CLOSE WINDOW

Q760,20: 'phags pa glog thob kyis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ས་པནཅིས་ཀྱ་ས་པན། གསས། ་xxx། xxx ་ལ་ལ། ད་ག་ཤེས་སྨོས་པ་། སྨི་བཅོམ་ལྡན་ནས་རྒྱལ་གྲོལ་ང་ན་། ་མས་མ་ས་སུ་ལགས་མས་པ་མ་སེམས་ཤཱ ་ཐམས་མ་ཐ་། ས་པ་མས་པ་ད་ཁྱིམ་ཡ ་མས་པ། རག་སེམས་པ་། ས་ན ་ཀྱི་སྣད་པའི་ཚུལ་རབ་ཏུ་རྟོགས་པ་གསྟགལ་འདིསསྟེ། བྱང་ཆུབསེམས་དཔའ་ཉི་མའི་རྒྱལ་མཚན་ད། བྱང་ཆུབ་སེམས་དཔའ་རྣ ་རྒྱལ་མཚན་དང་། བྱུང་ཆུབ་སེམས་དཔའ་ཀུན་དུ་འདི་དང་། བྱང་ཆུབ་སེམས་དཔའ་ཟླ་བའི་རྣམ་པོ་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་མཐོགས ་xxx། xxx ་ཆེའི་ཡོན་ཏན་འོད་དང་། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་སྔོན་གྱི་རྐྱེན་དང་ལྡན་པ་དང་། བྱང་ཆུབ ་སེམས་དཔའ་སྨོན་ལམ་དང་སྤྱོད་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སྟོང་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་མཉམ་པའི་སེམས་དང་། ་བྱང་ཆུབ་སེམས་དཔའ་དགའ་སྲེད་དང་།། བྱང་ཆུབ་སེམས་དཔའ་འཁོར་ལོ་མོས་པ་དང་།། བྱང་ཆུབ་སེམས་དཔའ་ཡུལ་ལས་རྣམ་པར་རྒྱལ་བ་དང་། ་བྱང་ཆུབ་སེམས་དཔའ་བློ་གྲོས་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་བློགློག་ཐོབ་དང་།། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་སློབས་པ་དང་། ་བྱང་ཆུབ་སེམས་དཔའ་སེང་གེའི་རོ་དང་། བྱང་ཆུབ་སེམས་དཔའ་རབ་དབྱངས་དང་། བྱང་ཆུབ་སེམས་དཔར་སང་བྱེད་དང་། བྱང་ཆུབ ་བྱང་ཆུབ་སེམས་དཔའ་སང་བྱེད་དང་། ། བྱང་ཆུབ་སེམས་དཔའ་སྤྱོད་པ་སྦྱར་བ་ལམ་མཁས་པ་དང་།། བྱང་ཆུབ་སེམས་དཔའ་རབ་ཏུ་ཞི་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་གཙོ་བོར་གྱུར་ཏོ།། གཞན་ཡང་བརྒྱ ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཇིག་རྟེན་གྱི། ཡས་མི་མཇེད་ཀྱི་བདག་པོ་ཚངས་པའི་རྒྱལ་པོ་དང་། མཐུ་ཆེན་པོ་དང་ལྡན་པའི་ལྷ་དང་། གླུ་དང་། གནོད་སྦྱིན་དང་། དཱི་ཨུ0f7f་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ ་དང་། ། ལྟོ་ཕྱེ་ཆེན་པོ་ལ་སོགས་པའི་འཁོར་ཚད་མེད་པ་རྣམས་དང་ཡང་ཐབས་གཅིག་ཏུ་གཟུགས་སོ།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀློག་ཐོབ་ཅེས་བྱ་བས་འཁོར་མང་པོ་རབཏུ་ནི་ནིང་ཡོངས་སུ་དག་པ་དག་འདས་པར་གྱུར་པ་མཐོང་བ་དང་སྟན ་ལས་ལངས་ཏེ་བླགོས་ཟག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐེ་ཚོམ་ཅུང་ཟད་ཅི། ་མཆིས་ཏེ་དེང་ཞུ་བར་འཚལ་ན། དེ་བཞིན་གཤེགས་པས་ཐུགས་རྗེས་གནས་པར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གློག་ཐོབ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི ་སངས་རྒྱས་ཀྱིས་ཁྱོད་ལ་སྐབས་ཕྱེས། ཁྱོད་ཅི་དང་ཅི་འདོད་པ་བྲིས་ཤིག་དང་ཁྱོད་ལ་ཡང་དག་པར་བསྟན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གྲོག་ཐོབ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དང་། ་ཆོས་ཇི་ལྟ་བ་ཞིག་དང་ལྡན་པར་གྱུར་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་ཅིང་སྐྱོན་རྣམས་ཀྱིས་གོས་པར་མི་འགྱུར་བ་དང་། དབང་པོ་དང་རང་བཞིན་ཇི་ལྟ་བ་བཞིན་དུ་ཐབས་མཁས་པས་སེམས་ཅན་དེ་དག་དྲངས་ཏེ་ལུས་ནིག་པའི ་འོག་ཏུ་ངན་འགྲོ་རྣམས་སུ་ལྟུང་བར་མི་འགྱུར་ཞིང་གདོན་མི་འཚལ་བར་མཉམ་པ་ཉིད་རྟོགས་པར་འགྱུར་བ་དང་། འཇིག་རྟེན་ན་གནས་ཀྱང་པད་མ་བཞིན་སྐྱོན་གྱིས་གོས་པར་མི་འགྱུར་བ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་ཡང་སངས་རྒྱས་ཀྱི ་ཞིང་ཀུན་དུ་རྒྱུ་ཞིང་རྟག་པར་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་བ་དང་འབྲལ་བར་མི་འགྱུར་བ་དང་། རྣམ་པར་ཐར་པ་གསུམ་ལ་རབ་ཏུ་གནས་ཀྱང་སྙོམས་པར་མི་འཇུག་པར་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ ་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཡོངས་སུ་སྦྱངས་ནས་སྐད་གཅིག་མ་གཅིག་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་གློག་ཐོབ་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་ཞུ་བ་ཞུས་པ། བླ་ན་མ་མཆིས་མི་ཡི་གཙོ།། མཁྱེན་དང་གཟིགས་པ་ཚད་མ་མཆིས།། མ་འདྲེས་ཆོས་ལ་བཞུགས་ནས་ནི།། འཇིག་རྟེན་རྣམས་ལ་ཕན་འདོགས་མཛད།། ་སེམས་ཅན་ཀུན་ལ་སྙོམས་པར་གཟིགས།། འཇིག་རྟེན་ཀུན་གྱི་མགོན་སྐྱབས་མཛད།། ལོག་དང་ཡང་དག་ལམ་བསྟན་ནས།། མཐར་ཐུག་བདེ་ལ་འགོད་པར་མཛད།། ཡོན་ཏན་མཆོག་ནི་རབ་བསགས་པས།། རིན་ཆེན་སྣ་ཚོགས་ཕུང་པོ་འདྲ།། ་འཇིག་རྟེན་ཤེས་རབ་ཉི་མ་ཁྱོད།། ཁམས་གསུམ་མཆོད་འོས་གཙོ་བོ་ལགས།། ཐེག་པ་ཆེན་པོ་བཀས་བཤད་ནས།། བྱང་ཆུབ་ལམ་ནི་རྫོགས་པར་མཛོད།། ཞལ་མཚན་ཟླ་བ་ཉ་བ་འདྲ།། ཞི་གནས་དག་ནི་ཕུན་སུ་ཚོགས།། ཉེར་ཞི་ཆོས་ནི་རབ་བསྟན ་ནས། ། ཉོན་མོངས་རྣམས་ནི་ཞི་བར་མཛད།། བྱང་ཆུབ་སྤྱོད་པ་བཀས་བཤད་ནས།། སེམས་ཅན་རྣམས་ལ་ཕན་མཛད་གསོལ།། སངས་རྒྱས་ཞིང་དང་སྐུ་ཚེ་དང་།། གཟུགས་སྐུ་དང་ནི་འཁོར་རྣམས་དང་།། བྲནི་ལས་གསུམ་དང་ཆོས་རྣམས་ཀྱང་། ་ཐམས་ཅད་ཀུན་ནི་རྣམ་པར་དག། བཅོམ་ལྡན་བྱང་ཆུབ་སེམས་དཔའ་ཡི།། རྣམ་དག་སྤྱོད་པ་བཀས་བཤད་གསོལ།། ཇི་ལྟར་འདུད་ནི་གདུལ་བར་བགྱི།། ཇི་ལྟ་ཆོས་ནི་བསྟན་པར་བགྱི།། ཇི་ལྟར་དྲན་པ་ཉམས་མི་འགྱུར།། ཁྱོད་ཀྱི་བཀས་ནི་བགས ་དུ་གསོལ། ། ཇི་ལྟར་དཔའ་འོ་དག་གིས་ནི།། འཁོར་བ་ཀུན་དུ་ཞུགས་གྱུར་ཀྱང་།། མཚན་ཉིད་གཅིག་ལ་གནས་བགྱིད་ཅིང་།། ཆོས་ལ་རྟག་ཏུ་གཡོ་མི་འགྱུར།། ཇི་ལྟར་སངས་རྒྱས་རྣམས་ལ་ནི།། བསྟེན་ཅིང་མཆོད་པ་བགྱིས་ནས་ནི།། རྟག ་པར་སངས་རྒྱས་སྐུ་བལྟས་ཀྱང་། ། མཐར་ནི་མཚན་མ་སྤོང་འགྱུར་ལགས།། རྣམ་ཐར་གསུམ་པོ་མངོན་བགྱིས་ཀྱང་།། མཁའ་ལ་བྱ་ནི་འཕུར་བ་བཞིན།། ཡོན་ཏན་ཕུན་ཚོགས་མ་གྱུར་བར།། ནམ་ཡང་མྱ་ངན་མི་འདའ་ལགས།། དབང་པོ ་རང་བཞིན་ཡོངས་རྟོགས་ནས། ། འཇིགས་པ་མ་མཆིས་རྗེས་འབྲང་ཞིང་།། མངོན་པར་ཞེན་པ་མ་མཆིས་པར།། སེམས་ཅན་དེ་དག་སྨིན་བགྱིད་ལགས།། སྔར་ནི་འཇིག་རྟེན་བདེ་བཏད་ནས།། སླད་ཀྱིས་དད་པའི་སེམས་བསྐྱེད་དེ།། ཡེ་ཤེས ་གྱ་ནོམ་ཕུན་ཚོགས་པས། ། བླ་མེད་བྱང་ཆུབ་འཐོབ་པར་འགྱུར།། འདི་འདྲིའི་ཟབ་མོ་གྱ་ནོམ་དོན།། དེ་བཞིན་གཤེགས་པས་བཀའ་བཤད་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་ཐོབ་ལ ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཚད་མེད་པ་རྣམས་ལ་ཕན་ཞིང་བདེ་བར་བྱ་བ་དང་། ད་ལྟར་གྱི་ལྷ་དང་བཅས་པའི་འཇིག་རྟེན་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་བཟུང་བའི་ཕྱིར་དེ་བཞིན་གཤེགས ་པ་ལ་དོན་འདི་ལྟ་བུ་ཞུས་པ་ལེགས་སོ་ལེགས་སོ། ། དེའི་ཕྱིར་གློག་ཐོབ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་ཡང་དག་པར་བསྟན་པར་བྱའོ།། བྱང་ཆུབ་སེམས་དཔའ་གློག་ཐོབ་ཀྱིས་བཅོམ་ལྡན་འདས་དེ་བཞིན་དུ་ཟོས་པར་འཚལ། ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གཏེར་ཆེན་པོ་དང་། ཟད་མི་ཤེས་པའི་གཏེར་དང་། ཀུན་ཏུ་ཟད་མི་ཤེས་པའི་གཏེར་དང་། མཐའ་མེད་པའི་གཏེར ་རྣམ་པ་ལྔ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་གཏེར་ཕུན་སུམ་ཚོགས་པར་གྱུར་པས་རྒུད་པ་རྣམས་གཏན། སྒོང་ཞིང་གོང་དུ་བསྟན་པ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡང་ཡོངས་སུ་རྫོགས་པར་བྱེད་ལ་ཚིགས་ཆུང་ངུས་མྱུར་དུ་ཟ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ། ། ལྔ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་སྤྱོད་པའི་གཏེར་དང་། ཞེ་སྡང་སྤྱོད་པའི་གཏེར་དང་། གཏི་མུག་སྤྱོད་པའི་གཏེར་དང་། ཆ་མཉམ་པ་སྤྱོད་པའི་གཏེར་དང་། ཆོས ་ཐམས་ཅད་ཀྱི་གཏེར་གང་ཡིན་པའོ། ། གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ནི་འདོད་ཆགས་ཀྱི་སྤྱོད ་པའི་རྗེས་སུ་འཐུན་ཞིང་བྱིན་ཅི་ལོག་གིས་བཅིངས་པས་མཚན་མ་རྣམས་ཀྱི་རྗེས་སུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་པའི་ཡུལ་དག་ལ་རྣམ་པ་སྣ་ཆགས་སུ་རྣམ་པར་བརྟགས་ནས་བརྟན་པ་ཉིད་དུ་མ་པ་ག་བདེ་བ་ལ་ཆགས ་ཤིང་མྱོས་པར་ཐུར་པ་ཡིན་ལ། ། བྱ་ཆུབ་སེམས་དཔའ་ནི་སེམས་ཅན་དག་གི་སེམས་ཀྱི་སྤྱོད་རྣམ་པ་སྣ་ཆགས་གང་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཏྟ་ཤིས་པས་སེམས་ཅ་དག་གང་ལ་མོས་ཤིང་འདུན་པ་དང་། སྤྱོད་ཡུ་ལ་གང་ལ་ཆགས་ཤིང ་གོམས་པས་མཐུ་ཅན་དུ་གྱུར་པ་དང་། དད་པ་ཇི་ལྟ་བུ་དང་ལྡན་ཞིང་ཕུན་སུམ་ཚོགས་པར་གྱུར་པ་དང་། སྔོན་དགེ་བའི་རྩ་བ་ཇི་ལྟ་བུ་བསྐྱེད་པ་དང་། ཐེག་པ་གང་ལ་གཞོལ་བར་བྱེད་པ་དང་། དགེ་བའི་རྩ་བ་ཇི་སྙེད་ཡོད་པ་དག་ནམ་ཞིག་ན་ཡོངས་སུ་སྨིན་པར་གྱུར་པ་ཡང་རབ་ཏུ་ཤེས་ཏེ། ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དེ་དག་གི་འདོད་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་དང་། དེ་དག་གི་དགེ་བའི་སེམས་རྟག་པར་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཤིན་ཏུ་ལེགས་པར་བརྟགས་ནས་ཡོངས་སུ་གསོ་བར་བྱེད་དེ། གློག་ཐོབ་སེམས་ཅན་རྣམས་ཀྱི་དབང་པོ་དང་། སྤྱོད་ཀྱི ་བྱེ་བྲག་ནི་ཤིན་ཏུ་ཤེས་པར་དཀའ་བར་རིག་པར་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རིག་པར་མི་ནུས་ན་སོ་སོའི་སྐྱེ་བོ་དང་། མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་གོས་སྷོ། ཐོ་སེམས་ཅན་བཞིནི་ནོད་པ་རྣམས་ལ་མན་པར་ཞེན་པར་བྱུང་ཀྱང་བླན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ། སེམས་ཅན་ལ་ཅི་ནི་འདོད་པའི་ཡུལ་ལ་རེག་པཙམ་འམ། འདོད་པའི་སེམས་ཀྱིས་ཚིག་སྨྲས་པ་ཙམ་གྱིས་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ།། སེམས་ཅན་ཅིག་ནི་གཟུགས་སྡུག་གུ་དག་མཐོང་ནས ་འདོད་ཆགས་ཀྱི་སེམས་སྐྱེས་པ་ལས་གཟུགས་དེ་རྣམ་པར་གྱུར་ཞིང་ཞིག་པར་མཐོང་བ་ཉིད་ཀྱིས་གཟུགས་མི་རྟག་པར་ཁོང་དུ་ཆུད་པར་གྱུར་ནས་འདོད་པའི་གདུང་བ་ཉེ་བར་ཞི་སྟེ། མི་རྟག་པ་ཉིད་ཤིན་ཏུ་ཡིད་ལ་བྱེད་པ་ཉིད་ཀྱིས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ། ། སེམས་ཅན་བཅིག་ནི་བུད་མེད་མཐང་པན་མངོན་པར་ཞིན་པ་སྐྱེས་པ་མེད་ཀྱང་ཕྱིས་ཡིད་ལ་དྲན་པའི་དབང་གིས་འདོད་ཆགས་ཀྱི་སེམས་སྐྱེས་ནས་དེའི་ཁདོག་དང ་དབྱིབས་ཡིད་ལ་བྱས་ནས་རྗེས་སུ་ཆགས་པ་སྐྱེ་བར་འགྱུར་བ་ཡང་ཡོད་དོ། ། སེམས་ཅན་པཅིག་ནི་རྨིལ་མ་ན་གཟུགས་ཡིད་དུ་འོང་བ་རྣམས་མཐོང་བའི་དབང་གིས་འདོད་ཆགས་ཀྱི་མངོན་པར་ཞེན་པ་སྐྱེས་ནས་ཡིད་ལ་བྱེད་ཅིང་ཡོངས་སུ་གཉེར་བར ་བྱེད་པ་ཡང་ཡོད་དོ། ། སེམས་ཅན་ཁ་ཅིག་ནི་བུད་མེད་ཀྱི་སྒྲ་ཐོས་པ་ཙམ་གྱིས་འདོད་ཆགས་ཀྱི་སྲེད་པ་སྐྱེད་པར་བྱེད་ལ། རེས་འགའ་ནི་མཐོང་པ་ཙམ་གྱིས་འདོད་ཆགས་ཀྱི་སེམས་དང་བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས ་སུ་སྨིན་པར་བྱེད་པ་ཡང་ཡོད་པས་དེའི་ཕྱིར་གློག་ཐོབ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་ནད་རྣམ་པ་སྣ་ཚོགས་གང་ཡིན་པ་དང་། འདོད་ཆགས་ཀྱི་སྨན་གང་ཡིན་པ་དེ་དག་ཐབས་མཁས་པས་ལེགས་པར་ཁོང་དུ་ཆུད་ཀྱང་ཆོས་ཀྱི་དབྱིངས་ལ་གཉིས ་སུ་འཛིན་པའི་མཚན་མ་ཡང་མེད་ལ། ཆོས་ཀྱི་དབྱིངས་ལ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་ཡང་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་དོ།། གློགཐོབ་འདོད་ཆགས་དང་ནེ་ལྔ་དང་། གཏི་མུག་ཅེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའི་ཆོས ་རླུང་ཟད་ཙམ་ཡང་དམིགས་སུ་མེད་པས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་མཐོང་བ་ལྟར་ན་སེམས་ཅན་རྣམས་ནི་མཚན་མ་མེད་པ། རང་བཞིན་གྱིས་སྟོང་ཞིང་དབེན་པ། བཏགས་པ་ཙམ་དུ་རྣམ་པར་གཞག་པ་ཚོགས་ཤིང་འདུས་པའི་ཆོས ་འདི་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་པས་བདག་གིས་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ནས་འདོད་ཆགས་ཀྱིས་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་གི་ཆེད་དུ་སྙིང་རྗེ་ཆེན་པོ་ལ་གནས་ནས་སྔོན་གྱི་སྨོན་ལམ ་ཡོངས་སུ་རྫོགས་པར་བྱེད་དོ། ། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་སེམས་སོ།། སྐྱེས་པ་གང་ཞིག་བུད་མེད་དག་ལ་ཡང་དག་པ་མ་ཡིན་པས་སྡུག་པའི་འདུ་ཤེས་བསྐྱེད་ནས་འདོད ་ཆགས་སྒྲིབ་སྐྱེས་པར་གྱུར་ན། བྱང་ཆུབ་སེམས་དཔའ་བུད་མེད་ཤིན་དུ་སྡུག་ཅིང་མཛེས་པ། གཟུགས་ཀྱི་མཚན་བྱེད་པར་དུ་འཕགས་པ། རིན་པོ་ཆེའི་རྒྱན་ཕྲེད་དང་ལྡན་པ། རྒྱན་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན ་པས་ལྷའི་བུ་མོ་དང་འདྲ་བར་གྱུར་པ་སྔོན་མ་མཐོང་བ་དག་ཏུ་བསྒྱུར་ནས་སེམས་ཅན་དེ་དག་གིས་ཇི་ལྟར་སྲེད་ཅིང་རྗེས་སུ་ཆགས་པ་དང་། ཤིན་དུ་མངོན་པར་ཞེན་པར་གྱུར་པ་སྟོན་པར་བྱེད་དེ། དེ་དག་གི་ནུས་པ་དང་སྦྱར་ནས་ཐབས་ཀྱིས་འདོད་ཆགས་ཀྱི ་དུག་མདའ་འབྱུང་བའི་ཆེད་དུ་རང་དབང་དུ་གྱུར་པའི་མཐུས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་དེའི་མདུན་དུ་སྣང་བར་བྱས་ནས་ཆོས་བསྟན་པ་ཉིད་ཀྱིས་སེམས་ཅན་དེ་དག་ཆོས་དབྱིངས་ཀྱི་རྟོགས་པར་བྱས་ཏེ་མི་སྣང་བར་འགྱུར་རོ། ། བུད་མེད་གང་ཞིག ་སྐྱེས་པ་དག་ལ་འདོད་ཆགས་ཀྱི་སེམས་སྐྱེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་སྐྱེས་པའི་ལུས་བསྟན་ནས་འདོད་ཆགས་ཀྱི་དུག་མདའ་འབྱུང་བའི་ཆེད་དུ་ཆོས་བསྟན་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ལ་ཞུགས་པར་བྱས་ནས་མི་སྣང་བར་བྱེད་དེ། གློག་ཐོབ ་འདོད་ཆགས་ཀྱི་སྤྱོད་པ་ཉི་ཁྲི་ཚིག་སྟོང་དང་། སྤྱོད་པ་གཞན་དེ་དག་ཀྱང་གཏོགས་པར་བརྒྱད་ཁྲི་བཞི་སྟོང་དུ་གྱུར་པ་དེ་དག་བྱང་ཆུབ་སེམས་དཔའ་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་སྒོ་མོ་བྱེ་བ་སྟོང་ཕྲག་ཚད་མེད་པ་བསྐྱེད་དོ།། སེམས་ཅན་རྣམས་ཀྱི ་སེམས་ཁོང་དུ་ཆུད་པར་བྱས་ནས་ཐམས་ཅད་རྣམ་པ་གྲོལ་བར་གྱུར་ཀྱང་བདག་གིས་སེམས་ཅན་བདག་ལ་འདི་ལྟ་བུའི་ཆོས་བསྟན་ཏོ་སྙམ་དུ་སེམས་པ་ཡང་མེད་ལ། སེམས་ཅན་རྣམ་པར་གྲོལ་བར་གྱུར་པ་ཡང་མི་དམིགས་སོ།། གློག་ཐོབ་འདི་ལྟ་སྟེ་དཔེར་ན ་མཚེ་མ་དྲོས་པའི་ཀླུའི་རྒྱལ་པོ་ནི་ལས་ཀྱི་མཐུའི་དབང་གིས་དེའི་ཕོ་བྲང་གི་ནང་ནས་ཆུ་ཀླུང་ཆེན་པོ་བཞི་བྱུང་ནས་སེམས་ཅན་དུ་དགམ་ལ་གནས་པ་དག་བྱང་ཚ་བའི་དུས་ཀྱི་ཚིབསིལ་བ་དང་། རླན་གྱིས་མེ་ཏོག་དང་། འབྲས་བུ་དགརྒྱས་ཤིང་འབྲུརྣམས་འདེལ་བང ་བྱུང་སེམས་ཅན་མང་པོ་ཤིན་དུ་བདེ་བར་བྱེད་ཀྱང་། ཀླུའི་རྒྱལ་པོ་དེ་བདག་གིས་ཆུ་བོ་འདི་དག་འབྱུང་ངོ་།། བྱུང་བར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་དུ་ཀླུང་བཞི་པོ་དག་རྟག་ཏུ་འབབ་ཅིང་སེམས་ཅན་རྣམས་ཉེ་བར་སྤྱོད་པ་བྱེད་དོ།། བྱང་ཆུབ་སེམས་དཔང། ་ཡང་དེ་བཞིན་དུ་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་པའི་དགང་གིས་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་བཞི་བསྟན་ནས་འཁོར་བའི་ཡོངས་སུ་གདུད་པ་ཐམས་ཅད་པསལ་ཏེ་ལྷ་དང་མི་རྣམས་ལ་འཕགས་པའི་རྣམ་པར་གྲོལ་བའི ་བ་སྦྱིན་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་བདག་གིས་ཆོས་བསྟན་དོ། ། བསྟན་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རང་གི་རང་གིས་སྙིང་རྗེ་ཆེན་པོའི་བསམ་པ་ལ་གནས་ནས་སེམས་ཅན་རྣམས་ལ་སོ་སོར་བརྟགས་ཏེ་ཅི་རིགས་པར་ཆོས་སྟོན་པར་བྱེད་དོ།། ་གཞན་ཡང་གློག་ཐོབ་འདི་ལྟ་སྟེ་དཔེར་ན་བརྒྱ་བྱིན་ལྷའི་དབང་པོ་ལ་ལྷའི་བུ་མོ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་པ་དེ་དག་བརྒྱ་བྱིན་ལྷའི་དབང་པོའི་རང་དབང་གི་མཐུའི་དབང་གིས་ལུས་མང་པོ་བསྟན་ནས་ལྷའི་བུ་མོ་དེ་དག་དེ་དང་ལྷན་ཅིག་འདོད་པའི་བདེ་བ་ཡོངས་སུ་རྫོགས ་པར་མྱོང་བས་དེ་དག་སོ་སོ་ནས་འདི་སྙམ་དུ་བདག་གཅིག་པུ་ནི། དེང་ལྷའི་དབང་པོ་དང་ལྷན་ཅིག་རྩེས་སོ་སྙམ་དུ་སེམས་ཀྱང་ཡང་དག་པར་ལྷའི་དབང་པོ་དེ་ལ་མངོན་པར་ཞེན་པར་གྱུར་པ་ཅི་ཡང་མེད་དོ།། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་སེམས་ཅན་གང ་ཡོངས་སུ་བཟླ་བའི་འོས་སུ་གྱུར་པ་དེ་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་ལ་མངོན་པར་ཞེན་པར་གྱུར་པ་མེད་དོ།། གཞན་ཡང་གློག་ཐོབ་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་རི་མཐོན་པོའི་རྩེ་མོ་ལ ་ཤང་བའི་ཚེ་འོད་ཀྱིས་འཛམ་བུའི་གླིང་ཀུན་དུ་སྣང་བར་བྱེད་པས་གང་དུ་སྣང་བར་བྱས་པའི་གནས་དེ་དག་དུ་བདོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་པ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་ཀྱང་ཉི་མིའི་དཀྱིལ་འཁོར་དེ་ནི་ཁདོག་གཅིག་པ།། འོད ་གཅིག་པ་ཉིད་དེ་ཐ་དད་པའི་མཚན་མ་མེད་དོ། ། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་ཤེས་རབ་ཀྱི་ཉི་མའི་དཀྱིལ་འཁོར་གྱིས་ཆོས་ཀྱི་དབྱིངས་སྣང་བར་བྱས་ནས་སེམས་ཅན་གྱི་མངོན་པར་ཞེན་པའི་རིའི་རྩེ་མོ་དེ་དག་ཏུ་ཤར་བ་ན་དམིགས་པའི་མཚན་ཉིད་གཅིག་ཏུ། ་གྱུར་ཅིང་དེ་དག་གི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་ཀྱང་། ཆོས་ཀྱི་དབྱིངས་ལ་གཉིས་སུ་གྱུར་པའི་མཚན་ཉིད་མེད་དོ།། གློག་ཐོབ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཀྱི་སྤྱོད་པའི་གཏེར་ཞེས་བྱའོ།། བྱང་ཆུབ ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་བསྐལ་པའམ། བསྐལ་པ་ལས་ལྷག་པར་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཇི་ལྟ་བ་བཞིན་དུ་ལུས་ཚད་མེད་པ་བསྟན་ནས་ཚིག་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པར ་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་གཉིས་སུ་གྱུར་པའི་མཚན་ཉིད་མེད་དོ། ། གཞན་ཡང་གློག་ཐོབ་འདི་ལྟ་སྟེ་དཔེར་ན་གསེར་ཡང་དག་པ་ནི་མགར་བའི་ཐབས་མཁས་པའི་མཐུའི་དབང་གིས་མོས་པ་ཇི་ལྟ་བ་བཞིན་དུ་རྒྱན་རྣམ་པ་སྣ་ཚོགས་སུ་བྱས་ཏེ་མཚན་ཉིད་ཟད ་པར་གྱུར་ཀྱང་གསེར་གྱི་རང་བཞིན་ལ་ནི་ཐ་དད་དུ་གྱུར་པ་ཅི་ཡང་མེད་དོ། ། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་ལེགས་པར་བརྟགས་ནས་སེམས་ཅན་མོས་པ་སྣ་ཚོགས་པ་ཇི་ལྟ་བ་བཞིན་དུ་ལུས་ཚད་མེད་པ་དག་བསྟན་ནས་ཚིག ་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ནི་གཉིས་སུ་གྱུར་པའི་མཚན་ཉིད་མེད་དེ། ། འདི་ནི་རྟག་པར་ཆོས་ཀྱི་དབྱིངས་ལ་ཞུགས་པས་མཚན་ཉིད་གཅིག་ཏུ་གྱུར་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ལྟ་བུ་ཐོབ ་པར་གྱུར་ན་སེམས་ཅན་གྱི་ཆེད་དུ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཆོས་སྟོན་པར་བྱེད་པས་དེ་དག་གིས་ཆོས་ཐོས་པའི་དབང་གིས་འཕགས་པའི་ནོར་ཕུན་སུམ་ཚོགས་པའི་དབང་ཕྱུག་དང་ལྡན་པར་གྱུར་པས་འཁོར་བའི་རྒུད་བདག་གཏན་དུ་ཡོངས་སུ་སྤོང་བར་བྱེད་དོ། ། ་གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེ་སྡང་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ནི་རྒྱལ་དང་མཚུངས་པར་ལྡན་པ། བདག་དང་བདག་གིར་འཛིན་པ་དང་བཅས་པ། བདག་དང་བདག ་གི་མ་ན་མ་ལ་གནས་པས་ཡུན་རིང་པོ་ནས་བྱམས་པ་དང་། བཟོད་པ་མ་བསྒོམས་པ་ཞེ་སྡང་གི་གདུད་པས་རང་གི་སེམས་བཤིག་པར་གྱུར་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པར་མཐུར་བ། ཞེ་སྡང་གི་གདུག་པས་གཡོགས་པས ་ཆོས་ཉིད་ལ་རྨོངས་པར་གྱུར་པ་ཡིན་ཡང་བྱང་ཆུབ་སེམས་དཔའ་ནི་ཞེ་སྡང་མང་བའི་སེམས་ཅན་དེ་དག་ལ་ནམ་ཡང་གནོད་སེམས་དང་རྣམ་པར་འཚེ་བ་སྐྱེད་པར་མི་བྱེད་ཀྱི། འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི་གཏི་མུག་གིས་སྤངས་པས་ཆོས་རྣམས་གཟོད ་མ་ཉིད་ནས་རབ་ཏུ་དབེན་ཞིང་ཞི་བ། དྲི་མ་དང་རྙོག་པ་མེད་པ། འདུམ་པ་མེད་པ། རྩོད་པ་མེད་པ། རབ་ཏུ་དབེན་པའི་ཆོས་ཉིད་ལ་ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པར་གྱུར་པའི་དབང་གིས་ཡང་དག་པ་མ་ཡིན་པའི་ཞེ་ལྗང་དང་།། བ་ན་པ་རྒྱས་པར་གྱུར་ཏོ་སྙམ ་དུསེམས་པཁོནར་ཟང་ངོ་། ། དེ་སྙམ་དུ་བསམས་ནས་ཀྱང་སྙིང་རྗེ་ཆེན་པོ་ལ་གནས་ཏེ་རྟག་པར་བདག་ཉིད་འགྱོད་ཅིང་བཤགས་པར་ཡང་བྱེད་ལ། གལ་ཏེ་ལུས་ཀྱི་ཡན་ལག་དང་ཉིད་ལག་གཅོད་པ་ཞིག་ཡོད་ན་ཡང་ཞེསར་སྤྱོད་པའི་སེམས་ཅན་དག་འདུལ་བར ་བདེད་པའི་ཕྱིར་བཟོད་པ་ལ་རབ་ཏུ་གནས་པར་བྱེད་དོ། ། གལ་ཏེཞེ་སྡང་སྤྱོད་པའི་སེམས་ཅན་ཚད་མེད་པ་དེ་དག་པན་ཚུན་གཅིག་ལ་གཅིག་ཆུབ་ཀྱིས་ཕྱོགས་ཤིང་ཞེ་སྡང་དང་། གཁོད་དུ་འཛིན་པའི་ཁས་ཡོངས་སུ་རྫོགས་པའི་དབང་གིས་སྤྲུསྦྲུལ་གདུག་པར་ན་གྲང ་ལུས་སུ་ལྟུང་བར་གྱུར་པ་དག་ལ་ནི་བྱང་ཆུབ་སེམས་དཔའ་བཟོད་པ་ལ་རབ་ཏུ་གནས་པ་དེས་འདི་ལྟར་བྱམས་པ་དང་། དྲན་པའི་སྟོབས་ཀྱིས་སེམས་ཅན་དེ་དག་བཏུལ་ནས་ངན་འགྲོའི་རྣམ་པར་སྨིན་པ་ལེན་པར་མི་འགྱུར་ཞིང་། གདོན་མི་ཟབར་མཉམ་པ་ཉིད་རྟོགས། ་བར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་སེམས་ཅན་གྱི་ཞེ་སྡང་གི་སྤྱོད་པ་ཡོངས་སུ་བསལ་བར་བྱེད་པ་ཞེས་བྱའོ།། གཞན་ཡང་ཀློག་ཐོབ་བྱང་ཆུབ་སེམས་དཔའ་འ་དི་གལ་ཏེ་སེམས་ཅན་ཞེ་སྡང་ཅན་དག་མཐོང་བར་བྱུར་ན། ་འདི་སྙམ་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ།། ཀྱེ་མ་སེམས་ཅན་དེ་དག་ནི་ཞེ་སྡང་གི་རྗེས་སུ་འབྲངས་ནས་ཡང་དག་པ་མ་ཡིན་པས་རྣམ་པར་རྟོག་པ་བསྐྱེད་ནས་མཉམ་ཞིང་རྩོད་པ་མེད་པའི་ཆོས་ཉིད་འདི་ལ་ནི་སྡ་ག་བསམ ་པ་བསྐྱེད་པས་སེམས་ཅན་འདི་དག་ཆོས་ཀྱི་དབྱིངས་ཉིད་མ་རྟོགས་པར་གྱུར་ཏོ། ། གལ་ཏེ་སེམས་ཅན་འདི་དག་ཆོས་ཉིད་མཐོང་བར་གྱུར་ན་ནི་གཞན་དག་ལ་གནོད་སེམས་བསྐྱེད་པར་མི་འགྱུར་བ་ཞིག་ན། ཆོས་ཀྱི་དབྱིངས་ཀྱི་བོར་ཉིད་མརྟོགས་པས་དེའི་ཕྱིར་ཞེ ་སྣང་སྐྱེས་པར་གྱུར་ཏོ་ཞེས་བྱང་ཆུབ་སེམས་དཔའ་དེས་ཞེ་སྡང་མང་བའི་སེམས་ཅན་དེ་དག་ལ་ལྷག་པར་སྙིང་བརྩེ་བ་བསྐྱེད་ནས་སྙིང་རྗེ་ཆེན་པོ་ལ་གནས་ཏེ། སྔོན་གྱི་སྨོན་ལམ་ཡང་ཡོངས་སུ་རྫོགས་པར་བྱེད་ལ། རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན ་གྱི་ཞེ་སྡང་གི་སྤྱོད་པ་རྣམ་པར་གཞིག་པའི་ཕྱིར་ཆོས་ཀྱི་སྒོ་མོ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པར་བྱེད་ཀྱང་བདག་གིས་སེམས་ཅན་གྱི་ནི་སྡང་བསལ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་མི་སེམས་སོ། ། དེ་ཅིའི་ཕྱིར་ནེར། བྱང་ཆུབ ་སེམས་དཔས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤིན་ཏུ་ལེགས་པར་རྟོགས་པའི་ཕྱིར་རོ། ། འདི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལ་གནས་ནས་ཉོན་མོངས་པའི་སྤྱོད་པརབཏུ་བསལ་བ་ཞེས་བྱའོ།། གློག་ཟོ་བ་འདི་ལྟ་སྟེ། དཔང་། ་ན་མུན་པ་བསལ་ནས་སྣང་བ་འཐོབ་པར་འགྱུར་ཡང་མུན་པ་སེལ་བར་བྱེད་པ་མེད་དོ།། འདི་ལྟར་མུན་པ་དང་སྣང་བ་ངོ་བོ་ཉིད་ནམ་མཁའ་དང་མཚུངས་ཤིང་དབྱེར་མེད་པ་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཡེ་ཤེས ་དེ་ལ་བརྟེར་ནས་ཟབས་མཁས་པས་ཆོས་བསྟན་ཏེ། ཞེ་སྡང་སྤྱོད་པའི་སེམས་ཅད་རྣམ་པ་སྣ་ཚོགས་འདུལ་ཞིང་ཞི་བར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ཐ་དད་དུ་གྱུར་པ་མེད་དོ།། གློག་ཐོབ་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ནས་འོད་ཀྱིས་གང་དང་གང་དུ་སྣང ་བར་བྱས་པ་དེ་དག་ཐམས་ཅད་ནི་ཉི་མའི་དཀྱིལ་འཁོར་གྱིས་བསྡུས་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཞེ་སྡང་གི་སྤྱོད་པ་གདུལ་ཞིང་བསལ་བའི་ཕྱིར་ཇི་ཙམ་དུ་ཚིག་ཏུ་བརྗོད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཡང་ཆོས་ཀྱི་དབྱིངས་ལ་ནི ་ཐ་དད་དུ་གྱུར་པ་མེད་དོ། ། འདི་ལྟར་ཞེ་སྡང་གི་སྤྱོད་པ་ཉི་ཁྲི་ཚིག་སྟོང་དང་། སྤྱོད་པ་གཞན་གཏོགས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་པ་དེ་དག་བྱང་ཆུབ་སེམས་དཔའ་རྩོལ་བ་མེད་པའི་ཡེ་ཤེས་ཡོངས་སུ་གྲུབ་པས་སེམས་ཅན་དེ་དག་གི་ཞེ་སྡང་གི་སྤྱོད་པ་རྣམ་པ། ་སྣ་ཚོགས་ཀྱི་རྗེས་སུ་ཆོས་སྟོན་པར་བྱེད་ཀྱང་བདག་གིས་སེམས་ཅན་ལ་ཆོས་བསྟོན་ཏོ།། སྟོན་ཏོ།། སྟོན་པར་འགྱུར་རོ་སྙམ་དུ་སེམས་པ་མེད་དོ།། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེ་སྡང་སྤྱོད་པའི་གཏེར་ཞེས་བྱའོ།། བྱང་ཆུབ ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་བསྐལ་བ་འམ། བསྐལ་པ་ལས་ལྷག་པར་སེམས་ཅན་གྱི་མོས་པ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་ཚིག་འབྲུ་དང་། ཡི་གེ་དང་། བརྗོད་པ་རྣམ་པ་སྣ་ཚོགས་ཀྱིས་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་ཞེ། ་སྡང་སྤྱོད་པའི་མཐའ་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དང་འ་དེའི་ཤེས་རབ་དང་། སྤོབས་པ་ཡང་གཏུགས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པའི་ཞེ་སྡང་སྤྱོད་པའི ་གཏེང་ཞེས་བྱའོ། ། གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏི་མུག་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གློག་ཐོ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་འདི་ལྟ་བུ་འདི་རི་ཤིན་དུ་དཀའ་བའི་དངོས་པོ་ཡིན་ཏེ། འདི ་ལྟར་སེམས་ཅན་རྣམས་ནི་ཉོན་མོངས་པའི་རྗེས་སུ་འབྲང་བ། གཞན་ལ་གནོད་པ་བྱེད་པ། མ་རིག་པའི་མངལ་གྱི་སྒོངས་ཀུན་ཏུ་དཀྲིགས་པ་དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་བཅིངས་པས་ཆོས་ཀྱི་དབྱིངས་རྟོགས་པའི་ཐབས་མེད་པ། བྱ་བ་དག་ལ་ལེགས ་བང་སོ་སོར་མི་རྟོག་པ་བདག་ཏུན་བལ་མངོན་པར་ཞེན་པ། ལམ་ལོག་པར་ཞུགས་པ། བྱིས་པའི་སྤྱོད་པ་ལ་གནས་པ། ངེས་པར་འབྱུང་བ་དག་པ་ཡིན་པས་འདི་ལྟ་བུ་ལ་སོགས་པས་རྨོངས་པར་བྱུར་བའི་སེམས་ཅན་དག་གི་ཆེད་དུ་ང་པོ་སེམས ་བསྐྱེད་པ་ནས་སྦྱོར་བ་ཆེན་པོ་བསྐྱེད་དེ། དལ་ཞིང་སྡུག་བསྔལ་བ་ཡང་མེད། ལེ་ལོ་ཡང་མེད་པར་རྐྱེན་གང་དང་། ཆོས་ཤ་དང་། ཆོས་བསྟན་པ་ཇི་ལྟ་བ་ཞིག་གིས་སེམས་ཅན་འདི་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཅུད་དེ་རྣམ་པར་གྲོལ་བ་ཐོབ། ་པར་འགྱུར་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སྔོན་ཆོས་ཀྱི་དབྱིངས་ལེགས་པར་སོ་སོར་བརྟགས་པར་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་སྙིང་རྗེ་ཆེན་པོ་ལ་གནས་ཏེ། སེམས་ཅན་དེ་དག་ཆོས་ཀྱི་དབྱིངས་ལ་རྨོངས་པར་གྱུར་པར་རིག་ནས་ཅི་ནུས ་ཅི་ལྕོགས་ཀྱིས་ཆོས་བསྟན་ནས་རབ་ཏུ་དུལ་བར་བྱེད་ཀྱང་བདག་གིས་ཆོས་བསྟན་ཏོ། ། སྟོན་ཏོ།། སྟོན་པར་འགྱུར་རོ་སྙམ་དུ་སེམས་པ་མེད་དེ། འོན་ཀྱང་དེའི་སྔོན་གྱི་སྨོན་ལམ་བྱི་མཐུས་རྟེན་ཅིང་འབྲེལ་བར་འབྱུང་བ་ལེགས་པར་སོ་སོར་བརྟགས་ནས ་རང་གི་རང་གིས་ཆོས་ཀྱི་སྒོ་མོ་བརྒྱ་སྟོང་དུ་མ་བསྟན་ཏེ། སེམས་ཅན་དེ་དག་གི་མ་རིག་པའི་ལས་ཀྱི་འདུ་བྱེད་བསལ་ནས་རྣམ་པར་གྲོལ་བ་འཐོབ་པར་བྱེད་དོ།། གློག་ཐོབ་འདི་ལྟ་སྟེ་དཔེར་ན་སྨན་པ་བཟང་པོ་ནང་མང་པོ་གསོབ་ལ་མཁས་པ། སྔར་སྨན ་དབྱང་རྣམས་ལ་ཤིན་ཏུ་གོམས་པར་གྱུར་པ་ནི་ནད་ཀྱི་མཚན་མ་མཐོང་བ་མ་ཐག་ཏུ་སྔགས་དང་སྨན་བཏང་བ་ཐམས་ཅད་རབ་ཏུ་རྟོགས་པར་གྱུར་པས་དེས་གསོས་པ་གང་ཡང་མི་སོས་པ་མེད་དོ། ། དེ་བཞིན་དུ ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟར་ཆོས་ཀྱི་དབྱིངས་ཤིན་དུ་ལེགས་པར་རྟོགས་པས་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་གཏི་མུག་གི་སྤྱོད་པ་བསགས་པའི་སེམས་ཅན་དེ་དག་གི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒོ་མོ་བརྒྱ་སྟོང ་དུམ་བསྟན་ནས་ཐམས་ཅད་རབ་ཏུགསལ་བར་རྟོགས་པར་བྱེད་དེ། གློག་ཐོབ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏི་མུག་སྤྱོད་པའི་གཏེར་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར། ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་གཏི་མུག་སྤྱོད་པའི་སེམས་ཅན་དེ་དག་གི་ཆེད་དུ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་དེ་དག་གི་རང་བཞིན་དང་། བདུན་པ་ཇི་ལྟ་བ་བཞིན་དུ་ཚིག་འབྲུ་དང་། ་ཡི་གེ་དང་། རྗོད་པ་སྣ་ཚོགས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་གཏི་མུག་སྤྱོད་པའི་མཐའ་ཡང་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་སྤོབས་པ་ཡང་གཏུགས་པར་མི་འགྱུར་ཏེ། འདི་ནི་བྱང ་ཆུབ་སེམས་དཔའ་ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོས་པའི་གཏི་མུག་སྤྱོད་པའི་གཉེར་ཤེས་བྱའོ། ། འདི་ལྟར་གཏི་མུག་གི་སྤྱོད་པ་ཉིའི་ཚིག་སྟོང་དང་། སྤྱོད་པ་གཞན་གཏོགས་པར་བརྒྱད་བྲི་བནི་སྟོང། ་དུ་གྱུར་པ་དེ་དག་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤང་བའི་ཕྱིར་ཆོས་ཀྱི་སྒོ་མོ་བརྒྱ་སྟོང་དུ་མ་རབ་ཏུ་ཕྱེ་ནས་ཡང་དག་པར་སྟོན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་གཏི་མུག་སྤྱོད་པའི་གཏེར་ཅེས་བྱའོ།། གཞན་ཡང་གློག་ཐོབ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་དུ་དག་ཅིང་ཡོངས་སུ་གསལ་བ་དྲི་མ་མེད་པ་ལམ་གྱི་བཞི་མདོར་བཞག་ན་གཟུགས ་བརྙན་རྣམས་དེར་སྣང་ཞིང་འཕེལ་བ་དང་འགྲིབ་པ་མེད་ཀྱང་མེ་ལོང་གི་དཀྱིལ་འའ་ང་བདག་གིས་གཟུགས་བརྙན་རྣམ་པ་སྣ་ཚོགས་འདི་དག་སྟོན་པར་བྱེད་དེ་ནས་མས་པས་ཡོད་ཀྱི། འོད་ཀྱང་མེ་ལོང་གི་དཀྱིལ་འཁོར་དེ་བཞིན་དུ་ལེགས་པར་བྱིང ་བྱས་གཟུགས་བརྙན་གྱི་རྣམ་པ་ཐམས་ཅད་རང་གི་ངང་གིས་རབ་ཏུ་སྣང་བར་འགྱུར་རོ། ། དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ཀྱི་མེ་ལོང་གི་དཀྱིལ་འཁོར་ཤིན་དུ་ལེགས་པར་བྱི་ངོར་བྱས་པས་རྩོལ་བ་མེད་པའི་ཏིང་ངེ་འཛིན་ལ ་ག་ནས་ནས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒོམ་བརྒྱ་སྟོང་དུ་མ་རྣམ་པར་བྱ་སྟེ་བསྟན་ནས་དེ་དག་ཐམས་ཅད་རབ་ཏུ་རྟོགས་ཤིང་རྣམ་པར་གྲོལ་བ་ཐོབ་པར་བྱས་ཀྱང་ཆོས་ཀྱི་མཚན་མ་དང་སེམས ་ཅན་གྱི་མཚན་མ་སྐྱེད་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན་བྱང་ཆུབ་སེམས་དཔའ་འདིས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤིན་དུ་ལེགས་པར་རྟོགས་པའི་ཕྱིར་དང་། སྤྱོད་པ་བཞི་པོ་འདི་དག་དང་མཚུངས་པར་ལྡན་པའི་སེམས་ཅན་གང་ཡིན་པ་དེ་དག་ཡང་། ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས་དེ་དག་གི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་པས་གཉིས་སུ་འགྱུར་བའི ་མཚན་ཉིད་ཀྱང་མེད་དོ། ། ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་གཉིས་སུ་མེད་ཅིང་ཐ་དད་པ་མེད་པར་གསལ་བར་མཐོང་བའི་ཕྱིར་རོ།། སྲོག་ཐོབ་འདི་ལྟ་སྟེ་དཔེར་ན་ནམ་མཁས་ལ་ནི་ཐ་དད་པ་རྣམ་པ་སྣ་ཚོགས་ཀྱི ་མཚན་མ་ཡང་མེད་ལ་རྣམ་པར་གཞག་པ་ཡ་མེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་འཇུག་པར་རྟོགས་པ་དང་། སྔོན་གྱི་སྨོན ་ལམ་གྱི་མཐུས་སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམ་པ་སྣ་ཚོགས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ནི་ཐ་དད་དུ་གྱུར་པ་མེད་དོ། ། གློག་ཐོབ་ཆ་མཉམ་པའི་སྤྱོད་པ་འདི་ལ་ཉི་ཁྲི་ཚིག་སྟོང་ཡོད་པ་དང་། སྤྱོད་པ་གཞན་གཏོགས ་པ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས་ཐམས་ཅད་གསལ་བར་རྟོགས་པར་འགྱུར་ཏེ། འདི་ལྟ་སྙེད་པེར་ན་སྨན་པ་མཁས་པ་ནད་དང་སྨན་གཏོང་བ་རབཏུ་ཤེས་པ་བཞིན ་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཆོས་རྣམ་པ་སྣ་ཚོགས་སྟོན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆ་མཉམ་པ་སྤྱོད་པའི་གཏེར་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར ་གྱུར་ན་སེམས་ཅན་རྣམས་ཀྱི་ཆེད་དུ་བསྐལ་པའམ། བསྐལ་པ་ལས་ལྷག་པར་དེ་དག་མོས་པ་ཇི་ལྟ་བ་བཞིན་དུ་རྗོད་པ་རྣམ་པ་སྣ་ཚོགས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་སྤྱོད་པ་དེ་དག་གི་མཐའ་ཡས་རྙེད་པར་མི་འགྱུར་ལ། ་བྱང་ཆུབ་སེམས་དཔའ་འདིའི་ཤེས་རབ་དང་སྤོབས་པ་ཡང་གཏུགས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པས་ཆ་མཉམ་པའི་སྤྱོད་པའི་གཏེར་ཞེས ་བྱའོ། ། །། བམ་པོ་གཉིས་པ་སྟེ་ཐ་མ། གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ་འདིས་དེ་ལྟ་བུའི་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་པས་སེམས་ཅན་རྣམས་ཀྱི་དབང་པོ་དང་། སྤྱོད་པ་དང་། བསམ་པ་ཡང་ཐབས་མཁས་པས་རབ ་ཏུ་རྟོགས་པས་གལ་ཏེ་འདོད་ཆགས་མེད་པའི་སེམས་ཅན་མཐོང་བར་གྱུར་ན་དེ་དག་རབ་ཏུ་གདུལ་ཞིང་དེ་དག་གི་ནད་གསོ་བའི་ཕྱིར་སོ་སོའི་སྐྱེ་བོ་དང་འཐུན་པར་འདོད་པ་རྣམས་ལ་ཡོངས་སུ་སྤྱོད་པ་དང་། བུ་དང་། ཆུང་མ་དང་། ཁྱིམ་གྱི་སོ ་ཆེས་ཕུན་སུམ་ཚོགས་པ་སྟོན་པར་བྱེད་ཀྱང་པད་མ་བཞིན་དུ་དེས་གོས་ཞིང་མངོན་པར་ཞེན་པར་གྱུར་པ་མེད་དོ། ། སེམས་ཅན་གང་གཏི་མུག་ཅིང་བློ་དང་མི་ལྡན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མི་ཤེས་པས་འདི་སྙམ་དུ་བློ་དང་ལྡན ་བ་སུ་ཞིག་སོ་སོའི་སྐྱེ་བོ་དང་ཐ་མི་དད་པར་འདོད་པ་རྣམ་པ་ཉམས་སུ་ལེན་པར་བྱེད་ཅེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་ནི་བྱང་ཆུབ་སྤངས་པ་ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ། ། སེམས་ཅན་དེ་དག་བུ་དེ་དག་ནི་སེམས་ཡོངས་སུ་མི་གཙང་བའི་ཕྱིར་ཞེ ་ས་ནང་ཆེན་པོ་སྐྱེས་ནས་གུས་པར་མི་འགྱུར་བས་ལས་དེའི་དང་གིས་ལུས་ནིག་སྟེ་ཤི་བའི་བག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་བྱུར་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་ཤིན་དུ་གས་པས་གདུལ་བའི་རྒྱུ་དང་རྐྱེན་གྱིས་ཁན་མཐོ་བའི་རྣམ་པ ་ཡོངས་སུ་བྲང་ནས་གདོན་མི་ཟ་བར་མཉམ་པ་ཉིད་འཐོབ་པ་ལ་རབ་ཏུ་འགོད་པར་བྱེད་དོ། ། གློག་ཐོབ་འདི་ལྟ་སྟེ་དཔེར་ན་མེ་རབ་ཏུ་འབར་བ་ནི་རྩཝ་དང་ཤིང་དང་ཕྲད་པར་གྱུར་པ་ན་ཐམས་ཅད་རབ་ཏུ་འབར་ཞེང་མོའི་ཕུང་པོ་ཉིད་དུ་མངོན་པར་འགྲུབ་པར་གྱུར། ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡེ་ཤེས་མི་འབར་བར་གྱུར་པ་ནི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དགེ་བ་དང་། མི་དགེ་བ་ཇི་སྙེད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དང་། ལྷན་ཅིག་འགྲོགས་ཤི། ་ཐམས་ཅད་རབ་ཏུ་འབར་ནས་ཤེས་རང་ཉིད་དུ་མངོན་པར་འགྲུབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་མ་འདྲེས་པའི་ཆོས་ཤེས་བྱའོ།། གཞན་ཡང་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་མ་འདྲེས་པའི་མཚན་ཉིད་ནི་འདི་ལྟ་སྟེ། ་རིན་པོ་ཆེ་སྣ་བཞི་ལས་མངོན་པར་གྲུབ་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དེས་རྗེས་སུ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་དུ་གྱུར་པ་བྱེད་དེ། གལ་ཏེ་བཻ་དཱུརྱའི་ངོས་སུ་ཕྱིན་ན་ནི ་ཐམས་ཅད་ཀྱང་བཻ་དུ་རྱའི་ཁ་དོག་གཅིག་པ་ཉིད་དུ་འགྱུར་བར་བྱེད་དོ། ། གསེར་གྱི་འདོག་གི་བོས་སུ་ཕྱིན་ན་ནི་ཐམས་ཅད་གསེར་གྱི་ཁ་དོག་ཉིད་དུ་འགྱུར་བར་བྱེད་དོ།། དངུལ་དང་། ཆུ་ཤེལ་གྱི་ཁ་དོག་ཏུ་འགྱུར་བ་ཡང་དེ་བཞིན་ནོ།། དེ་བཞིན་དུ ་བྱང་ཆུབ་སེམས་དཔའ་ཡང་མ་འདྲེས་པའི་ཆོས་ཐོབ་པས་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དགེ་བ་དང་། མི་དགེ་བ་ཇི་སྙེད་པ་དེ་དག་བྱང་ཆུབ་སེམས་དཔའི་ཐད་དུ་བྱིན་ཅིང་ལྷན་ཅིག་འགྲོགས་པར ་གྱུར་ན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་འཇུག་པ་ཉིད་དུ་འགྱུར་བར་བྱེད་ཀྱང་། དེའི་སེམས་མི་གཙང་ཞིང་རང་གི་སྡིག་པའི་ལས་ཀྱི་དབང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེ་འཇིག་རྟེན་དུ་སྨྲ་བ ་བྱབྱ། གྱུར་པས་འདི་ལྟར་བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཡོན་ཏན་དང་སྨོན་ལམ་གྱི་སྟོབས་ཀྱིས་ཁནམཐོ་བའི་རྣམ་པར་སྨིན་བཟད་པའི་འོག་ཏུ་གདོན་མི་ཟ་བར་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུ་བ་ཐོབ ་འགྱུར་བ་ལ་འགོད་པར་བྱེད་དོ། ། གློག་ཐོབ་སྔོན་བྱུང་བ་འདས་པའི་བསྐལ་པ་ཚད་མེད། དཔག་ཏུ་མེད། གྲངས་མེད་པ་ན་སྙིགས་མ་ལྔའི་དུས་ཀྱི་ཚ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས ་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླན་མེད་པ་སྐྱེས་དུ་འདུལ་བའི་ཁ་ལོ་སྦྱར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་ཕུང་པོ་ཡོན་ཏན་གྱི་སྒྱུ་ཞེས་བྱ་བ་བྱུང་སྟེ། དེ་ཅ། ་དགུ་རྣམས་ཚེ་ལོ་བརྒྱ་ཉི་ཤུ་ཐབ་པར་གྱུར་ཏེ། དཀར་དཇི་ལྟ་བ་བཞིན་དོ།། དེའི་ཚེ་སེམས་ཅན་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཤིན་དུ་ཚེ་སྟེ། ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པས་ཕ་མ་དང་། ཕུ་ནུང་། ་གྲོགས་པོའི་ཡིད་དང་འགལ་བར་བྱེད་པ། མཁན་པོ་དང་། སློབ་དཔོན་གྱི་རྗེས་སུ་མི་འབྲང་བ། བྱས་པ་དྲིན་དུ་མི་གཟོབ། རྟགས་པར་གནོད་སེམས་དང་བཅས་པ། གཡོ་སྒྱུ་དང་རྐུན་བུའི་སེམས་དང་ལྡན་པ། ཕན་ཚུན་གཅིག་ལེག་ཅི། ་གདོད་པ་བྱེད་པ། ཚུལ་བཞིན་མ་ཡིན་པར་སྤྱོད་པ། སངས་རྒྱས་དང་། མོས་དང་། དགེ་འདུན་ལ་གུས་པ་མེད་པ། སེར་སྡུས་ཟིལ་གྱིས་དོན་པས་ཡི་དགས་ཀྱི་ཆོས་སྤྱོད་པའི་སེམས་ཅན་དེ་ལྟ་བུ་གསྟག་སངས་རྒྱས་ཀྱི་འདི་དེ་དགནས ་བང་གུར་པས་ནི་ཤི་དུ་གདུལ་དགའ་བར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་དེ་ཡང་སྔོན་གྱི་སྨོན་ལམ་གྱི་མཐུས་དུས་ངན་པ་དེའི་ཚེ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། བཅོམ་ལྡན་འས། ་དེ་ལ་ཉན་ཐོས་ཤི་པའི་ཚོགས་ནི་ཉི་མ་ཉིས་སྟོང་མངའ་བར་གྱུང་ཏོ།། དེའི་ཚེ་དེའི་དུས་ན་ཏུ་གྱི་བྱིན་པ་ཞེས་བྱ་བ་འཛམ་བུའི་གླིང་ལ་དབང་བའི་དབང་ཕུག་དང་ལྡན་པ། སངས་རྒྱས་ཀྱིས་བསྟད་པ་ལ་སེམས་ཤིན་དུ་དང་བར་བྱུང་བ་ཞིག་ཡོད་པ ་ངས་དེ་བཞིན་གཤེགས་པ་དེ་ཉན་ཐོས་ཀྱི་དགེ་འདུན་བཅས་པར་དབྱར་ཟླ་བ་གསུམ་སྤྱན་དྲངས་ཏེ་མཆོད་པ་རྒྱ་ཆེར་བཤམས་ནས་མཆོད་ཅིང་རིམ་གྲོ་བྱས་སོ། ། དེའི་ཚེ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་སྤོབས་པ་ཕུན་སུམ་ཚོགས་པ། ཆོས། ་སྟོན་པའི་ཐབས་ལ་མཁས་པས་འཁོར་མང་པོ་རྣམས་ཉན་པ་སྤྲོ་བ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་རྟག་པར་དལ་བ་མེད་པ། རེ་བ་མེད་པར་ཆོས་སྟོན་པ། མདོག་གསལ་ཞིང་གསོད་བོར་སྨྲ་བ་གཟུགས་དང་སྟོབས་ཕུན་སུམ་ཚོགས་པ། ་བྱང་བཞིན་སྡུག་ཅིང་མཛེས་པ། སེམས་ཅན་རྣམས་ཀྱིས་མཐོང་བར་མོས་ཤིང་རིམ་གྲོ་དང་། བསྐུར་སྟི་དང་། བླ་མར་བྱེད་ཅིང་བསྔགས་པ་བརྗོད་པ་ཞིག་ཡོད་དེ། དགེ་སློང་གསར་བུ་དག་ཀྱང་རྟག་པར་དྲི་མ་མེད་པའི་རྗེས་སུ་འབྲང་ཞིང ་རྒྱལ་པོའི་ཕོ་བྲང་འཁོར་དུ་འབྱུང་ཞིང་འཇུག་པ་དག་ལ་ཐོགས་པ་མེད་པར་གྱུར་པ་སོགས་དང་། བཟའ་བ་དང་། བཏུད་པ་དང་། མལ་སྟན་དང་། ན་བའི་གསོས་སྨན་རྣམ་པ་སྣ་ཚོགས་ཀྱིས་ཀྱང་རིམ་གྲོ་བྱས་པར་གྱུར་ཏོ།། དེའི་ཚེ་འཁོར་མང་པོ ་དེ་ལས་དགེ་སློང་ཕལ་ཆེར་ལུས་ཀྱི་སྡོམ་པ་དང་། སེམས་ཀྱི་ཤེས་རབ་བསྒོམ་པ་མི་ཤེས་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་གུས་པ་མེད་པ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། བདག་ཏུ་ལྟ་བ་ལ་སོགས་པ་དང་། ་ལྡན་པ། སངས་རྒྱས་ཀྱི་ཆོས་ལ་སྐུར་པ་འདེབས་པ། རྣམ་པར་ག་ཡེང་ཞིང་གདུལ་དཀའ་བ། དབང་པོ་རྣམས་མི་སྡོམ་པ། ཆོས་བཞིན་མ་ཡིན་པ་ལ་གནས་པ། དགེ་སྦྱོང་གི་ཚུལ་མེད་པར་བདག་ཉིད་དགེ་སྦྱོང་དུ་བས་འཆེ་བ། ལུས་དང་། ་ངག་ཡིད་ཀྱི་ལས་ཐམས་ཅད་ལོག་པར་ཞུགས་པར་ཤ་སྟག་གནས་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་དེ་དབྱིར་འདས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་རྒྱ་ཆར་བྱིན་པས་ཙན་དན་དམར་པོས་སྒྲ་ཞུགས་ལ་གཞན་ནས་མཚ ་པ། བྱས་ཏེ་རིང་བསྲེལ་གྱི་མཆོད་རྟེན་ངོས་བཞི་ཀུན་དུ་ཙན་དན་དམར་པོའི་མུ་ཁྱུད་ཀྱིས་བསྐོར་བ། པད་མ་གསེར་གྱི་ཁ་དོག་དང་ལྡན་པ་བྱེ་བ་ཕྲག་བརྒྱད་བཅུ་བརྩིགས་སོ།། དེའི་ཚེ་དགེ་སློང་དྲི་མ་མེད་པ་ནི་བཅོམ་ལྡན་འདས་དེས་མང་དུ་ཐོས་པའི ་མཆོག་ཏུ་ལུང་བསྟན་པས་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་རྒྱ་ཆེར་སྤེལ་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་གང་དང་གང་དུ་ཡོད་པ་དེར་སེམས་ཅན་བརྒྱ་སྟོང་ཚད་མེད ་པ་སྙེད་ཡོངས་སུ་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་གྱུར་ཏོ། ། དེའི་ཚེ་དགེ་སློང་སྡིག་ཅན་མང་པོ་རྣམས་རྣལ་འབྱོར་ཁོང་དུ་མ་ཆུད་པ། རྟག་པར་ཕྲག་དོག་དང་བཅས་པ། བདུད་ཀྱིས་བསླུས་པ་རྣམས ་རྒྱལ་པོ་དེ་ག་ལ་བ་དེར་དོང་སྟེ་འདི་སྐད་དུ་རྒྱལ་པོས་བསྐུར་བའི་དགེ་སློང་དྲི་མ་མེད་པ་ནི་རྒྱལ་པོའི་ཕོ་བྲང་དུ་འབྱུང་ཞིང་འཇུག་པ་ལ་ཐགས་ཐོགས་མ་མཆིས་ཏེ། དགེ་སློང་འདི་འདོད་ཆགས་དང་བྲལ་བ་ཡང་མ་ལགས་ལ། དུས་མ་ལགས་པར ་ཡང་བྲས་འཚལ་ཏེ། སྤོས་དང་ཕྲེང་བ་དག་གིས་ཀྱང་ལུས་བརྒྱན་པར་བགྱིད་པས་ཡང་དག་པར་ཚངས་པར་སྤྱོད་པ་མ་ལགས་པས་མཆོད་པ་མཛད་པའི་མི་རིགས་སོ།། བདག་ཅག་ནི་དོན་འདིའི་སླད་དུ་འདིར་མཆིས་ནས་རྒྱལ་པོ་ལ་གསོལ་བ ་ལགས་ཀྱིས། སླད་ཀྱིས་འགྱོད་པར་ཡང་མ་མཛད་ཅིག། སངས་རྒྱས་ཀྱི་ཡང་དག་པའི་བསྟན་པ་ལ་ཐུགས་མི་ཆེས་པ་ཡང་མི་བསྐྱེད་དུ་གསོལ་ཞེས་སྨྲས་སོ།། དེའི་ཚེ་བདུད་སྡིག་ཅན་ཞེས་བྱ་བ་ཞིག་ཀྱང་བདག་ཉིད་དགེ་སློང་གི་གཟུགས་སུ་བསྒྱུར། ་ནས་རྒྱལ་པོ་དེ་ག་ལ་བ་དེར་སོང་སྟེ་སྔ་མ་བཞིན་དུ་སྨྲས་སོ།། དེའི་ཚེ་རྒྱལ་པོ་རྒྱ་ཆེར་བྱིན་པས་ཡང་དང་ཡང་དུ་དེ་སྐད་སྨྲས་པ་ཐོས་ཀྱང་འདི་སྙམ་དུ་དགེ་སློང་དྲི་མ་མེད་པ་ནི་རབ་ཏུ་བརྩོན་ཞིང་བློ་དང་ལྡན་པས་བདག་གིས་བླ་མར་བཀུར་བ་ཡིན་དེ། དངོས་པོ ་འདི་ལྟ་བུ་བྱེད་པ་ནི་གནས་མེད་དོ་སྙམ་མོ། ། དེ་ནས་དེའི་ཚེ་བདུད་ཀྱི་འཁོར་རྣམས་བར་སྣང་ལས་ལུས་ཕྱེད་བསྟན་ནས་རྒྱལ་པོ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ།། རྒྱལ་པོ་བཟོ་ཡི་སྒྱུ་རྩལ་སློབས།། དུས་ཚོད་དག་ལ་མཁས་པར་གྱིས།། རྒྱལ་པོས་དེ།། ་ནི་མ་ཤེས་ན།། མི་རྒྱལ་རྟགས་དང་ལྡན་མ་ཡིན།། སངས་རྒྱས་ཉན་ཐོས་དགྲ་བཅོམ་པ།། ཡེ་ཤེས་ཆེན་པོ་ལྡན་པ་ཡི།། ཚིག་དག་ལ་ནི་མི་རྟེན་པར།། ཅི་ཡི་ཕྱིར་ན་ཆད་པར་ལྟ།། དགེ་སློང་རྣམས་ནི་ཕན་གདགས་ཕྱིར།། ཁྱོད་ལ་བདེན་ཚིག ་སྨྲ་བ་ཡིན། ། ཚད་སྨན་གྲོང་གྲོ་མ།། ཡང་དག་ཚངས་སྤྱོད་མ་ཡིན་པས།། དེ་ནི་ཧྲུལ་པོའི་ཕོ་བྲང་དུ།། བཙུན་མོ་དག་དང་ལྷན་ཅིག་རྩེ།། རྒྱལ་པོ་འཁོར་དང་བཅས་པ་ཡིས།། ལེགས་པར་རྟོགས་ལ་ཐེ་ཚོམ་སོལ།། རྒྱལ་པོས་དངོང་པན ་འདི་ཐོས་པས། ། སེམས་ལ་སྐྲག་ཅིང་མྱ་ངན་སྐྱེས།། འཁོར་རྣམས་དང་ནི་ལྷན་ཅིག་ཏུ།། མུར་ཞིང་རིངས་པར་ཕོ་བྲང་དོད།། དེ་ཚེ་དྲི་མེད་ཕོ་བྲང་ནདང་།། ཆོས་རྣམས་རང་བཞིན་སྟོང་པ་དང་།། བདག་དང་སེམས་ཅན་མེད་པ་ཡི།། དམ་པར ་དོན་ནི་སྟོན་པར་བྱེད། ། རྒྱལ་པོ་དམིག་འཁོར་བཅས་པ་རྣམས།། ཐམས་ཅད་བདུད་ཀྱིས་བསླུས་པས་ན།། པོ་བྲང་ནང་གི་བཙུན་མོ་རྣམས།། དགེ་སློང་ཡོངས་བསྐོར་མཐོང་བ་དང་།། ཞེ་སྡང་གླང་ཆེན་མྱོས་འདྲབས།། གཤེད་མ་དག་ལ་རབ ་བསྒོབ། ། དགེ་སློང་ང་ཡི་བཙུན་མོ་བསླུས།། སྡུག་བསྔག་ཆོས་ཀྱིས་ཆད་པས་ཚོད།། བློན་པོ་འཁོར་དང་བཅས་པ་རྣམས།། ཐམས་ཅད་བདུད་ཀྱིས་ཟིན་པས་ན།། དགེ་སློང་ཉེས་པ་མེད་པ་ལ།། སེམས་ཀྱིས་གནོད་པ་བྱ་བར་བསམས།། ་གཤད་པ་མཚོན་ཐོགས་འོངས་པ་དང་།། དྲི་མེད་སྙིང་བརྩེ་མཆི་མ་བྱུང་།། རྒྱལ་པོས་ཁྱོད་ནི་ཆོས་མིན་ན།། ཅི་ཡི་ཕྱིར་ན་མཆི་མ་བྱུང་།། དྲི་མེད་རྒྱལ་པོ་ལ་སྨྲས་པ།། དངོས་པོ་འདི་ནི་ཡིད་ཆིས་དཀའ།། རེ་ཤིག་སྐད་ཅིག་སྡོད་ཅིག་དང་།། བདག ་གསང་བ་ཡི་ལོང་ཡོད་དོ། ། རྒྱལ་པོས་དགེ་སློང་ཚིག་ཐོས་ནས།། གཤེད་མ་དག་ལ་སྡོད་ཅིག་བསྒོ།། བདེན་པའི་དངོས་པོ་ཅི་ཞིག་ཡོད།། ཁྱོད་ཀྱིས་མྱུར་དུ་སྨྲ་བའི་རིགས།། ལྷག་པའི་བསམ་པ་ལྡན་གྱུར་ཅིང་།། སྙིང་རྗེས་འཇིག་རྟེན་ཕན་འདོགས ་པས། ། སོར་མོ་བཅུ་ཡི་ཐལ་སྦྱར་ཏེ།། བདེན་པའི་ཚིག་ནི་འདི་སྐད་སྨྲས།། རྒྱལ་པོ་ཆེན་པོས་མཁྱེན་པར་མཛད།། གལ་ཏེ་ཡང་དག་ཉེས་མེད་ན།། ས་འདི་རྣམ་པ་དྲུག་ཏུ་གཡོས།། མཁའ་ལས་མེ་ཏོག་ཆར་ཕོབ་ཤིག། དེ་སྐད་ཚིག་ནི་སྨྲས་མ་ཐག ་ས་ཆེན་རྣམ་པ་དྲུག་ཏུ་གཡོས། ། མཁའ་ལས་ལྷ་ཡི་མེ་ཏོག་བབ།། བདུད་འཁོར་མྱ་ངན་སྐྱེས་པར་གྱུར།། དེ་ཚེ་རྒྱལ་པོ་དང་བ་སྐྱེས།། གང་ལ་ཕྱག་བྱས་བཟོད་པ་གསོལ།། བདག་ནི་དམྱལ་བར་ལྟུང་འགྱུར་ན།། མགོན་མེད་བདག་ལ་སྐྱབས་མཇེད་ཅིག ་ཨུ0f7f། ། ཀྱི་ཧུད་སྡིག་པའི་གྲོགས་ཕྲད་པས།། གདུག་པའི་སེམས་ནི་སྐྱེས་པར་གྱུར།། སྡིག་པའི་གྲོགས་པོ་རྗེས་འབྲངས་པས།། མགོན་དང་སྐྱབས་བྱེད་སུ་ཡང་མེད།། སྟོན་པ་ཆེན་པོ་མ་གཏོགས་པར།། ཕྱོགས་བཅུར་བདག་གི་མགོན། ་བྱེད་མེད།། བདག་གིས་རྒྱལ་སྲིད་སྤངས་ནས་ནི།། ནམ་འཚོའི་བར་དུ་སྐྱབས་སུ་མཆིས།། དགེ་སློང་དེས་ནི་རྒྱལ་པོ་དང་།། གཡོག་འཁོར་བསམ་པ་རིག་གྱུར་ནས།། དམ་པའི་དོན་ནི་རབ་ཏུ་བཤད།། རྒྱལ་པོས་ཐོས་ནས་དད་པ་ཐོབ།། འཁོར་ནི་བྱེ་བ་བརྒྱ ་སྟོང་དང་། ། རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་།། སྦྱངས་པའི་སྡོམ་པ་བླངས་པས་ན།། གཞན་གྱིས་འགྲོན་གཉེར་ཡོད་མི་ལེན།། དེ་ན་རྒྱལ་པོའི་ཕོ་བྲང་ནད།། བཙུན་མོ་འཁོར་བཅས་བརྒྱད་ཁྲི་རྣམས།། དམ་པའི་དོན་ནི་ཐོས་པས་ན།། ཕྱིར་མི་ལྡོག་ལ ་གམས་པར་གྱུར། ། རྒྱལ་པོས་སངས་རྒྱས་གསུངས་པ་བཞིན།། ལོ་ནི་ཉི་ཤུ་རྩ་བཞིའི་བར།། ཉིན་མཚན་རྟག་པར་སྡིག་བཤགས་ཀྱང་།། འོན་ཀྱང་སྡིག་པའི་ལས་མ་ཟད་།། ལོ་ནི་བྱེ་མང་སྡུག་བསྔལ་མྱེད།། སྡིག་ཟད་དེ་བཞིན་གཤེགས་དང་ཕྲད། ་སྔོན་ནི་སྐྲག་པར་བྱས་པའི་རྒྱུས།། རྣམ་སྨིན་ལྷག་མ་རྟག་པར་དམན།། མཐར་གྱིས་རྣལ་འབྱོར་རབ་བསྒོམས་ཏེ།། སངས་རྒྱས་བྱེ་བ་སྟོང་མཆོད་ནས།། སོ་སོར་ཞིང་ཁམས་གཞན་དག་ཏུ།། ཐམས་ཅད་མངོན་པར་རྫོགས་སངས་རྒྱས།། ཡོན་ཏན་གྲགས ་པ་ཞེས་བྱེར་གྱུར། ། དེ་ཚེ་རྒྱལ་པོ་རྒྱ་ཆེར་བྱིན།། དགེ་སྦྱོང་བྱམས་བཟོད་དེ་ལ་ནི།། གདུག་པའི་སེམས་ནི་བསྐྱེད་པས་ན།། ལོ་ནི་བྱེ་བ་མང་པོར་ཡང་།། སྔོན་གྱི་སྡིག་ལས་མངོན་གྱུར་པས།། དུ་འབོད་ཆེན་པོར་ལྷུང་བར་གྱུར།། རྣམ་སྨིན་དེ་ནི་ཐད ་ནས་ཀྱང་། ། སླར་ཡང་མི་ལུས་ཐོབ་གྱུར་ཏེ།། དེ་བཞིན་གཤེགས་པ་ཀུན་སྤྱན་ཕྲད།། རྟག་ཏུ་བསྙེན་བཀུར་རིམ་གྲོ་བྱས།། གཞན་ཡང་སངས་རྒྱས་བྱེ་བ་ཕྲག། བརྒྱད་བཅུ་དགལ་རིམ་གྲོ་བྱས།། དེ་ཡི་འོག་ཏུ་སངས་རྒྱས་པ།། དེ་ནི་བདག་ཉིད་ཡིན་ནོ།། ་ཚེས་སྨྲ་ཉེས་པ་མེད་པ་ལ།། གནོད་པ་བྱས་པའི་དགེ་སློང་ནི།། མ་འོངས་མངོན་པར་འཚང་རྒྱ་བ།། བྱང་ཆུབ་སེམས་དཔའ་བྱམས་པ་ཡིན།། དེ་ཚེ་རྒྱལ་པོ་ཕོ་བྲང་ནད།། བཙུན་མོའི་འཁོར་ནི་བརྒྱད་ཁྲི་རྣམས།། ཤིན་དུ་དད་པས་དགེ་རྩ་བསྐྱེད།། སངས་རྒྱས ་ཚད་མེད་རིམ་གྲོ་བྱས། ། དེ་ལྟར་སྤྱོད་པ་རབ་བསྐྱེད་ནས།། སེམས་ཅན་ཕན་གདགས་སྨོན་ལམ་བཏབ།། སངས་རྒྱས་བྱེ་བ་སྟོང་མཆོད་ནས།། སོ་སོར་མངོན་པར་འཚང་རྒྱ་ཡང་།། ངས་དེར་ཁྱེད་ལ་བསྒོ་བ་ནི།། ཐམས་ཅད་གནོད་སེམས་མ་སྐྱེད་ཅིག། ་གང་ཞིག་བྱམས་བསྒོམས་སངས་རྒྱས་བསྔགས།། མྱུར་དུ་བྱང་ཆུབ་ཆེན་པོ་འཐོབ།། དེ་ལྟ་བས་ན་གློག་ཐོབ་སེམས་ཅན་རྣམས་ཀྱི་དབང་པོ་དང་།། རང་བཞིན་དང་། བསམ་པ་དག་ལ་མི་མཁས་པ་དག་གིས་དུས་ཐམས་ཅད་དུ་གནོད་སེམས་བསྐྱེད་པར ་མི་བྱའོ། ། གློག་ཐོབ་འདི་ལྟ་སྟེ་དཔེར་ན་རི་རྣམས་ཀྱི་ནངད་ནི་རི་རབ་མཆོག་ཏུ་གྱུར་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡེ་ཤེས་རྣམས་ཀྱི་ནང་ན་མཆོག་དང་གཙོ་བོ་དང་། བླ་ན་མེད་པར་གྱུར་པ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན་ཆུ་བོ་ཐམས་ཅད་ཀྱི ་ནདན་ནྱ་མཚོ་མཆོག་ཏུ་གྱུར་པ་དེ་བའི་གཤེགས་སྡེ་ཡེ་ཤེས་དའི་ཤེས་རྣམས་ཅན་ན་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བར་གྱུར་པ་ཡིན་ནོ། ། གཞན་ཡང་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་རྣམས་ཀྱི་ནང་ན་འཁོར་ལོ་སྦྱར་པོའི་རྒྱལ་པོ་མཆོག་དང་། གཙོ་བོ་དང་། བླ་མར་གྱུར་བ ་དེ་བཞིན་དེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡེ་ཤེས་རྣམས་ཀྱི་ནང་ན་གོང་ན་མེད་པར་གྱུར་པ་ཡིན་ནོ། ། གློག་ཐོབ་དེ་བཞིན་གཤེགས་པ་ནི་འདི་ལྟ་བུའི་མཁྱེན་པ་དང་ལྡན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག ་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་འཇུག་ཅིང་གྱུར་པ་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཅིང་སོ་གོལ་གཏོགས་པ་གཅིག་ལ་ཐམས་ཅད་ཡོངས་སུ་བསྡད་པར་མཛད་དོ། ། གློག་ཐོབ་དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས ་ཅ་ཨད་མཁྱེན་པ་ཉིད་དང་ལྡན་པས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མིག་དང་ལྡན་པས་རྩོལ་བ་ལ་མི་ལྟོས་པར་རང་གི་ལག་མཐིལ་ན་སྐྱུ་རུ་རའི་འབྲས་བུ་གསལ་བར་མཐོང་ཞིང་ཐེ་ཚོམ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཅན ་གྱི་སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་པས་འཁོར་མང་པོའི་ནང་དུ་ཆོས་རྣམཔ་སྣ་ཚོགས་ཡང་དག་པར་སྟོན་པར་མཛད་དོ། ། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཚན་མེད་གྲངས་མེད་པ་དག་ན་འདོད་ཆགས་ཀྱི་སྤྱོད་པ་དང་ཚུངས་པར་ལྡན ་བའི་སེམས་ཅན་རྣམས་འདོད་ཆགས་ཀྱིས་ཡོངས་སུ་གདུངས་ནས་ཉིན་མཚན་དུ་ཡིད་ལ་བྱེད་ཅིང་དོན་མེད་པར་དུས་ལས་འདའ་བར་བྱེད་པ་ཡང་རས་རབ་ཏུ་མཁྱེན་ཅིང་གཟིགས་སོ། ། འདོད་ཆགས་ཀྱིས་གདུང་བས་ལུས་དང ་རག་གིས་ལས་རྣམ་པ་སྣ་ཚོགས་སློང་བར་བྱེད་པ་དག་ཀྱང་ངས་རབ་ཏུ་མཁྱེན་ཅིང་གཟིགས་སོ། ། ཞེ་སྡང་སྟོད་པའི་སེམས་ཅན་དེ་དག་ཞེ་སྡང་གིས་ཟིལ་གྱིས་ནོན་ནས་གཅིག་ལ་གཅིག་ཞེསྡང་གིས་ཕྲག་དོག་བྱེད་པ་དང་། གནོད་པ་བྱས་པའི་ཕྱིར་མནར ་མེད་པའི་གནས་སུ་ལྟུང་བར་འགྱུར་བ་དག་ཀྱང་རབ་ཏུ་མཁྱེན་ཅིང་གཟིགས་སོ། ། གཏི་མུག་སྤྱོད་པ་དང་མཚུངས་པར་ལྡན་པའི་སེམས་ཅན་རྣམས་མ་རིག་པའི་མུན་ནག་གིས་བསྒྲིབས་ཤིང་རྨོངས་པའི་མངོན་པར་ཞེན་པ་དང་། ལོག་པར་ལྟ་བའི་རྗེས ་སུ་འགྱུར་བ་ལ་མོས་པར་འགྱུར་བ་དག་ཀྱང་ངས་རབ་ཏུ་མཁྱེན་ཏོ། ། འོས་སུ་གྱུར་པ་དང་། འོས་སུ་མི་འགྱུར་བ་དང་། འཕེལ་ཞིང་རྩོལ་བ་དང་བཅས་པ་དང་། ལྡོག་ཅིང་ཉམས་པར་གྱུར་པ་དང་། དེ་བཞིན་གཤེགས་པའི་ཐེག་པར་དགེ་བའི་རྩ་བ་བསྐྱེད ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དགེ་བའི་རྩ་བ་བསྐྱེད་པ་དང་། ཉན་ཐོས་ཀྱི་ཐེག་པར་དགེ་བའི་རྩ་བ་བསྐྱེད་པ་དག་ཀྱང་ངས་རབ་ཏུ་མཁྱེན་ཏོ།། དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་མཁྱེན་པ་དང་ལྡན་པས་འཁོར་མང་པོའི་ནང་དུ་བཞུགས་ནས ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པའི་བྱེད་བྲག་ཀྱང་རབ་ཏུ་མཁྱེན་པས་གལ་ཏེ་དུས་ལམ་བབ་པར་རིག་པར་གྱུར་ན་ནི་ཅང་མི་གསུང་ཞིང་བཏང་སྙོམས་སུ་བཞག་ནས་སེམས་ཅན་འདི་དག་ནི་ཆོས་ལ་རྨོངས་པར་གྱུར་པས། ཁོང་དུ་ཆུད་པར་མི་འགྱུར་རོ།། ་སྙམ་དུ་དགོངས་སོ།། དེ་བཞིན་གཤེགས་པ་ནི་དབང་པོ་དང་སྟོབས་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་ཤིང་དུས་རབ་ཏུ་མཁྱེན་པའི་ཕྱིར་གདུལ་བའི་འོས་སུ་གྱུར་པ་དང་། བསམ་པ་ཆོག་ཏུ་གྱུར་པ་དང་། བཟོད་པར་ནུས་པའི་འོས་སུ་གྱུར་པ་དང་། ་ཚིག་ལེགས་པར་ཉན་པར་གྱུར་པ་དག་ཀྱང་ངས་རབ་ཏུ་མཁྱེན་ཏེ། དེ་ལྟར་མཁྱེན་པར་གྱུར་ནས་ཀྱང་སེམས་ཅན་དེ་དག་ཡོངས་སུ་བསྡུད་ཅིང་ཕན་འདོགས་པར་བྱེད་དོ།། དེ་ལྟ་བས་ན་གློག་ཐོབ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དག་པའི་གནས་སྐབས ་སུམ་ཞུགས་པ་སེམས་ཅན་རྣམས་ཀྱི་ལྷག་པའི་བསམ་པ་ལེགས་པར་འོང་དུ་མ་ཆུད་བདག་གིས་ཁྱིམ་ན་གནས་པའམ། རབ་ཏུ་བྱུང་བ་ཡང་རུང་སྟེ། ཐམས་ཅད་ཀུན་ལ་སྨོད་ཅིང་གནོད་སེམས་བསྐྱེད་ནས་ཡུན་རི་བོར་བདག་ཉིད་ལ་གནོད་པར་འགྱུར ་པ་མི་བྱའོ། ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཐེག་པ་ཆེན་པོ་ལ་གནས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ།། སེམས་ཅན་གཞན་དག་སྡིག་པ་མི་དག་པའི་ལས་བྱེད་པ་མཐོང་ན་ཡང་གནོད་སེམས ་བསྐྱེད་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་རྟག་ཏུ་སེམས་ཅན་གང་རྣམ་པར་དཀར་ཞིང་ཡོངས་སུ་དག་པའི་ཆོས་ལ་ནུང་ཟད་ཅིག་ཉན་པར་གྱུར་ན་ནམ་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་བར་མི་འགྱུར་རོ་ཞེས་གསུངས་པས་སོ།། ་བྱང་ཆུབ་སེམས་དཔའ་ནི་གལ་ཏེ་འདོད་ཆགས་སྤྱོད་པའི་སེམས་ཅན་མཐོང་བར་འགྱུར་ན་སེམས་ཅན་འདི་དག་འདོད་ཆགས་ཀྱིས་གདུང་བས་བསྲེག་པར་གྱུར་པ་ཡང་བདག་གིས་ཉེས་པ་ཡིན་ནོ་སྙམ་དུ་སེམས་སོ།། ཞེ་སྡང་དང་། གཏི་མུག་གིས་གདུང ་བས་བསྲེགས་པར་གྱུར་པ་དེ་དག་མཐོང་ན་ཡང་འདི་དག་ཐམས་ཅད་ནི་བདག་གིས་ཉེས་པ་ཡིན་ནོ་སྙམ་དུ་སེམས་སོ། ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་སེམས་ཅན་ཐམས་ཅད་ན་བའི་སྡུག་བསྔལ་དང་ལྡན་པར་གྱུར་པ་དག་མཐོང་བར་གྱུར་ན་སྨན་ཡོངས ་སུ་བཙལ་ཏེ་ཐབས་མཁས་པས་ཡོངས་སུ་གསོ་བའི་རིག་པ་ལས། བདག་སྔོན་སེམས་ཅན་གྱིན་གསལ་བར་ཡིད་དམ་བཅས་ནས་དེང་ཡལ་བར་བོར་པ་འདི་ཉིད་བདག་གི་ཉེས་པ་ཡིན་ནིན་སུམ་དུ་སེམས་པས་སོ།། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ ་སམ་པ་དང་ལྡན་པས་བདག་ཉིད་ཀྱིཤེས་པ་ལག། ཞིང་སེམས་ཅན་རྣམས་ལ་བྱམས་པའི་སེམས་སྐྱེད་པར་བྱེད་དོ།། གལ་ཏེ་གསོད་པའམ། ལུས་ཀྱི་ཡན་ལག་དང་ཉི་ལགགཅོད་ཅིང་གཏུབ་བཞིག་དང་ཕྲག་པར་བྱུ་ན་ཡང་བར་གགནོད་པ་པ ་དེ་དག་ལ་ལན་བྱའོ་སྙམ་པའི་བསམ་པ་མེད་དོ། ། གློག་ཐོབ་བྱང་ཆུབ་སེམས་པའི་ད་ལྟར་ཡང་དག་པར་སྒོམ་པན་འདས་པ་མི་དགེ་བའི་ལས་ཇི་སྙེད་པ་དག་ཀྱང་གཏན་དུ་ཟད་ཅིང་མ་ལུས་པར་འབྱུང་བར་འགྱུར་ལ། མ་འོངས་པའི་མི་དགེ་བ་རྣམས་ནི་ཡང ་བྱབྱ། ། སྣང་བར་མི་འགྱུར་རོ།། སློབ་ཐོབ་སྔོན་བྱུང་བ་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་པ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཡིད་ཆས་སྔ་ལན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགི ་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་སྐྱེས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། འཇིག་རྟེན ་གྱི་ཁམས་དེ་ནི་འོད་ཟེར་ཅན་ཞེས་བྱ་སྟེ། རྒྱལ་པོའི་གྲོང་ཁྱེར་རབ་ཏུ་བདེ་བ་ཞེས་བྱ་བའི་ཚལ་ན་བཞུགས་སོ།། དེའི་ཚེ་ཤན་པ་འཇིགས་སུ་རུང་བ་ཞེས་བྱ་བ་ཁྲོ་གཏུམ་ཆེ་ཞིང་གསོད་པ་ལ་དགའ་བ། བཟོད་པ་དང་བྱམས་པའི་སེམས་མེད་པ། ལག་པ ་ཁྲག་གིས་བསྐུས་པ། མཐོང་བ་ཐམས་ཅད་སྐྲག་པར་འགྱུར་བ་ཞིག་ཡོད་དེ། དེའི་ཚེ་ཤན་པ་དེས་གླང་ཞིག་ཁང་པའི་ནང་དུ་བཅིངས་ཏེ་ནང་ཏུ་ཞུགས་ནས་བསད་པར་བྱས་པ་ལས་གླང་དེས་དེ་མཐོང་ནས་ཤིན་ཏུ་སྐྲག་པས་ཐག་པ་བཅད་དེ་བྲོས་ནས་དེ་བཞིན ་གཤེགས་པ་མཆོག་ཏུ་སྐྱེས་པ་བཞུགས་པའི་ཚལ་ག་ལ་བ་དེར་སོང་ངོ་། ། དེའི་ཚེ་ཤན་པ་དེ་ཡང་མཚོན་ཐོགས་ནས་ཕྱི་བཞིན་དུ་བསྙགས་པས་གླང་དེ་སྐྲག་ནས་གཡང་ཟབ་མོ་ཞིག་ཏུ་ལྷུང་བས་སྲོག་ཆད་ལ་ཐུག་པ་ཙམ་དུ་ན་ཞིང་སྡུག་བསྔལ་བས་སྒྲ་ཕྱུང་ངོ་།། ་དེའི་ཚེ་ཤན་པ་གྲང་དེ་མཐོང་ནས་ཞེ་སྡང་ཆེར་སྐྱེས་ཏེ། གཡང་ས་ཟབ་མོ་དེ་ཉིད་དུ་ཞུགས་ནས་མཚོན་ཐོགས་ཏེ་བས་དའ་བྱས་ལས་མཚོན་མ་བཏབ་པའི་བར་སྐབས་སུ། དེའི་ཚེ་དེ་བཞིན་གཤེགས་པ་མཆོག་ཏུ་སྐྱེས་པ་ཚལ་དེར་འཁོར་མང་པོ་བརྒྱ་སྟོང་ཚད་མེད། ་པས་ཡོངས་སུ་བསྐོར་བ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི ་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། ་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དག་ཐམས་ཅད་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གོ་ཞེས་རྒྱ་ཆེར་རྣམ་པར་ཕྱེ་སྟེ། སྟོན་པར ་མཛད་པས། གློག་ཐོབ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་མ་རིག་པ་ཡང་འདུ་བྱེད་ལ་མི་སེམས་མི་ཏོག་ལ། འདུ་བྱེད་ཀྱང་མ་རིག་པ་ལ་མི་སེམས་མི་རྟོག་གོ།། དེ་བཞིན་དུ་སྐྱེ་བ་ལང་ག་ཤིལ་མི་སེམས་མི་ཏོག་ལ། ག་ཤི་ཡང་སྐྱེ་བ་ལ་མི་སེམས་མི་རྟོག ་བས་དེ་ལྟར་ནཆོས་ཐམས་ཅད་ནི་རང་བཞིན་དམིགས་སུ་མེད་པས་མངོན་པར་དུ་བྱ་བ་མེད་པ། དྲན་པ་མེད་པ། བདག་དང་བདག་གིས་མེད་པ། རང་བཞིན་གྱིས་རྣམ་པར་དག་པ། ཕན་ཚུན་གཅིག་གིས་གཅིག་མི་རིག་པ་ཡིན་ནོ།། སོ་སོའི་སྐྱེ་བོ་རྣམས་འདི ་ལྟ་བུའི་ཆོས་མ་ཐོས་པའི་ཕྱིར་གཟུགས་ནི་བདག་ཡིན་ནོ། ། བདག་ནི་གཟུགས་རྣམས་དང་ལྡན་ནོ།། གཟུགས་ནི་བདག་གི་ཡིན་ནོ་ཞེས་འཛིན་པར་བྱེད་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པའི་བར་ལ་ཡང་དེ་བཞིན་ནོ།། ་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པའི་དབང་གིས་མི་རྟོག་པ་ལ་རྟག་པར་འཛིན་པར་བྱེད། སྡུག་བསྔལ་བ་ལ་བདེ་བར་འཛིན་པར་བྱེད། མི་སྡུག་པ་ལ་སྡུག་པ་ཉིད་དུ་འཛིན་པར་བྱེད། བདག་མེད་པ་ལ་བདག་ཏུ་འཛིན་ཅིང་ཕྱིན་ཅི་ལོག་བཞི་སྤྱད ་བར་བྱེད་དོ། ། ཕྱིན་ཅི་ལོག་ཏུ་ལྟ་བའི་ཕྱིར་མ་རིག་པས་རྨོངས་ནས་ཡང་དག་པར་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་སེམས་ཀྱི་རྗེས་སུ་མངོན་པར་ཞེན་པ་ཁུར་བ་སྲིད་པཱ་སྲེད་པ་འཆིང་བ་གཅོད་པར་མི་ནུས་ཤིང་འཁོར་བའི་འཁོར་བར་རྒྱུན་མི་འཆང་བར་འཁོར་བར ་འགྱུར་བ་ཡིན་ནོ། ། མཁས་པ་དག་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་ཤིན་ཏུ་ལེགས་པར་རྟོག་པར་བྱེད་པའི་ཕྱིར་བདག་དང་། གང་ཟག་དང་། སེམས་ཅན་ཞེས་བྱ་བ་ནས་སྲོག་ཅེས་བྱ་བའི་བར་དུ་ཅུང་ཟད་ཙམ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ལ། ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གསོད་པ་དང་། གནོད་པ་བྱེད་པ་དག་ཀྱང་མི་དམིགས་སོ་ཞེས་གསུངས་པ་དང་། གློབ་ཐོབ་དེའི་ཚེ་ཤན་པ་འཇིགས་སུ་རུངས་པས་རྒྱང་ནས་དེ་བཞིན་གཤེགས་པས་ཆོས་བཤད་པའི་སྒྲ་ཐོས་ནས་གོ། ་བར་བྱུར་བས་དེ་མ་ཐག་ཏུ་གསོད་པའི་སེམས་ཉེ་བར་ཞི་བར་གྱུར་ནས་མཚོན་ཆ་སྤངས་ཏེག་ཡང་ས་ནས་བྱུང་ནས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ནས་ཕྱག། ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་དེར་དེ་བཞིནི་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལམ་བསྒྲུབ་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩོལ་པ་དེ་རིགས་སོ། ། དགེ་སློང་ལེགས་པ་འོངས་སོ་ཞེས་གསུངས་མ་ཐག་ཏུ་དགེ་སློང་གི་དངོས་པོར་གྱུར་ནས་རྫོགས་པར་བསྙེན་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་མཆོག་ཏུ་སྐྱེས་པས་དེའི་ལྷག་པའི་བསམ་པ་ཐུགས་ཀྱིས་མཁྱེན་ནས ་མཐར་གྱིས་ཡོངས་སུ་སྨིན་པར་མཛད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་རྒྱ་ཆེར་ཡང་དག་པར་བསྟན་པ་འཇིགས་སུ་རུང་བ་ཐོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་ཏོ།། གླང་དེ་ཡང ་ད་ཨེ་བཞིན་གཤེགས་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་ཚིག་སྟོན་པའི་གསུང་སྒྲ་ཤིན་ཏུ་གྱ་ནོམ་པ་ཐོས་ནས་སེམས་ལ་རབ་ཏུ་དགའ་བ་སྐྱེས་པས་ཤི་འཕོས་པའི་འོག་ཏུ་དགའ་ལྡན་ལྷའི་གནས་སུ་སྐྱེས་ནས་ཐ་མར་བྱམས་པ་དང་ཕྲད་དེ་ཡང་དག ་པའི་དད་པ་དང་ལྡན་པར་གྱུར་ཏོ། ། གློག་ཐོབ་དེ་ལྟར་ན་སེམས་ཅན་རྣམས་ཀྱི་སྤྱོད་པ་ནི་ཤིན་ཏུ་ཟབ་པ་དང་། རྣམ་པར་རིག་པར་དཀའ་ཞིང་ཤེས་པར་དཀའ་བ་ཡིན་ཏེ། དེའི་ཕྱིར་བློ། ཐོབ་བྱང་ཆུབ་སེམས་དཔའ་གང་གིས་བླ་ན་མེད་པ་ཡང་དག ་བ་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་འདོད་པས་སེམས་ཅན་སྟི་དབང་པོ་དང་། སྤྱོད་པ་དག་ལ་གནི་དུ་མཁས་པར་བྱས་ནས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་། ཐོགས་པ་མེད་པའི་སེམས་པ་རབ་ཏུ་གནས་ཏེ ་ཆོས་ཐམས་ཅད་པ་རྟག་ཏུ་མངོན་པར་ཞེན་པ་མེད་པར་བྱའོ། ། ཐེ་བདོག་པ་རྣམས་ཡོངས་སུ་སྤངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་བསྒྲུབ་པར་བྱའོ།། བཟོད་པ་ལ་གནས་པར་བྱའོ།། དབརྩོན་འགྲུས་བསྐྱེད་པར་བྱའོ།། བསམ ་གདན་དང་། དིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟག་པར་བྱའོ།། གློག་ཐོབ་བྱང་ཆུབ་སེམས་དཔའ་གང་ཆོས་དྲུག་པོ་འདི་དག་ཡོངས་སུ་རྫོགས ་པ་གྱུར་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་རོ། ། ཇི་སྐང་ཡོངས་སུ་རྫོགས་པར་བྱེད་ཅེ་ན།། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་ནས་མངོན་པར་སྒྲུབ ་པར་བྱེད་པའི་ཕྱིར་རོ། ། བློག་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་གཏེར་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་པས་གཟུགས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་ཤིང་། གཟོད་མ་ཉིད་ནས་སྐྱེ་བ ་མེད་པ་དང་། རང་བཞིན་གྱིས་རྣམ་པར་དག་པར་མཐོང་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མཁས་པ་ཐོབ་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པར་གྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། དོན ་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། དེས་དོནས་སོ་ཡང་དག་པར་རིག་པ་ནི་གཟུགས་ཀྱི་དོན་རྣམས་ལ ་ཐོགས་པ་མེད་པར་གྱུར་བའི་ཕྱིར་རོ། ། གཟུགས་ཀྱི་དོན་ག་ཞེ་ན། འདི་ལྟ་སྟེ། དོན་དམ་པ་གང་ཡིན་པའོ།། དོན་དམ་པ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དམིགས་སུ་མེད་པ་གང་ཡིན་པ་སྟེ། དོན་དམ་པའི་ཡེ་ཤེས ་བདིས་བུ་དང་ལྡན་པ་གང་ཡིན་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། ཆོས་སོ་སོ་ཡང་དག་པར་རིག་པ་ནི་གཟུགས་ཀྱི་ཆོས་རྣམས་ཡང་དག་པཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི ་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདི་ལྟ་སྟེ། གཟུགས་རྣམས་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ཐབས་ལ་མཁས་པས་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་འབྱེད་པ ་གང་ཡིན་པ་དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཆོས་རྣམས་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་རྣམ་པར་བྱེ་སྟེ་སྟོན་པར་བྱེད ་ཀྱང་ཀུན་ནས་ཉོན་མོངས་པ་མེད་ཅིང་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་སྤོབས་པ་སོ་སོ་ཡང་དག་པ་རིག་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ནི་འདི་ལྟ་བུའི་ཡེ་ཤེས་དང་ལྡན་པས་གཟུགས་ཀྱི་ཆོས་ལ་རྨོངས་ཤིང་མངོན་པར་ཞེན་པར་འགྱུར་བའི ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དང་། འདུན་པ་ཇི་ལྟ་བ་བཞིན་དུ་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཅི་རིགས་པར་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་མཚན་ཉིད་གཉིས་སུ་འགྱུར་བ་མེད་དེ། སྒྲ་དང་། དྲི་དང་། རོ་དང་། རེག་བྱ ་དང་། ཆོས་ཀྱི་བར་ལ་ཡང་དེ་བཞིན་དུ་རྒྱས་པར་སྦྱར་ཏེ། གློག་ཐོབ་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་སྤྱོད་ཡུལ ་རྣམས་ལ་རྨོངས་པར་གྱུར་པའི་སེམས་ཅན་དེ་ལྟ་བུ་དག་ཡོངས་གདུལ་བར་འདོད་པའི་ཕྱིར་དེ་དག་གི་མོས་པ་ཇི་ལྟ་བ་བཞིན་དུ་དེ་དག་རེ་རེ་ལ་ཡང་བསྐལ་པ་འམ། ། བསྐལ་པ་ལས་ལྷག་པར་ཚིག་རྣམ་པ་སྣ་ཚོགས་ཀྱིས་ཐབས་ལ་མཁས་པས་ཆོས་སྟོན་པར ་བྱེད་ཀྱང་དེ་དག་གི་མཐའ་ཡང་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབལ་ཡང་འགྲིབ་པ་མེད་ཅིང་ཆོས་ཀྱི་དབྱིངས་དང་མི་འགལ་བར་གཉིས་སུ་མེད་ཅིང་དབྱེར་མེད་པའི་རྗེས་སུ་འབྲང་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ ་ཐབས་ལ་མཁས་པས་ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་བསྟན་པས་འཐོབ་པའི་ཆོས་ཀྱི་གཏེར་ཞེས་བྱའོ། ། ཆོས་ཀྱི་གཏེར་འདིས་སེམས་ཅན་དག་ལ་ཅི་རིགས་པར་ཆོས་བསྟན་ནས་ཟད་མི་ཤེས་པའི་ཆོས་ཀྱི་གཏེར་ཕུན་སུམ་ཚོགས་པར ་བྱུང་ཏེ། འཁོར་བའི་ཆུད་པ་གཏན་དུ་སྤོང་བ་གང་ཡིན་པ་འདི་ནི་ཀློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེར་ཆེན་པོ་དང་། ཟད་མི་ཤེས་པའི་གཉེར་དང་། ཀུན་དུ་ཟད་མི་ཤེས་པའི་གཏེར་དང་། མཐའ་མེད ་པའི་གཏེར་རྣམ་པ་ལྔ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་གུང་གཏེར་འདི་ལྟ་བུ་དང་ལྡན་པར་གྱུར་ན་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར ་ཚེཚོགས་ཆུང་ངུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་འཚང་རྒྱ་བར་འགྱུར་རོ། ། ཆོས་ཀྱི་གཏེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འང ་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་གློག་ཐོབ་ནི་གཟུངས་རབ་ཏུ་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་གློག་གི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར ་འགྱུར་ཏོ། ། ལྷའི་བུ་སུམ་ཁྲི་དྲུག་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས ་ལ་བྱང་ཆུབ་སེམས་དཔའ་ཟླ་བའི་རྒྱལ་མཚན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རྩོལ་བ་མ་མཆིས་པའི་ཡེ་ཤེས་ཞེས་གང་གསུངས་པ ་དེའི་དོན་ཇི་ལྟ་བུ་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ་གང་གིས་དགེ་བའི་ཆོས་རྣམ་ལ་ལུས་དང་སེམས་ཀྱི་རྗེས་སུ ་འཐུན་པས་དམིགས་ཤིང་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་རྩོལ་བ་དང་བཅས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་གང་ལུས་དང་སེམས་རབ་ཏུ་དུལ་བར་གྱུར་ནས། ་དྲན་པ་མེད་པ།། གནས་པ་མེད་པ།། རྣལ་འབྱོར་བསྒོམ་པའི་མཚན་མ་དང་བྲལ་བར་གྱུར་པ་དང་།། དེ་སྔོན་གྱི་སྨོན་ལམ་དང་། ཡེ་ཤེས ་ས་མྲ་གས་པར་འདུག་མ་རྣམ་སས་ཆུ་ས་ང ་རྣཾས་ས་པ་ང་མཀྱིལ་པ་ལུང་ཟད་ཚུལ་ང་། མ་པ་ནིས་ཐམས་མངས་སུ་པ ་སེམས་ཅད་གང་ཡང་ཡང་སས་བཟླས་པ་པར་པ་དང་། ས་རྒྱས་ཀྱི་ཤིང་སྤང་ས་ཀྱང་སངས་རྒྱས་རྩེན་ཡོངས་སུ་ག་པ་ཡང་དག་པར་རྗེས་སུ་པ་ལ་ད ་དྲུག་པར་ས་ས་ས་རྣམས་རྗེས་སྣ་ཡུ་གཱས་རྣགས་མ་དྲཱ་དཱ+ེ་དུ་མ་། སྨངས་རྒྱས་། རླུ་རྒྱུབ་བྱུང་དུན་། ་གང་པོ་དུ་ད་དུ་ང་པ་ང་སབྱང་ཆུབས་ས་པན་ད་དུ ་སེམས་ན་ཐམས་ཐ~ཾ་པ་མངས་ས་རྡུགས་པར་ཨཱ་པ་བྱས་པ་གུལ་མ་བདུན་པ་ཡང་ད་དུ། ན་དུས ་གས་པ་བསན་པན་སེང་གསུམ་ཀྱི་ན་གརྟེན་གྱི་རྣམས་འདི་ནམ་པ་དྲུག་དྲུག་ཡོ་ལ་གྱུ་། #་ཁྱེན་པ་པ་བ་ཡང་ས་ས་ཅག ་ལྷ་རྣམས་དང་བཅས་པར་སོང་གེ་བར་སྣང་ལས་མ་རྟོག་པན་དྷ་བ་། མུང་པ་ལ་དང་། དུལ་དང་། པང་མང། ་འདུ་ལྟུ་། མལྡན་འདསལ་ཡང་སུ་སྨྲ། ། ་གྷར་ཏོ།། ངོ་མཚར་རྨད་དུ་བྱུང་བའི་སྣང་བ་ཆེན་པོས་ཀྱང་ཀུན་ཏུ་སྣང་བར་བྱས་ཏེ། སེམས་ཅན་གང་ལ་རེག་པར་གྱུར་པ་དེའི་ལུས་ཀྱང་ཤིན་དུ་བ་སོལ་བར་གྱུར། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་གླེ་ག་ཟོབ་ལ་བཀའ་སྩལ་པ། གློག་ཐོབ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རྣམས་ཀྱིས་ཀྱང་གནས་འདིར་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་གསུངས་སོ། ། མབྱོན་པའི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བའི་ཚེ་ཡང་གནས ་འདིར་ཆོས་ཀྱི་རྣམས་གྲངས་འདི་ལྟ་བུ་གསུང་བར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་ཚད་མེ་དགྲངས་མེད་པ་དག་ནད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ ་རྣམས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་དྷུན་མི་འཆུད་པར་མཛད་པའི་ཕྱིར་འོད་ཟེར་ཆེན་པོ་འགྱེད་པར་མཛད་དོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སན་ལས་ལངས ་ཏེ་གོས་ཕྲག་པ་གཅིག་དྲུ་ག་ཟར་ན་སཾ་པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་མཐལ་མོ་སྦྱར་ནས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ནོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གངས་འདིའི་མིང་ཅི་ལགས། ་xxx། xxx ་གྲངས་འདིནི་མི་ཟད་པའི་གཏར་བསྟན་པ་ཞེས་བྱ། རྗེས་ཐམས་བྱེད་མ་པའི་མཚན་དི་སན་པ་ནས་ཀྱ་ཅན། ར་མིང་མས ་བཟུང་བར་བྱུང། བཅོམ་ལྡན་འདས་ཀྱིས་བྱུད་ཅེས་པཀའ་སྩལ་ནས། བྱང་ཆུབ་སྣམས་དཔའ་གླེག་པ ་xxx། xxx ་འདིག་རྟེན་རྣམས་ཅད་བརྣམ་ས་ས་ངས་པ་། ན་པར་ང། དཕགས་པ་དགན་མཆོག་པ་རྒྱགས་པརྙན་པའི་ཚས་ཅན ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་མི་ཟད་པའི་གཏེར་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། དུས་པ་ཉི་ཤུ་པ་རྫོགས་སོ།། ་