CLOSE WINDOW

Q760,27: 'phags pa nges pas zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་སཱུར་ཏ་པ་རི་བྲིང་ཚ་ནཱ་མ་མ་ཧཱ་ཡཱན་སུ་ཏྲ།། བོད་སྐད་དུ། འཕགས་པ་ངེས་པས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ཡཅོག་ཅག་པ།། སངས་རྒྱས་དངང་ཆུ་ལམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དག ་སྤོང་སྟོང་གཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སུ་མ་ཁྲི་ཉས་སྟོང་དག་དང་། ཐབས་གཅིག་ཏུ་བཞུགས་ཏེ། འཁོར་བཞི་དང་། རྒྱལ་པོ་དང་བློན་པོ་དང་ཟོང་རྡལ་གྱི ་མི་དང་། ལྗོངས་ཀྱི་མི་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ།། དེའི་ཚེ་མཉན་ཡོད་ཀྱི་གྲོང་བྱེད་ན། གྲོང་ཁྱེར་ཀྱི་མེད་བུལ་པོ་ངེས་པ་ཞེས་བྱ་བ། སངས་རྒྱས་ལ་དང ་པ་མི་ཕྱེད་པ་དང་ལྡན་པ། ཆོས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། དགེ་འདུན་ལ་དད་པ་མི་བྱེད་པ་དང་ལྡན་པ། བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བྱམ་པ ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྙིང་རྗེ་ལ་གནས་ཏེ། ཡིད་ཡོངས་སུ་སྐྱེ་བ་མེད་པ། དགའ་བ་ལ་གནས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་ནང་པོས་པ། བཏང་སྟོབས་ལ ་གནས་ཏེ། བད་པ་དང་ཐག་བསྔལ་གྱིས་མི་བསྟོད་པ། ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ།། སྔོན་གྱི་ཚུལ་ཕྲན་མ་མ་ཚོགས་པ། ཐབས་ལ་བཁས་བསས་པས་ན ་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། དབུལ་བར་མིང་དུ་ཆགས་པཞིག་གནས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་མིག་རྣམ་པར་དག་པ་ས་ལས་འདས་པས། ཟོང་བྱེར་གྱི་དབུལ་པོ་ངེས་པ་ཤིན་ཏུ་འང། ་བཆུང་བཙོག་ཤེས་པ། ཚུལ་ཁྲིམས་དང་རྡུལ་ཞུགས་དང་ལྡན་པ། ཡིད་འཁྲུག་པ་མེད་པ། རྟག་ཏུ་བཞིན་འཛུམ་པ། གཞན་གྱི་འཁྲུལ་པ་དག་ལ་སྐྱོན་ཏུ་མི་ལྟེ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་སྲུང་བ། ་བརྐམ་པ་མེད་པ། ཤེས་བཞིན་དུ་སྤྱོད་པ། ཆོག་ཤེས་ཤིང་དེགང་བླ་ལགས་སོ་སླ་བ། བསམ་པ་ཕུན་སུམ་ཚོགས་པ། གཡོ་མེད་པ། ང་རྒྱལ་མེད་པ། བཀའ་སྒོ་བདེ་བ། འཐུན་པར་འཛིན་པ། རྟག་ཏུ ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། ལག་ན་ཤིང་ལོའི་སྣོད་ཐོགས་བརྩ་བཏིང་བ་ལ་ཉལ་བ། གོས་ངན་པ་གྱོན་པ། རྙེད་ཀྱང་མི་ལེན་པས། བཟང་ཡང་དྲང་ངན་ཡང་རུང་། བགོ་བཤལ་བྱས་ནས་ཟབ ་དུས་གསུམ་དུ་དེ་བཞིན་གཤེགས་པ་ལ་བལྟ་བ། ཆོས་ཉན་པར་འདོད་པ། གཏམ་སྣ་ཚོགས་བྱུང་བ་ལ་སྤོབས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན། དགའ་བ་དེ་མཐོང་ངོ་།། མཐོང་ནས་འདི ་སྙམ་དུས་མས་ཏེ། ཅི་གྲོང་ཁྱེར་གྱི་དབུལ་པོ་འདི་ཡི་དམལ་བརྟན་ནམ། མི་བརྟན་པ་བདག་གིས་བརྟག་གོ་སྙམ་མོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་མང་པོ་མངོན་པར་སྤྲུལ་ནས། གྲོང་ཁྱེར་གྱི་དབུལ ་པོ་དེས་པ་ལ་ཚིག་ངན་པ་དག་གིས་གཤེ་ཞིང་སྤྱོད་པར་བྱེད་དེ། བད་པ་དང་། དབྱུག་པ་དང་། མཚན་ཆ་དག་ཀྱང་བསྟན་ན། ངེས་པ་དེ་བཟོད་པའི་སྟོབས་ཀྱིས་དང་དུ་ལེན་པར་བྱེད་དོ། མི་འཁྲུག་ཅིང་གདོ ་སེམས་མི་སྐྱེད་དོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་གཞན་དག་ཅིག་སྤྲུལ་ནས། དེས་པ་དེའི་མདུན་དུ་བཞག་སྟེ། དེས་པ་དེ་ལ་དགའ་བའི་ཚིག་གིས་ཁོ་བོ་ཅག་ནི་ཁྱོད་ཀྱི་དོན་བྱེད་པར་འདོད་པ་ཡིན ་གྱིས། ཇི་སྟེ་ཁྱོད་འདོད་པ་ལྟན་ཁྱོད་ལ་སྡིགས་པའི་དགྲ་གང་ཡིན་པ་དེ་དག། ཁོ་བོ་ཅག་གིས་ཚར་གཅད་པར་བྱའོ།། ཞེས་སྨྲས་སོ།། ངེས་པས་སྨྲས་པ།། ཐོགས་པོ་དག་ཟད་དེ་སྐད་མཟེར་ཅིག། གལ་ཏེ ་མི་འདི་དག་གི་ས་ཁོ་བོས་ལུས་དུམ་བུ་བརྒྱད་དུམ་བུ་དུམ་བུར་གཏུབས་སུ་ཟིན་ཀྱང་། ཁོ་བོ་ནི་མི་འདི་དག་ལ་སྡིག་པའི་སེམས་མི་སྐྱེད་དོ།། གྲོགས་པོ་དག་འཇིག་རྟེན་དག་ནི་དགེ་བ་དང་། མི་དགེ་བའི་ཕྱོགས་གཉིས་ལ ་གནས་ལ། དེའི་འགྲོ་བ་ནི་གཉིས་ཁོ་ན་སྟེ། དགེ་བའི་ཕྱོགས་ཀྱི་ནི་བདེ་འགྲོའོ།། མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ།། དེ་བས་ན་ཁོ་བོ་ནི་སེམས་ཅན་པ་རོལ་ཚིག་པ་ཟ་བར་བྱེད་པར་མི་འདོད་ན་གཙེ་བ་ག་ཅི་སྨོས ་དེ་ནས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག་སྨྲས་སོ། ། ས་བོན་ཆེ་བ་རྣམས་ཀྱི་ནི།། འབྲས་བུ་ཆེ་བ་སྐྱེ་བར་འགྱུར།། ས་བོན་མདང་བ་རྣམས་ཀྱི་ནི།། འབྲས་བུ་མ་དང་བསྐྱེ་བར་འགྱུར།། དེཔེ་ཟླང་བྱ་པའང ་ཡིས་ནི། ། སྡིག་པའི་རྣམ་སྨིན་ཆེ་བ་དང་།། དཀར་པོའི་འབྲས་བུ་མ་དང་བ་དག། མཁས་པའི་མིས་ནི་ཤེས་པར་འགྱུར།། རྟག་ཏུ་ལུས་དང་ངག་ཡིད་ཀྱིས།། སྡིག་པ་རྣམ་གསུམ་མི་བྱ་ཞིང་།། གཞན ་དག་བྱེད་ཀྱང་མཁས་པ་ཡིས། ། རྗེས་སུ་དགའ་བར་མི་བྱའོ།། ལུས་དང་ངག་དང་ཡིད་རྣམས་ཀྱི།། དཀར་པོ་རྣམ་གསུམ་རྟག་ཏུ་བྱ།། གང་དག་དགེ་བ་སྤྱོད་བྱེད་པ།། གཞན་དག་ལ་ཡང་ཡི་རང་བྱ།། དེ་ནས ་ལྷའི་དབང་པོ་བརྒྱ་བྱིན་གྱིས། དུས་གཞན་ཞིག་ན། དེས་པ་ལ་དབྱིག་དང་། གསེར་མང་པོ་བསྟན་ནས། འདི་སྐད་ཅེས་སྨྲས་སོ།། ངེས་པ་འོ་ནི་ལས་ཁྱེར་ལ་སྦྱིན་པ་དག་བྱིན་ཅིག། ་བསོད་ནམས་དག་གྱིས་ཤིག། གོས་དང་རྒྱན་དག་ཀྱང་ཐོགས་ཤིག། ཁྱོད་ངན་ཅིང་དབུལ་བས་ཅི་ཞིག་བྱ།། ངེས་པས་སྨྲས་པ། གྲོགས་པོ་དག་སྔོན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པས་འདིར་དབུལ་པོ་ཞེས་བྱ་བར་གྱུར་ཏོ།། དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པར་བྱེད་པར་མི་འདོད་དོ།། བརྒྱ་བྱིན་གྱིས་སྨྲས་པ།། ངེས་པ་ཁྱོད་ད་ལྟར་ཇི་བདེ་བར་འཚོ་བར ་གྱིས་ཤིག། འཇིག་རྟེན་ཕ་རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། ངེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་འདི་ནི་བྱིས་པའི་ཆོས་ཡིན་གྱི། མཁས་པ་རྣམས་ནི་ཚེ་ཕྱི་མཆེད་ཆེར་འཛིན་ཏོ།། ་འདོད་པས་ཟིལ་གྱིས་ནོན་པ་དང་། ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ་དང་། འདོད་ཆགས་ཀྱི་ཟིལ་གྱིས་ནོན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བརྐམ ་པ་མ་ཡིན་ནོ། ། སྩོགས་འཇོག་ཆད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།། མཁས་པ་དག་ནི་སྤོགས་འཇོག་མི་བྱེད་དོ།། བདག་གིར་འཛིན་པ་དང་། བཅས་ཤིང་ཡོངས་སུ་འཛིན་པ་དང་། ་བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བདག་ཏུ་མི་འཛིན་ཅིང་། ཡོངས་སུ་འཛིན་པར་མི་བྱེད་དོ།། ལུས་དང་སྲོག་ལ་ལྟ་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལུས ་དང་སྲོག་ལ་མི་ལྟའོ། ། དོམས་མི་ཤེས་ཤིང་ཆོག་མི་ཤེས་པ་དག་ནི། མ་བྱིན་པར་ལེན་པ་བྱེད་ཀྱི། མཁས་པ་དག་ནི་ངོམས་ཤིང་ཆོག་ཤེས་པ་ཡིན་ནོ།། འཚོ་བ་ཡོངས་སུ་མ་དག་པ་ནི་མ་བྱིན་པར་ལེན་པ་བྱེད ་ཀྱི་མཁས་པ་དག་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། ། ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།། མཁས་པ་དག་ནི་ལས་མཐོང་བ་ཡིན་ནོ།། རྣམ་པར་འཚེ་བ་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།། མཁས་པ ་དག་ནི་རྣམ་པར་མ་མེད་ཅེར་འཛིན་ཏོ། ། བྱམས་པའི་སེམས་མེད་པ་དག་ནིམ་བྱིན་པར་ལེན་པར་བྱེད་ཀྱི། སཁས་པ་དག་ནི་བྱམས་པའི་སེམས་དང་ལྡན་ནོ།། བྱི་ཅི་ལོག་པ་ནིས་སེམས་པ་སླད་པ་དག་ནི་མ་བྱིན་པར ་ལེན་པར་བྱེད་ཀྱི། ། མཁས་པ་དག་ནི་སེམས་ཕྱིན་ཅི་མ་ལོག་པ་ཡིན་ནོ།། གཞན་ཡང་སེམས་ཅན་དབུལ་པོ་གང་ཡིན་པ་དེ་དག་ཁོ་བོས་ཚིགས་སུ་བཅད་པ་འདི་དག་བཤད་ཀྱིས་ཉོན་ཅི།། བྱེ་བ་ཕྲག་སྤྱོང་ག། ་ཡོད་ཀྱང་།། གང་དག་ལ་ནི་སྟོང་མེད་པ།། དེ་དག་འཇིག་རྟེན་འདིར་དབུལ་ཞེས།། ཐོས་མང་རྣམས་ཀྱིས་དེ་སྐད་བཤད།། གང་ལ་ཟན་ཅིག་མེད་བཞིན་དུ།། དེ་ནི་སྟོང་ལ་རབ་གནས་ན།། དེ་ནི་འཇིག་རྟེན་ནོར་ཆེ་ཞེས།། ་ཡང་དག་གཟིགས་པ་རྣམས་ཀྱིས་བཤད།། གང་ལ་སྡིག་མེད་འཕགས་པ་ནི།། རྣམ་པ་ཀུན་གྱིས་མཛེས་པ་ཡིན།། བྱིས་པ་སྡིག་པ་བྱེད་པ་ནི།། ཤིན་ཏུ་བརྒྱན་ཀྱང་མཛེས་མ་ཡིན།། མཁས་པ་དག་གིས ་སྨྱོས་བླ་ཡི། ། བྱིས་པས་སྔགས་པ་དེ་ལྟ་མིན།། བྱིས་པ་སྡིག་པ་བསྔགས་པར་བྱེད།། མཁས་པ་དག་ནི་སྡིག་ལ་སྨོད།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་མི་གཞན་ཞིག་སྤྲུལ་ཏོ།། ་དེ་ནས་མི་ངེས་གསེར་མང་པོ་ཁྱེར་ཏེ།། ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེའི་ངེས་པ་གསེར་ཁྱེར་ལ་ཁོ་བོ་མི་གཞན་ཞིག་དང་རྩོད་པ་དེ་ལ་ཁྱོད་གཅིག་པུས་ཆེ་བཞི་བྱ་བར་ཁོ་བོས་བྱས་ཀྱིས་དེར་ཁོ་བོའི་ཆ་བཞི་གྱིས ་ངེས་པས་སྨྲས་པ། ཐོགས་པོ་ཐོང་ཁྱོད་དེ་སྐད་མ་ཟེར་ཅིག། ཁོ་བོ་ནི་བརྫུན་ཟེར་དུ་མི་འདོད་དོ།། ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི། བདག་ལ་ཡང་སྲུ་ཞིང་ཕ་རོལ་ཡང་ཀླུ་ལ། འཕགས་པ་ལ་ཡང་སྒྲུ་བ་ཡང་ཡིན་ཏེ ་དང། རྣཔ་ང། མ་ན་ང། ག་སུ་། ག་ས ་པར་བྱེད་པ་དང་། ལུས་སད་པར་བྱེད་པ་དང་། ཝའི་ཡིད་དུ་མ་འོང་བར་བྱེད་པ་ཡིནན།། སྐྱེ་གྲགས་པ་བརྫུན་དུ་སུ་པ་ནི་དགེ་བའི་རྩ་ཁ་རྣམས་ལ་རྦ་བ་དང་། དྲན་པ་རྨུགས་པར་བྱེད་པ་དང་། ་ཀྱིལམ་ལ་སྒྲིབ་པ་ཡིནན། ཀྱི་སོགས་པོ་བརྫུན་ནས་པནི་འཕགས་པ་ནམས་ཀྱིས་བརྩོན་པར་མི་ཟླ་བ་དང་། ག་པར་ག་པརྣམས་ཀྱི་ནང་དུ་ག་པ་མངས་པ་དང་། མཁས་པ་རྣམས་ཀྱིས་བད་པ་དང་། ་སྡིག་པ་ཐམས་ཅད་ཀྱི་རྩ་བ་དང་། བརྟུལ་ཞུགས་ཡོངས་སུ་བསོད་པའི་རྩ་བ་གཅོད་པ་དང་། ངན་འགྲོ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ནོ།། དེ་ནས་དེའི་ཚེཐོང་བྱེད་ཀྱི་དབུལ་པོ་ངེས་པས་རིགས་སུ་བཅད ་པ་འདི་དག་སྨྲས་སོ། ། བརྫུན་དུ་སྨྲ་བའི་ཁནས་ནི།། རུལ་བའི་དྲི་ཡང་མནས་པར་འགྱུར།། དགོན་པར་ཇེ་ལྟར་བཅོམ་པ་བཞིན།། སྔོན་གྱི་དཀར་རྣམས་སྤོང་བར་བྱེད།། རྨོངས་པས་བདག་དང ་རྣམས་དང་། ། འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད།། མི་ནི་གང་ཤིག་བརྫུན་ཟེར་བ།། དེ་ནི་རྟག་ཏུ་དོགས་པར་འགྱུར།། བརྫུན་ཏུ་སྨྲ་བར་བྱེད་པད།། སྡིག་པ་ཅན་གྱི་རྩ་བ་དང་།། དཀའ་ཐུབ་ཅན་གྱི ་རྩ་གཅོད་དང་། ། ངན་འགྲོར་འགྲོ་བཞེས་ཀྱང་བྱ།། གལ་ཏེ་འཛམ་གླེང་གད་པའི།། གསང་དག་ཁྱོད་ཀྱིས་བྱིན་ན་ཡང་།། ཁབས་ཆོས་ན་སྲུང་བའི་བྱེར།། རྟག་ཏུ་བརྫུན་ནི་སྨྲ་མི་བྱེད།། དེ་ནས་པ ་བྱིན་གྱིས་སྤྲུལ་པའི་མོས། དེ་ལ་རྫུན་ཟར་དུ་གཟུགས་ནུས་ནས་སོང་ངོ་།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མོ་ཉི་འོད་དང་། ལྷ་མ་ཡིན་གྱི་བུ་མོ་བདེ་སྩོགས་ལ་འདི་སྐད་ཅེས་སྦས་སོ།། བྱེད ་གཉིས་སངལ་བརྒྱ་ཟུགས་དང་། རྦབ་བྱེད་པ་དན་འད་པ་ལ་ལངས་སྤྱད་བཞགགས།། དོ་འདོད་པད་ཏ་། གཔ་ག།། ད་རྒྱནས་པ་ཕྱོགས་དང་། ་གཉི་འོདདོ་ན་མནངས་ནས། ཕྱོགས་གད་ན་ངས་པ་འདུག་པའི་ཕྱོགས་དེར་སོང་ནས།། ངེས་པ་ལ་ཚིག་སྙན་པ་སྨྲས་ཏེ།། ངེས་པ་བཞེངས། བདག་ཅག་གཉིས་ནི་ཁྱོད་ཀྱི་བསྙེན་བསྐུར་བགྱིད་པ་ལགས་སོ།། ་ངེས་པ་བདག་ཅག་གཉིས་ཀྱི་གཟུགས་ཕུན་སུམ་ཚོགས་པ་ལ་གཟིགས།། ཤ་ཚུགས་དང་ཁ་དོག་དང་དབྱིབས་དང་། ལུས་བླུགས་པས་དང་། རྒྱན་དང་ཆས་དང་། ལྟ་བ་ལྦུབ་དག་ལ་གཟིགས།། ན་ཚོད་དང་པོའི། ་ལང་ཚོལ་བབ་པ་ལ་གཟིགས།། ངེས་པ་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་འདི་འདྲ་བ་བདག་ཉིད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ལ་གཟིགས།། ངེས་པས་ལྟས་ནས་སྨྲས་པ། ཁྱོད་གཉིས་ནི་སེམས་ཅན ་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི་ལྷ་དང་མིར་ཞུགས་པ་དག་གི་ནི་མ་ཡིན་ནོ།། ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང་། སྨི་ལམ ་གྱི་རདེ་བཞིན་ལྟ་བུར་ཁོ་བོས་མཐོང་ངོ་། ། ཁྱེད་གཉིས་ཀྱི་གཟུགས་ནི་དབུ་བ་དང་། ཆུ་བུར་དང་། སྨིག་རྒྱུ་ལྟ་བུར་མཐོང་ངོ་།། ཁྱད་ཙན་དན་གྱི་འདེགུས་ལུས་བྱུགས་པ་ནི་བགས་པ་རློན་པ་ཤས་གཡོག་པ་ལྟ་བུར་མཐོང་ངོ་།། ་ཁྱེད་ཀྱི་བརྒྱན་དང་ལྷ་བ་ལྟ་བ་ནི་མིག་སླུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ་།། ཁྱེད་ཀྱི་ལང་ཚོ་ནི་མི་རྟག་པ་དང་། འགྱུར་བའི་ཆོས་ཅན་དུ་མཐོང་ངོ་།། བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར།། ཁྱེད་གཉིས ་ལ་ཁོ་བོ་མ་ཆགས་སོ། ། ཁྱེད་གཉིས་ནི་སྤྲེའུ་དང་། བུད་མེད་ཀྱི་སེམས་ལྟ་བུར་གྱུར་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི། སེམས་དྲན་པས་ཀུན་ནས་བསྲུངས་པ་དག་གི་ནི་མ་ཡིན་ནོ།། ཆེ་ཞེས་དག་འདོད་པ ་ལ་བསྟེན་པ་ནི་མི་སྲེག་པའོ། ། འདོད་པ་ལ་སྦྱིན་པ་ནི་རིང་བའོ།། འདོད་པ་ལ་སྟེན་པ་ནི་རུལ་བའོ།། འདོད་པ་ལ་བསྙེན་པ་ནི་ཤིན་ཏུ་སྡུག་བསྔལ་བའོ།། འདོད་པ་ལ་སྟེན་པ་ནི་བདེ་བ་ཐམས་ཅད ་ཡོངས་སུ་འགྲིབ་པར་བྱེད་པའོ། ། འདོད་པ་ལ་སྟེན་པ་ནི་སེམས་ཅན་དམྱལ་བ་དང་དྲང་འགྲོའི་སྒྲགནས་དང་། གཤིན་རྗེའི་འཇིག་རྟེན་བསྙེན་པའོ།། འདོད་པ་ལ་སྦྱིན་པ་ནི་སྲིད་པའི་དན་བྱོན་གནས་པའོ།། ་པ་ལ་སྟེན་པ་ནི་འཐབ་པ་དང་། ཅོད་པ་དང་འགྱེད་པ་དག་ལ་སྟེན་པའོ།། འདོད་པ་ལ་སྟེན་པ་ན་མི་མཐུན་པ་དང་། གོར་ན་གནས་པའོ།། འདོད་པ་ལ་སྟེན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ།། འདོད་པ་ལ་སྟེན་པ་ནི་སྲིད ་པའི་བག་ལ་ཉལ་བ་ལ་གནས་པའོ། ། འདོད་པ་ལ་སྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་ཏུ་རྨོངས་ལ་ཀུན་ཏུ་རྨོངས་པའོ།། འདོད་པ་ལ་སྟེན་པ་ནི་ཉེ་བར་གཟིར་ཅིང་། རྣམ་པར་གཟིང་ལ་རབ་ཏུ་གཟིར་བའོ།། འདོད་པ་ལ ་སྟེན་པ་ནི་ཀུན་ཏུ་གདུངས་ཤིང་རྣམ་པར་གདུངས་ལ། ཡོངས་སུ་གདུངས་པའོ།། འདོད་པ་ལ་སྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་དགེ་བ་ཡོངས་སུ་ཉམས་པར་བྱེད་པའོ།། འདོད་པ་ལ་སྟེན་པ་ནི་མི་དགེ་བའི་རྩ་བ ་སྐྱེད་པའོ། ། འདོད་པ་ལ་སྟེན་པ་ནི་མི་དགེ་བའི་སྤྲིན་གྱི་དྲ་བས་ཀུན་ནས་ཁེབས་པའོ།། འདོད་པ་ལ་སྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་། གཟུགས་མི་སྡུག་པ་དང་། འདྲིས་པར་བྱེད་པ་དང་། ཤ་ཟ་མོ་དང ་འདྲིས་པར་བྱེད་པའོ། ། འདོད་པ་ལ་སྟེན་པ་ནི་བ་ལང་དང་། བོང་བུ་དང་ཁྱི་དང་ཕག་དང་། རྔ་མོ་དང་། གླང་པོ་ཆེ་དང་། རྟ་དང་ལུག་དང་ཝལ་སྟེན་པའོ།། འདོད་པ་ལ་སྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ ་སྟེན་པའོ། ། འདོད་པ་ལ་སྟེན་པ་ནི་ཚུལ་ཁྲིམས་དང་ཐོས་པ་དང་། གཏོང་བ་ཡོངས་སུ་འདོར་བ་ལ་སྟེན་པའོ།། འདོད་པ་ལ་སྟེན་པ་ནི་བརྟུལ་ཞུགས་དང་། དཀའ་ཐུབ་འདོར་བའོ། འདོད་པ་ལ་སྟེན་པ་ནི ་ཤིན་ཏུ་བག་མེད་པའོ། ། འདོད་པ་ལ་སྙན་པ་ནི་ཉོན་མོངས་པ་ཤིན་ཏུ་འཕེལ་བར་བྱེད་པའོ།། འདོད་པ་ལ་སྟེན་པ་ནི་ཤིན་ཏུ་བར་དུ་གཅོད་པར་བྱེད་དོ།། དེ་ནས་དེའི་ཚ་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ཚིགས་སུ་བཅད་པ ་འདི་དག་སྨྲས་སོ། ། འདོད་པ་མི་རྟག་རྟག་ཏུ་སྨད་པ་སྟེ།། ཤིན་ཏུ་སྡུག་བསྔལ་བདེ་བ་འཇིག་པར་བྱེད།། རྟག་ཏུ་ངན་སོངས་རྣམས་ཁྱིམ་དུ་གྱུར།། སེམས་རྨོངས་གྱུར་པ་དག་གིས་རྟག་ཏུ་བསྟེན།། འཐབ་རྩོད ་ཅན་དེ་མི་བདེན་མཚང་དུ་གྱུར། ། རྟག་ཏུ་འགྱེད་ཅིང་མི་མཐུན་གོ་རར་གནས།། འདི་དག་ཕྱིན་ཅི་ལོག་སྐྱེད་བཞི་ཡིན་ཏེ།། འདོད་སྟེན་སྲེད་པ་འཕེལ་བྱེད་བདེ་བ་མེད།། ནམ་རྨོངས་རབ་རྨོངས་དེ་བཞིན་ཀུན་ཏུ ་རྨོངས། ། འདོད་རྟེན་རྟག་ཏུ་གཟིར་ཅིང་གནོད་པ་སྟེ།། འདི་ནི་ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས།། སྡིག་པར་སྦྱོང་ཞིང་དགེ་བ་ཆུད་གཟོན་པ།། འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ།། འདོད་སྟེན་དཔེར་ན་སྤྲིན་གྱི ་དྲ་བ་འང་། ། འདོད་རྟེན་ཤབ་མོ་དང་སྲིན་མོ་དང་།། བུད་མེད་གཟུགས་མི་སྡུག་དང་འདྲིས་བྱེད་བཞིན།། འདི་ནི་བ་ལང་བོང་བུ་རྟ་དག་དང་།། ཕག་དང་ཁྱི་དང་ཝ་དང་རྔ་མོ་དང་།། གླང་ཆེན་ལུག་རྣམས་ཀྱིས་ཀྱང་སྟེན་པ་སྟེ། ་འདོད་པ་བྱེས་བུ་ངམ་པ་རྣམས་ཀྱིས་སྤངས།། འདོད་སྦྱིན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་།། དཀའ་ཐུབ་བརྟུལ་ཞུགས་རྣམས་ནི་འཛམས་པ་སྟེ།། འདི་ལ་རྟག་ཏུ་བག་མེད་ཉེས་པ་འཕེལ།། དཔྱི ་ཐང་འདོད་རྟག་ཏུ་བུད་མེད་སྤོང་། ། གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲ་བའི།། མདངས་ལྡན་གཟུགས་ཅན་དག་གིས་གང་གྱུར་ཀྱང་།། ཡོན་ཏན་གནས་པ་ཁ་བོའི་སེམས་གཅིག་ཀྱང་།། འདོད་ཆགས་ལ་ན་ནམས ་ཀྱང་སྟོན་མི་འགྱུར། ། དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སྩོགས་དང་།། ལྷའི་བུ་མོ་ཉི་འོད་སོང་ནས།། ལྷའི་དབང་པོ་བརྒྱ་བྱིན་ལ་ཚིགས་སུ་གཅད་དེ་སྨྲས་པ།། དེས་ནི་འདི་ནི་བུད་མེད་རྣམས་ཀྱི་སྐྱོན་ཡང་དག། གང ་ལགས་དེ་དག་ཤིན་ཏུ་མཐོང་བར་དོགས་མ་མཆིས། ། ཇི་ལྟར་དེའི་སེམས་ནི་ཡུལ་ལས་ལོག་གྱུར་པ།། དེ་ལྟ་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན ་གྲོང་ཁྱེར་གྱི་དབུལ་པོ་ངེས་པའི་ཐད་དུ་སོང་ནས། ། ཚིགས་སུ་གཅད་དེ་སྨྲས་པ།། ཅི་ཞིག་དོན་གཉེར་ངེས་པ་ཆོས་སྤྱོད་པ།། བརྟུལ་ཞུགས་དེ་ནི་སྤྱོད་པ་རྣམ་དག་སྨོས།། འདི་ཡིས་ཉི་ཟླ་འམ་ཡང་ན་དབང ་པོ་འམ། ཚངས་པ་འམ་ལྷ་རྒྱལ་ཅི་ཞིག་ཁྱོད་སློང་བྱེད།། ངེས་པས་སྨྲས་པ། ཉི་མ་ཟླ་བ་དེ་བཞིན་བརྒྱ་བྱིན་དང་།། ཚངས་པ་འམ་རྒྱལ་པོ་འམ་འདི་ན་གཞན་དག་ཀྱང་། འགྲོ་བ་རྒྱ་ཆེན་གང་ཡོད་དེ་དག་ཀུན། ་གར་བྱེད་ལྷ་བཞིན་མི་རྟག་མི་བརྟན་ན།། མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད།། གང་ལ་སྐྱེ་མེད་རྒ་མེད་འཆི་བ་མེད།། སྡུག་དང་མི་སྡུག་རྣམས་དང་ཕྲད་པ་འང་མེད།། འགྲོ་བ་ཀྲོལ་མཛད་སངས་རྒྱས ་འགྱུར་བྱ་ཞེས། ། དེ་ཐོབ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་དེས།། བརྒྱ་བྱིན་གྱིས་སྨྲས་པ།། པན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡིད་རང་སྟེ། ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་པར་གྲུབ་གྱུར་ཅིག། བདུད་རྣམས། ་སྔར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི།། ཤག་ཀྱ་སེང་གེའི་རྒྱལ་ལྟར་བྱང་ཆུབ་ཐོབ་གྱུར་ཅིག། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས། དུས་གཞན་ཞིག་ན། ནོར་བུ་རིན་པོ་ཆེ་རིན་ཐར་པ་མེད་པ་ཞིག ་ནས། དེ་འདི་སྙམ་དུ་སེམས་དེ། ནོར་བུ་རིན་པོ་ཆེ་འཇམ་བགླིང་ན། མཆོག་ཏུ་གྱུར་པ་འདི་དག་གིས། མཉན་ཡོད་འདིན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་སྦྱིན་གོར་མ་ཆག་གོ་སྙམ་ནས། ་དེགྲོང་བར་དུ་སོང་སྟེ་ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲག་སྒྲགས་པ་དང་།། དབུལ་པོ་མགོན་མེད་པ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་བ་ཡིན་གྱིས་བདག ་ས། ། རྣབས་སྨྲས་པ། བྱེད་ན་དབུམ་ཨུ0f7f། ན་པ་འདས་ཡ་ས་པག། ནག་ཀྱིལ་མ་གྱུན།། དེ་དགག་ས་ཟླལ་པ། གང་ཡོ་ས་པས་རྣས ་རྒྱལ་པོ་གསལ་རྒྱལ་འདི་ཡིན་ནོ། ། དེ་དག་གིས་སྨྲས་པ། ཁྱོད་དེ་སྐད་མཟེར་ཅིག། རྒྱལ་པོ་གས་ལ་རྒྱལ་ནི་ཕྱུག་ཅིང་ནོར་མངལ་ཡོངས་སྤྱོད་ཆེ་བ་ཡིན་གྱི།། བདག་ཅིག་ནི་དབུལ་ནིང་མགོན་མེད་པ་ཡིན་ནོ།། ་ངེས་པས་སྤྲས་པ། མནོར་མང་གིས་ནི་ཅི་ཞིག་བྱ།། རྒྱ་མཚོ་ལ་ནི་ཀླུ་རྣམས་བཞིན།། གང་དག་ཡིན་ཆོག་མེད་པ།། མ་འདམས་དེ་དག་དབུལ་པོ་ཡིན།། གང་དག་འདོད་པར་རབ་འཕེལ་ཞིང་།། ཡང་ཡིད་ནི་སྐྱེ ་འགྱུར་བ། ། རྨོངས་པ་དེ་དག་ཚེ་འདི་དང་།། ཕ་རོལ་ཏུ་ཡང་དབུལ་པོར་འགྱུར།། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་ངེས་པ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཡོངས་སུ་བསྐོར་ཅིང་།། ནོར་བུ་རིན་པོ་ཆེད་ཁྱེར་ནས་རྒྱལ་པོ ་གསལ་རྒྱལ་གྱི་དོན་བྱ་བའི་ཕྱིར་ས་ག་ལ་བ་དེར་སོང་ངོ་། ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཚོད་པོ་དང་ཁྱིམ་བདག་རིགས་དང་ལྡན་པའི་མཆོག་ལྔ་བརྒྱ་ཙམ་ཞིག་གཡོན་ཆུང་དུ་། ཁྱེར་བདོག་པ་ཐམས་ཅད་ཕྲོག་སོ། ་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ནོར་བུ་རིན་པོ་ཆེད་རྒྱལ་པོ་ལ་ཕུལ་ཏེ།། རྒྱལ་པོ་ཆེན་པོ་ནོར་བུ་རིན་པོ་ཆེ་རིན་ཟད་མ་མཆིས་པ།། འཛམ་བུའི་གླིང་ཐམས་ཅད་རི་བ་བདག་གིས་རྙེད་པ་འདི་ལ་བདག་གིས་འདི་སྙམ་དུ ་སེམས་ཏེ་མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ་མོ། ། དེ་ལ་བདཀྲི་འདི་སྙམ་དུ་བསམ་ཏེ། ཁྱོད་ནི་འདིན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགས་སོ་སྙམ་བགྱིད ་ཀྱིས། ཀྱེའི་ནོར་བུ་རིན་པོ་ཆེ་འདི་བཞེས་སུ་གསོལ།། དེ་ནས་རྒྱལ་པོ་གསལ་རྒྱལ་ཡུལ་ཡུལ་པོར་གྱུར་ཅིང་། ངོ་ཚ་བར་གྱུར་ནས། གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ལ་འདི་སྐད་ཅེས་སྨྲསོ།། དེས་པ་ཅིང་ཁྱོད ་བས་ཀྱང་ཆས་དབུལ་ལམ། ངེས་པས་སྨྲས་པ། སྤྱད་ལྟ་ལགས་ཏེ། བདག་པས་བྱེད་ཅེས་དབུལ་ལགས་སོ།། རྒྱལ་པོས་སྨྲས་པ། རྣམ་གྲངས་གང་གིས་དབུལ།། ངས་པས་ཚིགས ་བཅད་དེ་སྨྲས་པ། ། གང་གི་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་ལོངས་སྤྱོད་དག་གིས་ཆོག་མ་འཚལ།། གནོད་པ་གྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ། དེ་ནི་འདི་ན་འཇིག་རྟེན ་མི་སྲུང་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ་འཛིན། ། དེ་ཕྱིར་འདིན་དེ་ལ་རྟག་ཏུ་ཆོས་འདོད་རྣམས་ནི་དབུལ་པོ་ལགས་པར་སེམས།། གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་ཅན་རྣམས་ལ་ཐབ་མ་མཆིས་ཤིང་།། ་རྟག་པར་རྒྱུན་ཏུ་ངན་དོན་ཙམ་གྱི་ས་ཆོག་པར་འཛིན་ཅིང་འདོད་པ་མ་མཆིས་ལ།། ཉམ་ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས་པ།། དེ་ནི་ཕྱུག་ཅིང་ནོར་བཟང་ཤིན་ཏུ་ནོར་ཆེ་དད་པལ ་སྩོགས་ལོངས་སྤྱོད་གནས། ། གང་ཞིག་འགྲོ་བ་འདི་ན་དབང་ཕྱུག་རྒྱ་ཆེན་ལ་ཆོས་སྲུང་མི་བགྱི་དང་།། གང་ཞིག་འདི་ན་སྐྱེ་བོ་དམན་ཞིང་སྡུག་བསྔལ་གཟིང་བ་བཟུང་ནས་ཅདཔས་གཅོད།། གང་ཞིག་ཆུང་མ་དག་གིས ་མདུན་བལྟས་དགའ་ཞིང་འཇིག་རྟེན་ཕ་རོལ་མི་ལྟ་བ། ། དེ་ནི་ཆོས་སྲུང་མི་བགྱིད་ཤིན་ཏུ་དབུལ་ཞིང་དམན་པའི་མི་ཤེས་རིག་པར་བགྱི།། དད་པས་བསམ་པ་དྲི་མ་མེད་ཅིང་རབ་བ་རྟན་ཚུལ་ཁྲིམས་དག་ལ་ཡང་དག ་གནས། རྟག་ཏུ་རོ་ཚ་ཤེས་ཤིང་ཁྲེལ་ཡོད་ཐོས་པ་འཛིན་ཏེ་གཏོང་ལ་དགའ་བ་དང་། ཤེས་རབ་ཀྱི་ནི་མཐར་ཕྱིན་བློ་གྲོས་ལྡན་ཞིང་འཇིག་རྟེན་ཀུན་ལ་ལྟ་བགྱིད་པ།། དེ་དག་རྟག་ཏུ་མི་དབུལ་ཐོབ་ཅིང་ཆོས་འདོད་ནམ ་ཀྱིས་མཆོད་པར་འོས་པ་ལགས། ། གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས་པདེ་ལ་དགའ་ཞིང་གཏོང་བ་མ་མཆིས་ལ།། ལུས་དང་སྲོག་ལ་སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོ་དོན་ཏུ་མི་གཉེར་དང་།། གང ་དགེ་སློང་ཆེན་མོས་པ་ལྟ་བུར་རྟག་ཏུ་ཡིས་མོས་རྣམ་པར་རྒྱུ་བ་དང་། ། ལྷ་ཅིག་གང་དག་དྲན་པ་མ་མཆིས་དེ་དག་དབུལ་བ་ཉིད་ནི་ཐོབ་པ་ལགས།། གང་དག་དཀོན་མཆོག་གསུམ་པོ་དྲི་མ་མེད་ལ་གུས་པ་ཤིན་དུ་ཆེ་བ་དང་། ་སྲས་དང་སྲོག་དང་ནོར་རྣམས་ལས་ནི་རྟག་ཏུ་སྙིང་པོ་སུ་ལ་མངས་པདག། རྟག་ཏུ་མི་བཀམ་སྡང་བར་མི་བགྱིད་བེན་པ་མ་ལགས་རབ་ཏུ་རྒྱགས་མ་མཆིས།། གྷ་ཅིག་གང་དག་ཆོས་ཀྱིས་བརྒྱན་པ་དེ་དག་ནོར་ནི་སྐྱེས་བུད ་པ་ལགས། ཅིགསན་རྟག་དུནགས་ཀྱི་སན་སྤུན་སྐམ་པོ་སྲེག་པས་ཆོག་མ་འཚལ།། ཅིག་འཛིན་རྒྱ་མཚཅུ་ཀྲུང་རྣམས་ཀྱི་ཆུ་འཛིན་པས་ཀྱང་ཚོགས་ཚལ།། འདིན་ཉིམ་ཟླ་འདི་དག་པའལལ་བ་རྣཾསརྦྦ ་བས་ཆོག་མ་འཚལ། ། རྒྱལ་པོ་བཀ་མ་ཕྱིར་རྟག་ཏུ་ལོངས་སྤྱོད་དག་གིས་ཆོག་མི་མཁྱེན་པས་བརླག་པར་འགྱུར།། ཐུགས་ནི་གུམ་པར་གྱུར་པས་རྩ་མར་དག་གིས་སླར་ཡང་འབར་བར་ཡོད་མི་བགྱིད།། དེ་བཞིན་མ ་པ་ཤེས་རབ་ཆོག་པར་མི་འཛིན་ཉོན་མོངས་རྣམས་ཀྱིས་འབར་མི་བགྱིད། ། ཆུའི་ཐིགས་པ་བཞིན་དུ་རྒྱལ་སྲིད་དག་ཀྱང་འ་བརྟན་འཇིག་པར་རང་ཕྱོགས་ན།། གནོད་པའི་རྩ་བར་གྱུར་ཅིང་དགེ་བ་འཇོམས་པའི་རྒྱལ་སྲིད་དེ་ནི་སུ ་ཞིག་འཚལ། ། དེ་ནས་རྒྱལ་པོ་གསལ་རྒྱལ་སེམས་འཁྲུགས་ནས།། གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ངེས་པ་དེ་ལྟར་ང་ནི་དབུལ་ལ།། ཁྱོད་ནི་ཕྱུག་པར་ཁྱོད་ལ་དབང་སུ་ཡོད།། ་དེས་པས་སྨྲས་པ། ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉན་ཡོད་འདི་ན་བཞུགས་པ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། ངས་མཐོང་ཡང་མ་མཐོང་ངོ་།། ། ་ངེས་པས་སྨྲས་པ། ལྷ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་ཏུ་གྱུར་ཅིང་ཚད་མར་གྱུར་པ་སྟེ། དེ་ནི་བདག་གི་དཔང་ལགས་སོ།། རྒྱལ་པོས་སྨྲས་པ།། སོང་ལ་དེ་བཞིན་གཤེགས་པ་དེ་སྤྱན་དྲོངས་ཤིག་དང་། ་དེས་དི་ནད་དུ་མང་བ་སྟན་པ་དེ་བཞིན་དྲུངས་གཟུང་བར་བྱའོ།། དེས་པས་སྨྲས་པ། སྟོན་པ་དེ་ལ་ངན་བུའམ།། བཉས་གཞན་གཏོང་འོས་མ་ལགས།། འདི་ནི་བདག་གིས་བསམ་བགྱིས་ན། ་དེས་ཁྱེན་ནས་ནི་གཤེགས་པར་འགྱུར། འཇིག་རྟེ་དི་འམ་པ་རོལ་ལ།། དེ་ནི་མི་མ་ཁྱེན་ཅང་མི་མངར།། ཐུགས་ཀྱིས་བསམ་པས་ཁྱེན་ནས་ཀྱང་།། ལེན་པ་དེ་ནི་གགེགས་པར་འགྱུར།། སེམས་ཅན་རྣམས་ལ་གྲུ ་བས། ། དེ་ལ་ང་རྒྱལ་སྐྱོན་མི་མདའ།། སེམས་ཅན་རྣམས་ལ་ལེགས་དགོངས་པས།། ཤིན་ཏུ་རིང་དུའང་གཤེགས་འགྱུར་གྱིས།། རྒྱལ་ཆེན་བདག་གིས་གསོལ་པ་ལ།། ད་ནི་ལེགས་པར་ཐུགས་ཆེས་མཛོད།། གང་གིས་སྟོན ་པ་འདིར་གཤེགས་པའི། ། བདེན་པ་བྱིན་བརླབས་བགྱི་བར་འཚལ།། མེ་ཏོག་སྤོས་དང་མེ་ཏོག་འཕྲེང་།། རྒྱལ་མཚན་གདུགས་དང་བྱུག་པ་དང་།། སིལ་སྙན་སྟ་གོན་མཛོད་ཅིག་དང་།། འདྲེན་པ་དེ་ནི་གཤེགས་པར་འགྱུར། ་དེས་པས་ཐལ་མོ་སྦྱར་ནས་ཀྱང་།། ཕྲག་པ་གཅིག་ཏུ་གོས་གཟར་འདུག། པུས་མོས་ལ་བཅུགས་བྱས་ནས།། འདི་སྐད་དུ་ནི་ཚིག་ཀྱང་སྤྲས།། ཀུན་མཁྱེན་དེ། པ་གང་གིས་སུ།། བདག་གི་བསམ་པ་མཁྱེན་ཅེན།། བདེན ་པའི་ཚིག་ནི་འདི་ཉིད་ཀྱིས། ། ཐུབ་པ་བདག་གི་མདུན་ན་བཞུགས།། དེ་ནས་ཚིག་འདི་སྨྲས་ནས་ཀྱང་།། ས་ནི་རབ་ཏུ་གཡོས་པར་གྱུར།། ས་གཞི་རྣམ་པར་བརྟོལ་ནས་ནི།། དེ་བཞིན་གཤེགས་པ་བྱུང་བར་གྱུར།། རྫུ་འཕྲུལ་དག་དང་། ་ལྡར་པ་ཡི།། ཉན་ཐོས་ལྔ་བརྒྱས་ཡོངས་སུ་སྐོར།། བརྒྱ་ཕྲག་བཅུ་གཉིས་སྙེད་དག་གི། བྱང་ཆུབ་སེམས་དཔའ་རྣམས་དང་ནི།། སྦྱོང་བ་དང་ནི་ལྷ་དང་ཀླུ།། བརྒྱ་བྱིན་ཚངས་པས་མདུན་གྱིས་བལྟས།། དེ་འདྲིའི་རྫུ་འཕྲུལ་མཐོང ་དས་ནི། དེའི་ཚེ་འཇིག་རྟེན་ངོ་མཚར་འཛིན།། རྒྱལ་པོ་དཔུང་བཅས་བློན་པོར་བཅས།། སྟོན་པའི་ཞབས་ལ་འདུད་པར་བྱེད།། དེར་ནི་སྲོག་ཆགས་སྟོང་དག་གིས།། སྟོན་པ་ལ་ནི་མཆོད་པ་བྱས།། རྫོགས་པའི་སངས་རྒྱས་མཆོད་བྱས་རྦ ་བྱང་ཆུབ་དོན་དུ་ཡིད་བཏུང་ཀོ། ། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།། བཅོམ་ལྡན་འདས་ལ་ལན་བདུན་པསྐོར་བ་བྱས་ཏེ།། འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བདག་མཉན་ཡོད་འདིན་འཁྱམ་ནིང་མཆིས་པ་ལགས།། ནོར་བུ་རིནིན་པ་ཆེར་ན་ཟང་མ་མཆིས་བཞིག་རྙེད་ནས། དེ་ལ་བདག་འདི་སྙམ་བགྱིད་དེ།། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནིང་ད་དབུལ་པོ་གང་ལགས་པ ་དེལ་སྩལ་ཏོ་སྙམ་ནས། ། དེ་ལ་དག་འདི་སྙམ་བགྱིད་དེ། རྒྱལ་པོ་གས་ལ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང་ན་ཆེས་དབུལ་བ་སྟེ།། འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ན།། ངོམས་མ་འཚལ་པ་ལགས་སོ།། སླར ་ཤིང་དོན་ཏུ་གཉེར་བར་བགྱིད་པས་ན། ། ཆོག་མ་འཚལ་བ་ལགས་སོ།། གཞན་གྱི་ལོངས་སྤྱོད་དག་གིས་ངོམས་མ་འཚལ་བ་ལགས་སོ།། སྡུག་བསྔལ་བ་རྣམས་ལ་རྣམ་པར་ཐོ་འཚམ་པ་ལགས་སོ།། སྐྱིད་པ་རྣམས་ལ ་ཐལ་མར་འབྱིན་པ་ལགས་སོ། ། དབུལ་པོ་རྣམས་རབ་ཏུ་ཕུང་བར་བགྱིད་པ་ལགས་སོ།། ཕྱུག་པོ་རྣམས་ཚར་གཅོད་པ་ལགས་སོ།། ཤིན་ཏུ་རབ་ཏུ་མོས་པ་ལགས་སོ།། རྒྱལ་པོའི་ལོངས་སྤྱོད་རྣམས་དང་། སྲེད་པས ་རྣམ་པར་བཅིངས་པ་ལགས་སོ་སྙམ་ནས། ། དེ་ལ་བདག་གིས་སྩལ་ན། ལེན་པར་མི་བགྱིད་པར་འདི་སྐད་དུ་དེ་ལྟརང་ནི་དབུལ་ལ་ཁྱོད་ནི་འབྱོར་པར་ཁྱོད་ལ་དཔང་སུ་ཡོད་ཅེས་ཀྱང་མཆིའོ།། དེའི་སླད་དུ་བཅོམ ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པས། ། དེ་ཟློག་མི་སྤྱོད་པ་མི་མངའ་བ།། ཐ་བ་དང་དྲི་མ་དང་། ཁོང་ཐོབ་མི་མངའ་བ། བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་ལོངས་སྤྱོད། གསེར་དང་ནོར་བུ་དང་། མུ་ཏིག་དང་། བེ་རུརྱ་དང་། དུང་དང་ཤེལ་དང་། བྱི་རུ་དང་སེལ་སྦྲམ་དང་། ་དངུལ་དང་རྟ་དང་། གླང་པོ་ཆེ་དང་ཤིང་རྟ་དང་། དཔུང་བུ་ཆུང་དང་། གཞོན་པ་དང་མཛོད་དང་། བང་མཛོད་དང་། ཐོབ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་པོ་སྙམ་དུ་སེམས་སོ།། རྒྱལ་པོ་ཆེན་པོ་དེས ་པས་ནི་སྦྱིན་པ་དང་དུལ་བ་དང་། ལེགས་པར་སྡོམ་པ་དང་། བཟོད་པ་དང་། དེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་དཀའ་ཐུབ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ ་གནས་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དང་བ་དང་། དད་པ་དང་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བརྟན་པ་དང་། སྡོམ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་པོ་སྙམ་དུ་སེམས་སོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འོག་ཏུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འདི་ལྟར ་ཁྱོད་དང་འདྲ་བར། ནོར་དང་ལྡན་པར་གྱུར་ཀྱང་། དེ་དག་ནི་ངེས་པས་གོམ་པ་བདུན་པོར་པའི་བར་གྱི་ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དཀའ་ཐུབ་དང་། བག་ཡོད་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི ་ཆར་ཡང་མི་ཕོད་པ་ནས། ། དཔེའི་བར་དུ་ཡང་མི་བཟོད་དོ།། གསལ་རྒྱལ་གྱིས་གསོལ་པ།། བཅོམ་ལྡན་འདས་བདག་ཤིགི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་གནས་པ་ནི་བདག་གིས ་རྙེད་པ་ལེགས་པར་རྙེད་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལ་བུ་དང་ལྡན་པ་དག་པང་དུགནས་སོ།། དེ་ནས་རྒྱལ ་གསལ་རྒྱལ་གྱིས། ། ངེས་པ་ལ་ཚིགས་སུ་གཅད་དེ་སྤྲས་པ།། ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་དེས་བཅོམ་ཕྱིར།། དེས་པ་ཁྱོད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ།། རྒྱལ་སྲིད་འདི་ཀུན་ཁྱོད་སྦྱིན་ཁོ་བོ་དཔུང ་དང་བཅས། ཁྱོད་ཀྱི་སློབ་ས་ཡིན་གྱིས་ཁྱོད་ཀྱིས་བདག་སྤོབས་ཤི།། ཁ་བ་ཡུན་རིང་དག་ཏུང་རྒྱལ་གྱིས་ཀྱང་བསྡུས།། སྡིག་པ་འགྲོགས་པ་དག་གིས་བསྐོར་ཅིང་བཟུང་བ་ལས།། དེས་པ་ཁྱོད་ཉིད་ལདྲན ་ཆོས་འདི་ཐོས་པས་ན། ། རབ་ཏུ་བསྡམས་ཏེ་ལ་ཐོས་ཆོས་བཞིན་སྤྱད་པར་བྱ།། ཁྱིམ་ན་གནས་པ་བ་རྒྱ་ཕྲག་ལྔ་པོ་འདི་དག་ནི།། ནོར་གྱི་ཆེད་དུ་ཁོ་བོས་གོ་རབཅུག་པ་སྟེ།། ཁོབས་ཐམས་ཅད་གཏང་གིས་བདེས ་འབོད་པར་གྱིས། ། ཕྱིན་ཅད་འདི་འདྲ་བ་དག་ཁོ་བོ་ཡོད་མི་བྱེད།། ལྔ་བརྒྱ་གཏང་བར་གྱུར་པ་གང་ཡིན་དེ་དག་ཀྱང་།། དེས་པ་ལ་ནི་ཞེས་ལེགས་པར་བསྐྱེད་ནས་ཀྱང་།། སེམས་ནི་སྐྱེ་བར་གྱུར་ཅིང་ཅི་ལའང་མི་བལྟ་བར ་བདེ་བ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་བཏབ། ། ད་ནི་དབུལ་པོ་མ་ཡིན་ཁྱོད་ནི་དབུལ་པོ་ཞེས།། དེས་པ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྤྲས་པ་སྟེ།། དེས་པ་ལ་ནི་གང་ཞིག་དབུལ་པོ་ཞེས་བརྗོད་པ།། མིད ་རྒྱལ་པོའི་ཁྲིམས་དང་འགལ་བར་བྱེད་པ་ཡིན། ། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དེས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་འདི་ནི།། བཅོམ་ལྡན་འདས ་ལ་ལྟ་བས་ཆོག་མ་འཚལ། ལགས་ན་བཅོམ་ལྡན་འདས་དེའི་སླད་དུ། ཅི་ནས་འདི་དག་གིས་དེ་བཞིན་གཤེགས་པ་མཐོང་བར་དོན་མཆིས་པར་གྱུར་པ་དེ་ལྟ་དེ་ལྟར་འདི་དག་ལ་ལེགས་པར་ཆོས་བསྟན་ཏུ་གསོལ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་བ། ། དེས་པ་རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། བཞི་གང་ཞེ་ན། ཡིད་ཆེས་པ་དང་། དད་པ་དང་འཕངས་པར་འཛིན་པ་དང་།། གུས་པ། ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན།། དེ་བཞིན་གཤེགས་པ་ལགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན་བདག་ཀྱང་འདི་འདྲ་བར་གྱུར་ན་ཅིག་ཅེས་བླ་ན་མེད་པ ་xxx། xxx ་xxx། xxx ་xxx། xxx ་དང་ཐམ་མ་དང་། ནས་#།། གངདག་། ན། ་བྱར་བདག་རྣམ་པ་དག་པ་དང་། སེམས་ཅན་མེད་པའི་ཕྱིང་མམས་ཅན་ནམ་པ་དག་པ་དང་། ཚིག་ས་དཔའི་བྱེང་ལྡནན་པ་པ་དག་པ་དང་། གང་ཅ་ཟད་པར་བྱང་ན་མ་ད་། ཕན་པད་། ་དང་ལྡནཀ་ད་གགས་པལགས་པར་མ་པ་ནན།། གནས་པནས། !་མག་མན་པར་བྱུང་བ་མ་པ་དང་།། གས་བ་ཀྱིམ་ཅན་སྤྱད་པ་དང་། མ་ཀྱི་གགསསས་རྒྱག་པ་དང་། ་སངས་རྒྱས་ཀྱི་སྤྱན་རྗེས་སུ་རྟོགས་པར་བྱེད་པ་སྟེ། བཞི་པདེ་དག་དང་ལྡན་ན་དེ་བནན་གཤེགས་པ་ལེགས་པ་མཐོང་བ་ཡིནན།། ས་ས་པའི་ཕྱིར་ཚུལ་ཐམས་ཀྱི་ཐང་གིཡོངས་སུ་ན་པ ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བར་བྱེར། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། དེའི་རྣམ་པར་བྲམ་ཚར ་མཐོང་བའི་ཕྱིར། རྣམ་པར་གྲོལ་པ་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པས།། རྗེ་བ་རགས་ཀྱི་བརྣས་བཞི་བ་དེ་དག་དང་ལྡནན། དེ་བཞིན་གཤེགས་པ་ལོགས་པར་མཐང་བཞིནན།། ད་ནས་བཅོམ་ལྡ། ་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་ནས། དད་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ་བར་སྣང་ལ་གཤེགས་སོ།། དེ་ནས་ཀས་ལའི་རྒྱལ་པོ་གསལ་རྒྱལ ་གྱིས། རིགས་ཀྱི་བུ་ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། དེས་པ་ཁྱོད་ནམ་དེ་བཞིན་གཤེགས་པ་ལ་ལྟར་འགྲོ་བ་དེའི་ཚེ། ཁོ་བོ་ལ་ཡང་སྦྲོན་ཅིག་དང་། ཁོ་བོ་ཡང་དེ་བཞིན་གཤེགས་པ་ལ་ལྟར་འགྲོ་བོ།། དེ་བས་སྨྲས་པ ་རྒྱལ་པོ་ཆེན་པོ་དེ་ལྟར་བགྱིའོ། ། བདག་ནི་ཁྱོད་བུད་མེད་དང་། གཞོན་ནུ་དང་། བློན་པོ་ལ་སྩོགས་པའི་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ལ་གཟིགས་སུ་གཤེགས་པ་འཚལ་ལོ།། རྒྱལ་པོ་ཆེན་པོ་བྱང་ཆུབ ་དཔའ་སེམས་དཔའ་རྣམས་ནི་བདག་ཅིག་པྲ་ལ་ཕན་པའི་ཕྱིར་ཞུགས་པ་མ་ལགས་ཏེ། ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་ཕལ་པོ་ཆེན་མཛེས་སོ།། རྒྱལ་པོས་སྨྲས་པ། དེས་པ་བྱང་ཆུབ་སེམས་དཔའི་འཁོར་གང་ཡིན། ་ངེས་པས་སྨྲས་པ། རྒྱལ་བཆེན་པོ་ཡོངས་སུ་སྨིན་པར་བརྗོད་པ་དང་། གདུལ་བའི་སླང་དུ་སེམས་ཅན་ཐམས་ཅད་ན་བྱང་ཆུབ་སེམས་དཔའ་འ་བོར་ལགས་ས།། རྒྱལ་བ་ཆེན་པོ་གཞན་ཡང་ཐེག་པ་གཞན་ལ་འདོད་པ་མམཚ ་པའི་སླད་དྲུག་ཞན་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་ཏུ་འདུག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་འབོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་གཡོན་ཅན་འདུལ་བར་འགྱུར་བའི་ལྡག་པའི་བསམ་པ་ནི་བྱང་ཆུབ་སེམས ་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཕྱིར་མི་ཟློག་པར་འགྱུར་བའི་འདུན་པ་དྲག་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལེགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བགྱིད་པ་འགྱུར་བའི་སྦྱིན་པ་ནི་བྱང་ཆུབ ་སེམས་པའི་འཁང་ལགསས། ། རྒྱལ་བཅན་ཐསེམས་ཅན་ཚུལ་ཁམས་འཚམ་པའ་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་པའི་འཁོར་ལགས་སོ།། ་པོ་ཆེན་པོ་སེམས་ཅན་གནོད་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བགྱིད་པར ་འགྱུར་བའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་སེམས་རྣམ་པར་གཡེངས་པ་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསམ་གཏན་ནི་བྱང་ཆུབ་སེམས ་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་འཚལ་བའི་ཤེས་རབ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམ་ཅན ་ཐམས་ཅད་ལ་སེམས་སྙོམས་པའི་འབྱམས་པ་ནི་བྱང་ཆུབ་སེམས་པའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་འཁོར་བ་ལ་ཡོངས་སུ་མི་སྐྱོ་བའི་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའི་དགའ་བ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།། ་རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར ་བགྱིད་པར་འགྱུར་བའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་པ་སྩོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང་། ་མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཚིག་བཙུན་པར་འགྱུར་བའི་བདེན་པ་དང་། མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་། ཐིང་སྐད་མི་བགྱིད་པ་ན་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་བརྗེད་ངེས་པར་མི་འགྱུར་བའི་ཐོས་པའི་ཡོ་བྱད་སྩོགས་པ་ནི་བྱང་ཆུབ ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་བའི་སླད་དུ། སློབ་དཔོན་དང་མཁན་པོ་ལ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངས་སུ་འཛིན་པ ་ན་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན ་མ་དང་བ་དང་བར་འགྱུར་བའི་འཚོ་བ་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབ་པར་འགྱུར་བའི་བག་ཡོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལག་སོ།། ་དེ་ནས་རྒྱལ་པོ་གསལ་རྒྱལ་དགའ་ཞིང་མགུ་ལ་ཡིད་རངས་ཏེ།། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས།། རྒྱལ་པོ་ལ་འོས་པའི་རས་བཅོས་བུ་ཟུང་སྟོང་ཆོས་ལ་དགཔ་པའི་ཕྱིར་ངེས་པ་ལ་བྱིན་ནོ།། ་ངེས་པས་སྨྲས་པ།། རྒྱལ་པོ་ཆེན་པོ་བདག་ལ་བཀུར་སྟི་དང་མཆོད་པ་མཛད་པས་འཚལ་ཏོ།། གང་གིས་བདག་ལ་འཚལ་བར་འགྱུར་བའི་གོས་རས་དྲལ་བའི་དུམ་བུའི་བརྒྱ་བཙོགས་པ་བདག་ལ་མཆིས་པས། བདག ་ནི་བདག་གི་འཛིན་པ་དང་། བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ།། རྒྱལ་པོ་ཆེན་པོ་དཔྱིད་ཀྱི་དུས་ན་རས་རུལ་པའི་དུམ་བུའི་གོས་འདི་ཤིང་གི་ཡལ་ཀ་ལ་ཀས ་ཏེ། གུང་གཅིག་གམ་དགུང་གཉིས་སམ། དགུང་བཅུའམ་དགུང་བརྒྱར་མཆིས་ཀྱང་དེ་ལ་སུ་ཡང་ལེན་པ་མམ་ཆི་ནི་དེ་ལ་ཡུ་ཡང་ཆགས་པའི་སེམས་སྐྱེད་པ་མ་མཆིས་ཏེ།། བདག་ཀྱང་དེ་བོར་ནས་མི་ལྟ་བར་མཆི་བའི ་དུས་དེ་མཆིས་སོ། ། རྒྱལ་པོ་ཆེན་པོ་དག་ནི་བདག་གིར་འཛིན་པ་དང་། ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་གང་ལ་བདག་ཉིད་ཀྱང་འདོད་པ་སྤོང་བར ་འགྱུར་ཞིང་། གཞན་ཡང་འདོད་པའི་སེམས་སྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅིང་བར་བགྱིའོ།། རྒྱལ་པོས་སྨྲས་པ། ངེས་པ་གལ་ཏེ་དེ་ལྟར་རས་བཅོས་བུ་ཟུང་འདི་དག་ཁྱོད་མི་ལེན་ན་ཁོ་བོ་ལ་སྙིང་བརྩེ་བའི ་བྱི་རྐང་པས་རྫས་ཤིག། ངེས་པས་ལྷད་དེ་བཞིན་དུ་བགྱིའོ།། ཞེས་སྨྲས་ནས། རས་བཅོས་བུ་ཟུང་དེ་དག་ལ་རྐང་པས་བརྫིས་ཏེ་སོང་ངོ་།། རྒྱལ་པོས་སྤྲས་པ། ངེས་པས་རས་བཙས་བུ་ཟུང་ཁྱོད་ཀྱི་རྐང་པར ་སྨན་པར་གྱུར་པ་འདི་རྣམས་ཇི་ལྟར་བྱ། ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དབུལ་པོ་གཅེར་བུ་གོས་མ་མཆིས་པ་གང་ལགས་པ་དེ་དག་ལ་སྩོལ་ཅིག། རྒྱལ་པོ་ངེས་པ་དེ་ལྟར་བྱའོ་ཞེས་སྨྲས ་ནས། རྒྱལ་པོའི་མི་རྣམས་ལ་སྒོ་སྟེ། དེ་དག་གིས་ཀྱང་ཇི་སད་བསྒོ་བ་དེ་བཞིན་བྱས་སོ།། རས་བཅོས་བུ་ཟུང་དེ་དག་དབུལ་པོ་དེ་དག་གིས་བགོས་མ་ཐག་ཏུ་འདི་སྙམ་དུ་སེམས་སྐྱེད་དེ། བདག་ཅག་གིས་ངེས་པལ ་ཇི་ལྟར་ལན་གླན་པར་བྱ་སྙམ་པ་ལས་སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་། ངེས་པའི་སྨོན་ལམ་གྱི་སྟོབས་ཀྱིས། དེ་དག་གིས་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་ཐོས་སོ།། འདོད་པ་བཞིན་དུ་ལན་ནི་ཀླན་བྱ་བ། ་མེ་ཏོག་དང་ནི་བློས་དང་བྱུག་པ་དང་།། ཟས་སྐོམ་ནོར་རྣམས་ཀྱིས་ཀྱང་མི་ནུས་ཏེ།། བྱང་ཆུབ་སེམས་ཀྱིས་ངེས་པ་དགའ་བར་འགྱུར།། ངེས་པ་ཟས་དང་གོས་འདོད་མ་ཡིན་ཏེ།། རྙེད་དང་བཀུར་སྟི་གྲགས་པ་འདོད་མ་ཡིན ་ངེས་པ་བྱང་ཆུབ་སེམས་ལས་ཆེས་འདོདདེ། ། བྱང་ཆུབ་སེམས་ཀྱིས་ངེས་པ་དགའ་བ་སྟེ།། དེ་ནས་དུས་གཞན་ཞིག་ན་རིགས་ཀྱི་བུངེས་པ་དང་། རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས། གླེན་པ་དང་བཅས ་འཁོར་དང་བཅས་པ་དང་། མཉན་ཡོད་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་དང་། སྲོག་ཆགས་བརྒྱ་ཕྲག་མང་པོ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དོང་ངོ་།། དེ་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད ་ཀྱི་ཚལ་གྱི་བར་དུ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འཁོར་གྱི་ཁྱམས་ཆེན་པོ་ཀྲབ། ལྷན་སྡུག་པ་ཡངས་ཤིང་མཐོལ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདི་ལྟ་སྟེ་དཔེར་ན། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི ་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་བུ་ཞིག་སྤྲུལ་ཏེ། ། དབུས་སུ་ཤིང་ཡོངས་འདུས་བརྟོལ་སྤྲུལ་ཏོ།། ཡོངས་འདུས་བརྟོལ་གྱི་དྲུང་དུ་ཡང་། བཅོམ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་བཀྲབ་ལྟ་ན་སྡུག་ཅིང་ཆུ་ནད ་གབ་པ་ལ། ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་མངོན་པར་སྤྲུལ་ཏོ།། བྱང་ཆུབ་སེམས་དཔའ་རྣམ་ཀྱི་སྟན་དྲུག་ཁྲི་དག་ཀྱང་མངོན་པར་སྤྲུལ་ཏོ།། ལྷ་མ་ཡིན་གྱི་བུམོ་བདེ་སྩོགས་དང་ལྷའི་བུམ ་ཁྲི་གཉིས་སྟང་མེ་ཏོག་དང་གདུག་པ་དང་། སྤོས་དང་མེ་ཏོག་དང་ཕྲེང་བ་དང་བྲུག་པ་དང་། ལྷའི་ཅན་དན་གྱི་རྩེ་མདག་བྱར་ནས་སིལ་སྙན་དང་ཕེག་རྡོབ་པ་དག་བྱེད་ཅིང་། ངེས་པའི་གཡོག་བྱ་བའི་ཕྱིར། བཅོམ་ལྡན་འདས ་ཀྱི་སེང་ཀའི་ཁྲི་བརྒྱན་པར་བྱེད་དོ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་འོང་བར་ཐུགས་སུ་ཆུད་ནས། གཙུག་ལག་ཁང་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས ་ཡོངས་སུ་བསྐུར་ཅིང་གདན་བཤམས་པ་ལ་བཞུགས་སོ། ། དེ་ནས་དྲ་ཟའི་བུ་ག་དྲུག་པུད་ལྔ་པས། ལྷའི་བུ་མ་ཉེ་འོད་ལ་སྨྲས་པ། བཟང་མོ་ཆུང་ཤག། ངེས་པའི་གཡོག་བྱ་བའི་ཕྱིར་དྲུང ་ཀྱི་སྒྲ་དང་། ཀླུའི་སྤྱད་དབྱས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱའོ།། དེ་ནས་ལྷའི་བུ་མོ་ཉི་འོད་ཀྱིས་ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་། ཐབས་གཅིག་ཏུ་རྒྱུད་ཀྱི་སྒྲར་སྦྱར་བའི་ཚིགས་སུ་བཅད་པ་དག་གིས ་བསྟོད་པ། ། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔོན་ཆད་དཀའ་ཐུབ་སྤྱད།། ཁྱོད་ནི་བསྡུ་པ་དག་དང་དུལ་དང་སྦྱིན་ལ་དགྱེས།། ཁྱོད་ནི་སྐུ་གསུང་ཐུགས་རྣམས་ཡོངས་སུ་དག་པདེ།། སྲིད་གསུམ་འཛག་རྟེན་ཐམ ་ལ་ནི་བདག་ཕྱག་འཚལ། ། ཁྱོད་ནི་ཐ་བ་མི་མངའ་བཟོད་དང་བྱམས་ལ་དགྱེས།། ཁྱོད་ནི་བརྩོན་འགྲུས་བརྟན་དང་སྟོབས་ཀྱི་ཕ་རོལ་གཤེགས།། ཁྱོད་ནི་བསམ་གཏན་བློ་དང་ཚུལ་རྣམས་སྣང་ལ་དགྱེས།། ་དྲིམ་གསུམ་གྱི་ཉེས་པ་སེལ་ལ་བདག་ཕྱག་འཚལ།། ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ་ལ་དགྱེས།། ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན།། ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན ་ཡང་མཁྱེན། སྲིད་པ་གསུམ་པོ་ཐར་པར་མཛད་ལ་བདག་ཕྱག་འཚལ།། ཁྱོད་ནི་མཐོང་བ་རྣམས་ཀྱི་ཐེ་ཙོམ་སེལ་བར་མཛད།། ཁྱོད་ནི་མཐོང་བ་རྣམས་ཀྱིས་སྐྱོན་རྣམས་མཐའ་དག་སེལ།། ཁྱོད་ནི་མཐོང་བ ་རྣམས་ལ་མཆོག་ཏུ་དགའ་བ་མཛད། ། བདག་ནི་རྒྱལ་ལ་སྲོག་གིས་སྐྱབས་སུ་མཆི་བར་བགྱི།། ལྷའི་བུ་མོ་མཆོག་ནི་འདོད་ཆགས་ཆགས་གྱུར་པ།། གང་གིས་མཐོང་བ་དེ་ཡང་ཆོས་ལ་དགའ་བར་འགྱུར། ་དགའ་བས་དྲན་པ་ཤིན་ཏུ་རྒྱ་ཆེན་ཐོབ་འགྱུར་ཏེ།། དགའ་བས་སྡུག་ལ་འདོད་པའི་དགའ་དང་བྲལ་བར་འགྱུར།། མཚན་མཆོག་སུམ་བཅུ་རྩ་གཉིས་དག་གི་བརྒྱན་རྣམས་ཀྱིས།། ལེགས་པར་བརྒྱན་པ་གསལ ་བའི་ཡོན་ཏན་མཆོག་མངའ་བ། ། གསུང་མཆོག་མིའི་དམ་པའི་གསུང་ནི་རྣམ་པར་དག། མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ།། འཕགས་པ་འཛམ་བུའི་ཆུ་བོའི་གསེར་མདོག ་ཕྱག་མཐིལ་སྡུག། ཐུབ་པའི་སྐུ་བསྟོད་སེང་གེའི་འདྲ་ཞིང་གླང་ཆེན་སྟབས།། སྨིན་ཚུགས་ལེགས་ཤིང་ཤ་དང་ལེན་ས་ཚེམས་སྟོ་ས་ཐདས་བཟང་འཛེག་དཔལ་གྱི་སྙིང་པོ་ཤག་ཀྱ་ཐུབ་མཆོག་ཁྱོད་ལ་འདུང་།། ་རྒྱལ་བའི་ཡོན་ཏན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ།། བདེ་གཤེགས་ཤིན་ཏུ་དག་པ་བསྐྱེད་མཛད་བསྟོད་པ་ཡི།། བསོད་ནམས་ཡོན་ཏན་མཐའ་ཡས་བསྒྲུབས་པ་གང་ལགས་པ།། དེ་ཡིས་འདིར་ནི་འཇིག ་རྟེན་སངས་རྒྱས་མཉམ་གྱུར་ཅིག། དེ་ནས་རིགས་ཀྱི་བུ་དེས་པ་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་གིས་ཡོངས་སུ་བསྐོད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རིགས་ཀྱི་བུ་དེས་པ་ལ་ཁྲིའུ་བསྟན་བཟང་པོ་བདག་ཉིད་ཀྱིས་བྱིན་ཏོ།། འདི་ལ་འདུག་ཤིག་ཅེས་བྱས་ནས། ་རིགས་ཀྱི་བུ་དེས་པ་ཁྲིའི་སྟན་བཟང་པོ་དེ་ལ་འདུག་གོ།། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། རང་རང་གི་སྟན་ལ་འཁོད་དོ།། དེ་ནས ་རིགས་ཀྱི་བུ་གང་དག་གིས་ངེས་པ་མངོན་མཐོང་བ་དེ་དག་འདི་སྐད་དུ་དབུལ་པོ་གོས་ངན་པ་གྱོན་པ་འདི་ལ་འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་ཟེར་ཏོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་དེ་དག་ལ་འདི ་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་འདི་ལ་བརྙེས་པར་མ་བྱེད་ཅིག། རིགས་ཀྱི་བུ་འདི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་པ་དང་། ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ།། གྲོགས་པོ་དག་ཁྱེད་རེ་ཤིག་སྡོད་ཅིག། ་དང་། རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ།། དེ་ནས་རིགས་ཀྱི་བུ་དེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་བཀོད་པའི་ཐབས་དང་། ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱི ་སྐུ་ལས་འོད་ཕྱུང་སྟེ། འོད་དེས་ངེས་པའི་ལུས་ལ་རེག་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཅི་འདྲ་བ་དེ་ལས་འབུམ་གྱུར་པས་ཀྱང་ཆེས་ལྷག་པར་གྱུར་ཏོ།། དེ་ནས་ལྷའི་བུ་དེ ་དག་ལ་མཚན་དུ་འཛིན་པར་གྱུར་ཏེ། དེས་པ་ལ་མེ་ཏོག་དག་གིས་གཏོར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པ་ལ་བཀའ་སྩལ་པ།། ངེས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི ་མཐུལ་གནས་པའི་ཚེ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དམན་པར་སྟོན་ཅིང་དམན་པའི་མཐུ་ལ་གནས་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོག་ཏུ་སྟོན་པར་བྱེད་པ་འདི་ནི་དེའི ་བཀོད་པ་ཡིན་ནོ། ། ཡེ་ཤེས་ལ་གནས་ཀྱང་མི་ཤེས་པར་སྟོན་ཅིང་མི་ཤེས་པར་སྟོན་ཀྱང་། ཤེས་པར་སྣང་བ་འདི་ནི་དེའི་བཀོད་པ་ཡིན་ནོ།། ཡེ་ཤེས་མ་ཐོབ་པ་རྣམས་ལ་ཡང་ལུས་ཀྱི་སྤྱོད་པ་དང་། སྤྱོད་ལམ ་གྱིས་དང་བ་སྐྱེས་པར་བྱེད་ཅིང་། ཡེ་ཤེས་ཐོབ་པ་རྣམས་ལ་ཡང་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པས། རྫུ་འཕྲུལ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། རྟག་ཏུ་སེམས་ལ་དབང་བྱེད་པས། ངན ་ཅིང་དབུལ་བར་སྟོན་ཀྱང་ཚངས་པས་ཀྱང་མཆོད་པ་དང་། མཆོག་གི་བཀོད་པ་ལ་གནས་ཀྱང་སྐྱེ་བོ་ཕལ་ཀྱིས་ཀྱང་མཆོད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། སེམས་ཅན་བསྡུ་བའི་ཕྱིར་ངན་ཅིང་དབུལ་བར་ཡང་ཉེ་བ ་སྟོན་ལ། སེམས་ཅན་རྣམས་ལ་མངོན་པར་འབྱུང་བ་བསྐྱེད་པའི་ཕྱིར། ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ཡང་མངོན་པར་འབྱུང་བ་སྟོན་པ་འདི་ནི་དེའི་བཀོད་པ་ཡིན་ནོ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་དེས་པས་ཇི་སྲིད་ཅིག་ནས་བྱང་ཆུབ་ཀྱི་ཕྱིར་སྤྱད་པར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་རིགས་ཀྱི་བུ་ངེས་པ་ནི ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། སྔོན་གྱི་ཚུལ་ཕུན་སུམ་ཚོགས་པ། བཟོད་པ་གསུམ་ཐོབ་པ། སྤོབས་ཐོབ་པ། མངོན་པར་ཤེས་པས་རྣམ་པར་བརྩེ་བ་བྱས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ ་བབལ་མཁས་པ་སྟེ། ངན་ཅིང་དབུལ་བས་སེམས་ཅན་རྣམས་འདུལ་བར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་འདིས་ངན་ཅིང་དབུལ་བ་འདིས་སེམས་ཅན་ཇི་སྙེད་ཅིག་བཏུལ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཡོངས་སུ་སྨིན་པར་བྱས་ཏེ། མི་རྣམས་ཀྱང་དེ་དང་འདྲའོ།། ཀུན་དགའ་བོས་གསོལ་པ། བཅོམ་ལྡན ་འདས་ཇི་སྲིད་ཅིག་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར།། འདིའི་སངས་རྒྱས་ཀྱི་ཞག་བཀོད་པ་རྣམས་ནི་ཅི་འདྲ་བ་ཞིག་དུ་འགྱུར།། མིང་ནི་ཇི་སྐད ་ཅེས་བགྱི་བཞིག་ཏུ་འགྱུར་ལགས། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། སེམས་ཅན་དོན་ལ་བརྩོན་དང་བརྟུལ་ནགས་བརྟན་པ་དང་།། གྲགས་པ་རྒྱ་རྟེན ་དག་གིས་བསམ་པ་ཁྱབ་བྱས་དང་། ། བྱང་ཆུབ་ཡོན་ཏན་གནས་པའི་སྤྱོད་པ་ཅི་འདྲ་བ།། ངས་ནི་ཁྱོད་ལ་བཤད་ཀྱིས་ཀུན་དགའ་ཁྱོད་ཉོན་ཅིག། འདི་ནི་རྒྱལ་ལ་མཆོད་མཆོག་ཕྱིར་ནི་གུས་བྱེད་ཅིང་།། དམ་པའི་ཆོས་ནི ་བསྲུང་ཕྱི་རབ་ཏུ་བརྩོན་བྱེད་པ། ། ངེས་པ་ཡི་ནི་སྤྱོད་པའི་རྣམ་པ་གང་ཡིན་པ།། དེ་དག་འདིར་ནི་བགྲང་བར་ནུས་པར་མི་འགྱུར་རོ།། ཕ་རོལ་ཕྱིན་པ་འདི་དག་ལ་ནི་ལེགས་པར་སྐབས།། མངོན་པར ་ཤེས་པ་དག་གིས་སྔོན་ཆད་བྱེ་བ་བྱས། ། ཚངས་པའི་གནས་རྣམས་ཀྱིས་ནི་མཐའ་མར་བྱིན་པར་སོང་།། ཐབས་ལ་མཁས་པའི་སྤྱོད་པ་དག་ལ་ལེགས་པར་བསླབས།། འདིར་ནི་དེ་ཡིས་འདུས་བྱས་སྐྱོན་རྣམས ་ལེགས་པར་མཐོང་། ། སངས་རྒྱས་བྱང་ཆུབ་ཀྱང་ནི་མངོན་སུམ་གྱུར་པར་བྱས།། འདིས་ནི་སེམས་ཅན་ཇི་ལྟ་ཇི་ལྟར་ཐར་འགྱུར་བའི།། རྣམ་པར་སྨིན་པའི་མཚན་ཉིད་ལ་ཡང་ལེགས་པར་སྐབས།། འཇིགས ་པམེད་ཅིང་བློ་དང་རྟོགས་དང་དྲན་དང་ལྡན། ། སྤོབས་པ་དང་ནི་གཟུངས་རྣམས་དང་ཡང་ལྡན་པ་སྟེ།། བདུད་ཀྱི་ལུགས་ཀྱི་ཉོན་མོངས་རྫས་ལས་ངེས་བྱུང་ཞིང་།། སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས། ་འཇིག་རྟེན་ཆོས་རྣམས་མང་པོ་དག་གིས་མགོས་ལ།། ཆགས་པ་ལས་སྩོགས་རྣམས་ཀྱིས་བྲག་ལྟར་ཡོད་མི་གཡོས།། སུའི་དྲུང་དུ་མི་འགྲོ་རིང་བར་བྱེད་པའང་མིན།། ནམ་མཁའ་ལྟ་བུར་བཅིངས་དང ་གྲོལ་བ་མེད་པ་ཡིན། ། སྙིང་རྗེར་གནས་ཤིང་སེམས་ཀྱང་ཡོངས་སུ་སྐྱོབ་མེད།། ཤིན་ཏུ་བསྡམས་ཤིང་ནེམ་ནུང་ཅན་ལ་བྱམས་སེམས་ལྡན།། སེམས་ཅན་ཀུན་ལ་བདག་དང་འདྲ་བར་སྡུག་པ་དང་། ་སྐྱོན་ལ་མི་ལྟ་འཁྲུག་པ་དག་དང་ལྡན་མ་ཡིན།། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ་རྣམས་ལ་གནས།། འདི་ནི་རྡོ་སྐད་སྨྲས་པ་བཞིན་དུ་སྤྱོད་པར་བྱེད།། ཆོས་ཉིད་ལན་ཆོས་ཀྱི་ཚུལ་གྱིས་ལེགས་པར་བཀྲན། ་སྟོང་བ་ཉིད་ལམས་ཤིང་གཉིས་ལས་རྣམ་པར་གྲོལ།། བཟོད་པ་གསུམ་ཐོབ་སྐྱེས་པའི་སྤྱོད་ཡུལ་མ་ཡིན་ཏེ།། སངས་རྒྱས་ཚུལ་དང་ཡོན་ཏན་དག་ལ་རབ་ཏུ་གནས།། འདི་ནི་འཇིག་རྟེན་གང་དུརྩུབ་བྱེད་པ་ན།། ་དེད་ནི་སྐྱེ་བོ་མང་པོ་རྣམ་པར་གྲོལ་བར་བྱེད།། སངས་རྒྱས་ཀྱི་ནི་སྲས་འདི་གང་དུ་གནས་པ་དེར།། དེ་བཞིན་གཤེགས་པས་ཡུལ་ནི་སྟོངས་པ་མ་ཡིན་ཏེ།། དེ་ལ་ལྷ་དང་བཅས་པའི་འཇིག ་རྟེན་མ་ལུས་པས། ། ཇི་ལྟར་སངས་རྒྱས་བཞིན་དུ་འདི་ལ་གུས་པར་གྱིས།། ང་ནི་མྱ་ངན་འདས་ནས་ཉམས་པའི་དུས་པར་ཚེ། ངེས་པ་འདི་ནི་སངས་རྒྱས་སྤྱོད་པ་སྤྱད་ནས་ཀྱང་།། སྔོན་ཅད་གནས་པ ་མངོན་པར་དགའ་བའི་འཇིག་རྟེན་ཁམས། ། མི་འཁྲུགས་འཇིག་རྟེན་ཉིད་དུ་ཕྱིར་ཡང་འགྲོ་བར་འགྱུར།། བརྟན་པོ་སྲོག་ཆགས་རྣམས་ལ་ཕན་པར་བྱ་བ་དང་།། ཞིང་གི་འབྱོར་པ་དག་ནི་ཡོངས་སུ ་བརྩལ་བ་དང་། ། བྱང་ཆུབ་དུ་ནི་སེམས་ཅེས་ཡོངས་སུ་སྨིན་བྱའི་ཕྱིར།། བསྐལ་པ་གྲངས་མེད་གསུམ་དུ་སྤྱད་པ་སྤྱོད་པར་བྱེད།། དེའི་འོག་ཏུ་དེ་ནི་སྐྱོབ་པ་རྒྱལ་བར་འགྱུར།། མིང་ནི་འཇིག་རྟེན་རྒྱལ་པོ ་དབང་ཕྱུག་ཅེས་ཀྱང་བྱ། ། དེ་བཞིན་གཤེགས་པ་མི་འཁྲུག་ཞེས་བྱ་བའི།། ད་དེ་ཡེ་ག་རྟེ་དུ་ནི་ཚུས་པ་ཡིན། འིགརྟེན་འམས་དེ་ལེགས་པར་སྐུལ་པཞེ་བྱ་སྟེ། ཡོན་ཏན་ཐམས་ཅད་དང་ནི་ལྡན་པར་འགྱུར་བ་ཡིན།། དེའི་ཚེའི་ཚད ་ནི་ལོ་ཁྲི་ཐུབ་པར་འགྱུར། ། དེའི་དགེ་འདུན་ཤིན་ཏུ་མང་སྟེ་བགྲང་ལས་འདས།། ཉན་ཐོས་ཐེག་པ་ཅན་གྱི་དགེ་འདུན་ཉུང་བར་འགྱུར།། ཕལ་ཆེར་བྱང་ཆུབ་དོན་དུ་བརྩོན་པ་བྱས་ནས་སུ།། དེ་དག་ཐམས་ཅད་ཡེ ་ཤེས་སྟོབས་དང་རྫུ་འཕྲུལ་ལྡན། ། རྣམ་པར་ཐར་པ་རྣམས་དང་ལྡན་ཞིང་འཇིགས་པ་མེད།། གཅིག་ཏུ་ངེས་པར་ཆོས་ནི་ལེགས་པར་བཤད་རྣམས་ཀྱིས།། འཇིག་རྟེན་ཁམས་དེར་རྟག་ཏུ་སྒྲ་ཆེན་བསྲས ་པར་འགྱུར། ། དེ་ནི་བདུད་རྣམས་མེད་ཅིང་སྲིད་པར་ཆགས་པ་མེད།། དེ་དག་ཐམས་ཅད་ཡང་དག་རིག་ཅིང་རྣམ་པར་དག། བདེ་བར་གཤེགས་དེ་ཡོངས་སུ་མྱ་ངན་འདས་གྱུར་ནས།། ལོ་ནི་བརྒྱད་ཅུ་དག་ལས ་བཞི་ལྷག་རྣམས་སུ་ཡང་། ། དེའི་དམ་པའི་ཆོས་ནི་རབ་ཏུ་སྤྱོད་པར་འགྱུར།། དེ་ཚེ་དེའི་ཆོས་ཀྱི་ཚུལ་ནི་འཁྲུགས་པ་མེད།། དེས་པ་དེ་ཡིས་གང་དག་ཡོངས་སུ་སྨིན་བྱས་པ། དེ་དག་བྱང་ཆུབ་བླན་མེད། ་པའི་དོན་དུ་སྤྱོད།། ཞིང་དེར་སེམས་ཅན་གང་དག་འབྱུང་བར་འགྱུར་བ་རྣམས།། དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན།། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པའི་ལུང་བསྟན་པ་བཤད་མ་ཐག ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་དང་། ཕྱེ་མ་དང་། གོས་དང་རྒྱན་གྱི་ཆར་ཡང་མངོན་པར་བབ་བོ།། ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང ་རང་རང་གི་གོས་རྣམས་རིགས་ཀྱི་བུ་ངེས་པ་ལ་བཀབ་བོ། ། ཚོང་དཔོན་དང་། ཁྱིམ་བདག་དང་། བྲམ་ཟེ་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ངེས་པས་འདི་སྐད་ཅེས་གསོལ་ཏོ།། ་བདག་ཀྱང་ལེགས་པར་གསུང་བའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པའི་མགོ་བོ་ལ་ཕྱག་གིས་བྱུགས་སོ།། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུངེས་པའི་མགོ། ་པོབོཔོལ་རེག་པ་ཐག་དུ་གོས་ངུར་སྨྲིག་བགོས་ཤིང་དགེ་སློང་དུ་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་སྙིགས་མ་ལྔ་པོ་དུས་ཀྱི ་སྙིགས་པ་དང་། སེམས་ཅན་གྱི་སྙིགས་མ་དང་། ཞིང་གི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མའི་དུས་སུ། དབྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ་དོར་ངེས་པས་ཇི་ལྟར་འདུལ་བ་ལས་རྣམ་པར་གཞན་གྱིས་གདུལ་བར་མི་བྱའོ།། ཀུན་དགའ་བོང་ནི་འཇིག་རྟེན་གྱི་ཁམས་མི་མཛོད་ཏུ་སངས་རྒྱས་ཀྱི་འདུལ་བས། སེམས་ཅན་རྣམས་འདུལ ་པ་མི་བྱེད་ཀྱི། ཀུན་དགའ་བོང་ནི་ངན་ཅིང་དབུལ་བ་དང་། ངན་འགྲོའི་འཇིགས་པས་སྡིགས་པའི་སེམས་ཅན་རྣམས་འདུལ་བར་བྱེད་དོ།། ཀུན་དགའ་བོ་གལ་ཏེ་འཛག་རྟེན་གྱི་ཁམས། ་འདིར་ངས་སངས་རྒྱས་ཀྱི་ཡུལ་གྱིས་ཆོས་བསྟན་ཅིང་སངས་རྒྱས་ཀྱི་ཡུལ་ཉེ་བར་བསྟན་ཏུ་ཟིན་ན། སེམས་ཅན་གཅིག་ཀྱང་འདུལ་བར་མི་འགྱུར་ལ། ཆོས་ཀྱང་རྟོགས ་པར་མི་འགྱུར་རོ། ། ཀུན་དགའ་བོ་དེ་སྟ་བས་ན། དེ་དང་ངེས་པ་ཇི་ལྟར་འདུལ་བར་བྱེད་པདེ་བཞིན་ཏུ། ཁྱོད་ཀྱིས་ཀྱང་སེམས་ཅན་འདུལ་བར་གྱིས་ཤིག ་ཀུན་དགའ་བོ་སེམས་ཅན་དད་པ་ཅན་དང་རྟོག་པ་མང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་པ་རྙེད་ཅིང་། དེ་བཞིན ་ཉིད་དུ་བསྒྲུབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་བྱང་ཆུབ་སེམས་དང་དས་པད། ་བྱང་ཆུབ་སེམས་དཔའང་དག་དང་། དགེ་སློང་དེ་དག་དང་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་གསལ་རྒལ་དང་། ལྷ་དང ་མི་དང་། མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། སོམ་ལྡན་དས་ཀྱིས་གསུངས་པ་ལ། མངོན་པར་བསྟོད་དོ།། བགས་པ་ངེས་པས་ནུས་པ་ལེའུ་ཞེས་བྱ་སྟེཏེ་ནུ་བ་དུ་བའོགོ།། ་རྒྱག་དཀྱིས་ཁན་པོ་ཛིན་མི་དྲ་དང་། སུ་ན་པོ་དྷོ་དང་། ཞུཆེན་གྱི་མོ་ཙྪ་བ་བན་དེ་ཡེ་ཤེས་སྣ་ལ་སོགས་པས་བསྒྱུར་ཅིང་གུས་ཏེ་། ནལ་ཕལ་། ་