སེམས་ཅན་གྱི་གནས་མང་པོ་ལས་སྣ་ཚོགས་ཀྱིས་བྱུང་བའི་འདི་ཅིའི་སླད་དུ་བཅོམ་ལྡན་འདས་ལ་བསྐོར་ཅིང་གནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། སེམས་ཅན་རྨོངས་པ་མི་ཤེས་པ།། ཐར་པར་འགྱུར་བ་ག་ལ་ཡོད།། སེམས་ཅན་གཞོན་ནུ་མང་པོ་དག། དེ་རིང་གཟུགས་རྣམས་ཐོབ་པར་འགྱུར།། ས ་བཅུ་དག་ནི་འཐོབ་པའི་ཕྱིར། ། ཆོས་ཀུན་རབ་ཏུ་ཤེས་པར་འགྱུར།། ས་བཅུ་དག་ཀྱང་འཐོབ་པར་འགྱུར།། སངས་རྒྱས་བྱ་བ་བྱེད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར།། ཆོས་ཆར་རབ་ཏུ་འབེབས་པར ་འགྱུར། དེ་ལྟར་སེམས་ཅན་འདུས་པས་ན།། ད་ཡི་བསྟན་པ་དགའ་བའོ།། ལྷ་དང་ཀླ་དང་ཡི་དགས་དང་།། ལྷ་མིན་ཤིན་ཏུ་མི་བཟང་བ། ས་བཅུ་ལ་ནི་རབ་གནས་ཏེ།། ཆོས་ཀྱི་སྒོ་ཡང་སྒྲོགས་པར་འགྱུར།། ཆོས་ཀྱི་རྔ་ཡང ་རྡུང་བར་འགྱུརཆོས་ཀྱི་དྲང་ཡང་རབ་ཏུ་འབྲང། ། སེམས་ཅན་གཞོན་ནུ་འདི་དག་ཀྱང་བརྩོན་འགྲུས་མཐུ་དང་ལྡན་པར་འགྱུར།། དེ་བཞིན་གཤེགས་པས་ཐོས་པ་བཞིན།། དེ་དག་དེང་ནི་ཆོས་ཐོབ་འགྱུར།། དེ་ནས ་སེམས་ཅན་གཞོན་ནུ་ལྔ་སྟོང་ཙམ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཕྱིར་མཐའ་ནི་མ་འཚལ་བ།། འཁོར་བ་ནན ་འཆི་བ་སྟེ། ། ལུས་ནི་ཁུར་ལྕི་བཅོམ་ལྡན་འདས།། འཇིགས་པ་ཆེན་པོ་མི་བཟད་པ།། ལམ་ནི་རྣམ་པར་མ་འཚལ་ཏེ།། ལམ་ཉིད་ཀྱང་ནི་མི་གདའ་བས།། མགོན་པོ་བདག་ཅག་ལྗོངས་གྱུར་ན།། བདག་ཅག་རྣམས་ནི་བསྡུ་བར་གསོ ་དཔའ་ལ་བདག་ཅག་གསོལ་བ་འཚལ། ། འདྲེན་པས་ཆོས་ནི་བཤད་དུ་གསོལ།། བདག་ཅག་ཤེས་རབ་ཆུ་ངུར་སྐྱེས།། བདེ་བ་མངོན་པར་མ་འཚལ་ཏོ།། བདག་ཅག་ལ་ནི་ཆོས་བཤད་གསོལ།། སྡུག་བསྔལ་མི་བཟད་གྲོལ་བར ་མཛོད། གང་དང་གང་དུ་སྐྱེས་པར་ཡང་།། བདག་ཅག་སངས་རྒྱས་མཐོང་གྱུར་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད ་ཅེས་སྨྲས་སོ། ། ཁྱེད་ཅགརྣམས་ནི་ཟས་ཐོགས། རྦང་དུ་བྱུང་བའི་རོ་ཡང་མཐུང་།། ཇིགས་པ་མེད་པར་བྱུར་ནས་སུ།། བྱིས་གདང་འཇིགས་མེད་ཀྱིས་ཉོན་ཅིག་རྫས་ག་བཙུན་པ་གནས་གན་ཁྱོད་དུ་ག། དག་ཅག ་ཀྱིས་གྱིད་པ་ཤེས། ཁྱོད། རབ་ཏུ་མཛེས་པར་མཐོད།། གཟུགས་ནི་འི། གྲགས་པའོ།། མི་དགས་འཇིག་རྟེན་འདགས་ཅན་དང་། སེམས་དཔའ་དུན་འཐོན་པསམས་པང། ཇི་སར་ཐོ་མ་ས ་བ་ཐམས་ཅད་ནི། ། ཁྱོད་ཀྱི་ལག་ན་ནོད་ཡོད་པ།། རིན་ཆེན་སྣ་བདུན་ལྡན་པ་དང་།། ལུས་ལ་རིན་ཆེན་སྲང་ཐ་དང་། གཟི་བརྗིད་ཕྲང་པོས་བརྒྱན་པ་མཐོང་།། བཁྱོད་ཀྱིས་ཚིག་སྨྲས་པ།། བདག་ཅག་ལན་རྣཾམམ་ཀྱི ་བདག་ཅག་ནི་ཟས་རྣམས་དང་། ། ཞིམ་པོའི་སྐོམ་ཡང་མི་དགོས་ཏེ།། ཟས་ལས་བཤད་པ་འབྱུང་བར་འགྱུར།། དེ་བཞིན་སྐེམ་ཡང་གཅིན་དུ་འགྱུར།། ཁུ་བ་རྣམས་ལས་ཁྲག་ཏུ་འགྱུར།། དེ་བཞིན་ཁྲག་ལས་ཤར་འགྱུར་བས ་ཟས་དང་སྐོམ་རབ་སྦྱར་བ་ཡང་། ། བདག་ཅག་རྣམས་ལ་དགོས་མ་ཡིན།། དར་དང་སྣམ་བུ་སྦྱར་བ་དང་།། ཕྲ་མོ་གོས་ཀྱང་དགོས་པ་མེད།། གསེར་གྱི་གདུ་བུ་མི་དགོས་ཏེ།། མུ་ཏིག་ཕྲེང་བ་དགོས་མ་ཡིན།། སོར་གདུ ་དག་ཀྱང་མི་དགས་ཏེ། ། དེ་ཀུན་པ་རྟག་ཆོས་ཅན་ནོ།། བདག་ཅག་ངན་པར་འགྲོ་རྣམས་སུ།། འགྲོ་བར་མི་འབྲུར་སྲོག་ཚོལ་ལོ།། ལྷན་པས་ཀྱི་ནི་བདེ་བ་དང་།། ཆོས་ཀྱི་སྦྱིན་པ་དོན་དུ་གཉེར།། དགེ་བའི་བཤེས་གཉེན་རྣམས་དགོས་ཏེ། ་འཁོར་ལོས་སྒྱུར་རྒྱལ་མ་ཡིན་ནོ།། རབ་ཏུ་བཟང་བའི་གླིང་བོར་ནས།། འཁོར་ལོས་སྒྱུར་བ་འཆི་བར་འགྱུར།། བུ་ཡང་ཕྱི་བཞིན་མི་འབྲང་སྟེ།། ཆུང་མ་བུ་མོ་རྣམས་ཀྱང་མིན།། རིན་ཆེན་སྣ་བདུན་ཕྱིན་ལས།། ཕྱི་བཞིན་འབྲང ་བ་མ་ཡིན་ནོ། ། སྐྱེ་བོ་མེད་པོ་བསྡུས་པ་ཡང།། ཕྱི་བཞིན་འགྲོ་བ་མ་ཡིན་ཏེ།། མདུན་དུ་རླིག་པ་འདམ་ཡིན་ནོ།། དེ་ལྟར་ཕྱིན་ཅད་མི་འགྱུར་རོ།། ཚེ་གཅིག་གི་ནི་རྒྱལ་པོ་ལས།། མི་རྟག་པས་ནི་འཁྱམ་འགྱུར་ཏེ།། སྡིག་པའི་ལས་རྣམས། ་མར་བྱས་པས།། དེ་དག་སེམས་དམྱལ་དུ་འབོད་ལྟུང་།། རིན་ཆེན་སྣ་བདུན་རྫུ་འཕྲུལ་ཆེས།། ཕྱོགས་བཞི་ཀུན་དུ་བསྐོར་བ་ལས།། གང་ཚེ་རུ་འབོད་སྨིན་པའི་ཚེ།། རྫུ་འཕྲུལ་དེ་ནི་གང་དུ་སོང།། ས་གང་དག་ན་ཡོད་མིན་པ།། ཤི་ནས་རྫུ ་འཕྲུལ་བྱེད་མི་ནུས། ། གནས་བརྟན་བདག་ཅག་རྣམས་ལ་གསོན།། གད་ན་དེ་བཞིན་གཤེགས་པར་བཞུད།། པ་དང་མ་ནི་ཇི་ལྟ་བར།། དེ་ནི་མཐོང་བར་རབ་ཏུ་འདོད།། བདག་ཅག་ལ་ནི་མ་ཡང་མེད། པ་མེད་བུ་ཊ་ནམ ་ཀྱང་མེད། ། འཇིག་རྟེན་གཙོ་བོ་དེ་བཞིན་གཤེགས།། དེ་ཉིད་ཕ་དང་མ་ཡིན་ནོ།། དེ་ཉིད་ཉི་མ་ཟླ་བ་སྟེ།། བདེ་བའི་ལམ་ནི་རབ་སྟོན་པའོ།། གང་ཕྱིར་ཕྱིན་ཆད་མི་སྐྱེ་བར།། དེ་ནི་འཁོར་བ་ཐར་མཛད ་བའོ། ། ཉོན་མོངས་ཆུ་བོ་འཇིགས་ཆེན་དང་།། ཆུ་བོ་སྒྲོལ་བའི་གྲུ་དེའོ།། དེ་ཡིས་སེམས་ཅན་རབ་བསྒྲལ་ཏེ།། ཕྱིན་ཆད་སླར་ནི་མི་ལྡོག་གོ།། བྱང་ཆུབ་མཆོག་ནི་རབ་སྟོན་པ།། དམ་པའི་ཆོས་ཀྱང་དེས་བཤད་དོ།། བདག་ཅག་རྣམས ་ལ་ཟས་མི་དགོས། ། རྒྱལ་སྲིད་འབྲས་བུ་མི་འདོད་དེ།། སེམས་ཅན་དམྱལ་བས་འཇིགས་པ་ནི།། ལྷ་ཡི་འཇིག་རྟེན་འགྲོ་མི་བྱ།། མི་ཡི་ཚེ་ནི་བདེ་བ་སྟེ།། དེ་ན་ཐམས་ཅད་མཁྱེན་པར་སྣང་།། རང་གི་ལས་ནི་ཉེས་བྱས་པས།། ཚེ་ཐུང ་རྣམས་ན་འཁྱིམ་པ་ཡིན། ། དེ་དག་འཆི་བ་མི་ཤེས་ཀྱི།། འདོད་པའི་ལོངས་སྤྱོད་རྒྱལ་སྲིད་ཤེས།། སྐྱེ་དང་འགག་པས་བསླུས་པ་རྣམས།། ཤེས་པ་མེད་ཅིང་འཇིགས་པ་མེད།། མི་རྟག་པས་ནི་སེམས་འཕྲུལ་རྣམས། ཕྲ་བའི ་ཆོས་རྣམས་མི་ཤེས་ཏེ། ། ཕྲ་བའི་དགོས་པ་མི་བྱེད་ལ།། ཞི་བའི་དབྱིངས་ཀྱང་མི་ཤེས་སོ།། འཆི་འཕོ་ལ་ནི་སྐྱོ་མེད་པ།། ཡང་དང་ཡང་དུ་སྐྱེ་བར་འགྱུར།། ཡུན་རིང་སྡུག་བསྔལ་རབ་གཟིར་ཅིང་།། རྟག་ཏུ་དབྱུག་པས་བརྡེགས ་བྱས་ནས། གཞན་དག་གི་ཡང་འཕྲོག་བྱེད་དེ།། དེ་བཞིན་བཅིང་ཞིང་བསད་པ་བྱས།། སྔོན་གྱི་སྡིག་པས་བསྐུལ་བས་ན།། དེ་དག་བཅིང་པ་ལྔས་བཅིངས་སོ།། དེ་ཟག་ཀྱང་ནི་ཆད་པར་འགྱུར།། མྱ་ངན་ཟུག་རྔུས་ཟུག་པར་འགྱུར།། ་རྣམ་པར་ཤེས་པ་འགག་པ་ན།། སྙིང་རྗེ་བར་ནི་སྨྲེ་སྔགས་འདོན།། བདག་གི་སྐྱོབ་པར་སུ་འགྱུར་ལ།། གསེར་དང་དངུལ་དང་ཤེལ་དག་དང་།། ལོངས་སྤྱོད་ཐམས་ཅད་བདག་གིས་དབུལ།། བདག་ནི་ཟན་དུའང་འགྱུར་བར་བྱ།། བྲན་གྱི ་ཚུལ་དུ་གར་གྱུར་པ། ། ལས་རྣམས་ཐམས་ཅད་རབ་ཏུབྱ།། རྒྱལ་སྲིད་ལོངས་སྤྱོད་བདག་མི་དགོས།། ནོར་དང་འབྲུ་ཡང་མ་ཡིན་ནོ།། ང་གི་ལུས་ནི་བདག་མི་དགོས།། སྡིག་པ་བྱེད་པ་མི་འགྲོས་ཏེ།། དེ་ལྟར་གནས་བརྟན་བདག་ཅགས། ་བ་དགོས་པ་མ་ཡིན་ནོ།། གང་དག་ཁ་ཟས་ཞིམ་ཟོས་པ།། རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར།། བཏུད་བ་མཆོག་ནི་འཐུངས་པ་ཡི།། ལྷའི་བུ་རྣམས་ཀྱང་འཆི་བར་འགྱུར།། ཆོ་མཆོ་དགུ་རོ་ལྡན་པ།། ཟས་དང་སྐོམ་ནི་རབ་བཤམས། ་རྒྱལ་པོའི་མདུན་དུ་བླངས་ནས་སུ།། བཟས་ལ་ནི་ལྡེས་རེག་ནས།། རྒྱལ་པོ་རྣམས་ནི་རོལ་ཆགས།། སྡིག་པ་མི་ཆུང་རྣམས་ཀྱང་བྱེད།། གང་ལ་སྙིང་པོ་མེད་པ་ཡི།། མི་རྟག་རོལ་ཆགས་པར་བྱེད།། བདག་ཅག་རྣམས་ལ་གོམ་མེ་དགོས། ་བཟའ་བ་དག་ཀྱང་དགོས་མ་ཡིན།། བདག་ཅག་སྡུག་བསྔལ་གང་གྲོལ་བ།། ཆོས་ཉིད་དེ་འདྲ་དགོས་མ་ཡིན།། སྲེད་པའི་བཅིངས་ལས་རབ་གྲོལ་ཞིང་།། སྲེད་པའི་ཉོན་མོངས་རྣམ་ཐར་ཏེ།། བཅིངས་པ་ཀུན་ལས་རབ་ཀྲོལ། ་བའི། སངས་རྒྱས་དེ་ལ་སྐྱབས་སུ་དོང་།། དྲང་སྲོང་ཆེན་པོ་འཇིགས་མགོན་ལ།། བདག་ཅག་རྣམས་ནི་སྐྱབས་སུ་འདོད།། སེམས་ཅན་རྣམས་ཀྱིས་མཐོང་དཀའ་ལ།། ཕྱག་འཚལ་ཕྱིར་ནི་བདག་ཅག་འདོད།། ཁྱོད་ཀྱི ་མཚན་ནི་མ་འཚལ་གྱིས། ། སྙན་པའི་མཚན་ནི་བསྟན་དུ་གསོལ།། སྨན་གྱི་སྡེས་སྨྲས་པ།། ཁྱེད་དང་སྐྱེ་བོ་ཐམས་ཅད་དང་།། དེ་བཞིན་མིང་ནི་ཐོས་པར་འདོད།། སེམས་ཅན་གཞོན་ནུ་བྱེ་བ་ཕྲག། སྟོང་གིས་དེ་བཞིན ་གཤེགས་པ་བསྐོར། ། དེ་དག་གིས་སྨྲས་པ།། ཁྱོད་ནི་སངས་རྒྱས་ཉན་ཐོས་ཏེ།། མིང་ནི་ཐབ་པར་གྲགས་པ་ཡིན།། སྐྱེ་བོ་ཀུན་ཀྱང་དེ་བཞིན་དུ།། ཁྱོད་ཀྱི་མིང་ནི་ཐོས་པར་འདོད།། སྦས་ག། ངའི་མིང་ནི་སྨན་གྱི་སྡེ།། ང་ནི ་སེམས་ཅན་རྣམས་ཀྱི་སྨན། ། སྨན་རྣམས་ཀུན་གྱི་དམ་པ་ནི།། ཁྱེད་ཅག་རྣམས་ལ་བཤད་པར་བྱ།། ནད་ཀུན་གྱིས་བཏབ་སྐྱེ་བོ་ཡི།། ནད་རྣམས་ཐམས་ཅད་ཞི་བར་བྱེད།། འདོད་ཆགས་ནད་ནི་ནང་པོ་ཆེ།། འཇིག་རྟེན ་འཇིག་བྱེད་མི་བཟད་པ། ། གང་གིས་བློ་མེད་འཁྱིམ་པ་ཡི།། གཏི་མུག་ནད་ནི་ཆེ་ཞིང་དྲག། སེམས་དམྱལ་དེ་བཞིན་དུད་འགྲོ་དང་།། ཡི་དགས་རྣམས་སུ་སེམས་ཅན་འགྲོ།། བྱིས་པ་འདི་དག་ཞེ་སྡང་ཟིན།། དེ་དག་ཇི་ལྟར་ཤི ་བར་འགྱུར། ། དེ་དག་གིས་སྨྲས་པ།། དགེ་བའི་ཆོས་ནི་འདི་ཐོས་པས།། བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ།། བྱིས་པ་བློ་ནི་མི་ཤེས་པ།། སྡུག་བསྔལ་ཀུན་ལས་གྲོལ་ནས་ཀྱང་།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བདག་ཅག ་ཀྱི་སྦྱིན་པ་ཉན། སྡིག་པ་ཐམས་རྣམ་སྤངས་ནས་འཇིགས་པ་མ་བཟད་རྣམས་ཀྱང་སྤངས།། ནད་རྣམས་ཐམས་ཅད་ཞི་བྱེད་པ།། སྨན་པའི་རྒྱལ་བ་སྨན་པ་སྟེ།། སྡུག་བསྔལ་བ་རྣམས་གས་བྱེད་པ། ་ཡང་དག་སངས་རྒྱས་མྱུར་དུ་བལྟ།། དེ་བཞིན་གཤེགས་ལ་ཕྱག་བྱ་ཕྱིར།། གནས་བརྟན་ཁྱོད་ནི་མྱུར་དུ་བཞུད།། ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག། འཇིག་རྟེན་རྣམ་པར་འདྲེན་ལ་གསུངས།། ནད་འདི་རབ་ཏུ་རྣ ་བར་མཛོད། ། ལུས་ནི་ཐམས་ཅད་རབ་འབར་ཏེ། ཚིག་ཅིང་ཞི་བ་མེད་པ་ཡི།། མི་བཟང་མེ་ནི་ཞི་བར་མཛོད།། ལུས་ཀྱི་ཁུར་ནི་ཁུར་པོ་ཆེ།། ཤིན་ཏུ་མི་བཟང་ནོ་བའི་ཁུར།། སྡུག་བསྔལ་གཟིར་པ་བདག་ཅག་ལ།། རྟུལ་ཞུགས ་དམ་པ་ཐུགས་རྗེ་མཛོད། ། སྐྱེ་བོ་རྟག་ཏུ་ཞེ་སྡང་དང་།། གཏི་མུག་ནོན་པའི་བྲིང་ཁྱེར་ཏེ།། ཁུར་ལས་ཐར་པ་མི་ཤེས་པ།། དེ་དག་ཡང་དང་ཡང་ཁུར་ཁྱེར།། ཐར་པའི་ལམ་ནི་མི་ཤེས་ཤིང་།། ཐར་པའི་ལམ་ནི་མ་མཐོང་རྣམས།། འཆིབ ་རྣམ་པར་ཤེས་མོད་ཀྱི། ། འོན་ཀྱང་འཇིགས་པ་མི་སྐྱེད་དོ།། བདག་ཅག་ལ་ནི་ནམ་དུ་ཡང་།། འཆི་བ་མེད་སྙམ་བདེ་བར་གནས།། ཀུན་དུ་འཁྲུལ་པས་མི་ཤེས་པ།། མཐོང་ཡང་རྣམ་པར་མི་ཤེས་སོ།། དེ་དག་པ་ཡང་མི་དྲན་ཏེ།། ནད ་ཀྱིས་ཀྱང་ནི་རྟག་གཟིར་ཅིང་། ། ཉོན་མོངས་ལས་ཀྱིས་རབ་དཀྲུག་ན།། ཇི་ལྟར་ཁུ་ཟས་ཟ་བར་འགྱུར།། སྡུག་བསྔལ་ཉམས་ཐག་མི་ཤེས་ཏེ།། བདག་ཅག་དལ་བ་དོན་མེད་དོ།། ཁྱེད་ཀྱི་སྡུག་བསྔལ་འདི་འདྲ་བ།། མ་རིག་གཞི ་ལས་སྐྱེས་པའོ། ། འདུས་ཤེས་འདུ་བྱེད་ཚོར་བ་རྣམས།། འཇིགས་ཆེན་ལྕི་བའི་ཁུར་ཡིན་ནོ།། གང་ཆོས་རྣམ་པར་མི་ཤེས་པ།། བྱིས་པ་སྲེད་པས་རབ་ཏུ་འཁྱམ།། ལུས་ཀྱི་ཁུར་གྱིས་བསྐོར་བ་ནི།། འཇིག་རྟེན་དུ་ནི་དོན་མེད ་སྐྱེས། གོས་གཙང་ཤིན་ཏུ་བཟང་བ་དང་།། ཁྲུས་དང་བྱུག་པ་དགོས་པའོ།། ལུས་ལ་གང་ཡིན་འོད་པ་ཡི།། ཁ་ཟས་ཞིམ་པོ་དགོས་པ་སྟེ། ཡིད་འོང་པ་ཡི་སིལ་སྙན་རྔ།། དེ་བཞིན་རྣ་བས་ཚོར་བར་བྱེད། རིན་ཆེན་བདུན་ལས་བྱང ་བ་ཡི། ། གཟུགས་ལ་མིག་གིས་ཆགས་པར་བྱེད།། ཞིམ་པའི་རོ་རྣམས་ཐམས་ཅད་ནི།། ལྕེས་ཀྱང་ཚོར་བར་བྱེད་པ་སྟེ།། འཇམ་ཞིང་ཕྲ་བའི་རེག་པ་ཡང་།། ལུས་ཀྱིས་རྟག་ཏུ་ཚོར་བར་བྱེད།། ལུས་ཀྱིས་སུ་ནི་ཤ་གཉིས་པོ།། དགའ་བར་ཡང ་ནི་བསྒྲུབས་པ་ལས། ། སེམས་པ་མེད་པའི་ལུས་འདི་སྐྱེས།། དེ་ལ་དགའ་བ་སུ་ཞིག་རྙེད།། དེ་ནས་བདག་རྐང་དགའ་བྱེད་པ།། ལྷ་མ་ནི་རབ་ཏུ་བཟང་གྱེན་ཡང་།། འཆི་བར་འགྱུར་ཚེ་གོས་རྣམས་དང་།། བྱུག་པ་སྐྱབས་སུ་མི་འགྱུར་ཏེ།། ་ལུས་ཀྱང་སྐྱབས་སུ་འགྱུར་མིན་ནོ།། གོས་དང་བྱུག་པ་སྨོས་ཅི་དགོས།། མི་ཞེས་བྱ་བ་ལུས་ཡིན་ཏེ།། དབུགས་དང་སྟོབས་ཆེན་རྙེད་པས་འགྱུར།། སོ་སོར་རྟོག་པའི་རྣོ་བའི་སྟོབས།། དེ་ནི་ལུས་ལ་ཡོན་ཏན་ཆེ།། སྔོན་ཆད་རྟ་དང ་གླང་པོ་ཡི། ། ཀུན་དུ་བསྐོར་ནས་རྩེ་ཞིང་འཁྱམ།། ཐར་པའི་ཆོས་ནི་མ་སྟེར་པས།། བདག་ཅི་སྡིག་པའི་ལག་ལ་ཆགས།། འཇིག་རྟེན་ཕ་རོལ་མ་ཤེས་ནས།། རྩེ་བས་སྡིག་པ་བྱེད་དུ་བཅུག། བདག་ནི་ཡང་དང་ཡང་སྐྱེས་ཏེ།། ཤིབ ་བདག་ལ་ཡང་འོངས་སོ། ། ཡང་དང་ཡང་དུ་མྱ་ངན་མཐོང་།། སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས།། མ་རྣམས་ཀྱང་ནི་ཤི་བ་མཐོང་།། པ་རྣམས་ཤི་དང་གཉེན་དག་དང་།། སྲིང་མོ་དང་ནི་བུ་དག་དང་།། རླུང་མ་རྣམས་ཀྱང་ཤི་བ་མཐོང་། ་མངོན་པར་འདུ་བྱེད་ཀུན་སྟོང་ན།། སེམས་དང་བཅས་པ་སུ་ཞིག་ཆགས།། འདོད་པས་ཟིན་པའི་སེམས་ཀྱིས་སུ།། བདག་གིས་ཡིད་བརྟན་རུང་བར་ཤེས།། ཞི་བའི་ཆོས་ནི་མི་དམིགས་ཏེ།། མཆི་བའི་ལ་ནི་མངོན་དགའ་མེད།། དེ་ཕྱིར ་འདོད་པས་བསྒྲིབས་སེམས་ཀྱིས། ། བདག་གིས་སྦྱིན་པ་མ་བྱིན་ནོ།། དེ་བས་འདོད་དང་མཉམ་སྡིག་མེད།། དེ་ནི་དུང་མི་ལྡོག་གོ།། ཀུན་དུ་ནོར་པས་བདག་ཅག་སྐྱེས།། འགྲོ་བ་མཐའ་དག་ཀུན་དུ་ནོར། ཀུན་དུ་ནོར་པའི་སྒྲ་ཡང་ཉན། དམ་ཆོས ་མ་ཡིན་ཡོངས་སུ་འཛིན། ། ཐར་པ་དང་ནི་བསམ་གཏན་བཙལ།། ལུས་ནི་ཀུན་དུ་བཀུར་མི་བྱ།། འཇིག་རྟེན་དོན་དུ་འགྲོ་བའི་གཙོ།། སངས་རྒྱས་སྟོན་པ་རྣམས་སུ་ཤོག། སངས་རྒྱས་འཇིག་རྟེན་པ་དང་མ།། སངས་རྒྱས་ལམ་ནི ་རབ་སྟོན་པ། ། འཛམ་བུའི་གླིང་ནི་ཀུན་དུ་ཡང་།། རིན་ཆེན་ཆར་པ་རབ་ཏུ་འབབས།། ཆོས་ཀྱི་བསྡུ་བ་ཅི་འདྲ་བ།། སེམས་ཅན་བླུན་པོས་མི་ཤེས་ཏེ།། བྱང་ཆུབ་ཏུ་ནི་སེམས་བསྔོས་ན།། ཆོས་ཀྱི་བསྡུ་བ་ཐོབ་པར་འགྱུར།། འདུ་བྱེད་ཐམས། ་ཅད་སྟོང་པ་སྟེ།། དེ་བཞིན་ལོངས་སྤྱོད་ནོར་ཡང་སྟོང་། བདག་ཀྱང་སྟོང་པར་མཐོང་བས་ན།། མཐོང་ནས་རབ་མེད་པར་འགྱུར།། གནས་བརྟན་སྨན་གྱི་སྡེ་ཁྱོད་ཀྱིས།། བདག་ཅག་རྣམས་ཀྱི་ཚིག་གསོན་ཅིག། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཕྱིར། ཁྱོད་ནི་ཕོ་ཉར་བཞུད་འཚལ་ལོ།། འཁོར་བའི་ཉེས་པ་རྣམས་དྲན་ནས།། བྱང་ཆུབ་སེམས་དཔའ་སྐྱོ་བ་མེད།། བརྩོན་འགྲུས་ལྡན་ཞིང་དཀའ་ཐུབ་ཆེ།། ཡོན་ཏན་ཀུན་ཏུ་སྡུད་པར་བྱེད།། སྟོན་དེ་ག་ལ་བཞུགས་པར་བཞུད།། ་སྟོན་པ་བདེ་བར་རབ་སད་ནས།། རྒྱལ་བ་ཅུང་ཟད་མི་སྐྱོ་བར།། བདག་ཅག་སླད་དུ་ཞུ་བ་མཛོད།། ཁྱོད་ཀྱིས་བདུད་ནི་གཞོམ་པ་དང་།། སྟོབས་དང་བཅས་པ་ཕམ་པར་བྱས།། སེམས་ཅན་ཐམས་ཅད་ཡོངས་འཛིན་པའི།། ཆོས ་ཀྱང་མྱུར་དུ་འབར་བར་བྱ། ། གང་གིས་སངས་རྒྱས་འགྱུར་བ་ཡི།། ཆོས་ནི་བདག་ཅག་མ་ཐོས་ཀྱིས།། བདག་ཅག་རྣམས་ལ་ཕན་པའི་ཕྱིར།། གནས་བརྟན་མྱུར་དུ་བཞུད་དུ་གསོལ།། སུམ་བཅུ་རྩ་གཉིས་མཚན་མངའ་བའི།། ་དེ་བཞིན་གཤེགས་པ་མ་མཐོང་བ། སྲིད་བདག་ཅག་མེ་རྒལ་ཞེས།། ཐམས་ཅད་གུས་དང་བཅས་པར་གནས།། སྨན་གྱི་སྡེས་སྤྲས་པ།། ཁྱེད་ཅག་ད་ལྟར་ཅི་ཞིག་མཐོང་།། དེ་ཤིག་གྱེན་དུ་བལྟ་བར་བྱོས།། དེ་དག་རྐྱེན ་བལྟས་པ་དང་། ། ཁང་པ་བརྩེགས་པ་སུམ་སོང་དང་།། ལྔ་བརྒྱ་ཐམ་བར་ཚད་པཞིག། ཀུན་དུ་ཡང་ནི་གནས་པར་གྱུར།། རིན་ཆེན་བདུན་གྱིས་ཤིན་དུ་སྤྲས།། རིན་ཆེན་དྲ་བས་ལགས་པར་བརྒྱན།། དབུས་ན་མ་ཏོག་རབཏུ། ་བརྒྱས།། ལྷ་རྫས་སྤོས་ཀྱང་རབ་ཏུ་འབབ།། དེ་ན་གནས་བརྟན་དྲིས་པ་ནི། ཁང་བརྩེགས་རིན་ཆེན་དྲ་བ་དང་།། པད་མ་ཟེ་བར་ཀུན་གནས་པར།། འདི་ན་སྣང་བ་འདི་ཅི་ཞིག། སྨན་གྱི་སྡེས་སྨྲས་པ།། གནས་འདི་དག་ནི་བྱེད་ཀྱི ་སངས་རྒྱས་བལྟ་བའི་ཕྱིར་དེང་ཤིག། འཇིག་རྟེན་འདས་གཙོ་གང་ཡིན་པ།། འཇིག་རྟེན་སྣང་བྱེད་དེ་ལ་འཐུང་།། དེ་དག་གིས་སྨྲས་པ།། དེ་ཡི་ལམ་ཡང་མ་འཚལ་ཏེ།། དེ་བཞིན་གཤེགས་པ་འངམ་མཐོང་ན།། གང་ན་ལམ ་མ་འཚལ་བས། ཕྱག་འཚལ་དུ་ནི་གང་དུ་མཆི།། སྲན་གྱི་སྡེས་སྨྲས་པ།། ནམ་མཁའ་མཐའ་ཡས་ཇི་བཞིན་དུ།། ག་པར་རུང་བ་མ་ཡིན་པས།། བདུད་རྩི་རབ་སྦྱིན་སྟོན་པ་ལ།། ཕྱག་འཚལ་བྱིར་ན་འགྲོ་མ་ནུས།། ཇི་ལྟར་རི ་གནས་པ་ལྟར། ། སྟོན་པ་དེ་ཡང་གནས་ན་བཞུགས།། རི་རབ་གཞལ་དུ་རུང་བ་ཡིན།། རྒྱ་མཚོ་ཆེན་པོ་གཏིང་ཆོད་ཟིན།། སྟོང་གསུམ་རྡུལ་ཕྲན་དཔག་ཏུ་རུང་།། སངས་རྒྱས་འབྱུང་བ་ཤེས་མ་ཡིན།། བྱང་ཆུབ་སེམས་དཔའ་ཕྱོག ་བཅུ་ནས། ། འཇིག་རྟེན་སྣང་བར་མཛད་ལ་འདུད།། སྨྲས་པ། འཇིག་རྟེན་མགོན་པོ་བདག་ཅག་གཟིགས།། བདག་ཅག་བསམ་པ་རྫོགས་པར་མཛོད།། བདག་ཅག་སེམས་ཀྱིས་སྟོན་པ་ལ།། ཕྱག་བགྱིས་དེ་ནས་འབྲས་བུ་ཐོབ།། ་སྨན་གྱི་སྡེས་སྨྲས་པ།། སྟོན་པ་དྲིལ་མི་ཆགས་ཏེ།། ཕྲེང་བ་མ་ཡིན་བྱུག་པ་མིན།། གང་གིས་འདུས་བྱས་གྲོལ་འགྱུར་བ།། སེམས་ཅན་རྣམས་ཀྱི་རྒྱུ་འཛིན་ཏོ།། གང་གིས་ཡིད་ནི་བཏུལ་བྱས་ཤིང་།། སངས་རྒྱས་ལ་ཡང ་སྐྱབས་སོང་བ། ། དེ་ལ་བདུད་ནི་མི་བཟད་མཆོག། ཐབ་མོ་རྒོལ་བར་མི་བྱེད་དོ།། འཆི་བའི་དབང་དུ་མི་འགྲོ་ཡི།། གཟུངས་ནི་མྱུར་དུ་རྙེད་པར་འགྱུར།། དེ་སེམས་རབ་ཏུ་དང་བྱས་ནས།། དེ་ནས་སྟོན་པ་མཐོང་བར་འགྱུར།། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་བིང་ཀའི་སྒྲ་སྐད་ཡིད་དུ་འོང་བ་འཛུམ་པ་མཛད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས།། བཅོམ་ལྡན་འདས་ག་ལ་བདེ ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ།། འོད་ཟེར་དེ་དག་གིས་ཐམས་ཅད་དང ་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར། ། སེམས་ཅན་དམྱལ་བ་ཆེན་པོ་སུམ་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་ཁྱབ་པར་གྱུར། ལྷའི་གནས་སུམ་བཅུ་རྩ་གཉིས་ཀྱང་སྣང་བར ་གྱུར། ། འོད་ཟེར་དེ་དག་ཀྱང་ཁ་དོག་སྣ་ཚོགས་ཤ་སྟག་ལ་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ལེ་བརྒན་དང་ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་སྟེ།། འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་། ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་ཐམས་ཅད་བགྱིས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བགྱིས་ནས། བཅོམ་ལྡན་འདས་ཀྱི་དབུའི་ཚུག། ་ཏུ་ནུབ་པར་གྱུར་པའི་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བདག་ལ ་སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ། ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱིས་སེམས་རངས་པར་བྱའོ།། གསོལ་པ། བཅོམ་ལྡན ་འདས་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་སུམ་བཅུ་བྱུང་བ་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས་སེམས་ཅན་རྒན་པོ་རྣམས་ལ་སེམས་ཅན་རྒན་པོ་ཁྱེད་རྣམས་ནི་ཆོས་མི་ཤེས་སོ། ། ་རྟག་ཏུ་ཆོས་མ་ཡིན་པ་དང་། མི་དགེ་བ་ལ་ཆགས་པའོ་ཞེས་ཕྲ་མོ་རྣམས་མི་སྙན་པ་མཆི་ཞིང་ཡོངས་སུ་རྗོད་ལ་གནོད་པ་བགྱིད་ན།། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཚིག་སྙན་པ་ཡིད་དུ་འོང་བ་འདི་དག་སྨྲས། ་ད། གཱ་གསས། ། ས་ན་ཤ་དགས་པ་སྨྲ། མ་ས་སན ་དག་ཚས་ཐམས་ཅད་ཀྱི་དོན་འ་དུ་ཆུད་པར་འགྱུར། ། ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར།། དེ་དག་ཐམས་ཅད་གཟུངས་རྟགས་པར་འགྱུར། དེང་བྱིན་ཆདས་བཅོལ་གནས་པར་འགྱུར།། དེང་ཆོས་ཀྱི་ཆེན་པོ་ལ། ་སྒྲ་འབྱིན་པར་འགྱུར།། དེང་ཆོས་ཆེན་པོའི་རྣམ་པ་དང་ལྡན་པར་འགྱུརརོ།། སྨན་གྱི་སྡེ་ཁང་པ་བརྩེགས་པ་འདི་དག་མཐོང་ངམ།། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་། ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྨན་གྱི་སྡེ་དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་ཁང་པ་བརྩེགས་པ་འདི་དག་གི་ནང་དུ་ཞུགས་ནས་ཆོས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ།། ་དེང་ཉིད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ།། དེང་ཆོས་ཀྱི་རྔ་ཆེན་པོ་རྡུང་བར་འགྱུར་ཏེ།། ལྷའི་རིས་དུ་མ་ཞིག་དེང་ཆོས་མངོན་པར་རྟོགས་པ་ཐོབ་པར་བྱེད་པར་འགྱུར་རོ།། ་སེམས་ཅན་དམྱལ་བའི་སེམས་ཅན་ལོག་པར་ལྷུང་བ་ལ་གནས་པ་མང་པོ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་ཐོས་ནས་འཁོར་བ་བསྙིལ་ཏེ་རྒྱལ་བར་འགྱུར་རོ།། དེའི་ཚེ་སེམས ་ཅན་ནན་པོ་བྱེ་བ་སྟོང་ཕྲག་དགུབ་ཅུ་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ན་སྔག་བསྔལ ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། ། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་སྒྲུབ་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་ཆོས་ཆེན་པོའི་སྒྲ་དང་ལྡན་པར་འགྱུར། ་དོ།། ཀླན་གྱི་རྗེ་ཕྱོགས་བཞིར་ལྟོས་ཤིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱིགྱི་ཕྱོགས་པནི་ཀུན་དུ་བལྟས་པ་དང་། ཤང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱ་གླིང་བྱེ་བ་ཕྲག་ལྔ་བཅུའི་བྱེམ་སྙེད། ་འོད།། ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་རྩཝའི་ཀླུང་བྱེ་བ་ཕྲག་དྲུག་བཅུའི་བྱེ་མ་སྙེད་འོ། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཟག་བདུན་ཅུ་བྱེས་སྙེད་འོ་། བྱང་ཕྱོགས་ནས་ཀྱང་ཆུབ་། ་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུའི་བྱེ་མ་སྙེད་འོང། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོ། སྟེང་གི་ཕྱགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག ་བརྒྱའི་བྱེ་མ་སྙེད་འོང་སྟེ། ། དེ་དག་ལྷགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེ། ་གསོལ་ཏོ།། བཅོམ་ལྡན་འདས་ནམ་མཁའ་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་གདའ་བཅི་ལགས། བཀའ་སྩལ་པ། སྨན་གྱི་སྡེ་གང་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་མཐོང་བ་འདི་ཅི་ཡིན། ་མི་ཤེས་སམ། དེ་བཞིན་གཤེགས་པས་ནི་མཁྱེན་ཏེ་སྨན་གྱི་སྡེ་འདན་བདུད་ཡིན་ནོ།། སྨན་གྱི་སྡེ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་འཚལ་ལོ།། བདེ་བར་གཤེགས་པ་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་ག། ་སྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་པ་འདི་ལྟ་བུ་ལྷགས་སོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་པའི་རྒྱུ་གང་ལགས། རྐྱེན་གང ་ལགས། བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ཀྱི་རྐྱེན་གྱིས་ཏེ། དེ་སེམས་ཅན་ཐམས་ཅད་པསམ་གཏན་གྱི་ཆོས་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁྱོད་ཀྱིས་སེམས་ཅན་གཟུགས་སྣ་ཚོགས་འདིར་ལྷགས ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་སྣ་ཚོགས་འདིར་ལྷགས་པ་དག་མཐོང་ངམ། གསོལ་པ། བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག། ་བརྒྱ་སྟོང་གི་བྱེ་མ་སྙེད་ཅིག་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས་ཁ་དོག་སྣ་ཚོགས་དབྱིབས་སྣ་ཚོགས་བདག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ་གནས་ཏེ་བྱང་ཆུབ་སེམས ་དཔའ་དེ་དག་འཁོར་དང་བཅས་ནས་ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ་། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གསར་སྙིང་དེ་དག་ཀུན་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། །། འཕགས་བཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དཱན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས ་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨརྱ་ཙིན་ཏྱ་པྲ་བྷ་ས་ནིར་དེ་ཤ་ནཱ་མ་དྷམཱ་བརྱཱ་ཡ།། བོད་སྐད་དུ། འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ་ཞེས་བྱ་བའི་ཆོས ་