| Wylie | e-texts produced with BDRC’s OCR application |
འཛིན་གྱི་ཉི་མཐོང་། ། གཟུངས་ཀྱི་རྣམ་འགྱུར་ཀུན་ཏུ་ངན།། ཅི་བྱིར་འཇིགས་པས་འདི་དུ་ལྷགས།། དེས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི།། བདག་གིས་ཉི་མ་མ་ན། ་ལག་སོཚལ་བ་བདུན་འགས་ཤིང་།། ལན་བདེ་བ་མེད།། ཉི་མའི་མ་རྫོགས་སོ།། @རྒྱག་ས་དུ། ཙན་དྲ་ས+འུཿ། བོད་སྐད ་ཟླ་བའི་མདོ། ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྤྱན་གྱི ་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་འཛིན་གྱིས་བཟུང་ནས། དེ་ནས་ལྷའི་བུ་ཟླ་བས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ། ་དེའི་དུས་སུ་ཚོགས་སུ་བཅད་པ་འདི་གསོལ་ཏོ།། སངས་རྒྱས་དཔའ་བོ་དེ་ལ་འདུད།། ཐམས་ཅད་མྱུར་དུ་གྲོལ་བར་མཛོད།། བདག་འདིའི་ཁ་རུབཅུག་པས་ནི།། བདག་ནི་ཁྱེད་ལ ་སྐབས་སུ་འགྲོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བའི་ཆེད་དུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས།། དགྲ་བཅོམ ་དེ་བཞིན་གཤེགས་པ་ལ། ། ཟླ་བ་སྐྱབས་སུ་སོང་བས་ནས།། སྒྲ་ཅན་འཛིན་གྱིས་ཟླ་བ་ཐོང་།། དེ་ནས་ལྷའི་མ་ཡིན་གྱི་དབང་པོ་སྐད་ཅན་འཛིན་གྱིས། ལྷའི་བུ་ཟླ་བ་གྲོལ་བར་བྱས་ནས ་སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་པས་ཕྱོགས་གཅིག་ཏུ་འདུག་གོ།། ་ཕྱོགས་ག་ཅིག་ཏུ་འདུག་ནས་ཡང་ལྷ་བ་ཡིན་ཅི་དབང་པོ་ཀླག་དོན་པ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར།། སྒྲ་གཅན་འཛིན་གྱིས་ཟླ། ་བཟོད་།། གཟུགས་ཀྱི་རྣམ་གྱུར་ཀུན་དུ་ངན།། ཙཾ་ཕྱིར་འཇིགས་པས་འདི་རུ་ལྷགས།། སྒྲ་གཅན་འཛིན་གྱིས་སྤྲས་པ།། སངས་རྒྱས་ཚིགས་བཅད་ཟོས་ནས་ནི།། ཟླ་བ་བདག་གིས་མ་གཏང ་ན། ། མགོ་བོ་ཚལ་པ་བདུན་འགས་ཤིང་།། འཚོ་བ་ལ་ནི་བདེ་བ་མེད།། ཟླ་བའི་མདོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ་པཧཱ་མ་ག་ལ་སཱུ་ཏྲ། བོད་སྐད་དུ། བཀྲ་ཤིས་ཆེན་པོའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། ་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ལྷ་དུ་མ་རྣམས་མཚན་མོ་ཁ་དོག་སྣ་ཚོགས་པ་དང་ལྡན་པའི་འོད་རྣམས ་ཀྱི་དུས་གཅིག་ལ་རྒྱལ་བྱེད་ཚལ་འོད་ཀྱིས་སྣང་བར་བྱས་ནས། ། བཅོམ་ལྡན་འདས་གང་དུ་བཞུགས་པ་དེར་ལྷགས་ཏེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ ་འཁོད། ཕྱོགས་གཅིག་ཏུ་འཁོད་ནས། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་བམང་དུ་ཞུས་སོ།། ལྷ་དང་མི་རྣམས་མང་པོ་ཡས།། བཀྲ་ཤིས་པས ་བསམ་གྱུར་བ། ། བཀྲ་ཤིས་པ་ལ་ཐེ་ཚོམ་སྐྱེས།། བཀྲ་ཤིས་མཆོག་ནི་གསུང་དུ་གསོལ།། ལྷའི་ཡང་ལྷ་ཡིས་བཀའ་སྩལ་བ།། སྡིག་པ་ཐམས་ཅད་རྣམ་པར་འཇོམས།། འཇིག་རྟེན་ཀུན་ལ་བན ་