| Wylie | e-texts produced with BDRC’s OCR application |
བྱམས་པའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། མེ་ཏྲི་བྷཱ་བ་ན་སཱ་ཏྲ། བོད་སྐད་དུ། བྱམས་པ་བསྒོམ་པའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བོས་ནས། དགེ་སློང་དག་བཙུན་པ་བཅོམ ་ལྡན་འདས་ཀྱི་སྤྱན་སྔར་སོ་སོར་འོངས་པ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས་བཀའ་བསྩལ་ཏོ། ། སེམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བྱམས་པ་བསྒོམ་པར་བྱའོ།། བསམ་པ་བརྟན་པར་བྱ་བའི་ཕྱིར་རོ།། ་མང་དུ་བྱེད་པ་དང་། ཞི་བར་བྱེད་པ་དང་། གཞིར་བྱེད་པ་དང་། རྗེས་སུ་གནས་པར་བྱེད་པ་དང་། དྲིས་པར་བྱ་བ་དང་། ཤིན་ཏུ་བརྩོན་པར་བྱའོ།། ཕན་ཡོན་བཅུ་གཅིག་པོས་སོར་བཤད་པར་བྱའོ།། བཅུ་གཅིགས ་ཤེཞེ་ན། བདེ་བར་ཉན་པ་དང་། བདེ་བར་སད་པ་དང་།། སྡིག་པའི་རྨི་ལམ་མི་མཐོང་བ་དང་། དེ་ལ་མི་རྣམས་དགའ་བ་དང་། མི་མ་ཡིན་པ་རྣམས་དགའ་བ་དང་། ལྷ་རྣམས་ཀྱིས་བསྲུང་བ་དང་། མེ་དང་དྲག་དང་། མཚན ་རྣམས་ཀྱིས་གནོད་པར་མི་འགྱུར་རོ། ། དུས་རྟག་ཏུ་སེམས་ཤིན་ཏུ་དགའ་བར་གནས་པ་དང་། བཞིན་གྱི་མདངས་རབ་ཏུ་གསལ་བ་དང་། སེམས་གསལ་བར་འཆི་བ་དང་། ཆེས་ཆེར་བག་ཡོད་པར་བྱེད་པས ་ཚངས་པའི་འཇིག་རྟེན་དུ་སྐྱེ་བའོ། ། དགེ་སློང་དག་བྱམས་པའི་སེམས་དང་མི་འབྲལ་བར་རིག་པར་བྱའོ།། བསམ་པས་བརྟེན་པར་བྱའོ།། བསྒོམ་པར་བྱ་བ་དང་། མང་དུ་བྱེད་པ་དང་། ཞི་བར་བྱེད་པ་དང་། གཞིར་བྱེད་པ་དང་། ་རྗེས་སུ་གནས་པར་བྱེད་པ་དང་། འདྲེས་པར་བྱ་བ་དང་། ཤིན་ཏུ་བརྩོན་པར་བྱའོ།། བཅུ་གཅིག་པོ་རྣམས་ཀྱི་ཕན་ཡོན་རྣམས་སོ་སོར་བཤད་ཟིན་ཏོ།། དགེ་སློང་དག་གཞན་ཡང་བྱམས་པའི་ཕན་ཡོན་རྣམས་ཤད་པར་བྱའོ།། ་ཁམས་དུ་མཐོབ་པ་དང་། རང་གི་ཡུལ་དུ་ཉེ་བར་གནས། མང་པོ་རྣམས་ནི་འཚོ་བ་ནི།། གང་གིས་བྱམས་པ་མ་སྤངས་ནའོ།། གྲོང་རྡལ་གང་གང་འགྲོ་བ་དང་། གྲོང་ཁྱེར་རྒྱལ་པོའི་ཕོ་ཟང་དང་། ཐམས་ཅད་དུ་ན་ཆེན ་པར་འགྱུར། ། གང་གིས་བྱམས་པ་མ་སྤངས་ནའོ།། དེ་ལ་ཆོམ་རྐུན་མེ་འབྱུང་ཞིང་།། དེ་ལ་རྒྱལ་པོ་གནོད་མི་བྱེད།། སེམས་ཅན་ཐམས་ཅད་བཤེས་སུ་འགྱུར།། གང་གིས་བྱམས་པམ་ལུ་ས་ནའོ།། ཐོ་མ་དར་ང་ཡུལ་བདེ་བར ་གནས། སྐྱེ་བོའི་མདུན་པར་སྤྲོད་མེད་དཀའ།། མཆོག་གི་གཉེན་དང་ལྡན་པར་འགྱུར། གང་གིས་བྱམས་པ་མ་སྤངས་ནའོ།། མཆོད་ན་མཆོད་པ་ཐོབ་པར་འགྱུར།། འདུན་ན་མོ་སོར་འདུད་པར་བྱེད།། ན་དང་ཐགས་པ་ཐོབ་པར། ་ག། ག་ནས་བྱངས་པས་མ་ནག། ཀྱིས་ན་ཁྲིག་ཞུས་པར་བྱས་ན་བྱས་པཐོག། འདོག་བ་ལྡན་པར་འབྱུང།། ས་བྱམས་པས་ཀྱང་ས་ནས། ལ་བ་འབ ་ལསས་དང་འདྲ་བར་འཐུར། ། ད་ལ་དང་ཐལ་བར་མི་འགྱུར་རོ།། གང་གས་བྱམས་པ་མ་སྤངས་ནའོ།། གྲགས་རྣམས་མང་པོཐོབ་པ་དང་།། དེ་ལ་འབྲུ་མ་སྐྱེ་བ་དང་། བུ་དང་ཐམ་མང་བར་འགྱུར།། གང་གི ་བྱམས་པ་མ་སྤངས་ནའོ། ། རི་ལས་ཐུར་དུ་ལྷུང་པ་དང་།། ཤིང་ལས་འོག་དུ་ལྷུང་བ་ནས།། ལྷུང་བར་མི་འགྱུར་གནས་ས་ཐོག། གང་གིས་བྱམས་པ་མ་སྤངས་ནའོ།། བ་ཊའི་ཤིང་སྟེང་འཛེགས་གྱུར་ན།། རླུང་གིས ་བསྐྱོད་པར་མི་ནུས་བཞིན། དགྲ་བོས་ཅུང་ཟད་བྱ་མི་ནུས།། གང་གིས་བྱམས་པ་མ་སྤངས་ནའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན ་པར་བསྟོད་དོ། ། བྱམས་པ་བསྒོམ་པའི་མདོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། པཉྩ་ཤི་ཀྲཱ་ནུས་སཱུཿ། བོད་སྐད་དུ། བསླབ་པ་ལྔའི་ཕན་ཡོན་གྱི་མདོ་འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ། ་