| Wylie | e-texts produced with BDRC’s OCR application |
འཁོར་ལོ་བསྐོར་བའི་མདོ། ། རྫོགས་སྷོ།། །། རྒྱ་གང་སྐད་དུ། ཛཱ་ཏ་ཀ་ནི་དཱན། བོད་སྐད་དུ། སྐྱེས་པ་རབས་ཀྱི་གླེང་གཞི། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག ་འཚལ་ལོ། ། བཅོམ་ལྡན་འདས་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། གནས་བརྟན་ཆེན་པོ་དོན་མཐོང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། ཕྱག་བྱས་ཏེ་བསྐོར་བ ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ཀྱི་ཐད་དུ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཆོས་ཐོས་པར་འཚལ་ལོ།། བཀའ་སྩལ་པ། ་དོན་མཐོང་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ་ཞེས་འབྱུང་ངོ་།། དེ་ཡང་འདིར་སྡུད་པར་བྱེད་པ་པོ་རབ་ཏུ་རྟོགས་པའི་ཤེས་རབ་དང་ཞི་བའི་དགྲ་བཅོམ་པ་རྣམས་ཀྱི་སྐྱེས་པ་རབས་ཀྱི་གླིང་གཞིའི་དོན་གྱི ་བསྔགས་པ་བརྗོད་དོ། ། རིང་བའི་གླེང་གཞི་དང་བར་པའི་གླིང་གཞི་དང་། ཉེ་བའི་གླེང་གཞི་སྟེ། གླིང་གཞི་གསུམ་པོ་འདི་གཟིགས་ནས་བསྔགས་པ་གང་ཞིག་ཉན་པའོ།། དེ་ལ་དང་པོ་རེ་ཤིག་དེ་རྣམས་ཀྱི་གླང ་གཞི་ཡོངས་སུ་བཅད་པ་རྣམས་རིག་པར་བྱའོ། ། མར་མེ་མཛད་ཀྱི་ཞབས་ཀྱི་དྲུང་འདིར་སེམས་པ་ཆེན་པོས་སྨོན་ལམ་བཏབ་བོ།། ཇི་སྲིད་ཐམས་ཅད་སྒྲོལ་གྱིས་ལུས་སྤངས་པའི་བར་དང་དགའ་ལྡན་གྱི་གནས་སུ་འཁྲུངས ་པའི་ཆོས་ཀྱི་གཏམ་གྱི་བར་གྱི་ལམ་ནི་རིང་པོའི་གླེང་གཞི་ཞེས་བྱའོ། ། ཇི་སྲིད་དགའ་ལྡན་གྱི་གནས་ནས་འཕོས་ནས་བྱང་ཆུབ་ཀྱི་སྙིང་པོར་ཐམས་ཅད་མཁྱེན་པ་ཐོབ་ནས་ཆོས་ཀྱི་གཏམ་གྱི་བར་ནི་གླེང་གཞི་བར ་ཞེས་བྱའོ། ། གང་དང་གང་དུ་ཞུགས་ནས། དེ་དང་དེ་ཐོབ་པ་རྣམས་ནི་ཉེ་བའི་གླེང་གཞི་ཞེས་བྱ་བའོ།། དེ་ལ་འདིར་རིང་པོའི་གླེང་གཞི་ཞེས་བྱ་བ་ནི་འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་བསྐལ་པ་འབུམ ་ཕྲག་གཅིག་ལྷག་པ་ནས་མགོ་བརྩམས་ནས་གྲོང་ཁྲི་ག་གིས་མེད་ལྡན་ཞེས་བྱ་བ་ཟུང་ངོ་། ། དང་ཡང་བྲམ་ཟེ་ཟེ་གྲོས་བཟང་པོ་ཞེས་བྱ་བ་གནས་སོ།། པ་དང་པ་གཉིས་ཀའང་རིགས་བཟང་བའི་བངལ་དུ ་ཞུགས་ཏེ་རིགས་བདུན་རྒྱུད་ཀྱི་བར་དུ་གཞན་གྱི་རྩོད་པ་དང་དཔྱ་བ་དང་སྨོད་པ་མེད་ཅིང་རྣམ་པར་དག་གོ། གཟུགས་བཟང་བ་བལྟ་ན་སྡུག་པ་རབ་ཏུ་མཛེས་པ་མཆོག་གི་ཁ་དོག་དང་ལྡན་པའི་སྐྱེས་བུ་ཅན་ནོ།། དེ་ཡང ་ལས་གཞན་མི་བྱེད་པར་བྲམ་ཟེའི་ལས་འབའ་ཞིག་སློབ་བོ། ། དེ་ཡང་ཁྱེའུ་གཞོན་ནུའི་དུས་དུ་ཕ་དང་མ་གཉིས་ཀ། དུས་ལས་འདས་སོ།། དེ་ནས་དེའི་ལོངས་སྤྱོད་སྤེལ་བའི་བློན་པོས་ནོར་གྱི་ཡི་གེ་བླངས་ཏེ་གསེར་དང ་དངུལ་དང་ནོར་བུ་དང་མུ་ཏིག་ལ་སོགས་པས་གང་བ་རྣམས་སྒོར་བཏོན་ཏེ་གཞོན་ནུ་འདི་རྣམས་མའི་ནོར་ཡིན་ནོ། ། འདི་རྣམས་པའི་ནོར་ཡིན་ནོ།། འདི་དག་ནིམེས་པོ་དང་ཡང་མེམས་ཀྱི་ནོར་ཡིན་ནོ།། རིགས་བདུན ་རྒྱུད་ཀྱི་བར་གྱི་ནོར་ཡིན་ནོ་ཞེས་སྨྲས་སོ། ། འདི་རྣམས་སོ་སོར་བསྦྱང་བའི་ཕྱིར་སྨྲས་པ་ཡིན་ནོ།། མཁས་པ་བློ་གྲོས་བཟང་པོས་བསམས་པ། འདིའི་ནོར་རྣམས་བཟུང་ནས་བདག་གིས་ཕ་དང་མེས་པོ་ལ་སོགས ་པས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་ན་གསེར་སེ་པ་གཅིག་ཀྱང་ཁྱེར་ནས་མ་སོང་གིས་བདག་ཉིད་ཀྱིས་ཁྱེར་ནས་འགྲོ་བར་རིག་པར་བྱའོ་ཞེས་རྒྱལ་པོ་ལ་སྨྲས་ནས། གྲོང་ཁྱེར་དུ་རོལ་མོ་བསྒྲགས་ཏེ། སྐྱེ་བ་ཐམས ་ཅད་ལ་སྐྱིད་པར་བྱིན་ནས། དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་ངོ་།། འདིའི་ཡང་དོན་གསལ་བར་བྱ་བའི་ཕྱིར་གནས་འདིར་བྲོ་གྲོས་བཟང་པོས་གཏམ་བྱས་སོ།། དེ་ཡང་འདི་ཙམོ་འབར ་ཞིག་མ་ཡིན་ཏེ། སངས་རྒྱས་ཀྱི་རྒྱུར་རྒྱུན་མི་འཆད་པར་གསུངས་ལ་སླར་ཡང་ཚིགས་སུ་བཅད་པས་བཅིངས་ཏེ་བཤད་ཀྱང་གོ་དཀའ་བས་དེ་དང་ངོའི་བར་བར་དུ་ཚོགས་སུ་བཅད་པའི་ཚིག་ག ་གསལ་བ་དང་བཅས་པ་བཤད་པར་བྱའོ། ། བསྐལ་པ་གྲངས་མེད་པ་བཞི་དང་བསྐལ་པ་འབུམ་ཕྲག་གཅིག་ལྷག་ནས་མགོ་བརྩམ་ནས་སྒྲ་བཅུ་རྒྱུན་ཆད་མེད་པར་འཇིགས་མེད་ལྡན་གྲོང་ཁྱེར་དེར་བྱུང་ངོ་།། ་དེའི་སངས་རྒྱས་ཀྱིས་རྒྱུད་བཤད་དོ།། བསྐལ་པ་གྲངས་མེད་བཞི་དང་ནི། འབུམ་ཕྲག་གཅིག་ནི་ལྷག་པ་ན།། གྲོང་ཁྱེར་འཇིགས་མེད་ལྡན་ཞེས་པ།། མཐོང་བ་ཡིས་ནི་དགའ་བར་བྱེད།། རྒྱུན་མི་འཆད་པ་སྒྲ ་བཅུ་བཞི། ། བཟའ་དང་བཏུང་བ་ཡང་དག་ལྡན།། དེ་ལ་སྒྲ་བཅུ་རྒྱུན་མི་འཆད་པ་ནི།། གླང་པོ་ཆེའི་སྒྲ་དང་ཏའི་སྒྲ་དང་ཤིང་ཏའི་སྒྲ་དང་རོལ་མོའི་སྒྲ་དང་། རོལ་མོ་མི་དམ་གའི་སྒྲ་དང་བི་སྤང་གི་སྒྲ་དང་གླུའི་སྒྲ་དང་། ་རོལ་མོའི་ས་མའི་སྒྲ་དང་ཆ་ལང་གི་སྒྲ་དང་རྒོད་པ་དང་འཐུང་བ་དང་ཟ་བའི་སྒྲ་སྟེ། སྒྲ་བཅུ་པོ་འདི་རྣམས་ནི་རྒྱུན་མི་འཆད་པ་ཡིན་ནོ།། སྦ་དེ་རྣམས་ཕྱོགས་གཅིག་ཏུ་བྱ་སྟེ།། གླང་པོའི་སྐྲ་དང་རྟ་ཡི་སྒྲ།། རོལ་མོ ་དུང་དང་ཤིང་རྟའི་སྒྲ། ཟ་དང་འཐུང་བ་དེ་ཉིད་དང་།། བཟའ་དང་བཏུང་བའི་སྒྲ་དང་ནི།། སངས་རྒྱས་རྒྱུད་དུ་ཚིགས་སུ་བཅད་པ་འདི་གསུངས་ནས།། གྲོང་ཁྱེར་ཡན་ལག་ཉིན་ལག་ལྡན།། འདོད་པ་ཐམས་ཅད་ཉེ་རབ ་གནས། ། རིན་ཆེན་བདུན་པོ་ཡང་དག་ལྡན།། སྐྱེ་བོ་སྣ་ཚོགས་ཡང་དག་གང་།། ལྷ་ཡི་གྲོང་ཁྱེར་ཕུན་ཚོགས་བཞིན།། བསོད་ནམས་ཅན་ནི་གནས་པའོ།། འཇིག་མེད་ལྡན་པའི་གྲོང་ཁྱེར་དུ།། བྲམ་ཟེ་བློ་བཟང ་ཞེས་བྱ་བས། ། ལོངས་སྤྱོད་བྱ་བ་དུ་མ་བསགས།། ནོར་དང་འབྲུ་ནི་མང་པོ་ཡི།། ། ནང་གི་གསང་སྔགས་འཛིན་པ་དང་།། རིགས་བྱེད་གསུམ་གྱི་ཕ་རོལ་སོན།། མཚན་ཉིད་ཨི་ཐི་ཧ་ས་དང་།། དམ་པའི་ཆོས་ཀྱི་ཕ་རོལ་སོན།། ་དེ་ནས་དེ་ཉིད་ཉི་མ་གཅིག་ལ་མཁས་པ་བློ་གྲོས་བཟང་པོ་དེ་ཁང་བཟང་མཆོག་གི་སྟེང་དུ་གཅིག་པུར་དཀྱིལ་མོ་དཀྲུང་བཅས་ནས་དབེན་པར་བཞུགས་ཏེ་བསམས་པ། མཁས་པ་སྐྱེ་བ་གཞན་དུ་མའི་མངལ་བཟུང ་ནསྡུག་བསྔལ་ལོ། ། དེ་བཞིན་དུ་སྐྱེ་བའི་གནས་སུ་ལུས་འཇིག་གོ།། བདག་སྐྱེ་བའི་ཆོས་ཅན་དང་རྒ་བའི་ཆོས་ཅན་དང་ན་བའི་ཆོས་ཅན་དང་འཆི་བའི་ཆོས་ཅན་ནོ།། དེ་ལྟ་བུར་གྱུར་པས་བདག་ནི་སྐྱེ་བ་མེད་པར ་རྒས་པ་མེད་པ་དང་ན་བ་མེད་པ་དང་སྡུག་བསྔལ་མེད་པའི་བདེ་བ་དང་བསིལ་བ་དང་བདུད་རྩི་ལྟ་བུའི་མྱ་ངན་ལས་འདས་པ་ཆེན་པོ་ཚོལ་བར་རིགས་སོ། ། ངེས་པར་སྲིད་པ་ལས་གྲོལ་བའི་མྱ་ངན་ལས་འདས་པར་འགྲོ ་བའི་ལམ་གཅིག་པོ་ཡིན་པ་ལྟ་བུའོ། ། དེའི་ཕྱིར་གསུངས་པ། དབེན་པར་གཅིག་པུར་གནས་ནས་ནི།། དེ་ཚེ་བདག་གིས་འདི་ལྟར་བསམས།། སྲིད་པར་སྐྱེ་བ་སྡུག་བསྔལ་ཞིང་།། ལུས་ནི་ཡོངས་སུ་ཞིག ་པན། ། སྐྱེ་བའི་ཆོས་དང་རྒས་པའི་ཆོས།། ན་བའི་ཆོས་དང་དེ་ཚེ་བདག། སྐྱེ་བ་མྱེད་དང་འཆི་མེད་བདེ།། མྱ་ངན་འདས་པ་ཡོངས་སུ་བཙལ།། གང་ཚེ་འདྲི་ངན་ལུས་འདི་ནི།། སྣ་ཚོགས་མི་གཙང་གིས་གང་ཞིང་།། ་དོན་མེད་ལྟོས་པ་མེད་པ་ཡི།། དོར་ནས་འགྲོ་བར་བྱ་བ་ཡིན།། དེ་ཡི་ལམ་ནི་ཡོད་དམ་སྙམ།། འབད་པ་མེད་པར་ལམ་མི་ཐོབ།། དེ་ཡི་ལམ་ནི་བརྩལ་བར་བྱ།། སྲིད་པ་རྣམས་ལས་གྲོལ་གྱུར་སྙམ།། དེ་ནས ་ལྷག་པར་ཡང་བསམས་པ། ། ཇི་ལྟར་འཇིག་རྟེན་པས་སྡུག་བསྔལ་གྱིས་མི་མཐུན་པའི་ཕྱོགས་སུ་གྱུར་པའི་བདེ་བ་ཞེས་བྱ་བ་ཡོད་དོ།། དེ་ལྟར་མི་མཐུན་ཕྱོགས་སྲིད་པ་ཡོད་ན་མྱ་ངན་ལས་འདའ་བར་འགྱུར ་སྭམ། དེ་ལྟར་ཡང་གདུང་བ་ཡོད་ན་དེ་ཞི་བར་བྱེད་པའི་བསིལ་བ་ཡོད་དོ།། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་མེ་ཞི་བར་བྱེད་པའི་མྱང་ནཔས་འདས་པ་ཡོད་པར་འགྱུར་རོ་སྙམ་མོ།། ཇི་ལྟར་ཡང་སྡིག་པ ་དང་མི་མཐུན་པ་ཕྱོགས་སུ་གྱུར་པ་ཁ་ན་མ་ཐོ་བ་མེད་པའི་དགེ་བའ་ཆས་ཡོད་པར་འགྱུར་སྙམ་པ་ཉིད་དོ། ། དེ་དང་ད་ལྟ་བུ་ཉིད་ཀྱིས་སྡིག་པ་ཅན་ལ་སོགས་པའི་སྐྱེ་བ་ཡོད་ན། སྐྱེ་བ་ཐམས་ཅད་ཟང་། ་པར་བྱེད་པའི་སྐྱེ་བ་མེད་པར་གྲགས་པའི་མྱ་ངན་ལས་འདས་པའང་ཡོད་པར་འགྱུར་སྙམ་པ་ཉིད་དོ།། དེའི་ཕྱིར་གསུངས་པ། ཇི་ལྟར་སྡུག་བསྔལ་ཡོད་པ་ན།། བདེ་བ་ཞེས་པའང་ཡོད་པ་ཡིན།། དེ་ལྟར་སྲེད་པ ་ཡོད་གྱུང་ན། སྲིད་པ་མེད་པའང་ཡོད་པ་ཡིན། ཇི་ལྟར་ཚ་བ་ཡོད་གྱུར་ན།། གྲངས་པ་ཡང་ནི་ཡོད་པ་ཡིན།། དེ་ལྟར་མེ་གསུམ་ཡོད་གྱུར་ན།། མྱ་ངན་འདས་པའང་ཡོད་པ་ཡིན།། ཇི་ལྟར་སྡིག་པ་ཡོད་གྱུར་ན།། ་དགེ་བ་ཡང་ནི་ཡོད་པ་ཡིན།། དེ་ལྟར་སྐྱེ་བ་ཡོད་གྱུར་ན།། སྐྱེ་བ་མེད་པའང་ཡོད་པར་འདོད།། གཞན་ཡང་བསམས་པ་ཇི་ལྟར་བཤད་པའི་ཕུང་པོར་སྐྱེས་བུ་འགྱེལ་བར་གྱུར་པ་ཞིག་ཐག་རིང་པོ་ནས་ཁ་དོག ་ལྔ་དང་ལྡན་པའི་པད་མ་དང་མཚོ་ཆེན་པོ་མཐོང་ན་ལམ་གང་ནས་འགྲོ་བར་བྱས་ནས་མཚེ་དེར་འཇུག་པར་རིགས་སོ། ། དེའི་ལམ་དུ་མི་འགྲོ་ན་མཚོ་ཆེན་པོའི་སྐྱོན་མ་ཡིན་ནོ།། དེ་ལྟར་ཉོན་མོངས་པའི་དྲི་མ་འཁྲུད་པ་ན ་འཆི་བ་མེད་པའི་མྱ་ངན་ལས་འདའ་བའི་མཚོ་ཆེན་པོ་ཡོད་པ་ན་དེར་མི་འཇུག་ན། འཆི་བ་མེད་པའི་མྱ་ངན་ལས་འདའ་བའི་མཚོ་ཆེན་པོའི་སྐྱོན་ནི་མ་ཡིན་ནོ།། ཇི་ལྟར་ཡང་ཆོམ་རྐུན་པས་ཡོངས་སུ་བསྐོར་བའི་སྐྱེས ་བུ་འབྲོས་པའི་ལོམ་ཡོད་པ་ལ་མྱུར་དུ་མི་འབྲོས་ན་ལམ་གྱི་སྐྱོན་མ་ཡིན་ཏེ་སྐྱེས་བུའི་སྐྱོན་ཡིན་ནོ། ། དེ་ལྟར་ཉོན་མོངས་པས་ཡོངས་སུ་བསྐོར་ནས་བཟུང་བའི་སྐྱེས་བུ་ལ་ཞི་བ་མྱ་ངན་ལས་འདའ་བའི་ལམ་ཡོད་པར ་གྱུར་པ་ན་ལམ་མི་ཚོལ་བ་ནི་ལམ་གྱི་སྐྱོན་མ་ཡིན་ཏེ་གང་ཟག་གི་སྐྱོན་ཡིན་ནོ། ། ཇི་ལྟར་ནད་ཀྱིས་གཟིང་བའི་སྐྱེས་བུ་ལ་ནད་གསོ་བའི་སྨན་པ་ཡོད་པར་གྱུར་ན་གལ་ཏེ་དེའི་གནས་སུ་ནད་གསོ་བའི་སྨན་པ་མི་ཚོལ ་ན་སྨན་པའི་སྐྱོན་མ་ཡིན་ཏེ་ནད་པའི་སྐྱོན་ཡིན་ནོ། ། དེ་ལྟར་ཉོན་མོངས་པའི་ནད་ཀྱིས་གཟིར་བའི་སྐྱེས་བུ་ལ་ཉོན་མོངས་པ་ཞི་བར་བྱེད་པའི་མཆོག་ཏུ་མཁས་པ་ཡོད་པར་གྱུར་ན། སློབ་དཔོན་ཚལ་བར་མི ་བྱེད་ན་དེ་ནི་སྐྱེས་བུའི་སྐྱོན་ཡིན་ཏེ་ཉོན་མོངས་པ་འཇོམས་པར་བྱེད་པའི་སློབ་དཔོན་གྱི་སྐྱོན་ནི་མ་ཡིན་ནོ། ། དེའི་ཕྱིར་གསུངས་པ། ཇི་ལྟར་མི་གཙང་གོས་པའི་མི།། གང་བའི་མཚོ་ནི་མཐོང་བཞིན་དུ།། མཆོད ་འཇུག་པར་མི་བྱེད་ན། ། དེ་ནི་མཚོ་ཡི་སྐྱོན་མ་ཡིན་ནོ།། དེ་ལྟར་ཉོན་མོངས་དྲི་འཁྲུད་པ།། བདུད་རྫིའི་མཚེ་ནི་ཡོད་པའི།། མཚོ་དེ་ལ་ནི་མི་འཇུག་ན།། བདུད་རྩི་མཚོ་ཡི་སྐྱོན་མིན་ནོ།། ཇི་ལྟར་ཆོམ་རྐུན་གྱིས་བསྐོར ་བ། ། འགྲོ་བའི་ལམ་ནི་ཡོད་པ་ལ།། སྐྱེས་བུ་འབྲོས་པར་མི་བྱེད་ན།། དེ་ནི་ལམ་གྱི་སྐྱོན་མ་ཡིན།། ཇི་ལྟར་ཉོན་མོངས་ཀྱིས་བསྐོར་ན།། ཞི་བའི་ལམ་ནི་ཡོད་པ་ལ།། དེའི་ལམ་དུ་མི་འཇིག་ན།། ཞི་བའི་ལམ ་གྱི་སྐྱོན་མ་ཡིན། ། ཇི་ལྟར་ནད་ཀྱིས་གཟིར་བའི་མི།། གསོ་སྦྱོང་བྱེད་པ་ཡོད་གྱུར་པ།། ནད་ནི་ཞི་བར་མི་བྱེད་ན།། དེ་ནི་སྨན་པའི་སྐྱོན་མ་ཡིན།། དེ་ལྟར་ཉོན་མོངས་པའི་ནད།། གཟིར་ཅིང་སྡུག་བསྔལ་གྱུར་བའི། ་སློབ་དཔོན་ཚོལ་བར་མྱི་བྱེད་ན།། སློབ་དཔོན་གྱི་སྐྱོན་མ་ཡིན།། གཞན་ཡང་བསམས་པ།། ཇི་ལྟར་རྒྱན་གྱིས་བརྒྱན་པི་སྟེས་བུའི་ཕྱིན་པ་ལ་མི་གཙང་བ་བཅིངས་ན་དེད་ནས་བདེ་བར་འགྲོ་བ་བཞིན་དུ། དེ་ལྟར ་བདག་ཀྱང་མི་གཙང་བའི་ལུས་སྤངས་ཏེ་ལྟོས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། ། གཞན་ཡང་ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱིས་བཤང་བའི་གནས་སུ་བཤད་པ་དོར་བར ་བྱས་ནས་སྣོང་དུ་བླུགས་ཏེ་ཁུར་ནས་འགྲོ་བར་བྱེད་པ་མ་ཡིན་གྱི། ལྟོས་པ་མེད་པར་སྐྱུག་བྲོ་བས་དོར་ནས་འགྲོའོ།། དེ་ལྟར་བདག་ཀྱང་མི་གཙང་བའི་ལུས་ལ་སོགས་པ་ལ་ལྟོས་པ་མེད་པར་དོར་ནས་འཆི་བ་མེད ་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུགས་པར་རིགས་སོ། ། ག་དག་སུ་ས་རྣམ་ས་ལ་ལྡོས་པ་མེད་པར་དོར་ནས་འགྲོ་བ་དེ་བཞིན་དུ་བདག་ཀྱང་སྐྲ་དགྲའ་རྨ་འདི་རྣམས ་ཀྱིས་ནང་ནས་འབབ་པའི་ལུས་འདི་དོར་ནས་ལྟོས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། ། གཞན་ཡང་ཇི་ལྟར་སྐྱེས་བུ་སྣ་ཚོགས་པའི་རིན་པོ་ཆབླངས་ནས་ཆོམཾ་རྐུན་པ་དང ་འགྲོགས་ཏེ་ལམ་དུ་འགྲོ་ནུ་རང་གི་རི་ནུཔ་ཆེ་བརྟག་པར་དོགས་པའི་འཇིགས་པས་དེ་རྣམས་དེར་ནས་ལམ་བཟང་པོར་འཇུག་པ་བཞིན་ནོ། ། དེ་ལྟར་བདག་ཀྱང་ལུས་མི་གཙང་བ་དུམ་ཅན་རིན་པོ་ཆེ་འཕྲོག་ས ་ཆོམ་རྐུན་བཞིན་དུ་གལ་ཏེ་སྲེད་པ་འདི་བྱེད་ན་འཕགས་པའི་ལམ་གྱི་དགེ་བའི་ཆོས་ཀྱི་རིན་པོ་ཆེ་བདག་གིས་བརླག་པར་དོགས་སོ། ། དེའི་ཕྱིར་བདག་གིས་ཆོམ་རྐུན་ལྟ་བུའི་ལུས་འདི་དོར་ནས་མྱ་ངན་ལས ་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། ། དེའི་ཕྱིར་གསུངས་པ།། ཇི་ལྟར་མི་ཡིས་དྲིང་བ།། མགུལ་ལ་བཅིངས་ན་སྒྲག་བྲོ་སྟེ།། དེ་དག་སྤངས་ནས་འགྲོ་བྱེད་ན།། སྟུག་མི་བྲོ་ཞིང་བདེ་བར་འགྲོ།། དེ ་བཞིན་དུ་ནི་དྲིང་ལུས། ། སྣ་ཚོགས་པའི་གང་གྱུར་པ།། སྤངས་ནས་འགྲོ་བར་བྱེད་པ་ནི།། དོན་མེད་ལྟོས་པ་མེད་པའོ།། ཇི་ལྟར་བཤང་བའི་གནས་སུ་ནི།། སྐྱེས་པ་བུང་མོད་ཀྱིས་བཤངས་ནས།། དོར་ནས ་འགྲོ་བར་བྱེད་པ་ནི། ། དོན་མེད་ལྟོས་པ་མེད་པ་ཡིན།། དེ་ལྟར་བདག་གི་ལུས་འདི་ཡང་།། མི་གཙང་སྣ་ཚོགས་ཀྱིས་གང་བ།། དོར་ནས་བདག་ཀྱང་འགྲོ་བར་བྱ།། ཇི་ལྟར་བཤང་བའི་གནས་བཞིན་ནོ།། ་ཇི་ལྟར་གྲུ་ནི་རྡོལ་གྱུར་ན།། ཆུ་ནི་ནང་དུ་འབྱུང་བར་འགྱུར།། དེ་ནི་གྲུ་མཁན་གྱིས་དོར་ནས།། དོ་ནི་མེད་ལྟོས་པ་མེད་པ་ཡིན།། དེ་ལྟར་བདག་གི་ལུས་འདི་ཡང་།། བུ་ག་དགུ་ཡང་མི་རྟག་པས། ་དོར་ནས་འགྲོ་བར་བྱེད་པ་ན།། གྲུ་མཁན་གྲུན་དོར་བ་བཞིན།། ཇི་ལྟར་ཆོམ་རྐུན་ལྷན་ཅིག་མི།། ནོར་ནི་ཁྱེར་ནས་འགྲོ་བ་ན།། ནོར་ཁྱེར་འཇིགས་པ་མཐོང་བ་ན།། འཇིགས་ནས་དོར་ནས་འགྲོ་བྱེད ་བཞིན། དེ་བཞིན་དུ་ནི་ལུས་འདི་ནི།། ཆོམ་རྐུན་ཆེན་པོ་དང་མཚུངས་ཞིང་།། འདིར་ནི་དོར་ནས་འགྲོ་བ་ན།། དགེ་བ་སྤྱོད་པ་འཇིགས་མེད་དོ།། དེ་བཞིན་དུ་མཁས་པ་བློ་གྲོས་བཟང་པོས་སྣ་ཚོགས་པའི་ད ་འདི་ཡིས་པན་ཡོན་གྱི་དོན་ལ་རྣམ་པར་བསམས་ཤིང་རང་གི་ཁྱིམ་དུ་དཔག་ཏུ་མེད་པའི་ལོང་སྤྱོད་ཀྱི་ཕུང་པོ་སྔར་ཇི་ལྟར་བརྗོད་པ་བཞིན་དུ་བསྐྲུན་པ་ལ་སོགས་པ་རྣམས་ལ་སྦྱིན་པ་ཆེན་པོ་བྱིན་ཏེ། ནོར་གྱི་འདོད་པ ་དང་ཉོན་མོངས་པའི་འདོད་པ་སྤངས་ནས། གྲོང་ཁྱེར་འཇིགས་མེད་ལྡན་གྱི་ཕྱི་རོལ་དུ་སོང་སྟེ། གཅིག་པུར་གངས་ཅན་ཆོས་ཀྱི་རི་ཞེས་བྱ་བ་ལ་བརྟེན་ནས། དེར་ལོ་མོའི་ཁང་པར་འཆགས་པར་བྱེད་ཅིང་སྐྱོན་ལྔ་པོ་མ ་བཟློག་ལམ་སྤངས་བཞིན་དུ་དེ་ལྟར་སེམས་མཉམ་པར་བཞག་པ་དང་པོ་དང་བྱེད་པ་བརྒྱད་དང་ལྡན་པའི་མངོན་པར་ཤེས་པས་སྦས་པ་དང་སྟོབས་ལེན་པ་དང་དེ་རུ་གནས་ཏེ། ། སྐྱོན་དགུ་དང་ལྡན་པ་གྱོན་པའི་གོས་སྤངས ་ནས། ཡོན་ཏན་བཅུ་གཉིས་དང་ལྡན་པའི་ཤིང་ཤུན་ཅི་དྲམ་བུའི་གོས་གྱོན་ནས།། དྲང་སྲོང་གི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་སྟེ་དེ་ལྟར་རབ་ཏུ་བྱུང་ནས་སྐྱོན་བརྒྱད་པ་དང་ལྡན་པའི་ལ་མོའི་ཁང་པ་དེ་སྤངས་ནས་ཡོན་ཏན ་བཅུ་དང་ལྡན་པའི་ཤིང་གི་དྲུང་དུ་ཉེ་བར་གནས་སོ། ། འབྱོར་པ་ཐམས་ཅད་སྤངས་ནས་ཤིང་གི་འབྲས་བུ་མཆོག་ཟ་ཞིང་འདུག་པའོ།། གནས་སུ་འཆག་པར་བྱེད་པའི་དཀའ་ཐུབ་བྱེད་དོ།། ཞག་བདུན་གྱི་ནང་དེ ་ཉིད་དུ་བརྒྱད་ལ་སྙོམས་པར་འཇུག་ཅིང་མངོན་པར་ཤེས་པ་ལྔ་པོ་ཐོབ་པར་གྱུར་ཏོ། ། དེ་བཞིན་དུ་དེས་དོན་དུ་གཉེར་བས་མངོན་པར་ཤེས་པའི་སྟོབས་ཐོབ་པར་གྱུར་ཏོ།། དེའི་ཕྱིར་གསུངས་པ། དེ་ལྟར་བདག ་གིས་བསམས་གྱུར་པ། སྣ་ཚོགས་བྱེ་བ་བརྒྱ་ཡི་ནོར།། མགོན་དང་མགོན་མེད་རྣམས་ལ་སྦྱིན།། གངས་ཅན་ལ་ནི་ཉེ་བར་སོང་།། གངས་ཅན་ནང་ནི་མི་རིང་བར།། ཆོས་ཀྱི་རི་ཞེས་བྱ་བ་ལ། བདག་གི ་དེ་ལ་མཆོག་ཏུ་བརྟེན། ། ལོ་མའི་ཁང་པ་ལེགས་བྱས་སོ།། དེརུ་འཆག་པར་བྱེད་པ་དང་།། སྐྱོན་ནི་ལྔ་པོ་རྣམ་པར་སྤངས།། ཡོན་ཏན་བརྒྱད་དང་ཡང་དག་ལྡན།། མངོན་པར་ཤེས་པའི་སྟོབས་ལྡན་ནོ།། སྔོན ་དགུ་དང་ནི་ལྡན་པ་ཡི། ། དེར་ནི་དེ་ཉིད་དོར་གྱུར་ནས།། ཤིང་ཤུན་དུམ་བུའི་གོས་གྱོན་ཏེ།། ཡོན་ཏན་བཅུ་གཉིས་ལྡན་པའོ།། སྐྱོན་ནི་བརྒྱད་དང་ལྡན་པ་ཡི།། ལོ་མའི་ཁང་པ་སྤངས་གྱུར་ནས།། ཤིང་གི་དྲུང ་བར་འདུག། ཡོན་ཏན་བཅུ་དང་ལྡན་པ་ཡི།། རྨོངས་དང་བསྐྲུན་པའི་འབྲུ་རྣམས་ནི།། ལྷག་མ་མེད་པའི་དོར་བྱས་ནས།། ཡོན་ཏན་མ་ལུས་ལྡན་པ་ཡི།། ཤིང་ཏོག་མཆོག་ནི་དང་པོར་ཟོས།། དེ་རུ་དཀའ་ཐུབ་བྱས ་ནས་ནི། ། འདུག་དང་འཆག་པའི་གནས་རྣམས་སུ།། ཞག་བདུན་གྱི་ནི་ནང་ཉིད་དུ།། མངོན་པར་ཤེས་པའི་སྟོབས་ཐོབ་བོ།། འདིར་ཡང་གླེང་གཞི་ནི་མཁས་པ་བློ་གྲོས་བཟང་པོས་བརྟེན་པའི་ལོ་མའི་ཁང་པ་དང ་འཆག་པ་ནི་རང་གི་ལག་གིས་བྱས་པ་ལྟར་བརྗོད་དོ། ། འདིར་ཡང་དོན་ནི་སེམས་དཔ་ཆེན་པོ་གངས་ཅན་གྱི་ནང་ནས་འོངས་པ་དང་དི་རིང་ཆོས་ཀྱི་རིང་ཡོད་པ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་ས་ལས་སྣ་ཚོགས ་པའི་ལྷའི་བུ་ལ་མཁས་པ་བློ་གྲོས་བཟང་པོ་འདི་ནི་རབ་ཏུ་འབྱུང་བར་འདོད་པས་སོང་སྟེ། འདིའི་གནས་རྣམས་ཀྱིས་ཅིག་དེའི་ཚིག་ཐོས་ནས་དགའ་བའི་གནས་ཕུག་ལེགས་པའི་ལོ་མའི་ཁང་པར་འཆག་པའི་གནས་བྱས ་སོ། ། བཅོམ་ལྡན་འདས་ཀྱིས་ཡང་དེའི་ཚེ་བདག་གིས་བསམས་ནས་གོམས་པར་བྱས་པ་རྫོགས་པ་ལས་དེའི་དུས་སུ་དེའི་རྒྱུ་མཚན་གྱིས་ཤཱ་རིའི་བུ་དེ་ཆོས་ཀྱི་རི་དེར། གནས་བཟང་པོ་ནི་བདག་གིས་བྱས།། ལོ་མའི་ཁང ་བཟང་པོར་ལྡན། དེར་ནི་འཆག་ཅིང་གནས་ནས་ནི།། སྐྱོན་ལྔ་པོ་ནི་རྣམ་པར་སྤངས་ཞེས་གསུངས་སོ།། འཆགས་པའི་སྐྱོན་ལྔ་པོ་གང་ཞེ་ན། སྲ་ཞིང་མི་སྙོམས་པ་དང་། ནང་ན་ཤིང་རང་རོད་ཅན་དང་། ན་གཐིབས། ་པོ་དང་། ཤིན་དུ་དོག་པ་དང་། ཤིན་དུ་ཡངས་པའོ།། སྲེ་ཞིང་མེ་སྙོམས་པའི་སའི་ཆར་འཆག་ཅིང་འཆག་པ་ནཱ། རྐང་པ་ལ་ལུས་བུ་འབྱུང་བ་དང་། སེམས་རྩེ་གཅིག་ཏུ་མི་གནས་པ་དང་། ལས་བྱེད་པའི་གནས་མི ་འགྲུབ་ལ། སའི་སྟེང་མཉམ་ཞིང་འཇམ་པར་འཆག་པ་ནི་བདེ་ཞིང་། ལས་བྱེད་པའི་གནས་རྫོགས་པ་དེའི་ཕྱིར་ཚབ་དང་མི་སྙོམས་པའི་སའི་རྒྱནི་སྐྱོན་གཅིག་དུ་རིག་པར་བྱའོ།། འཆག་པའི་བར་དང་ནང་དང་ཟས ་ཤིང་ཡོད་པ་ན་བག་མེད་པར་འོང་ཞིང་འཆག་པ་ན་དཔྲལ་བ་དང་མགོ་ལ་གནོད་པ་བྱེད་པ་ནི་ནང་གི་ཤིང་གི་གནོད་པ་གཉིས་པའོ། ། རྩཝ་དང་འཁྲི་ཤི་ལ་སོགས་པ་ནགས་ཚལ་ཐིབས་པོའི་འཆག་སར་དབྱེད་པ་ན་མུན་པ ་ནག་པོའི་དུས་སུ་སྦྲུལ་ལ་སོགས་པའི་སྲོག་ཆགས་རྐང་པས་བརྫིས་ནས་འཆ་བ་འམ། དེས་མཆེ་བས་རྨུགས་ནས་གནོད་པ་སྐྱེལ་བ་ནི་ནགས་ཐིབས་པོའི་སྐྱོན་གསུམ་པའོ།། ཤིན་དུ་དོག་པའི་འཆག་སའི་མཐུ ་རུ་ཁྭ་གཅིག་པ་འམ་ཁྲུ་ཕྱེད་པའི་འཆགས་བྱེད་ན་ནང་དུ་གཅོད་པ་དང་སེན་མོའམ་སོར་མོ་འཆད་པར་འགྱུར་བ་ནི་ཤིན་དུ་དོག་པའི་སྐྱོན་བཞི་པའོ། ། ཤིན་དུ་ཡངས་པའི་འཆགསར་འཆག་པ་ན་སེམས་ཡེངས་པར་གྱུར ་བ་དང་། སེམས་རྩེ་གཅིག་ཏུ་གནས་པ་མེ་ཐོབ་པ་ནི་ཤིན་ཏུ་ཡངས་པའི་སྐྱོན་ལྔ་པའོ།། འཆག་སའི་མཐོ་ཚད་ཀྱི་ལུགས་སུ་བྱེ་དང་དངོས་གཉིས་སུ་ཁྲུ་གཅིག་ཙམ་དཀྱུས་སུ་ཁྲུ་དྲུག་བཅུ་པ་སའི་མཐིལ་འཇམ་པ ་དང་མཚུངས་ཞིང་ཡངས་པ་བྱེ་མ་དང་བཅས་པའི་འཆགས་ནི་རིགས་སོ། ། མཆོད་རྟེན་གྱི་རིགས་མར་མེ་ལྟར་གསལ་བ་གནས་བརྟན་ཆེན་པོ་དབང་ཆེན་གྱི་འཆགས་ལྟ་བུ་བྱ་བར་རིགས་སོ།། དེའི་ཕྱིར་གསུངས ་བ། དེ་རུ་འཆགས་བྱས་ལ་སྐྱོན་ལྔ་པོ་སྤྱད་པར་བྱའོ།། ཡོས་སུ་ང་ན་འི་མྱོ་བཅ་ན་པ། ཁྱོད་ང་ལྡ་ཤེས་བྱ་བནིག་ཤེན། ནོར་དང་འབྲུ་ཡོངས་སུ་འཛིན་པའི་འདོད་པ་མེད་པ ་དང་། ། ཁ་ནས་ཐོ་བ་མེད་པའི་བསོད་སྙོམ་སོ་ལས་འདོད་པ་མེད་པ་དང་། བཟའ་བ་བཙལ་པའི་འདོད་པ་མེད་པ་དང་། ནོར་གནས་པའི་ཡུལ་མ་སྡིག་པར་བྱེད་པའ་མ་མགོ་བྲལ་ལ་སོགས་པ་ལེནན་རྒྱལ་པོའི་དག ་ཡུལ་འཁོར་གྱི་མི་སྡུག་བསྔལ་བ་མི་འདོད་པ་དང་། ཉེ་བར་མཁོ་བ་ཐམས་ཅད་ལ་འདོད་པ་མེད་པ་དང་། ཆོམ་རྐུན་གྱིས་འཕྲོག་པའི་འཇིགས་པ་མེད་པ་དང་། རྒྱལ་པོ་དང་རྒྱལ་ཚབ་དང་བློན་པོའི་ཉེ་བར་འཚེ་བ་མེད་པ ་དང་། ཕྱོགས་བཞིར་འགྲོ་བ་ན་འཚེ་བ་མེད་པ་སྡེ། དེ་ལྟར་དེར་གནས་ན་བདེ་བ་བརྒྱད་པོ་ཉམས་སུ་མྱོང་བར་ནུས་སོ།། དེ་ལྟར་ཡོན་ཏན་བརྒྱད་དང་ལྡན་པ་འདིར་གནས་པར་བྱས་ནས་མངོན་པར་ཤེས་པའི་སྟོབས་ཐོབ་པར ་འགྱུར་ཞིང་། དེ་ནས་དེར་གནས་ཏེ། ཟད་པར་གྱི་ལས་རྣམས་བྱས་ནས་མངོན་པར་ཤེས་པ་དང་སྙོམས་པར་འཇུག་པ་རྣམས་བསྐྱེད་པའི་ཕྱིར་ཏེ། མེ་རྟག་པ་དང་སྡུག་བསྔལ་བ་དང་ལྷག་མཐོང་བརྩམས་ནས་གནས ་ཐོབ་པར་བྱེད་དོ། ། ལྷག་མཐོང་གི་སྟོབས་བླངས་ནས་ཇི་ལྟར་གནས་ན་དེའི་སྟོབས་བླང་བར་ནུས་སོང་།། དེ་ལྟར་དེར་གནས་ནས་དེའི་མངོན་པར་ཤེས་པའི་ཕྱིར་ལྷག་མཐོང་གི་སྟོབས་མཐུན་པར་བྱས་པ་ནི་ཁང་པ་བྱས་པའི ་དོན་ཡིན་ནོ། ། དེར་སྐྱོན་དགུ་དང་ལྡན་པའི་གོས་དོར་བ་ནི་འདིར་སྔར་རིམ་པ་བཞིན་དུ་བརྗོད་པ་དེ་རྣམས་དེའི་ཚེ་ཁང་མིག་ཆུང་བ་དང་ཁང་མིག་ཆེ་བ་དང་འཆགས་ལ་སོགས་པ་སོ་སོར་བརྒྱན་ནས་མེ་ཏོག་དང་འབྲས་བུ་དང་ཤི ་ལྗོན་པའི་ཚོགས་ཡིད་དགའ་བ་དང་བསམ་པཅུ་ལྟར་ཡིད་དུ་འོང་བ་གདུག་པ་ཅན་གྱིར་དགས་མེད་པ་དང་གནོད་པར་བྱེས་པའི་བྱའི་ཚོགས་མེད་པ་ཤིན་དུ་དབེན་པར་གནས་པར་བྱའོ། ། འཆགས་བརྒྱན་པའི་ཕྱོགས་གཉིས ་ད་ཨང་དབུས་སུ་རྒྱབ་ཀྱི་རྟེན་གྱི་གཞི་ལ་བརྟེན་ནས་བཞུགས་པའི་ཆེད་དུ་འཆགསའི་ནང་དུས་གཞི་མཉམ་པ་ཁ་དོག་སེར་པོ་རྡོ་དང་བསྲེས་པ་ལོ་མའི་ཁང་པའི་ནང་དུ་རལ་པ་འཁར་ཡུག་དང་ཤིང་ཤུན་གྱི་དུམ་བུ་འཆོས་གས ་ད་ཨང་བྱུ་གུ་གསུམ་དང་བུམ་པ་ལ་སོགས་པ་དཀའ་ཐུབ་པའི་ཡོ་བྱད་དང་ལྡན་པ་པ་སྟི་གནས་ཀྱི་ནང་དུ་ཆུ་དང་ཟླུམ་པ་ཆེན་པོར་ཆུ་དང་དྲང་ཆོས་ཀྱི་ཆུ་དང་ཁམ་པོར་དང་མ་ཁང་དང་སྡོད་སོལ་པ་ཅན་དང་ཤིང་ལ་སོགས་པ་དེ་ལྟར ་གང་དང་གང་དུ་རབ་ཏུ་འབྱུང་བ་ལ་རིགས་སོ། ། དེ་ཐམས་ཅད་བྱས་ནས་ལོ་མའི་བང་པའི་ལོགས་ལ་གང་ཞིག་རབ་ཏུ་འཐུང་བར་འདོད་པ་ན་འདིའི་ཡོ་བྱད་རྣམས་བླངས་ནས་རབ་ཏུ་བྱུང་བར་གྱིས་ཤི་གཅེས་ཡི་གེར་བྲིས ་ནས། ལས་སྣ་ཚོགས་པའི་ལྷའི་བུ་ལྷའི་འཇིག་རྟེན་དུ་སོང་ངོ་།། མཁས་པ་བློ་གྲོས་བཟང་པོས་གངས་ཅན་གྱི་རིའི་འགྲམ་ན་ཆུ་ཀླུང་རྗེས་སུ་འབྲང་བ་དང་བདག་ཉིད་ཀྱི་གནས་དང་འཐུན་པའི་གནས་སུ་བལྟ་ཞིང་ཆུ ་ཀླུང་བཟློག་པའི་ལས་སྣ་ཚོགས་ལས་སྤྲུལ་ཞིང་བརྒྱ་བྱིན་གྱིས་བྱིན་པའི་གནས་ཡིད་ལ་དགའ་བ་མཐོང་ངོ་། ། འཆགསའི་དཀྱུས་ཀྱི་ཕྱོགས་གཅིག་ཏུ་འགྲོ་ཞིང་རྐང་པའི་རྗེས་མི་མཐོང་བར་རབ་ཏུ་བྱུང་བ་རྣམས་ཀྱིས་ཐག། ་རིང་པོའི་གྲོང་ནས་བསོད་སྙོམས་བཅལ་བས་ངལ་ཞིང་འོངས་ནས་ལོ་མའི་ཁང་པར་ཞུགས་ནས་གནས་སོ་སྙམ་དུ་བསམས་སོ།། དེ་མ་ཐག་ཏུ་མ་སླེབ་པར་དུས་རིང་པོར་མ་སླེབ་པར་སོ་སོར་ཤེས་དགོས་སོ།། ཤིང་གི། ་ཁང་པའི་ཁང་མིག་གི་སྒོར་ཞུགས་ཏེ་ནང་དུ་བྱིན་ནོ།། དེ་དང་དེ་བལྟས་པས་ཅིག་པ་ཆེན་པོ་ལ་ཡི་གེ་བྲིས་པ་ཀླགས་ནས་འདི་རྣམས་ཐམས་ཅད་བདག་གི་ཡོ་བྱེད་དུ་བརྟག་པར་བྱའོ།། དེ་རྣམས་བླངས་ན་རབ་ཏུ་འབྱུང ་ཞེས་བསམས་སོ། ། བདག་ཉིད་ཀྱི་སྟོད་གོས་དང་སྨད་གོས་ཟུང་དག་དོང་ངོ་རོ།། དེའི་ཕྱིར་གསུངས་པ། དེ་གོས་དོར་རོ།། དེ་ལྟར་བཞུགས་ནས་ཤཱ་རིའི་བྲིབུ་བདག་དེའི་ལོ་མའི་ཁང་པ་དང་སྐྱོན་དགུ་དང་བཅས་པའི། ་གས་ང་། ཡང་སྐྱོན་དཀྲུགསལ་བར་མཐོང་སྟེ། དཀའ་ཐབ་པའི་བནབྱུང་བ་རྣམས་ལགས་སྟོ་དབུ་དང་མཱན་ནི་རྙེང་དཀའ་བའི་སྐྱོན་དང་། གཞན་འདོད་པ་པའི་སྣརོན་དང་། ཡང་སྟོང་ལྡན་ནཱ་དྷྲི ་དང་ལྡན་པའི་སྐྱོན་དང་དྲི་མནྡན་དུ་གྱུ་ན་འཁྲུད་པ་དང་ཆོས་བྱ་དགས་པ་དང་། ལོངས་སྤྱོད་པ་ན་འདྲལ་བའི་སྐྱོན་དང་། སྙིང་ས་ན་འཚམ་པ་དང་ལྡན་པ་འོད་བས་དགོས་པ་དང་སྤར་ཡང་ཚལ་བན་རྙེ་དཀའ་བའི་སྟོན་དང་། དཀའ ་ཐུབ་པའི་རབ་ཏུ་བྱུང་བ་ལ་མི་རགས་པའི་སྐྱོན་དང་། དགྲ་ལ་སོགས་པས་འཕྲོག་པར་འགྱུར་བའི་སྐྱོན་དང་། ཇི་ལྟར་ཡང་གོས་ནི་དགྲ་ལ་སོགས་པས་མི་ལེན་པ་དེའི་ཕྱིར་དེ་བཞིན་དུ་སྐྱེད་དགོས་པ་དང་། གྱོན་པ་ན་བརྒྱན་དུ ་འགྱུར་བའི་སྐྱོན་དང་། ཁྱེར་ནས་འགྲོ་བ་ན་ལུས་ཀྱི་ཁུར་པོ་ཆེན་པོར་འགྲོ་བའི་སྐྱོན་ནོ།། ཤིང་ཤུན་གྱི་གོས་ཅེས་པ་ནི་དེའི་ཚེ་ཤཱ་རིའི་བུས་བདག་འདིའི་སྐྱོན་དགུ་མཐོང་ནས་གོས་དོར་རོ།། ཤིང་ཤུན་ལ་རྩཝ་མུན་ཛ ་དུམ་བུ་དུམ་བུར་བྱས་ནས་སྦྱོར་ཞིང་སྒྲོག་པ་ནི་ཤིང་ཤུན་ལ་སྨད་གོས་དང་སྟོད་གོས་དོན་དུ་གཉེར་བའི་ཕྱིར་རོ། ། ཡོན་ཏན་བཅུ་གཉིས་དང་ལྡན་པ་ནས་པ་ནི་ཕན་ཡོན་བཅུ་གཉིས་དང་ལྡན་པའི་ཤིང་ཤུན་གྱི་གོས ་ཀྱི་ཕན་ཡོན་བཅུ་གཉིས་དང་ལྡན་པའི་རིན་ཆུང་བ་དང་། བལྟས་ན་མཛེས་པ་དང་། རུང་བ་དང་འདི་རྣམས་ནི་ཕན་ཡོན་གཅིག་དང་། རང་གི་ལག་གིས་བྱ་བར་ནུས་པ་ནི་གཉིས་པ་དང་། ལོངས་སྤྱོད་པ་ནི་དྲི་མ་ཅན་དུ ་གྷུགྱུར་ཀྱང་མྱུར་དུ་བཀྲུ་བར་ནུས་པ་ནི་གསུམ་པ་དང་། ལོངས་སྤྱོད་པ་ན་སྙིང་པར་གྱུར་ཀྱང་བཅོམ་པར་ནུས་པ་ནི་བཞི་པ་དང་། སླར་ཡང་ཚོལ་བ་ནི་བདེ་བར་བྱེད་ནུས་པ་ནི་ལྔ་པ་དང་། དཀའ་ཐུབ་པའི་རབ་ཏུ་བྱུང་བ ་ལ་རིགས་པ་ནི་དྲུག་པ་དང་། ཆོམ་རྐུན་པ་ལ་མི་མཁོ་བ་ནི་བདུན་པ་དང་། གྱོན་པ་ན་དཀའ་ཐུབ་པའི་རྒྱན་དུ་འགྱུར་པ་ནི་བརྒྱད་པ་དང་། གྱོན་པ་ན་ཡང་བར་འགྱུར་བ་ནི་དགུ་པ་དང་། ཆོས་གོས་སོ་སོ་ལ་འདོད ་པ་ཆུད་པ་ནི་བཅུ་པ་དང་། སློང་བན་ཆོས་པ་ལ་ཁ་ན་མ་ཐོ་བ་མེད་པ་ནི་བཅུ་གཅིག་པ་དང་། ཤི་མུ་ཀྱི་གས་སྟོར་ན་ཡང་གལ་མེ་འི་གཉིས་པའོ།། སྐྱོན་བརྒྱད་དང་ལྡན་པའི་ལོ་མོའི་ཁང་པ་དོར་བཞེས ་པ་ནི་ཇི་ལྟར་དོར། ། དེའི་གོས་མཆོག་གཉིས་ཀྱི་རིགས་སུ་གྱུར་པ་ཨ་ནའོ་ཛའི་མེ་ཏོག་གི་ཕྲེང་བ་ལྟ་བུའི་གོས་དམར་པོ་བླངས་ནས་སྨད་དུ་གྱོན་ཏེ། སྟེང་དུ་གཞན་ཡང་ཁ་དོག་སེར་པོའི་ཤིང་ཤུན་གྱི་གོས་གྱོན་ནས ་བ་ཨུན་ནཱ་གའི་མེ་ཏོག་གི་སྟན་དང་འདྲ་བའི་རྐང་པ་དང་བཅས་པའི་གཟིག་གི་ལྤགས་པའི་གཡང་གཞི་གྱོན་ཏེ་རལ་པའི་ཁོར་ཡུག་མགོ་བོ་ལ་བཅིངས་ནས་གཙུག་པུད་བསྟན་པར་བྱ་བའི་ཕྱིར་དུ་འཁྲགས ་པའི་སྤྱི་བབ་བཙུགས་སོ། ། མུ་ཏིག་གི་དྲ་བ་བཞིན་དུ་འཇིག་ཐག་བྱི་རུའི་ཁ་དོག་ལྟ་བུའི་བུམ་པ་ནང་དུ་བཅུག་ཏེ་གནས་གསུམ་གྱི་ཀྱོག་པོའི་ཤིང་དེ་བླངས་ནས་ཁུར་ཤིང་དེའི་ཕྱོགས་གཅིག་ལ་བུམ་པ་དང་ཕྱོག ་ག་ཉིས་ལ་ལྕགས་ཀྱུ་དང་སྨུག་འཁུར་དང་དབྱུག་གུ་གསུམ་པ་ལ་སོགས་པ་བཟུང་ཞིང་ཁྱེར་ནས་ཕྲག་པའི་ཁུར་དུ་ཁྱེར་ཏེ་ལག་པ་གཡས་སུ་མཁར་བ་བཟུང་ནས་ལོ་མའི་ཁང་པ་ནས་བྱུང་སྟེ་ཁྲུ་དྲུག་བཅུ་པའི ་འཆགས་ཆེན་པོར་ཕན་ཚུན་དུ་འཆག་པར་བྱེད་ཅིང་རང་གི་ཆ་ལུགས་ལ་བལྟས་ནས། བདག་གི་འདོད་པ་ཡོངས་སུ་རྫོགས་པར་ཐོབ་བོ།། བདག་ཉིད་མཛེས་པར་རབ་ཏུ་བྱུང་ནས་སངས་རྒྱས་དང་རང་སངས ་རྒྱས་ལ་སོགས་པའི་སྐྱེས་བུ་དཔའ་བོས་བསྔགས་པ་དང་བསྟོད་ཅིང་། རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ནི་ཁྱིམ་གྱི་འཆིང་བ་སྤངས་ནས་བདག་གིས་ངེས་པར་བྱུང་ཞིང་རབ་ཏུ་བྱུང་བ་མཆོག་བདག་གིས་ཐོས་པས་དགེ ་སྐྱོང་གི་ཆོས་བདག་གིས་བྱས་སོ། ། བདེ་བའི་འབྲས་བུ་བདག་གིས་ཐོབ་མས་སྤོ་བ་སྐྱེས་སོ།། ཁུར་དལ་བུས་སལ་བཞགས་ནས་འཆག་སའི་དབུས་སུ་ཁ་དོག་སེར་པོའི་རྡོའི་སྟེང་དུ་གསེར་གྱི་གཟུགས་བསྟན ་ལྟ་བུ་བཞུགས་ཏེ། རོའི་ཆ་སོང་ནས་སློད་ཀྱི་དུས་སུ་ལོ་མའི་ཁང་པའི་ནང་དུ་བཞུགས་ནས། ཁྲི་ཤིང་ལེགས་པོའི་གཞོག་གི་སྟེང་དུ་ཉལ་ལོ།། ལུས་ལ་སེར་བུས་གོས་པར་བྱེད་ཅིང་ནམ་གྱི་ཆ་སྤྲང ་ལ་ཨ་ལ་ངས་ཏེ་བདག་ཡོངས་པའི་དོན་ལ་རྟོག་ཅིང་བདག་གིས་ཁྱིམ་གྱི་གནས་ཀྱི་སྐྱོན་མཐོང་ནས་བདུད་རྩི་ལ་ལོངས་སྤྱོད་པ་དང་གྲགས་པ་མཐའ་ཡས་པ་སྤངས་ནས་དགོན་པར་གནས་ཏེ་ངེས་པར་འགྱུར་བ་བཙལ་བའི ་ཕྱིར་རབ་ཏུ་བྱུང་ངོ་། ། དེ་ནས་བཟུང་ནས་བག་མེད་པའི་སྤྱོད་པའི་རྟོགས་པ་དང་རབ་ཏུ་དབེན་པ་སྤངས་ནས་འགྲོ་བ་ལོག་པའི་སྦྲང་མས་ཟ་བས་དེ་ནི་བདག་གི་རབ་ཏུ་དབེན་པ་དོར་བར་རིགས་སོ།། བདག་གིས་ཀྱང་ཁྱིམ་པའི ་གནས་ཟང་ཟིང་དང་བཅས་པར་མཐོང་སྟེ་ཕྱིན་ནས་ལོ་མའི་ཁང་པ་ཡིད་དུ་འོང་བ་འདི་ཡང་ཁ་དོག་སྡེར་པོས་ས་གཞི་ལ་ཞལ་བ་ལེགས་པར་བྱས་ནས། དངུལ་གྱི་ཁ་དོག་ལྟར་དཀར་བའི་རྩིག་པ་རྣམས་དང་ཐོག་ཕུག ་རོན་གྱི་རྐང་པའི་ཁ་དོག་ལྟར་དམར་བའི་ལོ་མའི་བླ་ཁབ་ཅན་ནོ། ། སྣ་ཚོགས་པའི་ཁ་དོག་ཅན་གྱི་ཤིང་ཁྲིའི་སྟན་ལ་ཉལ་བ་དང་འདུག་པ་ན་བདེ་བར་བལྟ་བ་དེ་རྣམས་ནི་ཆེས་ཆེར་ལྷག་པར་ཁྱིམ་པའི་ཕུན་སུམ་ཆོག ་པ་དང་འདྲ་བར་མཐོང་ངོ་། ། ལོ་མའི་ཁང་པའི་སྐྱོན་བལྟས་པས་སྐྱོན་བརྒྱད་མཐོང་སྟེ། ལེ་མའི་ཁང་པ་ལ་ལོངས་སྤྱོད་པ་ན་སྐྱོན་བརྒྱད་པོ་ནི། ཤིང་མང་པོ་ལ་ནོར་མང་པོ་དགོས་པ་དང་སྡུས་ནས་ཁང་པ་བྱེད་ཅིང་ཚེལ ་པ་ནི་སྐྱོན་གཅིག་པ་དང་། རྩཝ་དང་ས་འཛད་པ་དང་ཡང་དང་ཡང་ཟད་པ་ན་བཅོམ་དགོས་པ་རྒྱུན་མི་འཆད་པ་ནི་སྐྱོན་གཉིས་པ་དང་། ཉལ་བའི་གནས་ཞེས་བྱ་བ་ནི་ཆེན་པོ་ལ་རིགས་ཏེ། དུས་མ་ཡིན་པར་སློང་དགོས་པས ་སེམས་གཅིག་ཏུ་མི་གནས་པ་དང་འགྲོ་དགོས་པ་ནི་སྐྱོན་གསུམ་པ་དང་། དྲང་བ་དང་དྲོ་བ་འཇོམས་པ་དང་ལུས་བདེ་བར་བྱེད་པ་ནི་སྐྱོན་བཞི་པ་དང་། ཁང་པའི་ནང་དུ་ཞུགས་ནས་སྡིག་པ་བྱེད་པར་ནུས་པ་དང་། ངོ་ཚ་བ ་བཟློག་པ་ནི་སྐྱོན་ལྔ་པ་དང་། བདག་གཱི་ཡིན་ནོ་ཞེས་བསྲུང་བ་ནི་སྐྱོན་དྲུག་པ་དང་། ཁྱིམ་པ་ཡོད་ཞེས་པ་གཉིས་པའི་སྐྱོན་བདུན་པ་དང་། ཤིག་དང་འདྲེ་ཤིག་དང་ཁྱི་ཤིག་ལ་སོགས་པའི་སྲོག་ཆགས་དུ་མ་གནས ་པར་འགྱུར་བ་ནི་སྐྱོན་བརྒྱད་པའོ། ། འདི་རྣམས་ཀྱིས་སྐྱོན་བརྒྱད་པོ་རྣམས་མཐོང་ནས་སེམས་དཔའ་ཆེན་པོས་ལོ་མའི་ཁང་པ་སྤངས་སོ།། དེའི་ཕྱིར་གསུངས་པ། སྐྱོན་བརྒྱད་དང་ནི་ལྡན་པ་ཡི།། ལོ་མའི་ཁང་པ ་སྤངས་ཞེས་པ། ཤིང་གི་དྲུང་དུ་གནས་གྱུ་ར་ན།། ཡོན་ཏན་བཅུ་དང་ལྡན་པ་ཡིན།། ཡིབ་པའི་གནས་རྣམས་སྤངས་པ་དང་།། ཡོན་ཏན་བཅུ་དང་ལྡན་པ་ཡི།། ཤིང་གི་དྲུང་དུ་གནས་པའོ།། ཞེས་བརྗོད་པ་ནི ་དེ་ལ་ཡོན་ཏན་བཅུ་པོ་འདི་བསག་མི་དགོས་པ་ནི་ཡོན་ཏན་གཅིག་དང་། ཉལ་བར་གནས་པ་ཙམ་གྱིས་བསྲུང་མི་དགོས་པར་རྙེད་པ་ནི་གཉིས་པ་དང་། དེར་བྱི་དོར་བྱེད་པ་མེད་པར་ལོངས་སྤྱོད་པ་དང ་བདེ་བར་གནས་པ་དང་སློང་བ་མེད་པ་ནི་གསུམ་པ་དང་། ངོ་ཚ་བ་ན་ཡིབ་པ་མེད་ཅིང་དེར་སྡིག་པ་བྱེད་པ་མེད་ལ་སྦེད་པ་མེད་པ་ནི་བཞི་པ་དང་། བླ་ཁབ་མེད་པའི་གནས་བཞིན་དུ་ལུས་རྟག་ཏུ་སྤོང་བ་མེད་པ་ནི་རྫ ་བ་དང་། ཡོངས་སུ་འཛིན་པར་མི་འདོད་པ་ནི་དྲུག་པ་དང་། ཁྱིམ་གྱི་འདོད་པ་སྤངས་པ་ནི་བདུན་པ་དང་། མང་པོ་དགོས་པའི་འཛིན་པ་མེད་པ་དང་ཡོངས་སུ་བསྲུང་བ་མེད་པ་དང་འགྲོ་བ་ན་འདོད་པ་མེད་པ་ནི་བརྒྱད ་པ་དང་། སྡོང་བ་ན་དགའ་བ་དང་བཅས་པ་མེད་པ་ནི་དགུ་པ་དང་། ཤིང་དྲུང་གི་གནས་ནི་སེང་ཞིང་སོང་བ་ནི་རྙེད་སཱ་བ་དང་ལྟོས་པ་མེད་པ་ནི་བཅུ་པའོ།། ཡོན་ཏན་བཅུ་པོ་འདི་མཐོང་སྟེ་ཤིང་གི་འགྲམ་དུ་གནས་ཞེས ་བརྗོད་པ་དང་། འདི་ལྟ་བུ་དེ་རྣམས་ནི་བྱེད་པར་བསམས་པའོ།། སེམས་དཔའ་ཆེན་པོ་སང་གི་ཉི་མ་ལ་བསོད་སྙོམས་ལ་གཤེགས་པས་དེ་མ་ཐག་ཏུ་གྲོང་དུ་སླེབ་སྟེ་མི་རྣམས་སྤྲོ་བ་ཆེན་པོ་སྐྱེས་ནས་བསོད་སྙོམས་བྱིན་ནོ།། ་དེའི་གདུགས་ཚོད་ཐོནན་པ་གནས་སུ་ཐོན་བ་ཅིང་བཞུགས་རྣས་བསམས་པ། བདག་གིས་བསོད་སྙོམཔ་ཐོབ་པའི་སྙིང་རབ་ཏུ་རྡུང་བ་རྣམ་ཡིད་ནོ།། ཟས་ཞིམ་ག་ཞེས་བྱབ་འདིསང་རྒྱས་ཀྱི་རྒྱད ་པ་དང་། སྐྱེས་བུ་འདོད་པའི་ཆགས་པ་འཕེལ་བ་དང་། བཟའ་བའི་གཞལ་བརྟེན་ནས་སྡུག་བཅཝམ་མཐ་མེད་དོ།། བདགགས་པང་ཡང་བཏི་བ་དང་བསྟན་པ་ལས་རྒྱས་པའི་འབྲུ་བན་བ་ཟུག་ནས། ་མཆོག་གི་བཟའ་བལ་བརྟེན་པར་བྱའོ།། དེས་དེ་ནས་དེ་ཟངས་ཏེ། དེ་ལྟར་བྱས་ནས་ལུས་སྡུག་བསྔལ་དུ་འབྲང་བ་བྱས་པ་དང་ཞག་བདུན་གྱི་ནང་དུ་སྙོམས་པར་འཇུག་པ་བརྒྱད་པོ་རྣམས་དང་མངོན་པར་ཤེས་པ། ་སྟེསྐྱེ་ཏེ་དེའི་ཕྱིར་གསུངས་པ། བཏབ་དང་བསྐྲུན་པའི་འབྲུ་རྣམས་ནི།། ལྷག་མ་མེད་པར་སྤངས་པ་དང་།། ཡོན་ཏན་དུ་མ་དང་ལྡན་པའི།། འབྲས་བུ་ཕྱོགས་ལ་འཇུག་པའོ།། དེར་ནི་དཀའ་ཐུབ་ཀྱིས་གནས་དང་།། ་སྡོང་དང་འཆག་པའི་གནས་རྣམས་སུ།། ཞག་བདུན་གྱི་ནི་ན་ང་ཉིད་དུ།། མངོན་པར་ཤེས་པའི་སྟོབས་ཐོབ་བོ།། དེ་ལྟར་མངོན་པར་ཤེས་པ་ཐོབ་ནས། བློ་གྲོས་བཟང་པོས་བཀའ་ཐུབ་པས་བདེ་བའི་སྙོམས་པར ་འཇུག་པ་ལ་གནས་སོ། ། དེའི་ཚེ་མར་མེ་མཛད་ཅེས་བྱ་བའི་སྟོན་པ་འཇིག་རྟེན་དུ་བྱོན་པར་གྱུར་ཏོ།། དེ་མངལ་དུ་ཞུགས་ནས་བལྟམ་པ་དང་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། འཇིག་རྟེན་གྱི་ཁམས ་སྟོང་ཕྲག་བཅུ་པོ་ཐམས་ཅད་གཡོས་སོ་རབ་ཏུ་གཡོས་སོ་སྒྲ་སྒྲོགས་སོ། ། སྒྲ་ཆེར་སྒྲོགས་སོ།། སྔོན་གྱི་མཚན་མར་གྱུར་པ་སུམ་བཅུ་རྩ་གཉིས་དང་། བློ་གྲོས་བཟང་པོ་དཀའ་ཐུབ་པས་སྙོམས་པར་འཇུག་པ ་བདེ་བ་ལ་གནས་པས་དེ་རྣམས་ཀྱི་སྔ་མ་ཐོས་པ་དང་དེ་རྣམས་ཀྱི་སྔོན་གྱི་མཚན་མ་མ་མཐོང་ངོ་། ། དེ་ཕྱིར་གསུངས་པ། སྟན་གཅིག་ལ་ནི་སྟེན་ནས་སུ།། བདག་གིས་དེ་ལྟར་གྲུབ་པ་ཐོབ།། རྒྱལ་བ་མར་མ ་མདུ་རྣས་པ། འཇིག་ཅེས་ཆེན་པ་བྱོན་པར་འགྱུར། ཁངས་ཏུ་ཞུགས་སནྡྷ་། རྣས་སྒྲུབསྟ་པ། ཡ་འི་དོམཐོང་བདྡྷ་པཱ། ཨ་ས་།། ་དེའི་མ་སྟོབས་བཅུ་ལྡན་པའི་མང་མ་མང་ཟག་པ་ཟང་བ་འབུམ་ཟུག་བཞིའི་འཁོར་དང་བཅས་པ་གོ་རིམས་བཞིན་དུ་མམས་ཅན་བན་པའི་ཕྱིར་འཆག་ཅིང་དགའ་བཅན་ཞེས་བྱབའི ་དུ་བྱོན་ཏེ། བལྟ་ན་སྡུག་ཅེས་བྱ་བའི་གཙུག་ལག་ཁང་ཆེན་པོར་བཞུགས་སོ།། དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་ན་གནས་པའི་མར་མེ་མཛད་དགེ་སྦྱོང་གི་དབང་ཕྱུག་དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི ་མཆོག་ཐོབ་ནས་མཆོག་གིས་ཆོས་ཀྱི་འཁོར་ལོ་བསྐོར་རོ། ། དེ་ལྟར་རིམ་གྱིས་སེམས་ཅན་ལ་ཕན་པའི་དོན་དུ་འཆག་ཅིང་དགའ་བ་ཅན་གྱི་གྲོང་ཁྱེར་དུ་བྱོན་ཏེ། བལྟ་ན་སྡུག་གི་གཙུག་ལག་ཁང་ཆེན་པོ་བཞུགས་པ ་དེ་དེ་ན་གནས་པ་རྣམས་ཀྱིས་ཐོ་བ་ནས་མར་གསར་དང་ཞུན་མར་ལ་སོགས་པ་དང་སྨན་དང་གོས་དང་མལ་ཆ་ལ་སོགས་པ་དང་དྲིའི་ཕྲེང་བ་ལ་སོགས་པ་ལག་ཏུ་ཐོགས་ཏེ། གང་གིས་སངས་རྒྱས་དང་གང་གིས་ཆོས་དང་གང ་གིས་དགེ་འདུན་གང་དེ་རྣམས་ལ་འདུད་ཅིང་དེ་ལ་དགའ་བ་དང་དེ་ལ་ཤིན་ཏུ་གུས་པ་དང་བཅས་པས་སྟོན་པའི་དྲུང་དུ་སོང་སྟེ། ཕྱག་བྱས་ནས་དྲིལ་སོགས་པའི་མཆོད་པ་བྱ་སྟེ་ཕྱོགས་གཅིག་ཏུ་འཁོད་ཅིང་ཆོས་བསྟན་པ། ་མཉན་ནས་སང་འགྲོན་དུ་གཉེར་ཏེ་རང་གིས་ནས་སོང་ངོ་།། དེ་རྣམས་བྱས་ནས་སང་སྦྱིན་པ་ཆེན་པོ་སྟ་གོན་བྱ་སྟེ་གྲོང་ཁྱེར་བརྒྱན། སྟོབས་བཅུ་པ་བྱོན་པའི་ལམ་བརྒྱན་ཏེ་ཚྭའི་ས་གཞི་མི་མཉམ་པའི་གནས་རྣམས་སུས ་བླུཐུག་ནས་ས་གཞི་མཉམ་པར་བྱས་སོ། ། དངུལ་གྱིས་མདོག་ལྟ་བུའི་བྱེ་མས་སྦས་སོ།། མེ་ཏོག་གི་ཕྲེང་བ་ཉིད་དང་མེ་ཏོག་སིལ་མ་བཀྲམ་པར་བྱས་སོ།། ཁ་དོག་སྣ་ཚོགས་པའི་གོས་ཀྱི་རྒྱལ་མཚན་དང་བ་དན ་འགགས་པ་བལྡང་བར་བྱས་པ། ། རྟ་གང་ག་གང་དུ་རྣས་པ་ཀུང་བ་སུས་ས་གསགྱུར།། ཐམ་བ་ར་ཆུ་།། ང་ས་། བ་པགས་ན ་རྣམས་ཀྱིས་སྟེང་གི་པའི་གཔའ་འ་འགྲོ་བ་དེ་ལ་མི་རྣམས་དགའ་ཤིང་ཙམ་པས་མཛང་སྟེནས་མཁའ་རྣམས་ལ་ཕྱོགས་ད་ག་མམེ་པལ་མ་རྣམས་ཀྱི་སརྫི་ལ། ། བསོད་ན་ས་དང་ལྡན་པ་རྣམས་ལལ་འདི་རྣམ ་རྦན་གཉིས་བརྟན་པ་9། དེ་གྱི་གས་པ། ལ་ད་ཕྱོགས་ཀྱི་བར་གནས་པའི།། དེ་ཞིད་ག་ཤེགས་པ་གྲོ་པ་གྱུར།། ཨོཾད་ཊཱི་འདོན།། སམཔ་ནི་ཤུ་བས་ལམ་ཕྱགས་ས ་བདག་ནི་དེ་ཚེད་དེ་ཡིས་དུས། རང་གི་གནས་ནི་བྱེད་པ་དང་།། ཤིང་ཤུན་གོས་ནི་རླུང་གིས་གམ།། དེས་བདག་ནི་མཁའ་ལ་འགྲོ།། དགའ་དང་ཀྱིམ་དང་བདེ་བ་ཡིས།། སྐྱེ་བོ་ལས་འཕྱག་བྱེད་པ་མཐོང་།། ནམ་མཁའལ ་ནིབྱོན་ནས་སུ། ། དེ་མ་ཟག་པར་མི་ལ་དྲིས།། དགའ་དང་ཚིས་ལ་བདེ་བ་ཡི།། མཁས་ཤིང་རིག་པའི་སྐྱེ་བོ་ཚེ།། ལམ་ནི་སྙོམ་པར་བྱེད་པ་ན།། སུ་ཞིག་ཕྱིར་དུལམ་འདི་འཆོས།། མི་རྣམས་ཀྱིས་སྨྲས་པ། བཙུན་པ། ་དཀའ་ཐུབ་པ་བློ་གྲོས་བཟང་པོ་ཉིད་ཀྱིས་མི་མཁྱེན་ནམ། སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ།། སེམས་ཅན་རྣམས་ལ་ཕན ་པའི་དོན་དུ་འཆག་ཅིང་། བདག་ཅག་གི་གྲོང་ཁྱེར་དུ་བྱོན་ནས་བལྟ་ན་སྡུག་གི་གཙུག་ལག་། ཁང་ཆེན་པོར་བཞུགས་ལ་བདག་ཅག་གིས་བཅོམ་ལྡན་འདས་དེ་འགྲོན་དུ་གཉེར་ཏོ།། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འད། ་དབྱོན་པའི་ལམ་བརྒྱན་པར་བྱའོ།། དཀའ་ཐུབ་པ་བློ་གྲོས་བཟང་པོས་བསམས་པ། སངས་རྒྱས་ཞེས་བྱ་བའི་སྒྲ་ཙམ་ཡང་འཇིག་རྟེན་དུ་རྙེད་པར་དཀའ་བོ།། དེ་ལྟར་སངས་རྒྱས་བྱོན་པ་ལ་བདག་མི་འདི་རྣམས་དང ་བཅས་པས་སྟོབས་བཅུ་པའི་ལམ་བརྒྱན་པོར་བྱེད་པར་རིགས་སོ། ། དེས་མི་རྣམས་ལ་གསུངས་པ། གལ་ཏེ་ཁྱེད་རྣམས་ཀྱིས་ལམ་འདི་རྣམས་སངས་རྒྱས་ཀྱི་ཆེད་དུ་བརྒྱན་པར་གྱིས་ཅིག། བདག་ལ་ཡང་གནས ་གཅིག་སྦྱིན་པར་གྱིས་ཅིག་བདག་གིས་ཀྱང་ཁྱེད་རྣམས་དང་འགྲོགས་ནས་ལམ་བརྒྱན་པར་བྱའོ། ། དེ་རྣམས་ཀྱིས་ལེགས་སོ་ཞེས་བསམས་ནས་དཀའ་ཐུབ་པོ་བློ་གྲོས་བཟང་པོས་རྫུ་འཕྲུལ་དང་ལྡན་པར ་ཤེས་ནས་ཆུ་ཡིས་གནོད་པར་བྱས་པའི་གནས་ཕན་ཚུན་དུ་བསམས་ནས་དེ་ལ་གནས་བརྒྱན་པར་གྱིས་ཅིག་ཅེས་བྱིན་ནོ། ། བློ་གྲོས་བཟང་པོ་སངས་རྒྱས་ལ་དགའ་ནས་བསམས་སོ།། བདག་གིས་གནས་འདིར ་རྫུ་འཕྲུལ་གྱིས་བརྒྱན་པར་ནུས་སོ། ། ཇི་ལྟར་བརྒྱན་པར་བྱས་ཀྱང་བདག་གི་ཡིད་ཚིམ་པ་མེད་དོ།། བདག་གིས་དི་རིང་ལུས་དུབ་པར་བྱས་སོ།། ས་རྣམས།། ངས་ནས་གནས་དེར་ཐུག་གོ། དེ་དེའི་ཕྱོགས་དེ་བརྒྱན ་པ་ཨ་མ་གྲུབ་པར་སྟོབས་བཅུ་ལྡན་པའི་མར་མེ་མཛད་ཐུབ་པ་ཆེན་པོ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཟག་པ་ཟད་པ་འབུམ་ཕྲག་བཞིའི་འཁོར་དང་བཅས་པ་རྣམས་ལ་ལྷ་རྣམས་ཀྱིས་ལྷའི་དྲི་བཟང་དང་མེ་ཏོག་གི ་ཕྲེང་བ་ལ་སོགས་པས་མཆོད་པར་བྱེད་ཅིང་ལྷའི་གྲུང་དབྱངས་དང་བཅས་པ་སྒྲོགས་སོ། ། མི་རྣམས་ཀྱིས་མིའི་དྲི་བཟང་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་པར་བྱེད་ཅིང་མཐའ་ཡས་པའི་སངས་རྒྱས་ཀྱི ་རོལ་པའི་རིམ་ནོ་ཤི་ལའི་སྟེང་དུ་སེ་གེ་སྒྲ་སྒྲོགས་པ་བཞིན་དུ། ལྷའི་ལམ་བརྒྱན་པར་བྱས་ནས་ལམ་དུ་བྱོན། བློ་གྲོས་བཟང་པོས་དཀའ་ཐུབ་པས་མིག་གིས་བལྟས་ནས་ལམ་བརྒྱན་པ་ལ་སྟོབས་པཅ་བྱོན་ནོ།། ་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་རྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་ཉེ་བར་གསལ་བ། འོད་འདོམ་གང་གིས་ཡོངས་སུ་བསྐོར་བ་དང་ནོར་བུའི་ཁ་དོག་ལྟ་བུ་ནམ་མཁའི་མཐིལ་ལ་སྣ་ཚོགས་པའི ་ར་ནམ་པ་ཀླགས་འད་ལྟ་བུ་དུས་དང་དུས་མ་ཡིན་པར་འབྱུང་བ་ཉིད་ཀྱང་དང་ཟུང་དུ་གྱུར་པ་དང་འདོག་དྲུག་དང་ལྡན་པའི་ཚོགས་སངས་རྒྱས་ཀྱི་འོད་ཟེར་འབྲུ་ནིང་གཟུགས་མཆོག་ཟབ་པའི་བདག་ཉི ་བལྟས་ནས་དེ་རིང་བདག་གིས་སྟོབས་བཅུ་པ་ལ་སྲོག་ཡོངས་སུ་གཏོང་བར་རིགས་སོ། ། བཅོམ་ལྡན་འདས་འཇིམ་པའི་སྟེང་དུ་འགྲོ་བར་མི་རིགས་སོ།། ནོར་བུའི་སྤང་ལེབ་ཀྱི་ཟམ་པ་ལ་ཞབས་གནོན་ཅིང་གཤེགས ་པལྟ་བུར་ཟག་པ་ཟད་པ་འབུམ་ཕྲག་བཞི་དང་ལྷན་ཅིག་བདག་གི་རྒྱབ་གནོན་ཅིང་གཤེགས་སུ་གསོལ། ། དེ་ནི་བདག་ལ་ཡུན་རིང་པོར་ཕན་པ་དང་བདེ་བར་འགྱུར་རོ།། སྐྲ་བཀྲོལ་ཏེ་གཟིག་གི་ལྤགས་པ་དང་ཤིང་ཤུན ་གྱི་གོས་དང་། འཇིམ་པ་ནག་པོའི་སྟེང་ནོར་བུའི་སྤང་ལེབ་ཀྱི་ཟམ་པ་ལྟ་བུའི་འཇམ་པའི་སྟེང་དུ་ཉལ་ལོ།། དེའི་ཕྱིར་གསུངས་པ། བདག་གི་དེ་ལ་དྲི་ལུང་བསྟན། འཇིག་རྟེན་འདས་པའི་སངས་རྒྱས་ནི། རྒྱལ་བ་མར་མེ་མཛད ་ཅེས་པ། ། འཇིག་རྟེན་འདྲེན་པ་བྱོན་པ་ཡི།། མི་མཉམ་ལམ་ནི་འཆོས་པ་དང་།། དེ་ཡི་ལམ་ནི་བྱི་དོར་བྱེད།། སངས་རྒྱས་ཞེས་པ་བདག་གིས་ཐོས།། དེ་མ་ཐག་ཏུ་དགའ་བ་སྐྱེས།། སངས་རྒྱས་སངས་རྒྱས་ཞེས་བརྗོད ་པ། ། ཡིད་བདེ་དགའ་བ་སྐྱེས་པར་གྱུར།། ཚིམ་ཞིང་དགའ་བ་སྐྱེས་པའི་སེམས།། དེ་རུ་འཁོར་ཏེ་རྣམ་པར་བསམ།། འདིར་ནིས་བོན་བསྐྲུན་བྱས་ནས།། དེ་མ་ཐག་ཏུ་བདག་ལ་སྷོ།། གལ་ཏེ་སངས་རྒྱས་ཆེ་དབྱི་དོར།། མ ་བཅོས་གནས་གཅིག་བདག་ལ་བྱིན། ། བདག་ཀྱང་བྱི་དོར་བྱེད་པ་ཡིན།། མི་མཉམ་པ་ནི་འཆོས་པའོ།། དེ་ཚེ་ལ་མ་ནི་བྱི་དོར་བྱ།། བདག་ལ་མ་བཅོས་གནས་གཅིག་བྱིན།། སངས་རྒྱས་སངས་རྒྱས་ཞེས་བསམ་ཞིང་།། ་དེ་ཚེ་བདག་ནི་ལམ་འདི་འཆོས།། བདག་གི་གནས་ནི་མ་གྲུབ་པར།། ཐུབ་པ་ཆེན་པོ་མར་མེ་མཛད།། མངོན་ཤེས་དྲུག་པོ་མཚུངས་ལྡན་པར།། འབུམ་ཕྲག་བཞི་པོ་རྣམས་ལ་ནི།། དྲི་མ་མེད་ཅིང་ཟག་པ་ཟད།། རྒྱལ་བ་ལམ ་དྲ་བྱོན་པར་གྱུར། བསྲ་བ་བྱེད་པ་པོ་རྣམས་ནི།། རོལ་མོ་རྣམས་ནི་དཀྲོལ་བ་དང་།། ལྷ་དང་མི་རྣམས་ཡི་རང་བྱེད།། ལེགས་སོ་ཞེས་པའི་ཚིག་བྱིན་ནོ།། ལྷ་ཡིས་མི་རྣམས་མཐོང་བ་དང་།། མི་རྣམས་ཀྱིས་ཀྱང་ལྷ་རྣམས ་མཐོང་། ། དེ་གཉིས་ཀྱིས་ནི་ཐལ་མོ་སྦྱོར།། དེ་བཞིན་གཤེགས་དང་ཐབས་གཅིག་འགྲོ།། ལྷ་དང་ལྷའི་རོལ་མོ་དང་།། མི་ནང་མིའི་རོལ་མོ་དང་།། གཉིས་ཀ་ཡང་ནི་རོལ་མོ་དཀྲོལ།། དེ་བཞིན་གཤེགས་དང་ཐབས་ཅིག་འགྲོ།། ་ལྷའི་མེ་ཏོག་མན་དཱ་ར།། པད་མ་པ་རི་ཚད་ཏྲ་ཀ། ཕྱོགས་དང་མཚམས་སུ་མེ་ཏོག་འཐོར།། ལྷ་རྣམས་མཁའ་ལ་གནས་ནས་སོ།། ཙམ་བ་ཀྲྀ་ཤཱ་ལ་ལྀ་ནི་པཾ།། ནཱ་གཱ་པྲནྡྷ་གཱ་ཀེ་ཏ་ཀཾ། སྟེང་གི་ཕྱོགས་དང་། འཚམས ་སུ་འཐོར། ། ས་སྟེང་འགྲོ་བ་མི་རྣམས་སོ།། དེར་ནི་བདག་གི་སྐྲ་བཀྲོལ་ནས།། ཤིང་ཤུན་ཚེས་གོས་གཟིགས་ལྤགས་ནི།། འཇིམ་པའི་སྟེང་དུ་བསྟིང་ནས་སུ།། ཁ་བུབ་དུ་ནི་བདག་གིས་ཉལ།། འཇིམ་པའི་སྟེང་ནས་མི ་གཤེགས་པར། ། བདག་ནི་གནོན་ཅིང་སངས་རྒྱས་རྣམས།། སློབ་མ་འཁོར་བཅས་གཤེགས་སུ་གསོལ།། བདག་ལ་ཕན་པར་འགྱུར་བ་ཡིན།། དེ་འཇིམ་པའི་སྟེང་དུ་ཉལ་ནས་སླར་ཡང་མིག་གིས་བལྟ་ཞིང་སྟོབས ་བཅུ་དང་ལྡན་པའི་མར་མེ་མཛད་སངས་རྒྱས་ཀྱི་འབྱོར་པ་ཡང་དག་པར་བལྟས་ནས་དེ་ལྟར་བསམས་སོ། ། གལ་ཏེ་བདག་གི་ཉོན་མོངས་པ་ཐམས་ཅད་གཞོམ་པར་འདོད་པ་དང་། དགེ་འདུན་རྣམས་ཀྱི་གཞོན་ནུར་འགྱུར ་པར་བྱ་བ་དང་། དགའ་བ་ཅན་གྱི་གྲོང་ཁྱེར་དུ་འཇུག་པར་འདོད་དོ།། གཞན་གྱི་ཆ་ལུགས་ཀྱིས་ཀྱང་ཉོན་མོངས་པ་འདི་གཞོམ་པར་བྱས་ནས་མྱ་ངན་ལས་འདས་པ་ཐོབ་པ་ལ་དོན་མེད་དོ།། སྟོབས་བཅུ་དང་ལྡན་པའི ་མར་མེ་མཛད་བདག་གིས་ཇི་ལྟ་བ་བཞིན་དུ་བྱའོ། ། མཆོག་གི་བྱང་ཆུབ་ཐོབ་ནས་སྐྱེ་བོ་མང་པོ་འཁོར་བའི་རྒྱ་མཚོ་ལ་གྲུར་ཞུགས་ནས་ཕ་རོལ་དུ་སྦལ་བར་བྱས་ནས། ཕྱིས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་འདི ་ནི་བདག་གས་རིགས་པ། ། ནས་ཆོས་བརྒྱད་པོ་གཅིག་ཏུ་བསྒྲུམས་སངས་རྒྱས་འདོད་པ་ན་པས་སེམས་ལ་བསྟན་པལ། ར་བ་གཟུངས་པ། ས་གཞས་ས་དང། ་བདག་གིས་དེ་། བསམས་པནས། བདག་ནི་རང་འདོད་པ་ཡི།། བདག་གིས་ཅན་མངས་གནས་པག། བདག་ནི་ཆ་ལུགས་གཞན་ཀྱིསཀྱང་།། འདིར་ནི་ཆེས་འདི་མེ་ན་དྲ་བྱ།། ཐམས་ཅད་མཁྱེན ་ཐོབ་བྱར་ནས། ། ལྷ་དང་བཅས་པ་སངས་རྒྱས་འགྱུར།། བདག་ཉིད་གཅིག་བུ་གྲོལ་ནས་ནི།། སྐྱེས་བུ་མཐུ་ལྡན་མཐོང་བ་དང་།། ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས།། ལྷ་དང་མི་རྣམས་ཡང་དག་བསྒྲལ།། བདག ་གི་འདི་ལོ་གཞི་ལས་ནི་མཐུ་དང་ལྡན་པ་མཐོད་པ་དང་། ། ཐམས་ཅད་མཁྱེན་པ་ཟབ་ནས་ན།། སྐྱེ་བ་མེད་པ་བདག་གིས་བསྒྲལ།། འཁོར་བའི་མདུད་པ་བ་དུ་ནཔ་ནི།། སདགསུས་པོ་དབང་བྱས་། ་གྲུ་ཡི་ནང་ཞུགས་ནས།། ལྷ་དང་མེ་རྣམས་ཡང་དག་བསྒྲལ།། གང་ཞིག་སླར་ཡང་སངས་རྒྱས་དོན་དུ་གཉེར་བའི་ཕྱིར་རོ།། མིའི་ལུས་ནི་མཚན་མར་ལྡན།། སྟོན་པའི་ལྟ་བའི་རྒྱུ་དང་ནི།། རབ་བྱུང་ཡོན་ཏན་ལྡན ་དང་། ། རིགས་པ་དང་ནི་འདུན་པ་དང་།། ཆོས་བརྒྱད་པོན་བསྡུས་ནས་སྲ།། སྨོན་ལམ་མངོན་པར་འཕེལ་བའོ།། མིའི་ལུས་ལ་གནས་ཤིང་སངས་རྒྱས་ཉིད་དོན་དུ་གཉེར་བ་ནི་དོན་དུ་གཉེར་བ་ཕུན་སུམ་ཚོགས་པ་འགྲུབ་བོ།། ་ཀླུ་འམ་མཁའ་ལྡིང་དམ་ལྷ་རྣམས་ཀྱིས་དེ་དོན་དུ་གཉེར་ཡང་མི་འགྲུབ་པོ།། མིའི་ལུས་སུ་གྱུར་ཅིང་སྐྱེས་བུའི་མཚན་གནས་པས་ནི་དེ་དོན་དུ་གཉེར་བ་འགྲུབ་བོ།། བུད་མེད་དམ་ཟ་མ་འམ་མ་ནིང་ངམ་མཚན་གཉིས ་པས་ནི་འགྲུབ་པ་མ་ཡིན་ནོ། ། སྐྱེས་བུར་གྱུར་ནས་དེའི་ལུས་སུ་འདོད་པ་དང་། དགྲ་བཅོམ་པ་ཐོབ་པར་བྱ་བའི་ཕྱིར་དུ་ཡོངས་སུ་རྫོགས་པར་འགྲུབ་པོ།། གཞན་གྱིས་ནི་མ་ཡིན་ནོ།། སྒྱུ་དང་ལྡན་ཞིང་གལ་ཏེ་འཚོ་བ་དང་། ་ལྡན་པའི་སངས་རྒྱས་ཀྱི་དྲུང་དུ་གཉེར་ན་དོན་དུ་འགྲུབ་པོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་གྱི་དྲུང་དུའམ་བྱང་ཆུབ་ཤིང་གི་དྲུང་དུ་དོན་དུ་གཉེར་བས་ནི་མི་འགྲུབ་བོ།། སངས་རྒྱས་ཀྱི་དྲུང་དུ ་དདྲུ་གཉེར་ཀྱང་རབ་ཏུ་བྱུང་བའི་མཚན་མ་དང་ལྡན་པས་འགྲུབ་ཀྱང་། ཁྱིམ་པའི་མཚན་མ་དང་ལྡན་པས་ནི་མ་ཡིན་ནོ།། རབ་ཏུ་བྱུང་ཡང་མངོན་པར་ཤེས་པ་ལྔ་དང་སེམས་པར་འཇུག་པ་བརྒྱད་ཟབ་པས་འདོད་པར་འགྲུ ་ཀྱི། ཡོན་ཏན་འདི་རྣམས་དང་བྲལ་བས་ནི་མ་ཡིན་ནོ།། ཡོན་ཏན་དང་ལྡན་ཡང་གང་ཞིག་འཚོ་བ་དང་ལྡན་པའི་ལུས་སངས་རྒྱས་ལ་ཡོངས་སུ་བཏང་ན་འགྲུབ་ཀྱི།། གཞན་དུ་ནི་མ་ཡིན་ནོ།། དེའི་གཞི་འདིས་གཞི་ཡོངས་སུ་རྫོགས་ནས ་འགྲུབ་བོ། ། གཞན་གྱིས་ནི་མ་ཡིན་ནོ།། གཞི་དང་ལྡན་ཡང་གང་ཞིག་སངས་རྒྱས་ཀྱི་ཆོས་ཀྱི་ཕྱིར་དུ་འདུན་པ་ཆེན་པོ་དང་། སྤྲོ་བ་ཆེན་པོ་དང་། རྩོལ་བ་ཆེན་པོ་དང་། ཡོངས་སུ་འབད་པ་རྣམས་ཀྱི་འགྲུབ་པོ།། གཞན་གྱིས་ནི་མ་ཡིན ་ནོ། ། དེ་ལ་འདིར་འདུན་པ་ཆེན་པོའི་དཔེ་ནི་གལ་ཏེ་འདི་ལྟར་གང་ཞིག་འཇིག་རྟེན་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་ཆུ་ཡིས་གང་བར་གྱུར་པ་ལ་བདག་གི་ལག་པས་བརྒྱལ་ཏེ་ཕ་རོལ་དུ་འགྲོ་བར་ནུས་ན་དེས་སངས་རྒྱས་ཐོབ་པར ་འགྱུར་རོ། ། ཡང་ན་གང་དུ་གང་ཞིག་སླང་ཡང་ཐམས་ཅད་ཀྱི་ཁོར་ཡུག་ག་དང་དུ་འོདམ་མང་པོས་བཀང་སྟེ་རྐང་པས་ཉེད་ཅིང་རྡུལ་དུ་བྱེད་པས་ཕོ་རོལ་ཏུ་འགྲོ་བར་ནུས་ནེ་དེ་ཡིས་སངས་རྒྱས་ཐོབ་པར་ནུས་ས།། ཡང་ན་ག་ཤིག་སྦར་ཡང ་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་དུ་མཚོན་ཆརྣམས་ཁ་ཁྱེན་ལ་སྟན་པའི་མཚོན་རྩེ་མོ་པར་མེད་པས་ཡོངས་སུ་གང་བ་ལ་གང་བས་རྫི་ཞིང་ཕ་རོལ་དུ་འགྲོ་བར་ནུས་ན་དེས་སངས་རྒྱས་ཐོབ་པར་འགྱུར་རོ། ། ཡང་ན་གང་ཞིག་གིས་སླར ་ཡང་འཇིག་རྟེན་ཁོར་ཡུག་གི་ནང་དུ་སོལ་བ་འབར་བས་ཡོངས་སུ་གང་བར་བྱས་ནས་རྐང་པས་རྫི་ཞིང་ཕ་རོལ་དུ་འགྲོ་བར་ནུས་ན་དེ་ཡིས་སངས་རྒྱས་ཐོབ་པར་འགྱུར་རོ། ། གང་ཞིག་དེ་རྣམས་ལས་གང་ཞིག་ལ་སྡུག་བསྔལ་བར ་མི་སེམས་པར་བདག་གི་འདི་རྣམས་ཀྱང་ཕ་རོལ་དུ་གྲལ་བར་མཐོ་པ་རོ་གྲ་མ་ཀྱ་ཤེས་གས་སོ། ། དེ་དེ་གར་འདུན་པ་ཆེན་པོ་དང་། སྤོ་བ་དང་། རྩོལ་བ་དང་། འབད་པ་རྣམས་དང་ཡང་དག་པར་ལྡནན་ད་། ་དོན་དུ་གཉེར་བ་འགྲུབ་བོ།། གཞན་གྱིས་ནི་མ་ཡིན་ནོ།། བློ་གྲོས་བཟང་པོ་དཀའ་ཐུབ་པ་སླར་ཡང་ཆོས་བརྒྱད་པོ་འདི་རྣམས་བསྡུས་ནས་སངས་རྒྱས་འདོད་པའི་སྨོན་ལས་བཏབ་ནས་ཉལ་ལོ།། བཅོམ་ལྡན་འདས ་མ་ཨར་མེ་མཛད་ཀྱིས་ཀྱང་བྱོན་ནས་བློ་གྲོས་བཟང་པོ་དཀའ་ཐུབ་པའི་མགོའི་གམ་དུ་བཞུགས་ཏེ་ནོར་བུ་སེང་གེའི་ཁང་པའི་གཟེབ་ཀྱི་སྒོར་སྟོན་པ་བཞིན་དུ་ཁ་དོག་ལྔ་པ་རབ་ཏུ་དངས་པ་དང་ལྡན་པའི་སྤྱན་གྱིས་གཟིགས ་ནས་འཇིམ་པའི་སྟེང་ན་ཉལ་བའི་བློ་གྲོས་བཟང་པོ་དཀའ་ཐུབ་པ་གཟིགས་སོ། ། དཀའ་ཐུབ་པ་འདི་སངས་རྒྱས་ཐོབ་པའི་ཕྱིར་དུ་སྨོན་ལམ་འདེབས་ཤིང་ཉལ་ལོ།། འདིའི་དོན་དུ་གཉེར་བ་འགྲུབས་བམ་མི ་འགྲུབ་སྙམ་དུ་དགོངས་ནས་མ་འོངས་པའི་ཡེ་ཤེས་ཀྱིས་རྟོག་ཅིང་དཔྱོད་དོ། ། འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་ཞེས་རྟོགས ་ནས་འཁོར་གྱི་ནང་དུ་ལུང་སྟོན་པས་བཀའ་སྩལ་པ། ། མཆོག་གི་དཀའ་ཐུབ་ཀྱི་དཀའ་ཐུབ་པ་འདི་འཇིམ་པའི་སྟེང་ན་ཉལ་བ་ཁྱེད་རྣམས་ཀྱིས་མཐོང་ངམ།། གསོལ་པ། བཙུན་པ་དེ་བཞིན་དུ་ཐོང་།། བཀའ་སྩལ ་པ། འདིས་སངས་རྒྱས་ཐོབ་པར་བསམས་ནས་ཉལ་ཏོ།། གསོལ་པ། འདིའི་དོན་དུ་གཉེར་བ་འགྲུབ་པར་འགྱུར་ལགས་སམ། བཀའ་སྩལ་པ། འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག ་ལྷག་འདས་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། ། དེ་ལ་སླར་ཡང་གྲོང་ཁྱེར་སེར་སྐྱའི་གནས་སུ་འཁྲུངས་པར་འགྱུར་རོ།། ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ་ཞེས་བྱ་བ་ནི་ཡུམ་མོ།། རྒྱལ་པོ་ཟས་གཙང ་མ་ཞེས་བྱ་བ་ནི་ཡབ་པོ། ། ཉན་ཐོས་ཀྱི་མཆོག་ནི་གནས་བརྟན་ཉེ་རྒྱལ་དང་ཉན་ཐོས་གཉིས་པ་ནི་གནས་བརྟན་བང་ནས་སྐྱེས་སོ།། སངས་རྒྱས་ཀྱི་ཉེ་གནས་ནི་ཀུན་དགའ་བོ་ཞེས་བྱ་བའོ།། ཉན་ཐོས་མའི་མཆོག ་ནི་གནས་བརྟན་མ་དགེ་མ་ཞེས་བྱ་བ་དང་ཉན་ཐོས་མ་གཉིས་པ་ནི་གནས་བརྟན་མ་ཨུད་པ་ལའི་མདོག་ཅན་ཞེས་བྱ་བར་འགྱུར་རོ། ། ཡེ་ཤེས་ཡོངས་སུ་སྨིན་པར་གྱུར་ཏེ། ངེས་པར་འབྱུང་བ་ཆེན་པོ་བྱས་ནས ་དཀའ་ཐུབ་ཆེན་པོ་རྫོགས་པར་བྱ་སྟེ་ནྱ་གྲོ་དྷའི་ཤིང་དྲུང་དུའོ་ཐུག་བླངས་ནས་ཆུ་ཀླུང་ནེར་ཛ་རའི་འགྲུབ་དུ་གསོལ་ལོ། ། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་ཨ་ཤྭངྒཱའི་ཤིང་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུར་རོ། ། དེའི་ཕྱིར་གསུངས་པ། མར་མེ་མཛད་པ་འཇིག་རྟེན་མཁྱེན།། སེམས་ཅན་ཕན་ཕྱིར་འཇིག་རྟེན་བྱུང་། བདག་གི་མགོ་བོའི་གམ་འདུག་སྟེ།། འདི་ལྟ་བུ་ཡི་ཚིག་གསུངས་སོ།། དཀའ་ཐུབ་པ་འདི་ལྟོས་ཤིག་དང་།། ་དཀའ་བ་མཆོག་གི་རལ་པ་འཛིན།། འདི་ནི་བསྐལ་པ་མད་འདས་ནས།། འཇུག་རྟེན་དུ་ནི་སངས་རྒྱས་འགྱུར།། སར་སྒྲ་དགའ་བའི་གྲོང་དུ་འཁྲུངས།། དེ་བཞི་གཤེགས་པ་ངེས་པ་འབྱུང་།། དཀའ་ཐུབ་གནས་སུ་གནས་ན ་ནི། ཤིན་དུ་དཀའ་བའི་དཀའ་ཐུབ་སྤྱད།། ཨ་ཙ་པཱ་ལའི་ཤིང་དྲུང་དྲ།། དེ་བཞིན་གཤེགས་པ་བཞུགས་ནས་སུ།། དེར་ནའོ་ཐུག་བླངས་ནས་ནི།། ནིར་ཛ་རའི་འགྲམ་གནས་ནས།། ནཻར་ཛ་རའི་འགྲམ་དུ་ནི།། འོ་ཐུག་རྒྱལ་བས་མ ་སྤྱོད་དོ། ། ལས་གྱི་མཆོག་གི་ཆེད་དུ་ནི།། བྱང་ཆུབ་གཞར་དབྱན་འགྱུར་ར།། ཟླ་མང་བྱང་ཆུབ་སྙིང་པོ་ལ།། དེ་ནས་བསྐོར་བ་བྱས་ནས་ན།། ཨ་ཤྭདྡྷ་ཡ་དྲུང་དུ་ན།། གྲགས་ཆེན་ཞེས་པ་སངས་རྒྱས་འགྱུར།། འད་མ་སྐྱེ་བ་མ ་ཟུར་བ། ། སྒྲ་བ་ཞེས་པར་འགྱུར་བ་མེད།། པབ་ནི་ཟས་གཙང་ཞེས་བྱེ།། དིན་གོ་ཏམནོས་པར་འགྱུར།། ག་པ་ཟད་ཅིང་འད་ཆགས་བྲལ།། ན་བའི་སཔས་དང་མཚུངས་པར་ལྡན།། བང་ནས་སྐྱེས་དང་ཉེད་རྒྱལ་།། ་ཐོས་རྣམས་ཀྱི་མཆོག་ཡིན་ནོ།། གནས་ཀུན་དགའ་བོནས་པས།། རྒྱམ་བ་དེ་ལ་ནབས་དོག་བྱེད།། ག་མ་དང་ནི་ཨུད་པ་ལ་མདོག།། ཏན་ཐོས་པའི་མཆོག་ཡིན་ནོ།། ཟག་པ་མེད་ཅིང་འོད་ཆགས་ཐལ། ནས ་ས་དང་རྡུངས་པར་རྫས་འི་ཙུས་དྷཱ་། ཨཱཿརྦཱ་ས་བརྗོད་པའོ། མནས་ཐགས་པང་བད། འབྲུ་པ་དག་ནཔ་དན་ཤས་བཛུ་པ་པ་། ཐུང་བས་མེད་པ ་པས་ད། འཕྲུ་པས་རྒྱས་ཀྱིས་ང་ཡ་འ་ས་། ་སྐྱེས་སུ་རླུང་གི་ཐོག་ས་གྲུས་བྱང་བ་སྨྲ་པ་ལ་བར་མི་ལྡན་།། གསསས་པ་སུ་མྦུ་ག། ས་པ་དེས་བྱ་གས་སྐབས་ཡ ་ལས་གྱི་འབྲས་བུམ་ཐོབ་པར་གྱུར་ན་གང་གི་ནི་ཁྱོད་མ་འོངས་པ་ནས་མཉས་པར་འགྱུར་རོ་ཞེས་སོ། ། དེའ་ཚོ་ཁྱོད་ཀྱིས་མངོན་སུམ་དུལ་མ་འབྲས་བུ་མངོན་དུ་བྱེད་པ་བདག་གིས་ནུས་སོ།། དོན་དུ་གཉེར་བར་བྱས་ནས་རྒྱངས ་བཅུ་དང་ལྡན་པའི་མང་མེ་མ་ད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་ཅིང་མ་ཏོག་སྐྱེམ་པ་བརྒྱད་ཀྱིས་ག། ང་ནས་བཀོང་བ་བྱས་ཏེ་གཤེགས་སོ།། བུམ་ཐུག་པནི་ཟག་པ་ཟད་པ་རྣམས་ཀྱིས་ཀྱང་། ་བྱང་ཆུབ་སེམས་དཔའ་ལ་དྲི་བཟང་དང་མེ་ཏོག་གིས་མཆོད་ནས་བསྐོར་བབྱེ་སྟེ་གཟུགས་སོ།། སྣ་དང་མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཆོད་ནས་ཕྱག་འཚལ་ཏེ་སོང་ངོ་།། བྱང་ཆུབ་སེམས་དཔས་ཐམས་ཅད་སོང་བའི་དུས་སུ ་པའི་གནས་ནས་ལངས་ཏེ་ཕ་རོལ་དུ་ཕྱིན་པ་བསམ་པའི་ཕྱིར་མེ་ཏོག་གི་ཕུང་པོའི་སྟེང་དུ་དཀྱིལ་དཀྲུང་བཅས་ནས་བཞུགས་སོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་བཞུགས་ནས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུའི་མོར་། ་གི་ལྔ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནོ།། འཕགས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་སྔར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དཀྱིལ་དཀྲུང་བཅས་ཏེ་ཕ་རོལ་དུ་ཕྱིན་པ་སེམས་ཤིང་སྔོན་གྱི་དུས་ན་བཞུགས ་བཞིན་དུ་སྡུག་བསྔལ་གྱི་མཚན་མ་མཐོང་ནས་དེ་རྣམས་ཀྱི་མཚན་མ་རྣམས་ཀྱང་དེ་རིང་སྐྱེས་པར་གྱུར་ཏོ། ། ཐེ་ཙོམ་མེད་པར་ཁྱོད་སངས་རྒྱས་སུ་འགྱུར་རོ།། ཞེས་བདག་གིས་དེ་རྣམས་ཤེས་སོ།། གང་གིས་འདི་རྣམས་ཀྱི ་མཚན་མ་མཐོང་བར་གྱུར་པས་དེ་ངེས་པར་སངས་རྒྱས་སུ་འགྱུར་རོ། ། དེ་ལ་ཁྱོད་བདག་ཉིད་བརྩོན་འགྲུས་བརྟན་པོ་མཆོག་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་སྣ་ཚོགས་པའི་བསྟོད་པ་བྱས་སོ།། དེའི་ཕྱིར་གསུངས ་གའདི་ཡི་ཚིག་ནི་ཐོས་ནས་ནི། ། མཚུངས་མེད་དྲང་སྲོང་ཆེན་པོ་ལ།། ལྷ་དང་མི་ནི་རྗེས་ཡི་རང་།། སངས་རྒྱས་ས་བོན་མྱུག་གུ་འདི།། སྒྲ་ནི་ཆེན་པོ་སྒྲོགས་བྱེད་ཅིང་།། གསལ་བར་བཞད་པར་བྱེད་པ་དང་།། ཐལ་མོ་སྦྱར་ནས་ཕྱག ་བྱེད་པ། ། སྟོང་ཕྲག་བཅུ་ཡི་ལྷ་དང་བཅས།། བསྟན་པ་འདི་ལ་འབྲས་མ་ཐོབ།། གལ་ཏེ་འཇིག་རྟེན་མགོན་པོ་འདི།། མ་འོངས་པ་རྣམས་འདས་གྱུར་ནས།། འདི་ནི་སྔོན་དུ་འགྱུར་བའོ།། ཇི་ལྟར་ཆུ་ཀླུང་ཕ་རོལ་མི།། འགྲོ་བ་པོའི་མུ ་གནས་ལ། ། འོག་གི་མུ་ནས་བཟུང་ནས་ནི།། ཆུ་ཀླུང་ཆེན་པོའི་ཕ་རོལ་འགྲོ།། དེ་ལྟར་འདི་ལྟར་བདག་གིས་ནི།། རྒྱལ་བ་འདི་ནི་གལ་ཏེ་ན།། མ་འོངས་པ་ནི་མང་སོང་ནས།། འདི་ནི་མངོན་སུམ་གྱུར་པ་ཡིན།། མར་མེ་མཛད་ནི་འཇིག་རྟེན་མཁྱེན།། ་འདི་ལྟར་འགྱུར་ཞེས་གསུངས་པ་ཡིན།། བདག་གི་ལས་རྣམས་གསལ་བྱས་ནས།། རྐང་པ་ཡས་པ་བཏེག་བྱས་སོ།། གང་ཞིག་དེ་ལ་རྒྱལ་སྲས་ནི།། བདག་ལ་ཀུན་གྱིས་བསྐོར་བ་བྱས།། མི་དང་ཀླུ་དང་དྲི་ཟ་རྣམས།། ཕྱག་བྱས ་ནས་ནི་གཤེགས་པར་གྱུར། ། དགེ་འདུན་བཅས་པ་འཇིག་རྟེན་འདྲེན།། བདག་གི་གཤེགས་པ་མཐོང་བ་ན།། དགའ་ཞིང་ཚིམ་པའི་སེམས་ཀྱིས་ནི།། དེ་ཚེ་བདག་གིས་སྟན་ལས་ལངས། བདག་ནི་བདེ་ཞིང་བདེ་བར་འགྱུར།། དགའ་ཞིང་ཤིན ་དུ་བདེ་བར་འགྱུར། ། དགའ་ཞིང་དགའ་བར་གྱུར་པ་སྟེ།། དགའ་དང་ལྡན་པར་སྐྱེ་བ་དང་།། དེ་ཡི་ཚེན་དཀྱིལ་དཀྲུང་བཅས།། དཀྱིལ་དཀྲུང་ལ་ནི་གནས་ནས་སུ།། དེ་ལ་བདག་གིས་འདི་ལྟར་བསམས།། བདག་གི་བསམ་གཏན་དབང་དུ ་གྱུར། ཡེ་ཤེས་ཀྱི་ནི་ཕ་རོལ་ཕྱིན།། སྟོང་ཕྲག་གི་ནི་འཇིག་རྟེན་ན།། ང་དང་མཚུངས་པའི་དྲང་སྲོང་མེད།། རྫུ་འཕྲུལ་ཆོས་ནི་བདག་མི་མཚུངས།། འདི་འདྲ་ཅི་བདེ་གཞན་མཐོག།། བདག་གིས་དཀྱིལ་དཀྲུང་བཅས་ནས་བདག། སྟོང ་ཕྲག་བཅུ་ལྷག་གནས་ནས་སུ། ། སྒྲ་ཆེན་པོ་ནི་སྒྲོགས་པར་བྱེད།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། གང་ཞིག་བྱང་སེམས་སྔོན་མ་རྣམས།། དཀྱིལ་དཀྲུང་དུ་ནི་བཞུགས་ནས་སུ།། མཚན་མ་རྣམས་ནི་མཐོང་བ་ནི།། དེ་རྣམས ་དེ་རིང་མཐོང་བ་ཡིན། ། གྲང་བ་རྣམས་ནི་མེད་པར་གྱུར།། དྲེ་བ་རྣམས་ནི་ཉེ་བར་ཞི།། དེ་རྣམས་དེ་རིང་སོ་སོར་མཐོང་། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སྟོང་ཕྲག་བཅུ་ཡི་འཇིག་རྟེན་ཁམས།། ཕན་ཚུན་དུ་ནི་འཇིག ་མེད་གྱུར། ། དེ་རྣམས་དེ་རིང་སོ་སོར་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། རླུང་ཆེན་པོ་ནི་མི་ལྡང་ཞིང་།། ཆུ་རྣམས་རྒྱུན་ལས་ལོག་པ་དང་།། དེ་རྣམས་རི་རིང་སོ་སོར་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འཅུག། ་ཐང་སྐྱེས་ནས་སྐྱེས་མེ་ཏོག་རྣམས།། ཐམས་ཅད་དུ་ནི་མེ་ཏོག་བྱེ།། དེ་རྣམས་དེ་རིང་མེ་ཏོག་བྱེ།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ཁྲི་ཤིང་ཡང་ནི་ཤིང་གྱུར་པ།། དེ་མ་ཐག་ཏུ་འབྲས་བུར་གྱུར།། དེ་རྣམས་དེ་ཀུན་འབྲས ་གྱུར་པ། ། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ནམ་མཁའ་དང་ནི་ས་གཞི་ལ།། རིན་ཆེན་དེ་དག་འོད་འགྱེད་དོ།། དེ་རྣམས་དི་རང་འོད་འགྱེད་པས།། ངེས་པར་ཁྱོད་ནི་སངས་རྒྱས་འགྲོ།། ལྷ་རྣམས་དང་ནི་མི་རྣམས་ནི།། ་དག་རོལ་མོའི་སྒྲ་སྒྲོགས་སོ།། དེ་རྣམས་དི་རིང་སྒྲ་འབྱིན་པས།། ཁྱོད་ནི་ངེས་པར་སངས་རྒྱས་འགྱུར།། མེ་ཏོག་སྣ་ཚོགས་པ་ཡི་ཚོགས།། དེ་མ་ཐག་ཏུ་ཆར་བ་འཕེབས།། དེ་རྣམས་དི་རིང་ཆར་འབེབས་པས།། ངེས་པར་ཁྱོད ་ནིསངས་རྒྱས་འགྱུར། ། རྒྱ་མཚོ་ཆེན་པོ་མི་གཡོ་ཞིང་།། འཇིག་རྟེན་སྟོང་ཕྲག་བཅུ་པོ་གཡོ།། དེ་རྣམས་དི་རིང་གྱུར་པས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སྟོང་ཕྲག་བཅུ་ཡི་དམྱལ་བ་རྣམས།། དེ་མ་ཐག་ཏུ་བསྲེག་དང་བྲལ།། དེ ་རྣམས་དི་རིང་ཞི་བས་ན། ། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ཉི་མ་དྲི་མ་མེད་པ་དང་།། རྒྱུ་སྐར་ཐམས་ཅད་མཐོང་བ་དང་།། དེ་རྣམས་དེ་རིང་མཐོང་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ཆར་བ་འབབ་པར་མ་གྱུར་ཀྱང་།། ་ས་ནི་སྡུམ་བག་བཅས་པ་དང་།། དེ་རྣམས་དེ་རིངས་ས་ལ་གྱུར།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། རྒྱུ་སྐར་ཚོགས་ནི་རྣམ་པར་གསལ།། ནམ་མཁའི་དབྱིངས་སུ་རྦྦ་སྐར་རྣམས།། ཟླ་བ་དང་ནི་འགྲོག་པ་བཞིན།། ངེས་པར་ཁྱོད་ནི ་སངས་རྒྱས་འགྱུར། ། ས་ཁུང་རི་ཁུང་སྲོག་ཆགས་རྣམས།། སེམས་གཅིག་པས་ནི་ཕ་རོལ་མཐོང་།། དི་རིང་དེ་རྣམས་སེམས་དགའ་བས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སེམས་ཅན་རྣམས་ནི་མི་དགའ་མེད།། དེ་མ་ཐག་ཏུ ་དགའ་བར་འགྱུར། ། དི་རིང་དེ་རྣམས་དགའ་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དེ་ཚེ་ནད་རྣམས་ཉེ་བར་ནི།། འདོད་པའི་ནང་ནི་མེད་པའོ།། དི་རིང་དེ་རྣམས་མཐོང་བ་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དེ་ཚེ་ཆགས་པ ་བསྲབས་པ་དང་། ། སྐྱོན་དང་རྨོངས་པ་རྣམས་པར་ཞིག། དེ་རིང་དེ་ཀུན་དོར་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དེའི་ཚེ་ན་འཇིགས་མེད་པ།། དི་རིང་དེ་རྣམས་མཐོང་བས་ན།། བདག་གི་རྟགས་དེ་ཀུན་གྱིས་ཤེས།། ངེས་པར་ཁྱོད་ནི ་སངས་རྒྱས་འགྱུར། ། སྟེང་འོག་རྡུལ་ནི་གོ་བཟློག་འགྲོ།། དི་རིང་ཡང་ནི་དེ་རྣམས་མཐོང་།། བདག་གི་རྟགས་དེ་ཀུན་གྱིས་ཤེས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དྲི་རྣམས་ངན་པ་སོང་བ་དང་།། ལྷའི་དྲི་ནི་འོང་བ་དང་།། དི་རིང་དེ་རྣམས་དྲི ་ལྡང་བས། ། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ལྷ་རྣམས་ཐམས་ཅད་མཐོང་བ་དང་།། གཟུགས་མེད་པ་རྣམས་སྤངས་པ་ནི།། དེ་རིང་དེ་ཀུན་མཐོང་བས་ན།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། དམྱལ་བ་རྣམས་ནི་ཇི་སྲིད་པ།། དེ་ཡི་ཚེ།། ་ན་ཐམས་ཅད་མཐོང་།། དེ་རྣམས་དེ་རིང་ཀུན་མཐོང་བས།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། སྒོ་ཆུང་དང་ནི་རིའི་རྣམས།། དེ་ཡི་ཚེ་ན་མི་མཐོང་མེད།། དི་རིང་ནམ་མཁའ་བཞིན་དུ་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། ་རུམ་དུ་གནས་དང་འཐོན་པ་ནི།། སྐད་ཅིག་ཙམ་གྱིས་མ་ཡིན་ནོ།། དེ་རིང་དེ་རྣམས་སོ་སོར་མཐོང་།། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། བརྩོན་འགྲུས་བརྟན་པར་བྱས་ནས་ནི།། ངེས་པར་འབྱུང་བ་ལྡོག་མི་བྱ།། བདག་གིས་འདི་རྣམས ་ལེགས་ཤེས་པས། ། ངེས་པར་ཁྱོད་ནི་སངས་རྒྱས་འགྱུར།། བྱང་ཆུབ་སེམས་དཔས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་དང་སྟོང་ཕྲག་བཅུའི་འཁོར་ཡུག་ཀྱི་ལྷ་རྣམས་ཀྱིས་གསུང་ཐོས་ནས།། ཡིད་བདེ་བ་ཆེར་སྐྱེས་ཏེ་བདག་ཉིད ་སྤྲོ་བར་གྱུར་ནས་བསམས་པ། ། སངས་རྒྱས་རྣམས་ཀྱི་དོན་ཡོད་པའི་གསུང་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་གསུང་ལས་གཞན་དུ་མི་འགྱུར་བ་ཡིན་ནོ།། ཇི་ལྟར་ཡང་ནམ་མཁའ་ལ་རྡོ་འཕངས་ན་ལྷུང་བར་འགྱུར་བ་དང་།། སྐྱེས ་ནས་འཆི་བར་འགྱུར་བ་དང་། སྐྱ་རིང་ཤར་ན་ཉི་མ་འཆར་བར་འགྱུར་བ་དང་།། གནས་ནས་སེང་གེ་ལངས་ནས་སྒྲ་ཕྱུང་སྟེ་འགྲོ་བ་དང་། སྦྲུམ་མ་ཡོངས་སུ་སྨིན་ནམ་སྐྱེ་བར་འགྱུར་བར་ངེས་སོ།། ངེས་པར་དེ་བཞིན་དུ་འདི་ལྟར་སངས ་རྒྱས་རྣམས་ཀྱི་གསུང་ནི་ངེས་ཤིང་དོན་ཡོད་པར་འདོད་དོ། ། ངེས་པར་བདག་ནི་སངས་རྒྱས་སུ་འགྱུར་རོ།། དེའི་ཕྱིར་གསུངས་པ། སངས་རྒྱས་ཀྱི་ནི་གསུངས་ཐོས་ནས།། སྟོང་ཕྲག་བཅུ་དང་གཉིས་ཀ་ཡི།། ཚིམ་ཞིང་དགྱེས་ལ ་རབ་ཏུ་དགལ། ། བདག་གིས་དེ་ཚེ་འདི་ལྟར་བསམས།། གཉིས་ནི་མི་གསུང་སངས་རྒྱས་ནི།། རྟུལ་བདོན་ཡོད་པ་ཡི་གསུང་།། སངས་རྒྱས་རྣམས་ནི་གཞན་མི་གསུངས།། བདག་ནི་ངེས་པར་སངས་རྒྱས་འགྱུར།། ཇི་ལྟར་མཁའལ ་རྡོ་ཕངས་པ། ། ངེས་པར་ས་ལ་ལྷུང་བར་འགྱུར།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན།། ཇི་ལྟར་སེམས་ཅན་ཐམས་ཅད་ན། ངེས་པར་འཆི་བར་འགྱུར་པའོ།། དེ་བཞིན་དུ། ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན།། ཇི་ལྟར་ནམ་ནི་ཟད་པ་ན།། ངེས་པར་ཉི་མ་འཆང་བར་འགྱུར།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན།། ཇི་ལྟར་སེང་གེའི་གནས་ནམ་ནི།། སེང་གེའི ་སྒྲ་ནི་ངེས་པའོ། ། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན།། ཇི་ལྟར་སྦྲུམ་མ་སྨིན་གྱུར་ན།། མངལ་ནས་ངེས་པར་སྐྱེ་བར་འགྱུར།། དེ་བཞིན་དུ་ནི་སངས་རྒྱས་ཀྱི།། གསུང་ནི་ངེས་པར་འགྱུར་བ་བཞིན། ་ལེགས་སོ་བདག་ནི་སངས་རྒྱས་སུ་འགྱུར་རོ།། ད་ལྟར་ངེས་པར་བྱས་ནས་སངས་རྒྱས་སུ་བྱེད་པའི་ཆོས་ཚོལ་བས་སངས་རྒྱས་སུ་འགྱུར་བའི་ཆོས་གང་ཞིག་ན་ཡོད།། གལ་ཏེ་སྟེང་ན་ཡོད་དམ་འོགན་འམ་ཕྱོགས ་སམ་འཚམས་རྣམས་ནི་ཡོད་དམ་ཅི། ། གོ་རིམས་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་བརྩམས་ནས་སྔར་གྱི་བྱང་ཆུབ་སེམས་དཔས་ཀྱང་བསྙེན་པ་དང་ངེས་པར་བརྟེན་པར་བྱ་བའི་དང་པོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ ་གཟིགས་སོ། ། དེ་ལྟར་བདག་གིས་ཀྱང་བདག་ལ་གདམས་པ།། མཁས་པ་བློ་གྲོས་བཟང་པོ་ཁྱོད་ཀྱིས་ཀྱང་འདི་ནས་བཟུང་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱའོ།། ཇི་ལྟར་ན་ཆུའི་བུམ་པ་ཁ་ཕུབ་ན་བུམ་པར་ཆུ་རྣམས་མི ་གནས་པར་ས་ལ་བོ་བ་ཉིད་སླར་ཡང་བུམ་པ་ལ་མི་གནས་སོ། ། དེ་ལྟར་འདི་ལྟར་ནོར་རམ་གྲགས་པ་འམ་བུ་དང་ཆུང་མ་འམ་ཡན་ལག་དང་ཉིང་ལག་རྣམས་ལྟོས་པ་མེད་པར་སློང་བ་རྣམས་ཀྱི་དོན་དུ་ཐམས་ཅད་གང ་དང་གང་འདོད་པ་ལ་ལྷག་མ་མེད་པར་བྱས་ནས་སྦྱིན་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་སངས་རྒྱས་ཐོབ་པོ།། དང་པོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་བྱའོ།། དེའི་ཕྱིར་གསུངས་པ ་བདག་གི་སངས་རྒྱས་བྱེད་པའི་ཆོས། གང་དང་དེ་རུ་བཙལ་བྱས་པ།། སྟེང་དང་འོག་དང་ཕྱོགས་བཅུ་དང་། ཆོས་ཀྱི་དབྱིངས་ཀྱི་བར་དུའོ།། དེ་ཚེ་བཙལ་བ་ན་ནི་མཐོང་།། དང་པོར་སྦྱིན་པའི་ཕ་རོལ་ཕྱི་ནི།། སྔོན་གྱི་སྐྱེས་བུ་ཆེན་པོ ་ཡཾ། ལམ་ནི་ཕ་རོལ་རྗེས་སུ་འགྲོ།། འདི་ནི་རེ་ཞིག་ཁྱོད་ཀྱིས་ཀྱང་།། བརྟན་པོར་བྱས་ནས་གཟུང་བར་བྱས།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན། སྦྱིན་པའི་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་བུམ་པ་གང་གྱུར་པ།། གང་ཡང་ན ་བུས་པ་ན། ། ཆུ་ནི་ལྷག་མ་མེད་པར་འབོ།། བུམ་པའི་ནང་དུ་མི་གནས་སོ།། དེ་བཞིན་དུ་ནི་སློང་བ་མཐོང་།། མཆོག་དམན་འབྲིང་པོ་གང་ཡིན་པ།། མ་ལུས་པར་ནི་སྦྱིན་པར་བྱ།། ཁ་བུབ་བུམ་པ་དེ་བཞིན་ནོ།། གཞན་ཡང་སངས་རྒྱས ་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་ལྟ་བར་བྱར། ། ལྷག་པར་ཚོལ་བ་ན་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས ་འདི་ནས་བཟུང་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱའོ། ། དཔེར་ན་གཞན་ཡང་རྒོད་གཡག་ཞེས་བྱ་བ་སྲོག་ལ་མི་ལྟ་བར་རང་གི་མཇུག་མའི་སྔ་མ་ཉིད་བསྲུང་བ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་འདི་ནས་བཟུང་ནས ་སྲོག་ལ་མི་ལྟ་བར་ཚུལ་ཁྲིམས་བསྲུངས་ན་ཁྱོད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་རོ། ། གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ཏེ་གནས་པར་བྱའོ།། དེའི་ཕྱིར་གསུངས་པ།། འདི་ཙམ་འབའ་ཞིག་མ ་ཡིན་གྱི། ། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། གཞན་ལ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཚེ་ན་ཚོལ་བ་མཐོང་།། གཉིས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བརྟེན་པར ་བྱས་པས་སོ། ། རེ་ཞིག་གཉིས་པ་འདི་ཡིས་ནི།། བརྟན་པོར་བྱས་ནས་གཟུང་བར་བྱས།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་རྒོད་གཡག་སྔ་མ་ནི།། གང་དང་གརིགས་བཟུང་བ་ན།། ་ལྟོས་པ་མེད་པར་སྲོག་འདོར་རོ།། རྔ་མ་ལ་དགའ་ཁྲོ་བ་མེད།། དེ་བཞིན་དུ་གིས། ཞི་རུ།། ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང་།། རྟག་ཏུ་ཚུལ་ཁྲིམས་ཀུན་སྲུང་བྱེད།། རྒོད་གཡག་རྔམ་སྲུང་བ་བཞིན།། གཞན་ཡང་སངས ་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞག་མ་ཡིན་པར་བལྟ་བར་བྱའོ། ། ལྷག་པར་ཚལ་བ་ན་གསུམ་པ་ངས་འབྱུང་ག་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏེ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ ་ཁྱོད་ཀྱིས་འདི་ནས་བཟུང་ནས་ངེས་པར་འབྱུང་བའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། ། ཇི་ལྟར་བརྩོན་རར་ཡུན་རིང་པོར་བཅིངས་ནས་བཞག་པའི་མི་དེ་ལ་འདོད་པར་མི་བྱེད་དོ།། གཞན་ཡང་ཤིན་དུ་སྡུག་བསྔལ ་བའི་སེམས་དེ་ལ་དེ་བཞིན་དུ་གནས་པར་འདོད་པ་མེད་དོ། ། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་སྐྱེ་བ་ཐམས་ཅད་དུ་བརྩོན་རར་བཅིངས་བ་བཞིན་བྱས་ནས་སྐྱེ་བ་ཐམས་ཅད་དུ་ཤིན་དུ་སྡུག་བསྔལ་བའི་སེམས ་ཀྱིས་གྲོལ་བར་འདོད་པའི་སེམས་ཀྱིས་ངེས་པར་འབྱུང་བ་མངོན་སུམ་དུ་འགྱུར་རོ། ། དེ་ལྟར་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ།། ངེས་པར་འབྱུང་བའི་ཕ་རོལ་དུ་ཕྱིན་པ་ལ་བརྟན་པར་བྱས་ཏེ་གནས་སོ།། དེའི་ཕྱིར་གསུངས ་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེའི་ཚེ་ན་ཚོལ་བ་མཐོང་།། གསུམ་པ་ངེས་འབྱུང་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན ་པོ་ཡི། བསྙེན་དང་བརྟེན་པར་བྱས་པས་སོ།། རེ་ཞིག་གསུམ་པ་འདི་ཡིས་ནི།། བརྟན་པོར་བྱས་ཏེ་གཟུང་བར་བྱ།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། ངེས་འབྱུང་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་སྐྱེས་བུ་བརྩོན་རརབ་ཙོངས།། ཡུན ་རིང་གནས་ཤིང་སྡུག་བསྔལ་བ། ། དེ་ལ་དགའ་བར་མི་བྱེད་པར།། མྱུར་དུ་འགྲོལ་བར་འདོད་པར་སེམས།། དེ་བཞིན་ཁྱོད་ནི་སྐྱེ་ཀུན་དུ།། བརྩོན་ར་བཞིན་དུ་བལྟ་བར་གྱིས།། ངེས་པར་འབྱུང་བ་སྔོན་དུ་ན།། སྐྱེ་བ་ལས་ནི་གྲོལ་བར་འགྱུར ་གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། ། ལྷག་པར་ཚོལ་བ་ན་བཞི་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། ། དམན་པ་དང་འབྲིང་པོ་དང་ཆེན་པོ་རྣམས་སུ་མི་སེམས་པར་དེ་རྣམས་ཀྱི་གནས་སུ་སོང་སྟེ་མཁས་པ་རྣམས་ལ་དྲི་བར ་བྱའོ། ། ཇི་ལྟར་ན་བསོད་སྙོམས་ལ་འགྲོ་བའི་དགེ་སློང་དམན་པ་ལ་སོགས་པའི་གནས་སུ་སོང་སྟེ།། རིགས་ཀྱི་དབྱེ་བ་མ་སྤངས་པར་གོ་རིམས་བཞིན་དུ་བསོད་སྙོམས་ལ་འགྲོ་བ་མྱུར་དུ་རང་གིས་བཟའ་བའི་ཚད་ཐོབ་པར་འགྱུར་རོ།། ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་མཁས་པ་ཐམས་ཅད་ཀྱི་དྲུང་དུ་སོང་སྟེ་དྲི་བར་བྱས་ན་སངས་རྒྱས་ཐོབ་བོ།། བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟན་པར་བྱ་སྟེ་གནས་གྱིས་ཤིག། དེའི་ཕྱིར་གསུངས་པ། འདི་ཙམ་འབའ ་ཞིག་མ་ཡིན་གྱི། ། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེའི་ཚེ་ན་ཚོལ་བ་མཐོང་།། བཞི་པ་ཤེས་རབ་ཕ་རོལ་ཕྱིནི།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བརྟེན ་པར་བྱས་པས་སོ། ། རེ་ཞིག་བཞི་པ་འདི་ཡིས་ནི།། བརྟན་པོར་བྱ་སྟེ་གཟུང་བར་བྱ།། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། ཤེས་རབ་ཕ་རོལ་ཕྱིན་པར་གྱིས།། ཇི་ལྟར་དགེ་སློང་བསོད་སྙོམས་པ།། དམན་དང་འབྲིང་དང་ཆེན་པོ་ཡི།། ་རིགས་རྣམས་དཔྱོད་པར་མི་བྱེད་པར།། དེ་ལྟར་བཟའ་བའི་ཟས་ཐོབ་བོ།། དེ་བཞིན་ཁྱོད་ཀྱིས་དུས་ཀུན་དུ།། སྐྱེ་བོ་མཁས་ལ་ཡོངས་སུ་དྲིས།། ཤེས་རབ་ཕ་རོལ་ཕྱིན་སོང་བས།། བྱང་ཆུབ་ཐོབ་པར་འགྱུར་བ་ཡིན།། གཞན ་ཡང་སངས་རྒྱས་སུ་བྱེད་པའི་ཆོས་ནི་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། ། ལྷག་པར་བཙལ་ན་ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཐོབ་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ ་པ་ཁྱོད་ཀྱིས་འདི་ནས། བཟུང་ནས་བརྩོན་འགྲུས་ཀྱིས་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ།། ཇི་ལྟར་རི་དགས་ཀྱི་རྒྱལ་པོ་སེང་ག་དུས་ཐམས་ཅད་དུ་བརྩོན་འགྲུས་བརྟན་པོ་དང་ལྡན་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སྐྱེ་བ ་ཐམས་ཅད་དུ་བརྩོན་འགྲུས་བརྟན་པར་བྱའོ། ། ཞུམ་པ་མེད་པའི་བརྩོན་འགྲུས་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ།། ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་གཅིག། དེའི་ཕྱིར་གསུངས ་འདི་ཙམ་འབའ་ཞིག་མ་ཡིན་གྱི། ། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེའི་ཚེ་ན་ཚོལ་བ་མཐོང་།། ལྔ་པ་བརྩོན་འགྲུས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེས་བུ་ཆེན ་བོ་ཡི། ། བསྙེན་དང་བརྟེན་པར་བྱས་པས་སོ།། རེ་ཞིག་ལྔ་པོ་འདི་ཡིས་ནི།། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། བརྩོན་འགྲུས་ཕ་རོལ་ཕྱིན་པར་གྱིས།། བརྟན་པོར་བྱ་སྟེ་གཟུང་བར་བྱ།། ཇི་ལྟར་རི་དགས་རྒྱལ་པོ་ནི།། སྡོང་དང ་འགྲོ་བའི་གནས་རྣམས་སུ། ། ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས།། ཡིད་ནི་རྟག་ཏུ་བརྟན་པ་ཡིན།། དེ་བཞིན་ཁྱོད་ཀྱི་དུས་ཀུན་དུ།། བརྩོན་འགྲུས་གཏན་བོར་གྱིས་ལ་ཟུང་།། རྩོན་འགྲུས་ཕ་རོལ་ཕྱིན་གྱུར་ནས།། བྱང་ཆུབ་ཐོབ ་བར་འགྱུར་བ་ཡིན། ། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་དྲུག་པ་བཟོད་པའི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། ། ་མཁས་པ་བློ་གྲོས་བཟང་པོས་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་བྱའོ།། བཟང་པོ་དང་ངན་པར་བྱས་པ་ལ་བཟོད་པར་བྱའོ།། ཇི་ལྟར་སའི་སྟེང་དུ་གཙང་བ ་དང་མི་གཙང་བ་གོས་པར་བྱས་ན་ས་གཞི་ཁྲོ་བར་མི་བྱེད་པ་བཞིན་དུ་བཟོད་ཅིང་སྲོན་པ་དང་ལྷག་པར་གནས་པ་དེ་བཞིན་དུའོ། ། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་གནོད་པ་དང་ཕན་པར་བྱས་ཀྱང་བཟོད་ཅིང་སྤེན་པར་བྱས ་ན་སངས་རྒྱས་ཐོབ་པར་འགྱུར་རོ། ། དྲུག་པ་བཟོད་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཅིག། དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱིས།། གང་ཞིག་བྱང་ཆུབ་ཐོབ་འདོད་པ།། གཞན ་པ་ཡང་ན་བཙལ་བར་བྱ། ། གང་ཞིག་ཆོས་ན་ཐོབ་བྱེད་པ།། དེའི་ཆན་ཚལ་བ་མཐོང་།། དྲུག་པ་བཟད་པའི་ཕརམ་བྱིན།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བརྟེན་པར་བྱས་པས་སོ།། དེ་ཞིག་དྲུག་པ་འདི་ཡིས་ནི ་དེ་ལ་ཞེ་སྡང་མ་བྱས་ན། ། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། ཇི་ལྟར་ཡང་ནི་ས་གནིལ།། གཙང་དང་མི་གཙང་བླུགས་པ་ན།། ཐམས་ཅད་བླུགས་ཀྱི་བཟོད་པར་བྱེད།། སྟུག་བྲོ་བ་ནི་བྱེད་པ་མེད།། དེ་བཞིན་ཁྱོད་ཀྱིས་ཐམས ་ཅད་ལ། ཕན་དང་གནོད་པ་བྱེད་པ་ན།། བཟོད་པའི་ཕ་རོལ་ཕྱིན་གྱུར་ནས།། བྱང་ཆུབ་ཡང་དག་ཐོབ་པར་འགྱུར།། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན ་བདུན་པ་བདེན་པའི་ཕ་རོལ་དུ་ཕྱིན་པ་མཐོང་ནས། ། འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་གཟུང་ནས་བདེན་པའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ།། ཐོག་མས ་ལ་ལྷུང་བར་གྱུར་ན་ཡང་ནོར་ལ་སོགས་པའི་ཕྱིར་དུ་འདུན་པ་ལ་སོགས་པའི་དབང་གས་ཤེས་ནས་བརྫུན་མི་སྨྲའོ། ། ཇི་ལྟར་ན་ཐ་སྐར་ལ་སོགས་པའི་རྒྱུ་སྐར་དུས་ཐམས་ཅད་དུ་རང་རང་འགྲོ་བའི་ལམདོར་ནས་ལམ་གཞན ་ནས་མི་འགྲོ་བར་རང་གི་ལམ་ཉིད་ནས་འགྲོ་བའོ། ། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་བདེན་པ་བཟུང་ནས་བརྫུན་མི་བྱེད་པས་ནི་སངས་རྒྱས་ཐོབ་པར་འགྱུར་རོ།། བདུན་པ་བདེན་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར ་གྱིས་ཅིག། དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱིས།། གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཚེན་ཚོལ་བ་མཐོང་།། བདུན་པ་བདེན་པའི་ཕ ་རོལ་ཕྱིན། ། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བརྟེན་པར་བྱས་པས་སོ།། རེ་ཞིག་བདུན་པ་འདི་ཡིས་ནི།། བརྟན་པར་བྱས་ནས་གནས་པར་གྱིས།། དེ་ལ་བརྫུན་ནི་མི་སྨྲ་བས།། ཡང་དག་བྱང་ཆུབ་ཐོབ་པར་གྱིས།། ཇི་ལྟར ་ཐ་སྐར་ཞེས་བྱ་བ། ། ལྷ་དང་མི་རྣམས་མཚུངས་པར་ནི།། དུས་ཀྱི་ལོ་ཡེ་དུས་སུ་ནི།། ལམ་གཞན་དུ་ནི་མི་འགྲོའོ།། ཁྱོད་ཀྱིས་ཀྱང་ནི་དེ་བཞིན་བདེན།། བདེན་པ་བཟུང་ནས་མི་འགྲོ་བ།། བདེན་པའི་ཕ་རོལ་ཕྱིན་གྱུར་པས།། བྱང་ཆུབ ་ཡང་དག་ཐོབ་པར་འགྱུར། ། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུ ་སེམས་སུ་གྱུར་ཏོ། ། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་གཟུང་ནས་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ།། གང་ཞིག་ལྷག་པར་གནས་པར་གྱིས་ལ་དེ་ལ་ལྷག་པར་གནས ་ན་གཡོ་བ་མེད་པར་འགྱུར་རོ། ། ཇི་ལྟར་ན་རི་བོ་ནི་ཕྱོགས་ཐམས་ཅད་ནས་རླུང་གིས་བསྐྱོད་ཀྱང་གཡོ་བར་མི་འགྱུར་ཞིང་བསྐྱོད་པར་མི་འགྱུར་ཅིང་།། རང་གི་གནས་ཞིག་ཏུ་གནས་སོ།། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང ་བདག་ཉིད་ལྷག་པར་གནས་པ་རྣམས་མི་གཡོ་བར་འགྱུར་ན་སངས་རྒྱས་ཐོབ་པར་འགྱུར་རོ། ། བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཅིག། དེའི་ཕྱིར་གསུངས་པ།། ། ་འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས།། གཞན་པ་ཡང་ནི་བཙལ་བར་བྱ།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེ་ཡི་ཚེ་ན་ཚོལ་བ་མཐོང་། བརྒྱད་པ་ལྷག། གནས་ཕ་རོལ་ཕྱིན།། སྔོན་གྱི་སྐྱེ་སུ་ཆེན ་པོ་ཡི། བསྙེན་དང་བརྟེན་པར་བྱས་པས་སོ།། རེ་ཤི་གི་བརྒྱད་པ་འདི་ཡིས་ནི།། བརྟན་པར་བྱ་སྟེ་གནས་པར་གྱིས།། དེ་ལ་ཁྱོད་ནི་གཡོ་མེད་པས།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། ཇི་ལྟར་རི་བོའི་བྲག་ཆེན་པོ།། གཡོ་བ ་མེད་ཅིང་ལེགས་པར་གནས། ། རླུང་ཆེན་པོས་ནི་གཡོ་བ་མེད།། རང་གི་གནས་སུ་གནས་པ་ཉིད།། དེ་བཞིན་ཁྱོད་ཀྱིས་ལྷག་གནས་པར།། ཐམས་ཅད་དུ་ནི་མི་གཡོ་བར།། ལྷག་གནས་ཕ་རོལ་ཕྱིན་གྱུར་པས།། ཡང་དག་བྱ ་ཆུབ་ཐོབ་པར་འགྱུར། ། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ།། ལྷག་པར་ཚོལ་བ་ན་དགུ་པ་བྱམས་པའི་ཕ་རོལ་དུ་ཕྱིན་པ་མཐོང་བས་དེ་ལྟ་བུའི་ཁམས ་སུ་གྱུར་ཏོ། ། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་གཟུང་ནས་བྱམས་པའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ།། ཕན་པ་དང་མི་ཕན་པར་གྱུར་ཀྱང་སེམས་གཅིག་དུ་བྱའོ།། ཇི་ལྟར་ཆུ་ནི ་སྡིག་པ་ཅན་གྱི་སྐྱེ་བོ་དང་དགེའ་བའི་སྐྱེ་བོས་ཀྱང་བསིལ་བར་གྱུར་ཅིང་གཅིག་དུ་མཚུངས་པར་བྱས་ནས་རེག་གོ། ། དེ་ལྟར་ན་འདི་ལྟར་ཁྱོད་ཀྱིས་ཀྱང་སེམས་ཅན་ལ་བྱམས་པའི་སེམས་གཅིག་ཏུ་གྱུར་ནས་སངས ་རྒྱས་ཐོབ་པར་འགྱུར་རོ། ། དགུ་པ་བྱམས་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ཏེ་གནས་པར་གྱིས་ཅིག། དེའི་ཕྱིར་གསུངས་པ།། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས།། གཞན་པ་ཡང ་ནི་བཙལ་བར་བྱ། ། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེའི་ཚེ་ན་ཚོལ་བ་མཐོང་།། དགུ་པ་བྱམས་པའི་ཕ་རོལ་ཕྱི་ནི།། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བརྟེན་པར་བྱས་པའོ།། རེ་ཤིག་དགུ་པ་འདི་ཡིས་ནི།། བྱམས་པར ་བྱ་ས་ཏེ་གནས་པར་གྱིས། ། གལ་ཏེ་བྱང་ཆུབ་ཐོབ་འདོད་ན།། བྱམས་པ་མཚུངས་པ་མེད་པར་འགྱུར།། ཇི་ལྟར་ཆུ་ཞེས་བྱ་བ་ལ།། དགེ་འ་མ་སྡིག་པའི་སྐྱེ་བོ་ནི།། མཚུངས་པར་བསལ་བར་གྱུར་ལ་རེག། རྡུལ་དང་དྲི་མ ་སྤོངས་པར་བྱེད། ། དེ་ལྟར་ཁྱོད་ཀྱིས་མི་ཕན་དང་།། ཕན་ལའང་མཚུངས་པར་བྱམས་པར་བྱ།། བྱམས་པའི་ཕ་རོལ་ཕྱིན་གྱུར་ནས།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས ་འདི་འབའ་ཞིག་མ་ཡིན་པར་ལྟ་བར་བྱའོ། ། ལྷག་པར་ཚོལ་བ་ན་བཅུ་པ་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ།། མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི ་ནས་བཟུང་ནས་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། ། དེ་བའམ་སྡུག་བསྔལ་ཡང་བར་མ་ལ་གནས་པར་བྱའོ།། ཇི་ལྟར་ས་གཞིལ་གཙང་བ་དང་མི་གཙང་བས་བླུགས་ཀྱང་བར་མང་གནས་པར ་འགྱུར་རོ། ། དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་བདེ་བ་དང་སྡུག་བསྔལ་བ་ལ་བར་མར་གནས་པར་གྱུར་ན།། སངས་རྒྱས་ཐོབ་པར་འགྱུར་རོ།། བཅུ་པ་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱོས་ལ་གནས་པར་གྱིས ་ཅིག། དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི།། གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས།། གཞན་པ་ཡང་ནི་བཙལ་བར་གྱིས།། གང་ཞིག་ཆོས་ནི་ཐོབ་བྱེད་པ།། དེའི་ཚེ་ན་ཚོལ་བ་མཐོང་།། བཅུ་པ་བཏང་སྙོམས་ཕ་རོལ ་ཕྱིན། ། སྔོན་གྱི་སྐྱེས་བུ་ཆེན་པོ་ཡི།། བསྙེན་དང་བརྟེན་པར་བྱས་པས་སོ།། རེ་ཤིག་བཅུ་པ་འདི་ཡིས་ནི།། བརྟན་པར་བྱས་ནས་གནས་པར་གྱིས།། སྲང་ནི་གང་བར་འགྱུར་བ་བཞི་ནི།། ཡང་དག་བྱང་ཆུབ་ཐོབ་པར ་འགྱུར། ། ཇི་ལྟ་རོ་ས་གཞི་ཞེས་བྱ་ལ།། གཙང་དང་མི་གཙང་བྱུག་པ་ན།། ལྟོ་ས་པ་མེད་ཅིང་བཏང་སྙོམས་པས།། ཁྲོ་བ་མེད་པར་སྤོང་བ་ཡིན།། ཇི་ལྟར་ཁྱོད་ཀྱིས་ཀྱང་བདེ་སྡུག། དུས་རྣམས་ཀུན་དུ་སྲང་བཞིན་དུ།། ་བཏང་སྙོམས་ཕ་རོལ་ཕྱིན་གྱུར་ནས།། ཡང་དག་བྱང་ཆུབ་ཐོབ་པར་འགྱུར།། དེ་ནས་བསམས་པ་འཇིག་རྟེན་པ་འདི་རྣམས་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་རྫོགས་པར་བྱེད་པ་དང་སངས་རྒྱས་སུ་བྱེད་པའི་ཆོས་དེ ་རྣམས་ཉིད་དོ། ། ཕ་རོལ་དུ་ཕྱིན་པ་བཅུ་དོར་ན་གཞན་མེད་དོ།། ཕ་རོལ་དུ་ཕྱིན་པ་བཅུ་པོ་འདི་ནི་སྟེང་གི་ནམ་མཁའ་ན་ཡང་མེད་དོ།། འོག་གི་ས་གཞི་ལ་ཡང་མེད་དོ།། ཤར་ལ་སོགས་པའི ་ཕྱོགས་རྣམས་ན་ཡང་མེད་དོ། ། བདག་ཉིད་ཁོ་ནའི་སྙིང་གི་ཤའི་ནང་ན་གནས་སོ།། དེ་ལྟར་དེའི་སྙིང་ལ་སོ་སོར་གནས་པ་མཐོང་ནས་ཐམས་ཅད་བརྟན་པར་བྱ་སྟེ་གནས་པར་བྱའོ།། ཡང་དང་ཡང་དུ་དྲན་པར་བྱ་སྟེ་ལུགས ་ལས་བྱུང་བ་དང་ལུགས་ལས་ཟློག་པ་བརྟན་པར་བྱེད་དོ། ། མ་ནས་བཟུང་སྟེ་ཐོག་མའི་བར་བསམ་པར་བྱའོ།། དང་པོ་ནས་བཟུང་ནས་ཐ་མའི་བར་བསམ་མོ།། དབུས་ནས་བཟུང་ནས་ཐོག་མ་དང་ཐ་མའི་བར ་བསམ་པར་བྱའོ། ། ཐོག་མ་དང་ཐ་མ་ནས་བཟུང་ནས་དབུས་ཀྱི་བར་བལྟ་བར་བྱའོ།། ལུས་ཡོངས་སུ་བཏོང་བ་ནི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ།། ཕྱི་མིའི་ལོངས་སྤྱོད་ཡོངས་སུ་གཏོང་བ་ནི་ཉེ་བའི་ཕ་རོལ་དུ་ཕྱིན་པ་ཞེས ་བྱའོ། ། སྲོག་ཡོངས་སུ་གཏོང་བ་ནི་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ།། ཕ་རོལ་དུ་ཕྱིན་པ་བཅུ་པོ་དང་། ཉེ་བའི་ཕ་རོལ་དུ་ཕྱིན་པ་བཅུ་པོ་དང་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་བཅུ་པོའོ།། མེའི་སྟེངས་སུ་འབྲུ་མར་བསྐོལ ་བ་བཞིན་དུ་ཁོར་ཡུག་གི་ནང་དུ་རྒྱ་མཚོ་ཆེན་པོ་རི་བོ་མཆོག་རབ་ཀྱིས་བསྲུབ་པ་བཞིན་དུ་དྲན་པར་བྱ་སྟེ། ། དེའི་ཕ་རོལ་དུ་ཕྱིན་པ་བཅུ་དྲན་པར་བྱས་ནས་ཆོས་ཀྱི་གཟིས་འབྲུམ་ཕྲག་གཉིས་དང་སྟོང་ཕྲག་བཞི་བཅུ་ལྷག ་པའི་ས་ཆེན་པོ་འདིའི་སྔགས་ལ་གླང་པོ་ཆེས་རྐང་པས་གནོན་ཅིང་སྨྱུག་མ་འཆགས་པ་བཞིན་དུའོ། ། བུར་ཤིང་གི་འཁྲུལ་འཁོར་བཞིན་དུ་བཙིར་བ་དང་སྒྲ་ཆེན་པོ་སྤོགས་པ་བཞིན་དུ་ཡང་དག་པར་སྒྲོགས་སོ།། རབ་ཏུ་གཡོས ་སོ། ། ཡང་དག་པར་རབ་ཏུ་གཡོས་ཏེ་རྫ་མཁན་གྱི་འཁོར་ལོ་བཞིན་ནོ།། འབྲུ་མར་གྱི་འཁྲུལ་འཁོར་བཞིན་དུ་ཡོངས་སུ་བསྐོར་རོ།། དེའི་ཕྱིར་གསུངས་པ། འདི་ཡི་འཇིག་རྟེན་དེ་རྣམས་ཉིད།། གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས།། འདི ་ནིསྟེང་དང་གཞན་ནའང་མེད། ། བརྟན་པར་བྱ་སྟེ། སེམས་ལ་ཞོག། རང་བཞིན་གྱིས་ནི་གཡོ་མེད་པར།། འདི་ཡི་ཆོས་ནི་དྲན་པར་བྱེད།། ཆོས་ཀྱི་གཞི་ཡིས་གཞི་ནི།། འཇིག་རྟེན་སྟོང་ཕྲག་རབ་ཏུ་གཡོས།། སེམས་མེད་པའི་ས་གཞི ་ནི། བུར་ཤིང་འཁྲུལ་འཁོར་བཞིན་དུ་བཙིར།། འབྲུ་མར་འཁྲུལ་འཁོར་བཞིན་དུ་འཁོར།། དེ་ལྟར་ས་ནི་རབ་ཏུ་གཡོས།། ས་ཆེན་པོ་འདི་གཡོས་པས་དགའ་བ་ཅན་གྱི་གྲོང་ཁྱེར་ན་གནས་པའི་མི་རྣམས་ལྡར་བར་མ་ནུས་ཏེ། བསྐལ་པའི ་མཐའ་ཡི་རླུང་གིས་བསྐྱོད་པའི་སའི་ཤིང་ཆེན་པོ་གཡོས་པ་བཞིན་བརྒྱལ་བ་དང་བག་མེད་པས་འགྱེལ་བར་གྱུར་ཏོ། ། བུམ་པ་ལ་སོགས་པའི་སྣོད་ནི་འཛད་པ་དང་ཕན་ཚུན་དུ་ཕྲད་པའི་སྒྲ་དང་ཕྱེ་མ་དང་དུམ་བུར་བུར་ཏོ།། སྐྱེ་བོ ་ཐམས་ཅད་འཇིགས་པར་གྱུར་ནས་སྟོན་པའི་དྲུང་དུ་ཉེ་བར་སོང་ངོ་། ། བཅོམ་ལྡན་འདས་ཅི་ལགས་འདིའི་ཀླུ་འཁྲུགས་པ་འམ་འདིའི་འཐུང་པོ་འམ་གནོད་སྦྱིན་ནམ་ལྷ་རྣམས་སམ་གཞན་རྣམས་འཁྲུགས་སམ་བདག་ཅག་གིས ་འཚལ་བར་མ་གྱུར་ཏོ། ། གཞན་ན་ཡང་འདིའི་སྐྱེ་བོ་ཆེན་པོ་ཐམས་ཅད་ལ་ཉེ་བར་འཚེ་བར་གྱུར་ཏོ།། ཅིའི་རྒྱུ་འདིའི་འཇིག་རྟེན་གྱི་སྡིག་པ་ལས་གྱུར་རམ།། ཡང་ན་དགེ་བ་ལ་འདི་རྣམས་ཀྱི་རྒྱུ་མཚན་རྣམས་གསུང་དུ་གསོལ་ཞེས ་ཞུས་སོ། ། སྟོན་པས་དེ་རྣམས་ཀྱི་གཏམ་ཐོས་ནས།། ཁྱེད་རྣམས་འཇིག་པར་མ་བྱེད་ཅིག། ཁྱེད་རྣམས་ཅུང་ཟད་ཀྱང་མ་སེམས་ཅིག། མཚན་མ་འདི་རྣམས་ལ་ཁྱེད་རྣམས་ལ་འཇིགས་པ་མེད་དོ།། གང་ཚེ་བདག་གིས་དེ་རིང ་མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་མ་འོངས་པ་ན་གཽ་རྟ་མ་ཞེས་བྱ་བའི་སངས་ཅམ་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་ནི་འདིར་ཕ་རོལ་དུ་ཕྱིན་པ་དྲན་པར་བྱེད་དོ།། དེས་ཕ་རོལ་དུ་ཕྱིན་པ་དྲན་པར་བྱེད་ཅིང་དཔྱོད་དོ།། དེའི ་ཆོས་ཀྱིས་གཟི་བརྗིད་ཀྱི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྐད་ཅིག་ཙམ་གྱིས་གཡོ་བ་དང་སྒྲ་འབྱིན་ནོ་ཞེས་གསུང་ངོ་། ། དེའི་ཕྱིར་གསུངས་པ།། ཇི་སྲིད་འཁོར་རྣམས་ཡོད་པ་ལ།། སངས་རྒྱས་ཀྱི་ནི་སྤེལ ་བས་ན། ། དེ་ནི་དེ་རུ་སྡུག་བསྔལ་སེམས།། བརྒྱལ་བར་གྱུར་ནས་ས་ལ་ཉལ།། བུམ་པ་སྟོང་ཕྲག་དུ་མ་དང་།། སྣོད་ཆེན་བརྒྱ་ཕྲག་མང་པོ་རྣམས།། དེར་ནི་ཕྱེ་མ་ཞིབ་མོར་གྱུར།། ཕན་ཚུན་ཐུག་ཅིང་འཆགས་པས་སོ།། ་བརྒྱལ་དང་སྐྲག་དང་འཇིགས་པ་དང་།། གནོད་ཅིང་གཟིར་བའི་སེམས་ཀྱིས་འགྱེལ།། སྐྱེ་བོ་ཐམས་ཅད་གཅིག་ཏུ་འདུས།། མར་མེ་མཛད་ཀྱི་དྲུང་དུ་སོང་།། འཇིག་རྟེན་པ་རྣམས་ཅི་ཕྱིར་གྱུར།། དགེ་བའམ་ཡང ་ན་སྡིགག་པ་ཅི། ། འཇིག་རྟེན་ཀུན་ལ་ཉེར་འཚོ་བྱུང་།། སྤྱན་ལྡན་ལེགས་པར་གཟུང་དུ་གསོལ།། དེ་རྣམས་ཀུན་ལ་ཆོས་བརྟན་ཅིང་།། ཐུབ་པ་ཆེན་པོ་མར་མེ་མཛད།། འཇིགས་པར་མ་བྱེད་དབུགས་འབྱུང་གིས ་འདི་ཡིས་གཞི་གཡོ་བས་ནི། ། གང་ཞིག་དི་རིང་བདག་ལུང་བསྟན།། འཇིག་རྟེན་པ་རྣམས་སངས་རྒྱས་འགྱུར།། དེ་ནི་ཆོས་ནི་དྲན་པར་བྱེད།། སྔོན་གྱི་རྒྱལ་བ་བརྟེན་བྱས་ཤིང་།། དེའི་ཆོས་རྣམས་དྲན་བྱེད་པས།། སངས ་རྒྱས་ས་ནི་མ་ལུས་པ། ། དེས་ན་འདི་ཡིས་རྣམས་གཡོས།། ལྷ་དང་བཅས་པ་སྟོང་ཕྲག་བཅུ།། སྐྱེ་བོ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཐོས་པས་དགའ་བ་དང་ཚིམ་པ་སྐྱེས་ནས་མེ་ཏོག་དང་། ་དྲི་བཟངས་དང་བྱུག་པ་རྣམས་བླངས་ཏེ་དགའ་བ་ཅན་གྱི་གྲོང་ཁྱེར་ནས་མཐོན་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ་མེ་ཏོག་ལ་སོགས་པས་མཆོད་ནས་ཕྱག་དང་བསྟོད་པ་བྱས་ཏེ་དགའ་བ་ཅན་གྱི་གྲོང་ཁྱེར་ཉིད་དུ ་གནས་སོ། ། བྱང་ཆུབ་སེམས་དཔའས་ཀྱང་ཕ་རོལ་དུ་ཕྱིན་པ་བཅུ་དྲན་པར་བྱས་ནས་བརྩོན་འགྲུས་བརྟན་པར་བྱ་སྟེ་ལྷག་པར་གནས་ནས་སྟན་ལས་ལངས་སོ།། དེའི་ཕྱིར་གསུངས་པ།། སངས་རྒྱས་ཀྱི་ནི་གསུང ་ཐོས་ནས། དེ་མ་ཐག་ཏུ་འཇིགས་མེད་སེམས།། ཐམས་ཅད་བདག་གི་དྲུང་དུ་འོངས།། སླར་ཡང་ཕྱག་ནི་བྱས་ནས་སོ།། སངས་རྒྱས་ཡོན་ཏན་སེམས་པར་བྱེད།། དེ་ཚེ་བདག་གས་སྟན་ལས་ལངས།། མར་མེ་མཛད་ལ ་ཕྱག་བྱས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སྟན་ལས་ལངས་པ་ན་སྟོང་ཕྲག་བཅུའི་ལྷ་ཐམས་ཅད་འདུས་ནས་ལྷའི་མེ་ཏོག་དང་དྲི་བཟང་གིས་མཆོད་པ་བྱས། འཕགས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་དེ་ཡིས་དེ ་རིང་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱིས་ཞབས་དྲུང་དུ་དོན་ཆེན་པོ་དོན་དུ་གཉེར་བའི་ཕྱིརའི་དོན་དུ་གཉེར་ཏོ། ། དེ་ཡིས་དེ་རྣམས་ལ་བར་ཆོད་མེད་ཅིང་རྫོགས་པར་འགྱུར་རོ།། དེ་ལ་འཇིགས་པ་མེད་པ་དང་། ་ཞུམ་པ་མེད་པར་འགྱུར་རོ།། སྐུ་ལ་ནད་ཅུང་ཟད་ཀྱང་མི་འབྱུང་ཞིང་མྱུར་དུ་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་པར་གྱིས་ཅིག། ཇི་ལྟར་མེ་ཏོག་ཅན་གྱི་ཤིང་ངམ་འབྲས་བུ་ཅན་གྱི ་ཤིང་དུས་སུ་མེ་ཏོག་སྤེན་པ་དང་འབྲས་བུ་སྨིན་པ་ཉིད་དོ། ། དེ་བཞིན་དུ་ཁྱོད་ཀྱིས་ཀྱང་དེའི་དུས་སུ་ལྷག་པར་གནས་པར་བྱེད་པ་ལ་མྱུར་དུ་མཆོག་རྫོགས་པར་བྱེད་པ་ལ་སོགས་པའི་སྟོང་པ་དང་བཀྲ་ཤིས་པས་བསྟོད་དོ།། ་དེ་བཞིན་དུ་བསྟོད་པ་བྱས་ནས་ལྷ་རྣམས་རང་རང་གི་གནས་སུ་སོང་ངོ་།། བྱང་ཆུབ་སེམས་དཔས་ཀྱང་ལྷ་ལ་སོགས་པའི་བསྟོད་པ་ཟོས་པར་བྱས་ནས།། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པར་བྱས་ཏེ་བསྐལ་པ ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་པའི་མཐར་སངས་རྒྱས་ཐོབ་པར་འགྱུར་བས་བརྩོན་འགྲུས་བརྟན་པོ་ལྷག་པར་གནས་ནས་ནམ་མཁའ་ལ་འཕགས་ཏེ་གངས་ཅན་གྱི་གནས་ཉིད་ལ་གཤེགས་སོ། ། དེའི་ཕྱིར ་གསུངས་པ། ། ལྷ་དང་མི་ཡི་མེ་ཏོག་རྣམས།། ལྷ་དང་མི་རྣམས་གཉིས་ཀ་ཡིས།། སྟན་ལས་ལངས་པར་གྱུར་ནས་ནི།། མེ་ཏོག་མཚུངས་པར་བསྡུས་ནས་སོ།། ལྷ་དང་མི་རྣམས་གཉིས་ཀ་ཡང་།། ཐམས་ཅད་ཞ་བར་གྱུར། ་ཞེས་བསྟོད།། ཁྱོད་ཀྱིས་ཆེན་པོ་དོན་དུ་གཉེར།། ཇི་ལྟར་འདོད་པ་དེ་ཐོབ་པོ།། དུས་མིན་འཆི་བ་རིང་དུ་སོང་།། ནད་རྣམས་ཐམས་ཅད་ཉམས་པར་གྱུར།། ཁྱོད་ལ་བར་ཆད་མི་འབྱུང་ངོ་།། མཆོག་གི་བྱང་ཆུབ་མྱུར་དུ་ཐོབ།། ཇི ་ལྟར་དུས་སུ་སླེབ་པ་ན། ། ལྗོན་ཤིང་མེ་ཏོག་བྱེ་བར་གྱུར།། དེ་བཞིན་ཁྱོད་ཀྱིས་དཔའ་ཆེན་པོས།། སངས་རྒྱས་ཡེ་ཤེས་མེ་ཏོག་གྱུར།། གང་ཞིག་ཇི་ལྟར་རྫོགས་སངས་རྒྱས།། ཕ་རོལ་ཕྱིན་བཅུ་རྫོགས་པར་བྱས།། ་བཞིན་ཁྱོད་ཀྱིས་དཔའ་ཆེན་པོས།། ཕ་རོལ་བྱིན་བཅུ་རྫོགས་པར་གྱིས།། ཇི་ལྟར་གང་ཞིག་རྫོགས་སངས་རྒྱས།། བྱང་ཆུབ་སྙིང་པོ་རྫོགས་པར་གྱུར།། དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས།། རྒྱལ་བའི་བྱང་ཆུབ་རྫོགས ་པར་བྱས། ། གང་ཞག་ཇི་ལྟར་རྫོགས་སངས་རྒྱས།། རྫས་ཀྱི་འཁར་ལ་བསྐོར་བར་འགྱུར།། དེ་བཞིན་ཁྱོད་ཀྱི་དཔའ་ཆན་པས།། རྫས་ཀྱིལ་འཇམ་བསྐོར་བར་གྱིས།། ཇི་ལྟར་ཟླ་བ་ཉབ་བཞིན།། ཡངས ་སུ་དག་པས་འོད་འགྱེད་པ། ། དེ་བཞིན་ཁྱོད་ཀྱིས་བསམ་རྫོགས་པའི།། སྟོང་ཕྲག་བཅུ་ཡི་འོད་བྱུང་ཅིག། ཉི་མ་དགྲ་ཅན་ལས་གྲོལ་བ།། ཚ་ཞིང་འོད་ཟེར་རབ་ཏུ་འགྱེད།། དེ་བཞིན་འཇིག་རྟེན་གྲོལ་བྱས་ནས།། ཁྱོད་ཀྱི་དཔལ ་ལྡན་འོད་ཟེར་ཕྱུང་། ། གང་ཞིག་ཇི་ལྟར་ཆུ་ཀླུང་ནི།། རྒྱ་མཚོ་ཆེན་པོའི་རྗེས་སུ་འགྲོ།། དེ་ལྟར་ལྷ་མེའི་འཇིག་རྟེན་ཚོགས།། ཁྱོད་ཀྱི་རྗེས་སུ་འཇུག་པར་འགྱུར།། དེ་རྣམས་ཁྱོད་ལ་བསྟོད་ཅིང་བསྔགས།། ཆོས་བཅུ་པོ་ལ་གནས ་བྱས་ནས། ། དེའི་ཆོས་རྣམས་རྫོགས་བྱེད་ཅིང་།། དེ་ཚེ་ན་གས་ཚལ་ཆེན་པོར་ཕྱིན།། མཁས་པ་བློ་གྲོས་བཟང་པོའི་གཏམ་དུ་བྱ་བ་རྫོགས་སོ།། དགའ་བ་ཅན་གྱི་གྲོང་ཁྱེར་དུ་གནས་པ་རྣམས་གྲོང་ཁྱེར་དུ་ཞུགས་ནས་སངས་རྒྱས ་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་ཆེན་པོ་གཏད་ངོ་། ། སྟོན་པས་དེ་རྣམས་ལ་ཆོས་བསྟན་ཅིང་བསྟན་ནས་སྐྱེ་བོ་མང་པོ་སྐྱབས་སུ་འགྲོ་བ་ལ་གནས་པར་བྱས་ཏེ། དགའ་བ་ཅན་གྱི་གྲོང་ཁྱེར་ནས་འཐོན་ཏེ། ་ལྷག་པར་གནས་པ་ཇི་སྲིད་འཚོ་ཡི་བར་དེ་སྲིད་དུ་གནས་ནས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་བྱེད་ཅིང་གོ་རིམས་བཞིན་དུ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས ་འདས་སོ། ། དེ་ལ་ཅུང་ཟད་བརྗོད་པས་དེ་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུད་ལ་བརྗོད་པའི་རིགས་པ་དེ་བཞིན་རིག་པར་བྱའོ།། དེ་ལ་གསུངས་པ། དེ་ཚེ་ཁྱོད་རྣམས་མཆོད་སྟོན་བྱེད།། དགེ་འདུན་དང་བཅས་འཇིག་རྟེན་འདྲེན། ་དེ་ལ་སྐབས་སུ་འགྲོ་བ་ཡིན།། སྟོན་པ་མར་མེ་མཛད་པ་ལ།། དེ་བཞིན་གཤེགས་པས་དེས་གསུངས་པའི།། གང་ཞིག་སྐྱབས་སུ་འགྲོ་བར་གྱུར།། གང་ཞིག་ཚུལ་ཁྲིམས་ལྔ་དང་ལྡན།། གཞན་ཡང་ཚུལ་ཁྲིམས་བཅུ་པོ་ཡི།། ་གང་ཞིག་ལ་ནི་གཞན་བྱིན་པ།། མཆོག་གི་འབྲས་བུ་བཞི་པོ་དང་།། གང་ཞིག་ལ་ནི་མཚུངས་མེད་ཆོས།། སོ་སོ་ཡང་དག་རིག་པ་བྱིན།། ཕུན་ཚོགས་མཆོག་ནི་གང་ཞིག་ལ།། བརྒྱན་ནས་མི་ཡི་ཁྱུ་མཆོག་བྱིན།། གང་ཞིག་ལ་ནི་རིག་པ ་གསུམ། ། མངོན་པར་ཤེས་པ་དྲུག་ལ་ཞུགས།། དེའི་རིག་པ་སྐྱེ་བའི་ཚོགས།། ཐུབ་པ་ཆེན་པོའི་གདམས་པ་བྱིན།། དེ་ཡིས་རྒྱ་ཆེན་པོར་ནི་གྱུར།། འཇིག་རྟེན་མགོན་པོའི་བསྟན་ལའོ།། ལྷ་མཆོག་ཕྲག་པ་འགྲམ་ཆེན་པོ། ་མར་མེ་མཛད་ཀྱི་མཚན་དང་ལྡན།། སྐྱེ་བོ་མང་པོ་སྒྲོལ་བར་བྱེད།། ངན་འགྲོ་ཡོངས་སུ་གྲོལ་བར་བྱེད།། གྲོལ་བའི་ཕྱིར་དུ་སྐྱེ་བོ་མཐོང་།། སྟོང་ཕྲག་བརྒྱ་ཡི་དཔག་ཚད་དུ།། སྐད་ཅིག་ཙམ་གྱི་ཉེ་བར་སོང་།། ཐུབ་པ་ཆེན་པོ་དེ ་མཁྱེན་གྱིར། ། དང་པོར་འདུས་པའི་སངས་རྒྱས་ཀྱིས།། བྱེ་བ་བརྒྱ་པོ་རྟོགས་པར་བྱས།། མགོན་པོ་འདུས་པ་གཉིས་པ་ནི།། འབུམ་ཕྲག་གཅིག་གིས་རྟོགས་པར་བྱས།། གང་རོ་ལྷ་ཡི་གནས་སུ་ནི།། སངས་རྒྱས་ཀྱིས་ནི་ཆོས ་བསྟན་ནོ། ། བྱེ་བ་སྟོང་ཕྲག་དགུ་བཅུ་ཡི།། འདུས་པ་གསུམ་པ་ལ་ནི་གྱུར།། དེ་རྣམས་འདུས་པ་གསུམ་དུ་གྱུར།། སྟོན་པ་མར་མེ་མཛད་ཀྱིའོ།། བྱེ་བ་སྟོང་ཕྲག་བརྒྱ་ཡིས་ནི།། དང་པོ་ཡིནི་འདུས་པ་ཡིན།། སླར་ཡང ་ནཱ་ར་ར་དྷ་ཡི་པུར། ། རྒྱལ་བ་གཅིག་པུར་བཞུགས་པ་ནི།། ཟག་པའི་དྲི་མ་ཟད་པའི།། བྱེ་བ་བརྒྱ་ནི་ཞིབ་པ་དང་།། དཔའ་བོ་ཆེན་པོ་ཇི་སྲིད་བཞུགས།། རི་ཡི་སྟེང་ན་བལྟ་ན་བསྡུག། སྟོང་ཕྲག་བྱེ་བ་དགུ་བཅུ་ཡིས།། དེ ་ཚེ་ཐུབ་པ་ཡི་ནི་འཁོར། ། བདག་གིས་དེ་ཡི་དུས་སུ་ནི།། སྡོམ་བརྩོན་དཀའ་ཐུབ་པའི་མཆོག། བདག་ནི་བར་སྣང་ལ་ནི་འགྲོ།། མངོན་ཤེས་ལྔ་ཡི་ཕ་རོལ་སོན།། སྟོང་ཕྲག་བཅུ་དང་ཉི་ཤུ་ནི།། ཆོས་ལ་འདུས་པར་གྱུར་པའོ།། ་གཅིག་དང་གཉིས་ཀྱི་འདུས་པ་ནི།། བགྲང་དུ་མེད་ཅིང་གྲངས་མེད་དོ།། རྒྱ་ཆེད་དཔོན་ཅང་ཤེས་པ། དེ་ཚེ་རྫུ་འཕྲུལ་ལྡན་ཞིང་རྫོགས།། བཅོམ་ལྡན་འདས་ནི་མར་མེ་མཛད།། བསྟན་པ་ཤིན་དུ་དག་ཅིང་མཛེས།། འབུམ་ཕྲག ་བཞི་པོ་རྣམས་ལ་ནི། ། མངོན་ཤེས་དྲུག་དང་རྫུ་འཕྲུལ་ལྡན།། མར་མེ་མཛད་ནི་འཇིག་རྟེན་མཁྱེན།། རྟག་ཏུ་འཁོར་རྣམས་ཡོངས་དག་ལྡན།། གང་ཞིག་དེ་ཡི་དུས་སུ་ནི།། མི་རྣམས་དངོས་པོ་གཏོང་བ་དང་།། སེམས་ཀྱི ་ལྷག་མ་མ་ཐོབ་པ། ། དེ་རྣམས་སྐུར་པ་འདེབས་པར་གྱུར།། མེ་ཏོག་བཟང་པོའི་ཚིག་རྙེད་པ།། དགྲ་བཅོམ་རྣམས་ནི་དེ་དང་མཚུངས།། དྲི་མ་མེད་ཅིང་ཟག་པ་ཟད།། ལྷ་དང་མི་རྣམས་ཉེ་བར་མཛེས།། གྲོང་ཁྱེར་དགའ་བ་ཅན ་ཞེས་པ། བློ་གྲོས་བཟང་པོ་རྒྱལ་པོའི་རིགས།། ཡུམ་ནི་བློ་གྲོས་བཟང་མོ་ཡིན།། སྟོན་པ་མར་མེམཛད་ཡིན་ནོ།། ཀྲ་ཤིས་བཟང་པོའི་རྐྱེལ་ནི། ན་ཅེས་རྣམས་ཀྱི་མཆོག་ཡིན་ནོ།། གས་འོངས་ཞེས་པ་ཉེ་གནས་ཡིན།། སྟོན་པ་མར་མེ་མཛད་པའོ།། ་དགའ་བ་ཉིད་དང་ཤིན་དུ་དགའ།། ཉན་ཐོས་མའི་མཆོག་ཡིན་ནོ།། བཅོམ་ལྡན་དེ་ཡི་བྱང་ཆུབ་ཤིང་།། བེ་མ་པ་ལ་ཞེས་བྱ་བ་ཡིན།། མཐོ་ཚད་ཁྲུ་ནི་བརྒྱད་བཅུ་པ།། ཐུབ་པ་ཆེན་པོ་མར་མེ་མཛད། ཤིང་བཞིན་རབ་ཏུ་འབར་བ་ཡི།། མེ་ཏོག ་ས་ལའི་ཤིང་རྒྱས་བཞིན། ། ལ་ནི་སྟོང་ཕྲག་བརྒྱ་རུ་ནི།། དྲང་སྲོང་ཆེན་པོ་དེའི་ཚེ།། དེ་སྲིད་དུ་ནི་གནས་པ་སྟེ།། སྐྱེ་བོ་མང་པོ་སྒྲོལ་བར་བྱེད།། ཆོས་ཀྱི་སྣང་བར་བྱས་ནས་ནི།། སྐྱེ་བོ་མང་པོ་ཡང་དག་སྒྲོལ།། མེ་ཡི་ཕུང་པོ་བཞིན ་དྲ་གསལ། ། དེ་ནས་ཉན་ཐོས་དང་བཅས་འདས།། དེ་ཡང་རྫུ་འཕྲུལ་དེ་གྲགས་པ།། རིན་ཆེན་འཁོར་ལོ་དེ་ཞབས་ལ།། ཐམས་ཅད་ཀུན་ནས་བྲལ་བ་དང་།། འདུས་བྱས་ཆོས་རྣམས་གཏོང་བའོ།། མར་མེ་མཛད་ཀྱི་འོག་ཏུ་ནི། ་འདྲེན་པ་ཀཽ་ཌི་ནྱ་ཞེས་པ།། གཟི་བརྗིད་དཔག་མེད་མཐའ་ཡས་གྲགས།། རིང་ལ་སེམས་པ་གཞལ་དུ་མེད།། སླར་ཡང་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་འོག་གི་ཆར་སྐལ་པ་གྲངས་མེད་པ་གཅིག་འདས་ནས།། སྟོན་པའི ་འདྲེན་པ་ཀཽ་ཌི་ནྱ་ཞེས་བྱ་བ་བྱོན་ནོ། ། དེའི་ཡང་ཉན་ཐོས་འདུས་པ་གསུམ་དུ་གྱུར་ཏོ།། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱད་དོ།། འདུས་པ་གཉིས་པ་ལ་བྱེ་བ་སྟོང་ཕྲག་གཅིག་གོ། འདུས་པ་གསུམ་པ་ལ་ནི་བྱེ་བ་ཕྲག ་དག་བཅུའོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བ་ཞེས་བྱ་བ་འཁོར་ལོས་ཆུར་བའི་རྒྱལ་པོར་གྱུར་ཏོ།། བྱེ་བ་སྟོང་ཕྲག་བརྒྱའི་གྲངས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་ལ་སྦྱིན ་པ་ཆེན་པོ་གཏོང་ངོ་། ། སྟོན་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པར་བྱས་ནས་ཆོས་བསྟན་ནོ།། དེས་སྟོན་པའི་ཆོས་ཐོས་ནས་རྒྱལ་སྲེད་སྤངས་ནས་རབ་ཏུ་བྱུང་ངོ་།། དེས་སྡེ་སྣོ ་གསུམ་པོ་བསླབས་ནས་སྙོམས་པར་འཇུག་པ་བརྒྱད་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། ། བསམ་གཏན་མ་བོར་བར་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ།། སླར་ཡང་སངས་རྒྱས་ཀཽ་ཌི་ནྱ་དེའི་གྲོང་ཁྱེར་དགའ་བ་ཅན་ཡིན་ན། ་ཤིན་དུ་དགའ་བའི་རྒྱལ་པོ་ན་ཡབ་པོ།། རིགས་བཟང་ལྷ་མོ་ན་ཡུམ་མོ།། བཟང་པོ་དང་ལེགས་བཟང་གཉིས་ནི་ཉན་ཐོས་རྣམས་ཀྱི་མཆོག་གོ།། མི་འགལ་བ་ཞེས་བྱ་བ་ནི་ཉེ་གནས་སོ།། རྒྱལ་མ་དང་ཉེ་རྒྱལ་མ ་ནཉན་ཐོས་པའི་མཆོག་གོ། ། བྱང་ཆུབ་ཀྱི་དགེ་བའི་ཤང་ནི་ཤ་ལ་བྱའོ།། སྐྲའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱའོ།། དེའི་འོག་གི་ཆར་བསྐལ་པ་གྲངས་མེད་པ་གཅིག་འདས ་ནས་བསྐལ་པ་གཅིག་གནང་དེ་ཉིད་དུ་སངས་རྒྱས་བཞི་བྱོན་པར་གྱུར་ཏོ། ། བཀྲ་ཤིས་བཟང་པོ་དང་། ཐུགས་བཟང་པོ་དང་།། ནམ་གྲུ་ཅན་དང་མཛེས་པ་ཅན་ནོ།། བཅོམ་ལྡན་འདས་བཀྲ་ཤེས་བཟང་པོའི་ཉན་ཐོས་ཀྱི ་འདུས་པ་གསམ་དུ་འགྱུར་ཏེ། ། དེའི་འདུས་པ་དང་པོན་བྱ་བ་སྟོང་བྲག་བཅུའི་དགེ་སློང་ངོ་།། གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་གཅིག་གོ། གསུམ་པ་ལ་བྱེ་བ་ཕྲག་དགུ་བཅུའོ།། མའི་སྤུན་གྱི་གཞོན་ནུ་ཀུན་དགའ་བོ་ཞེས་བྱ་བ ་བྱེ་བ་ཕྲག་དགུ་བཅུའི་འཁོར་དང་བཅས་པ་ནི་ཆོས་ཉན་པའི་ཕྱིར་དུའོ། ། སྟོན་པའི་ཉེ་བར་གནས་པ་རྣམས་སོང་ངོ་།། སྟོན་པ་དེའི་སྔོན་གྱི་གཏམ་རྣམས་གོ་རམས་བཞིན་དུ་བརྗོད་པར་བྱའོ།། དེའི་འཁོར་དང་བཅས་བས ་སོ་ཡང་དག་པར་རིག་པ་དང་དགྲ་བཙམ་པ་ཐོབ་བོ། ། སྟོན་པ་དེས་རིགས་ཀྱི་བུ་རྣམས་ལ་སྔར་གྱི་སྤྱོད་པ་རྣམས་ལ་བལྟ་ཞིང་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་རྣམས་གཟིགས་ཏེ་ཕྱགག ་བབརྐྱང་ནས་དགེ་སློང་རྣམས་ཆུར་ཤེག་ཅིག་ཅེས་གསུངས་པ་དང་། ། ཐམས་ཅད་དམ་ཐག་ཉིད་དུ་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཚེས་གོས་བཟུང་ནས་གནས་བརྟན་ལོ་དྲུག་བཅུ་ལོན་པ་བཞིན་དུ་གྱུར་ཏེ། ཆོག་ཕུན ་སུམ་ཚོགས་པར་གྱུར་ནས་སྟོན་པ་ལ་ཕྱག་བྱས་ཏེ་འཁོར་དུ་གྱུར་ཏོ། ། ཇི་ལྟར་གཞན་ཡང་སངས་རྒྱས་གཞན་རྣམས་ལ་ཀུན་ནས་ཁྲུ་བརྒྱད་བཅུའི་སྐུ་ཚད་ཉིད་ཀྱི་འོད་དུ་གྱུར་ཏོ།། བཅོམ་ལྡན་འདས་དེ་ཉིད་ཀྱི་སྐུའི་འོད་དེ། ་བུ་ཉིད་མ་ཡིན་གྱི།། དུས་རྟག་ཏུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོ་ཞིང་གནས་ཏེ།། ཤིང་དང་ས་དང་རི་དང་རྒྱ་མཚོ་ལ་སོགས་པའི་ཕྱོགས་ལྷག་མ་རྣམས་དང་ཚང་བ་ལ་སོགས་པ་གསེར་གྱིས་སྤྲས་པ ་བཞིན་ནོ། ། སྐུ་ཚེའི་ཚད་ནི་སྟོང་ཕྲག་དགུ་བཅུའོ།། དེ་རྣམས་ཀྱི་ལུས་ལ་ཟླ་བ་དང་ཉི་མ་ལ་སགས་པ་ལ་རང་གི་འོད་ཀྱི་སྣང་བའི་ནུས་པ་མེད་དོ།། མཚན་མོ་དང་ཉིན་མོའི་བྱེ་བྲག་མི་ཤེས་སོ།། སེམས་ཅན་རྣམས་ཀྱི་ཉིན ་མོ་ཉི་མ་ཤ་རབ་བཞིན་དུ་སངས་རྒྱས་ཀྱི་འོད་ཀྱིས་རྟག་ཏུ་འགྲོ་བར་བྱེད་དོ། ། མཚན་མོ་མེ་ཏོག་ཟུམ་པ་དང་སྔ་དྲོའི་དུས་སུ་བྱ་རྣམས་སྐད་འབྱིན་པ་ལ་སོགས་པ་ལ་བརྟེན་ནས་འཇིག་རྟེན་པས་ཉིན་མཚན་ཤེས ་པར་བྱེད་དོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་རྣམས་ལ་ཅིའི་ཕྱིར་འདི་ལྟ་བུ་མེད་པ་ཡིན་ནམ།། མེད་པ་ནི་མ་ཡིན་ཏེ།། དེ་རྣམས་ཀྱིས་ཀྱང་དགོངས་པར་གྱུར་ན་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས ་སུ་གྱུར་པ་འམ་དེ་བས་ལྷག་པར་ཡང་འོད་འཕྲོ་བར་བྱེད་དོ། ། སླར་ཡང་བཅོམ་ལྡན་འདས་བཀྲ་ཤིས་བཟང་པོ་སྔར་གྱི་དོན་དུ་གཉེར་བའི་དབང་གིས་ཏེ།། གཞན་གྱིས་འོད་འདོམ་གང་བ་བཞིན་ནོ།། སྐུའི་འོད་ཀྱིས་རྒྱུན ་མི་འཆད་པ་ཉིད་དུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས་གནས་སོ། ། དེའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་དུས་ན་ཐམས་ཅད་སྒྲོལ་བཞིན་དུ་བདག་ཉིད་གནས་སོ།། དེའི་བུ་དང་བུ་མོར་བཅས་པ་རི་བོ ་བམ་ག་གཞིན་དུ་རི་ལ་བཞུགས་སོ། ། དེ་ནས་མཆི་མ་གཅིག་པ་གདུག་པ་ཅན་གྱི་གནོད་སྦྱིན་ཞིག་གིས་སྐྱེས་བུ་ཆེན་པོ་སྦྱིན་པ་གཏོང་ཞེས་ཐོས་ནས་བྲམ་ཟེའི་གཟུགས་ཀྱིས་ཉེ་བར་སོང་སྟེ་སེམས་དཔའ་ཆེན་པོའི་དྲུང་དུ་བུ ་དང་བུ་མོ་སློང་ངོ་། ། སེམས་དཔའ་ཆེན་པོས་བྲམ་ཟེ་ལ་བུ་དང་བུ་མོ་སྦྱིན་ནོ་ཞེས་བསམས་ནས་དགའ་བ་དོང་ཚིམ་པས་ཆུའི་མཐར་ཐུག་པའི་ས་རྣམས་གཡོས་སོ།། དེ་ནས་གནོད་སྦྱིན་འཆག་པའི་གནས་ཀྱི་མཐར་གཙོག་པུར ་རྨབ་རྟེན་ས་འདུག་སྟེ་སེམས་དཔའ་ཆེན་པོ་ལ་ལྟ་ཞིང་འདུག་གོ། ། དེ་ལ་དེས་བུ་དང་བུ་མོ་བྱིན་པ་དང་། དེས་ལ་ཕྲུག་ཟ་བ་བཞིན་དུ་བུ་དང་བུ་མོ་ཟོས་ནས་གནོད་སྦྱིན་གྱིས་སྐྱེས་བུ་ཆེན་པོ་དེ་ལ་བལྟ་སྟེ། ཁ་གདངས་ནས་མེ ་འབར་རབ་བཞིན་དུ་ཁྲག་གི་རྒྱུན་འབབ་བོ། ། དེའི་ཁ་མཐོང་ནས་ཀྱང་སྐྲའི་རྩེ་མོ་ཙམ་གྱི་ཡིད་མི་བདེ་བ་ཡང་མ་སྐྱེས་པར་ངས་བྱིན་པ་ཤིན་དུ་ལེགས་པ་གཅིག་གོ་ཞེས་སེམས་སོ།། སླར་ཡང་ལུས་ལ་མཆོག་ཏུ་དགའ་བ་ཆེན ་པོ་སྐྱེས་སོ། ། དེ་དག་འདི་ལ་བྱིན་པའི་བསོད་ནམས་ཀྱི་ཕན་ཡོན་གྱིས་མ་འོངས་པ་ན་འདི་ལྟ་བུའི་རིམ་པའི་འོད་ཟེར་འཕྲོ་བར་དོན་དུ་གཉེར་རོ།། དེ་ལ་དོན་དུ་གཉེར་བའི་རྒྱུ་མཚན་གྱིས་སངས་རྒྱས་སུ་གྱུར་ནས་སྐུའི་འོད་དེ་ཕྱི ་རོལ་དུ་འཕྲོ་ཞིང་དེ་རྣམས་ལ་ཁྱབ་པར་གནས་སོ། ། གཞན་ཡང་འདིའི་སྔར་གྱི་མཛད་པ་ཡོད་པས་དེ་བྱང་ཆུབ་སེམས་དཔའི་དུས་སུ་སངས་རྒྱས་གཅིག་གིས་སྐུ་གདུང་གི་མཆོད་རྟེན་མཐོང་ནས་སངས་རྒྱས་འདིའི་སྐུ ་ག་དུད་ལ་བདག་གིས་འཚོ་བ་ཡོངས་སུ་བཏང་ན་རིགས་སོ་སྙམ་ནས་ཤིང་རས་ཀྱིས་དཀྲིས་པ་བཞིན་དུ་ལུས་ཐམས་ཅད་གོས་གཞན་གྱིས་དཀྲིས་ཤིང་རིན་པོ་ཆེའི་ཅོད་པན་གྱོན་ནས་འབུམ་ཕྲག་ཅག་རི་བའི་གསེར་གྱི་སྣོད་དུ ་མར་གྱིས་བསྐང་སྟེ་དེར་རས་འདིམ་སྟོང་ཕྲག་བརྒྱ་བཙུགས་ནས་མར་མེ་སྦར་ཏེ་མགོའི་སྟེང་དུ་བཞག་ཅིང་ལུས་ཐམས་ཅད་ཀྱང་འབར་བར་བྱས་ནས་སྐུ་གདུང་གི་མཆོད་རྟེན་ལ་བསྐོར་བ་བྱེད་དོ། ། དེ་ལྟར་མཚན ་ཐོག་ཐག་སྔ་དྲོའི་སྐྱ་རིངས་ཤར་གྱི་བར་དུ་འབད་པར་བྱེད་པ་ཉིད་ཀྱི་བ་སྤུའི་ཁུང་བུ་ཙམ་ཡང་དྲོ་བར་མ་གྱུར་ཏེ་པད་མའི་ཚལ་དུ་བཞུགས་པ་བཞིན་ནོ། ། ཆོས་ཞེས་བྱ་བ་འདི་རང་ཉིད་བསྲུང་ན་ཆོས་བསྲུངས་པར་འགྱུར་རོ།། ་དེའི་ཕྱིར་གསུངས་པ།། ཆོས་བཞིན་བསྲུང་ན་ཆོས་སྤྱོད་དེ།། ཆོས་ཀྱི་བགྲལ་ན་ཆོས་བཞིན་ཐོབ།། ལེགས་པར་བསྒྲལ་ན་ཆོས་ཕན་ཡོན།། ཆོས་སྤྱོད་ངན་འགྲོར་མི་འགྲོའོ།། འདིའི་ལས་ཀྱི་འབྲས་བུ་བཅོམ་ལྡན་འདས་དེའི ་སྐུའི་འོད་ཀྱིས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་ཅིང་གནས་སོ། ། དེའི་ཚེ་བདག་ཅག་གི་བྱང་ཆུབ་སེམས་དཔའ་ཤིན་དུ་སྲེད་པ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ།། དེས་སྟོན་པ་འགྲོན་དུ་གཉེར་བའི་ཕྱིར་དྲུང་དུ་སོར ་སྟེ་ཆོས་སྙན་པོའི་བཤད་པ་ཐོས་ནས་བཙུན་པ་སང་བདག་གི་གདུགས་ཚོད་ལ་བྱོན་པར་ཞུ་ཞེས་ཞུས་སོ། ། བྲམ་ཟེས་དགེ་སློང་དུ་ཙམ་དགོས་ཞེས་གསུངས་པ་དང་།། བཙུན་པ་འཁོར་དང་བཅས་པའི་དགེ་འདུན་དུ་ཙམ་བདོག། ་ཅེས་ཞུས་སོ།། དེའི་ཚེ་སྟོན་པའི་འདུས་པ་དང་པོ་ཉིད་ཙམ་ཡོད་དོ།། དེའི་ཕྱིར་བྱེ་བ་སྟོང་ཕྲག་བརྒྱ་ཡོད་ཅེས་གསུངས་སོ།། བཙུན་པ་འཁོར་ཐམས་ཅད་དང་བཅས་པ་བདག་གི་ཁང་པར་གདུག་ཚོད་ལ་བྱོན་པར་ཞུ་ཞེས ་ཀླས་པ་དང་། ། བཅོམ་ལྡན་འདས་ཀྱིས་གནང་སྟེ་བྲམ་ཟེས་སར་དོན་དུ་གཉེར་ཅིག། བང་པར་འགྲོ་ཞིང་བསམས་པ།། བདག་གིས་དགེ་སློང་འདི་རྣམས་ལ་ཐུག་པ་དང་ཟན་དང་གོས་ལ་སོགས་པ་འབུལ་བར་ནུས་སོ།། བཞུགས་པའི ་གནས་ཇི་ལྟ་བུ་ཞེས་བསམས་སོ། ། དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི་སྟེང་ན་གནས་པའི་ལྷའི་རྒྱལ་པོའི་ལ་བ་དམར་པོའི་རྡོ་ལེ་བ་ལ་བཞུགས་པ་ན་དྲོ་བར་གྱུར་ཏེ།། བརྒྱ་བྱིན་གང་ཞིག་བདག་གི་གནས་འདི་འདོར་བའི་སེམས ་རུ་ཞིག་ལ་ཡོད་སྙམ་པ་དང་། ། ལྷའི་དབང་པོས་ལྷའི་མིག་གིས་བལྟས་པས་སྐྱེས་བུ་ཆེན་པོ་དེ་མཐོང་ནས།། འདི་ལྟར་ཤིན་དུ་སྲེད་པའི་བྲམ་ཟེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་འགྲོན་དུ་གཉེར་ཏེ་བཞུགས ་པའི་གནས་ཀྱང་བསམ་གྱི། ། བདག་ཀྱང་དེར་ཕྱིན་ནས་བསོད་ནམས་ཀྱི་ཆ་ལེན་པར་རིགས་སོ།། སྙམ་ནས་ཤིང་མཁན་གྱི་གཟུགས་སུ་སྤྲུལ་ཏེ། སྟེའུ་དང་དགྲ་སྟ་བླངས་ཏེ་སྐྱེས་བུ་ཆེན་པོའི་མདུན་དུ་གནས་པར ་གྱུར་ནས། ། གང་སུ་ཞིག་ཁོ་བོ་ལ་གླ་བྱིན་ཏེ་ལས་ཀ་བྱེད་པ་ཡོད་ཅེས་སྨྲས་སོ།། སྐྱེས་བུ་ཆེན་པོས་གཟིགས་ཏེ། གང་ཞིག་ལས་ཀ་སུ་བྱད་ནུས་ཞེས་གསུང་བ་དང་། བདག་གིས་མི་ཤེས་པའི་གཟོ་མེད་དོ།། ཁང ་པ་འམ་བསྟི་གནས་སམ་གང་ཞིག་ཅུང་ཟད་བྱེད་པའི་བཟོ་དེ་བདག་གིས་བྱེད་ཀྱང་ཡོད་ནུས་སོ་ཞེས་ཟེར་རོ། ། བྱང་ཆུབ་སེམས་དཔས་སྨྲས་པ།། དེའི་ཕྱིར་ངལ་ཡས་སུ་བྱ་བ་ཡོད་དོ།། ཁོ་བོས་སངས་འཕགས་པ ་ལས་བྱེ་བ་ཕྲག་བརྒྱ་པའི་དགེ་སློང་གི་དགེ་འདུན་འགྲོན་དུ་གཉེར་ཏོ། ། དེ་རྣམས་བཞུགས་པའི་གནས་བྱེད་པར་ནུས་སམ། སྨྲས་པ་བདག་གིས་བགྱིའོ།། བདག་ལ་གླ་སྟེར་བར་ནུས་སམ།། བུ་བདག་གིས་ནུས ་སོ། ། ལེགས་སོ་ཞེས་བྱ་བ་ལེགས་པར་བྱས་སོ།། ཕྱིན་ནས་ས་ཕྱོགས་གཅིག་བལྟས་ནས་དཔག་ཚད་བཅུ་གཉིས་སམ་བཅུ་གསུམ་པའི་ཚད་ཀྱིས་ཕྱོགས་ཅིག་ཏུ་ཟད་པར་སྔོན་པོའི་དཀྱིལ་འཁོར་བཞིན་དུ་སྙེད ་མཉམ་པར་བྱས་སོ། ། དེས་འདི་རྣམས་ཀྱི་གནས་ཙམ་དུ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་བསྟི་གནས་ས་འོག་ནས་ཕྱུར་ནས་བྱའོ་ཞེས་བསམས་ཞིང་བལྟའོ།། དེ་མ་ཐག་པར་ས་གཞི་བརྟོལ་ནས་བསྟི་གནས ་གྲུབ་བོ། ། དེ་ནི་གསེར་ལས་བྱུང་བའི་ཀ་བ་རྣམས་ལ་དངུལ་ལས་བྱུང་བའི་ཀ་ཞུའི་སྟེང་དུ་གསེར་ལས་བྱུང་བའི་སྡུད་དོ།། ནོར་བུའི་ཀ་བ་ལ་བྱི་རུའི་རང་བཞིན་ནོ།། བྱི་རུའི་ཀ་བ་ལ་ནོར་བུའི་རང་བཞིན་ནོ།། རིན་པོ་ཆེ་སྣ་བདུན ་ལས་བྱུང་བའི་ཀ་བ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་ཀ་ཞུ་ཉིད་དོ། ། དེ་ནས་པསྟི་གནས་ཀྱི་ཐར་བར་དུ་གཡེར་ཁའི་དྲ་བ་འཕྱང་བ་ལ་བལྟ་ཞིང་དེ་བལྟས་ཙམ་ཉིད་ན་དྲ་བ་འཔྱང་པ།། གང་ལ་རླུང་གིས ་བསྐྱོད་པ་དེ་ལ་ཡན་ལག་ལྔ་པའི་རོལ་མོ་སྒྲ་སྙན་སྒྲོགས་ཏེ། ལྷའི་གླུ་དབྱངས་སྒྲོགས་པ་བཞིན་ནོ།། བར་བར་དུ་སྤོས་ཀྱི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་འཕྱང་བ་ལ་སེམས་ཤིང་ཕྲེང་བ་འཕྱང་བ་ལའོ།། བྱེ་བ ་སྟོང་ཟག་བརྒྱའི་དགེ་སློང་གི་དགེ་འདུན་གྱི་གྲངས་ཀྱིས་སྟེང་དང་རྒྱབ་རྟེན་རྣམས་ས་གཞི་ལ་བརྟེན་ནས་བྱུང་བར་བསམས་སོ། ། དེ་མ་ཐག་ཏུ་སའི་སྟེང་དུ་གྲུབ་བོ།། མཚམས་དང་མཚམས་རྣམས་སུ་རེ་རང ་ཆུའི་སྣོད་ཆེན་པོ་གྲུབ་པ་བསམས་སོ། ། ཆུའི་སྣོད་ཆེན་པོ་དེ་རྣམས་གྲུབ་བོ།། དེ་དག་ཐམས་ཅད་སྤྲུལ་ནས་བྲམ་ཟེའི་དྲུང་དུ་སོང་ནས་འཕགས་པ་འདིར་བྱིན་པ་ལ་བསྟི་གནས་གཟིགས་མཛོད།། བདག་ལམྲ ་སྦྱིན་པར་རིགས་སོ་ཞེས་ཞུམ་ནས་སྐྱེས་བུ་ཆེན་པོ་གཤེགས་ཏེ་བསྟི་གནས་གཟིགས་ནས་དེ་མ་ཐག་ཏུ་བརྒྱ་བྱིན་མི་སྣང་བར་གྱུར་ཏོ། ། གཟིགས་པ་ཙམ་ན་ལུས་ཐམས་ཅད་ཁ་དོག་ལྔ་དང་ལྡན་པ་ལ་དགའ་བ ་རྒྱུན་མི་འཆད་པར་འཕྲོ་བར་གྱུར་ཏོ། ། དེ་ནས་བསྟི། གནས་གཟིགས་ནས་འདི་ལྟར་ཡིད་ལ་བསམས་སོ།། བསྟི་གནས་འདི་མིར་གྱུར་པས་བསྒྲུབས་པ་མ་ཡིན་ནོ།། སླར་ཡང་བདག་གི་ལྷག་པའི་བསམ་པ་དང་། ་བངག་གི་ཡོན་ཏན་རྟོགས་པས་ངེས་པར་བརྒྱ་བྱིན་གྱི་སན་དྲོ་བར་གྱུར་ནས་བརྒྱ་བྱིན་ལྷའི་རྒྱལ་པོས་བསྟི་གནས་འདི་བྱས་པར་གྱུར་ཏོ།། དེ་ནས་སཱིར་ཡང་འདི་ལྟ་བུའི་ཚུལ་གྱི་བསྟི་གནས་སུ་ཉི་མ་གཅིག་ཉིད་ལ ་སྦྱིན་པ་གཏོང་བ་ནི་བདག་གི་རིགས་པ་མ་ཡིན་ནོ། ། ཉི་མ་བདུན་དུ་བདག་གིས་སྟེར་བར་བསམས་སོ།། བྱིརལ་གྱི་སྦྱིན་པས་ཇི་ཙམ་བྱས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་དཀྲིས་པར་མི་ནུས་སོ།། ཅན་གྱིས་བཅ ་བའི་མགོ་བོ་བཅད་པ་དང་དྲི་མ་མེད་པའི་མིག་བཏོན་པ་དང་སྙིང་གི་ཤ་བྲེགས་པ་འམ་བཅད་ནས་བྱིན་པའི་དུས་སུ་བྱང་ཆུབ་སེམས་དཔའ་བཏང་བའི་དགྱེས་པར་འགྱུར་རོ། ། བདག་ཅག་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ཡང་སྦྱིན་པའི་སྐྱེས་རབ་ལས་ཉི་མ་རེ་རེང་དོད་ཙེ་ཁལ་ལྔ་ལྔ་ར་བའི་རིན་གྱིས་མྱོང་ནས་སྒོ་བཞི་དང་གྲོང་ཁྱེར་གྱི་དབུས་སུ་སྦྱིན་པ་གཏོང་ངོ་། ། དེའི་སྦྱིན་པ་དེ་གཏོང་བས་ཡོངས་སུ་ཚིམ་པ་མེད་དོ།། སླ ་ཡང་གང་ཚེ་བརྒྱ་བྱིན་ལྷའི་རྒྱལ་པོ་བྲམ་ཟེའི་གཟུགས་ཀྱིས་འོངས་ནས་མིག་བསླངས་སོ། ། དེའི་ཚེ་དེའི་མིག་བཏོན་ནས་སྟེར་བ་ཉིད་ཀྱིས་དགྱེས་པར་འགྱུར་རོ།། སྐྲའི་རྩེ་མོ་ཙམ་ཡང་སེམས་ལ་སྡུག་བསྔལ་བར ་མི་འགྱུར་རོ། ། དེ་བཞིན་དུ་སྦྱིན་པའི་རྒྱུས་བྱང་ཆུབ་སེམས་དཔའ་ལ་ཚིམ་པ་མེད་དོ།། དེའི་ཕྱིར་སྐྱེས་བུ་ཆེན་པོ་དེ་ཡང་ཞག་བདུན་དུ་བདག་གིས་བྱེ་བ་སྟོང་ཕྲག་བརྒྱད་གྲངས་ཀྱི་དགེ་སློང་གི་དགེ་འདུན་རྣམས ་ལ་སྦྱིན་པ་གཏོད་པར་རིགས་སོ་ཞེས་བསམས་སོ། ། དེའི་བསྟི་གནས་སུ་བཞུགས་ནས་ཞག་བདུན་དུ་དགའ་བ་ཅན་ཞེས་བྱ་བའི་སྦྱིན་པ་བྱིན་ནོ།། དགའ་བ་ཅན་ཞེས་པ་ནི་ཆེས་ཆེ་བའི་སྣོད་ཤིན་དུ་ཆེ་བ་འོ་མས ་བ་སྐང་ནས་ཚང་བང་ཆེན་པོའི་སྟེང་དུ་བཞག་ནས་མེས་འོ་མ་ཤིན་དུ་བསྐ་བར་བསྐོལ་ཏེ་འབྲས་ཅུང་ཟད་བཏབ་ནས་བཙོས་ཏེ་སྦེང་དང་དཀར་བའི་ཕྱེ་མ་དང་མར་གསར་པ་རྣམས་བཙོས་པའི་བཟའ་བའི་འོ ་ཐུག་ནི་དགའ་བ་ཅན་ཞེས་བརྗོད་དོ། ། མི་རྣམས་ཀྱིས་འདྲེན་པར་མ་ནུས་ན་ལྷ་རྣམས་ཀྱིས་ཀྱང་བར་བར་དུ་འདྲེན་ནོ།། དཔག་ཚད་བཅུ་གཉིས་ས་བཅུ་གསུམ་པའི་ཚད་ཀྱི་གནས་སུ་དགེ་སློང་རྣམས ་མི་ཤོད་ན། སླར་ཡང་དགེ་སློང་དེ་རྣམས་རང་རང་གི་མཐུས་བཞུགས་སོ།། ཞག་བདུན་གྱི་མཐར་དགེ་སློང་ཐམས་ཅད་ཀྱི་ལྷུང་བཟེད་བཀྲུས་ནས་སྨན་གྱི་ཕྱིར་དུ་མར་གསར་པ་དང་ཞུན་མར་དང་སྦྲང་དང་བུ ་རམ་བསྐོལ་བའི་ཆུ་རྣམས་ཀྱི་ལྷུང་བཟེད་བསྐང་ནས་ཆོས་གོས་གསུམ་དང་བཅས་པ་ཕུལ་ལོ། ། དགེ་འདུན་གཞོན་ནུ་རྣམས་ཀྱི་དགེ་སློང་གིས་ཐོབ་པའི་ཆོས་གོས་ཀྱི་ཆུའི་རས་འབུམ་ཕྲག་གཅི ་རི་བར་གྱུར་ཏོ། ། སྨོན་པས་རྗེས་སུ་ཡིད་རང་བ་མཛད་དོ།། སྐྱེས་བུ་འདིས་འདི་ལྟ་བུའི་ཚུལ་གྱིས་སྦྱིན་པ་ཆེན་པོ་བྱིན་ནོ།། གང་གི་དོན་དུ་འགྱུར་ཞེས་རྟོག་པར་བྱེད་དོ།། མ་འོངས་པའི་བསྐྱལ་པ་འབུམ་ཕྲག ་གཅིག་ལྷག་པའི་གྲངས་མེད་པ་གཉིས་འདས་པ་ན་གོ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་ཞེས་གཟིགས་ཏེ། སྐྱེས་བུ་ཆེན་པོ་བས་ནས།། ཁྱོད་ཀྱི་དུས་འདི་རྣམས་འདས་ནས་གཽ་ཏ་མ་ཞེས་བྱ་བའི་སངས ་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། ། སྐྱེས་བུ་ཆེན་པོས་ལུང་བསྟན་པ་ཐོས་ནས་བདག་ནི་སངས་རྒྱས་སུ་འགྱུར་བས།། བདག་ཁྱིམ་ན་གནས་པ་ལ་དོན་མེད་ཀྱིས་རབ་ཏུ་འབྱུང་ངོ་སྙམ་དུ་བསམས་སོ།། ་དེ་ལྟ་བུའི་ཚུལ་དང་ལྡན་པས་མཆིལ་མ་མངོས་བཞིན་དུ་ཁྱིམ་སྤངས་ནས་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ཞིང་བྱུང་ནས་སངས་རྒྱས་ཀྱི་གསུང་སས་ཁས་ནས་མངོན་པར་ཤེས་པ་དང་། སྙོམས་པར་འཇུག་པ་བསྐྱེད ་དེ། ཚེའི་མཐར་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ།། གཞན་ཡང་བཅོམ་ལྡན་འདས་བཀྲ་ཤིས་བཟང་པོའི་གྲོང་དབྱེར་མཆོག་ཅེས་བྱ་བར་གྱུར་ཏོ།། ཡབ་ནི་མཆོག་གི་རྒྱལ་བའོ།། ཡུམ་ནི་མཆོག་མ་ཞེས་བྱ་བའོ།། ་ད་བཟང་དང་ཆོས་ཀྱི་སྐུ་གཉིས་ནི་ཉན་ཐོས་ཀྱི་མཆོག་གོ།། བསྣང་བ་ཞེས་བྱ་བ་ནི་ཉེ་གནས་སོ།། བྱེད་ལེན་པ་དང་། མྱ་ངན་མེད་གཉིས་ནི་ཉན་ཐོས་མའི་མཆོག་གོ། མ་ནི་མ ་ཁྲུ་བརྒྱད་བཅུ་རྩ་བརྒྱད་པའོ། ། སྟོང་ཕྲག་དགུ་བཅུའི་ལོ་ན་སྐུ་ཚེའི་ཚད་དོ།། སྟོང་ཕྲག་དགུ་བཅུ་བཞུགས་ནས་མྱ་ངན་ལས་འདས་སོ།། སངས་རྒྱས་མྱ་ངན་ལས་འདས་ནས་སླར་ཡང་དེ་མ་ཐག་པར་སྣང ་ཕྲག་བཅུའི་ཁོར་ཡུག་གི་ཕྱོགས་ཀུན་མུན་པར་གྱུར་ཏོ། ། ཁོར་ཡུག་ཐམས་ཅད་ཀྱི་མི་རྣམས་ཆོ་ངེས་ཆེན་པོ་འདེབས་སོ།། ཀཽ་ཌི་ནྱ་འོག་ཏུ་ནི། འཇིག་རྟེན་འདྲེན་པ་བཀྲ་ཤིས་བཟང་།། འཇིག་རྟེན་ནང་གི་མུན ་བསལ་ནས་ཆོས་ཀྱི་སྣང་བའི་འོད་བཀྱེའོ། ། དེ་བཞིན་དུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་མུན་ནག་ཏུ་བྱས་ནས་མྱ་ངན་ལས་འདས་སོ།། བཅོམ་ལྡན་འདས་དེའི་འོག་གི་ཆང་ཡིད་བཟངས་ཞེས་བྱའི་སྟོན ་པ་བྱོན་ནོ། ། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་སྟེ།། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། འདུས་པ་གཉིས་པ་ལ་གསེར་གྱི་རིལ་བྱེ་བ་སྟོང་ཕྲག་དགུ་བཅུའོ།། གསུམ་པ་ལ་བྱེ་བ་སྟོང་ཕྲག་བརྒྱད ་བཅུའོ། ། དེའི་ཚེ་སེམས་དཔའ་ཆེན་པོ་ཀླུའི་རྒྱལ་པོ་མཉམ་མེད་ཅེས་བྱ་བར་གྱུར་ཏོ།། རྫུ་འཕྲུལ་གྱི་མཐུ་དང་ལྡན་ཞིདི་དེས་སངས་རྒྱས་བྱོན་པ་ཐོས་ནས་གཉེན་གྱི་གྲོགས་རྣམས་འཁོར་དུ་བྱས་ཏེ། ཀླུའི་གནས་ནས ་འཐོན་ཏེ། བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་གི་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལ་ལྷའི་རོལ་མོས་ཉེ་བར་མཆོད་ནས་སྦྱིན་པ་ཆེན་པོ་ཕུལ་ལོ།། སོ་སོ་ལ་ལྷའི་གོ་གཉིས་གཉིས་ཕུལ་བས་སྐྱབས་སུ་འགྲོ ་བའི་ཚུལ་ཁྲིམས་ལ་གནས་སོ། ། དེ་ཡང་སྟོན་པ་དེས་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་དགེ་བ་ཅན་ཞེས་བྱ་བར་གྱུར་ཏེ།། ལེགས་བྱིན་ཞེས་བྱ་བའི ་རྒྱལ་པོ་ནི་ཡབ་བོ། ། དཔལ་ལྡན་མ་ཞེས་བྱ་བ་ནི་ཡུམ་མོ།། ངེས་འགྲོ་དང་གོམས་བྱེད་ནི་ཉན་ཐོས་ཀྱི་མཆོག་གོ།། འཆར་བྱེད་ནི་ཉེ་གནས་སོ།། ཉན་པ་དང་ཉེ་བར་ཉན་པ་གཉིས་ནི་ཉན་ཐོས་མའི་མཆོག་གོ།། བྱང ་ཆུབ་ཀྱི་ཤིང་ནི་ཀླུ་ཤིང་ངོ་། ། སྐུའི་མཐོ་ཚད་དུ་ཁྲུ་དྲུག་བཅུའོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། བཀྲ་ཤིས་བཟང་པོའི་འོག་ཏུ་ནི།། འདྲེན་པ་ཐུགས་བཟང་ཞེས་བྱ་བ།། ཆོས་རྣམས་ཀུན་ལ་མཚུངས་མེད ་ཤཱ། ། པ། སེམས་ཅན་ཀུན་གྱི་མཆོག་ཡིན་ནོ།། དེའི་ཡང་འོག་གི་ཆར་ནམ་གྲུ་ཅན་གྱི་སྟོན་པ་ཞེས་བྱ་བ་བྱོན་ནོ།། དེའི་འདུས་པ་གསུམ་དུ་འགྱུར་ཏེ།། འདུས་པ་དང་པོ་ལ་བགྲང་དུ་མེད་པ་ཞེས་བྱ་བའོ།། ་གཉིས་པ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། དེ་བཞིན་དུ་གསུམ་པ་ཡོད་དོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པའི་ལྷ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ།། སྟོན་པའི་ཆོས་བཤད་པ་ཐོས་ནས་སྐྱབས ་སུ་འགྲོ་བའི་ཚུལ་ཁྲིམས་ལ་གནས་སོ། ། མགོའི་སྟེང་དུ་ཐལ་མོ་སྦྱར་ནས་སྟོན་པ་ལ་དེའི་ཉོན་མོངས་རྣམས་སྤོང་བའི་བསྔགས་པ་བརྗོད་ནས་བླ་གོས་ཀྱིས་མཆོད་པས་དེ་ཡང་སངས་རྒྱས་སུ་འགྱུར ་རོ་ཞེས་ལུང་བསྟན་ཏོ། ། སླར་ཡང་དེའི་བཅོམ་ལྡན་འདས་ཀྱི་གྲོང་ཁྱེར་ནི་ནམ་གྲུ་བཟང་ལྡན་ཞེས་བྱ་བར་འགྱུར་ཏོ།། ཡབ་ནི་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ཤན་དུ་རྒྱས་མ་ཞེས་བྱའོ།། ། ་ཆུ་ལྷ་དང་ལྷ་ཚངས་པ་ནི་ཉེན་ཐོས་ཀྱི་མཆོག་གོ། ཡང་དག་འབྱུང་ཞེས་བྱ་བ་ནི་ཉེ་གནས་སོ།། བཟང་མོ་དང་ལེགས་བཟང་མོ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ཀླུ་ཤིང་ངོ་།། སྐུ་མཐོ་ཚང་དུ་ཁྲུ་བརྒྱད ་བཅུའོ། ། སྐུ་ཚེ་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། ཐུགས་བཟང་གི་ནི་འོག་ཏུ་ནི།། འདྲེན་པ་ནམ་གྲུ་ཅན་ཞེས་བྱ།། མཚུངས་པ་མེད་ཅིང་དཔའ་མེད་པར།། རྒྱལ་བ་མཉམ་མེད་མཆོག་ཏུ་གྱུར།། དེའི་འོག་གི་ཆར་མཛེས ་བྱེད་ཅེས་བྱ་བའི་སྟོན་པ་བྱོན་ནོ། ། དེའི་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས ་དཔའ་མི་ཕམ་པ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ། ། སྟོན་པའི་ཆོས་བསྟན་པ་ཐོས་ནས་སྐྱབས་སུ་འགྲོ་བའི་ཚུལ་ཁྲིམས་ལ་གནས་སོ།། སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན ་པ་ཆེན་པོ་བཏང་ངོ་། ། དེས་ཡང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ།། སླར་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ཆོས་བཟང་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་ཆོས་བཟང་རྒྱལ་པོའོ།། ཡུམ་ནི་ཆོས ་བཟང་མ་ཞེས་བྱའོ། ། མཚུངས་མེད་དང་ལེགས་སྤྱན་ནི་ཉན་ཐོས་ཀྱི་མཆོག་གོ། ཡིད་ལྡན་ནི་ཉེ་གནས་སོ།། རིག་མ་དང་ལེགས་སྐྱེས་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤང་ནི་ཀླུ་ཤིང་ཉིད་དོ།། ་སྐུ་མཐོ་ཚང་དུ་ཁྲུ་ལྔ་བཅུ་བཅཝ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། ནམ་གྲུ་ཅན་གྱི་འོག་ཏུ་ནི།། འདྲེན་པ་མཛེས་བྱེད་ཅེས་བྱ་བ།། མཉམ་པར་བཞག་ཅིང་ཐུགས་ནི་ཞི།། གང་ཟག ་ཟླ་མེད་མཚུངས་མེད་དོ། ། དེའི་འོག་གི་ཆར་བསྐལ་པ་གྲངས་མེད་པ་གཅིག་འདས་ནས་བསྐལ་པ་གཅིག་གི་ནང་དུ་སངས་རྒྱས་གསུམ་བྱོན་ནོ།། ཐུགས་ལྡན་མཐོང་བ་དང་། པད་མ་དང་མི་སྦྱིན་ནོ།། བཅོམ ་ལྡན་འདས་ཐུགས་ལྡན་མཐོང་གིས་འདུས་པ་གསུམ་དུ་གྱུར་ཏེ། ། དང་པོ་ལ་དགེ་སློང་འབུམ་ཕྲག་གཅིག་གོ། གཉིས་པ་ལ་འབུམ་ཕྲག་བདུན་ནོ།། གསུམ་པ་ལ་འབུམ་ཕྲག་དྲུག་གོ།། དེ་ནས་བྱང་ཆུབ ་སེམས་དཔའ་གནོད་སྦྱིན་གཅིག་ཏུ་གྱུར་ཏོ། ། རྫུ་འཕྲུལ་དང་མཐུ་ཆེན་པོ་དང་ལྡན་པའི་བྱེ་བ་སྟོང་ཕྲག་བརྒྱ་དུ་མའི་གནོད་སྦྱིན་རྣམས་ཀྱི་བདག་པོར་གྱུར་ཏོ།། དེས་བཅོམ་ལྡན་འདས་བྱོན་པ་ཐོས་ནས་འོངས་ཏེ ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ངོ་། ། སྟོན་པས་ཀྱང་མ་འོངས་པའི་སངས་རྒྱས་སུ་འགྱུར་རོ།། ཞེས་ལུང་བསྟན་ནོ།། གཞན་ཡང་བཅོམ་ལྡན་འདས་ཐུགས་ལྡན་མཐོང ་གི་གྲོང་ཁྱེར་ནི་ལ་བ་ཅན་ཞེས་བྱ་བར་འགྱུར་རོ། ། ཡབ་ནི་གྲོགས་ལྡན་རྒྱལ་པོའོ།། ཡུམ་ནི་གྲགས་འཛིན་མའོ།། དེས་བཟང་དང་ཡིད་ལྡན་ནི་ཉན་ཐོས་ཀྱི་མཆོག་གོ།། ཆུ་ལྷ་ནི་ཉེ་གནས་སོ།། ལེགས་མཛེས་དང་ཡིད་བཟང་། ་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་སྲིད་སྒྲུབ་ཀྱི་ཤིང་ངོ་།། སྐུའི་མཐོ་ཚང་ཁྲུ་ལྔ་བཅུ་རྩ་བརྒྱད་དོ།། འབུམ་ཕྲག་གཅིག་གི་ལོ་ནི་སྐུ་ཚེའི་ཚད་དོ།། མཛེས་བྱེད་ཀྱི་འོག་ཏུ་ནི།། རྐང་གཉིས་མཆོག ་གི་རྫོགས་སངས་རྒྱས། ། ཐུབ་བཟང་མཐོང་དང་འཆི་མེད་གྲགས།། གིཟ་བརྗིད་ལྡན་ཞིང་རང་མཐོང་ངོ་།། དེའི་འོག་གི་ཆར་པད་མ་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ།། འདུས་པ་དང ་པོ་ལ་བྱེ་བ་འབུམ་ཕྲག་གཅིག་གི་དགེ་སློང་ངོ་། ། གཉིས་པ་ལ་འབུམ་ཕྲག་གསུམ་མོ།། གསུམ་པ་ལ་གྲོང་མེད་པའི་དགོན་པར་ནགས་ཚལ་ཆེན་པོ་ན་དགེ་སློང་འབུམ་ཕྲག་གཉིས་གནས་སོ།། དེའི་ཚེ་དེ་བཞིན ་གཤེགས་པ་ཡང་དེའི་ནགས་ཚལ་ཆེན་པོར་བཞུགས་པའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེར་སྐྱེས་པར་གྱུར་ཏོ། ། སྟོན་པས་འགོག་པ་ལ་སྙོམས་པར་ཞུགས་སོ།། ཞུགས་པ་མཐོང་ནས་སེམས་རབ་ཏུ་དང་བས ་ཕྱག་བྱས་ནས་བསྐོར་བ་བྱས་སྟེ། དགའ་བ་དང་ཡིད་བདེ་བསྐྱེས་སོ།། ལན་གསུམ་དུ་སེང་གེའི་སྒྲ་སྐྱུགས་སོ།། ཞག་བདུན་དུ་སངས་རྒྱས་ཀྱི་ཕྱིར་དུ་དགའ་བམ་སྤངས་པས་དགའ་བ་དང་བདེ་བ་ཉིད་ཀྱི་སྤྱོད ་ཡུལ་དུ་མ་བྱིན་པར་སྲོག་ཡོངས་སུ་བཏང་ངོ་སྙམ་སྟེ་བལྟ་ཞིང་འདུག་གོ། ། སྟོན་པ་ཞག་བདུན་ནས་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། སེང་གེ་ལ་བལྟ་ཞིང་དགེ་སློང་གི་དགེ་འདུན་རྣམས་ཀྱིས་ཀྱང ་སེམས་དང་བར་བྱས་ནས་དགེ་འདུན་ལ་ཕྱག་བྱེད་དོ་ཞེས་བརྗོད་ཅིང་དགེ་སློང་གི་དགེ་འདུན་ཤོག་ཅེས་བསམས་ཏེ་དགེ་སློང་རྣམས་དེ་མ་ཐག་ཏུ་བྱོན་ནོ། ། སེང་གེས་དགེ་འདུན་ལ་སེམས་རབ་ཏུ་དང་བར་བྱེད་དོ།། ་སྟོན་པས་དེའི་སེམས་ལ་བརྟགས་ཏེ་མ་འོངས་པ་ན་སངས་རྒྱས་སུ་འགྱུར་རོ།། ཞེས་ལུང་བསྟན་ནོ།། སླར་ཡང་བཅོམ་ལྡན་འདས་པད་མའི་གྲོང་ནི་ཙམ་པ་ཀ་ཞེས་བྱ་བར་འགྱུར་རོ།། ཡབ་ནི་པད་མའི་རྒྱལ་པོའོ།། ་ཡུམ་ནི་མཚུངས་མེད་མ་ཞེས་བྱའོ།། སཱ་ལ་དང་ཨུ་པ་སཱ་ལ་ནི་ཉན་ཐོས་ཀྱི་མཆོག་གོ། ཆུ་ལྷ་ཞེས་བྱ་བ་ནི་ཉེ་གནས་སོ།། དགའ་མ་དང་ཤིན་ཏུ་དགའ་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་སྲ ་ནའི་ཤིང་ངོ་རོ། ། སྐུའི་མཐོ་ཚད་དུ་ཁྲུ་ལྔ་བཅུ་རྩ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་གཅིག་གོ། ཐུགས་ལྡན་མཐོང་གི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ནི་པད་མ་ཞེས་བྱ་བ།། ག ་ཟག་ཐ་མེད་མཚུངས་མེད་དོ། ། དེའི་འོག་ཏུ་མི་སྦྱིན་པ་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་འབུམ ་ཕྲག་དགུ་བཅུའོ། ། གསུམ་པ་ལ་བྱེ་བ་བརྒྱད་བཅུ་དང་འབུམ་ཕྲག་གཅིག་གོ། དེའི་ཚེ་བྱང་ཆུབ་སེམས་དཔའ་དྲང་སྲོང་གིས་རབ་ཏུ་བྱུང་སྟེ་མངོན་པར་ཤེས་པ་ལྔ་དང་སྙོམས་པར་འཇུག་པ་བརྒྱད་པོ་དབང ་དུ་གྱུར་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ནས། ཙན་དན་དམར་པོས་མཆོད་ནས་དེ་ཡང་དེས་མ་འོངས་པ་ན་སངས་རྒྱས་པར་འགྱུར།། ཞེས་ལུང་བསྟན་ཏོ།། བཅོམ ་ལྡན་འདས་དེའི་གྲོང་ཁྱེར་ནི་འབྱོར་ལྡན་ཞེས་བྱ་བར་འགྱུར་རོ། ། ཡབ་ན་བློ་གྲོས་བཟང་པོ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ཡིད་ལྡན་མ་ཞེས་བྱ་བའོ།། སཱ་ལ་བཟང་པོ་དང་། རྒྱལ་བྱེད་བཤེས་གཉེན་ནི་ཉན་ཐོས་ཀྱི ་མཆོག་གོ། གནས་མཆོག་ནི་ཉེ་གནས་སོ།། མཆོག་མ་དང་འབྲས་བུ་ཅན་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་སྲིན་ཆེན་པོའོ།། སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་པའོ།། སྐུ་ཚེའི་ཚད་ན ་ལོ་སྟོང་ཕྲག་དགུ་བཅུའོ། ། པད་མ་ཡིནི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ནི་མི་སྦྱིན་ཞེས་བྱ་བ།། གང་ཟག་ཟླ་མེད་མཚུངས་མེད་དོ།། སངས་རྒྱས་མི་སྦྱིན་གྱི་འོག་གི་ཆར་འདི ་ནས་བསྐལ་པ་འབུམ་ཕྲག་གཅིག་གི་མགོ་ནས་བརྩམས་ཏེ་བསྐལ་པ་གཅིག་ཉིད་ཀྱི་ནང་དུ་སངས་རྒྱས་པད་མ་མཆོག་ཅེས་བྱ་བརྒྱན་ནོ། ། དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པ ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་། ། གཉིས་པ་ལ་བཻ་བྷཨཱརྱའི་རིལ་བྱེ་བ་སྟོང་ཕྲག་དགུ་བཅུའོ།། གསུམ་པ་ལ་བྱེ་བ་སྟོང་ཕྲག་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རལ་པ་ཅན་ཞེས་བྱ་བའི་ཡུལ་འཁོར ་ཆེན་པོར་སྐྱེས་སོ། ། སངས་རྒྱས་ལ་སོགས་པའི་དགེ་འདུན་རྣམས་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་བཏང་ངོ་།། དེ་ཡང་དེས་མ་འོངས་པ་ན་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ།། ་གཞན་ཡང་བཅོམ་ལྡན་འདས་པད་མ་མཆོག་གི་དུས་སུ་མུ་སྟེགས་ཞེས་བྱ་བའི་མིང་ཡང་མེད་དོ།། ལྷ་དང་མི་ཐམས་ཅད་སངས་རྒྱས་ལ་སྐྱབས་སུ་འགྲོ་བའོ།། དེའི་གྲོང་ཁྱེར་ནི་དད་པ་ལྡན་ཞེས་བྱ་བར ་འགྱུར་རོ། ། ཡབ་ནི་ཀུན་དགའ་བོ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ལེགས་མ་ཞེས་བྱའོ།། ལྷའི་སྤྱན་དང་ལེགས་སྐྱེས་ནི་ཉན་ཐོས་ཀྱི་མཆོག་གོ། ཡིད་བཟང་ཞེས་བྱ་བ་ནི་ཉེ་གནས་སོ།། གྲོགས་མེད་མ་དང ་མཚུངས་མེད་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་ཤཱ་ལའི་ཤིང་ཉིད་དོ།། སྐུའི་མཐོ་ཚང་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ།། སྐུའི་འོད་ཀུན་ནས་འཁོར་བ་ལ་དཔག་ཚད་བཅུ་གཉིས་སོ།། སྐུ་ཚེའི ་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། ། མི་སྦྱིན་གྱི་འོག་ཉིད་དུ།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། རྒྱལ་བ་པད་མ་མཆོག་ཞེས་པ།། མི་འཁྲུགས་རྒྱ་མཚོ་ལྟ་བུའོ།། དེའི་འོག་གི་ཆར་བསྐལ་པ་སྟོང་ཕྲག་གསུམ ་འདས་ནས། བློ་གྲོས་བཟང་པོ་དང་ལེགས་སྐྱེས་ཞེས་བྱ་བ་ནི་བསྐལ་པ་གཅིག་གི་ནང་དུ་སངས་རྒྱས་གཉིས་སུ་གྱུར་ཏོ།། བློ་གྲོས་བཟང་པོའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ།། འདུས་པ་དང་པོ་ལ ་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ན་བྱེ་བ་བརྒྱའི་ཟག་པ་ཟད་པའོ། ། འདུས་པ་གཉིས་པ་ལ་ཡང་བྱེ་བ་དགུ་བཅུར་འགྱུར་རོ།། འདུས་པ་གསུམ་པ་ལ་ནི་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་མཆོག། ་ཅེས་བྱ་བ་བྲམ་ཟེའི་ཁྱེའུར་གྱུར་ཏོ།། སའི་འོག་དུ་གཏེར་དུ་བཅུག་པ་ཉིད་བྱེ་བ་བརྒྱད་བཅུའི་ནོར་རྣམས་སྤེལ་ནས་སངས་རྒྱས་པ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ་ཏེ་ཆོས་ཉན་ནས་སྐྱབས ་སུ་འགྲོ་བའི་སྡོམ་པ་ལ་གནས་སོ། ། རབ་ཏུ་བྱུང་ནས་ནགས་ཚལ་དུ་བྱོན་ནོ།། དེ་ཡང་མ་འོངས་པ་ན་སངས་རྒྱས་པར་ལུང་བསྟན་ནོ།། བཅོམ་ལྡན་འདས་བློ་གྲོས་བཟང་པོའི་གྲོང་ཁྱེར་ནི་བལྟ་ན་སྡུག་ཅེས་བྱ་བར ་གྱུར་ཏོ། ། ཡ་བ་ནི་ལེགས་སྤྱ་ནི་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ལེགས་སྦྱིན་མ་ཞེས་བྱ་བའོ།། ངེས་འབྱུང་དང་ཐམས་ཅད་འདོད་ནི་ཉན་ཐོས་ཀྱི་མཆོག་གོ། རྒྱ་མཚོ་ཞེས་བྱ་བ་ནི་ཉེ་གནས་སོ།། དགའ་མ་དང་ཤིན་དུ ་དགའ་མ་ནི་ཉེན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་ཤིང་ནཱི་པ་ཆེན་པོའོ།། སྐུ་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། པད་མ་མཆོག་གི་འོག་ཏུ་ནི།། འདྲེན་པ ་བློ་བཟང་ཞེས་བྱ་བ། ། འོད་ཟེར་དྲག་ཅིང་རིང་ལ་སེམས།། ཐུབ་པ་འཇིག་རྟེན་ཀུན་གྱི་མཆོག། དེའི་འོག་གི་ཆར་ལེགས་སྐྱེས་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་གྱུར་ཏོ།། ་འདུས་པ་དང་པོ་ལ་དགེ་སློང་སྟོང་ཕྲག་བཅུའོ།། གཉིས་པ་ལ་སྟོང་ཕྲག་ལྔ་བཅུའོ།། གསུམ་པ་ལ་སྟོང་ཕྲག་བཞི་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ།། སངས ་རྒྱས་བྱོན་ཞེས་ཐོས་ནས་ཉེ་བར་སོང་སྟེ། ཆོས་ཐོས་ནས་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་རིན་པོ་ཆེ་སྣ་བདུན་དང་བཅས་པའི་གླདི་ཆེན་པོ་བཞིའི་རྒྱལ་སྲིད་སྦྲནི་པར་བཏང་ནས།། སྟོན་པའི ་དྲུང་དུ་རབ་ཏུ་བྱུང་ངོ་། ། ཡུལ་ཐམས་ཅད་ན་གནས་པའི་ཡུལ་དུ་སྐྱེས་པའི་ནོར་བླངས་ནས། གཙུག་ལག་ཁང་རྣམས་རྫོགས་པར་བྱ་སྟེ། སངས་རྒྱས་ལ་སོགས་པའི་དགེ་སློང་རྣམས ་ལ་སྦྱིན་པ་ཆེན་པོ་ཕུལ་ལོ། ། དེ་ཡང་མ་འོངས་པ་ན་སྟོན་པས་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ནོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བཀྲ་ཤིས་བཟང་པོ་ཞེས་བྱ་བར་གྱུར་ཏོ།། ཡ་འདི་དག ་པོ་ཞེས་བྱ་བའི་རྒྱལ་པོའོ། ། ཡུམ་ནི་འོད་ལྡན་པ་ཞེས་བྱ་བའོ།། ལྟ་ན་སྡུག་དང་ལྷ་གཉིས་ནི་ཉན་ཐོས་ཀྱི་མཆོག་གོ། མི་སྦྱིན་ནི་ཉེ་གནས་སོ།། གྲུམ་དང་གླུ་མའི་ཕྲེང་བ་དང་བཅས་པ་ནི་ཉན་ཐོས་པའི་མཆོག་གོ།། ་བྱང་ཆུབ་ཀྱི་ཤིང་ནི་འོད་མ་ཆེན་པོའོ།། དེའི་ནད་བུག་པ་ཕྲ་མོ་ཅན་ནོ།། སྡོང་པོ་ནི་སྡུག་པོའོ།། སྟེང་ན་ཡལ་ག་རྨ་བྱའི་གདུགས་ལྟར་མཛེས་པའི་འདབ་མ་ཅན་ནོ།། བཅོམ་ལྡན་འདས་དེའི་སྐུའི་མཐོ་ཚད་དུ་ཁྲུ ་ལྔ་བཅུའོ། ། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། སྙིང་པོའི་བསྐལ་པ་དེ་ཉིད་ལ།། འདྲེན་པ་ལེགས་སྐྱེས་ཞེས་བྱ་བ།། ཁྱུ་མཆོག་དཔུང་པ་སེང་གེ་ཡི་འགྲམ།། རིང་ལ་སེམས་ཞིང་གཞལ་དུ་མེད།། དེའི། ་འོག་གི་ཆར་འདི་ནས་བསྐལ་པ་བརྒྱད་དང་བཅཝོ་བརྒྱད་ཀྱི་མགོ་ནས་བརྩམས་ནས་བསྐལ་པ་གཅིག་ལ་དགའ་མཐོང་དང་། དོན་མཐོང་དང་། ཆོས་མཐོང་སྟེ་སངས་རྒྱས་གསུམ་བྱོན་ནོ།། དགའ་མཐོང་གི་ཡང ་ཉན་ཐོས་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་འོད་བསྲུང་ཞེས ་བྱ་བའི་བྲམ་ཟེའི་ཁྱེའུར་གྱུར་ཏོ། ། རིག་བྱེད་གསུམ་གྱི་ཕ་རོལ་དུ་ཕྱིན་ནས་སྟོན་པའི་ཆོས་བསྟན་པ་ཐོས་ཏེ་བྱེ་བ་སྟོང་ཕྲག་བརྒྱའི་ནོར་ཡོངས་སུ་བཏང་ནས་དགེ་འདུན་གྱི་གཙུག་ལག་ཁང་བྱེད་ཅིང་སྐྱབས་སུ ་སོད་ནས་ཚུལ་ཁྲིམས་ལ་གནས་སོ། ། དེ་ནས་སྟོན་པ་བསྐལ་པས་བརྒྱ་དང་བཅཝོ་བརྒྱད་འདས་ནས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་ཡིད་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ ་ནི་ལེགས་སྦྱིན་ཞེས་བྱ་བའི་རྒྱལ་པོའོ། ། ཡུམ་ནི་ཟླ་བ་མ་ཞེས་བྱ་བའོ།། བསྐྱངས་པ་དང་ཀུན་མཐོང་གཉིས་ནི་ཉན་ཐོས་ཀྱི་མཆོག་གོ། མཛེས་བྱེད་ནི་ཉེ་གནས་སོ།། ལེགས་སྐྱེས་མ་དང་ཆོས་སྦྱིན་མ་གཉིས་ནི་ཉན་ཐོས་མའི ་མཆོག་གོ། བྱང་ཆུབ་ཀྱི་ཤདི་ནི་པྲི་ཡ་མ་གུའི་ཤིང་ངོ་།། སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུའོ།། སྐུ། ཆེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། ལེགས་སྐྱེས་ཀྱི་ནི་འོག་ཏུ་ནི།། རང་བྱུང་འཇིག་རྟེན་འདྲེན་པ་ཉིད།། མཚུངས་དང་མི ་མཚུངས་རང་དུ་སེམས། ། དགའ་མཐོང་གྲགས་པ་ཆེན་པོའོ།། དེའི་འོག་གི་ཆར་བཅོམ་ལྡན་འདས་དོན་མཐོང་ཞེས་བྱ་བ་བྱོན་ནོ།། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག ་དགུ་བཅུ་རྩ་བརྒྱད་ཀྱི་དགེ་སློང་ངོ་། ། གཉིས་པ་ལ་འབུམ་ཕྲག་བརྒྱད་བཅུ་རྩ་བརྒྱད་དོ།། དེ་བཞིན་དུ་གསུམ་པ་ལ་ཡང་ངོ་།། དེའི་ཚེ་བྱང་ཆུབ་སེམས་དཔའ་འཚམས་བཟང་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པའི་དཀའ་ཐུབ་པར ་གྱུར་ཏོ། ། ལྷའི་འཇིག་རྟེན་གྱི་མན་དཱ་ར་བའི་མེ་ཏོག་གི་གདུགས་བླངས་ནས་སྟོན་པ་ལ་མཆོད་དོ།། དེ་ཡང་དེས་ལུང་བསྟན་ཏོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་མཛེས་བྱེད་ཅེས་བྱ་བར་གྱུར་ཏོ།། ཡབ་ནི་རྒྱ་མཚོ་ཞེས་བྱ ་བའི་རྒྱལ་པོའོ། ། ཡུམ་ནི་བལྟ་ན་སྡུག་མའོ།། ཞི་བ་དང་ཉེ་བར་ཞི་བ་ནི་ཉན་ཐོས་ཀྱི་མཆོག་གོ། འཇིགས་མེད་ནི་ཉེ་གནས་སོ།། ཆོས་མ་དང་ཆོས་བཟང་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་ཙམ་པ་ཀའི་ཤིང ་དོ། ། སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ།། མུའི་འོད་ཀུན་ནས་འཁོར་བ་ལ་དུས་ཐམས་ཅད་དུ་དཔག་ཚད་གཅིག་གི་བར་དུ་ཁྱབ་ཅིང་གནས་སོ།། སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ།། སྙིང་པོའི་བསྐལ་པ་དེ་ཉིད ་དོན་མཐོང་མའི་ཁྱུ་མཆོག་ནི། ། མུན་པ་ཆེན་པོ་བསལ་ནས་ནི།། ཡང་དག་བྱང་ཆུབ་མཆོག་ཐོབ་བོ།། དེའི་འོག་གི་ཆར་ཆོས་མཐོང་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་ཉན་ཐོས་འདུས་པ་གསུམ་དུ་འགྱུར ་ཏེ། ། འདུས་པ་དང་པོ་བྱེ་བ་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ་བདུན་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷའི་རྒྱལ་པོ་བརྒྱ་བྱནི་དུ་གྱུར་ཏོ།། ལྷའི་དྲི་བཟང་དང་མེ་ཏོག་དང་ལྷའི ་རོལ་མོ་རྣམས་ཀྱིས་མཆོད་དེ། ། དེ་ཡང་མ་འོངས་པ་ན་སངས་རྒྱས་པར་ལུང་བསྟན་ཏོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་སྐྱབས་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་སྐྱབས་ཀྱི་རྒྱལ་པོ་ཞེས་བྱའོ།། ཡུམ་ནི་ཤིན་དུ་དགའ ་མ་ཞེས་བྱ་བའོ། ། པད་མ་དང་ལྷར་གྱུར་པ་ནི་ཉན་ཐོས་ཀྱི་མཆོག་གོ། ལེགས་སྤྱན་ཞེས་བྱ་བ་ནི་ཉེ་གནས་སོ།། དགེ་བ་མ་དང་བདེན་ས་ཞེས་བྱ་བ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་པ་མི་བ་ཛྭ་ལའི་ཤིང་ངོ་།། སྐུའི ་མཐོ་ཚང་དུ་ཁྲུ་བརྒྱད་བཅུའོ། ། སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ།། སྙིང་པོའི་བསྐལ་པ་དེ་ཉིད་ལ།། ཆོས་མཐོང་གྲགས་པ་ཆེན་པོ་ཡིས།། མུན་པ་ཆེན་པོ་བཅོམ་ནས་ནི།། ལྷ་དང་བཅས་པ་སྣང་བར་མཛད།། དེའི་འོག་གི་ཆང ་འདི་ནས་བསྐལ་པ་དགུ་བཅུ་རྩ་བཞི་ནས་མགོ་བརྩམས་ནས་བསྐལ་པ་གཅིག་ལ་དོན་གྲུབ་ཞེས་བྱ་བའི་སངས་རྒྱས་གཅིག་བྱོན་ནོ། ། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་གྱུར་ཏེ།། འདུས་པ་དང་པོ་ལ་བྱེ་བ་འབུམ་ཕྲག་གཅིག། ་གི་དགེ་སློང་ངོ་རོ།། གཉིས་པ་ལ་བྱེ་བ་དགུ་བཅུའོ།། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོ་དང་། མངོན་པར་ཤེས་པའི་སྟོབས་དང་ལྡན་པའི་དཀའ་ཐུབ་པ་བཀྲ་ཤིས་བཟང་པོ་ཞེས ་བྱ་བར་གྱུར་ཏོ། ། ཤིང་འཛམ་བུ་ཆེན་པོའི་འབྲས་བུ་བླངས་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ།། སྟོན་པས་འབྲས་བུ་དེ་གསོལ་ནས་བསྐལ་པ་དགུ་བཅུ་རྩ་བཞིའི་འོག་ཏུ་བྱང་ཆུབ་སེམས་དཔའ་མ་འོངས་པ་ན་སངས་རྒྱས ་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། ། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བེ་བྷཱ་ར་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་རྒྱལ་བའི་སྡེ་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་ལེགས་གྱུར་མ་ཞེས་བྱ་བའོ།། བང་དུ་འབྱུང་དང་བཤེས་གཉེན་བཟང་། ་པོ་ནི་ཉན་ཐོས་ཀྱི་མཆོག་གོ།། ན་མ་གྲུ་ཅན་ནི་ཉེ་གནས་སོ།། ཞི་བྱེད་ལེན་པ་དང་ལེགས་བརྟན་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་ཀ་ནི་ཀའི་ཤིང་ངོ་།། སུའི་མཐོ་ཚད་ནི་ཁྲུ་དྲུག་བཅུ་འོ།། སྐུ་ཚེའི་ཚད་ནི་ལོ་འབུམ ་ཕྲག་གཅིག་གོ། ། ཆོས་མཐོང་གི་ནི་འོག་ཉིད་དུ།། འཇིག་རྟེན་འདྲེན་པ་དོན་གྲུབ་ཀྱི།། མུན་པ་ཐམས་ཅད་བཅོམ་ནས་ནི།། ནམ་མཁར་ཉི་མ་ཤར་བ་བཞིན།། དེའི་འོག་གི་ཆར་འདི་ནས་བསྐལ་པ་འབུམ་ཕྲག་དགུ་བཅུ་རྩ་གཉིས། ་མགོ་བརྩམས་ནས་བསྐལ་པ་གཅིག་ལ་དཀར་རྒྱལ་དང་གྱུར་པ་ཞེས་བྱ་བའི་སངས་རྒྱས་གཉིས་བྱོན་ནོ།། བཅོམ་ལྡན་འདས་དཀར་རྒྱལ་དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ་།། གཉིས་པ་ལ་བྱེ་བ ་དགུ་བཅུའོ། ། གསུམ་པ་ལ་བྱེ་བ་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེན་པོ་དང་གྲགས་པ་ཆེན་པོ་དང་ལྡན་པའི་ལེགས་སྐྱེས་ཞེས་བྱ་བའི་རྒྱལ་རིགས་སུ་ཕུར་བ་ཐུབ་པའི་རབ་དུ་བྱུང་བ་ལ་རབ་ཏུ་བྱུང་ནས་རྫུ་འཕྲུལ ་དང་ལྡན་པར་གྱུར་ཏེ་སངས་རྒྱས་བྱོན་པ་ཐོས་ནས་ལྷའི་མེ་ཏོག་མན་དཱ་ར་བ་དང་པད་མ་དང་བཱ་རི་ཙཱདྠའི་མེ་ཏོག་རྣམས་བླངས་ནས་འཁོར་བཞིའི་ནང་དུ་གཤེགས་པའི་དེ་བཞིན་གཤེགས་པ་ལ་མཆོད་ནས། ནམ་མཁའ་མེ་ཏོག་གི་བླ་རེ་བྲེས ་ས། ། སངས་རྒྱས་དེས་ཡང་འདི་ནས་བསྐལ་པ་དགུ་བཅུ་རྩ་གཉིས་ནས་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་དགེ་མ་ཞེས་བྱའོ།། ཡབ་ནི་སྐྱེ་བོ་དད་པ་ཅན་ཞེས་བྱ་བའི་རྒྱལ་པོའི་རིགས་སོ།། ་ཡུལ་ནི་པད་མ་ཞེས་བྱའོ།། ཚངས་པའི་ལྷ་དང་འཆར་བྱེད་ནི་ཉན་ཐོས་ཀྱི་མཆོག་གོ། ཡང་དག་མཆོག་ནི་ཉེ་གནས་སོ།། མྱུར་མ་དང་ལེགས་སྦྱིན་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་ཨ་སནའི་ཤིང་ངོ་།། སྐུའི་མཐོ་ཚད ་ལ་ཁྲུ་དྲུག་བཅུའོ། ། སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། དོན་གྲུབ་ཀྱི་ན་འོག་ཉིད་དུ།། གང་ཟག་བླ་མེད་མཚུངས་མེད་པ།། ཚུལ་ཁྲིམས་དཔག་མེད་མཐའ་ཡས་གྲགས།། འཇིག་རྟེན་འདྲེན་པ་དཀར་རྒྱལ་མཚ།། ་དེའི་འོག་གི་ཆེར་གྱུར་པ་ཞེས་བྱ་བའི་སྟོན་པ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ།། འདུས་པ་དང་པོ་ལ་འབུམ་ཕྲག་དྲུག་བཅུའི་དགེ་སློང་ངོ་།། གཉིས་པ་ལ་འབུམ་ཕྲག་ལྔ་བཅུའོ།། གསམ་པ་ལ་འབུམ་ཕྲག་སུམ་བཅུ་རྩ་གས ་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བྱེད་ཞེས་བྱ་བའི་རྒྱལ་རིགས་སུ་གྱུར་ཏེ། རྒྱལ་པོ་ཆེན་པོའི་རྒྱལ་རིགས་སྤངས་ནས་ནི་སྟོན་པའི་དྲུང་དུ་རབ་ཏུ་བྱུང་སྟེ་སྡེ་སྟོང་གསུམ་བསླབས་ནས་སྐྱེ་བོ་མང་པོ་ལ་དམ་པའི་ཆོས་སྟོན་ཅིང་འཆང ་བ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱས་ནས་དེ་ཡང་དེ་བཞིན་དུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་གསལ་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་རྒྱལ་བའི་སྡེ་ཞེས་བྱ་བའི ་རྒྱལ་པོའོ། ། ཡུམ་ནི་དཔལ་ལྡན་མ་ཞེས་བྱའོ།། ལེགས་བསྲུང་དང་ཆོས་ཀྱི་སྡེ་ནི་ཉན་ཐོས་ཀྱི་མཆོག་གོ། འཇིགས་བཅས་ནི་ཉེ་གནས་སོ།། ཕྲེང་བ་མ་དང་ཉེ་བའི་ཕྲེང་བ་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་སྐྱུ་རུ་རའི ་ཤིང་གི། ། སྐུའི་མཐོ་ཚད་དུ་ཁྲུ་ལྔ་བཅུ་རྩ་བརྒྱད་དོ།། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ།། སྙིང་པོའི་བསྐལ་བ་དེ་ཉིད་ལ།། སྟོན་པ་ཐ་ན་མེད་པར་གྱུར།། མཚུངས་དང་མི་མཚུངས་དཔེ་མེད་པ།། འཇིག་རྟེན་མཆོག་གི་འདྲེན ་པར་གྱུར། ། དེའི་འོག་གི་ཆར་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ལ་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་དགེ་སློང་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་དོ།། ་གཉིས་པ་ལ་འབུམ་ཕྲག་གཅིག་གོ།། གསུམ་པ་ལ་སྟོང་ཕྲག་བརྒྱད་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ལྡན་ཞིང་མཐུ་ཆེ་བ་མཚུངས་པ་མེད་པའི་ཀླུའི་རྒྱལ་པོར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པར ་གསེར་གྱི་གདན་ཆེན་པོ་བཅོམ་ལྡན་འདས་ལ་ཕུལ་ལོ། ། དེ་ནས་ཡང་འདི་ནས་བཀལ་པ་དགྲ་བཅུ་རྩ་གཅིག་ནས་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ནོ།། བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བློ་གྲོས་གཏན་ཞེས་བྱ་བར་གྱུར་ཏོ།། ཡབ ་ནི་གཉེན་གྱི་རྒྱལ་པོ་ཞེས་བྱའོ། ། ཡུམ་ནི་བློ་གྲོས་གཉེན་མ་ཞེས་བྱའོ།། ཕུང་པོ་དང་དཀར་རྒྱལ་ནི་ཉན་ཐོས་ཀྱི་མཆོག་གོ།། མྱ་ངན་མེད་ནི་ཉེ་གནས་སོ།། ཟླ་བ་མ་དང་ཟླ་བའི་བཤེས་གཉེན་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི ་ཤིང་ནི་བཱ་ཎི་པའི་ཤིང་ངོ་དོ། ། སྐུའི་མཐོ་ཆེད་དུ་ཁྲུ་བརྒྱད་བཅུའོ།། སྒྲ་འོད་ལ་རྟག་ཏུ་དཔག་ཚད་བདུན་དུ་འཕྲོ་ཞིང་གནས་སོ།། སྣ་ཚེའི་ཚད་ནི་མོ་སྟོང་ཕྲག་བརྒྱད་བཅུའོ།། གྱུར་བ་ཡིན་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། ་མཚན་ནི་རྣམ་པར་གཟིགས་ཞེས་བྱ།། སྤྱན་ལྡན་འཇིག་རྟེན་སྐྱེད་པའོ།། དེའི་འོག་གི་ཆར་འདི་ནས་ག། ལ་སུ་ཨུ་རྩ་གཉིས་ནས་གཙུག་ཏོར་ཅན་དང་ཐམས་ཅད་སྤོབ་ཅེས་པའི་སངས་རྒྱས་བྱོན་ནོ།། གཙུག་ཏོར་ཅན་གྱི་ཡང་ཉན་ཐོས་ཀྱི ་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་གཅིག་གི་དགེ་སློང་པོ་གཉིས་པ་ལ་འབུམ་ཕྲག་བརྒྱད་བཅུའོ།། གསུམ་པ་ལ་འབུམ་ཕྲག་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སྒྲའི་དབང་པོ་ཞེས་བྱ་བའི་རྒྱལ་པོར་ཐར་ཏེ ་སངས་རྒྱས་དང་བཅས་པའི་དགེ་འདུན་རྣམས་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་ཕུལ་ལོ། ། རིན་པོ་ཆེ་སྣ་བདུན་གྱི་སོ་སོར་བརྒྱན་པའི་གླང་པོ་ཆེ་ཕུལ་ནས། གླང་པོ་ཆེའི་ཚད་ཙམ་རི་ཞིང་རུང་བའི་ཡོ་བྱད་རྣམས་ཕུལ་ལོ།། དེས ་ཡང་འདི་ནས་བསྐལ་པ་སུམ་བཅུ་རྩ་གཅིག་ནས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། ། གཞན་ཡང་བཅོམ་ལྡན་འདས་དེའི་ཐོང་ཁྱེར་ནི་མྱ་རེངས་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་མྱ་རེང་ལྡན་ཞེས་བྱ་བའི་རྒྱལ་པོའོ།། ལུང་ནི ་འོད་ལྡནམ་ཞེས་བྱའོ། ། མངོན་འབྱུང་དང་ཡང་དག་ཟུང་ནི་ཉན་ཐོས་ཀྱི་མཆོག་གོ།། དགེ་བར་བྱེད་པ་ནི་ཅི་གནས་སོ།། མ་གི་ལ་དང་པད་མནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ག་ཌ་ཀའི་ཤིང་ངོ་།། སུའི་མཐོ་ད་དུ་ཁྲུ་གསས ་6། ། བཅུ་རྩ་བདུན་དུ་འགྱུར་རོ།། སྲུའི་འོད་དཔག་ཚད་གསུམ་དུ་འགྲོ་ཞིང་གནས་སོ།། སུ་ཚེའི་ཚད་ནི་ལོ་སྟོང་ཕྲག་སུམ་བཅུ་རྩ་བདུན་ནོ།། རྣམ་པར་གཟིགས་ཀྱི་འོག་ཏུ་ནི།། གང་གཉིས་མཆོག་གི་རྫོགས་སངས་རྒྱས།། ལ་ཚུངས ་མེད་རྒྱལ་བ་གཙུག་ཏོར་ཅན། ། གང་ཟག་བླ་མེད་མཚུངས་མེད་དོ།། དེའི་འོག་གི་ཆར་ཐམས་ཅད་སྐྱོབ་ཅེས་བྱ་བའི་སངས་རྒྱས་བྱོན་ནོ།། དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ།། འདུས་པ་དང་པོ་ལ་འབུམ་ཕྲག་བརྒྱད་བཅུའི་དགེ་སློང་ངོ་།། ་གཉིས་པ་ལ་འབྲམ་ཕྲག་སུམ་བཅུ་རྩ་བདུན་ནོ།། གསུམ་པ་ལ་འབྲུམ་ཕྲག་དྲུག་བཅུའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་བསྟན་སུག་ཅེས་བྱ་བའི་རྒྱལ་པོར་གྱུར་ཏོ།། སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་ཆོས་གོས་དང་བཅས་པའི ་སྦྱིན་པ་ཆེན་པོ་ཕུལ་ནས་དེའི་དྲུང་དུ་རབ་ཏུ་བྱུང་སྟེ། སྤྱོད་པ་དང་ཡོན་ཏན་དང་ལྡན་པས་སངས་རྒྱས་དཀོན་མཆོག་ལ་རི་མོར་བྱས་ཏེ་དགའ་བར་བྱེད་ཏོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་ནས་བསྐལ་པ་སུམ་བཅུ་རྩ་གཅིག ་ནས་སངས་རྒྱས་སུ་འགྱུར་ཞེས་ལུང་བསྟན་ཏོ། ། གཞན་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་ཡིད་ལྡན་ཞེས་བྱ་བར་གྱུར་ཏོ།། ཡབ་ནི་ལེགས་པར་གནས་ཞེས་བྱ་བའི་རྒྱལ་པོའོ།། ཡུམ་ནི་གྲགས་ལྡན་མ་ཞེས ་བྱ་བའོ། ། ཞན་པ་དང་མཆོག་ནི་ཉན་ཐོས་ཀྱི་མཆོག་གོ།། ཉེ་བར་ཞི་བ་ནི་ཉེ་བར་གནས་སོ།། འཕྲེང་བ་མ་དང་ཕྲེང་བ་དང་བཅས་པ་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ས་ལའི་ཤིང་ངོ་།། སྐུའི་མཐོ་ཆད་ནི་ཁྲུ ་དྲུག་བཅུར་འགྱུར་རོ། ། སྐུ་ཚེའི་ཚད་ནི་སྟོང་ཕྲག་དྲུག་བཅུའོ།། སྙིང་པོའི་བསྐལ་པ་དེ་ཉིད་ལ།། གང་ཟག་ཟླ་མེད་མཚུངས་པ་མེད།། མཚན་ནི་ཐམས་ཅད་སྐྱོབ་ཅེས་པ།། རྒྱལ་བ་དེ་ནི་འཇིག་རྟེན་བསྐྱེད།། དེའི་ཡང་འོ།། ་གི་ཆར་བསྐལ་པ་འདིས་སངས་རྒྱས་བཞི་བྱོན་ནོ།། ལོག་པ་དང་སེལ་དང་གསེར་ཐུབ་དང་འོད་བསྲུང་དང་བདག་ཅག་གི་བཅོམ་ལྡན་འདས་སོ།། གཞན་ཡང་བཅོམ་ལྡན་འདས་ལོག་པདདད་སེལ་གྱི་ཉན་ཐོས་ཀྱི་འདུས་པ་ནི་གཅིན ་གོ། ། དེ་ལ་སྟོང་ཕྲག་བཞི་བཅུའི་དགེ་སློང་ངོ་།། དེའི་ཚེ་བྱང་ཆུབ་སེམས་དཔའ་དགེ་བ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ།། སངས་རྒྱས་ལ་སོགས་པ་དགེ་འདུན་ལ་ལྷུང་བཟེད་ཆོས་གོས་དང་བཅས་པའི་སྦྱིན་པ་ཉིད་དང ་མིག་སྨན་དང་སྔོན་ལ་སོགས་པ་ཕུལ་ནས་སྟོན་པའི་ཆོས་བསྟན་པ་ཐོས་ནས་རབ་ཏུ་བྱུང་ངོ་། ། དེ་ཡང་སྟོན་པས་ལུང་བསྟན་ཏོ།། གཞན་ཡང་བཅོམ་ལྡན་འདས་ལོག་པར་དང་སེལ་དེའི་གྲོང་ཁྱེར་དགེ་བ་ཞེས་བྱ་བར་འགྱུར་རོ།། ཡབ་ནི་མི་སྤྱོད ་བྲམ་ཟེ་ཞེས་བྱ་བའོ། ། ཡུམ་ནི་བྲམ་ཟེ་མོ་གྲོགས་མོའོ།། བྷི་དཱུར་དང་ཡང་དག་འཚོན་ཉན་ཐོས་ཀྱི་མཆོག་གོ།། བྲམ་ཟེ་བློ་གྲོ་ས་ནི་ཉེ་གནས་སོ།། མཉམ་བྱེད་དང་ཙམ་པ་ཀ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནི་ཤིང་ཤིག ་ཆེན་པོའོ། ། སྣའི་མཐོ་ཚད་ལ་ཁྲུ་བཞི་བཅུར་འགྱུར་རོ།། སྐུ་ཚེའི་ཚད་ནི་ལེ་སྟོང་ཕྲག་བཞི་བཅུའོ།། ཐམས་ཅད་སྐྱོབ་ཀྱི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ནི་ལོག་པ་དང་སེལ་ཞེས།། གཞལ་མེད་རིང་ལ ་སེམས་པའོ། ། དེའི་འོག་གི་ཆར་སྟོན་པ་གསེར་ཐུབ་ཅེས་བྱ་བ་བྱོན་ནོ།། དེའི་ཡང་ཉན་ཐོས་ཀྱི་འདུས་པ་གཅིག་སྟེ། དེ་ལ་སྟོང་ཕྲག་སུམ་བཅུའི་དགེ་སློང་དུ་འགྱུར་རོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རི་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ།། ་བློན་པོའི་ཚོགས་མང་པོ་འཁོར་དང་བཅས་པ་ཆོས་བསྟན་པ་ཐོས་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་འགྲོན་དུ་གཉེར་ནས་སྦྱིན་པ་ཆེན་པོ་ཕུལ་ཏེ་སྟོན་པའི་དྲུང་དུ་སོང་སྟེ། ལྷུང་བཟེད་དང་རྒྱལ་དང་དར ་དང་གྲོང་ཁྱེར་གསལ་ལྡན་གྱི་ཡུལ་གྱི་རས་དངལ་བ་དང་། རྦ་གྲལ་ལ་རས་དང་། དར་གོས་གསེར་མ་རྣམས་ཕུལ་ཏེ། སྟོན་པའི་དྲུང་དུ་རབ་ཏུ་བྱུང་ངོ་།། དེ་ཡང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ།། བཅོམ་ལྡན་འདས་དང ་གྲོང་ཁྱེར་ནི་མཛེས་ལྡན་ཞེས་བྱ་བར་འགྱུར་རོ། ། ཡབ་ནི་གནོད་སྦྱིན་ཞེས་བྱ་བའི་བྲམ་ཟེའོ།། ཡུམ་ནི་མཆོག་མ་ཞེས་བྱ་བའི་བྲམ་ཟེ་མོའོ།། འཇིགས་བྱེད་དང་མཆོག་ནི་ཉན་ཐོས་ཀྱི་མཆོག་གོ། བཀྲ་ཤིས་ཞེས་བྱ་བ་ནི་ཉེ་གནས ་སོ། ། རྒྱ་མཚོ་མ་དང་མཆོག་མ་ནི་ཉན་ཐོས་མའི་མཆོག་གོ། བྱང་ཆུབ་ཀྱི་ཤིང་ནི་ཨུ་དྲམ་པར་འི་ཤིང་ངོ་།། སྐུའི་མཐོ་ཆད་ལ་ཁྭ་ཉི་ཤུའོ།། སྐུ་ཚེའི་ཚད་ནི་ལ་སྟོང་ཕྲག་སུམ་བཅུའོ།། ལོག་པར་དང་སེལ་འོག་ཏུ་ནི། ་རྐང་གཉིས་མཆོག་གི་རྫོགས་སངས་རྒྱས།། མཚན་ནི་རྒྱལ་བ་གསེར་ཐུབ་པོ།། མིའི་ཁྱུ་མཆོག་འཇིག་རྟེན་གཙོ།། དེའི་འོག་གི་ཆར་འོད་སྲུང་ཞེས་བྱ་བའི་སྟོན་པ་རྒྱན་ནོ།། དེའི་ཡང་འདུས་པ་གཅིག་ཏེ། དེ་ལ་དགེ་སློང་སྟོང ་ཟག་ཉི་བུའོ། ། དེའི་ཚེ་བྱང་ཆུབ་སེམས་འོད་བསྐྱོར་ཞེས་བྱ་བའི་བྲམ་ཟེའི་ཁྱེའུར་གྱུར་ནས།། རིག་བྱེད་གསུམ་གྱི་ཕ་རོལ་ཏུ་སོན་ཏེ། ས་དང་བར་སྣང་ཐམས་ཅད་ལ་གྲགས་སོ།། བུམ་པ་བྱེད་པའི་རྫ་མཁན་གྱི་གྲོགས་པོར ་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་རྫ་མཁན་དང་འགྲོགས་ཏེ་སྟོན་པའི་དྲུང་དུ་ཉེ་བར་སོང་སྟེ། ཆོས་ཀྱི་གཏམ་ཐོས་ནས་རབ་ཏུ་བྱུང་ངོ་།། བརྩོན་འགྲུས་ཆེར་བསྐྱེད་ནས་སྡེ་སྣོད་གསུམ་བསླབས་ཏེ་སྤྱོད་པ་དང་ལྡན་པས་སངས་རྒྱས ་ཀྱི་བསྟན་པ་མཛེས་པར་བྱེད་དོ། ། དེ་ཡང་སྟོན་པས་ལུང་བསྟན་ནོ།། བཅོམ་ལྡན་འདས་དེའི་བལྟམ་པའི་གྲོང་ཁྱེར་ནི་བཱ་རཱ་ཎ་སཱི་ཞེས་བྱའོ།། ཡབ་ནི་ཚངས་བྱིན་ཞེས་བྱ་བའི་བྲམ་ཟེའོ།། ཡུམ་ནི་འབྱོར་ལྡན་མ་ཞེས་བྱ་བའི ་བྲམ་ཟེ་མོའོ། ། དཀར་རྒྱལ་དང་བྷཱ་ར་ཛྙོ་ཛ་ནི་ཉན་པོས་ཀྱི་མཆོག་གོ།། ཐམས་ཅད་བཤེས་གཉེན་ནི་གནས་སོ།། རྗེས་སུ་ལེན་མ་དང་སྟོན་རྒྱས་མ་ནི་ཉན་ཐོས་མའི་མཆོག་གོ།། བྱང་ཆུབ་ཀྱི་ཤིང་ནནྱ་གྲོ་ཏའི་ཤིང་ངོ་།། སྦ ་མཐོ་ཚད་དུ་ཁྲུ་ཉི་ཤུ་པར་གྱུར་ཏོ། ། སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་ཉི་ཤུའོ།། གསེར་ཐུབ་ཀྱི་ནི་འོག་ཏུ་ནི།། རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། མཚན་ནི་རྒྱལ་བ་འོད་སྲུང་ངོ་།། ཆོས་ཀྱི་རྒྱལ་པོ་འོད་མཛད་དོ།། ་གཞན་ཡང་བསྐལ་པ་གང་ལ་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་པ་དེ་ལ། གཞན་ཡང་སངས་རྒྱས་གསུམ་བྱོན་པར་གྱུར་ཏོ།། དེ་རྣམས་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་ནོ།། དེའི་ཕྱིར་འདིར ་ཡང་མ་བསྟན་ཏེ། གཞན་ཡང་དོན་གྱི་གཏམ་འདིའི་བསྐལ་པ་ནས་གསུང་ནས་སངས་རྒྱས་ཐམས་ཅད་མཐོང་བའི་དོན་དུ་འདིར་བཤད་དོ།། སྲེད་མཛད་དང་ནི་བློ་གྲོས་མཛད།། དེ་ནས་སྐྱབས་ནི་མཛད་པ་ཡིན།། མར་མེ་མཛད ་ནི་རྫོགས་སངས་རྒྱས། རྐང་ཉིད་མཆོག་ནི་ཀཽ་ཌི་ཎ།། བཀྲ་ཤིས་དང་ནི་ཐུགས་བཟང་དང་།། ཐུབ་པ་ནམ་གྲུ་མཛེས་བྱེད་དང་།། ཐུགས་ལྡན་མཐོང་དང་པད་མ་དང་།། མི་སྦྱིན་དང་ནི་པད་མའི་མདོག། བློ་གྲོས་བཟང་དང་ལགས་བཟ ་གྲགས་ཆེན་བལྟ་ན་སྡུག་པ་དང་། ། དོན་མཐོང་དང་ནི་ཆོས་མཐོང་དང་།། འཇིག་རྟེན་འདྲེན་པ་དོན་གྲུབ་དང་།། རྫོགས་སངས་རྒྱས་ནི་དགར་རྒྱལ་གྱུར་།། རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། ལོག་དང་སེལ་དང་གསེར་ཐུབ་དང་།། འདྲེན་པ ་འོད་སྲུང་ཞེས་བྱའོ། ། ཡང་དག་རྫོགས་སངས་དེ་རྣམས་ནི།། མཉམ་པར་བཞག་ཅིང་འདོད་ཆགས་བཅོམ།། འོད་གཟེར་བརྒྱ་པ་བཞིན་དུ་འཁྲུངས།། མུན་པ་ཆེན་པོ་རྣམ་པར་འཇོམས།། མེ་ཡི་ཕུང་པོ་བཞིན་དུ་འབར།། ཉན་ཐོས་དང ་བཅས་མྱ་ངན་འདས། ། དེ་ལ་བདག་ཅག་གི་བྱང་ཆུབ་སེམས་དཔའ་མར་མེ་མཛད་ལ་སོགས་པའི་སངས་རྒྱས་ཉི་ཤུ་རྩ་བཞིའི་དྲུང་དུ་སྨོན་ལམ་བཏབ་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་ལྷག་པ་ནས་བྱོན་ནོ།། གཞན་ཡང ་བཅོམ་ལྡན་འདས་འོད་བསྲུང་དེའི་འོག་གི་ཆར་གནས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལས་སངས་རྒྱས་གཞན་མེད་དོ་ཞེས་མར་མེ་མཛད་ལ་སོགས་པའི་སངས་རྒྱས་ཉི་ཤུ་རྩ་བཞིའི་དྲུང་དུ་ལུང་བསྟན་པ་ཐོབ་བོ། ། གཞན ་ཡང་བྱང་ཆུབ་སེམས་དཔའ་གང་དེས། མི་ཡི་བདག་ཉིད་རྟགས་དང་ལྡན།། སྒྲ་དང་སྟོན་པའི་ལྟ་བ་དང་།། རབ་ཏུ་བྱུང་ཞིང་ཡོན་ཏན་ལྡན།། བཞི་རྣམས་དང་ནི་འདུན་པ་དང་།། ཆོས་བརྒྱད་པོ་ནི་ཆགས་པ་དང་།། སྨོན་ལམ་རྣམས་ནི་ཡང་དག ་རྫོགས། ། ཆོས་བརྒྱད་པོ་འདི་རྣམས་ཚོགས་པར་བྱས་ནས་མར་མེ་མཛད་ཀྱི་ཞབས་དྲུང་དུ་སྨོན་ལམ་བཏབ་ཅིང་སངས་རྒྱས་སུ་བྱེད་པའི་ཆོལ་འདི་རྣམས་གང་དང་གང་དུ་ཚོལ་བའི་སྤྲོ་བ་སྐྱེས་སོ།། བཙལ་བདེ་རྣམས་མཐོང་བས་ན། དང་པོ ་སྦྱིན་པའི་ཕ་རོལ་ཕྱིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སངས་རྒྱས་ཐོབ་པར་བྱེད་པའི་ཚེས་རྫོགས་པར་བྱེད་པ་ཉིད་ཐམས་ཅད་སྒྲོལ་གྱི་བདག་ཉིད་བྱོན་ནོ།། བྱོན་ནས་གང་དེ་རྣམས་བྱས་པའི་སྨོན་ལམ་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ཕན་ཡོན་བསྔགས་པར་མཛད་དོ། ། དེ་བཞིན་ཡན་ལག་ཐམས་ཅད་ལྡན།། མི་ཡི་བྱང་ཆུབ་ངེས་པ་དང་།། འཁོར་བ་ཡུན་རིངས་གཞི་མེད་པ།། བསྐལ་པ་བྱེ་བ་བརྒྱ་ཉིད་དམ།། མནར་མེད་དུ་ནི་མི་སྐྱེའོ།། དེ་བཞིན ་དུ་ནི་འཇིག་རྟེན་པར། བསྲེས་སྐོམ་སྲེད་དང་འབར་བ་དང་།། ཡན་ལག་ཐམས་ཅད་མི་འཆད་འགྱུར།། སྲོག་ཆགས་ཕྲ་མོར་མི་འགྱུར་ཞིང་།། ངན་འགྲོ་རྣམས་སུ་སྐྱེ་མི་འགྱུར།། མི་རུ་སྐྱེས་པར་གྱུར་པ་ན།། དེ་ནི་དམུ་ལོང་མི་འགྱུར ་ཞིང་། ། འོན་པར་ཡང་ནི་མི་འགྱུར་ལ།། ལྐུག་དང་གཞོག་ཕྱེད་ན་མི་འགྱུར།། བུད་མེད་དུ་ནི་སྐྱེ་མི་འགྱུར།། ཟ་མ་མ་ནིང་མཚན་གཉིས་དང་།། འཐབ་འཁོབ་ཏུ་ནི་སྐྱེ་མི་འགྱུར།། མི་ཡི་བྱང་ཆུབ་ངེས་པ་ཡིན།། འཚམས་མེད་པ་ལས་གྲོལ ་བ་དང་། ། དག་པའི་སྤྱོད་ཡུལ་ཐམས་ཅད་དུ།། ལོག་པའི་ལྟ་བ་མི་བརྟེན་ནོ།། ལས་ཀྱི་བྱ་བ་མཐོང་བ་དང་།། མཐོ་རིས་ལ་ནི་གནས་ནས་སུ།། འདུ་ཤེས་མེད་པར་སྐྱེ་མི་འགྱུར།། གཙང་མ་རིས་ཀྱི་ལྷ་རྣམས་སུ།། སྒྱུ་དང་མིང་ནི་སྐྱེ་བ་མེད།། སྐྱེས ་ཆུ་དམ་པ་ངེས་འབྱུང་སེམས། ། དངོས་དང་དངོས་མེད་ལྡན་པ་མེད།། གང་ཞིག་འཇིག་རྟེན་དོན་དུ་འགྲོ།། ཕ་རོལ་ཕྱིན་ཀུན་རྫོགས་པར་བྱེད།། ཕན་ཡོན་དེ་རྣམས་ལྷགས་པར་ཐོབ་པའམ་དེས་ཕ་རོལ་དུ་བྱིན་པ་རྫོགས་པར་བྱེད་དོ།། གྲགས ་པ་དང་ལྡན་པ་ལ་བྲམ་ཟེའི་དུས་སུ་དང་། དུང་གི་བྲམ་ཟེའི་དུས་སུ་དང་། ནོར་རྒྱལ་གྱི་རྒྱལ་པོའི་དུས་སུ་དང་། བལྟ་ན་སྡུག་ཆེན་པོའི་རྒྱལ་པོའི་དྲིས་སུ་དང་།། ཁྱབ་འཇུག་ཆེན་པོའི་དུས་སུ་དང་། རྒྱུ་མཚན་གྱི་རྒྱལ་པོའི་དུས་སུ་དང་། ཟླ་བ་གཞོན་ནུའི ་རས་སུ་དང་། ། ཡུལ་གྱི་མཆོག་གི་དུས་སུ་དང་། ཤཾ་བི་པིའི་རྒྱལ་པོའི་དྲིས་སུ་དང་། ཐམས་ཅད་སྒྲོལ་གྱི་དུས་སུ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་བདག་ཉིད་དེ་ཚད་མེད་པ་ཞེས་བྱའོ།། མཐའ་གཅིག་ཏུ་ཡང་དང་ཡང་བྱང་ཆུབ་སེམས་དཔའ ་མཁས་པར་བོང་གི་སྐྱེས་རབས་ལས་ཉེ་འོངས་སློང་བ་མཐོང་བ་ན། ། རང་གི་ལུས་ནི་ཡོངས་སུ་བཏང་།། བདག་གི་སྦྱིན་ལ་མཉམ་པ་མྱེད།། འདི་རྣམས་སྦྱིན་པའི་ཕ་རོལ་ཕྱིན།། དེ་ལྟར་ལུས་ཡོངས་སུ་གཏོང་བར་བྱེད་པས་སྦྱིན ་པའི་ཕ་རོལ་དུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། ། དེ་བཞིན་དུ་ཚུལ་ཁྲིམ་དང་ལྡན་པའི་ཀླུའི་རྒྱལ་པོའི་དུས་སུ་དང་། ཙལ་བ་རྒྱ་འི་རྒྱལ་པོའི་དུས་སུ་དང་། ས་སྦྱིན་ཀླུའི་རྒྱལ་པོའི་དུས་སུ་དང་། མཆེ་བདུག་པའི་གླང་པོའི་རྒྱལ་པོའི་དུས ་སུ་དང་། རྒྱལ་བ་དང་མཚུངས་པའི་རྒྱལ་པོའི་ཐུ་ཞུམ་པོ་མེད་པའི་དགྲ་གཞོན་ནུའི་དུས་སུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་སྐྱེས་པ་ལ་ཆད་མེད་དོ།། མཐའ་གཅིག་ཏུ་གཞན་ཡང་། དེ་ཡི་དུད་སྟོང་སྐྱེས་རབས་ལས། ་གསལ་ཤིང་གིས་ནི་ཕུག་ནས་ནི།། མཚོན་ཆ་བླངས་ནས་རྡེག་པ་དང་།། གྲོང་དཔོན་བུ་ལ་འཁྲོ་མི་བྱེད།། ཚུལ་ཁྲིམས་པར་ཕྱིན་བདག་གི་འོད།། དེ་བཞིན་དུ་ལུས་ཡོངས་སུ་གཏོང་བར་བྱེད་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ ་སྟེ་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། ། དེ་བཞིན་དུ་ཡིད་བཟངས་གཞོན་ནུའི་དུས་སུ་དང་། གླང་ཆེན་ནོར་སྐྱོང་གཞོན་ནུའི་དུས་སུ་དང་། ལྕགས་ཁྱིམ་མཁས་པའི་དུས་སུ་ནི་རྒྱལ་སྲིད་ཆེན་པོ་སྤངས་ནས་ངེས་པར ་འབྱུང་བའི་ཕ་རོལ་དུ་ཕྱིན་པ་བདག་ཉིད་ལ་སྐྱེས་པ་ནི་ཚད་མེད་དོ། ། གཞན་ཡང་མཐའ་གཅིག་ཏུ་དེའི་བུ་ཞི་བ་ནུ་ངུའི་སྐྱེས་རབས་ལས། རྒྱལ་པོ་ཆེན་པོ་ལག་ཏུ་ཐོབ།། མཆིལ་མའི་སྨྲ་བ་བཞིན་དུ་སྤངས།། རྒྱལ་སྲིད ་སྤངས་ཀྱང་ཞེན་པ་མེད། ། བདག་གི་ངེས་འབྱུང་བར་ཕྱིན་འདི།། དེ་བཞིན་དུ་ངེས་པར་བདག་གི་རྒྱལ་སྲིད་སྤངས་ནས་ངེས་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ།། དེ་བཞིན ་དུ་མཁས་པ་བི་དྷུ་རའི་དུས་སུ་དང་། མཁས་པ་ཁྱབ་འཇུག་ཆེན་པོའི་དུས་སུ་དང་།། མཁས་པ་སྟོག་རྩེ་བའི་དུས་སུ་དང་། མཁས་པ་ཨ་རའི་དུས་སུ་དང་།། ཀུན་དུ་རྒྱུ་བྱང་ཆུབ་ཀྱི་དུས་སུ་དང་།། མཁས་པ་སྨན་ཆེན་པོའི་དུས་སུ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བདག་ལ་སྐྱེས་པ་ལ་ཚད་མེད་དོ། ། གཞན་ཡང་མཐའ་གཅིག་ཏུ་དེའི་སྡེ་སྣོད་ཀྱི་སྐྱེས་རབས་ལས།། མཁས་པ་སྡེ་ཅན་གྱི་དུས་སུ།། བདག་གི་ཤེས་རབ་ཚོལ་བ ་ན། ། བྲམ་ཟེའི་སྡུག་བསྔལ་གྲོལ་བ་དང་། བདག་གི་ཤེས་རབ་མཚུངས་པ་མཽད།། བདག་གི་ཤེས་རབ་པར་བྱིན་འདི།། པི་ཆེའི་ནང་གི་སྤྲུལ་བདག་གིས་བལྟ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ ་བ་སྐྱེས་སོ། ། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བདག་ལ་སྐྱེས་པ་ཚད་མེད་དོ།། གཞན་ཡང་མཐའ་གཅིག་དུ་དེའི་སྐྱེ་བོ་ཆེན་པོ་ཅན་གྱི་སྐྱེ་རབས་ལས། དོགས་མ་མཐོང་བའི་རྒྱ་མཚོའི་དབུས།། མི་རྣམས་ཐམས ་ཅད་ཤི་བར་གྱུར། ། སྡུག་བསྔལ་མེད་པའི་སེམས་ཀྱིས་ནི།། བདག་གི་བརྩོན་འགྲུས་པར་ཕྱིན་འདི།། རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ།། བཟོད་པར་སྨྲ་བའི་སྐྱེ་རབས་ལས ་སེམས་མེད་པ་ལ་གཅོད་པ་བཞིན། ། བདག་ལ་རྣོ་བའི་དགྲ་ལྟ་ཡིས།། གསལ་ལྡན་རྒྱལ་པོ་ལ་མི་ཁྲོ།། བདག་གིས་བཟོད་པའི་ཕར་ཕྱིན་འདི།། དེ་ལྟར་སེམས་མེད་པའི་དངོས་པོ་བཞིན་དུ་བདག་སྡུག་བསྔལ་ཆེན་པོ་ལ་ལྷག་པར ་གནས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ།། བུ་ཞི་བ་ཆེན་པོའི་སྐྱེས་རབས་ལས།། བདེན་པའི་ཚིག་ནི་རྗེས་སུ་བསྲུང་།། བདག་གི་སྲོག་ནི་སྤངས་ནས་སུ།། རྒྱལ་རིགས་བརྒྱ་ཕྲག ་གྲོལ་བར་བྱས། ། བདག་གི་བདེན་པའི་ཕར་ཕྱིན་འདི།། དེ་ལྟར་སྲོག་སྤངས་ནས་བདེན་པ་རྗེས་སུ་བསྲུང་བ་དེ་ནི་བདེན་པའི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ།། ལྷག་པ་དང་གཞོགས་བྱེད་ན་པའི ་ཚུལ་གྱི་སྐྱེས་རབས་ལས། ཕམ་བདག་ལ་མི་དགོས་ཤིང་།། ནོར་དང་གྲགས་པའང་དགོས་པ་མེད།། བདག་ནི་ཐམས་ཅད་མཁྱེན་ལ་དགའ།། དཔྱིར་བཏུལ་གྲགས་གནས་པའོ།། དེཀར་སྲོག་གི་འདོད་པ་ཡོངས་སུ་བཏང་ནས་བ ་ཞུགས་ལ་ལྷག་པར་གནས་པ་ནི་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ།། རྒྱལ་པོ་གཅིག་གི་སྐྱེས་རབས་ལས།། གང་ཞིག་བདག་ལ་སྐྲག་བྱེད་མེད།། བདག་གིས་གང་ལའང ་འཇིགས་མ་བྱས། བྱམས་པའི་སྐབས་ཀྱི་སྟེང་གནས་ནིང་། དེ་ཚེ་སོང་པ་ཉིད་ལ་དགར།། དེ་སྐུར་སྲོག་ཡོངས་སུ་གཏོང་བ་ལ་མི་བལ་ཞིང་བྱས་པ་བྱེད་པ་དེ་རྣམས་པ་ནི་པ་རོལ་དུ་ཕྱིན་པ་སྟེ། ངན་དྲམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བ ་སྐྱེས་སོ། ། དང་བའི་སྐུའི་སྐྱེ་རབས་ལས། དུར་ཁྲོད་དུ་ནི་གནས་པར་སེམས།། རུས་གོད་ལ་ནི་བརྟེན་བྱས་ནས།། བདག་གི་གནས་སུ་ཉེ་བར་འོངས།། གཟུགས་ལ་ལྟ་བ་ཉུང་བ་མེད།། དེ་ལྟར་གྲོང་གི་ཁྱེའུ་ལ་རྟོ་ལ་སོགས་པ་བླངས་ནས ་རྡུད་པ་ཉིད་དང་། མེ་ཏོག་ཕྲེང་བ་སྤོས་ཀྱིས་ཉེ་བར་སྤྱོད་པ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་བ་སྐྱེད་ཀྱང་བཏང་སྙོམས་སུ་འདོར་བ་དེ་ནི་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྨྲས་སོ།། ་དེ་རྣམས་འདིར་འདོར་བསྡུས་པའོ།། རྒྱ་ཆེར་ཡང་སླར་འདིའི་དོན་སྨོད་པའི་སྔོ་སྔོད་ལས་བསླང་བར་བྱའོ།། དེ་ལྟར་ཕ་རོལ་དུ་ཕྱིན་པ་རྫོགས་ནས་ཐམས་ཅད་སྒྲོལ་གྱི་བདག་ཉིད་དུ་གནས་སོ།། སེམས་མེད་པ་ཡི་ས་གན་ཡི།། བདེ་དང ་སྡུག་བསྔལ་མི་ཤེས་ཀྱང་། ། བདག་གི་སྦྱིན་པའི་སྟོབས་དེ་ཡིས།། ལན་བདུན་དུ་ནི་རབ་ཏུ་གཡོས།། དེ་སྐ་ར་ས་གཞི་ཆེན་པོ་གཡོས་པ་ལ་སོགས་པ་བསོད་ནམས་ཆེན་པོ་བྱེད་ཅིང་ཆེའི་མཐར་ཤི་པོས་ཏེ་དགའ་ལྡན་དུ་སྐྱེས་སོ་ཞེས་པ ་མར་མེ་མཛད་ཀྱི་ཞབས་དྲུང་ནས་བཟུང་སྟེ་ཇི་སྲིད་དགའ་ལྡན་དུ་སྐྱེས་པ་དེ་རྣམས་ཀྱི་བར་ནི་རིང་པོའི་གཞི་ཞེས་བྱ་བར་རིག་པར་བྱའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་དགའ་ལྡན་དུ་ཞུགས་པ་ཉིད་ནས་སངས་རྒྱས་ཀྱི་སྒོ་ཆེར་སྒྲོགས ་པ་ཞེས་བྱ་བ་སྐྱེས་པ་ནི་འཇིག་རྟེན་འདིར་སྒྲ་ཆེར་སྒྲོགས་པ་གསུམ་ཐུང་སྟེ། ། བསྐལ་པའི་སྒྲ་ཆེར་སྒྲོགས་པ་དང་། སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་དང་། འཁོར་ལོ་སྒྱུར་བའི་སྒྲ་ཆེར་སྤོགས་པའོ།། དེ་ལ་ལོ་འབུམ་ཕྲག་གཅིག་གི་མཐར ་བསྐལ་པ་འཇིགས་པར་འགྱུར་རོ་ཞེས་པ་འཇིག་རྟེན་གྱི་མིང་དུ་བརྗོད་པ་ནི་འདོད་པ་ན་སྤྱོད་པའི་ལྷ་མགོ་གཡོགས་ཀྱིས་མ་བསྒྲིབས་པ་དང་། སྐྲ་གྲོལ་བ་དང་། དྲ་བའི་ཁ་ཅན་ལག་པས་མིག་གི་མཆི་མ་འཆི་བ་གོས་དམར ་པོ་གྱོན་པ་ལྷག་པར་གཟུགས་མི་སྡུག་པའི་ཆ་བྱད་འཛིན་པར་གྱུར་པའི་མི་རྣམས་ལ་མལ་འགྲོ་ཞིང་འདི་ལྟར་བརྗོད་དེ། ། འཇིག་རྟེན་པ་འདི་ནས་ལོ་འབུམ་ཕྲག་གཅིག་འདས་ནས་བསྐལ་པ་འཇིག་པར་འགྱུར་རོ།། འདི་ཡི་འཇིག ་རྟེན་རྣམས་འཇིག་པར་འགྱུར་རོ། ། རྒྱ་མཚོ་ཆེན་པོ་ཡང་བསྐམས་པར་འགྱུར་རོ།། ས་བཞི་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་ཀྱང་ཐལ་བར་འགྱུར་ཅིང་འཇིག་གོ། ཚངས་པའི་འཇིག་རྟེན་གྱི་བར་དུ་འཇིག་རྟེན་འཇིག་པར་འགྱུར་རོ། ་ཞེས་བརྗོད་དོ།། འཇིག་རྟེན་པ་རྣམས་བྱམས་པ་བསྒོམས་ཤིགེ་སྙིང་རྗེ་སྒོམས་ཤིག། དགའ་བ་བསྒོམས་ཤིག། བཏང་སྙོམས་བསྒོམས་ཤག། མལ་རིམ་གྲོ་གྱིས་ཤིག། ཕལ་རིམ་འགྲོ་གྱིས་ཤིག། རིགས་ཀྱི་གཙོ་བོ་ལར་མེ ་འགྲོ་གྱིས་ཤིག་ཅེས་པ་འདི་ནི་བསྐལ་པའི་སྒྲ་ཚེར་སྤོགས་པ་ཞེས་བྱའོ། ། ལོ་སྟོང་ཕྲག་གཅིག་འདས་ནས་སླར་ཡང་སངས་རྒྱས་ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་བྱོན་ནོ་ཞེས་བརྗོད་པ་འདི་འཇིག་རྟེན་སྐྱོང་བའི་ལྷ་རྣམས་འདི་ནས ་འཇིག་རྟེན་པ་རྣམས་ལོ་སྟོང་ཕྲག་གཅིག་འདས་ནས་གཞན་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་ནོ་ཞེས་རྗོད་ཅིང་སྒྲ་ཆེར་སྒྲོགས་པས་རྒྱུ་བ་འདི་ནི་སངས་རྒྱས་ཀྱི་སྒྲ་ཆེར་བློས་པ་ཞེས་བྱ་བ་ཡིན་ནོ། ། གཞན་ཡང་ལོ་བརྒྱ་འདས་ནས ་འཁོར་ལོས་གྱུར་བའི་རྒྱལ་པོ་བྱིན་ནོ་ཞེས་རྗོད་པ་ནི་མྦ་ཉྀད་དེ། ། འཇིག་རྟེན་པ་རྣམས་ལོ་བརྒྱ་འདས་ད་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱོན་ནས་སྒྲ་ཆེར་རྗོད་ཅིང་རྒྱུབ་འདི་ནི་འཁོར་ལོས་སྒྱུར་བའི་སྒྲ་ཆེར་སྒྲོགས་པཞི ་བྱབ་ཡིན་ནོ། ། སུམ་པོ་འདི་ནི་སྒྲ་ཆེར་སྒྲོགས་པ་ཡིན་ནོ།། དེ་རྣམས་ལས་སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་ཐོས་ནས་སྟོང་ཕྲག་བཅུའི་འཁོར་ཡུག་གི་ལྷ་ཐམས་ཅད་གནས་གཅིག་དུ་འདུས་ཏེ་ཆེ་གེ་མོ་ཞེས་བྱ་བའི་བྱེང་ཆུབ ་སེམས་དཔའ་སངས་རྒྱས་སུ་འགྱུར་བར་རྟོགས་ནས་ཞུ་བའི་ཕྱིར་ཉེ་བར་སོང་སྟེ། ཞུས་ནས་ཀྱང་སྔར་གྱི་མཚན་མ་སྐྱེས་པ་ལ་ཞུས་སོ།། དེའི་ཚེ་སླར་ཡང་ཐམས་ཅད་ཀྱི་རེ་རེའི་ཁོར་ཟུག་གི་རྒྱལ་པོ་ཆེན་པོ་བཞིའི་རིས་དང་། བརྒྱ་བྱིན་དང་མཐའ ་བྲལ་དང་དགའ་ལྡན་དང་འཕྲལ་དགའ་དང་གཞན་འཕྲུལ་དབང་བྱེད་དང་། ཚངས་པ་ཆེན་པོ་དང་བཅས་པའི་ལྷ་དང་། ཁོར་ཡུག་གི་ལྷ་རྣམས་འདུས་པའོ།། དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ། དྲང་སྲོང ་ཆེན་པོ་ཁྱོད་ཀྱིས་ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་པ་ནི་བརྒྱ་བྱིན་གྱི་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་མ་ཡིན། བདུད་ཀྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་དོན་དུ་གཉེར་བ་རྫོགས་པར་བྱ་བའི་ཕྱིར་མ་ཡིན་འཁོར་ལོས་སྒྱུར་བའི ་ཕུན་སུམ་ཚོགས་པའི་ཕྱིར་དོན་དུ་གཉེར་བ་རྫོགས་པར་བྱ་བའི་ཕྱིར་མ་ཡིན་ནོ། ། གཞན་ཡང་འཇིག་རྟེན་བསྒྲལ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་ཕྱིར་རྫོགས་པར་བྱེད་དོ།། དེ་རྣམས་ནི་ད་ལྟའི་དུས་ནས ་དྲང་སྲོང་ཆེན་པོ་སངས་རྒྱས་སུ་འགྱུར་བའི་དུས་ནི་དྲང་སྲོང་ཆེན་པོ་སངས་རྒྱས་སུ་འགྱུར་ཞེས་ཞུས་སོ། ། སེམས་དཔའ་ཆེན་པོ་ལྷ་ལ་གནང་བ་མ་བྱིན་ཏེ།། དུས་དང་གླིང་དང་ཡུལ་དང་རིགས་དང་ཡུམ་དང་།། ཚེ་དང་ཚེའི་བྱེ་བྲག ་ལྷག་མ་ལས་མེད་དོ། ། ཆེན་པོ་ལྔ་པོ་ཞེས་བྱ་བ་ལེགས་པར་གཟིགས་ཤིང་གཟིགས་སོ།། དེ་ལ་དུས་དང་དུས་མ་ཡིན་པ་ཞེས་བྱ་བ་སྟེ། དང་པོ་དུས་ལ་གཟིགས་སོ།། དེ་ལ་ལོ་འབུམ་ཕྲག་གཅིག་གི་ཐོག་མ་ནས་འཕེལ་བ་ནི་ཚེའི ་དུས་དང་དུས་མ་ཡིན་པའོ། ། གང་གི་ཕྱིར་དེའི་ཚེ་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་རྒ་བ་ད་འཆི་བ་རྣམས་ལ་གཟིགས་སོ།། སངས་རྒྱས་རྣམས་ཀྱི་ཆོས་སྟོན་པ་ནི་མཚན་ཉིད་ལྔ་སྤངས་ནས་གཞན་པ་ནི་མེད་དོ།། དེ་རྣམས་ནི་མི ་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་སྟོན་ཅིང་འདི་རྣམས་ཅིའི་ཕྱིར་འཆད་པ་ཉིད་མི་ཉན་པ་དང་མི་དད་པ་དང་མི་སེམས་པའོ།། དེ་ནི་དུས་མ་ཡིན་ནོ།། དེའི་ཕྱིར་མི་སེམས་པ་དང་མ་ངེས་པའི་བསྟན་པ་ཡིན་ནོ།། དེའི་ཕྱིར ་དེ་ནི་དུས་མ་ཡིན་པའོ། ། ལོ་བརྒྱ་པ་དམན་པས་ཚེའི་དུས་ཀྱང་དེའི་དུས་མ་ཡིན་ནོ།། གང་གི་ཕྱིར་དེའི་ཚེ་སེམས་ཅན་ཉོན་མོངས་པ་ཤིན་དུ་ཆེ་བ་ཡིན་ནོ།། ཉོན་མོངས་པ་ཤིན་དུ་ཆེ་བས་གདམས་པ ་ན་ནོ། ། གདམས་པ་ལ་མི་གནས་ན་ཆུ་ལ་དབྱུག་པ་རྒྱབ་པའི་རི་མོ་བཞིན་མྱུར་དུ་འགག་གོ། དེའི་ཕྱིར་དེ་ཡང་དུས་མ་ཡིན་པའོ།། ལོ་འབུམ་ཕྲག་གཅིག་ནས་བཟུང་བའི་འོག་ཏུ་ལ་བརྒྱ་པའི་མགོར་ཚེའི་དུས་ཏེ་དུས་ཞེས་བྱ་བ ་ཡིན་ནོ། ། དེའི་ཚེ་ཡང་ལོ་བརྒྱ་པ་ཡིན་ནོ།། དེ་ནས་སེམས་དཔའ་ཆེན་པོ་སྐྱེ་བར་རིགས་སོ་ཞེས་དུས་ལ་གཟིགས་སོ།། དེ་ནས་གླིང་ལ་གཟིགས་ཏེ་གླིང་བཞི་འཁོར་དང་བཅས་པ་ལ་གཟིགས་ནས་གླིང་གསུམ་པོ་རྣམས་སུ་སངས་རྒྱས་མི ་འབྱོན་ནོ། ། འཛམ་ཟེའི་གླིང་ཉིད་དུ་འབྱོན་ནོ།། གླིང་ལ་གཟིགས་པའོ།། དེ་ནས་འཛམ་བུའི་གླིང་ཞེས་བྱ་བ་དཔག་ཚད་སྟོང་ཕྲག་བཅུའི་ཚད་ཀྱིས་ཆེ་བའོ།། ཡུལ་གྱི་ཕྱོགས་གང་ཞིག་ཏུ་སངས་རྒྱས་བྱོན་པར་འགྱུར་ཞེས་ཡངས་ཤིང་གྲོལ ་བའི་གནས་བལྟ་ཞིང་ཡུལ་དབུས་ལ་གཟིགས་ཏེ་ཡུལ་དབུས་ཞེས་བྱ་བ་ནི་ཤར་གྱི་ཕྱོགས་ན་ཀ་ཛ་མ་ག་ལ་ཞེས་བྱ་བའི་གྲོང་རྡལ་ལོ། ། དེའི་ཕ་རོལ་ན་ཤིང་སཱ་ལ་ཆེན་པོའོ།། དེ་ནས་གཞན་ཡང་བས་མཐའི་ལྗོངས་ཉེ་བའི་ནང་ངོ་།། ་ཤར་ལླེའི་མཚམས་སུ་སྦལ་ཅན་ཞེས་བྱ་བའི་ཆུ་ཀླུང་ངོ་།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། ལྷོ་ཕྱོགས་སུ་ས་ཏ་ཀར་ཎི་ཀ་ཞེས་བྱ་བའི་གྲོང་རྡལ་ལོ།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། ་ཆུབ་ཕྱོགས་ཀ་བ་ཞེས་བྱ་བ་བྲམ་ཟེའི་གྲོང་རྡལ་ལོ།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། བྱང་གི་ཕྱོགས་ཨུ་ཤཾ་ར་རིའོ།། དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ་།། འདི་ལྟར་འདྲལ་བར ་བཤད་ཅིང་བསྟན་ནོ། དཀྱུས་སུ་དཔག་ཆད་སུམ་བརྒྱའོ།། ཞེང་དུ་དཔག་ཚད་བྱེད་དང་སུམ་བརྒྱའོ།། མཐའ་སྐོང་ལ་དཔག་ཚད་དགུ་བརྒྱའོ།། ཡུལ་ཕྱོགས་དེ་རྣམས་སུ་ནི་སངས་རྒྱས་དང་རང་སངས་རྒྱས་དང་།། ཉན་ཐོས་མཆོག ་ནམས་དང་། ཉན་ཐོས་ཆེན་པོ་བརྒྱད་བཅུ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གཞན་ཡང་སྐྱེས་བུ་ཆེན་པོར་གྲགས་པའི་རིགས་དང་། བྲམ་ཟེའི་རིགས་དང་། ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་བདག་རྣམས་འཁྲུང ་འི་གནས་སོ། ། དེ་རྣམས་ལས་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་འདིའོ།། དེར་བདག་འཁྲུང་བར་རིགས་སོ་ཞེས་ཐུགས་ཀྱིས་ངེས་པར་བྱས་སོ།། དེ་ནས་རིགས་ལ་གཟིགས་པ་ཞེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བ་རྗེའུའི་རིགས་སམ། ་གདོལ་པའི་རིགས་ལ་མི་འཁྲུང་ངོ་།། སླར་ཡང་འཇིག་རྟེན་པ་མོས་པའི་རྒྱལ་རིགས་སམ་བྲམ་ཟེའི་རིགས་གཉིས་ལ་འཁྲུང་ངོ་།། ད་ལྟར་ནི་རྒྱལ་རིགས་ལ་འཇིག་རྟེན་པ་སེམས་སོ།། དེ་ལ་འབྱུང་ངོ་།། བདག་གི་ཡབ་ནི་ཟས་གཙང་མ ་ཞེས་བྱ་བའི་ཡིན་ཏེ་རིགས་ལ་གཟིགས་སོ། ། དེ་ནས་ཡུམ་ལ་གཟིགས་ཏེ་འདོད་པ་དང་ཆད་ལ་དགའ་བ་ནི་སངས་རྒྱས་ཀྱི་ཡུམ་ཞེས་བྱ་བ་མ་ཡིན་ནོ།། གཞན་ཡང་བསྐལ་པ་འབུམ་ཕྲག་གཅིག་ལ་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱས ་ནས་འཁྲུང་ངོ་། ། ཉམས་པ་མེད་པའི་ཚུལ་ཁྲིམས་ལྔ་པོ་ཉིད་ལེན་ནོ།། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་འདི་དེ་དང་འདྲ་བ་བདག་གི་ཡུམ་ཡིན་ནོ།། གཞན་ཡང་གང་དེ་ཙམ་གྱི་ཚེའོ།། ཟླ་བ་བཙུའ་མགོ་ནས་ཞག་བདུན་དུ་གཟིགས ་སོ། ། འདི་ན་ཆེན་པོ་ལྔ་ལ་གཟིགས་སོ།། གཟིགས་ནས་དྲང་སྲོང་ཆེན་པོ་བདག་གི་དུས་ཏེ་སངས་རྒྱས་སུ་འགྱུར་བའི་ལྷ་རྣམས་ཀྱིས་ཚིག་གིས་གནང་ངོ་།། ཁྱེད་རྣམས་གཤེགས་པར་ཞུས་ཞེས་ལྷ་དེ་རྣམས་བཏང་ནས་དགའ་ལྡན ་གྱི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། ། དགའ་ལྡན་གྱི་དགའ་བའི་ཚལ་དུ་ཞུགས་སོ།། འཇིག་རྟེན་གྱི་ལྷ་ཐམས་ཅད་དགའ་བའི་ཚལ་ན་ཡོད་པ་ཉིད་དོ།། དེ་ལ་འདིའི་ལྷ་འདི་ནས་ཤི་འཕོས་ནས་བདེ་བའི་འགྲོ་བར་སྐྱེས་ཏེ་འདི ་ནས་ཤི་འཕོས་ནས་བདེ་བའི་འགྲོ་བར་སྐྱེས་སོ། ། སྔར་བྱས་པའི་དགེ་བའི་ལས་བྱས་པ་རྗེས་སུ་དྲན་ཞིང་རྒྱུའོ།། དེ་དེ་ལྟར་ལྷ་རྣམས་ཀྱིས་དགེ་བ་རྗེས་སུ་དྲན་པ་རྣམས་འཁོར་དུ་བྱས་ཤིང་དེ་ལྟར་ཆུའོ།། ཤིང་འཕོས་ནས་ལྷ་མོ་སྒྱུ་འཕྲུལ་མ ་ཆེན་མོའི་མངལ་དུ་ཞུགས་སོ། ། དེ་ལ་ལེགས་པར་བརྗོད་པའི་ཕྱིར་འདི་གི་རིམས་བཞིན་དུ་སྔོན་གྱི་གཏམ་བརྗོད་དོ།། དེའི་ཚེ་གྲོང་ཁྱེར་སེར་སྐྱར་དབྱར་ཟླ་འབྲིང་པོའི་རྒྱུ་སྐར་དུ་བརྗོད་པར་སྐྱེ་བོ་ཐམས་ཅད་རྒྱུ་སྐར་ལ ་ཅེཞིང་ལྷ་མོ་སྒྱུ་འཕྲུལ་ཆེན་པོ་ཡང་ཉའི་སྤུན་དུ་ཞག་བདུན་ནས་མེ་ཏོག་གི། ཕྲེང་བ་དང་སྤོས་ཀྱི་འབྱོར་པ་དང་ལྡན་པས་རྒྱུ་སྐར་ལ་རྩེ་ཞིང་ལོངས་སྤྱོད་དོ།། ཞག་བདུན་གྱི་མཐར་སྔ་དྲོ་ལངས་ནས་དྲི་བཟང་གི་ཆུས་ཁྲུས་བྱས་ཏེ། འབུམ ་ཟག་བཞིའི་ལོངས་སྤྱོད་སྤེལ་ཏེ། སྦྱིན་པ་ཆེན་པོ་བཏབ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན།། ཁ་ཟས་བཟང་པོ་ཟོས་ཏེ། གསོ་སྦྱོང་ཡན་ལག་བརྒྱད་པ་ལ་གནས་སོ།། རྒྱན་དུ་བྱེད་པ་ལ་རིག་པའི་དཔལ་གྱི་ཁང་པའི་ནང་དུ་ཞུགས་ནས ་དཔལ་གྱི་ལ་ཆ་ཉལ་ཏེ་གཉིད་དུ་སོང་ནས་འདི་ལྟ་བུའི་རྨི་ལམ་མཐོང་ངོ་། ། རྒྱལ་པོ་ཆེན་པོ་བཞི་པོས་མལ་བསྟན་དང་བཅས་པ་ཉིད་བླངས་ནས་གངས་ཅན་གྱི་ནང་དུ་སོང་ངོ་།། དཔག་ཚད་དྲུག་བཅུ་པའི་མན་ཤི་ལའི་སྟེང་དུ་དང་དཔག་ཚད ་བདུན་པའི་ཤིང་ས་ལ་ཆེན་པོའི་འོག་ཏུ་བཞག་ནས་ཕྱོགས་གཅིག་དུ་འཁོད་དོ། ། དེ་ནས་དེའི་ལྷ་མོ་འོངས་ནས་ལྷ་མེ་རྒྱུ་འཕྲུལ་མ་ཆེན་མོ་མཚེ་མ་འདྲོས་པར་ཁྲིད་དོ།། མིའི་དྲི་མ་གསལ་བའི་ཕྱིར་ཁྲུས་བྱས་ཏེ།། ལྷའི་གེས ་གྱོན་ནས་དྲི་བཟང་པོས་འབྱུག་ཅིང་ལྷའི་མེ་ཏོག་འདོགས་སོ། ། དེ་ནས་མི་རིང་བར་དངུལ་གྱི་རི་དེའི་ནང་ན་གསེར་གྱི་གཞལ་ཡས་ཁང་འདུག་གོ། དེར་ཤར་དུ་མགོ་བསྟན་པའི་ལྷའི་མལ་ཆ་ལ་དེར་ཉོལ་ཞེས་ཟེར་ནས་ཉལ་ལོ།། དེ་ནས་བྱང ་ཆུབ་སེམས་དཔའ་གླང་པོ་ཆེ་དཀར་པོ་ཅིག་དུ་གྱུར་ཏོ། ། དེ་ནས་མི་རིང་བར་གསེར་གྱི་རིགཅིག་ལ་དེར་འཛེག་ཅིང་དེ་ནས་མར་བབས་ནས། དངུལ་གྱི་རི་ལ་འཇོག་གོ།། བྱང་གི་ཕྱོགས་ནས་འོངས་ཏེ། དངུལ་གྱི་ཕྲེང་བ་དང་མཚུངས་པའི་གླང ་པོ་ཆེའི་སྣས་པད་མ་དཀར་པོ་འཛིན་ཅིང་། གླང་པོ་ཆེའི་སྒྲ་སྒྲོགས་པས་གསེར་གྱི་གཞལ་ཡས་ཁང་དུ་ཞུགས་ཏེ། རང་གི་མལ་ཆ་ལ་ལན་གསུམ་དུ་སྐོར་བ་བྱས་ནས་གློ་གཡས་པ་ཕུག་ནས་ལྷོར་ཞུགས་པ་བཞིན་དུ་གྱུར་ཏེ།། དེ་ལྟར ་བྲེའི་སྐར་མ་མཆོག་ལ་ལྷུམས་སུ་ཞུགས་སོ། ། ཉི་མ་གཉིས་པ་ལ་དེའི་སྔ་དྲོ་སང་དེ་ལྷ་མོས་རྒྱལ་པོ་ལ་རྨི་ལམ་རྣམས་སྨྲས་སོ།། རྒྱལ་པོས་བྲམ་ཟེ་དྲུག་བཅུ་རྩ་བཞི་པོས་ནས་མེ་ཏོག་ཕྲེང་བ་ལ་སོགས་པ་དང་། བཀྲ་ཤིས་དང ་ཏ་ཤ་སྟང་བྱེད་ཅིངས་ལམལ་སྟན་ཆེན་པོ་བཤམས་ཏེ་དེ་ལས་བཞུགས་པའི་བྲམ་ཟེ་རྣམས་ལ་མར་གསར་དང་སྦྲང་རྩི་དང་ཀར་རྣམས་དང་བསྲེས་པའི་འོ་ཐུག་རྣམས་གསེར་དང་དངུལ་ལས་བྱས་པའི་སྡེར་མ་བཀང་སྟེ་གསེར་དང་དངུ ་སྔ་མས་སོ་སར་བཀབ་ནས་བྲམ་ཟེ་རྣམས་ལ་ཕུལ་ལོ། ། གཞན་ཡང་རྒྱལ་པོ་གྱོན་པ་དང་མཚུངས་པའི་གོས་དང་གསེར་རྒྱ་མ་ལ་སོགས་པ་བྱིན་ནས་དེ་རྣམས་ཆིས་པར་བྱས་སོ།། དེ་ནས་དེ་ཐམས་ཅད་འདོད་པ་ཐམས་ཅད་ཀྱི་ཆོམ་པར ་གྱུར་ནས་རྨི་ལམ་བཤད་དེ་ཅི་འདྲ་བར་འགྱུར་ཞེས་དྲིས་སོ། ། བྲམ་ཟེ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འཇིགས་པར་མ་བྱེད་ཅིག། ཁྱོད་ཀྱི་ལྷ་མོའི་ལྕེའི་ནང་དུ་སེམས་ཅན་བཞུགས་ཏེ། དེ་ཡང་ནང་གི་དེ་སྐྱེས་བུའོ།། མངལ་གྱི ་ནང་གི་དེ་ལྟ་བུ་མོ་ནི་མ་ཡིན་ནོ། ། དེ་ཁྱེད་ཀྱི་སྲས་པོར་འགྱུར་རོ།། དེ་གལ་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། གལ་ཏེ་ཁྱིམ་སྤངས་ནས་རབ་ཏུ་བྱུང་ན་སངས་རྒྱས་པར་འགྱུར་རོ།། འཇིག་རྟེན་དུ་བཟློག་ནས ་སླང་ཁྱིམ་ན་གནས་ནས་སྐྱེ་བ་མེད་དོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་ཡུམ་གྱི་མངལ་དུ་ཞུགས་པ་དེ་མ་ཐག་ཏུ་ཐུན་ཅིག་ཉིད་ལ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་གཡོས་སོ།། ཡང་དག་པར ་རབ་ཏུ་གཡོས་སོ། ། ཡང་དག་པར་སྒྲ་སྒྲོགས་སོ།། མཚན་མ་སུམ་བཅུ་རྩ་གཉིས་སྔོན་གྱི་མཚན་མར་གྱུར་ཏོ།། སྟོང་ཕྲག་བཅུའི་ཁོར་ཡུག་རྣམས་སུ་སྣང་བ་ཚད་མེད་པར་ཁྱབ་ཅིང་གནས་སོ།། དེ་འམ་དེའི་དཔལ་བལྟ་བ་འདི ་ལྟ་བུ་སྟེ་ལེང་བ་རྣམས་ཀྱིས་མིག་ཐོབ་པོ། ། འོན་པ་རྣམས་ཀྱིས་རྣ་བས་སྒྲ་ཐོས་སོ།། ལྐུགས་པ་རྣམས་ཀྱིས་སྨྲ་ཤེས་སོ།། སྒུར་པོ་རྣམས་དྲང་པོར་གྱུར་ཏོ།། གོང་པོ་རྣམས་ཀྱིས་འགྲོ་ཤེས་པར་གྱུར་ཏོ།། བཅིངས་པའི་སེམས ་ཅན་ཐམས་ཅད་ནི་རྗེས་སུ་བཅིངས་པ་ལས་གྲོལ་བར་གྱུར་ཏོ། ། དམྱལ་བ་ཐམས་ཅད་ཀྱི་མེ་ཞི་བར་གྱུར་ཏོ།། ཡི་དགས་ཀྱི་ཡུལ་པ་རྣམས་བཀྲེས་པ་དང་སྐོམ་པ་ཞི་བར་གྱུར་ཏོ།། དུད་འགྲོ་རྣམས་ཕན་ཚུན་འཇིགས ་པ་མེད་པར་གྱུར་ཏོ། ། སེམས་ཅན་ཐམས་ཅད་ཀྱི་ནད་ཞི་བར་གྱུར་ཏོ།། སེམས་ཅན་ཐམས་ཅད་དགའ་ཞིང་དུ་སྨྲ་བར་གྱུར་ཏོ།། རྟ་རྣམས་སྐད་སྙན་པའི་རྣམ་པར་གྱུར་ཏོ།། གླང་པོ་རྣམས་ནི་སྒྲ་སྒྲོགས་སོ།། རོལ་མོ་རྣམས ་རད་ཟུང་རང་ཟུང་གི་སྒྲ་སྒྲོགས་སོ། ། མི་རྣམས་ཀྱི་རྐང་པ་དང་ལག་པའི་རྒྱན་རང་རང་མ་རེག་པར་སོ་སོར་འབྱིན་ཏོ།། ཕྱོགས་ཐམས་ཅད་རབ་ཏུ་དངས་པར་གྱུར་ཏོ།། སེམས་ཅན་རྣམས་བདེ་བ་བསྐྱེད་པའི་ཕྱིར་རླུང ་འཇམ་པོ་ལྡང་བར་གྱུར་ཏོ། ། དུས་མ་ཡིན་པར་སྤྲིན་ལ་ཆར་འབབ་པོ།། ས་ལ་ཆུ་བྱུང་ནས་ཕྱོགས་ཐམས་ཅད་ཆུར་གྱུར་ཏོ།། བྱ་རྣམས་རྣམ་མཁའ་ལ་འགྲོ་བ་སྤོང་ངོ་།། ཆུ་ཀླུང་རྣམས་འགྲོ་བ་མེད་པར་གནས་སོ།། རྒྱ་མཚོ ་ཆེན་པོའི་ཆུ་ནི་དངར་བར་གྱུར་ཏོ། ། གནས་ཐམས་ཅད་ཉིད་དུ་ཁ་དོག་ལྔ་པའི་པད་མས་སའི་སྟེང་ཐམས་ཅད་ཁྱད་པར་གྱུར་ཏོ།། ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཁ་བྱེ་བར་གྱུར་ཏོ།། ལྗོན་ཤིང་རྣམས་ཀྱི་སྡོང་པོ་ལ་སྡོད ་པོའི་པད་མའི་མེ་ཏོག་གོ། ཡལ་ཁ་རྣམས་ལ་ཡལ་ཁའི་པད་མའི་མེ་ཏོག་གོ།། འཁྲིལ་ཤིང་རྣམས་ལ་འཁྲིལ་ཤིང་གི་པད་མའི་མེ་ཏོག་ཁ་བྱེའོ།། ཐང་དང་རྡོའི་སྟེང་དུ་བརྟོལ་ནས་སྟེང་ནས་སྟེང་དུ་བདུན་བདུན་དུ་གྱུར་ནས ་ངན་ན་པད་མ་ཞེས་བྱ་བ་སྲུང་ངོ་། ། ནམ་མཁའ་ནས་མཐར་དྲ་པད་མ་འབྱུང་ངོ་།། ཐམས་ཅད་དུ་མེ་ཏོག་གི་ཆར་འབབ་བོ།། ནམ་མཁའ་ལ་ལྷའི་རོལ་མོའི་སྔ་སྒྲོགས་སོ།། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་མེ་ཏོག་བདུག་སྤོས་དང་དྲིཆབ་མཆོག་ཏུ་བཀལ་པ་བབང་བར་གྱུར་ཏོ། ། འདི་སར་བྱང་ཆུབ་སེམས་དཔའ་མངལ་དུ་ཞུགས་པ་ཉིད་ནས་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་མམས་དཔའི་ཡུམ་ཁྱེན་པར་འ ་བཟློག་པའི་ཕྱིར་རལ་གྲི་ལག་ཏུ་ཐོགས་པའི་ལྷའི་བུ་བ་ཞེས་སྲུང་བར་བྱེད་དོ། ། བྱང་ཆུབ་སེམས་དཔའི་ཡུམ་ནི་སྐྱེས་པ་ལ་འདོད་ཆགས་མི་སྐྱེ་ཞིང་། རྙེད་པ་དང་གྲགས་པ་ཐོབ་པར་གྱུར་ཏོ།། སྐྱིད་པ་སྐུལ་དུབ་པ་མེད ་པར་བྱང་ཆུབ་སེམས་དཔའ་དེ་ཡང་རཱམ་དུ་ཞུགས་ནས། ནོར་བུ་རིན་པོ་ཆེ་རབ་ཏུ་དངས་པ་སྲད་བུ་དམར་པོ་ལ་བརྒྱུས་པ་བཞིན་དུ་མཐོང་ངོ་།། གང་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ཞུགས་པའི་རུམ་ཞེས་བྱ་བ་ནི་མཆོད་རྟེན ་གྱི་ནང་བཞིན་དུ་སེམས་ཅན་གཞན་གྱིས་རེག་པ་དང་ལོངས་སྤྱོད་པར་མི་ནུས་སོ། ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཡུམ་བྱང་ཆུབ་སེམས་དཔའ་འཁྲུངས་ནས་ཞག་བདུན་ནས་དུས་ལས་འདས་ནས་དགའ་ལྡན་དུ་སྐྱེ་བར་འགྱུར། ་ཏོ།། ཇི་ལྟར་ཡང་བུད་མེད་གཞན་ཟླ་བ་བཅུ་ལས་དམན་པ་འམ། ལྷག་པ་འམ། འདུག་པ་འམ། ཉལ་ནས་སྐྱེའོ།། བྱང་ཆུབ་སེམས་དཔའི་ཡུམ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་རུམ་དུ་བསྲུངས ་རས་འགྲེངས་པ་ལ་སྐྱེའོ། ། འདི་ནི་བྱང་ཆུབ་སེམས་དཔའི་ཡུམ་ཐམས་ཅད་ཀྱི་ཆོས་ཉིད་དོ།། ལྷ་མོ་རྒྱུ་འཕྲུལ་མ་ཆེན་མོ་ཡང་སྣོད་ཀྱི་ནང་གི་འབྲུ་མར་བཞིན་དུ་བྱང་ཆུབ་སེམས་དཔའ་བཟླ་བ་བཅུར་རུམ་དུ་འཚེ་ཞིང་རུང ་ཡོངས་སུ་རྫོགས་ནས་གཉེན་གྱི་གྲོང་དུ་འགྲོའོ་ཞེས་རྒྱལ་པོ་ཆེན་པོ་ཟས་གཙང་གི་དྲུང་དུ་སྨྲས་སོ། ། ལྷ་རིགས་ཀྱི་རྒྱུད་ཀྱི་གྲོང་བྱེར་ཆེན་པོར་ལྷ་བསྟན་དུ་བདག་འགྲོ་བར་འདོད་དོ།། རྒྱལ་པོས་ལེགས་སོ་ཞེས་བརྗོད་ན ་གནང་ངོ་། ། སེར་སྐྱའི་གཞི་དང་། གྲོང་ཁྱེར་ཝ་བསྟན་གཉིས་ཀྱི་བར་གྱི་ལམ་མཚུངས་པར་བྱས་ནས།། ཆུ་ཤིང་དང་། བྲམ་པ་གང་བ་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་འཛུགས་སུ་བཅུག་ནས་ལྷ་མོགས ་གྱི་དོ་ལལ་བཞུགས་ཏེ། བློན་པོ་སྟོང་ཕྲག་གཅིག་གིས་བཏེག་སྟེ་འཁོར་མང་པོ་དང་བཅས་པ་བཏང་ངོ་།། གྲོང་ཁྱེར་གཉིས་ཀྱི་བར་དུ་ཡང་གཉིས་ཀའི་གྲོང་ཁྱེར་བ་གནས་པའི་ལུམ་བི་ནའི་ཚལ་ཞེས་བྱ་ལ་ཀྲ་ཤེས་པའི ་ཤིང་སཱ་ལའི་ཤིང་ཡོད་དོ། ། དེའི་དུས་སུ་རྩ་བ་ནས་རྩེ་མོའི་ཡལ་གའི་བར་ཐམས་ཅད་དུ་བར་མ་ཆད་པར་མེ་ཏོག་ཁ་བྱོ་བར་གྱུར་ཏེ།། ཡལ་གའི་བར་ཉིད་དང་། མེ་ཏོག་གི་བར་ཁ་དོག་སྣ་ལྔའི་པའི་བུང་བ་མང་པོ་ལྡ ་པ་དང་གནམ་ལ་སྣ་ཚོགས་པའི་བྱ་མང་པོའི་ཚོགས་ནི་བསྟན་པའི་སྒྲ་དབྱངས་སྒྲོགས་ཤིང་། སྤྱོད་དོ།། ལུམ་བི་ནའི་ཚལ་ཐམས་ཅད་ནི་ཤིང་རྟ་སྣ་ཚོགས་པའི་ཚལ་བཞིན་དུ་མཐུ་དང་དབང་ཕྱུག་ནི་རྒྱལ་པོའི་མཛེས་པར་བྱས་པའི་མདུནས ་ལྟ་བུ་དེ་ལྷ་མོས་གཟིགས་ནས་ཤིང་སཱ་ལའི་ཚལ་དུ་རྩེ་བར་བསམས་པ་སྐྱེས་སོ། ། བློན་པོ་རྣམས་ཀྱིས་ལྷ་མོ་བཏེ་གནས་ཤིང་སཱ་ལའི་ཚལ་དུ་བཞུགས་སོ།། དེ་བཀྲ་ཤིས་པའི་ཤིང་སཱ་ལའི་རྩ་བར་གཤེགས་ཏེ་རེས ་ཤིང་སཱ་ལའི་ཡལ་ག་བཟུང་བར་སེམས་པར་གྱུར་ཏེ། དེས་ཤིང་སཱ་ལའི་ཡལ་གཤིན་ཏུ་ལེགས་པ་མེ་ལ་སྲོས་ནས་བཀུག་པ་བཞིན་དུ་མདུད་པ་ལ་ལྷ་མོའི་ལག་པར་ཉེ་བར་འཕྱང་ངོ་།། དེའི་ལག་པ་བརྐྱང་ནས་ཡལ་གའི་རྩེ་མོ ་བཟུང་ངོ་། ། དེ་མ་ཐག་ཏུ་ལས་ཀྱི་རླུང་གིས་བསྐྱོད་དོ།། དེ་ནས་དེའི་ཕྱོགས་ཀུན་ཏུ་ཡོལ་བ་བྱས་ནས་སྐྱེ་བོ་ཐམས་ཅད་ཕྱིར་རིང་དུ་གྱུར་སྟེ་ཤིང་སཱ་ལའི་ཡལ་ག་བཟུང་ནས་འདུག་པ་ཉིད་ལ་དེ་ལྟར་དེའི་མངལ་ནས་བལྟམས་པར ་གྱུར་ཏོ། ། དེ་མ་ཐག་རྣམ་པར་དག་པའི་སེམས་དང་ལྡན་པའི་ཚངས་པ་བཞི་པོས་གསེར་གྱི་དྲ་བ་བླངས་ནས་སླེབ་པོ།། དེ་རྣམས་ཀྱིས་དེར་གསེར་གྱི་དྲ་བས་བྱང་ཆུབ་སེམས་དཔའ་བླངས་ཏེ་ཡུམ་གྱི་མདུན་ན་འདུག་གོ།། ལྷ་མོ ་སེམས་སྡུག་བསྔལ་བར་མ་བྱེད་ཅིག། ཁྱེད་ཀྱི་སྲས་དབང་ཕྱུག་དང་གྲགས་པ་དང་བཅས་པ་བལྟམས་སོ་ཞེས་སྨྲས་སོ།། དེ་ལྟར་ཡང་སེམས་ཅན་གཞན་རྣམས་མའི་རུམ་ནས་མཐོན་པ་ན་མི་གཙང་བས་གོས་ཤིང་སྐྱུག ་ཐོ་བ་ཅན་མཐོན་ནོ། ། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ནོ།། གཞན་ཡང་ཆོས་ཀྱི་ཁྲི་ནས་ཆོས་འཆད་པ་འབབ་པ་བཞིན་དང་སྐས་ལ་འབབ་པའི་སྐྱེས་བུ་བཞིན་དུ་ལག་པ་གཉིས་དང་རྐང་པ་གཉིས་བརྐྱང་ནས་འདུག་པ་ཉིད ་བཞིན་ནོ། ། མའི་རུ་མ་ནས་མི་གཙང་བར་ཅུང་ཟད་ཀྱིས་ཀྱང་མ་གོས་པར་དག་ཅིང་འཇིགས་པ་མེད་པ་བཞིན་ནོ།། ཡུལ་ཀ་ཤི་ཀའི་རས་ཀྱི་ནང་དུ་ནོར་བུ་རིན་པོ་ཆེ་བཅུག་པ་བཞིན་དུ་འོད་འགྱེད་ཅིང་ཡུམ་གྱི་རུམ་ནས་འདོན་ནོ།། དེ་ལྟར་གྱུར། ་པའི་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའི་ཡུམ་དེ་དག་པར་བྱ་བའི་ཕྱིར་ནམ་མཁའ་ནས་ཆུའི་རྒྱུན་གཉིས་བབས་པས་བྱང་ཆུབ་སེམས་དཔའ་དང་ཡུམ་གྱི་སྐུ་དག་པར་བྱས་སོ།། དེ་ཡང་གསེར་གྱི་དྲ་བས་བླངས་ནས་འཚངས ་པ་འདུག་པའི་ལག་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་བཀྲ་ཤིས་པ་དང་། བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་གཟིག་གི་སྤགས་པས་སྔར་གྱི་བཞིན་དུ་བླངས་སོ།། དེ་རྣམས་ཀྱི་ལག་ནས་མི་རྣམས་ཀྱིས་དུ་གུ་ལའི་རས་ཀྱི་སྟེང་དུ་བླངས ་སོ། ། མ་རྣམས་ཀྱི་ལག་ཏུ་བཏང་ནས་ས་ལ་གནས་སོ།། ཤར་ཕྱོགས་ལ་གཟིགས་ཏེ་སྟོང་ཕྲག་དུ་མའི་ཁོར་ཡུག་རྣམས་ཕན་ཚུན་དུ་མཐོང་ངོ་།། དེའི་ལྷ་དང་མི་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སོགས་པས་མཆོད་ཅིང་སྐྱེས་བུ ་ཆེན་པོ་ཁྱོད་ལྟ་བུ་འདི་ནི་མེད་ཁྱོད་ཀྱི་གོང་ན་གཞན་སུ་ཡང་མེད་དོ་ཞེས་སྨྲས་སོ། ། དེ་བཞིན་དུ་ཕྱོགས་བཞི་དང་མཚམས་བཞི་དང་འོག་དང་སྟེང་སྟེ། ཕྱོགས་བཅུ་པོ་ཐམས་ཅད་ལེགས་པར་གཟིགས་ནས་བདག་དང་མཚུངས་པ་མེད་པར་མཐོང་ངོ་།། ་དེས་བྱང་གི་ཕྱོགས་སུ་གོམ་པ་བདུན་སྤྲོད་དོ།། ཚངས་པ་ཆེན་པོའི་གདུགས་དཀར་པོ་འཛིན་ཅིང་མཐའ་བྲལ་བས་རྔ་ཡབ་གཡོག་པ། ལྷ་གཞན་རྣམས་ཀྱི་རྒྱལ་པོ་ལ་ཉེ་བར་མཁོ་བའི་དངོས་པོ་མ་ལུས་པ་ལག་ཏུ་ཐོགས་ནས་རྗེས་སུ་འགྲོའོ།། ་དེ་ནས་གོམ་པ་བདུན་པ་ལ་གནས་པ་ན་འཇིག་རྟེན་པ་རྣམས་ལས་བདག་མཆོག་གོ་ཞེས་པ་ལ་སོགས་པའི་ཤིས་པ་བརྗོད་པའི་གཏམ་བརྗོད་ཅིང་།། སེང་གེའི་སྒྲ་སྤོགས་སོ།། བྱང་ཆུབ་སེམས་དཔས་ཀྱང་སྐྱེ་བ་གསུམ་དུ་རུམ་ནས་འཐོན ་ཙམ་ན་གཏམ་དུ་བརྗོད་དོ། ། སྨན་ཆེན་པོར་སྐྱེས་པ་དང་ཐམས་ཅད་སྒྲོལ་དུ་སྐྱེས་པ་དང་འདིར་སྐྱེས་པའོ།། སྨན་ཆེན་པོ་སྐྱེས་པ་ན་ཡུམ་གྱི་རུམ་ནས་འཐོན་མ་ཐག་ཉིད་དུ་བརྒྱ་བྱིན་ལྷའི་རྒྱལ་པོ་འོངས་ཏེ་ཅན་དན་གྱི་སྙིང་པོ་ལག་ཏུ་ཐོགས་ནས ་སོང་ངོ་། ། དེ་དེ་རྣམས་ཀྱི་ཁ་ཚུར་ངུ་བཅུག་ནས་འཐོན་ནོ།། དེ་ནས་ཡང་ཡུམ་གྱིས་དྲིས་པ། བུ་ཅི་ཁྱེང་ནས་འོངས། མ་སྲན་ཡིན་ནོ།། འདིས་སྨན་བྱེར་ནས་འོངས་པའི་ཕྱིར་སྨན་གྱིས་ཁྱེའུ་ཞེས་བྱ་བར་མིང་བཏགས་སོ།། དེས ་སྨན་གྲངས་ནས་ཆུའི་སྣོད་ཀྱི་ནང་དུ་འཇུག་གོ། ། འོངས་ཤིང་འོངས་པའི་ལོང་པ་དང་འོན་པ་ལ་སོགས་པ་དེ་རྣམས་དེ་ཉིད་ཀྱིས་ན་ཐམས་ཅད་ཉེ་བར་ནི་བས་ན་སྨན་པར་གྱུར་ཏོ།། དེ་ནས་སྨན་ཆེན་པོ་སྨན་ཆེན་པོ་ཞེས་བརྗོད་ཅིང་སྐྱེས་བྱའི ་གགྲུས་སྨན་ཆེན་པོ་དེ་ཉིད་དེའི་མིང་དྲི་རྫྫ་ཏོ། ། གཞན་ཡང་ཐམས་ཅད་སྒྲོལ་དུ་སྐྱེས་པ་ན་མའི་དྲས་ནས་སྐྱེས་ཙམན་ལག་པ་གཡས་པ་བརྐྱང་ནས་ཡུམ་བདག་ཅག་གི་ཁྱིམན་སྦྱིན་པ་བཏང་ཅུ་འདྲ་བདོག་གི་ཞེས་བརྗོད་ཅིང་འཐུནས། ་དེནས་དེའི་མས། བུ་འབྱོར་པ་དང་ལྡན་པའི་རིགས་སུ་ཁྱོད་སྐྱེས་སོ།། བུའི་ལག་པ་རང་གི་ལག་པའི་སྟེང་དུ་བཞག་སྟེ་ནོར་བུ་རིན་པོ་ཆེ་སྟོང་ཕྲག་གཅིག་གི་སྡོད་བཞག་གོ། གཞན་ཡང་འདི་སྐྱེས་པ་ན་འདིས་སེང་གེའི་སྒྲ་སྒྲོགས་སོ།། ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གསུམ་དུ་མའི་དྲམ་ནས་སྐྱེས་ཙམ་ནས་གཏམ་བརྗོད་དོ།། ཇི་ལྟར་ཡང་རུམ་དུ་ཞུགས་ཙམ་དང་བརྣམས་ཙམ་ན་སུམ་བཅུ་རྩ་གཉིས་སྔོན་གྱི་མཚན་མ་བཞིན་དུ་སྐྱེས་པར་གྱུར་ཏོ།། གཞན་ཡང། ་གང་གིཅི་བ་ག་ཅག་གི་བྱང་ཆུབསམས་དཔའ་ཡུམ་པོ་ནོའི་ཚལ་དུ་བསམས་སོ།། དེ་མ་ཐག་དྲམ་མོ་བྷ་ག་ཅན་འན་གྱི་མ་དང་། བློན་པོ་མདུན་པ་དང་། ཁྲོན་པ་ནག་པ་འཆང་། དང་། རྟའི་རྒྱལ་པོ་བསྔགས་ལྡན་དང་། བྱང་ཆུབ་ཀྱི་། ་དང་། གཏེར་བཞིའི་བུམ་པ་སྐྱེས་སོ།། དེ་ལ་གཅིག་ལ་བརྒྱད་གྲགས་བཞི་དང་། གཅིག་ལ་རྒྱ་དགྲགས་བརྒྱད་དང་། གཅིག་ས་རྒྱུད་གྲགས་བཅུ་གཉིས་དང་། གཅིག་ལ་རྒྱང་གྲགས་བཅུ་དྲུག་ཏོ། བདུན་པོ་འདི་ལྡན་གཅིག་ཏུ་སྐྱེ ་ཡིན་ནོ། ། ཟོང་ཁྱེར་གཉིས་ན་གནས་པའི་མི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཡིད་ནས་གྲོང་ཁྱེར་བར་སྐྱའི་གཞི་ཁོ་ནར་བྱིན་ནོ།། ཉི་མ་དེ་ཉིད་ལ་གྲོང་ཁྱེར་སེར་སྐྱའི་གཞིལ་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་པོར་བལྟམས་སོ།། ་གཞོན་ན་འདི་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་སངས་རྒྱས་སུ་འགྱུར་རོཞེས་པ་ལ་སམ་བཅུ་རྩ་གསུས་ཀྱི་གནས་ཀྱི་ས་རྣམས་ཀྱི་དགའ་བ་དང་ཚིམ་པས་ལག་པ་གྱེན་དུ་བསྟོད་ནས་རྩེ་ཞིང་བསྐྲད་པར་བྱེད་དོ།། དེའི་ཚེརྒྱ ་པོ་ཆེན་པོས་ཟས་གཙང་མཆོད་གནས་སྙོམས་པར་འཇུག་པ་བརྒྱད་ཐོབ་པའི་དཀའ་ཐུབ་པ་ནག་པོ་ལཱུ་ལེན་ཞེས་བྱ་བ་ཁ་ཟས་བཟང་པོ་ལ་ལོངས་སྤྱོད་དོ། ། ཉིན་མོ་ཉི་མ་ལ་མི་གནས་པའི་ཕྱིར་སུམ་བཅུ་རྩ་གསམ་གྱི་གནས ་སུ་འགྲོ་འང་དང་བདེ་བར་འདུག་ནས་ལྷ་དེ་རྣམས་བལྟའོ། ། ཁྱེད་རྣམས་ཅིའི་ཕྱིར་འདི་ལྟར་དགའ་བའི་སེམས་ཀྱིས་རྩེ། བདག་ཀྱང་འདི་རྣམས་ཀྱི་ཆེད་དྲྀ་བྷ་བ་ཁོ་བོ་ལ་སྟོན་ཅིག་ཅེས་དྲིས་སོ།། ལྷ་རྣམས་ཀྱིས་སྨྲས་པ། ་གྲོང་ཆེན་པོ་རྒྱལ་པོ་ཆེན་པོ་ཟས་གཙང་གིམས་བསྡམས་སོ།། ངས་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་སངས་རྒྱས་སུ་བྱུང་ནས་ཆོས་ཀྱི་འབེར་ལ་བསྐོར་བ།། དེ་ནས་མཐའ་ཡས་པའི་སངས་རྒྱས་ཀྱི་རིལ་པོ་བན ་ང་། ཆོས་ཐམས་ཅད་ཐོབ་བོ་སྙམ་པ་འདི་རྣམས་ཀྱི་རྒྱུ་མཚན་གྱིས་དཀའ་བར་དྷར་ཏོ།། དཀའ་ཐུབ་པས་དེའི་ཚིག་ཐོས་ནས་མྱུར་དུ་ལའི་ཡུལ་ནས་བབས་ཏེ་རྒྱལ་པོའི་གནས་པ་འོངས་ནས། གང་ན་བ་ཤམས་པ ་འདུག་སྟེ། བླ་རྣམས་རྒྱལ་པོ་ཆེན་པོའི་སྲས་རྦ་དྷར་པ་དེ་བདག་གིས་བལྟའོ།། ཞེས་སྨྲས་སོ།། རྒྱལ་པོསརྒྱན་དང་ལྡན་པའི་གཞོནན་གྲངས་ནས་དཀའ་ཐུབ་པ་ལ་ཕྱག་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣབས་ཀྱིས ་ར་ནས་དཀའ་ཐུབ་པའི་རམ་པའི་སེང་ན་འདུག་གོ། ། བྱང་ཆུབ་སེམས་དཔས་ཀྱ་རྣམས་ཀྱི་ལུས་ཀྱིས་ཕྱག་བྱེད་པར་དག་པར་གཞན་མེད་དོ།། གལ་ཏེ་མི་ཤེས་པས་བྱང་ཆུབ་སེམས་དཔའ་དབྲལ་དཀའ་ཐུབ་པར ་རྐང་པ་བཞག་ན་དེའི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། ། དཀའ་ཐུབ་པས་བདག་ཉམས་པའི་ཕྱིར་དུ་རིགས་པ་མ་ཡིན་ནོ།། སྟན་ལས་ལངས་ནས་བྱང་ཆུབ་སེམས་དཔའ་ལ་ཐལ་མོ་སྦྱང་ངོ་།། རྒྱལ་པོས་པ ་མཚན་ཆེ་བ་གཟིགས་ནས་རང་གི་སྲས་ལ་ཕྱག་བྱས་སོ། ། དཀའ་ཐུབ་པས་འདས་པའི་བསྐལ་པ་བཞི་བཅུ་དང་མ་འོངས་པའི་བསྐལ་པ་བཞི་བཅུ་སྟེ། བསྐལ་པ་བརྒྱད་བཅུ་རྗེས་སུ་དྲན་ནོ།། བྱང་ཆུབ ་སེམས་དཔའི་མཚན་ཉིད་ཕུན་སུམ་ཚོགས་པ་མཐོང་ནས་སངས་རྒྱས་པར་འགྱུར་རམ་མི་འགྱུར་ཞེས་བརྟགས་པས་བཅོམ་མེད་པར་སངས་རྒྱས་སུ་འགྱུར་བར་རྟོགས་ཏེ། འདི་ལ་མཚན་ཆེ་བའི་སྐྱེས་བུ་ཡིན་ནོ་ཞེས་བསམས་ནས ་བརྒང་ངོ་། ། དེ་ནས་འདི་སངས་རྒྱས་ནས་བདག་གིས་མཐོང་ངམ་མི་མཐོང་ཞེས་བརྟགས་པས་མི་མཐོང་ངོ་།། བར་དུ་དུས་ལས་འདས་ནས་སངས་རྒྱས་རྒྱ་འམ་སངས་རྒྱས་སྟོང་གཤེགས་ནས་བརྟག་པར་མི་ནུས་པའི་གཟུགས ་མེད་པའི་གནས་སུ་སྐྱེ་བར་ངེས་པར་མཐོང་ངོ་། ། འདི་ལྟ་བུའི་ཚུལ་གྱིས་ཡ་མཚན་ཆེ་བའི་སྐྱེས་བུ་མཐོང་བར་མི་ནུས་སོ་སྙམ་ཏེ་བདག་གི་སེམས་ཤིན་དུ་སྡུག་བསྔལ་བར་གྱུར་ནས་དྲས་སོ།། དེ་མི་རྣམས་ཀྱིས་མཐོང་སྟེ། བདག ་ཅག་གི་འཕགས་པ་རེས་འགྲ་ནི་རྒོད་རེས་དགའ་ནི་དྲ་བའི་རྒྱུ་མཚན་ཅི་ལགས། བདག་ཅག་གི་སྲས་འཕགས་པ་ལ་བར་དུ་གཅོད་པ་འོང་ངམ་ཞེས་དྲིས་སོ།། འདི་ལ་བར་དུ་གཅོད་པ་མི་འབྱུང་ཞིང་ཐེ་ཙོམ་མེད་པར་སངས་རྒྱས་སུ ་འགྱུར་རོ་ཞེས་སྨྲས་སོ། ། འོ་ན་གང་གི་ཕྱིར་དྲ་ཞེས་དྲིས་སོ།། འདི་ལྟ་བུའི་ཚུལ་གྱིས་སྐྱེས་བུ་སངས་རྒྱས་པར་འགྱུར་བབདག་གིས་མཐོང་བར་མི་འགྱུར་བས་བདག་ཤིན་ཏུ་ངེས་པར་སྡུག་བསྔལ་ལོ།། ་དེའི་ཕྱིར་རང་གི་ཆེད་དུ་མྱ་ངན་གྱིས་ངུའོ་ཞེས་སྨྲས་སོ།། དེ་ནས་ཅིའི་ཕྱིར་རང་གི་ཉེ་དུ་རྣམས་ལས་འགའ་ཞིག་གིས་འདི་སངས་རྒྱས་སུ་གྱུར་ནས་མཐོང་བར་གྱུར་མ་མི་འགྱུར་ཞེས་བརྟགས་པས་ཚ་བོ་ནཱ་ལ་ཀའི་གཞོན་ནུས་མཐོང ་རོ། ། དེ་སྲིང་མོའི་ཁང་པར་སོང་སྟེ། ནཱ་ལ་ཀ་གཞོན་ནུ་དེ་གང་ན་ཡོད།། འཕགས་པ་ཁང་པ་ན་ཡོད་དོ།། དེ་བོས་ལ་ཤོག། དེ་རང་གི་གནས་སུ་འོངས་ནས་ནཱ་ལ་ཀ་ལ་སྤྲས་སོ།། ཚ་བོ་རྒྱལ་པོ་ཆེན་པོ་ཟས་གཙང་གིས ་རགས་ཀྱི་བྲལ་ཟུངས་སོ། ། འདྲི་ནི་སངས་ནས་ཀྱི་མྦྷརྠའོ།། ལོ་ཐོམ་པརྙ་ན་ལྔ་འདས་ནས་སདས་རྒྱས་སུ་འབྲང་ཞིང་སྤྱོད་ཀྱིས་འདི་མྱཐོང་བར་འགྱུར་བྱས།། ད་ཎྜི་དུ་ཡཱ་དུ་བྱུང་བ་རྒྱས་གག་ནས་སྨྲས་སྷོ།། ་བརྒྱད་བརྒྱན་བདུན་གྱི་ནོང་ཀྱི་རིགས་ལ་སྐྱེས་པའི་གཞོན་ནས་གད་པོ་འདིས་བདག་ལ་དོན་མེད་ཅིང་དགས་པ་མེད་དོ།། ཞེས་བརྗོད་པར་བསམས་སོ།། དེ་མ་ཐག་དུ་དང་གི་ཚོ་གནས་སུ་དྲར་སྨྲིག་གི་གིས་ཏི་དང ་སའི་ལྷུང་བཟེད་བླངས་ནས་སྐྲ་དང་ཁ་སྤུ་བྲེག་ཏེ། དུར་སྨྲིག་གི་གོས་གྱོན་ནས་གང་ཞིག་འཇིག་རྟེན་པའི་གང་ཟག་གི་མཆོག་སེ་མཆོག་ལམས་ཤིང་བད། རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བསམས་ཏེ་བྱང་ཆུབ་སེམས་དཔའ ་ཕྱོགས་སུ་ཐལ་མོ་སྦྱར་ནས་ཡན་ལག་ལྔའི་སྡུག་བྱེད་དོ། ། ལྷུང་བཟད་སྣོད་དུ་བཅུག་ནས་ཟག་པ་ལ་གཟེར་ཏེགས་ཅན་དུ་གཤེགས་ནས་དག་སྟོང་གི་ཆོས་བྱེད་དེ། དེས་མཆོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི ་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་སོང་སྟེ། སཱ་ལ་ཀའི་ཀའི་ས་སོའི་རྟོགས་པའི་གཏམ་ཐོས་ནས་སླར་ཡང་གངས་ཅན་དུ་གཤེགས་ཏེ་དགྲ་བཅོམ་པ་ཐོབ་བོ།། མཆོག་ཏུ་རྟོགས་དཀའ་བ་རྟོགས་ནས་ཟླ་བ་བདུན་ཉིད ་ཀྱི་ནང་དུ་ཚེ་འདས་ཏེ་གསེར་ཀྱི་རིགཅིག་ལ་བརྟེན་ནས་འདུག་སྟེ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། ། བྱང་ཆུབ་སེམས་དཔའ་ཡང་ཞག་ལྡ་ནས་དགྲ ་འཁྲུ་བར་བྱེད་ཅིང་མིང་འདགས་པར་རིགས་སོ་ཞེས་བསམས་ནས་རྒྱལ་པོའི་ཕོ་བྲང་ལ་དྲི་བ་ནི། རིགས་ཀྱིས་བྱུག་པ་བྱས་ཏེ། རིན་པོ་ཆེ་ལྔའི་མེ་ཏོག་གཅལ་དུ་བཀྲམ་ནས་ཆུ་མེད་པའི་འོ་མ་བཙོས་པའི ་འོཐུག་འརྗོད་པ་བྱེད་གསུམ་གྱི་ཕ་རོལ་ཏུ་སོན་པའི་བྲམ་ཟེ་རྒྱརྩ་བརྒྱད་འགྲོན་དུ་གཉེར་ཏེ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ནས་ཁ་ཟས་བཟང་པོ་ལ་ལོངས་སྤྱོད་ཅིང་བཀུར་སྟི་ཆེན་པོ་བྱས་ནས་མཚན་ཉིད་ཇི་ལྟ་བུ་ཞེས་དྲིས་སོ། ། དེ་རྣམས ་ལས་དགའ་བྱེད་དང་། རྒྱལ་མཚན་དང་། མཚན་ཉིད་དང་། རིགས་ཀྱི་སྔགས་པ་དང་། གོ་ཌིཙྱཻ་དང་། ལགས་པ་ཅན་དང་། གཤིན་རྗེ་བཟང་དང་། ལེགས་སྦྱིན་ཏེ་དེ་རྣམས་དེའི་ཚེ་བྲམ་ཟེ་བརྒྱད་ཡིན་ནོ།། ཡན་ལག ་དྲུག་གི་སྔགས་བརྡ་སྤྲད་ནས་བྲམ་ཟེ་བརྒྱད་པོ་འདི་ལྟ་བུ་ཉིད་ཀྱི་མཚན་ཉིད་སོ་སོར་བརྗོད་ནས་དགའ་ལྡན་གནས་ནས་མའི་མངལ་དུ་ཞུགས་པའི་མཚན་ཉིད་འདི་རྣམས་ཀྱིས་བཤད་དོ། ། དེ་རྣམས་ལས་བྲམ་ཟེ་བདུན་གྱིས་འཛུབ།། ་མོ་གཉིས་བསྒྲེངས་ཏེ་དོན་གཉིས་ལུང་བསྟན་ནོ།། མཚན་ཉིད་འདི་དང་ལྡན་པས་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། རབ་ཏུ་བྱུང་ན་སངས་རྒྱས་པར་འགྱུར་རོ།། འཁོར་ལོས་སྒྱུར་བའི་ཕུན་སུམ་ཚོགས་པ ་ཐམས་ཅད་བཤད་པ་རྫོགས་ནས་གཞན་དེ་རྣམས་ཀྱི་ནང་ནས་ཐམས་ཅད་ཀྱི་གཞོན་ཤོས་ཀྱི་རིགས་ནེ་ཀོ་ཌི་ནྱ་བྲམ་ཟེའི་ཁྱེའུའོ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་དེའི་མིང་ཚད་མཆོག་རྣམས་རྫོགས་པར་བཏགས་སོ།། འདི་ནི་ཁྱིམ ་ན་གནས་པའི་རྒྱུ་མེད་པས་མཐའ་གཅིག་ཉིད་དུ་ཁྱིམ་ན་མི་གནས་པར་སངས་རྒྱའོ། ། འཛུམ་མོ་གཅིག་བསྒྲེངས་དེ་འདི་ལྟ་བུ་ལུང་བསྟན་ཏོ།། འདི་ནི་སྔར་གྱི་གཞི་བྱས་པས་ཕྱིས་མིར་གྱུར་པ་ན་ཤེས་རབ་དང་ལྡན་ནོ།། ་བྲམ་ཟེ་བདུན་ལས་ལྷག་པར་གྱུར་ནས་འདིའི་མཚན་ཉིད་རེག་པར་ལྡན་ནས་ཁྱིམ་དུ་གནས་པའི་མིང་ཡང་མེད་དོ།། ཐེ་ཙོམ་མེད་པར་སངས་རྒྱ་བར་འགྱུར་ཏེ་འགྲོ་བ་གཅིག་ལས་གཞན་མ་མཐོང་ངོ་།། དེའི་ཕྱིར་འཛུབ་མོ་གཅིག ་བསྒྲེངས་ཏེ་འདི་ལྟར་ལུང་བསྟན་ནོ། ། དེ་ནས་བྲམ་ཟེ་དེ་རྣམས་རང་གི་ཁྱིམ་དུ་འགྲོ་ཞིང་བུ་རྣམས་བོས་ཏེ། བུ་བདག་ཅག་རྣམས་རྒན་པོར་གྱུར་པར་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་པ་ན ་བདག་ཅག་དང་འཇལ་བར་འགྱུར་རམ་མི་འགྱུར་ཆ་མེད་ཀྱིས། ཁྱོད་དེའི་སྲས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པ་གྱུར་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་ཅིག། སྨྲས་སོ།། བྲམ་ཟེ་བདུན་པོ་རྣམས་ཀྱིས་ཀྱང་ཇི་སྲིད་ཚེ་གནས་ཀྱི་བར་ཇི ་ལྟར་བྱས་པའི་ལས་རྟོགས་སོ། ། བྲམ་ཟེའི་ཁྱེའུ་ཀོའུ་ནི་ནྱ་ཉིད་ནད་མེད་པར་གྱུར་ནས་གནས་སོ།། དེའི་སེམས་དཔའ་ཆེན་པོ་བློ་དང་ལྡན་པ་ངེས་པར་འབྱུང་བ་ཆེན་པོས་མངོན་པར་བྱུང་ནས་གོ་རིམས་བཞིན་དུ་སྟེང་རྒྱས་སུ་སོང་ངོ་།། ས་ཕྱོགས ་འདི་ན་ཉམས་དགའ་བས་རིགས་ཀྱི་བུས་ཕྱོགས་འདི་དཀའ་བ་སྤྱོད་པའི་གནས་སུ་རིག་པར་སེམས་སྐྱེས་པས་དེར་གནས་ཏེ་སྐྱེས་བུ་ཆེན་པོ་རབ་ཏུ་བྱུང་ངོ་ཞེས་ཐོས་ནས་བྲམ་ཟེའི་བུའི་གནས་སུ་ཉེ་བར་སོང་ངོ་ཞེས་སྨྲས་སོ། ། གཞོན་ནུ་དོན་གྲུབ ་རབ་ཏུ་བྱུང་ནས་ཐེ་ཙོམ་མེད་པར་དེ་སངས་རྒྱ་བར་འགྱུར་རོ། ། གལ་ཏེ་ཁྱེད་རྣམས་ཀྱི་ཕ་ནད་མེད་པར་གནས་ན་དེ་རིང་ཕྱིན་ནས་རབ་ཏུ་བྱུང་བ་བྱེད་དོ།། གལ་ཏེ་ཁྱོད་ཀྱང་འདོད་ན་འདིར་འོངས་ནས་བདག་གིས་སྐྱེས་བུ་དེའི་རྗེས་སུ་རབ་ཏུ་བྱུང་བར ་བགྱིའོ། ། དེ་ཐམས་ཅད་འདུན་པ་གཅིག་པར་མ་ནུས་པར་སྐྱེ་བོ་བཞི་པོ་ལས་ཀོ་ཌི་ནས་གཙོ་བོ་བྱས་ནས་སྐྱེ་བོ་ལྔ་པོ་རབ་ཏུ་བྱུང་སྟེ། དེ་རྣམས་ཀྱི་སྐྱེ་བོ་ལྔ་པོ་ནི་གནས་བརྟན་ལྔ་སྡེ་ཞེས་བྱ་བའི་རིགས་སུ་གྱུར་ཏོ།། གཞན་ཡང་དེའི་ཚེ་རྒྱལ་པོ ་འདི་སྐད་དུ་གང་མཐོང་ནས་བདག་གི་ཟུ་གང་འབྱུང་བ་ཞེས་འདྲའོ། ། སྔོན་གྱི་མཚན་མ་བཞི་མཐོང་བས་དེ་གང་དང་རྒས་ཤིང་འཁོགས་པ་དང་ན་བ་དང་འཆི་བ་དང་རབ་ཏུ་བྱུང་བའོ།། རྒྱལ་པོས་འདི་རྣམས་བཟུང་ནས་འདི་ལྟ་བུའི་ཚུལ་བདག་གིས ་བུདང་ཉེ་བར་འོད་དུ་མི་འཇུག་ཅིང་། བདག་གི་སྲས་ཀྱིས་སངས་རྒྱས་ཐོབ་ཀྱང་དོན་མེད་དོ།། བདག་གི་སྲས་སྟོང་ཕྲག་གཉིས་ཀྱིས་གླིང་འཁོར་བཅས་པའི་གླེང་ཆེན་པོ་བཞི་པོ་རྣམས་ཀྱི་དབང་ཕྱུག་གི་བདག་པོའི་རྒྱལ་པོ་བྱེད་ཅིང་དཔག་ཚད ་སུམ་བན་རྩ་དྲུག་གི་ཁོར་ཡུག་གི་འཁོར་ནམ་མཁའི་དབྱིངས་སུ་གཤེགས་པ་ལ་བལྟ་བར་འདོད་དེ། ། སྲང་ཡང་འདི་ལྟར་བརྗོད་ཅིང་འདི་ལྟ་བུའི་རྣམ་པ་བཞི་སྐྱེས་བུ་གཞོན་ནུའི་མིག་ལམ་དུ་འོང་བ་བསྲུང་ཞིང་ཕྱོགས་བཞི་རྒྱང་གྲགས་པ་ནི ་བཞིར་བསྲུང་བ་བཞག་གོ། དགེ་ཡང་བཀྲགས་པའི་གནས་སུ་འཇུག་པའི་རིགས་ཀྱི་ཉི་དུ་སྟོང་ཕྲག་བརྒྱད་བཅུ་པོ་རེ་རིའི་བྲུ་བརྒྱ་ཡོངས་སུ་སྟེང་བར་བསམས་སོ།། འདི་སངས་རྒྱས་སུ་འགྱུར་རམ་རྒྱལ་པོར་འབྱུང་ངམ་བདག་ག ་བུ་རེ་རེ་སྟེར་རོ། ། གལ་ཏེ་སངས་རྒྱས་པར་གྱུར་ན་རྒྱལ་རིགས་ཀྱི་དགེ་སྦྱོང་ཉིད་ཀྱིས་མདུན་རྒྱབ་ཐམས་ཅད་དུ་བསྐོར་ནས་འགྲོ་བ་ཡིན་ནོ།། གལ་ཏེ་རྒྱལ་པོར་གྱུར་ན་རྒྱལ་རིགས་ཀྱི་གཞོན་ནུ་འདི་ཉིད་ཀྱིས་མདུན་རྒྱབ་ཀུན་ནས་བསྐོད ་ནས་འགྲོ་ཞེས་སྨྲ་ཞིང་འབུལ་ལོ། ། རྒྱལ་པོས་ཀྱང་བྱང་ཆུབ་སེམས་དཔའ་ལ་གཟུགས་མཆོག་དང་ལྡན་པ་སྟོན་ཐམས་ཅད་སྤངས་པའི་ནུ་མ་བསྣུན་པ་ཉིད་གཉིས་པ་བྱིན་ནོ།། བྱང་ཆུབ་སེམས་དཔའ་འཁོར་མཐའ་ཡས་པ་དཔལ་དང་སྐལ ་བར་འཕེལ་བ་དང་ལྡན་ནོ། ། དེ་ནས་ཉི་མ་གཅིག་ལ་རྒྱལ་པོའི་འབྲས་འདེབས་པ་ལ་བཀྲ་ཤིས་བྱེད་དོ།། དེའི་ཉི་མ་ལ་གྲོང་ཁྱེར་ཐམས་ཅད་དུ་ལྷ་གཤེགས་པ་བཞིན་དུ་བརྒྱན་ནོ།། བྲན་དང་ལས་བྱེད་པ་ལ་སོགས་པས་གོས་ལེགས་པོ་གྱེན ་ནས་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པ་བྱས་ནས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འདུས་སོ། ། རྒྱལ་པོའི་གཞིས་རྣམས་ལ་ཞིང་རྨོ་བ་སྟོང་ཕྲག་གཅིག་རིགས་སོ།། སླར་ཡང་དེའི་ཉི་མ་ལ་གཅིག་གི་དམན་པའི་ཞིང་རྨོ་བ ་བརྒྱད་བརྒྱང་དང་བཅས་པའི་ཀླུང་གི་གཅའ་ཤིང་གིཐེག་པ་དངུལ་ལས་བྱས་པ་དང་། རྒྱལ་པོ་འཛིན་པའི་ཞིང་རྨོ་བའི་ཐོང་བ་སླར་ཡང་གསེར་ལས་བྱས་པར་གྱུར་ཏོ།། གླང་གི་དྲི་གཉིས་ལ་གསེར་གྱིས་བསླུས་སོ།། ཁ་དང་རྐེའི ་ཐག་པ་ནི་གསེར་ལའང་བྱས་སོ། ། རྒྱལ་པོའི་འཁོར་ཆེན་པོ་དང་བཅས་པ་བྱོན་ནས་སྲས་བླངས་ཏེ་གཤེགས་སོ།། གཞིས་ཁའི་གནས་ན་ཤིང་འཛམ་བུ་གཅིག་ལ་ལོ་མ་མང་པོས་གྲིབ་མ་སྟུག་པོར་གྱུར་པ་ཞིག་ཡོད་པའི་འོགཏུ ་གཞོན་ནུའི་མལ་སྟན་ཆེན་པོ་བྱས་ནས་སྟེང་དུ་ཐཱ་རེས་གསེར་གྱི་སྐར་མ་དང་མཚུངས་པ་བྲེས་ཏེ། ལྕགས་རེ་ལྟར་ཡོལ་བས་ཕྱོགས་ཀུན་ནས་བསྐོར་ཏོ།། རྒྱལ་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ནས་བློན་པོ་བའོང ་དང་བཅས་པ་ཞིང་མོ་བའི་གནས་ཕུ་གཤེགས་ཏེ། ། དེར་རྒྱལ་པོས་གསེར་རྒྱ་ཐོང་བ་བཟུང་ངོ་།། གཅིག་གིས་དམན་པའི་བརྒྱད་བརྒྱའི་དངུལ་གྱི་ཐོང་པ་བློན་པོ་བཟུང་སྟེ། སོན་མ་བྱེད་པའི་སྐྱེ་བོ་རྣམས་ཀྱིས་ཐོང་ལྷག་མ་རྣམས ་བསླངས་སོ། ། དེ་རྣམས་ཀྱིས་ཐོང་བ་བཟུང་ནས་དེ་དང་དེར་རྒལ་མོའོ།། རྒྱལ་པོ་སླར་ཡང་འདི་ནས་ཕར་འགྲོ་ཞིང་ཕ་རོལ་ནས་ཚུར་འོངས་སོ།། དེའི་གནས་ཕྲན་གསུམ་ཚོགས་པར་འགྱུར་རོ་ཞེས་བསམས་ནས་བྱང་ཆུབ ་སེམས་དཔའ་འཁོར་དང་བཅས་པ་བཞུགས་པའི་ནུ་མ་ལྡན་པ་རྣམས་རྒྱལ་པོའི་ཕུན་སུམ་ཚོགས་པར་བལྟའོ། ། ཡོལ་བའི་ནང་ནས་ཕྱིར་འཐོན་ནོ།། བྱང་ཆུབ་སེམས་དཔའ་དེ་དང་དེར་གཟིགས་པས་གཅིག་ཀྱང ་མི་སྡང་ངོ་། ། མཱར་བར་ལངས་ནས་དཀྱིལ་ཀྲུང་བཅས་ཏེ། རླུང་འབྱུང་བ་དང་རྔུབ་ཅིང་བཟུང་བས་བསམས་གཏན་དང་པོ་སྐྱེས་སོ།། ནུ་མ་སྣུན་པ་རྣམས་ཁ་ཟས་ཟ་བའི་ཕྱིར་ཕན་ཚུན་དུ་འགྲོ་ཞིང་དེ་མ་ཐག་ཅུང་ཟད་ཐོགས ་པར་གྱུར་ཏོ། ། ཏིང་གཞན་རྣམས་ཀྱི་གྲིབ་མ་མི་ལྡོག་ཅིང་གཞན་ཡང་ཤིང་དེའི་གྲིབ་མ་རྣམས་ཀུན་ནས་གནས་སོ།། ནུ་མ་སྣུན་པ་རྣམས་ཀྱི་སྲས་འཕགས་པ་ཞེས་གཅིག་ཏུ་བརྗོད་ཅིང་མྱུར་དུ་ཡོལ་བ་སྟེངས་སུ་བརྗེས ་དེ་ནང་དུ་བཞུགས་ནས་བྱང་ཆུབ་སེམས་དཔའ་མ་ལ་སྤྱན་ལ་དཀྱིལ་ཀྲུང་གིས་བཞུགས་པ་དེའི་ཆོ་འཕྲུལ་མཐོང་ནས་སོང་སྟེ། རྒྱལ་པོ་ལ་ཞུས་སོ།། ལྷ་གཞོན་ནུ་འདི་ལྟ་བུའི་ཚེ་བྱས་ཟུགས་སོ།། འདི་ལྟར་ཤིང ་གཞན་རྣམས་གྲིབ་མ་མི་བཟློག་གོ། ཤིང་འཛམ་བུའི་གླིང་མ་ནི་ཀུན་ནས་གནས་སོ།། རྒྱལ་པོ་མྱུར་དུ་བྱོན་ནས་ཆོ་འཕྲུལ་བལྟ་སྟེ། སྲས་འདི་ལ་ཕྱག་གཉིས་པ་སྟེ་ཞེས་བརྗོད་ནས་བྲས་ལ་ཕྱག་འཚལ་ལོ།། ་ནམ་གོ་རིམས་བཞིན་དུ་བྱང་ཆུབ་སེམས་དཔའ་ལོ་བཅུ་དྲུག་པའི་ན་ཚོང་དུ་གྱུར་ཏོ།། རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་དུས་གསུམ་དུ་རྗེས་སུ་རིགས་པར་ཁང་བཟང་གསུམ་བྱས་ནས་གཅིག་དགུ་ཐོག་གཅིག། ་ལ་བདུན་ཐོག་གཅིག་ལ་ལྔ་ཐོགས་གོ།། སྟོང་ཕྲག་བཞི་བཅུའི་གར་བྱེད་པའི་བུད་མེད་རྣམས་ཉེ་བར་གནས་པར་བྱས་སོ།། བྱང་ཆུབ་སེམས་དཔའ་ནི་ལྷ་བཞིན་དུ་ལྷ་དང་འདྲ་བའི་བུད་མེད་རྣམས་འཁོར་དུ ་བྱས་ནས་རྒྱན་གྱིས་བརྒྱན་པའི་བུད་མེད་དུ་མ་དང་བཅས་པ་སྐྱེས་པ་མེད་པའི་རོལ་མོ་སྒྲོགས་པ་འཁོར་དུ་བྱ་སྟེ་ཕུན་སུམ་ཚོགས་པ་ཆེན་པོ་རྗེས་སུ་མྱོང་བར་བྱེད་དོ། ། དུས་ཀྱི་རིས་དང་དུས་ཀྱི ་རེས་ལ་དེ་དང་དེའི་ཁང་བཟངས་སུ་བཞུགས་སོ། ། གཞན་ཡང་སྒྲ་ཅན་འཛིན་གྱི་མ་དེ་ཉིད་བཙུན་མོ་རྣམས་ཀྱི་གཙོ་མོར་གྱུར་ཏོ།། དེའི་དེ་བཞིན་དུ་ཕུན་སུམ་ཚོགས་པ་ཆེན་པོ་རྗེས་སུ་མྱོང་བར་བྱེད་དོ།། ཉི་མ་གཅིག། ་ལ་ཉེ་རུའི་ནང་དུ་འདི་ལྟ་བུའི་གཏམ་བྱུང་ངོ་།། དོན་གྲུབ་རྩེད་མོས་བརྗེད་ནས་གཤེགས་ཤིང་བཟོ་ཅུང་ཟད་ཀྱང་མི་སློབ་བོ།། གཡུལ་སོ་སོ་ནས་ཉེ་བར་གྱུར་ན་ཅི་བྱེད། དེའི་ཚེ་བྱང་ཆུབ་སེམས་དཔའ་བོས་ནས་བུ་ཁྱོད་ཀྱི ་ཉེ་རུ་རྣམས་དོན་གྲུབ་བཟོ་ཅུང་ཟད་ཀྱང་མི་སློབ་ཅིང་རྩེད་མོས་གཤེགས་ནས་འགྲོའོ་ཞེས་ཟེར་རོ། ། འདིར་གཡུལ་བྱུང་ན་ཇི་ལྟར་བྱེད་ཅེས་བསམས། ལྷ་ངས་བཟོ་བསླབས་པ་ལ་དགོས་པ་མེད་དོ།། གྲོང་ཁྱེར་གྱི ་མི་རྣམས་བདག་གི་བཟོ་བལྟ་བའི་སེམས་ཡོད་ན་གྲིལ་སྒྲོགས་ཤིག། འདི་ནས་ཞག་བདུན་པ་ལ་ཉེ་དུ་རྣམས་ལ་བཟོ་བསྟན་པར་བགྱིའོ།། རྒྱལ་པོས་དེ་བཞིན་དུ་བྱས་སོ།། བྱང་ཆུབ་སེམས་དཔས་སྒྲ་ལ་འཕེན་པ་དང་། ་སྤུན་ལ་འཕེན་པ་དང་། གཞུ་ཐོགས་པ་འདུས་པར་བྱས་ནས་སྐྱེ་བོ་མང་པོའི་ནང་དུ་གཞན་གཞུ་ཐོགས་པ་དང་ཐུན་མོང་མ་ཡིན་པ་ཉེ་དུ་རྣམས་ལ་བཟོ་བཅུ་གཉིས་བསྟན་ནོ།། དེ་རྣམས་མདའ་འཇོམས ་པའི་སྐྱེས་རབས་ལས་བྱུང་བའི་ཚུལ་བཞིན་དུ་རིག་པར་བྱའོ། ། དེའི་ཉེ་དུ་རྣམས་ཀྱི་ཐེ་ཙོམ་སེལ་ལོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་དུ་གཤེགས་པ་བསམས་ནས་ཁ་ལོ་སྒྱུར་བ་པོས ་ཏེ། ཤིང་རྟ་ཆས་སུ་ཆུ་གཅིག་ཅེས་སྨྲས་སོ།། དེས་ལེགས་སོ་ཞེས་བརྗོད་ཅིང་ཚིག་ཐོས་ནས་ཤིང་རྟ་ཆེན་པོའི་འཁོར་ལོའི་མཆོག་ལ་ཇི་ལྟར་རིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཀུ་མུ་ཏའི ་མང་བ་མའི་མདོག་དང་འདྲ་བའི་བཀྲ་ཤིས་པའི་དྷཱ་ཞེས་ཤིང་རྟ་ཁྲིད་ནས་བྱང་ཆུབ་སེམས་དཔའ་གཤེགས་སོ། ། བྱང་ཆུབ་ཞེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་སྣའི་གནས་མེད་པང་བཞིན་དུ་ཤིང་རྒྱ ་ཞོན་ནས་སྐྱེད་མོས་ཚལ་གྱི་ཕྱོགས་སུ་གཤེགས་སོ། ། ལྷ་རྣམས་ཀྱི་གཞོན་ནུ་དོན་གྲུབ་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ནི་ཉེ་བར་གྱུར་ཏོ།། སྔར་གྱི་མཚན་ཉིད་རྣམས་བལྟ་བར་རིགས་སོ།། ་ལྷའི་བ་ཅིག་གིས་རྒས་པ་ལ་བོགས་པ་སོ་བྱེ་བ་སྐྲ་དཀར་བསྲུང་བརྒྱབ་གྲུམ་པའི་ལུས་ཅན་ལག་དུ་འཁར་བ་ཐོགས་པ་སྐད་འཛེད་པར་བྱེད་པ་བསྟན་ནོད་བྱང་ཆུབ་སེམས་དཔའ་དང་ལ་ལོ་སྒྱུར་བས་མཐོང་ངོ་།། དེ ་ནས་བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་བ་ལ་དྲི་སོ། ། སྐྱེས་བུ་འདི་གང་ཞིག་ཡིན། སྒྲ་ཡང་གཞན་དང་མི་འདྲ་བ་ཇི་ལྟ་བུ། གཙོ་བོ་ཆེན་པོའི་མདོ་ནས་བྱུང་བ་བཞིན་འདྲི་བར་བྱའོ།། དེའི་ཚིག་ཐོས་ནས་སྐྱེ་བ་མི་རྟག ་ཅིང་སྐྱེས་པར་གྱུར་པ་ཐམས་ཅད་རྒས་པར་འགྱུར་ཞེས་སེམས་སྡུག་བསྔལ་ཞིང་དེ་ཉིད་དུ་བཟློག་ནས་རང་གི་ཁང་བཟང་ཉིད་དུ་གཤེགས་སོ། ། རྒྱལ་པོས་རྒྱུ་མཚན་ཅིའི་ཕྱིར་བདག་གི་སྲས་པོ་མྱུར་དུ་ལྡོག་པ་ཅིའི ་ཕྱིར་དྲིས་སོ་ལྷ་རྒས་ཤིང་འཁོགས་པའི་མི་གཅིག་མཐོང་བས་རབ་ཏུ་འབྱུང་ངོ་། ། མྱང་དུ་ཐ་ལ་གར་བྱེད་པ་རྣམས་སྟ་གོན་གྱིས་ཤིག། ཕུན་སུམ་ཚོགས་པ་ཉམས་སུ་མྱོང་བར་བྱས་པས་རབ་ཏུ་འབྱུང་བ་རྗེས་སུ་དྲན་པར་མི ་ཀྲུང་རོ་ཞེས་སྨྲས་ནས་བསྲུང་བར་བྱེད་པ་སྤེལ་ཏེ་ཕྱོགས་ཐམས་ཅད་དུ་རྒྱང་གྲགས་བརྒྱད་བརྒྱད་དུ་བཞག་གོ། གཞན་ཡང་ཉི་མ་གཅིག་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་བབྱེད་མོས་ཚལ་དུ་གཤེགས་པ་ན་ལྷས་སྤྲུལ་པའི ་ནད་པ་གཅིག་མཐོང་ནས་སྔར་བཞིན་དུ་དྲིས་སོ། ། སེམས་སྡུག་བསྔལ་བར་གྱུར་ཏེ་སླར་ཡང་བཟློག་ནས་རང་གི་ཁང་བཟངསུ་གཤེགས་སོ།། རྒྱལ་པོས་ཡང་དྲིས་པ་སྔར་དེ་བཞིན་དུ་བྱས་ནས།། སླར་ཡང་སྤེལ་ཏེ་ཐམས ་ཅད་དུ་རྒྱང་གྲགས་བཅུ་གཉིས་ཀྱི་སའི་ཆར་སྲུང་བར་བྱེད་པ་བཞག་གོ། ། ཡང་ཉི་མ་གཞན་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་སྐྱེད་མོས་ཚལ་དུ་གཤེགས་པ་ན་ལྷས་སྤྲུལ་པའི་དུས་ལ་འདས་པ་གཅི ་མཐོང་ནས་སྔར་བཞིན་དུ་དྲིས་ཏེ་སེམས་སྡུག་བསྔལ་བར་གྱུར་ནས་སླར་ཡང་བཟློག་ཏེ་ཁང་བཟང་དུ་གཤེགས་ནས་རྒྱལ་པོས་དྲིས་པ་སྔར་བཞིན་དུ་བྱས་ནས་སླར་ཡང་བསྲུང་བ་སྤེལ་ཏེ་ཀུན་ནས་བསྐོར་ཡ་པ། ཚད་གཅི་ན ་ལ་བསྲུང་བ་བཞག་གོ། ། སླར་ཡང་ཉི་མ་གཞན་ལ་སྐྱེད་མོས་ཚལ་དུ་གཤེགས་པ་ན་དེ་བཞིན་དུ་ལྷས་སྤྲུལ་པའི་གོས་བཟང་པོ་ལེགས་པ་གྱོན་པའི་རབ་ཏུ་བྱུང་བ་ཅི་གཟིགས་ནས། འདིའི་མིང་ཅི་ཞེས་ཁ་ལོ་པལ་དྲིས་སོ།། གང་དུ་ཡང ་སངས་རྒྱས་བྱོན་པར་མ་གྱུར་ཅིང་རབ་ཏུ་བྱུང་བའི་ཡོན་ཏན་མི་ཤེས་པ་ལྔའི་མཐུས་སླར་ཡང་ལྷ་རབ་ཏུ་བྱུང་བ་ཡིན་ཞེས་བརྗོད་དོ། ། བ་དུ་བྱུང་བའི་ཡོན་ཏན་ལ་བསྔགས་པ་བརྗོད་དོ།། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལ་འདུན་པ་སྐྱེས་ནས་དེའི ་ཉིན་མོ་སྐྱེད་མོས་ཚལ་དུ་གཤེགས་སོ། ། སློབ་དཔོན་ཁ་ཅིག་འདི་སྐད་ཟེར་ཏེ། སྤུན་གྱི་མཚན་མ་བཞི་པ་ཉི་མ་གཅིག་ཉིད་ལ་མཐོང་ངོ་ཞེས་ཟེར་རོ།། དེ་ནི་མི་འཐད་དོ།། དེ་ལ་ཉིན་མོའི་ཆང་རྩེ་ཞིང་བཀྲ་ཤིས་པའི་རྫིང་བུར་ཁྲུས་བྱས་ནས་ཉི ་མ་ནུབ་པ་ན་བཀྲ་ཤིས་པའི་རྡོ་ལེབ་ཀྱི་སྟན་ལ་བཞུགས་སོ། ། རང་ལ་རྒྱན་གྱིས་བརྒྱན་པར་སེམས་སོ།། དེ་ནས་རྗེས་སུ་འབྲང་བའི་སྐྱེས་བུ་རྣམས་ཁ་དོག་སྣ་ཚོགས་པའི་གོས་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན། མེ་ཏོག་གི་ཕྲེང་བ་དང་། ་སྤོས་དང་བྱུག་པ་ལ་སོགས་པ་བསླངས་ནས་ཕྱོགས་ཀུན་དུ་བསྐོར་ནས་འདུག་གོ། དེ་མ་ཐག་པར་བརྒྱ་བྱིན་སྡོད་པའི་གདན་དྲོ་བར་གྱུར་ཏོ།། གང་ཞིག་བདག་གི་གནས་འདོར་བའི་སེམས་སུ་ཤིག་ལ་སྐྱེས་པར་གྱུར་ཞེས་བརྟགས་སོ།། བྱང ་ཆུབ་སེམས་དཔའི་རྒྱན་བྱེད་པའི་དུས་མཐོང་ངོ་། ། ལས་ཐམས་ཅད་པ་པོསོ།། ལས་ཐམས་ཅད་པ་གཞོན་ནུས་དོན་གྲུབ་དི་རིང་གི་མཚན་ཕྱེད་ཀྱི་དུས་སུ་ངེས་པར་འབྱུང་བ་ཆེན་པོས་འཐོན་ནོ།། འདི་དེའི་ཕྱི་མའི་རྒྱན་ཡིན་ནོ།། སྐྱེད་མོས ་ཚལ་དུ་སོང་ལ་སྐྱེས་བུ་ཆེན་པོའི་ལྷ་རྒྱུན་གྱིས་བརྒྱན་པར་བགྱིས་ཅིག། དེས་ཐོས་ནས་ལེགས་སོ་ཞེས་བརྗོད་དེ་ལྷའི་མཐུས་དེ་མ་ཐག་པར་ཉེ་བར་སོང་སྟེ། དེའི་རིམ་ཐོ་པ་དང་མཚུངས་པར་གྱུར་ནས་རིམ་གྲོ་པའི་ལག་ཏུ་རས་བསླང། ་ནས་བྱང་ཆུབ་སེམས་དཔའི་དབུལ་བཅིངས་སོ།། བྱང་ཆུབ་སེམས་དཔས་མགོ་ལ་ལག་པས་རེག་པ་ན་འདི་མེ་མ་ཡིན་ཏེ་ལྷའི་བུ་ཡིན་པར་ཤེས་སོ།། བཅིངས་པ་ཙམ་ན་བཅིངས་པའི་དབུའི་ཅོད་པན་ནོར་བུ་རིན་པོ་ཆེའི་རྣམ་པ་ལ་སྟོང་ཕྲག ་གཅིག་གི་དུ་གུ་ལའི་རས་ཀྱིས་བཅིངས་སོ། ། སླར་ཡང་འཆིང་པ་ན་དུ་གུ་ལའི་རས་སྟོང་ཕྲག་གཅིག་གིས་ལན་བཅུ་དཀྲིས་ནས་སྟོང་ཕྲག་བཅུས་དུ་གུ་ལའི་རས་བཅིངས་སོ་དབུ་ནི་ཆུང་ཞིང་དུ་གུ་ལའི་རས་ནི་མང་པོས་ཇི་ལྟར་བཅིང་ཞེས་མི ་བསམ་མོ། ། དེ་རྣམས་ཐམས་ཅད་ལ་འཁྲོ་ཞིང་སཱ་ཀ་ལའི་མེ་ཏོག་གི་ཚད་ཙམ་ཆེ་བའོ།། ཡང་ན་ཀྲ་པའི་མེ་ཏོག་གི་ཚད་ཙམ་དུ་གྱུར་ཏོ།། བྱང་ཆུབ་སེམས་དཔའི་དབུ་ཀི་ཛ་ལ་ཀའི་མེ་ཏོག་ལྟར་མཚུངས་པའོ།། ཡང་ན་ཀུ་སྱཱ་ཀའི་མེ་ཏོག ་ལྟར་གྱུར་པའོ། ། དེ་ནས་རྒྱན་ཐམས་ཅད་ཀྱིས་སོ་སོར་བརྒྱན་ནས་རོལ་མོ་ཐམས་ཅད་རང་རང་གི་སྒྲ་འབྱིན་ཞིང་བྲམ་ཟེ་རྣམས་རྒྱལ་བར་གྱུར་ཅིག་དགའ་བར་གྱུར་ཅིག་ཅེས་རྣམ་པ་སྣ་ཚོགས་པའི་བཀྲ་ཤིས་ཀྱིས་བསྟོད་པའི་དབྱངས་བྱེད་དོ།། ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་མཆོག་གི་ཤིང་རྟ་ལ་ཆིབས་སོ།། དེའི་ཚེ་གྲགས་འཛིན་མ་ལ་བུ་བཅས་སོ།། རྒྱལ་པོ་ཟས་གཙང་གིས་ཐོས་ནས་བདག་གི་བུ་དགའ་བར་བྱའི་ཕྱིར་པོ་ཉ་བར་གཏང་ངོ་།། བྱང་ཆུབ་སེམས་དཔས་དེ ་ཐོས་ནས་སྒྲ་གཅན་འཛིན་སྐྱེས་པས་འཆིང་བ་སྐྱེས་སོ་ཞེས་གསུངས་སོ། ། རྒྱལ་པོ་བདག་གི་བུལ་ཅིའི་ཕྱིར་འདྲི།། དེའི་ཚིག་ཐོས་ཏེ་འདི་ནས་བཟུང་སྐྱེ་བདག་གི་ཆའོ་གཞོན་ནུ་སྒྲ་གཅན་འཛིན་ཉིད་མིང་དུ་གྱུར་ཏོ།། ཞེས་སྨྲས་སོ།། ང་རྒྱ ་སེམས་དཔས་ཀྱང་གྲགས་པ་ཆེན་པོས་ཤིན་དུ་དགའ་བ་དང་དཔལ་དང་སྐལ་པ་བཟང་པོ་དང་ལྡན་པའི་གྲོང་ཁྱེར་དུ་གཤེགས་སོ། ། དེའི་ཚེ་གོ་ཏ་མི་སྐེམ་མོ་ཞེས་བྱ་བ་རྒྱལ་རིགས་ཀྱི་བུ་མོ་ཁང་བཟང་གི་སྟེང་དུ་འདུག་པས་གྲོང་ཁྱེར་ལ ་བསླང་བབྱེད་པའི་བྱང་ཆུབ་སེམས་དཔ་དིཔས་དང་ལྡན་པའི་གཟུགས་མཐོང་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་ཆེད་དུ་བརྗོད་པ་འདི་ཅིད་དུ་བརྗོད་དོ།། དེ་ཡི་མ་ནི་ནི་བར་གྱུར་།། དེ་ཡི་པ་ནི་ས ་པ་ཞི། དེ་ཡི་བུད་མེད་ངེས་ཞིང་གུར།། དེ་ཡིས་ཡང་ནི་དེ་བ་དག་མཚུས།། བྱང་ཆུབ་སེམས་དཔས་དེ་ཐོས་ནས་བསམས་པ། འདི་འདི་ལྟ་བུར་སྨྲས།། འདི་ལྟ་བུའི་ཚུལ་གྱིས་བདག་ཉིད་ཀྱི་ལུས་མཐོང་བས་མའི་སེམས ་ཞི་བར་གྱུར། བའི་སེམས་ཞི་བར་གྱུར། སྐྱེས་དགུ་དང་སྐྱེས་དགུའི་བདག་མོའི་སེམས་ཞི་བར་གྱུར་ཞེས་སྨྲས་སོ།། ཅིའི་ཕྱིར་སེམས་ཞི་བ་ཞེས་བྱ་བའི་དོན་གང་། དེ་ནས་ཉོན་མོངས་པའི་ཆགས་པ་མེད་པའི་སེམས་ལ ་དེསྐད་བརྗོད་དོ། ། འདོད་ཆགས་ཀྱི་མི་ཞི་བར་གྱུར་པ་ནི་ཞི་བའི་མིང་དུ་གྱུར་ཏོ།། སྐྱོན་གྱི་མེ་དང་གཏི་མུག་གི་མ་ཞི་བར་གྱུར་པ་ནི་ཞི་བའི་མིང་དུ་གྱུར་ཏོ།། དརྒྱལ་དང་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ཀུན་སྐྱེས་པ་ཐམས ་ཐད་ནི་བནི་ནི་བའི་མིང་དུ་བརྗོད་དོ། ། འདི་བདག་ལ་ཚིག་སྙན་པ་བརྗོད་ཅིང་བདག་ནི་མྱ་ངནམས་འདས་ཚལ་དུ་འགྲོ་ནི་ཚམ་ལོ།། དེ་ཉིད་ནས་བདག་ཁྱིམ་ན་གནས་པ་སྤངས་ནས་ངེས་པར་འབྱུང་བས་རབ་ཏུ་བྱུང་ནས་མྱ་ངན་ལས་འདས་པ ་ཚལ་བར་རིགས་སོ། ། འདི་ནི་བདག་གི་སློབ་དཔོན་མར་གྱུར་ཏོ།། གོ་ལུ། མི་སྐེམ་མོ་ལ་འབུམ་ཕྲག་གཅིག་རི་བའི་མུ་ཏིག་གི་དྲ་བ་མགྲིན་པ་ནས་བཀྲོལ་ཏེ་བསྲུང་ངོ་རོ།། དེས་དོན་གྲུབ་གཞོན་ནུ་བ་དག་ལ་ཆགས་ཤིང་ཞེན་པར་ཟུར ་བས་སེམས་རྟེན་བསྲུང་བ་ཡིན་པས་དེས་སེམས་བདེ་བ་སྐྱེས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ནི་དཔལ་དང་ལྡན་པ་སྐལ་པ་བཟང་པོ་དང་ལྡན་པའི་རིང་གི། ཁང་བཟངས་སུ་གཤེགས་ནས་དཔལ་གྱིམ་ལ་སྟན་པ ་གཟིགས་སོ། ། དེ་མ་ཐག་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཀྱི་དང་གར་རྣམས་ལེགས་པར་བསླབས་པའི་ལྷའི་བུ་མོ་དང་འདྲ་བའི་གཟུགས་མཆོག་དང་ལྡན་པའི་ཆུད་མེད་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་རོལ་མ་བཟུང ་ནས་དེ་ལ་ཡོངས་སུ་བསྐོར་ནས་མངོན་པར་དགའ་བར་བྱེད་ཅིང་གང་དང་གྲུ་དང་རོལ་མོ་ལ་སོགས་པ་བྱེད་པར་རྩོམ་མོ། ། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ལ་མི་དགའ་བའི་སེམས་ཀྱི་གར་ལ་སོགས་པ་ལ་མངོན་པར ་དགའ་བ་མེད་པས་ཡུད་ཙམ་གྱིས་མནལ་དུ་བཞུད་དོ། ། བུད་མེད་དེ་རྣམས་ཀྱང་གང་གི་དོན་དུ་དེད་རྣམས་ཀྱིས་གར་ལ་སོགས་པ་བྱེད་པ་ལ་དེ་མནལ་དུ་གཤེགས་སོ།། དེ་ནི་ཅིའི་ཕྱིར་བདག་ཅག་ངལ་བར་བྱེད་གང་དང་གང་བསླབས ་པའི་རོལ་མོ་རྣམས་ལ་བཞག་ནས་ཉལ་ལོ། ། དྲི་བཟངས་དང་ལྡན་པའི་འབྲུ་མར་གྱི་མར་མེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རབ་དུ་སང་ནས་མལ་གྱི་སྟེང་དུ་དཀྱིལ་དཀྲུངས་གིས་བཞུགས་ནས་གཟིགས་པས་བུད་མེད་རྣམས ་རོལ་མོ་བཞག་ནས་གཉིད་དུ་སོང་བ་གཟིགས་སོ། ། ཁ་ཅིག་མཆིལ་མ་ལུག་པ་དང་། ཁ་ཅིག་ནི་ལུས་ལ་མཆིལ་མས་གོས་པའི་དྲི་མ་ཅན་དུ་གྱུར་པ་དང་།། ཁ་ཅིག་ནི་སོ་འཚལ་བ་དང་། ཁ་ཅིག་ནི་ངར་ངང་འབྱིན་པ་དང་། ཁ་ཅིག་ནིར ་གྲིབ་ཆད་པ་དང་། ཁ་ཅིག་ནི་ཥ་གདངས་པ་དང་། ཁ་ཅིག་ནི་གསོ་ཞུགས་པ་དང་། འགའ་ཞིག་ག་ནི་མཚན་མ་སྣང་ངོ་།། བྱང་ཆུབ་སེམས་དཔས་དེ་རྣམས་ཀྱིན་ལུ་ཨེན་པ་ལ་མི་དགའ་བར་གྱུར་ཏོ།། དེ ་དུ་བྱས་པ་ནི་ཉེ་བར་ལྡན་པ་བརྒྱ་བྱིན་གྱི་ཕོ་བྲང་དང་མཚུངས་པའི་ཁང་བཟང་ཆེན་པོ་ཡངས་ཤིང་རྣམ་པ་སྣ་ཚོགས་པའི་དྲིང་བས་གང་བའི་རོ་དང་ལྡན་འད་གྲོ་དང་མཚུངས་པར་བཡམ་སོ། ། སྲིད་པ་གསུམ་པོ་འབར་བའི ་ཁྱིམ་དང་མཚུངས་པར་བསམས་སོ། ། བདག་ལ་གནོད་པར་བྱེད་པ་དང་། འཚེ་བར་བྱེད་པ་དང་། འཚེ་བར་བྱེད་པའོ་ཞེས་ཆེད་དུ་བརྗོད་པ་འཆད་ཅིང་ཤིན་དུ་རབ་ཏུ་འབྱུང་བར་འདོད་པར་གྱུར་ཏོ།། དེ་བདག་གིས་དི་རིང་ནས་ངེས་པར ་འབྱུང་བ་ཆེན་པོས་འཐོན་པར་བསམས་ཏེ་མལ་ནས་བཞེངས་ནས་སྒོ་དང་ཉེ་བར་གཤེགས་ཏེ་འདི་ན་སུ་ཡོད་ཅེས་དྲིས་སོ། ། བློན་པོ་མདུན་པ་ཐེམ་པ་ལ་སྔས་བྱས་ནས་ཉལ་ལོ།། འཕགས་པ་བུ་བདག་བློན་པོ་མདུན་པ་ཡིན་ནོ།། ་ཞེས་སྨྲས་སོ།། དེ་ནི་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་འདོད་དོ།། བདག་གིཿགཅིག་ལ་སྐ་གྱིས་ཤིག། དེས་ལྷ་ལེགས་སོ་ཞེས་བརྗོད་ནས་དྷའི་སྒྲ་ཁྱེར་ཏེ་རྟ་རང་སོང་ནས་དྲི་བཟང་པོ་དང་ལྡན་པའི་འབུ་མར་ཁྱིམ ་མེ་སྦྱར་བ་སུམ་ནེའི་མེ་ཏོག་ཅན་གྱི་དར་གྱི་བླ་རེས་ཀྱི་འོག་ན་ཤིན་དུ་དགའ་བའི་ས་ཕྱོགས་ལ་སྡོད་པའི་རྟའི་རྒྱལ་པོ་བསྔགས་ལྡན་མཐོང་ངོ་། ། ད་ནི་བདག་གིས་འདི་ཉིད་ཀྱི་སྒྲ་བྱ་བར་རིག་ནས་བསྔགས་ལྡན་ལ་སྒྲ་སྒྲོན་ནོ།། དེས ་སྒྲ་སྒྲོན་པར་ཤེས་ནས་འདི་སྐྲ་སྦྲོན་པ་ན་གློ་བསྡམས་སོ། ། ཉི་མ་གཞན་ལ་བསྐྱེད་མོས་ཚལ་དུ་ཚད་མོ་ལ་འགྲོ་བའི་དུས་སུ་སྒ་འདི་ལྟར་མ་བྱས་སོ།། བདག་གི་སྲས་འཕགས་པ། དེ་ནི་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་འདོད ་པར་གྱུར་ཏོ་སྙམ་ནས་སེམས་དགའ་བས་རྟ་སྐད་ཚེར་ཚེར་འདོན་པ་དེའི་སྒྲ་གྲོང་ཁྱེར་ཐམས་ཅད་དུ་གྲག་པར་བྱེད་པ་སླར་ཡང་ལྷ་རྣམས་ཀྱིས་དེའི་སྒྲ་བགག་ནས་སུས་ཀྱང་མི་ཐོས་པར་བྱས་སོ། ། བྱང་ཆུབ་སེམས་དཔས་ཀྱང ་བློན་པོ་མདུན་པརྟའི་གནས་སུ་གཏང་ནས་རེ་ཞིག་བུ་ལ་བལྟ་བར་བསམས་སོ། ། གྲགས་འཛིན་མའི་གནས་སུ་གཤེགས་ཏེ་སྒོ་ཕྱེ་ནས་དེ་མ་ཐག་པར་ཉལ་སའི་ནང་དུ་དྲི་བཟང་པོ་དང་ལྡན་པའི་འབྲུ་མར་གྱི་མར་མེ་སྦར་པ་གྲགས ་འཛིན་མ་སུ་མ་ནིའི་མེ་ཏོག་དང་། མལ་ལི་ཀའི་མེ་ཏོག་ལ་སོགས་པའི་མེ་ཏོག་མལ་གྱི་སྟེང་དུ་ཁལ་གཅིག་ཙམ་བཀྲམ་པའི་སྟེང་དུ་བུའི་མགོའི་སྟེང་དུ་ལག་པ་བཞག་ནས་གཉིད་དུ་སོང་བ་ལ་བྱང་ཆུབ་སེམས་དཔས་སྒོའི ་ཐེམ་པའི་སྟེང་དུ་ཞབས་ཡ་གཅིག་བཞག་ཏེ་འཁོད་པས་གཟིགས་སོ། ། གལ་ཏེ་བདག་གིས་ལྷ་མོའི་ལག་པ་ནས་འཐེན་ནས་རང་གི་བུ་བསླང་བར་བསམས་ཏེ། ལྷ་མོ་གཉིད་སད་ན་བདག་ཉིད་འགྲོ་བའི་བར་གཅོད་དུ་འགྱུར ་ཞིང་སངས་རྒྱས་སུ་གྱུར་ནས་བུ་བལྟའོ་སྙམ་དུ་སེམས་ཏེ་ཁང་བཟངས་ནས་བབས་སོ། ། སླར་ཡང་སློབ་དཔོན་ཁ་ཅིག་འདི་ལྟར་སྨྲ་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་གཤེགས་པའི་སྔོན་རོལ་གྱི་ཉི་མ་བདུན་གྱི་གོང ་དུ་སྐྱེས་སོ་ཞེས་ཟེར་རོ། ། དེ་འདྲ་གཞན་དུ་མ་བཤད་པས་དེའི་ཕྱིར་འདི་ཁོ་ན་བཟུང་བར་བྱའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་ཁང་བཟངས་ནས་བབས་ནས་རྟའི་རེ་བ་ཉིད་དུ་གཤེགས་ཏེ་འདི་ལྟར་གསུངས་སོ།། བུ་བསྔགས ་ལྡན་ཁྱོད་ཀྱིས་ད་ནི་ནུབ་གཅིག་སྒྲལ་བར་གྱིས་ཤིག། བདག་ཁྱོད་ཀྱི་དྲིན་གྱིས་སངས་རྒྱས་སུ་གྱུར་ནས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་བསྒྲལ་བར་བྱའོ།། དེ་ནས་བསྔགས་ལྡན་གྱི་རྒྱབ་དུ་ཆིབས་སོ།། བསྔགས་ལྡན་གྱི་སྐེནས ་བཟུང་ནས་མཆུ་རུ་ཁྲུ་བཅཝ་བརྒྱད་པ། དེ་དང་འཐུན་པའི་མཐོ་ཚང་དང་ལྡན་ཞིང་མཐུ་དང་མགྱོགས་པ་དང་ལྡན་ལ་དྲང་ཕྱིས་པའི་ཁ་དོག་ལྟར་ཐམས་ཅད་དཀར་བ་དང་མཚུངས་པའོ།། གལ་ཏེ་ཚེར་ཚེར་སྒྲོགས་པ་འམ་རྨིག་པའི་སྒྲ་སྒྲོགས ་བིར་ཏྲཱས་གྲོང་ཁྱེར་ཐམས་ཅད་གྲག་པར་འགྱུར་བའོ། ། དེའི་ཕྱིར་ལྷ་རང་གི་མཐུས་དེ་སུས་ཀྱང་མི་ཐོས་པར་དེ་འདི་ལྟར་སྒྲ་སྤོགས་པ་བཀག་གོ།། ཁྲང་ཐབ་འགྲོ་བའི་རྐང་ལག་གི་མིག་པར་རེ་ལྷའི་ལག་པའི་མཐིལ་དུ་ཉེ་བར་བཞག་གོ།། བྱང ་ཆུབ་སེམས་དཔས་རྟའི་རྒྱབ་ཀྱི་དབུས་སུ་བཞུགས་སོ། ། བློན་པོ་མདུན་པ་རྟའི་འཇུག་མ་ནས་ཟུང་ཅིག་ཅེས་མཚན་ཕྱེད་ཀྱི་དུས་སུ་སྒོ་ཆེན་པོ་དང་ཉེ་བར་ཕྱིན་ཏོ།། དེའི་ཚེ་སླར་ཡང་འདི་ལྟར་རྒྱལ་པོ་ཆེན་པོས་འདི་ལྟར་བྱང་ཆུབ་སེམས ་དཔའ་གང་གི་དུས་སུ་ཡང་གྲོང་ཁྱེར་ཆེན་པོའི་སྒོ་ཕྱེ་ནས་ཕྱི་རོལ་དུ་འགྲོ་བར་མི་ནུས་པར་བྱེད་སྒོ་མའི་སྒོ་གླེག་རེ་རེ་ལ་མི་སྟོང་ཕྲག་རེ་རེས་དབྱེ་དགོས་པར་བགོས་སོ། ། བྱང་ཆུབ་སེམས་དཔའ་སྟོབས་དང་ལྡན་པས་གླང་པོ་ཆེའི་གྲངས ་བྱེ་བ་སྟོང་ཕྲག་བཅུའི་གླང་པོ་ཆེའི་སྟོབས་འཛིན་ནོ། ། མའི་གྲངས་ཀྱིས་མི་བྱེ་བ་འབུམ་ཕྲག་གཅིག་གི་མིའི་སྟོབས་འཛིན་ནོ།། བྱང་ཆུབ་སེམས་དཔས་བསམས་པ། ལག་ཏེ་སྒོམ་ཕྱེད་ན་ད་ནི་བསྔག་ལྡན་གྱི་རྒྱབ་དུ་བཞུགས་པ་ཉིད་ནི་བློན་པོ།། ་དན་པས་རྫབ་ནས་བཟུང་བ་དང་ལྡན་ཅིག་ཉིད་དུ་བསྔག་ལྡན་པ་རླ་བཙིར་ནས་ཁྲུབཅུ་བརྒྱད་པར་ལྕགས་རིའི་མཐོ་ཚད་ལ་མཆོངས་ཏེ་འདའ་བར་བསམས་སོ།། བློན་པོ་མདུན་པ་མ་པ།། གལ་ཏེ་སྒོ་མ་བྱེད་ན་བདག་གིས ་འཕགས་པ་སྲས་དཔུང་པ་ལ་ཁྱེར་ནས་ལག་པ་གཡས་པས་བསྔག་ལྡན་གྱིས་གསུས་པ་མཚན་ཁུང་དུ་བཅུག་ནས་ལྕགས་རིལ་མཆོངས་ཏེ་འདའ་བར་བསམས་སོ། ། བསྔག་ལྡན་གྱི་བསམས་པ། གལ་ཏེ་སྒོམ་ཕྱེད་ན་བདག་གིས ་རང་གི་བདག་པོ་ཇི་ལྟར་རྒྱབ་ཏུ་བཞུགས་པ་དེ་བཞིན་ཉིད་དུ་བློན་པོ་མདུན་པས་རྔ་མ་ནས་བཟུང་ནས་ལྷན་ཅིག་ཏུ་གནས་པ་ཉིད་དུ་ཁུང་ནས་ལྕགས་རིལ་མཆོངས་ཏེ་འདའ་བར་བསམས་སོ། ། གལ་ཏེ་སྒོ་མ་བྱེད་པར་གྱུར་ནས་ཇི་ལྟར་བསམ ་པ་དེ་བཞིན་དུ་གསུམ་པོའི་ནང་ནས་གང་ཡང་རུང་བ་གཅིག་ངེས་པར་འགྱུར་རོ། ། སླར་ཡང་སྒོ་སྲུང་བའི་ལྷ་རྣམས་ཀྱིས་སྒོ་ཕྱེའོ།། དེ་མ་ཐག་ཉིད་དུ་བདུད་ཀྱིས་བྱང་ཆུབ་སེམས་དཔའ་བཟློག་པར་བསམ་ནས་འོངས་ཏེ་ནམ་མཁའ་ལ་འདུག ་ནས་སྨྲས་པ། དྲང་སྲོང་ཆེན་པོ་ངེས་པར་འབྱུང་བས་མ་འགྲོ་ཅིང་འདི་ནས་ཉི་མ་བདུན་པ་ལ་ཁྱོད་ཀྱིས་རིན་པོ་ཆེའི་འཁོར་ལོ་ཐོབ་པར་འགྱུར་རོ།། གླིང་ཕྲན་སྟོང་ཕྲག་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གླིང་ཆེན་པོ་བཞིའི་རྒྱལ ་སྲིད་བྱེད་པར་འགྱུར་རོ། ། དྲང་སྲོང་ཆེན་པོ་བཟློག་ཅིག་ཅེས་སྨྲས་སོ།། ཁྱོད་སུ་ཞིག་ཡིན་ཞེས་དྲིས་སོ།། བདག་ནི་འཇིག་རྟེན་གྱི་དབང་པོ་ཡིན་ཞེས་སྨྲས་སོ།། བདུད་རིན་པོ་ཆེའི་འཁོར་ལོ་བདག་ལ་ཡོངས་པར་བདག་གིས་ཤེས ་ཏེ་བདག་ལ་རྒྱལ་པོའི་དགོས་པ་མེད་དོ། ། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་སྒྲ་སྒྲོགས་ཤིང་སངས་རྒྱས་པར་འགྱུར་རོ་ཞེས་བརྗོད་དོ།། བདུད་ཀྱིས་སྨྲས་པ། འདི་ནས་གཟུང་ནས་འདོད་པའི་རྣམ་པར་རྟོག་པ་འམ། གནོད ་སེམས་ཀྱི་རྣམ་པར་རྟོག་པ་འམ་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སེམས་ལ་བསམས་པའི་དུས་སུ་བུ་བདག་གིས་ཤེས་སོ་ཞེས་སྨྲས་སོ། ། གྲོགས་དང་མ་བྲལ་བར་གྲིབ་མ་བཞིན་དུ་རྗེས་སུ་འབྲེལ་པར་འགྲོའོ།། བྱང་ཆུབ ་སེམས་དཔའ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལག་ཏུ་ཐོགས་ཀྱང་མཆིལ་མའི་ཐལ་བ་བཞིན་དུ་ལྟོས་པ་མེད་པར་དོན་ནས་བཀུར་སྟི་ཆེན་པོས་གྲོང་ཁྱེར་ནས་ཕྱིར་འཐོན་ནོ། ། དབྱར་ཟླའི་བྲིང་པོའི་ཉལ་མཆོག་གི་སྐར་མ་ཟེའི་དུས ་སུ་ཕྱིར་འཐོན་ནས་སླར་ཡང་གྲོང་ཁྱེར་ལ་བཟློག་ནས་བལྟ་བར་བརྗོད་པར་བསམས་སོ། ། འདི་ལྟར་བྱང་ཆུབ་སེམས་དཔའི་ཐུགས་ལ་འཁྲུངས་ཙམ་ཉིད་ནའོ།། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ལོག་ནས་བལྟ་བའི་ལས་ཀྱི་བསོད ་ནམས་ཁྱོད་ཀྱིས་བྱས་པ་མེད་དམ་ཞེས་བརྗོད་པ་བཞིན་དུས་གཞི་ཆེན་པོ་རྫ་མ་མཁན་གྱིས་འཁོར་ལོ་བཞིན་དུ་ཕུག་ནས་བཟློག་གོ། ། བྱང་ཆུབ་སེམས་དཔའ་གྲོང་ཁྱེར་ལ་སྔོན་དུ་ཕྱོགས་ཤིང་འཁོད་ནས་གྲོང་ཁྱེར་ལ་གཟིགས ་ཏེ་དེའི་ས་ཕྱོགས་ཞིག་དུ་བསྔགས་ལྡན་ལྡོག་པའི་མཆོད་རྟེན་གྱི་གནས་གཅིག་བསྟན་ནོ། ། བསྔག་ལྡན་འགྲོ་བའི་ལམ་ལ་མངོན་དུ་ཕྱོགས་པར་བྱས་ནས་བྱོན་ནོ།། བཀུར་སྟི་ཆེན་པོ་དང་དཔལ་དང་སྐལ་པ་བཟང་པོ་དང ་ལྡན་ནོ། ། དེའི་ཚེ་ལྷ་རྣམས་ཀྱིས་དེའི་མདུན་དུ་སྟོང་ཕྲག་དྲུག་བཅུའི་མར་མེ་ཆེན་པོ་སྦྱར་རོ།། རྒྱབ་ཀྱི་ཕྱོགས་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་བཅུ་སྤང་འོ།། གཡས་ཀྱི་ཕྱོགས་སུ་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་བཅུ་ས་པ། ་རོ།། གཡོན་གྱི་ཕྱོགས་སུ་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་བཅུ་སྤར་རོ།། ལྷ་གཞན་རྣམས་ཀྱིས་ཀྱང་ཁོར་ཡུག་གི་རིའི་སྟེང་དུ་གྲངས་མེད་པའི་མར་མེ་སྟོང་ཕྲག་མང་པོ་སྤར་རོ།། ལྷ་གཞན་རྣམས་དང་ཀླུ་དང ་འདབ་བཟངས་ལ་སོགས་པས་ལྷའི་སྤོས་དང་མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང་བདུག་པ་ལ་སོགས་པས་མཆོད་ཅིང་འགྲོའོ། ། པཱ་རི་ཙ་ཚ་ཏའི་མེ་ཏོག་ཉིད་དང་མན་དྷ་རའི་མེ་ཏོག་སྤྲིན་ལྟར་འཐུག་པ་རྒྱུན་དུ་འབབ་པ་བཞིན་དུ ་ནམ་མཁའ་ལ་རྒྱུན་མི་འཆད་པར་མེ་ཏོག་གི་ཆར་འབབས་པར་གྱུར་ཏོ། ། ལྷའི་གླུ་དབྱངས་སྒྲོགས་པར་གྱུར་ཏོ།། ཀུན་ནས་བསྐོར་བར་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱི་རོལ་མོའི་སྒྲ་སྒྲོགས་སོ།། རྒྱ་མཚོའི་དབུས་སུ་འབྲུག་གི་སྒྲ ་སྒྲོགས་པ་བཞིན་ནོ། ། རི་བོ་གཉའ་ཤིང་འཛིན་གྱི་འགྲམ་དུ་རྒྱ་མཚོའི་སྒྲ་སྒྲོགས་པའི་དུས་བཞིན་དུ་འཇུག་གོ། འདི་ནི་དཔལ་དང་སྐལ་པ་བཟང་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གཤེགས་པའི་མཚན་གཅིག་ལ་རྒྱལ་སྲིད ་གསུམ་སྤངས་ནས་དཔག་ཚད་སུམ་བཅུའི་མཐར་ཡིད་ལྡན་ཞེས་བྱ་བའི་ཆུ་ཀླུང་གི་འགྲམ་དུ་བཞུད་དོ། ། ཅིའི་ཕྱིར་ཡང་ཏེ་འདིའི་ཕ་རོལ་དུ་ཡང་འགྲོ་བར་མི་ནུས་སམ།། མི་ནུས་པ་ནི་མི་ཡིན་ཏེ། དེ་ནི་ཁོར་ཡུག ་གཅིག་གི་ནང་དུ་སྔ་དྲོ་གཅིག་ལ་སོང་ནས་བསྐོར་ཏེ་དེ་མ་ཐག་ཏུ་སྔ་དྲོ་ཉིད་དུ་འོངས་ཞིང་རང་གི་མདུན་དུ་ཁ་ཟས་བྱིན་པ་ཟ་བར་ནུས་སོ། ། དེའི་ཚེ་སླར་ཡང་ལྷ་དང་ཀླུ་དང་འདབ་བཟངས་ལ་སོགས་པ་ནམ་མཁའ་ལ་འཁོད ་ན་ཨས་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་བབས་ཏ་ཇི་སྲིད་ཏའི་བརླའི་བར་དུ་ལུས་ནུབ་པས་འཐོན་པར་མི་ནུས་པ་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ནི་རལ་པ་ལྟར་གདོན་པར་མི་ནུས་པར་ཤ་ནི་དུ་ཐོགས་པར ་གྱུར་ཏོ། ། དེའི་ཕྱིར་དཔག་ཚད་སུམ་བཅུ་རྩམ་ཉིད་དུ་སང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ཀླུང་གི་འགྲམ་དུ་འཁོད་ནས་བློན་པོ་མདུན་པ་ལ་དྲིས་པ། ཆུ་ཀླུང་འདིའི་མིང་མི་ལྷ་ཡིད་ལྡན་ཞེས་བགྱི་བ་ལགས་སོ།། ་བདག་ཀྱང་རབ་ཏུ་འབྱུང་བ་ལ་ཡིད་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ།། ཞབས་ཀྱིས་བརྒྱབ་སྟེ་རྟ་བསྐུལ་བ་བྱས་ཏེ།། རྟ་ཡིས་མཆོངས་ནས་གླང་བརྒྱད་ཀྱི་སྐད་ཙམ་གྱིས་ཆུ་ཀླུང་གི་ཞེང་འགྲམ་གྱི་ཕ་རོལ་དུ་འཁོད་དོ།། བྱང་ཆུབ ་སེམས་དཔའ་རྟའི་རྒྱབ་ནས་བབས་ཏེ་དངུལ་དང་མཚུངས་པའི་བྱེ་མའི་ཕུང་པོའི་སྟེང་དུ་འཁོད་དོ། ། མདུན་པ་བོས་ནས་ཁྱོད་ཀྱིས་བདག་གི་རྒྱན་རྣམས་དང་བསྔག་ལྡན་ཁྲིད་ལ་སོང་ཅིག་བདག་རབ་ཏུ་འབྱུང་བར་འགྱུར་རོ།། ་བདག་ཀྱང་རབ་ཏུ་འབྱུང་དུ་གསོལ།། བྱང་ཆུབ་སེམས་དཔས་ཁྱོད་ཀྱིས་རབ་ཏུ་འབྱུང་བ་མི་འཐོབ་པས་སོང་ཅིག། ལན་གསུམ་དུ་ཞུས་ཀྱང་མ་གནང་ངོ་།། རྒྱན་དང་བསྔག་ལྡན་ལག་པས་སྟང་དེ་བསམས་པ། ་བདག་གི་སྒྲ་འདི་དགེ་སྦྱོང་དང་མི་མཐུན་ནོ་སྙམ་ནས་བྱང་ཆུབ་སེམས་དཔའ་གཞན་གྱིས་ཀྱང་སྒྲ་ཐེག་པར་རུང་བ་གཞན་མེད་དོ།། དེ་ནས་བདག་ཉིད་ཀྱི་རལ་གྲིས་བྲེག་པར་བསམ་སོ།། ཕྱག་གཡས་པས་རལ་གྲི་བཟུང ་ནས་ཕྱག་གཡོན་པས་ཅོད་པན་དང་བཅས་པའི་ནོར་བུ་བཟུང་སྟེ། བཅད་དོ།། དབུ་སྒྲ་ནི་སོར་གཉིས་པར་གྱུར་ཅིང་གཡས་ཕྱོགས་ནས་འཁྱིལ་པས་དབུལ་གནས་སོ།། དེ་རྣམས་ཇི་སྲིད་འཚོའི་བར་དེ་ཉིད་ཀྱི་ཚད་དུ ་གྱུར་ཏོ། ། ཁས་སུ་ཡང་མེད་པར་གྱུར་ཏོ།། སླར་དབུ་སྐྲ་དང་ཁས་སྤུ་བཞར་མི་དགོས་པར་གྱུར་རོ།། བྱང་ཆུབ་སེམས་དཔས་ཅོད་པན་དང་བཅས་པའི་ན་བུ་བཟུང་ནས་གལ་ཏེ་བདག་སངས་རྒྱས་པར་འགྱུར་ན་ནམ ་མཁའ་ལ་འཁོད་ཅིག། མ་ཡིན་ནས་ལ་ལྟུང་བར་གྱུར་ཅིག་ཅེས་ནམ་མཁའ་ལ་དོར་རོ།། དེ་ནི་གཙུག་གི་ནོར་བུ་བཅིངས་པ་དཔག་ཚད་གཅིག་གི་ཚད་ཙམ་དུ་སོང་ནས་ནམ་མཁའ་ལ་འཁོད་དོ།། སྐྲའི་རྒྱལ་པོ་བ ་བྱིན་གྱི་ལྷའི་མིག་གིས་བལྟས་པས་དཔག་ཚད་གཅིག་གི་ཚད་ཙམ་གྱིས་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ནས་སུམ་བཅུ་རྩ་གསུམ་གྱི་ཕོ་བྲང་དུ་གཙུག་གི་ནོར་བུ་བཞུགས་པའི་མཆོད་རྟེན་གཞེངས་སོ། ། མཆོག་གི ་དྲི་ལས་བསྒོམས་པའི་གཙུག་ཕུད་བཅད། ། གང་ཟག་མཆོག་གིས་ནམ་མཁའ་ལ་ནི་དོན།། མགེ་སྟོང་པ་ཡིས་དབུ་སྐྲ་མགོ་སྟེང་བཟུང་།། གསེར་གྱི་ཟ་མ་ཏོག་དུ་ལྷ་གན་ཀྱ། སླར་ཡང་བྱང་ཆུབ་སེམས་དཔས་བསམས་གསུལ ་ཀ་ཤི་ཀའི་རས་འདི་དགེ་སྦྱོང་བདག་གི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་བསམས་སོ། ། དེ་ནས་སངས་རྒྱས་འོད་སྲུང་གི་དུས་སུ་སྔོན་གྱི་གྲོགས་པོ་རྫ་མཁན་ཚངས་པ་ཆེན་པོར་གྱུར་ཏོ།། སངས་རྒྱས་གཅིག་གི་བར་དུ ་གྲོགས་པོ་དང་མ་ཕྲད་དོ་ཞེས་བསམས་ཏེ་དེ་ནི་བདག་གི་གྲོགས་པོ་ངེས་པར་འབྱུང་བ་ཆེན་པོས་འཐོན་ནོ། ། དགེ་སྦྱོང་གི་ཡོ་བྱད་འདིའི་བཟུང་ནས་འགྲོའོ་ཞེས་བསམས་སོ།། ཆོས་གོས་གསུམ་དང་ལྷུང་བཟེད་དང་།། ་སྠི་ཁབ་དང་སྐར་གས་དང་།། ཆུ་ཚགས་དང་བཅས་བརྒྱད་ཡིན་ནོ།། དགེ་སྦྱོང་རྣམས་ལ་རིགས་ཤིང་མའོ།། དགེ་སྦྱོང་གི་མཁོ་བའི་ཡོ་བྱད་བརྒྱད་པོ་འདི་བསླངས་ནས་ཕུལ་ལོ།། བྱང་ཆུབ་སེམས་དཔས་མཆོད་པར་འོས ་པའི་རྒྱལ་མཚན་གྱོན་ནས་རབ་ཏུ་འབྱུང་བ་མཆོག་གི་ཆ་བྱད་བསླངས་ཏེ་མདུན་པ་ལ་བདག་གི་ཚི་གགིས་དང་ཡབ་ལ་བདག་ལ་ནད་མེད་པར་གྱུར་རོ་ཞེས་སྤྲོས་ཅིག་ཅེས་ཞེས་པས་བཏང་ངོ་། ། མདུན ་བས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱས་བསྐོར་བ་བྱས་ནས་སོང་ངོ་། ། སླར་ཡང་བསྔག་ལྡན་གྱིས་མདུན་པ་དང་བྱང་ཆུབ་སེམས་དཔའ་གསུང་གླེང་བྱེད་ཅིང་འདུག་པ་ཐོས་ན། བདག་ནི་རྡོ་འོ་དང་ཕྲད ་བར་མི་འགྱུར་ཞེས་བསམས་སོ། ། མིག་ལམ་དུ་སྤངས་ནས་མྱ་ངན་ལ་ཤིན་དུ་གནས་པ་བསྲན་པར་མ་ནུས་ཏེ་སྙིང་གས་ནས་དུས་ལས་འདས་ཏེ་སུམ་བཅུ་རྩ་གསུམ་གྱི་གནས་སུ་བསྡུག་ལྡན་ཞེས་བྱ་བའི་ལྷའི ་བུར་སྐྱེས་སོ། ། མདུན་པ་ལ་དང་པོའི་མྱ་ངན་དུ་གྱུར་པ་གཅིག་གོ། སླར་ཡང་བསྔག་ལྡན་དུས་ལས་འདས་པའི་རྒྱུ་མཚན་གྱིས་མྱ་ངན་གཉིས་པས་གཟིར་ཏེ། ངུ་ཞིང་སྨེས་སྔགས་འདོན་ཞིང་གྲོང་ཁྱེར་དུ་སོང་ངོ་།། ། ་བྱང་ཆུབ་སེམས་དཔའ་དེའི་ཕྱོགས་ཉིད་དུ་རྗེས་སུ་དགའ་བ་ཞེས་བྱ་བའི་ཨ་སྨྲའི་ཚལ་ཡོད་དོ།། དེར་ཉི་མ་བདུན་ནས་རབ་ཏུ་འབྱུང་བའི་བདེ་བས་གནས་ནི་ཤིན་མཚན་འངངོ་རོ།། ཉི་མ་གཅིག་ཉིད་ལ་དཔག་ཚད་སུམ ་བཅུའི་ལམ་དུ་ཞབས་ཀྱིས་གཤེགས་ནས་རྒྱལ་པོའི་ཁབ་དུ་བྱོན་ནོ། ། བྱོན་ནས་སྒོ་མཐར་ཆགས་སུ་བསོད་སྙོམས་ལ་གཤེགས་ཏེ་གྲོང་ཁྱེར་བ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་མཐོང་ནས་གླང་པོ ་ཆེ་ནོར་སྐྱོང་ཞུགས་པའི་རྒྱལ་པོའི་ཁབ་བཞིན་དང་ལྷ་མ་ཡིན་གྱིས་དབང་པོ་ཞུགས་པའི་ལྷའི་གྲོང་ཁྱེར་བཞིན་དུ་ཀུན་དུ་འཁྲུགས་པར་གྱུར་ཏེ། རྒྱལ་པོའི་མི་འོངས་ཤིང་ལྷ་འདི་ལྟ་བུའི་གཟུགས་ཀྱི་སེམས་ཅན་གཅིག ་གྲོང་ཁྱེར་ན་བསོད་སྙོམས་བྱེད་དོ། ། ལྷ་འམ་མི་འམ་འདབ་བཟང་སྟེ་འདི་གང་ཡི་ནི་བདག་ཅག་གསི་མ་ཤེས་སོ་ཞེས་སྨྲས་སོ།། རྒྱལ་པོ་ཁང་བཟངས་ཀྱི་སྟེང་དུ་འཁོད་ནས་སྐྱེས་བུ་ཆེན་པོ་མཐོང་སྟེ་ཡ་མཚན ་དང་རྨད་དུ་བྱུང་བ་སྐྱེས་སོ། ། མི་གཅིག་པོས་ནས་སོང་ལ་རྟོགས་ཤིག། གལ་ཏེ་མི་མ་ཡིན་པར་གྱུར་ན་གྲོང་ཁྱེར་ནས་ཕྱི་རོལ་དུ་སོང་སྟེ་མི་སྡང་བར་འགྱུར་རོ།། གལ་ཏེ་ལྷ་ཡིན་པར་གྱུར་ན་ནམ་མཁའ་ལ་འགྲོའོ།། གལ་ཏེ ་ཀླུ་ཡིན་ན་སའི་འོག་ཏུ་འགྲོ་བར་འགྱུར་རོ། ། གལ་ཏེ་མེ་ཡིན་ན་ཇི་ལྟར་ཐོབ་པའི་ཁ་ཟས་ཟའོ་ཞེས་བསྒོའོ།། སྐྱེས་བུ་ཆེན་པོས་ཀྱང་ཁ་ཟས་འདྲེས་པ་རྣམས་བསྡུས་ནས་བདག་ལ་འདི་ཙམ་གྱིས་ཆོག་པར་རྟོགས་ཏེ། ཞུགས ་བའི་སྒོ་ཉིད་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཐོན་ཏེ། རི་སྠའོ་ཡི་གྲིབ་མ་ལ་ཤར་དུ་སྤུན་དུ་ཕྱོགས་པས་ཞུགས་ནས་ཁ་ཟས་ལ་ལོངས་སྤྱོད་པར་བརྩམས་སོ།། དེ་ནས་གང་གི་སུ་མ་ཕྱིན་ཅི་ལོག་སྟེ་ཁ་ནས་འཐོན་པའི་རྣམ་པ ་བསམས་པར་གྱུར་ཏོ། ། དེ་ནས་དེའི་བདག་ཉིད་ཀྱི་ལུས་ཀྱིས་འདི་ལྟ་བུའི་ཚུལ་གྱི་ཁ་ཟས་མག་གིས་མཐོང་བ་ཡང་དཀོན་ནོ།། དེའི་ཕྱིར་རིགས་སོ་སོའི་ཁ་ཟས་ལ་མི་དགའ་བར་བསམས་ནས་འདི་ལྟར་རང་ལ་རང་གིས་གདམས ་སོ། ། དོན་གྲུབ་ཁྱོད་རྙེད་སླ་བའི་བཟའ་བ་དང་བཏུང་བའི་རིགས་ལོ་གསུམ་པའི་འབྲས་དྲི་ཞིམ་པོའི་བཟའ་བ་སྣ་ཚོགས་པའི་རོ་དང་བཅས་པའི་བཟའི་གནས་སུ་སྐྱེས་པར་གྱུར་ནས་ཕྱག་ཐར་ཁྲོད་པ་གཅིག་མཐོང་སྟེ། ནང ་དུའང་བདག་ནི་འདི་ལྟ་བུའི་ཚུལ་དུ་གྱུར་ནས་བསོད་སྙོམས་ལ་འགྲོ་ཞེས་ཁ་ཟས་ལོངས་སྤྱོད་དོ། ། དེའི་དུས་སུ་བདག་ལ་དེ་ལྟར་འགྱུར་རོ་ཞེས་བསམས་ནས་འཐོན་ནོ།། དེ་ནི་འདི་ཅི་བྱེད་པ་ཡིན་ཞེས་འདི་ལྟར་རང་ལ་རང་གིས ་གདམས་ནས་རྟོག་པ་མེད་པར་ཁ་ཟས་ལ་ལོངས་སྤྱོད་དོ། ། རྒྱལ་པོའི་མིས་འདིའི་འཇུག་པར་མཐོང་ནས་སོང་སྟེ་རྒྱལ་པོ་ལ་སྨྲས་སོ།། རྒྱལ་པོས་ཕོ་ཉ་བའི་གཏམ་ཐོས་ནས་མྱུར་བར་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཐོན་ནས ་བྱང་ཆུབ་སེམས་དཔའ་དང་ཉེ་བར་སོང་སྟེ་སྤྱོད་ལམ་ལ་དང་བར་གྱུར་ཏེ། ། བྱང་ཆུབ་སེམས་དཔའ་ལ་དབང་ཕྱུག་ཐམས་ཅད་རྫོགས་པར་ཕུལ་ལོ།། བྱང་ཆུབ་སེམས་དཔའ་རྒྱལ་པོ་ཆེན་པོ་བདག་ལ་དངོས་པོའི ་འདོད་པའམ་ཉོན་མོངས་པའི་འདོད་པའི་དོན་མེད་དོ། ། བདག་ནི་མཆོག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་དོན་དུ་གཉེར་བས་འོངས་སོ།། རྒྱལ་པོས་རྣམ་པ་སྣ་ཚོགས་པའི་སྦྱིན་པ་བྱིན་ཡང་དེའི ་ཐུགས་ལ་མི་འཕྲོད་དོ། ། ངེས་པར་ཁྱོད་སངས་རྒྱས་པར་འགྱུར་རོ།། སངས་རྒྱས་སུ་གྱུར་ནས་སླར་ཡང་དང་པོར་བདག་གི་ཟོང་ཁྱེར་དུ་བྱོན་པར་ཞུ་ཞེས་དམ་བཅའ་བཟུང་ངོ་།། འདི་ནི་འདིར་མདོར་བསྡུས་པ་སྟེ། རྒྱས ་པར་ནི་སླར་ཡང་འདི་རབ་ཏུ་འབྱུང་བའི་མདོ་དང་བཅས་པར་དོན་དང་གཏམ་འདི་ནི་བལྟ་ཞིང་རིག་པར་བྱའོ། ། བྱང་ཆུབ་སེམས་དཔས་ཀྱང་རྒྱལ་པོ་ལ་དམ་བཅས་བྱིན་ནས་གོ་རིམས་བཞིན་དུ་སྤྱོད་པ་ལ་གཤེགས་ཤིང་ཀུན ་ནས་ཚོན་དང་། ནག་པོ་ཅན་དང་འཆར་བྱེད་གསེར་དང་། དགའ་བྱེད་བུའི་གནས་སུ་ཉེ་བར་གཤེགས་ནས་སྙོམས་པར་འཇུག་པ་བསྐྱེད་དེ་སངས་རྒྱས་ཐོབ་པའི་ལམ་ནི་འདི་མ་ཡིན་ནོ།། དེ་ལ་སྙོམས་པར་འཇུག་པ ་ས་ཀྱེས་ཀྱང་དགྱེས་པར་མ་གྱུར་ནས་ལྷ་དང་བཅས་པའི་འཇིག་རྟེན་པའི་རང་གི་སྟོབས་དང་བརྩོན་འགྲུས་རྣམས་ལ་ལེགས་པར་བལྟ་བར་འདོད་པས་དཀའ་བ་ཆེན་པོ་སྤྱོད་པའི་བསམ་པས་སྟེང་རྒྱས་སུ་བྱོན ་ཏོས་ཕྱོགས་འདི་ནི་ཤན་དུ་དགའ་བ་ཡིན་ནོ་སྙམ་ནས་དེ་ཉིད་དུ་ཉེ་བར་གནས་པར་བྱས་ཏེ་དགའ་བ་ཆེན་པོ་སྤྱོད་དོ། ། དེ་ཡང་ཀཽཎྜི་ནྱ་ལ་སོགས་པ་རབ་སྤང་བ་ལྔ་གྲོང་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་རྣམས ་སུ་བསོད་སྙོམས་ལ་རྒྱུ་ཞིང་བྱང་ཆུབ་སེམས་དཔའི་གནས་དེར་འོངས་སོ། ། དེ་ནས་ལོ་དྲུག་ཏུ་དཀའ་བ་ཆེན་པོ་སྤྱོད་དོ།། ད་ནི་སངས་རྒྱས་སུ་འགྱུར་རོ་ང་ནི་སངས་རྒྱས་སུ་འགྱུར་རོ་ཞེས་ཞུས་པའི་གནས། ་ལ་བྱི་དོར་ལ་སོགས་པ་བྱེད་ཅིང་སྐ་ལ་རམི་གྲོ་བྱེད་པར་གྱུར་ཏེ་ཉེ་བར་གནས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཡང་ཕྱི་མའི་མཐར་ཐུག་པར་དཀའ་བ་སྤྱད་པར་བསམས་སོ།། ཏིལ་གཅིག་དང་འབྲས ་ཀྱི་ཉག་མ་གཅིག་ལ་སོགས་པའི་ཉི་མ་འདའ་ཞིང་ཐམས་ཅད་དུ་ཡང་ཁ་ཟས་ཐམས་ཅད་སྤངས་སོ། ། ལྷ་རྣམས་ཀྱིས་ཀྱང་པ་སྤུའི་བུ་ག་རེ་རེ་ནས་མདངས་སྟོན་ཏོ།། དེ་ནས་དེའི་ཁ་ཟས་མེད་པར་སྐུ་རིང་བར་གྱུར་ཏོ།། ་གསེར་གྱི་ཁ་དོག་ཅན་གྱི་སྐུ་ཡང་ནག་པོར་གྱུར་ཏོ།། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱང་མི་སྣང་བར་གྱུར་ཏོ།། ཉི་མ་གཞན་ལ་ཡང་རླུང་དལ་བུ་ས་བསམས་གཏན་བྱེད་ཅིང་སྐ་ལ་ཟུག་གཟེར་ཆེན་པོ ་སྐྱེས་ནས་འདུ་ཤེས་མེད་པར་གྱུར་ཏེ་འཆག་པའི་གནས་སུ་འགྱེལ་ལོ། ། དེ་ནས་ལྷ་གཅིག་གིས་དགེ་སྦྱོང་གཽ་ཏམ་དུས་ལས་འདས་སོ་ཞེས་བརྗོད་དོ།། གཅིག་གིས་འགྱེལ་བ་ན་དགྲ་བཅོམ་པ་ཐོབ་པོ་ཞེས་བརྗོད་དོ།། ་དེར་གང་ཞིག་གིས་དུས་ལས་འདས་སོ་ཞེས་བརྗོད་ནས་དེ་སོང་སྟེ་རྒྱལ་པོ་ཆེན་པོ་ཟས་གཙང་ལ་སྨྲས་པ་ཁྱེད་ཀྱི་སྲས་དུས་ལས་འདས་སོ་ཞེས་བདག་གི་སྲས་སངས་རྒྱས་མ་ཐོབ་པར་དུས་ལས་འདས་སམ།། ཐོབ་ནས ་དུས་ལས་འདས་ཞེས་དྲིས་པོ། ། སངས་རྒྱས་ཐོབ་པར་མ་ནུསོ།། དཀའ་བ་སྤྱོད་པའི་གནས་སུ་འགྱེལ་ནས་དུས་ལས་འདས་སོ།། འདི་ཐོས་ནས་རྒྱལ་པོ་ཡིད་མཆིས་པར་གྱུར་ཏོ།། བདག་གི་སྲས་སངས་རྒྱས ་མ་ཐོབ་པར་དུས་ལས་འདའ་བ་མེད་དོ་ཞེས་བཀག་གོ། ། གང་གི་ཕྱིར་སླར་ཡང་རྒྱལ་པོ་ཡིད་མཆེས་ནས་དཀའ་ཐུབ་པ་ནག་པོ་ལྷ་ལེན་གྱིས་ཕྱག་བྱེད་པའི་དུས་དང་འཛམ་བུའི་ཤིང་གི་དྲུང་ཉིད་དུ་ཆོ་འཕྲུལ་མཐོང་བའི་ཆུ ་མཚན་ཉིད་ཀྱིས་སོ། ། སླར་ཡང་བྱང་ཆུབ་སེམས་དཔའ་ས་འདུས་ཤེས་ཐོབ་ནས་བཞེངས་སོ།། ལྷདེ་སོང་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་པོ་དེ་ནད་མེད་པར་གྱུར་ཏོ་ཞེས་སྨྲས་སོ།། རྒྱལ་པོས་པྲས ་ལོ་མིན་པར་བདག་གིས་ཤེས་སོ། ཞེས་སྨྲས་སོ།། སེམས་དཔའ་ཆེན་པོ་ལོ་དྲུག་ཏུ་དཀའ་བ་བྱེད་ཅིང་འདི་ལྟ་བུའི་སེམས་སུ་གྱུར་ཏེ་འདི་ལྟ་བུའི་དཀའ་ཐུབ་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ་ཞེས་པསམས ་ནས་ཁ་ཟས་ཅུང་ཟད་ལ་ལོངས་སྤྱོད་པར་བྱེད་ཅིང་གྲོང་དང་གྲོང་རྡལ་རྣམས་སུ་བསོད་སྙོམས་ལ་རྒྱུ་བས་བསོད་སྙོམས་སྤྱོད་དོ། ། དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་གསལ་བར་གྱུར་ཏོ།། སྐུ ་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ། ། དགེ་སློང་ལྔ་སྡེ་ན་རེ་འདིའི་ལོ་དྲུག་དུ་དཀའ་བ་སྤྱད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མ་གྱུར་ཏོ།། དེ་ནི་གྲོང་ལ་སོགས་པར་བསོད་སྙོམས་སྤྱོད་ཅིང་ཁ་ཟས་བླངས་ནས ་ཟས། རོལ་ཆགས་པར་གྱུར་ན་ཙ་ནུས་འདིས་དཀའ་བ་སྤྱད་པར་འཁྲུལ་ལོ།། ལུས་ལ་ཁྲུས་བྱེད་པར་འདོད་པས་ལུས་ཀྱི་བ་སྤུ་རེ་རེའི་སྒོར་ཆུ་ཞུགས་ནས་འདོད་པའི་ཐིག་ལེར་གྱུར་པ་དང་མཚུངས་སོ།། བདག་ཅག་ད ་འདོད་པའི་རྣམ་པར་རྟོག་པ་ཡོད་པའི་གནས་སུ་འདུག་པས་ཅི་ཞིག་བྱ། ། སྐྱེས་བུ་ཆེན་པོ་སྤངས་ཤིང་རང་རང་གི་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་དཔག་ཚད་བཅཝ་བརྒྱད་ཀྱི་ལམ་དུ་སོང་སྟེ་དྲང་སྲོང་ལྷུང་བའི་ཆལ ་དྲུགནས་སོ། ། དེའི་ཚ་ངའི་དུས་སུ་སར་རྒྱས་ན་ས་ཅན་གྱི་གྲོང་རྡལ་བཞད་པའི་ཁྱིམ་དུ་སྐྱེས་པའི་ལེགས་སྐྱེས་མཉེས་བྱ་བའི་བུ་མོན་ཆོད་ལྡན་པར་གྱུར་ཏ་ནཱ་ཀྲོ་དྷ་ཤིང་གཅིགདོན་དུ་གཉར་ཏོ།། གལ་ཏ་བ་ག་དང་མཉམ ་སྐྱེས་པའི་རིགས་ཀྱི་ཁྱིམ་དུ་སོང་ནས་དང་པོར་མངལ་ཆགས་ཏེ། བུ་རྙེད་ནས་དེ་ལ་ལོ་ས་སོར་འབུམ་ཕྲག་གཅིག་རི་པའི་གཏོར་མའི་ལས་བྱའོ།། དེའི་དོན་དུ་གཉེར་བ་འགྲུབ་བོ།། དེས་སེམས་དཔའ་ཆེན་པོ་ལོ་དྲུག་གི་མཐར་དཀའ ་སྤྱོད་པ་རྫོགས་པར་བྱེད་དོ། ། དཔྱིད་ཟླ་ཐ་ཆུང་གི་ཉལ་གཏོར་མའི་ལས་བྱེད་པར་སེམས་སོ།། དེའི་སྤུན་ཉིད་དུ་སྟོང་ཕྲག་གཅིག་གི་པ་བཞོན་མ་ཤིང་དངར་གྱི་ན་གསུ་ཤིང་མངར་ཟབ་དེ་རྣམས་ཀྱི་འོ་མ་བཞོས་ནས་བཞོན་མ་ལྔ་བརྒྱལ་བྱིན། ་ནོ།། དེ་རྣམས་ཀྱི་འོ་མ་བཞོས་ནས་པ་བཞོན་མ་ཕྱེད་དང་སུམ་བརྒྱ་ལ་བྱིན་ནོ།། དེ་བཞིན་དུ་བ་བཞོན་མ་བཅུ་དྲུག་གི་འོ་མ་བཞོས་ནས་པ་བཞོན་མ་བརྒྱད་ལ་བྱིན་ནོ།། དེ་སྲིད་ཀྱི་འོ་མ་སྐ་མོ་དང་དང་ར་བ་དང་མདངས་དང་མདོག་དང་ལྡན་པ་དོན་དུ ་གཉེར་བར་འདོད་ཅིང་འོ་མ་བསྐོལ་ལོ། ། དེས་དཔྱིད་ཟླ་ཐ་ཆུང་གི་ཉིའི་ཉིན་མོའི་སྔ་དྲོ་གཏོར་མའི་ལས་བྱེད་པར་སེམས་ཤིང་མཚན་མོའི་ནམ་ལངས་ཁའི་དུས་སུ་བ་འཇོ་མཁན་ལངས་ནས་པ་བཞོན་མ་བརྒྱད་པོ་འཇོ་རུ་སོང་པ། ཥེའུ ་བའི་ནུ་མ་ལ་ཉེ་བར་མ་གྱུར་པར་ཡང་། པའི་ནུ་མའི་གམ་དུ་སྣོད་གསར་པ་ཉེ་བར་གནས་པ་བྱས་པ་ཙམ་ན་རང་གི་ཆོས་ཉིད་ཀྱིས་འོ་མའི་རྒྱན་གྱིས་སྣོད་གང་བར་གྱུར་ཏོ།། ལེགས་སྐྱེས་མས་ཡ་མཚན་ཆེ་བ་དེ་མཐོང་སྟེ། འོ ་རང་གི་ལག་པས་ཁྱེར་ནས་སྣོད་གསར་པར་བླུགས་པ་ལ་རང་གི་ལག་གསི་མེ་གཏང་སྟེ་འཚོད་པར་བརྩམས་ནས། ། དེར་འོ་ཐུག་བསྐོལ་བས་ལྦུ་བ་ཆེན་པོ་འཐོན་ནས་གཡས་ཕྱོགས་སུ་འཁོར་ཞིང་ཐོར་མ་གཅིག་ཙམ་ཡང ་ས་ལ་མ་ལྷུང་ལ། ཐབ་ན་དུ་པ་བཅུང་ཟད་ཀྱང་མེད་དོ།། དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་པོ་འོངས་ནས་ཐབ་སྲུན་པར་བྱེད་དོ།། ཚངས་པ་ཆེན་པོས་ནི་གདུགས་འཛིན་ནོ།། བརྒྱ་བྱིན་གྱིས་ནི་ཇི་ལྟར་རིགས་པའི་མེ་གདོང་བར་བྱེད་དོ།། སྟོང ་ཕྲག་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གླིང་ཆེན་པོ་བཞིའི་ལྷ་དང་མི་རྣམས་ཀྱིས་ཇི་ལྟར་རིགས་པའི་མདངས་རྣམས་ལྔ་རང་རང་གི་མཐུས་བསྡུས་ནས་བཅུག་གོ། ། མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་ནས་དུས་གཞན ་ལལྷ་རྣམས་ཟན་གྱི་གོང་བུ་རེ་རེས་མ་དངས་འཇུག་གོ། ། སླར་ཡང་བྱང་ཆུབ་པའི་ཉིན་མོ་དང་ཡོངས་སུ་མྱ་ངན་ལས་འདའ་བའི་ཉིན་མོ་སྣོད་ཉིད་དུ་འཇུག་པར་བྱེད་དོ།། ལེགས་སྐྱེས་མས་ཉི་མ་གཅིག་ཉིད་ལ་དེར་རང་ཉིད ་གསལ་བར་གྱུར་ནས་ཡ་མཚན་ཆེ་བ་དུ་མ་མཐོང་སྟེ་བྲན་མ་རྫོགས་མ་ཞེས་བྱ་བ་བོས་ནས། ། རྫོགས་མདི་རིང་བདག་ཅག་གིས་ལྷ་ཤིན་དུ་དགྱེས་པར་གྱུར་ཏེ། བདག་གིས་དེ་རྣམས་ཀྱི་དུས་སུ་འདི་ལྟ་བུའི་ཚུལ་གྱིས་ཡ་མཚན ་ཆེ་བ་མ་མཐོང་བས་མྱུར་དུ་སོང་ལ་ལྷའི་གནས་སུ་བྱི་དོར་ལེགས་པར་གྱིས་ཤིག། དེས་ལེགས་སོ་ཞེས་བརྗོད་ནས་འཕགས་མ་དེའི་ཚིག་བཟུང་སྟེ་མྱུར་བ་མྱུར་བར་ཤིང་གི་དྲུང་དུ་ཕྱིན་ནོ།། བྱང་ཆུབ་སེམས་དཔའས་ཀྱང་དེའི ་མཚན་མོ་ཆེལ་རྨི་ལ་མཚན་པོ་ལྔ་གཟིགས་པ་ཡོངས་སུ་རྟོག་ཅིང་ཐེ་ཚམ་མེད་པར་བདག་དརང་སངས་རྒྱས་ཐོབ་པར་འགྱུར་བར་བྱའོ་སྙམ་དུ་ཐུགས་བརྟན་པོར་མཛད་ནས། ། དེའི་ནུབ་མོ་འདས་ཏེ་སུའི་བྱི་དོར ་མཛད་ནས་བསོད་སྙོམས་ལ་གཤེགས་པའི་དུས་ཀྱི་སྔ་དྲོ་བྱོན་ཏེ། ཤིང་ནྱ་གྲོ་དྷའི་དྲུང་དུ་ཞུགས་ནས་རང་གི་འོད་ཀྱིས་ཤིང་ཐམས་ཅད་སྣང་བར་མཛད་དོ།། དེ་ནས་ཡང་རྫོགས་མ་དེ་འོངས་ནས་བྱང་ཆུབ་སེམས་དཔའ་ཤིང་གི ་དྲུང་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་གཟིགས་ཤིང་གཟིགས་པ་མཐོང་ལ་སྐུ་ལ་འོད་ཟེར་འཐོན་པོའི་འོད་ཀྱིས་ཤིང་ཐམས་ཅད་གསེར་གྱི་ཁ་དོག་ཏུ་མཐོང་ངོ་། ། དེས་འདི་ལྟར་བསམས་ཏེ། ད་རིང་བདག་ཅག་གི་ལྷ་ཤང ་བབས་ནས་རང་གི་ལག་ཉིད་ཀྱིས་གཏོར་མ་ལེན་ཙང་བཞུགས་སོ་ཞེས་བསམས་པས་སེམས་ཚིམ་པ་ཐོབ་ནས་མྱུར་དུ་སོང་སྟེ་ལེགས་སྐྱེས་མ་ལ་དོན་དེ་རྣམས་སྨྲས་སོ། ། ལེགས་སྐྱེས་མས་དེའི་ཚིག་ཐོས་ནས་སེམས་ཚིམ ་བར་གྱུར་ཏེ། ། དི་རིང་ནས་བཟུང་ནས་བདག་གི་བུ་མོ་ཆེན་མོ་གནས་སུ་སྡོད་ཅག་ཅེས་བུ་མོ་ལ་ཇི་ལྟར་རིགས་པའི་རྒྱན་ཐམས་ཅད་བྱིན་ནོ།། སླར་ཡང་གང་གི་ཕྱིར་སངས་རྒྱས་ཀྱི་ཡོངས་སུ་རྫོགས་པར་ཐོབ་པའི་ཉིན་མོ་འབུམ་ཕྲག ་གཅིག་གི་གྲངས་ཀྱང་གསེར་གྱི་སྡེར་མ་ཆེན་པོ་ཐོབ་པར་རིགས་སོ། ། དེའི་ཕྱིར་གསེར་གྱི་སྡེར་མ་ཆེན་པོའི་ནང་དུའོ་ཐུག་ལྡུགས་པའི་སེམས་སྐྱེས་ནས་འབུམ་ཕྲག་གཅིག་རི་བའི་གསེར་གྱི་སྡེར་མ་ཆེན་པོ་བསླངས་ཏེ།། ་ཐུགས་བཙོས་པའི་ནང་དུ་ཁ་སྦུབ་ནས་བྲུག་གོ།། འོ་ཐུག་ཐམས་ཅད་པད་མའི་འདབ་མའི་ནང་གི་ཆུ་བཞིན་དུ་ཆུའི་ཐིགས་པ་གཅིག་ཏུ་གྱུར་ནས་གསེར་གྱི་སྡེར་དུ་བྱུང་ངོ་།། གསེར་གྱི་སྡེར་མ་གཅིག་གང་བའི་ཚད་ཙམ་དུ་གྱུར་ཏོ།། ་དེས་གསེར་གྱི་སྣོད་དེ་ལ་གསེར་གྱི་སྣོད་གཞན་གྱིས་བཀ་ནས་གོས་ཀྱིས་དྲིལ་ལོ།། ལེགས་སྐྱེས་མ་རྒྱན་གྱིས་ལུས་ཐམས་ཅད་བརྒྱན་ནས་གསེར་གྱི་སྡེར་མ་དེ་རང་གི་མགོར་བཞག་སྟེ།། མཐུ་ཆེན་པོས་ཤིང་ནྱ་གྲོ་དྷའི་དྲུང་དུ་བྱིན ་པ་དང་། བྱང་ཆུབ་སེམས་དཔའ་མཐོང་ནས་ཤིན་དུ་ཡིད་བདེ་བ་སྐྱེས་པར་གྱུར་ཏེ། ཤིང་གི་ལྷ་ཡིན་ནམ་ཞེས་བསམས་ནས་བལྟ་བའི་གནས་སུ་དུད་ཅིང་དུད་ཅིང་སོང་སྟེ་མགོའི་སྟེང་གི་གསེར་གྱི་སྡེར་མ་པབ་ནས་ཁ་བྱས་ཏེ་གཅེ ་གྱི་རིལ་བ་སྤྱི་བླུགས་ཀྱིས་དྲི་བཟང་པོས་བསྒོས་པའི་ཆུ་བཟུང་ནས་བྱང་ཆུབ་སེམས་དཔའ་དང་ཉེ་བར་སོང་སྟེ་འཁོད་དོ། ། གྲོགས་པོ་རྫ་མཁན་ཚངས་པ་ཆེན་པོར་གྱུར་པས་ཕུལ་བའི་སའི་ལྷུང་བཟེད་ནི་དེ་རྣམས་ཀྱི་དུས ་སུ་བྱང་ཆུབ་སེམས་དཔས་མ་སྤངས་ཀྱང་དེ་དེ་མ་ཐག་ཏུ་མི་སྣང་བར་གྱུར། ། བྱང་ཆུབ་སེམས་དཔའ་ས་ལྷུང་བཟེད་མ་གཟིགས་སོ།། ཕྱག་གཡས་པ་བརྒྱད་ནས་ཆུ་བསླངས་ཏེ། ལེགས་སྐྱེས་མས་སྣོད་དང་བཅས་པ་ཉིད ་ཀྱིའོ་ཐུན་སྐྱེས་བུ་ཆེན་པོའི་ཕྱག་ཏུ་ཕུལ་ལོ། ། སྐྱེས་བུ་ཆེན་པོས་ལེགས་སྐྱེས་མ་ལ་བརྟགས་པ་ན།། དེས་རྣམ་འགྱུར་ཤེས་ནས་འཕགས་པ་བདག་གིས་ཉིད་ལ་ཡོངས་སུ་ཕུལ་གྱིས་བཞེས་ལ་ཇི་ལྟར་བཞེད་པ་བཞིན ་གཤེགས་པར་ཞུ་ཞེས་ཕྱག་བྱས་ནས། ། ཇི་ལྟར་བདག་གི་འདོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ།། འདི་ལྟར་ཉིད་ཀྱིས་ཀྱང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨྲས་སོ།། འབུམ་ཕྲག་གཅིག་རི་བའི་གསེར ་ཀྱི་སྡེར་ཆེན་པོ་གཅིག་ཤིང་གི་ལོ་མ་རྙིངས་པ་བཞིན་དུ་ལྟོས་པ་མེད་པར་སོང་ངོ་། ། བྱང་ཆུབ་སེམས་དཔའ་བཞུགས་པ་ལས་བཞེངས་ནས་ཤིང་ལ་བསྐོར་ཏེ། གསེར་གྱི་སྡེར་མ་བསླངས་ནས་ཆུ ་ཀྲུང་ནེར་རྫ་ནའི་བགྲམ་དུ་གཤེགས་ཏེ། བྱང་ཆུབ་སེམས་དཔའ་གྲངས་མེད་པ་འབུམ་ཕྲག་མང་པོ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་ཉིན་མོ་བབས་ནས་ཁྲུས་བྱེད་པའི་གནས་སུ་ལེགས་པར་རབ་ཏུ་གནས་པའི ་མུན་གནས་ཞེས་བྱ་བ་ཡོད་དོ། ། དེའི་འགྲམ་དུ་སྟེར་མ་བཞག་སྡེ་བབས་ནས་ཁྲུས་མཛད་དོ།། འབུམ་ཕྲག་དུ་མའི་སངས་རྒྱས་རྣམས་ཀྱིས་ནམ་བཟའ་དང་མཆོད་པར་འོས་པ་གྱོན་ནས་ཤར་ཕྱོགས་སུ་སྔོན་དུ་ཕྱོགས་པས ་བཞུགས་ནས་ཏལིའི་ཤིང་རྟོག་གི་ནང་གི་རུས་པ་ཅིག་གི་ཚད་ཙམ་དང་མཉམ་པ་གཅིག་གིས་དམན་པའི་ལྔ་བཅུའི་དོང་བུ་བྱས་ནས་ཆུ་མེད་ཅིང་དངར་པའི་འོ་ཐུག་ཐམས་ཅད་གསོལ་ལོ། ། དེ་འདི་ལྟར་གང་གིས་སངས་རྒྱས་སུ་གྱུར་ནས་ཞག་བཞི ་བཅུ་ཞེ་དགུ་རུ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་སྟེ་ཞག་བཞི་བཅུ་ཞེ་དགུའི་ཁ་ཟས་སུ་གྱུར་ཏོ། ། དེ་རྣམས་ཀྱིས་དུས་སུ་ཁ་ཟས་གཞན་མེད་པ་དང་། ཁྲུས་བྱེད་པ་མེད་པ་དང་། ཞལ་ཤོལ་བ་མེད་པ་དང་། སྐུ་ལུས་ཀྱི་བྱ་བ་བྱེད་པ་མེད་དོ།། བསམ་གཏན ་གྱི་བདེ་བ་དང་། ལམ་གྱི་བདེ་བ་དང་།། འབྲས་བུའི་བདེ་བ་ཉིད་ཀྱིས་ཉིན་མཚན་འདའོ།། གཞན་ཡང་དེའི་འོ་ཐུག་གསོལ་ནས་གསེར་གྱི་སྡེར་མ་ཕྱག་ཏུ་བཞེས་ཏེ། གལ་ཏེ་བདག་ནི་དི་རིང་སངས་རྒྱས་སུ་འགྱུར་ནུས་ན་སྡེར་མ་འདི་ནུའི་སྟེང་དུ་ཅན ་དུ་འགྲོ་བར་འགྱུར་ཅིག། མ་ཡིན་ཐུར་ལ་འགྲོ་བར་གྱུར་ཅིག་ཅེས་ཆུ་ལ་དོར་རོ།། དེས་ཆུའི་རྒྱུན་གྱི་བརླབས་ཆུ་ཀླུང་གི་དབུས་སུ་སོང་ནས་དབུས་དབུས་ཀྱི་གནས་ཉིད་དུ་རྟ་གྱོགས་པར་འགྲོ་བ་བཞིན་དུ། ཁྲུ་བརྒྱད་བཅུའི་ཚད་ཙམ་གྱི ་སྟེང་དུ་སོང་ཞིང་། ཆུ་ལ་ལན་ཅིག་འཁྱལ་བས་བྱང་ནས་ཀླུའི་རྒྱལ་པོ་ནག་པོའི་གནས་སུ་སོང་ངོ་།། དེ་ནས་སངས་རྒྱས་གསུམ་པོ་རྣམས་ཀྱིས་བཤོས་གསོལ་བའི་གསེར་གྱི་སྡེར་མ་ཆེན་པོ་ས་ལི་ས་ལ་ཞེས་སྒྲ་སྒྲོགས་པར་བྱེད་ཅིང ་ཕྱོགས་ཅིག་དུ་དེ་རྣམས་ཐམས་ཅད་ཀྱི་འོག་ཏུ་གྱུར་ནས་གནས་སོ། ། ཀླུའི་རྒྱལ་པོ་ནག་པོས་དེའི་སྒྲ་ཐོས་ནས་ཁ་སང་སངས་རྒྱས་ཅག་ཐོབ་པར་གྱུར་ཅིང་སླར་ཡང་དི་རིང་སངས་རྒྱས་ཉིད་ཐོབ་པར་གྱུར་ནས་མང་པོས་བསོད ་པར་བྱེད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ནི་ཆུ་ཀླུང་གི་འགྲམ་ཤིང་སཱ་ལའི་ཚལ་དུ་ཉིན་མོ་བཞུགས་ནས་སྲོད་ཀྱི་དུས་སུ་མེ་ཏོག་ཀུ་མུད་ཁ་འབྱེ་བའི་དུས་ལ་ལྷ་རྣམས་ཀྱིས་བརྒྱན་པར་བྱས་ནས།། རྐེད་ལ་གླང་གི་སྐད་བརྒྱད་ཀྱིས་ཐོས་པའི་ཚད ་དུལམ་བྱེད་པ་ལ་སེང་གེ་བཞིན་དུ་སྒྲ་བསྒྲགས་ནས། བྱང་ཆུབ་ཀྱི་ཤིང་ལ་སྔོན་པར་ཕྱོགས་པས་བཞུད་དོ།། ཀླུ་དང་གནོད་སྦྱིན་དང་འདབ་བཟང་ལ་སོགས་པ་རྣམས་ཀྱིས་ལྷའི་སྤོས་དང་མེ་ཏོག་ལ་སོགས་པ་དང་། ལྷའི་ཀླུ་དབྱངས ་ལ་སོགས་པས་མཆོད་དོ། ། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྣ་མས་དྲི་བཟང་པོར་གྱུར་ཅིང་མེ་ཏོག་གི་ཕྲེང་བར་གྱུར་ནས་ཐམས་ཅད་ལེགས་སོ་ཞེས་བརྗོད་པར་གྱུར་ཏོ།། དེའི་ཚེ་ན་འཚོང་བཀྲ་ཤིས་ཞེས་བྱ་བས་རྩཝ་བླངས་ནས ་ལམ་གྱི་སྔོན་དུ་འོངས་ཏེ་སྐྱེས་བུ་ཆེན་པོའི་རྣམ་འགྱུར་རྟོགས་ནས་རྩཝ་སྦར་མོ་བརྒྱད་ཕུལ་ལོ། ། བྱང་ཆུབ་སེམས་དཔའས་རྩཝ་བླངས་ནས་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བར་གཤེགས་ཏེ་ལྷོ་ཕྱོགས་ཀྱི་ཆར་ཞལ་བྱང་དུ་སྔོན་པར་ཕྱོགས་པས་འཁད་དོ།། ་དམ་ཐག་པར་ལྷོ་ཕྱོགས་ཀྱི་ཁོར་ཡུག་གིས་བྱིང་ནས་འགྲོ་བ་ནི་འོག་མནར་མེད་པའི་བར་དུ་གྱུར་པ་བཞིན་ནོ།། ལྷོ་ཕྱོགས་ཀྱི་ཁོར་ཡུག་སྟེང་དུ་ལངས་ནས་འགྲོ་བ་ནི་སྲིད་པའི་རྩོ་མོར་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས་དཔས་འདི་ཡང་དག་པར་རྫོགས ་པའི་སངས་རྒྱས་ཐོབ་པའི་གནས་མ་ཡན་ནོ་ཞེས་དགོངས་ཞིང་བསྐོར་ནས་ནུབ་ཀྱི་ཕྱོགས་ཀྱི་ཆར་གཤེགས་ཏེ་ཤར་ཕྱོགས་སུ་སྔོན་དུ་ཕྱོགས་པས་འཁོད་དོ། ། དེ་ནས་ནུབ་ཕྱོགས་ཀྱི་ཁོར་ཡུག་འོག་ཏུ་བྱིང་ནས་འགྲོ་བ་ནི་མནར་མེད་པའི་བར་དུ ་གྱུར་པ་བཞིན་ནོ། ། ཤར་ཕྱོགས་ཀྱི་ཁོར་ཡུག་སྟེང་དུ་ལངས་ནས་འགྲོ་བ་ནི་སྲིད་པའི་རྩེ་མོར་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས་དཔའ་འཁོད་ཅིང་འཁོད་པའི་གནས་ནི་མུ་ཁྱུད་ཀྱི་མཐར་ཐུག་པར་གནས་ཞིང་སོ་སོར་གནས་པའི་ཤིང་རྟའི ་འཁོར་ལོ་ཆེན་པོ་ལྟ་བུར་ས་གཞི་ཆེན་པོ་ལ་བྱིན་ཞིང་བྱིང་ནས་འགྲོ་བར་འགྱུར་ཏོ། ། བྱང་ཆུབ་སེམས་དཔས་འདི་ནི་བྱང་ཆུབ་ཐོབ་པའི་གནས་མ་ཡིན་ནོ་ཞེས་བསྐོར་ནས་བྱང་ཕྱོགས་ཀྱི་ཆར་གཤེགས་ཏེ། ལྷོ་ཕྱོགས་སུ་སྔུན་དུ་ཕྱོགས་པས ་འཁོད་དོ། ། དེ་ནས་བྱང་གི་ཁོར་ཡུགས་ལ་བྱིང་ནས་མནར་མེད་ཀྱི་བར་དུ་གྱུར་པ་བཞིན་ནོ།། བྱང་གི་ཁོར་ཡུག་གྱེན་དུ་ལངས་ནས་སྲིད་པའི་རྩེ་མོའི་བར་དུ་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས་དཔའས་འདི་ནི་བྱང་ཆུབ་ཐོབ་པའི ་གནས་མ་ཡིན་ནོ་ཞེས་བསམས་ཏེ་བསྐོར་ནས་ཤར་ཕྱོགས་ཀྱི་ཆར་གཤེགས་ནས་ནུབ་ཕྱོགས་སུ་སྔུན་དུ་ཕྱོགས་པས་འཁོད་དེ། ། སླར་ཡང་ཤར་ཕྱོགས་ཀྱི་ཆར་སངས་རྒྱས་ཐམས་ཅད་ཀྱིས་དཀྱིལ་དཀྲུངས་བཅས་པའི་གནས་དེ་གཡོ་བར ་6་གྱུར་ན་མ་ལྡེག་། ། སེམས་དཔའ་ཅན་པས་འདི་ན་སངས་རྒྱས་ཐམས་ཅད་ཀྱིམ་སྤངས་ཤིང་མནལ་པ་གནས། མོངས་པའང་གརྣམས་དས་པར་འཛུམས་པ་གནས་ས་ཞེས་། ན་མས ་ནས་བཟུང་སྟེ་བསྐུམ་ནས་དེ་མ་ཐག་ཏུ་ཁྲུ་བཅུ་བཞི་པའི་ཚད་ཙམ་གྱི་གདན་དུ་གྱུར་ཏོ། ། དེ་ཡང་དེ་ལྟ་བུའི་ཚུལ་གྱིས་ཇི་ལྟར་བནག་པ་དེ་བཞིན་དུ་མི་གནས་སོ།། ཇི་ལྟར་གཟུགས་ལ་མཁས་པའི་རིམ་བྱེད་པ་རྣམས་ཀྱིས་མོ་བྲིས་པ་བཞིན་དུ། ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཤིང་གི་སྡོང་པོ་ལ་སྐུ་རྒྱ་བརྟེན་པར་བྱས་ནས་ཞལ་ཤར་དུ་སྔོན་དུ་ཕྱོགས་པར་མཛད་དོ།། བརྟན་པའི་སེམས་སུ་གྱུར་ནས་བདག་གི་ལྤགས་པ་དང་ནུས་པ་དང་རུས་པ་དང་ཁྲག་དང་ག་རྣམས་སྐམས་པར ་གྱུར་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཐོབ་པར་དུ་ནི་སྟན་འདི་ལ་ལུས་བསྐྱོད་པར་མི་བྱའོ། ། ཐོག་བརྒྱ་ཕྲག་བབས་ཀྱང་མི་ཕྱེད་ཅིང་ཕ་རོལ་གྱིས་མི་ཚུངས་པར་བསྟན་ལ་དཀྱིལ་དཀྲུངས་གིས་བཞུགས་སོ།། དེའི་ཚེ་ལྷའི ་བུའི་བདུད་ཀྱིས་གཞོན་ནུ་དོན་གྲུབ་བདག་གི་དབང་དུ་བྱེད་པར་འདོད་པས་དེ་ནི་བདག་ལས་འདའ་བར་བྱེད་དུ་མི་སྟེར་རོ་ཞེས་བསམས་ནས་བདུད་ཀྱི་དམག་དང་ཉེ་བར་སོང་སྟེ། ། དོན་འདི་སྨྲས་ཤིང་བདུད་ཀྱི་སྒྲ་ཞེས་པས་སྒྲ་སྒྲགས་ནས་བདུད་ཀྱི ་དམག་ཁྲིད་ཏེ་འཐོན་ནས་བདུད་ཀྱི་སྟེ་བདུད་ཀྱི་བདུན་དུ་དཔག་ཚད་བཅུ་གཉིས་ཀྱི་སར་འགྲོའོ། ། གཡས་ཕྱོགས་གཡོན་ཕྱོགས་རྣམས་སུ་དཔག་ཚད་བཅུ་གཉིས་འགྲོའོ།། རྒྱབ་ཕྱོགས་སུ་ཇི་སྲིད་ཁོར་ཡུག་གི་མཐར་ཐུག་པར་བྱས་ནས་གནས ་སོ། ། སྟེང་དུ་དཔག་ཚད་དགུའོ།། འཁོར་ཐམས་ཅད་ཀྱི་གཏམ་བྱེད་པའི་སྒྲ་དཔག་ཚད་སྟོང་ཕྲག་གཅིག་གི་བར་དུས་གཞི་འབུགས་པ་ཙམ་གྱི་སྒྲ་ཐོས་སོ།། དེ་ནས་ལྷའི་བུའི་བདུད་དཔག་ཚད་ཕྱེད་དང་ཉིས་བརྒྱའི་རིའི་འོག་པ་གཞེས ་བྱ་བའི་གླང་པོའི་ཆེའི་རྒྱབ་དུ་ཞོན་ནས་ལག་པ་སྟོང་ཕྲག་གཅིག་སྤྲུལ་ནས་མཚོན་ཆ་སྣ་ཚོགས་པ་བླངས་སོ། ། གཞན་ཡང་བདུད་ཀྱི་འཁོར་གྱི་གྲོགས་གཉིས་གཅིག་དང་མཚུངས་པར་མཚོན་ཆའི་རིགས་གཉིས་མི་ལེན་ནོ།། ་དོག་རྣམ་པ་སྣ་ཚོགས་པ་དང་རྣམ་པ་སྣ་ཚོགས་པའི་གདོད་ཅན་སེམས་དཔའ་ཆེན་པོ་གཞོམ་པར་བྱ་བའི་ཕྱིར་འོངས་སོ།། སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་སླར་ཡང་སེམས་དཔའ་ཆེན་པོ་ལ་བསྟོང་པ་བྱེད་ཅིང ་གནས་སོ། ། བརྒྱ་བྱིན་ལྷའི་རྒྱལ་པོས་རྣམ་པར་རྒྱལ་བ་བླ་ན་མེད་པའི་དུང་འབུད་ཅིང་འཁོད་དོ།། སླར་ཡང་དུང་དེ་ཁྲུ་བརྒྱ་ཉི་ཤུར་གྱུར་ཏོ།། གལ་ཏེ་ལེགས་པར་བུས་ན་ཟླ་བ་བཞིའི་བར་དུ་རྒྱུན་མི་འཆད་ཅིང་དེ ་ནས་རྒྱུན་འཆད་དོ། ། ཀླུའི་རྒྱལ་པོ་ནག་པོ་ཆེན་པོས་བརྒྱ་ཕྲག་དུ་མའི་བསྟོད་པ་བྱེད་ཅིང་གནས་སོ།། ཚངས་པ་ཆེན་པོ་གདུགས་དཀར་པོ་བཟུང་ནས་གནས་སོ།། སླར་ཡང་བདུད་ཀྱི་དཔག་བྱང་ཆུབ་ཀྱི་སྙིང་པོར་འོངས ་ཤིང་འོངས་སོ། ། ལྷ་དེ་རྣམས་གཅིག་ཏུ་འཁོད་པར་མ་ནུས་པས་རང་གི་གནས་སུ་བྲོས་ནས་སོང་ངོ་།། ཀླུའི་རྒྱལ་པོ་ནག་པོ་ས་ལ་བྱིང་ནས་དཔག་ཚད་ལྔ་བརྒྱའི་སྙེ་མ་ཅན་གྱི་ཀླུའི་ཕོ་བྲང་དུ་སོང་སྟེ། ་ལག་པ་གཉིས་ཁ་ལ་བཀའ་ནས་ཉལ་ལོ།། བརྒྱ་བྱིན་གྱི་རྣམ་པར་རྒྱལ་བ་བླ་ན་མེད་པའི་དྲུང་རྒྱབ་ཏུ་བཀལ་ཏེ་ཁོར་ཡུག་གི་སྟེང་དུ་འཁོད་དོ།། ཚངས་པ་ཆེན་པོས་གདུགས་དཀར་པོ་ཁོར་ཡུག་གི་སྟེང་དུ ་གཙུགས་ནས་ཚངས་པའི་འཇིག་རྟེན་དུ་སོང་ངོ་། ། ལྷ་གཅིག་གིས་ཀྱང་འཁོར་བར་མ་ནུས་ཏེ།། སྐྱེས་བུ་ཆེན་པོ་ཉིད་གཅིག་པུ་བཞུགས་སོ།། བདུད་ཀྱིས་རང་གིས་འཁོར་ལ་སྨྲས་པ། བུ་ཟས་གཙང་གི་བུ་དོན་གྲུབ ་དང་འདྲ་བའི་སྐྱེས་བུ་གཞན་མེད་པས། ། བདག་གིས་དེའི་མདུན་དུགཡུལ་འགྱེད་པར་མི་ནུས་ཀྱིས། རྒྱབ་ཀྱི་ཕྱོགས་སུ་གཡུལ་བགྱིའོ་ཞེས་སྨྲས་སོ།། སྐྱེས་བུ་ཆེན་པོས་ཀྱང་ཕྱོགས་གསུམ་ལ་གཟིགས་པས་ལྷ་ཐམས་ཅད་བྲོས་པའི་ཕྱིར་གནས ་ཐམས་ཅད་སྟོང་པར་མཐོང་ངོ་། ། གཞན་ཡང་བྱང་ཕྱོགས་སུ་གཟིགས་པས་བདུད་ཀྱི་དམག་རྣམས་པ་དག་གཞོན་པའི་ཕྱིར་འོད་པ་གཟིགས་སོ།། འདི་རྣམས་ཀྱི་དམག་གི་ཚོགས་བདག་གཅིག་པུའི་ཕྱིར་རྩོལ་བ་ཆེན་པོས་ཕ་རོལ་གནོན་པ་བྱེད་ཅིང་གནས་འདིར་འོང་ཏེ་བདག་གི ་ཁང་པའམ་སྤུན་ནམ་སུ་ཡང་རུང་བའི་གཉེན་ལས་གཞན་མེད་དོ། ། གཞན་ཡང་གང་གི་བྱར་པ་རལ་དུ་ཕྱིན་པ་བཅུ་པ་ཉིད་བདག་གིས་དུས་ཡུན་རིང་པོར་གཉེར་ལ་དགའ་བ་བཞིན་གམས་པ་དེའི་ཕྱིར་བདག་གས་པ་རལ་དུ་བྱད། ་ཉིད་ཀྱིས་བུབ་བྱས་ནས། རོལ་དུ་བྱིན་པ་ཉིད་ཀྱི་མཚན་ཐོག་པ་ཏེ། དིའི་དམག་གི་ཚོགས་རྣམས་གཞོམ་པར་རིགས་སོ་སྙམ་ནས་ཕ་རོལ་དུ་ཕྱིན་པ་བཅུ་པོ་ཐུགས་ལ་བསམ་ནས་བཞུགས་སོ།། དེ་ནས་ལྷའི་བུའི་བདུད་ཀྱིས་དོན་གྲུབ་དེམ ་ཟག་ཏུ་འབྲོས་པར་བྱེད་པར་རིགས་སོ་ཞེས་སྨྲས་ནས་རླུང་གི་དཀྱིལ་འཁོར་ཉེ་བར་གནས་ནས་འོངས་སོ། ། དེ་མཐག་ཁོ་ནར་ཤར་ཕྱོགས་པསོགས་པའི་རླུང་གི་དཀྱིལ་འཁོར་རྣམས་ལངས་ནས་འདས་ཏེ་དཔག་ཆད་བྱེད་དང་ཡང་གཅི ་ལ་ཨ་སོགས་པའི་ཚད་ཀྱི་རིའི་ཕུང་པོ་བླངས་ནས་ནགས་ཐིབས་པོ་དང་ཤིང་ལ་སོགས་པས་ལ་གཏོན་ཞིང་ཐམས་ཅད་དུ་གྲོང་དང་གྲོང་རྡལ་བྱེ་མ་དང་རྣམ་པར་ཕྱེ་མར་བྱེད་པའི་ནུས་པ་ནི་སྐྱེས་བུ་ཆེན་པོ་བསོད་ནམས་ཀྱི་གཟི་བརྗིད་ཀྱི་མཐུ་མ་གྱེས ་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་བླ་གོས་ཀྱིམ་ཙམ་ཡང་བསྐུལ་བར་མི་ནུས་སོ། ། དེ་ན་ས་ཆུ་ཡིས་གཞོམ་པའི་ཕྱིར་འོངས་ནས་གསོད་པར་བསམས་པ་ན་ཆར་ཆེན་པོ་འབབ་ཅིང་གནས་སོ།། དེའི་མཐུས་སྟེང་ནས་སྟེང་དུ་བརྒྱ་བྲག ་མ་བརྩེགས་པ་དང་། སྟོང་ཕྲག་དུ་མ་བརྩེགས་པའི་སྤྲིན་ཆེན་པོ་འདུས་ནས་ཆར་འབེབས་སོ།། ཆར་པའི་བརྒྱན་གྱི་ཤུགས་ཀྱིས་ས་གཞི་འབུགས་པར་གྱུར་ཏོ།། ནགས་ཚལ་དང་ཤིང་ལ་སོགས་པའི་སྟེང་གི་ཆར་སྤྲིན་ཆེན་པོ་འོངས་ནས། ་སེམས་དཔའ་ཆེན་པོ་ཆུས་ཐིག་གཅིག་ཙམ་གྱིས་ཀྱང་སྤང་བར་མ་ནུས་སོ།། དེ་ནས་རྡོ་ཆེར་བཀྲུགས་ནས་ཆེམཆེཚེའི་རིའི་ཕུང་པོ་ངུ་བར་བྱེད་ཅིང་འབར་བར་བྱས་ནས་ནམ་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས། ལྷའིམ ་ཏ་ཨོག་གི་ཚུན་བུའི་གཟུགས་འབབ་གད་ནས་མཚན་ཆ་ཆེར་ཐམས་ཅད་བཀུག་ནས་མཚན་སོར་གཅིག་པ་དང་པོར་གཉིས་པ་དང་རལ་གྲི་དང་མདུང་ཐུང་དང་བུ་གྲིལ་སོགས་པའི་མཚོན་ན་རྣམས་ངུ་བར་བྱེད་ཅིག་འབར་བར་བྱས་ནས་ནམ་མའ ་ངས་བྱང་ཆུབ་སེམས་དཔའི་དྲུང་དུའངས་ནས་སྦྱང་མ་ཏག་ཏུ་རྩུ་། ། དེ་ནས་པལ་བ་བར་བཅུག་ནས་རྒྱ་རྟག་པ་ཀྱས་རྟགག་འདག་ཅན་ཐལལ་བརྣམ་པའ་ནས་འམནས་བྱང་ཆུབ་སམས་དཔ་ན་པམ་དྲུང་དུ་སུངས་ཏན ་ནན་འབབ་བོ། ། དེ་ནས་ཐལ་བའི་ཆར་བ་རྣམས་བཀུག་ནས་ཤིན་ཏུ་དྲོ་བ་མའི་འདག་ཅན་གྱི་ཐལ་བ་ནམ་མཁའ་ནས་འོངས་ནས་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ཙན་དན་གྱི་ཕྱེ་མ་ལྟར་གྱུར་བའི་ཆར་འབབ་པོ།། དེ་ནས་བྱེ་མའི་ཆར་བཀུག་ནས་ཤིན ་དཔྲ་བའི་བྱེམ་རྣམས་དྲ་བར་བྱེད་ཅིང་འབར་བར་བྱས་ནས་ནམ་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་ནབས་དྲུང་དུ་སྒྲའི་བྱེ་མ་སྦྱར་གྱུར་ནམ་ཆར་འབབ་བོ། ། དེ་ནས་འཇིམ་པའི་ཆར་བ་རྣམས་བཀུག་ནས་འཇིམ་པ་རྣམས་ངུ་བར་བྱེད་ཅིང ་འབར་བར་བྱས་ནས་ནམ་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་ཐུག་པར་གྱུར་ནས་འབབ་བོ། ། དེ་ནས་འདི་བཞིན་དུ་འཇིགས་པར་བྱེད་པས་དོན་གྲུབ་འབྲོས་པར་བྱ་བའི་ཕྱིར་མུན་པ་ཉེ་བར་གནས་པར ་བྱའོ། ། དེ་ནི་ཡན་ལག་བཞི་དང་ལྡན་པའི་མུན་ནག་ཆེན་པོར་གྱུར་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སླེབ་ནས་ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན་དུ་མི་སྣང་བར་གྱུར་ནས་འདི་ལྟར་བདུད་དགུ་པོ་འདི་རླུང་དང་ཆར་དང་རྡོ་དང ་མཚོན་ཆ་དང་སོལ་བ་དང་ཐལ་བ་དང་བྱེ་མ་དང་འཇིམ་པ་མུན་པ་སྟེ། ། དེ་རྣམས་ཆང་དུ་བབས་ནས་བྱང་ཆུབ་སེམས་དཔའ་འབྲོས་པར་བྱེད་པར་མ་ནུས་སོ།། ཅིས་བརྗོད་ཅིང་ཅིའི་ཕྱིར་རྗོད། གཞོན་ནུ་འདི་ལ་ཟུང་ཅིག་རྒྱོབ་ཅིག་ཐེན་གཅིས ་ཅེབ་འཁོར་རྣམས་ཐོས་ནས་རང་གིས་ཀྱང་རོའི་འོག་བག་གླང་པོ་ཆེའི་རྒྱབ་དུ་ཞོན་ནས་འཁོར་ལོའི་མཚོན་ཆ་བསླངས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་ནས་དོན་གྲུབ་སྟན་ལ་ལོངས་ཅིག། འདི་ཁྱོད་ལ་རིགས་པ་མ ་ཡིན་གྱི་ངེད་ལ་རིགས་པ་ཡིན་ནོ་ཞེས་སྨྲས་སོ། ། སེམས་ཅན་ཆེན་པོས་དེའི་ཚིག་ཐོས་ནས་འདི་ལྟར་སྨྲས་སོ།། བདུད་ཁྱོད་ཀྱིས་ཕ་རོལ་དུ་ཕྱིན་པ་བཅུ་མ་རྫོགས་པ་དང་། ཉེ་བའི་ཕ་རོལ་དུ་ཕྱིན་པ་མ་རྫོགས་པ་དང་དོན་དམ་པའི་ཕ་རོལ་དུ་ཕྱིན ་པ་མ་རྫོགས་པ་དང་ཆེན་པོ་ལྔ་ཡོངས་སུ་གཏོང་བ་མེད་པ་དང་། གཉེན་གྱི་དོན་དུ་སྨོད་པ་མེད་པ་དང་། འཇིག་རྟེན་གྱི་དོན་གྱི་སྤྱོད་པ་མེད་པ་དང་། སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་མ་རྫོགས་པས་སྟན་འདི་ཁྱོད་ལ་རིས་པ་མ་མིས་། ་སྟན་འདི་བད་ག་ཁོན་པ་གས་པ་ཡིན་ནོ།། དྲད་ཐོས་པར་གྱུར་ནས་ཁྲོས་པའི་ཐུགས་བསྲན་པར་མགྱུར་།། སྐྱེས་བུ་ཆེན་པོ་ལ་མཚན་མའི་འཁོར་ལོ་འཕངས་སོ།། དེའི་ཕ་རོལ་ཏུ་ཕྱིན་པ་པཅུ་སེམས་པར་བྱེད་ཅིང་བཞུགས་པན་སྟེ་གི ་མེ་ཏོག་གི་ཕྲེང་བའི་བླ་རེས་བྲེས་པ་བཞིན་དུ་གྱུར་ཏོ། ། དེའི་འཁོར་ལོའི་མཚོན་ཆ་གཞན་ལ་དེ་ཤིན་ཏུ་ཁྲོས་པས་འཕངས་ཏེ་རྡོ་བ་ཐུག་པོ་འམ། རྡོབ་འཐུག་པོའི་ཀ་བ་འབུབས་ཤིང་འགྲོ་བའོ།། སླར་ཡང་དེ་ནི་དེའི་མེ་ཏོག་གི་བླ་རེས་སུ་རྩཝ་ནས ་གནས་པ་ན་བདུད་ཀྱི་འཁོར་ལྷག་མ་རྣམས་དེ་ནས་སྟན་ལ་ལངས་ཏེ་འགྲོ་བར་བསམས་ནས་ཆེས་ཆེ་བའི་རིའི་ཕུང་པོ་འཕངས་སོ། ། དེ་རྣམས་ཀྱང་སྐྱེས་བུ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སེམས་ཞིང་བཞུགས་པ་ན་མེ་ཏོག་གི་ཆུན་པོར ་གྱུར་ནས་ས་ལ་སྐུང་ངོ་། ། ལྷ་རྣམས་ཁོར་ཡུག་གི་མཐར་འཁོད་པ་རྣམས་སྐྱེས་བཏེག་ནས་བལྟ་ཞིང་། མགོ་བོ་བཏེག་ཅིང་བཏེག་ནས་དོན་གྲུབ་གཞོན་ནུ་མཆོག་གི་སྐུའི་བདག་ཉིད་ཉམས་སམ་སྙམ་ནས་ཅི་བྱེད་ན་ཞེས་བསམས་ཞིང་བལྟའོ ་དེ་ནས་སྐྱེས་བུ་ཆེན་པོས་ཕ་རོལ་དུ་ཕྱིན་པ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཉིན་མོ་ཐོབ་པའི་སྟན་བདག་ལ་རིགས་པ་ཡིན་ནོ་ཞེས་བཤད་ནས། ། འབོད་པའི་བདུད་ལ་སྨྲས་སོ།། དུད་ཁྱོད་ཀྱིས་སྦྱིན་པ་བཏང ་པའི་དབང་པོ་སུ་ཡོད་ཅེས་སྨྲས་སོ། ། བདུད་འདི་རྣམས་ཐམས་ཅད་བདག་གི་དབང་པོ་ཡིན་ནོ་ཞེས་བདུད་ཀྱི་དམག་རྣམས་ལ་ལག་པ་བརྐྱང་ངོ་དོ།། དེ་མ་ཐག་པར་བདུད་ཀྱི་འཁོར་རྣམས་ར་ཡང་དབང་པོ་ཡིན་ང་ཡང་དབང་པོ་ཡིན་ཞེས་བརྗོད་པའི་སྒྲས ་ས་གཞི་ཡང་རལ་པ་བཞིན་དུ་བརྗོད་པའི་སྒྲར་གྱུར་ཏོ། ། དེ་ནས་བདུད་ཀྱིས་སྐྱེས་བུ་ཆེན་པོ་ལ་སྨྲས་པ།། དོན་གྲུབ་ཁྱོད་ཀྱིས་སྦྱིན་པ་བཏང་བའི་དངོས་པོ་ལ་དབང་པོ་སུ་ཡོད་ཅེས་སྨྲས་སོ།། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་རེ་ཞིག་སྦྱིན་པ་བྱིན ་པའི་དངོས་པོ་ལ་སེམས་དང་བཅས་པ་རྣམས་དབང་པོ་ཡིན་ནོ། ། སླར་ཡང་བདག་ལ་གནས་འདི་ན་སེམས་དང་བཅས་པའི་དབང་པོ་སུ་ཡང་མེད་པས་བདག་ཉིད་ཀྱིས་སྐྱེས་པའི་མཐར་སྟོན་པ་བཏང་བ་དེ་སྲིད་གནས་པ་ཐམས་ཅད ་སྒྲོལ་གྱི་ལུས་ཀྱི་བདག་ཉིད་ལ་གནས་ནས་སྦྱིན་པ་ཆེན་པོ་བདུན་བརྒྱ་པ་བདུན་བྱིན་པའི་དངོས་པོ་ལ་སེམས་མེད་པའི་ས་གཞི་ཆེན་པོ་མཐུག་པོ་འདི་དབང་པོ་ཡིན་ནོ་ཞེས་ཆོས་གོས་ཀྱི་ནང་ནས་ཕྱག་གཡས་པ་གཏོན་ཏེ། ཐམས་ཅད་སྒྲོལ་གྱི ་བདག་ཉིད་ཀྱི་ལུས་སུ་གནས་ནས་བདག་གིས་སྦྱིན་པ་བདུན་བརྒྱ་པ་བདུན་བྱིན་པའི་དངོས་པོ་དེ་ལ་ཁྱོད་ཀྱིས་དབང་པོ་ཡིན་ནམ་མ་ཡིན་པ་སྨྲོས་ཤིག་ཅེས་ས་ཆེན་པོ་ལ་མངོན་དུ་ཕྱོགས་པས་ཕྱག་བརྐྱང་བ་དང་། ས་ཆེན་པོས ་བདག་ནི་དེའི་ཚེ་དབང་པོ་ཡིན་ནོ་ཞེས་སྒྲ་སྒྲོགས་པར་གྱུར་ནས། སྒྲ་ཆེན་པོ་སྒྲོགས་པ་འགྱུར་བ་བརྒྱ་དང་། སྟོང་ཕྲག་གཅིག་དང་། སྒྲ་ཆེན་པོ་འབུམ་ཕྲག་གཅིག་པོ་རྣམས་ཀྱིས་བདུད་ཀྱི་དམག་གི་སྒྲ་རྣམས་ཟིལ་གྱིས་མནན ་པ་བཞིན་དུ་འགྱུར་རོ། ། དེ་ནས་སྐྱེས་བུ་ཆེན་པོ་དོན་གྲུབ་ཀྱི་སྦྱིན་པ་ཆེན་པོ་བྱིན་པ་ནི་མཆོག་གི་སྦྱིན་པའོ་ཞེས་ཐམས་ཅད་སྒྲོལ་གྱི་སྦྱིན་པ་དྲན་པར་བྱེད་ཅིང་དཔག་ཚད་ཕྱེད་དང་ཉིས་བརྒྱའི་རིའི་འོག་པག་གི་གླང་པོ་ཆེ་བུས་མོས ་ལ་བཙུགས་ནས་འཁོད་དོ། ། བདུད་ཀྱི་འཁོར་རྣམས་ཕྱོགས་དང་མཚམས་རྣམས་སུ་བྲོས་ནས་གཉིས་ལམ་གཅིག་ལེ་འགྲོ་བ་མེད་དོ།། མགོའི་བརྒྱན་ཉིད་དང་། གྱོན་པའི་གོས་དང་པོར་དོར་ནས་རང་གི་ཕྱོགས་ཕྱོགས་ཉིད ་དུ་བྲོས་སོ། ། དེ་ནས་ལྷའི་ཚོགས་རྣམས་ཀྱིས་བདུད་བྲོས་ནས་འགྲོ་བ་མཐོང་སྟེ། བདུད་རྣམས་ཕམ་པས་དོན་གྲུབ་གཞོན་ནུ་རྒྱལ་བར་གྱུར་ཏོ།། ཞེས་རྒྱལ་བའི་མཆོད་པ་བྱེད་པར་སེམས་སོ།། ཀྲུ་ནི་ཀླུ་རྣམས་ལ་བསྐུལ ་ལོ། ། འདབ་བཟང་ནི་འདབ་བཟང་རྣམས་ལའོ།། ལྷ་ནི་ལྷ་རྣམས་ལའོ།། ཚངས་པས་ནི་ཚངས་པ་རྣམས་བསྐུལ་ལོ།། སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ལག་དུ་ཐོགས་ནས་བྱང་ཆུབ་ཤིང་གི་དྲུང་དུ་དཀྱིལ ་དཀྲུང་གིས་བཞུགས་པའི་སྐྱེས་བུ་ཆེན་པོ་དང་ཉེ་བར་འོངས་སོ། ། དེ་ལྟར་བདུད་རྣམས་ཟོས་ནས་སོང་ངོ་།། དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར།། སྲོག་ཅན་བདུད་ནི་ཕམ་པར་གྱུར།། རབ་དགའ་བྱང་ཆུབ་སྙིང་པོ་སྒྲོགས། ་དེ་ཆེ་ང་སྲོང་གཱའི་ཚིགས་རྒྱལ།། དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར། སྡིག་ཅན་བདུད་ནི་ཕམ་པར་གྱུར།། རབ་དག་འབྱང་ཆུབ་སྙིང་པོར་སྒྲོགས།། འདབ་པཟང་ཚོགས་ཀྱི་དྲང་སྲོང་རྒྱལ།། པལ་ལྡན་སདས་རྒྱས་རྒྱལ་བར་འགྱུར།། སྡིག ་ཅན་བདུད་ནི་ཕམ་པར་གྱུར། ། རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས།། ལྷ་ཚོགས་དེ་ཚེ་དྲང་སྲོང་རྒྱལ།། དཔལ་ལྡན་སངས་རྒྱས་རྒྱལ་བར་འགྱུར།། སྡིག་ཅན་བདུད་ནི་ཕམ་པར་འགྱུར།། རབ་དགའ་བྱང་ཆུབ་སྙིང་པོར་སྔགས། ་ཚོགས་དེ་ཚེ་རྒྱལ་བར་སྒྲོགས།། མཐར་སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་ཀྱིས་མེ་ཏོག་དང་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་པར་བྱེད་དོ།། རྣམ་པ་སྣ་ཚོགས་པ་བསྟོད་པ་བྱེད་ཅིང་ཡོད་དོ་འདི་ལྟར་སྐྱེས་བུ་ཆེན་པོ་ཉི་མ་མཐུ ་པའི་ཚེ་བདུད་རྣམ་པར་བཅོམ་ནས་ཆོས་གོས་ཀྱི་སྟེང་དུ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་མྱུ་གུ་ལྟ་བུ་ལྷུང་ཞིང་བྱི་རུའི་དམར་པོས་མཆོད་པར་བྱེད་པ་ལྟ་བུའོ། ། ཐུན་དང་པོ་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་ཡེ་ཤེས་ཀྱིས་རྟོགས་པ་དང་། ་མཐུན་པར་བ་ལ་ལྷའི་སྤྱན་རྣམ་པར་དག་པས་ཡེ་ཤེས་ཐོབ་པ་དང་། ཐུན་ཐ་མ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡེ་ཤེས་ཐོབ་བོ།། དེ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་རྐྱེན་གྱིས་རྣམ་པར་འཇུག་པ་དང་མི་འཇུག་པའི་ལུགས་ལས ་འབྱུང་བ་དང་ལུགས་ལས་བཟློག་པ་དྲན་པར་བྱེད་ཅིང་དྲན་པར་བྱེད་དོ། ། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཆའི་མཐར་ཐུག་པར་བྱས་ནས་ལན་བཅུ་གཉིས་སུ་ཡང་དག་པར་གཡོས་སོ།། སླར་ཡང་སྐྱེས་བུ་ཆེན་པོས་སྟོང་ཕྲག ་བཅུའི་འཇིག་རྟེན་གྱི་ཁམས་སུ་སྒྲ་ཆེན་པོ་སྒྲོགས་ཤིང་སྐྱ་རེང་ཤར་བའི་དུས་སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་མྱོང་ངོ་། ། སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཞིན་དུ་རིགས་པར་གྱུར་ཏོ།། ཤར་ཕྱོགས ་ཀྱི་ཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུས་ནུབ་ཀྱི་ཁོར་ཡུག་གི་སྟེང་དུ་ཆགས་སོ། དེ་བཞིན་དུ་ནུབ་ཀྱི་ཕྱོགས་ཀྱི་ཁོང་ཕྲག་གི་མཀྲའ་སྟེང་དུརྒྱལ་མཚན་དང་བདན་བཙུགས་པའི་ཤ་མ་ཟས་ཤར་ཙ་ཁོར་ཝག ་གི་སྟེང་དུ་ཆགས་སོ། ། བྱང་གི་ཕྱོགས་ཀྱི་ཁོར་ཡུག་གི་སྟང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུ་ལྕེའོ་ཁོར་ཡུག་གི་སྟེང་དུ་ཆགས་སོ།། ལྷོའི་ཕྱོགས་ཀྱི་ཁོང་ཕྲག་གི་སྟེང་དུ་རྒྱལ་མཚན་དང་བ་ངན་བཙུགས་པའི་ཤས་ཟླས ་བྱང་གི་ཁོར་ཡུག་གི་སྟེང་དུ་ཆགས་སོ། ། ས་གཞི་ལས་ལངས་པའི་རྒྱལ་མཚན་དང་བ་དན་ཚངས་པའི་གནས་སུ་ཆགས་སོ།། ཚངས་པའི་འཇིག་རྟེན་གྱི་གནས་སུ་བཅིངས་པའི་རྒྱལ་མཚན་དང་བ་དན་ས་གཞིའི་སྟེང་དུ་ཆགས་སོ།། ་སྟོང་ཕྲག་བཅུའི་ཁོར་ཡུག་ལ་མེ་ཏོག་གི་ཤིང་ལ་མེ་ཏོག་ཁ་བྱེའོ།། མ་ཊ་ཞི་འབྲས་བུ་མང་པོར་གྱུར་ཏོ།། སྡོང་པོ་རྣམས་ལ་སྡོང་པོའི་པད་མིའི་མེ་ཏོག་ཁ་བྱེའོ།། ཡལ་ག་རྣམས་ལ་ཡལ་གའི་པད་མའི་མེ་ཏོག་གོ།། འཁྲིལ་ཤིང་རྣམས་ལ ་འཁྲིལ་ཤིང་གི་པད་མའི་མེ་ཏོག་གོ། ནམ་མཁའ་ནས་མཐུར་དུ་པད་མའི་མེ་ཏོག་འཕྱང་ངོ་།། ཐར་དང་རྡོའི་སྟེང་དུ་བརྟོལ་ནས་སྟེང་དུ་བདུན་བདུན་དུ་གྱུར་ཏེ་རྒྱུན་ཆགས་པའི་པད་མའི་མེ་ཏོག་ཅེས་བྱ་བ་ཕྱུང་ངོ་།། སྟོང ་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱད་པར་དུ་འཕགས་པའི་མེ་ཏོག་གི་གདན་བཞིན་དུ་གྱུར་ཏོ། ། ཁོར་ཡུག་གི་བར་དཔག་ཚད་སྟོང་ཕྲག་བརྒྱད་ཀྱི་འཇིག་རྟེན་གྱི་བར་གྱི་དམྱལ་བ་ཉི་མ་བདུན་གྱི་འོད་ཀྱིས་ཀྱང་སྣང་བར་བྱེད་པ ་མེད་པས་ན་དཀོན་ནོ། ། དེ་དང་ཚངས་པའི་འཇིག་རྟེན་གྱི་བར་གྱི་དམྱལ་བ་དེ་མ་ཐག་ཏུ་སྣང་བར་གྱུར་ཏོ།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཙམ་གྱིས་ཟབ་པའི་རྒྱ་མཚོ་ཆེན་པོའི་ཆུ་མངང་པོ་གྱུར་ཏོ།། ཆུ་ཀླུང་རྣམས་ནི ་འགྲོ་བར་གནས་སོ། ། དམུས་ལོང་རྣམས་ཀྱི་མིག་གིས་གཟུགས་མཐོང་ངོ་།། འོན་པ་རྣམས་ཀྱི་རྣབས་སྒྲ་ཐོས་སོ།། གོང་པོ་རྣམས་ཀྱིས་འགྲོ་ཤེས་པར་གྱུར་ཏོ།། བཅིངས་པའི་སེམས་ཅན་རྣམས་ནི་རྗེས་སུ ་བཅིངས་པ་ལས་གྲོལ་བར་གྱུར་ཏོ། ། འདི་ལྟར་ཚད་མེད་པའི་དཔལ་དུ་གྱུར་ནས་མཆོད་པ་དང་ཡ་མཚན་པའི་ཆོས་རབ་ཏུ་སྐྱེས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོ་རིག་གོ།། སངས་རྒྱས་ཐམས་ན ་བ་ཤད་པ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། སྐྱེ་བའི་འཁོར་བ་མ་ལུས་པ།། དྲུག་མེད་རྣམ་པར་དྲུག་མེད་ཚོལ།། ཁྱིམ་མེད་པ་ཚུལ་པན། སྐྱེ་བའི་སྡུག་བསྔལ་ཡང་ཡང་དང་།། ཁྱེ་བ་མེད་པ་ནི་མཐོང་བར་གྱུར།། སླར་ཡང་ཁྱིམ ་ནི་བྱེད་པ་མེད་དེ་ཡི་སྡུག་བསྔལ་ཐམས་ཅད་བཅོམ། ། དུག་གི་མེད་ཅན་ཁྱིམ་གྱི་པར།། སེམས་ནི་འདུ་བྱེད་པ་ལས་གྲོལ། སྲེད་པ་ཟད་ནས་མེད་པར་གྱུར་ཞེས་པ་འདི་ནི་དགའ་ལྡན་གྱི་ཕོ་བྲང་དུ་གནས་པ་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ།། ་སྙིང་པོ་འདིར་ཐམས་ཅད་མཁྱེན་པ་ཐོབ་པ་དེ་རྣམས་ཀྱི་གནས་ནི་གླེང་བཞི་པར་མ་ཞེས་བྱ་བ་ཡིན་ན།། གཞན་ཡང་ཉེ་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན ་དགའ་ར་བའི་གནས་སུ་བཞུགས་པ་དང་། ཡངས་པ་ཅན་གྱི་ནགས་ཚལ་ཆེན་པོ་ཁང་པ་བརྩེགས་པའི་གནས་སུ་བཞུགས་སོ།། དེ་ལྟར་དེ་དང་དེའི་གནས་རྣམས་སུ་བཞུགས་ཤིང་དེ་དང་དེའི་གནས ་ཉིད་ཐོབ་ཅེས་བརྗོད་དོ། ། གང་ཅི་ཡང་འདི་ལྟར་བརྗོད་པ་དེ་ནས་ཡང་དེ་དང་པོ་ནས་བཟུང་ནས་འདི་ལྟར་རིག་པར་བྱའོ།། བཅོམ་ལྡན་འདས་བཞུགས་ནས་ཆེད་དུ་བརྗོད་ཅིང་ཆེད་དུ་བརྗོད་པ་དེ་ལྟ་བུའི་སེམས་སྐྱེས ་སོ། ། བདག་གིས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་པ་ནས་དཀྱིལ་དཀྲུངས་བཅས་པ་འདིའི་ཆེད་དུ་དུས་འདི་རྣམས་ལ་བདག་གི་མགོ་རྒྱན་གྱིས་བརྒྱན་པའི་མགྲིན་པ་ནས་བྲེགས་ཏེ ་སྦྱིན་པར་བཏང་བ་དང་། སྤྱན་བཟང་པོ་བཏང་བ་དང་། སྙིང་གི་ཤ་བྲེགས་ནས་བཏང་བ་དང་། གཞོན་ནུ་དྲ་བ་འཛིན་དང་འདྲ་བའི་བུ་སྦྱིན་པར་བཏང་བ་དང་། ཀྲིཥྚི་ཛི་ནའི་གཞོན་ནུ་མ་དང་མཚུངས་པའི་བུ་མོ ་རྐྱེན་པར་བཏང་བ་དང་། ལྷ་མོ་མགྲི་དང་མཚུངས་པའི་དྲུང་མ་རྣམས་གཞན་གྱི་ཟན་གྱི་ཕྱིར་སྦྱིན་པར་བཏང་ངོ་།། འདི་ནི་བདག་གི་འདུག་ཟང་ས་ཡིན་ནོ།། རྒྱལ་བའི་འདུག་སྟངས་ཡིན་ནོ་མཆོག་གི་འདུག་ཀྱངས་ཡནན་འདས ་བདག་བཞུགས་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་སོ། ། རེ་ཞིག་སྟན་འདི་ལས་བདག་མི་ལྡང་ངོ་སྙམ་དུ་བསམས་ནས་བྱེ་བ་འབུམ་ཕྲག་དུམ་ལ་སྙོམས་པར་ཞུགས་ནས་མཉམ་པར་གནས་ཏེ་ཞག་བདུན་དུ་དེ་ཉིད་དུ་བཞུགས་སོ།། ་དེའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་འདུག་སྟངས་གཅིག་གིས་བཞུགས་སོ།། རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་ཅིང་བཞུགས་སོ།། གཞན་ཡང་ལྷ་གང་དང་གང་ཞིག་དདུང་ཡང ་ངེས་པར་དོན་གྲུབ་ལ་བྱ་བ་ཡོད་དམ་འདུག་སྟངས་འདི་ལ་ཞེན་པ་མ་སྤང་བ་དང་རྣམ་པར་རྟོག་པ་ཡོངས་སུ་བསྐྱེད་དོ་ཞེས་པསམས་ནས་སྟོན་པས་ལྷ་རྣམས་ཀྱི་རྣམ་པར་རྟོག་པ་མཁྱེན་ནས། དེ་རྣམས་ཀྱི་རྣམ་པར་རྟོག་པ་ཉེ་བ་ངན ་བར་བྱ་བའི་ཕྱིར་སྟེང་གནམ་མཁའ་ལ་འདུག་ནས་སོ་སོར་ཚེ་འཕྲུལ་བསྟན་ཏོ། ། བྱང་ཆུབ་ཀྱི་སྙིང་པོར་མཛད་པའི་ཆོ་འཕྲུལ་དང་། ཉེ་དུ་དང་འདུས་པའི་དུས་སུ་མཛད་པའི་ཆོ་འཕྲུལ་དང་། ཀློག་པའི་མདོ་དང་འདུས་པར་མཛད་པ ་ཚེ་འཕྲུལ་ཐམས་ཅད་ཨ་སྨའི་ཤིང་ཤི་དྲུང་དུ་མཛད་པའི་སོ་སོར་ཆོ་འཕྲུལ་དང་མཚུངས་པར་གྱུར་ཏོ། ། འདི་ལྟར་སྟོན་པས་འདི་ལྟ་བུའི་ཆོ་འཕྲུལ་མཛད་ནས་ལྷ་རྣམས་ཀྱི་རྣམ་པར་རྟོག་པ་ཉེ་བར་ཞི་བར་མཛད་དོ།། འདུག་སྟངས་ཀྱིས་བྱ་། ་ཆེར་འཁོད་དེ་འདིའི་འདུག་སྟངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་རྟོགས་པར་བྱེད་དོ།། བསྐལ་བགྲངས་མེད་པ་བཞི་དང་། འབུམ་ཕྲག་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་ཡངས་སུ་རྫོགས་པའི་འབྲས་བུ་ལྷག་པར ་རྟོགས་པའི་འདུག་སྟངས་ཀྱིས་མིག་མི་འཛུམ་པར་ལྟ་ཞིང་ཞག་བདུན་དུ་འཁོད་དོ། ། དེའི་གནས་ཀྱི་མིག་མི་འཛུམ་པའི་མཆོད་རྟེན་ཞེས་བྱ་བ་བྱུང་ངོ་།། དེ་ནས་འདུག་སྟང་ས་ལ་འཁོད་པའི་གནས་ཀྱི་བར་དུ་འཆགས་པར་བྱ་བ་ནས ་གང་དང་རུ་དུ་ཡང་ན་པོ་ཆེ་ལ་འཆག་པ་ཞག་བདུན་དུ་འཁོད་དོ། ། གནས་དང་ངན་པ་ཆེལ་འཆག་པའི་མཆོད་རྟེན་ཞེས་བྱ་བབྱུང་ངོ་།། གཞན་ཡང་ཞག་བདུན་པ་བཞི་པ་ལ་བྱང་ཆུབ་ཤིང་གི་བྱུང་ཀར་བྱིད་།། ་རྣམས་ཀྱིས་རིན་པོ་ཆེའི་ཁང་པ་སྩལ་ལོ།། དེང་འདུག་སྟངས་ཀྱི་བཞུགས་ནས་ཆོས་མངོན་པའི་སྡེ་སྣོད་མ་ལུས་པར་འདི་རྣམས་མཐའ་ཡས་པའི་ཚུལ་གྱིས་ཀུན་གནས་པ་སེམས་ཤིང་ཞག་བདུན་བཞུགས་སོ།། ཆོས་མངོན ་པ་པ་སླར་ཡང་འདི་སྐད་སྨྲས། ། རིན་པོ་ཆེའི་ཁང་པ་ཞེས་བྱ་བའི་རིན་པོ་ཆེ་ལས་བྱུང་བའི་ཁང་པ་ཡིན་ནོ་ཞེས་ཟེར་རོ།། སྡུད་པར་བྱེད་པ་པོ་རྣམས་སླར་ཡང་འདི་སྐད་གསུང་སྟེ་རབ་ཏུ་བྱེད་པ་བདུན་གྱི་ཆོས་མངོན་པ་རྗེས་སུ་དྲན ་པར་བྱེད་པའི་རིན་པོ་ཆེའི་ཁང་པ་ཡིན་ཞེས་གསུང་ངོ་། ། གང་གི་ཕྱིར་སླར་ཡང་འདིར་ཚིག་གཉིས་ཀ་ཡང་འཆད་དོ།། དེའི་ཕྱིར་འདི་གཉིས་ཀ་ཡང་གཟུང་བར་བྱའོ།། དེ་ནས་སླར་ཡང་གནས་དེ་རིན་པོ་ཆེའི་ཁང་པའི་མཆོད་རྟེན་ཞེས་བྱ་བ་བྱུང་།། ་འདི་ལྟར་བྱང་ཆུབ་ཤིང་དང་ཉེ་བ་ཉིད་དུ་ཞག་བདུན་པ་བཞི་པ་སོང་ནས་ཞག་བདུན་པ་ལྔ་པ་ལ་བྱང་ཆུབ་ཤིང་གི་དྲུང་ནས་ར་ལུག་སྐྱོང་བའི་ཤིང་ནྱ་གྲོ་དྷ་དང་ཉེ་བར་གཤེགས་ནས་དེར་ཡང་ཆོས་ལ་རྣམ་པར་སེམས་པ་ཉིད་ཀྱིས་རྣམ་པར ་གྲོལ་བ་དང་བདེ་བས་སོ་སོར་རིག་པར་མཛད་ནས་བཞུགས་སོ། ། དེའི་ཚེ་ལྷའི་བུའི་བདུད་དུས་འདི་རྣམས་ཀྱི་ཕྱི་མ་ལ་གྲིབ་མ་བཞིན་དུ་ཕྱོགས་གང་དུ་འངམ་སྤངས་སོ།། བྱང་ཆུབ་སེམས་དཔའ་ལ་སྐྱོན་ཅུང་ཟད་ཀྱང་མ་མཐོང་ངོ་།། ་ད་ནི་ངའི་དབང་དུ་བྱ་བ་ལས་འདས་པའི་ཡིད་མི་བདེ་བ་ཐོབ་པར་གྱུར་ཅིང་ལམ་ཆེན་པོར་གནས་ནས་རྣམ་པ་བཅུ་དྲུག་གི་རྒྱུ་མཚན་ལ་སེམས་ཤིང་ས་ལ་རི་མོ་བཅུ་དྲུག་འདྲིའོ།། བདག་གིས་འདི་བཞིན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ ་མ་རྫོགས་པ་དེའི་ཕྱིར་བདག་འདི་དང་འདྲ་བར་མ་གྱུར་ཏོ། ། ཞེས་རི་མོ་གཅིག་བྲིས་སོ།། དེ་བཞིན་དུ་བདག་འདི་དང་མཚུངས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ངེས་འབྱུང་གི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ ་བྱིན་པ་དང་། བརྩོན་འགྲུས་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བདེན་པའི་ཕ་རོལ་དུ་ཕྱིན་པ་དང་། ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་དང་ཁྱམས་པའི་ཕ་རོལ་ཏུ་ཕྱིན་པ་དང་བཏང་སྙོམས་ཀྱི་བ་མ ་དུ་ཕྱིན་པ་རྣམས་མ་རྫོགས་སོ། ། དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏེ་སྙམ་ནས་རི་མོ་བཅུ་བྲིས་སོ།། བདག་འདི་དང་མཚུངས་པའི་ཐུན་མོང་མ་ཡིན་པའི་དབང་པོ་མཆོག་གེ་གང་མའི་ཡེ་ཤེས་སོ་སོང་རིག་པ་ཉེ་བར ་གནས་པར་གྱུར་པའི་ཕ་རོལ་དུ་ཕྱིན་པ་བཅུ་མ་རྫོགས་པ་དེའི་ཕྱིར་བདག་འདི་དང་མཚུལ་པར་མ་གྱུར་ཏོ། ། སྙམ་ནས་རི་མོ་བཅུ་དྲུག་བྲིས་སོ།། དེ་བཞིན་དུ་བདག་འདི་དང་མཚུངས་པའི་ཐུན་མོང་མ་ཡིན་པའི་བསམས་པའི་བག་ལ་ཉ ་དང་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོ་དང་། སྙོམས་པར་འཇུག་པའི་ཡེ་ཤེས་དང་། སོ་སོར་ཆོ་འཕྲུལ་གྱི་ཡེ་ཤེས་དང་སྒྲིབ་པ་མེད་པའི་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་གནས་པ་ཉེ་བར་གནས་པར་གྱུར་པའི་ཕ་རོལ་དུ་ཕྱིན ་པ་བཅུ་མ་རྫོགས་པའི་དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་དྲུག་བྲིས་སོ། ། འདི་ལྟར་འདིའི་རྒྱུ་མཚན་སེམས་ཤིང་ལམ་ཆེན་པོར་རིས་མོ་བཅུ་དྲུག་བྲིས་ནས་གནས་སོ།། དེའི་ཚེ་སྲེད་མ་དང་། ་ཀུན་དུ་དགའ་མ་དང་། དགའ་མ་སྡེ་གསུམ་པོ་ནི་བདུད་ཀྱི་བུ་མོ་བདག་གཤེས་པ་ནི་མ་མཐོང་བར་གྱུར་པས་དེ་མ་ཐག་པར་གན། ཡོད་དམ་ཞེས་བལྟ་ཞིང་རྒྱུ་བ་ན་དེ་ཡིད་མི་བདེ་བ་ཐོབ་པར་གྱུར་ཏེ།། ས་ལ་རི་མོ་བྱེད་པ་མཐོང་ནས། ་པ་དང་ཉེ་བར་སོང་སྟེ་པ་གང་གི་ཕྱིར་སྡུག་བསྔལ་ཞིང་ཡིད་མི་བདེ་བར་བྱེད་ཅེས་དྲིས་སོ།། བུ་མོ་དགེ་སྦྱོང་ཆེན་པོ་འདི་བདག་གི་དབང་དུ་བྱེད་པ་ལས་འདས་སོ།། ཞེས་འདི་རྣམས་ཀྱི་དྲས་སུ་བསྙེས་པས་སྐྱོན་ཅུང་ཟད་ཀྱང་མནམཐ ་ངོ་དེའི་ཕྱིར་བདག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་སོ། ། འདི་ལྟར་གྱུར་ན་དེ་ལྟར་མ་བསམ་ཅིག། བདག་ཅག་གསུམ་གྱིས་དེ་དབང་དུ་བྱས་ནས་ཁྲིད་ལ་འོང་ངོ་།། སྨྲས་པ། བུ་མོས་མི་ནུས་ཏེ་སུས་ཀྱང་དབང་དུ་བྱ་བར་མི ་རུས་པས་སྐྱེས་བུ་འདིན་མིགས་པ་ད་པ་ལ་གནས་སོ། ། སྨྲས་པ། བབདག་ཅག་ཟད་མང་ཡིན་པས་དགྲང་ཉིད་དུ་ལ་འདོད་ཆགས་ཀྱི་དགས་པས་བཅིས་ད་འཡོད།། བྱུད་མསེཔས་ག། ་ནས་བུད་མེད་དེ་རྣམས་བཅོམ་ལྡན་འདས་དང་ཉེ་བར་སོང་སྟེ་དགེ་སྦྱོང་ཁྱེད་ཀྱི་ཞབས་ལ་བསྙེན་བཟུང་བདག་ཅག་གིས་བགྱིའོ་ཞེས་སྨྲས་སོ།། བཅོམ་ལྡན་འདས་ཉིད་ཀྱིས་དེ་རྣམས་ཀྱི་ཚིག་ལ་ཐུགས་མ་གཏད་ངོ་།། སྤྱན་རྣམ་པར་གྲོལ་བ ་ཡང་མ་གཟིགས་སོ། ། ཇི་ལྟར་དེ་བླ་ན་མེད་པའི་ཉེ་བར་སྐྱེ་བཟད་པ་རྣམ་པར་གྲོལ་བའི་བསམ་པས་དབེ་པའི་བདེ་བཞིད་ལ་མས་སུ་མྱོང་བར་མཛད་ཅིང་བཞུགས་སོ།། གཞན་ཡང་བདུད་ཀྱི་བུ་མོ་བསམ་པ་མང་ཞིང་སྐྱེས་བུ་དང་མཚུངས ་བའི་སེམས་སོ། ། གང་དང་གང་གཞོན་ནུ་ལ་དགའ་བར་གྱུར་པ་དང་། གང་དང་གང་ཞིག་ན་ཚེད་དང་པོར་གྱུར་པ་ལ་དགའ་བ་དང་། གང་དང་གང་ཞིག་ན་ཆོད་པར་མར་གྱུར་པ་ལ་དགའ་བ་དང་། གང་དང་གང་ཞིང་ན་ཚོད་ཕྱི་མ ་གྱུར་པ་ལ་དགའ་བའོ། ། བདག་གིས་དེ་ལྟ་བུའི་རྣམ་པ་སྣ་ཚོགས་པའི་འོད་ལ་ཆགས་པར་བགྱིའོ་ཞེས་སྨྲས་ནས།། བུ་མོ་རེ་རེས་གཞོན་ནུ་མའི་གཟུགས་ལ་སོགས་པའི་བརྒྱ་ཕྲག་རྒྱ་ཕྲག་གིས་བདག་ཉིད་ཀྱི་ལུས་སྤྲུལ་ལོ།། གཞོན་ནུ་མིའི ་གཟུགས་དང་ལང་ཚོ་མའི་གཟུགས་དང་། དང་པོ་བུ་དང་བུ་མོ་ལན་ཅིག་སྐྱེས་པའི་གཟུགས་དང་། བར་མའི་བུད་མེད་ཀྱི་གཟུགས་དང་། ལུས་རགས་མོར་གྱུར་ནས་ལན་དྲུག་དུ་བཅོམ་ལྡན་འདས་དང་ཉེ་བར་སོང་ནས་དགེ་སྦྱོང་ཁྱོད ་ཀྱི་ཞབས་ལ་བདག་ཅག་གིས་བསྙེན་བཀུར་བགྱིའོ་ཞེས་སྨྲས་སོ། ། བཅོམ་ལྡན་འདས་ཀྱི་དེ་རྣམས་ཀྱི་ཚིག་ལ་ཡང་ཞུགས་མ་གཏད་དོ།། ཇི་ལྟར་དེ་བླ་ན་མེད་པའི་ཉེ་བར་སྐྱེ་བ་རྣམ་པར་གྲོལ་ལོ།། གཞན་ཡང་སློབ་དཔོན་གང་ཞིག་འདི་སྐད་སྨྲའོ ་ངོརྫུ་འཕྲུལ་དང་ལྡན་པས་བུ་མེད་འོངས་པ་ལ་བལྟ་ཞིང་བཅོམ་ལྡན་འདས་འདི་ལྟ་བུའི་གཟུགས་ཀྱིས་འདི་རྣམས་སོ། ། བྱི་བ་དང་། སྐྲ་དཀར་པོར་འགྱུར་བར་བྱིན་སྐབས་སོ་ཞེས་ཟེར་རོ།། དེའི་ཚིག་གཟུང་བར་མི་བྱའོ།། སྟོན ་པས་འདི་ལྟ་བུའི་གཟུགས་སུ་བྱིན་གྱིས་བརླབས་པར་མ་མཛད་དོ། ། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཅི་མཐོང་འདི་ལྟ་བུའི་འབད་པ་བྱེད་པ་དསོང་ཅིག། འདིས་བུའི་ཚུལ་གྱིས་འདོད་ཆགས་དང་མ་བྲལ་བ་ལ་སོགས་པའི ་མདུན་དུ་བྱ་བར་རིགས་སོ། ། དེ་བཞིན་གཤེགས་པས་སླར་ཡང་འདོད་ཆགས་སྤངས་ཤིང་ཉེས་པ་སྤངས་པ་དང་གཏི་མུག་སྤངས་པས་རང་གི་འདོད་ཆགས་སྤངས་པའི་ཕྱིར་རོ།། གང་ཞིག་རྒྱལ་བ་དེ་ལ་རྒྱལ་མི་ནུས།། གང་ཞིག་འཇིག ་རྟེན་འདིར་ནི་རྒྱལ་མི་འགྱུར། ། མཐའ་ཡས་སངས་རྒྱས་སྤྱོད་ཡུལ་དེ་མི་གནས།། རྐང་མེད་ཀྱིས་ནི་རྐང་ཡོད་ལ་མི་ནུས།། གང་གི་སྲིད་པའི་དྲ་བ་བཏོན་གྱུར་ནས།། དེ་ལ་སྲེད་པ་རྣམས་ནི་ཅུང་ཟད་མེད།། མཐའ་ཡས་སངས་རྒྱས་སྤྱོད་ཡུལ ་དེ་ཉིད་ལ། ། རྐད་མེད་དེ་ཡིས་རྐང་ཡོད་ལ་མི་ནུས།། འདི་ནི་སངས་རྒྱས་ཀྱི་ཆོས་མཆོག་གི་སྡེ་ལས་ཚིགས་སུ་བཅད་གཉིས་གསུངས་དང་ཆོས་སྟོན་ཏོ།། བུ་མོ་རྣམས་ལ་བཟེར་བ་ཡང་བདེན་པ་ཡིན་ནོ།། དགྲ་བཅོམ་པ་བདེ་བར་གཤེགས་པ ་འཇིག་རྟེན་མིའི་མཆོག་ཡིན་ནོ་ཞེས་སྨྲས་ནས་ལྷ་དང་ཉེ་བར་སོང་ངོ་། ། བཅོམ་ལྡན་འདས་ཀྱི་ཀྱང་འདིར་ཞག་བདུན་བཞུགས་ནས་བཏང་ཟུང་གི་གནས་སུ་གཤེགས་སོ།། དེར་ཞག་བདུན་དུ་སྐུལ་ཡུལ་ངན་དང་གྲང་བཞི་པར་བྱ་བའི་ཕྱིར་ཀླུའི ་རྒྱལ་པོ་བཏང་ཟུང་ཞེས་བྱ་བས་ལུས་ཀྱིས་ལན་བདུན་དུ་དཀྲིས་ནས་གདེངས་ཀ་བྱས་སོ། ། དྲིའི་གཙང་ཁང་ཤིན་ཏུ་ཡངས་པར་བཞུགས་པ་བཞིན་རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་པར་བྱེད་ཅིང་ཞག་བདུན་དུ་ཞུགས་ནས་ཤིང་རཱ་ཛ་ཡ ་ཏན་དང་ཉེ་བར་གཤེགས་སོ། ། དེ་ཡང་རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་པར་བྱེད་པ་ཉིད་ཀྱིས་བཞུགས་སོ།། དེ་རྣམས་ཀྱིས་རེ་ཞིག་ཞག་བདུན་ཕྲག་བདུན་ཡོངས་སུ་རྫོགས་སོ།། དེ་རྣམས་ཀྱི་བར་དུ་ཞལ་ཤོལ་བ་མེད་པ་དང་སུལ ་བྱི་དང་བྱེད་པ་མེད་པ་དང་ཞལ་ཟས་གསོལ་བ་མེད་པར་གྱུར་ཏོ། ། བསམ་གཏན་གྱི་བདེ་བ་དང་། ལམ་གྱི་བདེ་བ་དང་། འབྲས་བུའི་བདེ་པ་ཉིད་ཀྱིས་ཉིན་མཚན་འདའོ།། དེ་ནས་དེའི་བདུན་ཕྲག་བདུན་གྱི་མཐར་གཅིག་གིས་དམན། ་པའི་ལྔ་བཅུའི་མཐའ་ཉིམ་ལ་དེ་དེར་བཞུགས་ནས་ཞལ་ཤོལ་བའི་ཐུགས་སྐྱེས་སོ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཨ་རུ་ར་མཆོག་བླངས་ནས་ཕུལ་ལོ།། སྟོན་པས་དེ་གསོལ་པས་སྐྲ་དངས་པར་གྱུར་ཏོ།། ་དེ་ནས་བརྒྱ་བྱིན་ཉིད་ཀྱིས་མ་ས་ཀྱིལ་ག་ཀྱི་སོ་ཤིང་དང་། ཞལ་ཤོལ་བའི་ཆུ་བྲལ་ལོ།། སྟོན་པོས་སོ་ཤིང་བླངས་ནས་སོ་བྲུད་དམཚོ་ཆེན་པོ་ས་དྲས་པའི་ཆུས་ཞལ་བཤོལ་ལོ།། དེ་ཉིད་དུ་ཤིང་རཱ་ཛ་ཡ་ཏ་ནི་འདྲིང་དུ་བཞུགས་སོ།། ད ་ཏ་ཤེད་ཀོན་དང་ཟང་པོ་ཞེས་བྱ་བའི་ཚོང་དཔོན་གཉིས་ཤིང་རྟལྔ་བརྒྱ་དང་བཅས་པ་ལྷོ་ཕྱོགས་ཀྱི་ལྗོངས་ནས་ཡུལ་དབུས་སུ་འགྲོ་བ་ན་རང་ཉིད་ཀྱི་སྔར་གྱི་གཉེན་ལྷར་གྱུར་པས་ཤིང་རྟ་ཐམས་ཅད་བྱིང་ནས་འགྲོ་བར་མི་ནུས་པར ་བྱིན་གྱིས་བརླབས་པས་སྟོན་པ་ལ་ཁ་ཟས་སྟེར་བའི་ཕྱིར་སྤྲོ་བ་སྐྱེས་སོ། ། སྦྲང་བསྲུབས་པའི་ཁུར་བའི་གོང་བུ་བླངས་ནས་བཙུན་པ་བཅོམ་ལྡན་འདས་བཟའ་བ་འདི་ཐུགས་རྗེ་ཆེན་པོ་སྐྱེད་ལ་སོ་སོར་བཞེས་པར་ཞུ་ཞེས་སྟོན་པའི་དྲུང་དུ་ཞེ་བར ་འཁོད་དོ། ། བཅོམ་ལྡན་འདས་འོ་ཐག་པ་ཞེས་པའི་ཉིན་མོ་ཉིད་ལྷུང་བཟེད་མི་སྣང་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་ཕྱག་གིས་ལེན་ནམ་འོན་ཀྱང་ལྷུང་བཟེད་ཀྱིས་བླང་ཞེས་བསམས་སོ།། དེ་ནས་སེམས་ཀྱིས་ཤེས ་ནས་ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་རིན་པོ་རྣམས་ཀྱིས་ནོར་བུ་ཨིན་དྲ་ནཱི་ལའི་ལྷུང་བཟེད་བླངས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་།། སླར་ཡང་སྲན་མ་མུང་གའི་ཁ་དོག་ཅན་གྱི་རྡོ་ལས་བྱུང་བའི་ལྷུང་བཟེད་བཞི་ཕུལ་ལོ།། བཅོམ ་ལྡན་འདས་ཀྱིས་ལྷའི་བུ་བཞི་པོ་རྣམས་ལ་རྗེས་སུ་བརྩེབས་ལྷུང་བཟེད་བཞི་པོ་བཞེས་ཏེ་སྟེང་ནས་སྟེང་དུ་བརྩེགས་ནས་བཞག་སྟེ་གཅིག་ཏུ་འགྱུར་བར་བྱིན་གྱིས་བརླབས་སོ། ། བཞི་པོ་ཡང་བལྔ་བའི་ཕྱིར་དུ་ཁ་ལར་མ་བ་ནི་དགྷར ་ཏེ་ལྷུང་བཟེད་འབྲིང་པོའི་ཚད་གཅིག་ཏུ་གྱུར་ཏོ། བཅོམ་ལྡན་འདས་ལ་དེའི་སོ་སོར་བྲལ་བ་རིན་ཐང་མེད་པའི་རྡོ་ལས་བྱུང་བའི་ལྷུང་བཟེད་དུ་བཟའ་བའི་ཕྱིར་དུ་བཞེས་ནས་ཡོངས་སུ་ལོངས་སྤྱོད་ནས་རྗེས་སུ་ཡི་རང་བར་མཛད་དོ།། ་ང་ང་སྟུན་གཉིས་སངས་རྒྱས་དང་ཆོས་བསྒྲུ་བས་དང་དགས་གཉིས་པ་དག་སྙེན་དུ་བྷཔ།། དེན་ས་ད་མས་ཀྱིས་བརྣན་པ་ང་ཐཱ་ང་གས་པ་དངས་པགཅག་ཟུང་ནས་རྣམས།། དན་རྒྱག ་པརང་གི་མགོ་ལ་བྱུགས་ནས་སྒྲའི་གདུང་གནང་ངོ་། ། དེ་དག་གིས་རང་གི་གྲོང་ཁྱེར་དུ་ཁྱེར་སོང་ནས་མཆོད་རྟེན་བཞེངས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དེ་ནས་བཞེངས་ནས་སླར་ཡང་ལུག་སྤང་བའིན ་རྦ་བྲོ་དྷ་ཉིད་དུ་གཤེགས་ནས་ནྱ་གྲོ་དྷའི་དྲུང་དུ་བཞུགས་སོ། ། དེ་ནས་དེ་ཉིད་དུ་བཞུགས་ཙམ་ཉིད་ན་རང་གིས་ལྷག་པར་རྟོགས་པའི་ཟབ་མོའི་ཆོས་སོ་སོར་བསམ་ཞིང་སངས་རྒྱས་རྣམས་ཀྱིས་ལྷག་པར་རྟོགས་པ་འདི་ནི་ཆོས་སོ།། གཞན ་ཀྱིས་ཆོས་སྟོན་པར་མི་ནུས་པར་བསམས་ནས་རབ་ཏུ་འདུ་པ་རྣམ་པའི་རྣམ་པར་རྟོག་པ་སྐྱེས་སོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འཇིག་རྟེན་ཉམས་པར་འགྱུར་བའི་ཕྱིར་རོ།། ཞེས་བསམས་ནས་སྟོང་ཕྲག་བཅུའི་ཁོར་ཡུག ་གི་བརྒྱ་བྱིན་དང་། འཐབ་བྲལ་བཟང་པོ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འབྲལ་དབང་ཕྱུག་དང་། ཚངས་པ་ཆེན་པོ་རྣམས་ཁྲིད་ནས་སྟོན་པའི་དྲུང་དུ་ཕྱིན་ནས། བཙུན་པ་བཅོམ་ལྡན་འདས་ཆོས ་བསྟན་དུ་གསོལ། ། དང་པོའི་ཚུལ་གྱིས་ཆོས་བསྟན་དུ་གསོལ་ཞེས་ཞུས་སོ།། སྟོན་པས་དེ་རྣམས་ལ་སྣང་བ་བྱིན་ནོ།། གང་ཞིག་ལ་བདག་གིས་དང་པོར་ཆོས་བསྟན་པར་བྱའོ་ཞེས་དགོངས་ཤིང་མཁས་པ་ཀུན་ལེན་དེའི་ཆོས ་འདི་མྱུར་དུ་ཤེས་པར་འགྱུར་བའི་ཐུགས་སྐྱེས་སོ། ། སླར་ཡང་གཟིགས་ཏེད་དུས་ལས་འདས་ནས་ཞག་བདུན་ལོན་པར་རྟོགས་སོ།། འཆང་བྱེད་ལ་བཏགས་པས་དེ་ཡང་དུས་ལས་འདས་པར་མཁྱེན་ནོ།། དགེ་སློང ་སྡེས་བདག་ལ་བསྙེན་བཀུར་མང་པོ་བྱས་པས་ལྔ་སྡེའི་ཆད་དུ་བསམས་ནས་དེ་རྣམས་གང་ན་གནས་པ་ཡིན་ཞེས་བརྟགས་སོ། ། གྲོང་ཁྱེར་བ་ར་ཎ་སཱིའི་རི་དགས་རྒྱུ་བའི་ནགས་ཚལ་ན་ཡོད་པར་མཁྱེན་ནོ།། དེར་གཤེགས ་ན་ཨས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་དགོངས་ནས་ཞག་འགའ་ཞིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ཀུན་དུ་ན་བཉིད་དུ་བསོད་སྙོས་མརྡ་ཅིང་བཞུགས་ནས་དབྱར་ཟླ་འབྲིང་པོའི་ཉལ་གྲོང་ཁྱེར་བཱ་རཱན་མཱི་ར་གཤེགས་པར་དགོས་ནས ་ཏ་ཤེས་བཅུ་བཞིའི་མཚན་གྱི་མཐར་ནམ་ལངས་པ་ན་ཤིན་ཏུ་སྔ་པ་ཉིད་དུ་ལྷུང་བཟེད་དང་སྔ་མ་སྦྱར་བསྣམས་ནས་དཔག་ཚད་བཅཝ་བརྒྱད་ཡོད་པའི་ལམ་ལ་གཤེགས་ཤིང་ལམ་གྱི་བར་དུ་ཉེ་བར་གནས་པ་ཞེས་བྱ་བའི་འཚོ་བྱེད ་གཅིག་གཟིགས་སོ། ། དེ་ལ་རང་གི་སངས་རྒྱས་སུ་གྱུ་རེ་པ་བཤད་དོ།། ཉི་མ་དེ་ཉིད་ལ་སྲིད་ཀྱིས་དུས་སུ་དྲང་སྲོང་ལྟུང་བའི་གནས་སུ་གཤེགས་སོ།། གནས་བརྟན་ལྔ་སྡེས་དེ་བཞིན་གཤེགས་པ་བྱོན་པ་རིང་པོ་ཉིད་ནས ་མཐོང་སྟེ། དགེ་སྦྱོང་གོའུ་ཏ་མ་འདི་འཐབ་པ་མང་པོའི་ཕྱིར་ལུས་ཡོངས་སུ་རྫོགས་པར་འགྱུར། དབང་པོ་ཡོངས་སུ་རྫོགས་པར་འགྱུར།། གསེར་གྱི་ཁ་དོག་ཏུ་གྱུར་ནས་འོངས་ཀྱིས། འདི་ལ་ཕྱག་ལ་སོགས་པ་མི་བྱའོ།། ་འདི་རིགས་ཆེན་པོར་སྐྱེས་པ་ཡིན་པས་གདན་ཤོམ་པ་ཙམ་འོས་སོ།། དེའི་ཕྱིར་གད་ན་ཙམ་རིགས་སོ་ཞེས་གཏབ་བྱེད་དོ།། བཅོམ་ལྡན་འདས་ལ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱི་སེམས་དང་སྤྱོད་པ་ཤེས་པར་ནུས་པའི ་ཡེ་ཤེས་ཡོད་དོ། ། དེ་ཡང་འདི་རྣམས་ཇི་ལྟར་སེམས་པ་ཡིན་ཞེས་བསམས་ནས་སེམས་ཤེས་པ་ཡིད་དོནོ།། དེ་ནས་ལྷ་དང་མི་ཐམས་ཅད་ལ་མཐོང་བ་མེད་པའི་དབང་གིས་ཐམས་ཅད་དུ་ཁྱབ་པར་ནུས་པའི་བྱམས་པའི་སེམས་ཡང་དག ་པར་བསྡུས་ནས། མ་མཐོང་བའི་དབང་གིས་བྱམས་པའི་སེམས་ཀྱིས་ཁྱབ་པར་བཅོམ་ལྡན་འདས་ཀྱིས་བསྒོམས་ནས་དེ་བཞིན་གཤེགས་པ་ཉེ་བར་གཤེགས་ཤིང་དཤེགས་པ་ན། སྔར་གྱི་བཅའ་ཁྲིམས་རྣམས་གནས་པར་མི་ནུས་པས་ཕྱག ་བྲལ་ཞིང་བསྲུང་བ་དང་བསྙེན་བཀུར་ཐམས་ཅད་བྱས་སོ། ། གཞན་ཡང་དགེ་སློང་དེ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་པ་མི་ཤེས་པའི་ཕྱིར་མིང་བརྗོད་པ་ན་ཚེ་དང་ལྡན་པ་ཞེས་སྨྲ་བ་ཐམས་འི་ཚིག་གིས་བརྗོད་པར ་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པའི་མིང་དང་ཚེ་དང་ལྡན་པ་ཞེས་ཐ་མལ་བའི་ཚིག་བརྗོད་པར་མི་རུང་ངོ་།། དགེ་སློང་དག་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་སངས་རྒྱས་སྒྲུབ་པར་བྱེད་པ་དང་གདན་བཤམས་པ་མཆོག་ལ་སངས་རྒྱས་བཞུགས་ཏེ། རྒྱུ་སྐར་བྲེ་མཆོག་གསུམ་འཇོམ་པ་ལ་བྱེ་བ་ཕྲག་བཅཝོ་བརྒྱད་ཀྱི་ཚངས་པའི ་འཁོར་གྱིས་བསྐོར་ནས་གནས་བརྟན་ལྔ་སྡེ་བོས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོའི་མཐར་བཤད་དོ། ། དེ་རྣམས་ལ་གནས་བརྟན་ཀུན་ཤེས་ཀོ་ཎི་ནྱས་བཤད་པའི་རྗེས་སུ་འབྲངས་ནས་ཡེ་ཤེས་ཐོབ་པ་མདོའི་མཐར་བྱེ་བ་ཕྲག ་བཅཝ་བརྒྱད་ཀྱི་ཚངས་པ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ། སྟོན་པས་དེ་ཉིད་དུ་དབྱར་བཞུགས་སོ།། སྔར་ཡང་ཉི་མ་གཉིས་པ་ལ་གནས་བརྟན་བརླངས་པ་ལ་ཆོས་སྦྱིན་ནོ་ཞེས་གཙུག་ལག་ཁང་དུ་ཞུགས་སོ།། ་ལྷག་མ་བཞི་པོ་བསོད་སྙོམས་ལ་སོང་ངོ་།། གནས་བརྟན་བརླངས་པས་ཉི་མ་ཕྱེད་ཀྱི་ནང་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ།། འདི་ལྟ་བུའི་ཐབས་ཉིད་ཀྱིས་སླང་ཡང་ནིམ་ཕྱི་མ་ལ་གནས་བརྟན་བཟང་ལྡན་དང་། སླར་ཡང ་མ་བྱི་མ་ལ་བནས་བརྟན་མིང་ཅན་དང་། སླང་ཡང་གིས་བྱི་བལ་བ་ནས་བརྟན་རྟ་ཐུལ་རྣམས་དེ་ཐམས་ཅད་ཀྱིས་རྒྱུན་དུ་བཞུགས་པའི་འབྲས་བུ་ཐོབ་པར་བྱས་ནས་ཚེས་ཉི་ཤུ་ལ་དགེ་སློང་ལྔ་པོ་འདུས་པ་ལ་བདག་མེད་པའི ་མཚན་ཉིད་ཀྱི་མདོ་སྡེ་རྣམས་བཤད་དོ། ། བཤད་པའི་མཐར་གནས་བརྟན་ལྔ་སྡེས་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ།། དེ་ནས་སྟོན་པས་རིགས་ཀྱིས་བུ་གྲགས་པ་ཉེ་བར་མི་རྟེན་པར་གཟིགས་ནས།། དེའི་མཚན་མོའི ་ཅ་ཧང་སྡུག་བསྔལ་བའི་སེམས་ཀྱིས་ཁྱིམ་སྤངས་ནས་འཐོན་པ་ལ་གྲགས་པ་འདིར་ཤོག་ཅེས་བོས་ནས་མཚན་མོ་དེ་ཉིད་ཀྱི་ཆ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་སླར་ཡང་ཉི་མ་གཉིས་པ་ལ་དགྲ་བཅོམ་པའི་འབྲས་བུ་གྲུབ་པར ་བྱེད་དོ། ། གཞན་ཡང་སླར་དེའི་གྲོགས་པོ་ལྔ་བཅུ་རྩ་བཞིས་རབ་ཏུ་བྱུང་ཞིང་དགེ་སློང་དུ་གྱུར་ནས་དགྲ་བཅོམ་པ་བྱེད་དོ།། འདི་ལྟར་འཇིག་རྟེན་དུ་དགྲ་བཅོམ་པ་དྲུག་བཅུ་རྩ་གཅིག་ཏུ་གྱུར་ཏོ།། སྟོན་པས་དབྱར་བཞུགས ་ནས་དགག་དབྱེ་བྱས་ཏེ་དགེ་སློང་དྲུག་བཅུ་པོ་རྣམས་ཕྱོགས་ཕྱོགས་སུ་བཏང་ནས། རང་ཉིད་སྟེང་རྒྱས་སུ་གཤེགས་པའི་བར་གྱི་ལམ་ན་རས་བལ་ཅན་གྱི་ཚལ་ནི་དཔག་ཚད་བཅུ་པའོ།། གཞོན་ནུ་བཟང་སྡེ་བརྟུལ་ལོ།། དེ ་རྣམས་ལས་ཐམས་ཅད་ཀྱི་མཐའི་ཕྱི་མ་རྒྱུན་དུ་ཞུགས་པར་འགྱུར་ལ། ཐོག་མ་ནི་ཕྱིར་མི་འོང་དུ་གྱུར་ཏོ།། དེ་རྣམས་ཀྱང་དགེ་སློང་གི་གཟུགས་ཀྱིས་རབ་ཏུ་བྱུང་བར་བགྱིས་ནས་ཕྱོགས་ཕྱོགས་སུ་བཏང་སྟེ་སྟེང་རྒྱས་སུ ་གཤེགས་སོ། ། སྟོང་ཕྲག་ཕྱེད་དང་གསུམ་གྱི་ཆོ་འཕྲུལ་ལྟ་ཞིང་སྟེང་རྒྱས་འོད་སྲུང་ལ་སོགས་པའི་སྤུན་གསུམ་པོ་དང་རལ་པ་ཅན་སྟོང་ཕྲག་གཅིག་བརྟུལ་བ་དག་སླང་གི་གཟུགས་ཀྱིས་རབ་ཏུ་བྱུང་བར་བྱས་ནས་རི་བོག་ཡིའི་རྩེ་མོ ་རྫོ་པདམ་འཞིའི་རྣམ་གྲངས་ཀྱི་མདོ་སྡེ་བསྟན་ནས་དགྲ་བཅོམ་པ་བྱས་ཏེ། དེས་དགྲ་བཅོམ་པ་སྟོ་། རྣམས་འཁོར་དུ་བྱས་ནས་རྒྱལ་པོ་གཟུགས་ཅན་སྦྱིན་པོ་ལ་ཁས་བླངས་བྱིན་པ་དགྲོལ་བར་བྱ་བའི་དགོངས་པས་རྒྱལ་པོའི་ལ ་ཀྱེ་གྲོང་ཁྱེར་དང་ཉེ་བའི་ཤིང་དངར་གྱི་ཚལ་དུ་བྱོན་ནོ། ། སྐྱེས་མོས་ཚལ་སྐྱོང་བ་རྣམས་ཀྱིས་སྟོན་པ་བྱིན་ནོ་ཞེས་རྒྱལ་པོ་ལ་སྨྲས་སོ།། རྒྱལ་པོས་ཐོས་ཏེ། ཁྲི་ཕྲག་བཅུ་གཉིས་ཀྱི་བྲམ་ཟེ་དང་ཁྱིམ་བདག་འཁོར་དུ་བྱས་ནས་སྟོན་པ་དང ་བ་ཨར་སོང་སྟེ་འཁོར་ལོ་སྣ་ཚོགས་པའི་སྟེང་དུ་གསེར་གྱི་བླ་རེ་དང་འདྲ་བའི་འོད་ཟེར་ཕྱོགས་ཕྱོགས་མུ་འབྲོ་ཞིང་བཞུགས་པའི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་ལེགས་པར་བྱས་ནས་འཁོར་དང་བཅས་པ་ཕྱོགས་གཅིག ་ཏུ་འཁོད་དོ། ། དེ་ནས་ཡང་བྲམ་ཟེ་རྣམས་དང་ཁྱིམ་བདག་ལ་སོགས་པ་འདི་ལྟ་བུའི་སེམས་སུ་གྱུར་ཏེ། འོན་ཀྱང་དགེ་སྦྱོང་ཆེན་པོས་སྟང་རྒྱས་འོད་སྲུང་གི་རྗེས་སུ་ཚངས་པར་སྤྱད་པ་སྤྱོད་དམ། ཡང་ན་སྟེང་རྒྱས་འོད་སྲུང་གིས ་དགེ་སྦྱོང་ཆེན་པོའི་རྗེས་སུ་ཚངས་པར་སྤྱོད་པ་སྤྱད་ཅེས་བསམས་སོ། ། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་གནས་བརྟན་ལ་ཚིགས་སུ་བཅད་པ་གསུངས་སོ།། སྟེང་རྒྱས་གནས་སུ་གནས ་ནས་ཅི་ཞིག་མཐོང་། ། སྦྱིན་བསྲེག་འདོར་བའི་རྒྱུ་མཚན་ཅི་ཞིག་སྨྲ།། འོད་སྲུང་འདི་ཡི་དོན་ནི་དྲི་བར་བྱ།། ཁྱེད་ཀྱི་ཇི་ལྟར་སྦྱིན་བསྲེག་སྤོང་བ་ཡིན།། གནས་བརྟན་གྱིས་ཀྱང་བཅོམ་ལྡན་འདས་ཀྱིས་དགོངས་པ་ཤེས་ནས། ་གཟུགས་དང་སྒྲ་དང་དེ་བཞིན་རོ་དང་དྲི།། བུད་མེད་འདོད་པ་ཡང་ནི་མཆོད་སྦྱིན་སྤྱོད།། འདི་རྣམས་དྲི་མ་ལེགས་པར་རྟོགས་བྱས་ནས།། དེ་ཕྱིར་མ་ཡི་སྦྱིན་བསྲེག་འདི་སྤངས་སོ།། ཚིགས་སུ་བཅད་པ་འདི་བརྗོད་ནས་རང་ཉིང ་ཉན་ཐོས་ཀྱི་འདོད་པ་གསལ་བར་བྱ་བའི་ཕྱིར་དེ་བཞེད་ཤེགས་པའི་ཞམས་ཀྱི་བོལ་དུ་མགོ་བོས་རེག་ནས། ། བདག་སྟོན་པ་བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡིན་ནོ།། ཞེས་སྨྲས་སོ།། ཤིང་ཏཱ་ལ་གཅིག་དང་ཤིང་ཏཱ་ལ་གཉིས་དང ་ཤིང་ཏཱ་ལ་གསུམ་དང་ཇི་སྲིད་དུ་ཤིང་ཏཱ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་བབས་ཏེ་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། དེའི་ཆོས་འཕྲུལ་ལྟ་ཞིང་མི་མང་པེ་རྣམས་ཀྱིས་ཨེ་མ་ཧོ་ས་དང ་རྒྱས་ཀྱིས་མཐུ་ཆེན་པོ་འདི་ལྟ་བུའི་ལྟ་བ་བསྟན་པས། དགྲ་བཅོམ་པ་ཞེས་བྱ་བ་ལ་སེམས་ཤིང་། སྟེངས་རྒྱས་འོད་སྲུང་གི་ལྟ་བའི་དྲ་བ་བཅད་དེ་དེ་བཞིན་གཤེགས་པས་བརྟུལ་ནས་སྟོན་པའི་ཡོན་ཏན་ཉིད་བརྗོད་དོ།། བཅོམ་ལྡན ་འད་ཀྱིས་ཁབས་འདི་དེ་ལྟར་ཁོ་ན་མ་ཡིན་པར་སྣང་རྒྱས་འོད་སྲུང་བརྟུལ་ལོ། ། འདས་པ་ཉིད་དུའང་འདིངས་བཏུལ་ལོ་གས་བརྗོད་ནས་དོན་འདི་འདས་པན་མ་སྦྱིན་ཆེན་པོ་འང་སྲུང་གི་སྐྱེས་རབས་སུ་བཤད་པའི་བདེན་པ་བན ་གསས་བར་བསྟན་ནོ། ། དེའི་མེད་ལ་ཡུལ་མ་གདྷའི་རྒྱལ་པོ་འཁོར་ཁྲི་ཁྲག་པཅུ་གཅིག་དང་བཅས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ།། ཁྲི་ཕྲག་གཅིག་དགེ་སྙེན་དུ་གྱུར་ཏོ།། རྒྱལ་པོ་སྟེན་པ་དང་ཏེ་བ་ཉིད་དུ་འདུག ་བསླབ་པའི་གཞི་ལྔ་སོ་སོརབ་ཏུ་ཐོས་ནས་སྐྱབས་སུ་སོང་སྟེ་སང་གི་གདུགས་ཚོད་ལ་འགྲོན་དུ་གཉེར་ནས། སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་སོང་ངོ་།། སླར་ཡང་སང་གི་སྡེ་དྲོ་ཉིད་བཅོམ ་ལ་དན་འདས་མཐོང་བ་དང་མ་མཐོང་བ་རྒྱལ་པོའི་ཁབ་ན་གནས་པ་རྣམས་ཀྱིས་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་གྲངས་ཀྱི་མི་རྣམས་དེ་བཞིན་གཤེགས་པ་ལྟ་བར་འདོད་པས་སྔ་དྲོ་ཉིད་རྒྱལ་པོའི་ཁབ་ནས་ཤིང་དངར་གྱི་ཆལ་དུ་སོང་སྟེ་རྒྱང ་གྲགས་བཅུ་གཉིས་སུ་མི་ཤོང་བར་ཤིང་དངར་གྱི་ཚལ་ཐམས་ཅད་རྒྱུན་མི་འཆད་པར་འགྱུར་ཏོ། ། མི་ཐམས་ཅད་ཀྱིས་སྟོབས་བཅུ་པའི་གཟུགས་མཆོག་ཐོབ་པར་འདོད་པ་བདག་ཉིད་ཀྱི་སྐུ་ལ་བལྟ་བས་ཚིམ་པར་མ་ནུས་སོ།། འདི ་ལྟ་བུའི་ས་གཞིའི་ཁ་དོག་ཡིན་ནོ། ། འདི་ལྟ་བུའི་གཟུགས་ཀྱི་གནས་སུ་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པའི་རབ་ཏུ་བྱེད་པ་ཐམས་ཅད་ཀྱང་གཟུགས་ཀྱི་སྐུ་དཔལ་གྱིས་བསྔགས་པར་བྱ་བར་འོས་སོ།། འདི ་ལྟར་གཟུགས་མཆོག་ཐོབ་པའི་སྟོབས་བཅུ་པའི་སྐུ་བལྟ་བའི་ཕྱིར་མི་མང་པོ་རྒྱུན་མི་འཆད་དོ། ། སྐྱེད་མོས་ཚལ་དང་ལམ་དུ་དགེ་སློང་གཅིག་གིས་ཀྱང་ཕྱི་རུ་འཐོན་པའི་སྐབས་མེད་དོ།། ཉི་མ་དེའི་དུས་ན་བཅོམ་ལྡན་འདས ་ཀྱིས་གདུགས་ཚེད་ཡོལ་བ་ལྟ་བུར་གྱུར་ཏོ། ། དེ་མ་ཐག་པར་བརྒྱ་བྱིན་སྡོད་པའི་སྟན་དྲོ་བའི་རྣམ་པར་མཐོང་སྟེ་དེས་རྣམ་པར་བརྟགས་སོ།། དེའི་རྒྱུ་མཚན་ཤེས་ནས་བྲམ་ཟེའི་ཁྱེའུའི་གཟུགས་སུ་མངོན་པར་སྤྲུལ་ཏེ། སངས་རྒྱས ་དང་ཆོས་དང་དགེ་འདུན་སོ་སོ་ལ་ཇི་ལྟར་རིགས་པའི་བསྟོད་པརྗོད་པར་བྱེད་དོ། ། སྟོབས་བཅུ་པའི་སྔོན་དུ་ཆས་ནས་ལྷའི་མཐུ་ཡིས་ལ་མ་ཐོབ་པར་བྱས་སོ།། འདུལ་ཞིང་འདུལ་བའི་གྲོགས་སྔོན་བཅས།། བྲམ་ཟེ་རྣམ་གྲོལ་རལ ་པ་དང་། ། སེང་གེའི་གཟུགས་ཀྱིས་འཐོན་ནས་ནི།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནང་བྱོན།། གྲོལ་ཞིང་གྲོལ་བའི་གྲོགས་སྔོན་བཅས།། བྲམ་ཟེ་རྣམ་ཟོལ་རལ་པ་དང་།། སེང་གེའི་གཟུགས་ཀྱི་འཐོན་ནས་ནི། བཅོམ་ལྡན ་རྒྱལ་པོའི་འབན་རྩོ། ། བསྐལ་ཞིང་བསྒྲལ་བའི་ཕྱོགས་སྟོན་པཔས། ཟབ་ཟེནམ་གྲོལ་ལ་བ་དང་།། སེང་གེའི་གཟུགས་ཀྱིས་འབོན་ནས་ཏེ།། རྒྱལ་བའི་ཁབ་ནང་བཅོམ་ལྡན་རྩོན།། བཅུ་པོ་གསུང་བ་འ་སྐབས་བཅུག། ་ཆོས་བཅུལ་མཁས་བསྐུལ་གནས།། སྟོང་ཕྲག་བཅུའི་འཁོར་དང་ལྡན། བཅོམ་ལྡན་རྒྱལ་པོའི་ཁབ་ནང་བྱོན།། ཚིགས་སུ་བཅད་པ་འདིས་ནི་སྟོན་པ་ལ་བསྔགས་པས་བསྟོད་ཅིང་ལྡན་དུ་འགྲོ་བའི་མི་རྣམས་ཀྱིས་ཐ ་ཟོ་བྱེབུ་གཟུགས་ཀྱི་དཔ་ལ་མཐོང་ནས་བྲམ་ཟེའི་ཁྱེའ་འདི་ཤིན་ཅགཟུགས་པར་བའོ། ། སྲང་ཡང་རྫ་ཐོང་བ་མེད་དོ།། ཞེས་བས་ས་ནས་ཐམ་པའི་ལྡན་འདགང་དགནས་པ་ཡིན། གན་གགས་ཞེས་སྨྲས་སོ། ་དེ་ཐོས་ནས་བྲམ་ཟེའི་ཁྱེ་སྨྲས་པ། གང་ཞིག་བསྟན་པ་ཐམས་ཅད་འདུལ། གང་ཟག་བླ་མེད་སངས་རྒྱས་ཏེ། དགྲ་བཅོམ་བདེ་གཤེགས་འཇིག་རྟེན་དུ།། དེ་ནི་བདག་གི་ཉེ་བར་གནས།། ཚིགས་སུ་བཅད ་བརྗོད་དེ་སྟོན་པས་བརྒྱ་བྱིན་གྱིས་སྐབས་བྱེ་བའི་ལམ་དུ་དགེ་སློང་སྟོང་ཕྲག་གཅིག་འཁོར་དུ་བྱས་ནས་རྒྱལ་པོའི་ཁབ་ཀྱི་ནང་དུ་གཤེགས་སོ། ། རྒྱལ་པོས་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་པ་ཆེན ་ཐུལ་ལོ། ། བདུན་པ་བདག་དཀོན་མཆོག་གསུམ་སྤངས་ནས་སྡོད་པར་མི་ནུས་སོ།། དུས་དང་དུས་མ་ཡིན་པར་བཅོམ་ལྡན་འདས་དང་ཉེ་བར་འོང་བར་འདོད་དོ།། ཤིང་དངང་ཅན་གྱི་སྐྱེད་མོ་སོ་ཚལ་གན་དུ་ཐག་རིང་། ་སླར་ཡང་བདག་ཅག་གི་འོད་མའི་ཆལ་ཞེས་བྱ་བ་འདེ་ཤིན་ཏུ་ཉེ་བས་གཤེགས་པ་དང་། འོང་བ་ཤིན་ཏུ་ཉེ་བས་སངས་རྒྱས་ལ་འོས་པའི་གནས་ལེགས་པས་བཞེས་པར་ཐ།། དེས་གསེར་གྱི་རིལ་བ་སྟི་བླགས ་ལ་མེ་ཏོག་གི་དྲིས་བསྒོས་ཏེ། ནོར་བུའི་ཁ་དོག་ཅན་གྱི་ཆུ་བླངས་ནས་འོད་མའི་ཚལ་ཡོངས་སུ་གཏོང་ཞིང་སྟོབས་བཅུ་པའི་ཕྱག་ཏུ་ཆུ་བསྒྲེངས་ནས་དེར་ཀུན་དགའ་ར་བ་བཞེས་ནས་སངས་རྒྱས་ཀྱི་བསྟན་པའི ་གནནས་རྡ་ཀྱང་བ་གན་ཅན་བགས་པ་པ། ། འཇས་ཐ་གྲེང་གནང་ནས་འདམའི་ཚལ་སྤངས་པའི་ས་གཞགསས་པ་འདི་བཞིས་ཏེ་གཞན་ན་མེདང།། སགྷ་ང་ག་གཙུག་ལག་ཁང་ཅན་བབླངས་དང། ་ས་གཞི་ཆེན་པོ་གསོས་པ། འདི་བཞེས་ཏེ། སྡུག་ད་མེད་དོ།། ས་འོད་མའི་ཚལ་གྱི་ཀུན་དགའ་ར་བ་བཞེས་ནས་རྒྱལ་པོ་ལ་རྗེས་སུ་ཡི་རང་བར་མཛད་ཅིང་སྟན་ལས་བཞེངས་ཏེ། དགེ་སློང་གི་དག་འདུན་ལ ་དུ་བྱས་ནས་འོད་མའི་ཚལ་དུ་བྱོན་ནོ། ། དེའི་ཚེ་དེའི་དུས་ན་ཤ་རིའི་བུ་དང་། མདོའུ་གལ་གྱི་བ་ཀུན་དུ་རྩཝ་གཉིས་པོ་རྒྱལ་པོའི་ཁ་བ་ལ་བརྟེན་ནས་གནས་ཤིང་བདུད་རྩི་ཚལ་བར་སེམས་སོ།། དེའི་ནང་ནས་ཤཱ་རིའི་བུས ་ག་ནས་བརྟན་རྟ་ཐུལ་བསོད་སྙོམས་ལ་ཞུགས་པ་མཐོང་བས་སེམས་རབ་ཏུ་དངས་པར་འགྱུར་ཏེ་བཟའ་བ་བྱིན་ནས་ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་ཞེས་པའི་ཚིགས་བཅད་ཐོས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ ་ཐོབ་པར་གྱུར་ཏོ། ། རང་གི་གྲོགས་པོ་ཀུན་དུ་རྒྱུ་མེའུ་གལ་ལ་ཡང་ཚིགས་སུ་བཅད་པ་དེ་ཉིད་སྨྲས་སོ།། དེས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ།། དེ་གཉིས་ཀྱིས་ཀྱང་རང་ཉིད་རྒྱལ་བ་ལ་བལྟས་ནས་རང་གི་འཁོར ་དང་བཅས་པ་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ངོ་། ། དེ་རྣམས་ལས་མོའུ་གལ་གྱི་བུ་ཆེན་པོ་ཞག་བདུན་ནས་དགྲ་བཅོམ་པ་ཐོབ་པོ།། གནས་བརྟན་ཤཱ་རིའི་བུས་ཟླ་བ་བྱེད་ནས་དགྲ་བཅོམ་པ་ཐོབ་སྟེ་དེ་གཉིས་པོ་ཡང་སྟོན་པའི་ཉན་ཐོས་ཀྱི ་མཆོག་ཏུ་གནས་པར་གཟུང་ངོ་། ། གནས་བརྟན་ཤཱ་རིའི་བུས་དགྲ་བཅོམ་པ་ཐོབ་པའི་ཉིན་མོ་ཉིད་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་འདུས་པ་དང་པོར་བྱས་སོ།། སླར་ཡང་དེ་བཞིན་གཤེགས་པས་འོད་མའི་ཆ་ལ་དེ་ཉིད་དུ་བཞུགས ་སོ་དེའི་ཚེ་རྒྱལ་པོ་ཆེན་པོ་ཟས་གཙང་གིས་བདག་གི་སྲས་ལོ་དྲུག་ཏུ་དཀའ་བ་དཔྱད་ནས་མཆོག་གི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་སྐོར་ནས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ཏུ་ཞུགས་སོ་ཞེས ་པ་ཨ་ཐོས་ནས་བློན་པོ་ཕན་ཚུན་རྣམས་བོས་ཏེ་འདིར་ཤོག་ཅིག་སྐྱེས་བུ་སྟོང་ཕྲག་གཅིག་གིས་འཁོར་ཁྲིད་དེ་རྒྱལ་པོའི་ཁབ་ཏུ་སང་ལ་ངའི་ཚིག་གིས་ཁྱད་ཀྱིས་ཡབ་རྒྱལ་པོ་ཟས་གཙང་ཁྱད་བལྟ་བར་འདོད་ཅེས་བརྗོད་པར ་བདག་གི་སྲས་ཁྲིད་ལ་ཤོག་ཅེས་སྨྲས་སོ། ། བློན་པོས་ཀྱང་ལྷ་དེ་བཞིན་དུ་བགྱིའོ་ཞེས་རྒྱལ་པོའི་གསུང་སྤྱི་བོས་བླངས་ནས་སྐྱེས་བུ་སྟོང་ཕྲག་གཅིག་གི་འཁོར་དེ་ཁྲིད་དེ་མྱུར་བ་ཉིད་དུ་དཔག་ཚད་དྲུག་བཅུའི་ལམ་དུ་སོང་ནས་སྟོ། ་པ་འཁོར་བཞིའི་ནང་དུ་བཞུགས་ནས་ཆོས་སྟོན་པའི་དུས་སུ་གཙུག་ལག་ཁང་དུ་ཞུགས་སོ།། དེ་རྒྱལ་པོས་བཏང་བའི་དོན་རེ་ཞིག་བཞག་ནས་འཁོར་ཐམས་ཅད་ཀྱི་མཐར་འཁོད་དེ་སྟོན་པའི་ཚེས་བསྟན་པ་ཐོས་ནས་ཇི་ལྟར་འཁོད ་པ་ཉིད་བཞིན་དུ་སྐྱེས་བུ་སྟོང་ཕྲག་གཅིག་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་ཐོབ་ནས་རབ་ཏུ་འབྱུང་བར་ཞུགས་སོ། ། བཅོམ་ལྡན་འདས་ཀྱིས་བཙུན་པ་རྣམས་འདིར་ཤོག་ཅིག་ཅེས་ཕྱག་བརྐྱང་ངོ་།། ཐམས་ཅད་དེ་ཉིད་དུ་རྫུ་འཕྲུལ ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་གསུམ་བཟུང་ནས། ལོ་བརྒྱ་ལོན་པའི་གནས་བརྟན་ལྟ་བུར་གྱུར་ཏོ།། དགྲ་བཅོམ་པ་ཐོབ་པའི་དུས་ནས་བཟུང་སྟེ། སླར་ཡང་འཕགས་པ་ཞེས་བྱ་བ་རེ་ཞིག་པར་མར་གནས་པར་གྱུར ་ཏོ། ། རྒྱལ་པོས་བཏང་བའི་སྤྲིང་ཡིག་སྟོབས་བཅུ་པ་ལ་མ་བརྗོད་དོ།། རྒྱལ་པོས་བཏང་བའི་མི་རྣམས་ལས་གཅིག་ཀྱང་མབྱུང་ཞིང་སྤྲིང་ཡིག་ཀྱང་མ་ཐོས་སོ།། འདིར་ཤོག་ལ་ཁྱེད་སང་ཅིག་དང་ད་ལྟ་བུའི་ངེས་པས་ཐོན་པ ་གཞན་གཅིག་བཏང་ངོ་། ། དེས་སོང་ནས་ཡང་སྔར་བཞིན་དུ་འཁོར་དང་བཅས་པ་དགྲ་བཅོམ་པ་ཐོབ་ནས་ཅང་མི་སྨྲ་བར་གནས་སོ།། རྒྱལ་པོས་དེ་ལྟ་བུར་ངེས་པས་སྐྱེས་བུ་སྟོང་ཕྲག་རེ་རེའི་འཁོར་དང་བཅས་པའི་བློན ་བོ་དགྲ་བཏང་ངོ་། ། ཐམས་ཅད་རང་གི་དོན་རྫོགས་པར་བྱས་ནས་ཅང་མི་སྨྲ་བར་གྱུར་ཏེ་དེ་ཉིད་དུ་གནས་སོ།། རྒྱལ་པོས་སྤྲིང་ཡིག་ཙམ་གྱི་ལོ་རྒྱུས་ཀྱང་མ་ཐོབ་བོ་ཞེས་བསམས་ནས། མི་འདི་རྣམས་ང་ལ་མི་དགའ་བོའི་རྒྱུ ་ས་འས། ཀཱ་ན་ས། ནག་ཏུ ་ཅད་རྩུབ་པར་བྱེད་པ་ཐ་ལ་པན་ནང་ས་ན། གས་ཅེས་པཅན།། དེ་བཞིན་གཤེགས་པདུ་ལྡན་ཅིགས་ཉིན་པ་ཀྵས་པ་། དེ་རྒྱུན་ཏུ་བ་འཐམས་པན། སརྦཱ ་རྒྱལ་པོས་བོས་ཏེ། བུ་ནག་པོ་འཆར་ཀ་བདག་གི་སྲས་བལྟ་བར་འདོད་པས་སྐྱེས་བུ་སྟོང་ཕྲག་དགུ་བཏང་སྟེ་མི་གཅིག་ཀྱང་འོངས་ནས་སྤྲིང་ཡི་གཙམ་གྱི་ལོ་རྒྱས་ཅི་ཡང་མ་བྱུང་། སླར་ཡང་ཐམས་ཅད་ནད་ཀྱིས་ཐབས ་བ་ཡིན་ནམ་ཚེའི་བར་ཆད་དུ་གྱུར་པ་ཡིན་ནམ། བདག་འཚོ་བ་ཉིད་ཀྱི་བར་ཏུ་སྲས་པོ་ལྟ་བར་འདོད་དེ་བདག་གི་བུ་ལྟ་བར་ནུས་སམ་ཞེས་སྨྲས་སོ།། ལྷ་ནུས་ལགས་སོ།། གལ་ཏེ་རབ་ཏུ་ཕྱུང་ཡང་བལྟ་བར་ནུས་སོ།། ་བུ་ཁྱོད་རབ་ཏུ་བྱུང་བའམ་མ་བྱུང་ཡང་། ང་སྲས་པོ་བལྟའོ་ཞེས་སྨྲས་སོ།། དེས་ལྷ་ལེགས་སོ་ལེགས་སོ་ཞེས་རྒྱལ་པོའི་གསུང་བླངས་ནས་རྒྱལ་པོའི་ཁབ་དུ་སོང་སྟེ། སྟོན་པ་ཆོས་སྟོན་པའི་དུས་སུ་འཁོ་རོ་རྣམས་ཀྱི ་མཐར་འཁོད་དེ་ཆོས་ཐོས་ནས་འཁོར་དང་བཅས་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ་དགེ་སློང་གི་དངོས་པོར་སོ་སོར་གནས་སོ། ། སྟོན་པ་སངས་རྒྱས་སུ་གྱུར་ནས་དང་པོའི་ལོ་ལ་དྲང་སྲོང་ལྷུང་བའི་གནས ་སུ་དབྱར་བཞུགས་ཏེ། དགག་དབྱེ་བྱས་ནས་སྟེང་རྒྱས་སུ་གཤེགས་ཤིང་དེར་ཟླ་བ་གསུམ་བཞུགས་ཏེ། རལ་པ་ཅན་སྤུན་རྣམས་བརྟུལ་ནས་དགེ་སློང་སྟོང་ཕྲག་གཅིག་གི་འཁོར་དང་བཅས་པ་དགུན་ཟླ་འབྲིང་པོའི ་ཉལ་རྒྱལ་པོའི་ཁབ་དུ་གཤེགས་ནས་ཟླ་བ་ཉིས་བཞུགས་སོ། ། དེ་རྣམས་ནི་གྲོང་ཁྱེར་བཱ་ར་ན་སཱི་ནས་འོངས་པའི་འབར་སྟེ། ཟླ་བ་ལྔ་སོང་ཞིང་དགུན་གྱི་དུས་ཐམས་ཅད་འདས་སོ།། གནས་བརྟན་འཆར་ཀ་འདས་ནས་ཞག ་བདུན་དང་བརྒྱད་སོང་ངོ་། ། དེས་དཔྱིད་ཟླ་བའི་ཉ་ལ་བསམས་པ། དགུན་གྱི་དུས་འདས་ནས་དཔྱིད་ཁའི་དུས་སུ་སླབ་པ་དང་།། མི་རྣམས་ཀྱིས་འབྲུ་རྣམས་བླངས་ཏེ། ཕྱོགས་ཕྱོགས་ནས་ལ་བ་དུ་བྱུང་བས་རྩཝ་རྣམས ་ལྗང་གུར་གྱུར་ཏོ། ། ས་གཞི་དང་ནགས་ཚལ་གྱི་ཤིང་ལ་སོགས་པ་བེ་ཏོག་ཤིན་ཏུ་མང་བ་ཁབྱེ་བ་ནི་ལམ་དུ་འགྲོ་བའི་དུས་སོ།། སྟོབས་བཅུ་པའི་ཉེ་དུ་དང་ཕྲད་པར་བྱེད་པའི་ལམ་དུ་འགྲོ་བའི་དུས་ཡིན་ནོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་དྲུང་དུ་ཉེ་བར་སོང་ནས། བཙུན་པ་ལྗོན་ཤིང་དེ་ནི་ལྗང་གུར་གྱུར།། ཤིང་གཡོ་མ་ས་ལ་དུད་པ་དང་།། དེ་རྣམས་པར་ནས་འོད་ཟེར་འགྱེད་པ་ཡིན།། དཔའ་བོ་ཆེན་པོ་གཉེན་གནས་གཤེགས་པའི་དུས། ་ཧ་ཅང་མི་དྲི་མ་ཕྲེང་ཞིང་།། མུ་གེ་དང་ནི་བཀྲེས་པ་མེད།། ས་སྟེང་ཤིང་རྣམས་ལྗང་གུར་གྱུར།། ཐུབ་པ་ཆེན་པོ་དུས་འདིར་འགྱུར།། ཚིགས་སུ་བཅད་པ་དྲུག་བཅུ་ཙམ་གྱིས་སྟོབས་བཅུ་པ་ལ་རིགས་ཀྱི་གྲོང་ཁྱེར་དུ་གཤེགས ་པའི་ཕྱིར་བསྔགས་པར་འོས་པའི་བསྔགས་པ་བརྗོད་པའོ། ། དེ་ནས་སྟོན་པ་ལ་ཆར་ཀས་དབྱངས་སྟན་པོས་གཤེགས་པའི་བསྔགས་པར་འོས་པའི་བསྔགས་པ་གསུངས་སོ།། བཙུན་པ་ཁྱེད་ཀྱི་ཡབ་རྒྱལ་པོ་ཆེན་པོ་ཟས་གཙང ་བལྟ་བར་འདོད་པས་ཉེ་དུ་རྣམས་རྗེས་སུ་འཛིན་པར་ཞུ་ལེགས་སོ་འཆར་གཉེ་དུ་རྣམས་རྗེས་སུ་བཟུང་བར་བགྱིའོ་ཞེས་དགེ་སློང་གི་དགེ་འདུན་ལ་སྤྲོས་ཅིག། གཤེགས་པའི་གནས་ཐམས་ཅད་ལ་བྱི་དོར་གྱིས ་ཤིག་ཅེས་སྨོས་ཤིག། བཙུན་པས་ལེགས་སོ་ཞེས་གནས་གཏན་སོང་ནས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཡུལ་ཨོཾ་གྷ་དང་མ་ག་དྷ་ན་གནས་པའི་རིགས་ཀྱི་བུ་རྣམས་སྟོང་ཕྲག་བཅུ་དང་བཅས་པ་གྲོང་ཁྱེར་སེར ་སྐྱའི་གཞིན་གནས་པའི་སྟོང་ཕྲག་བཅུ་པོ་ཐམས་ཅད་ཟག་པ་ཟད་པའི་དགེ་སློང་འཁོར་དུ་བྱས་ནས་རྒྱལ་པོའི་ཁབ་ནས་ཕྱི་རོལ་ཏུ་འཐོན་ཏེ། ཉི་མ་རེ་རེ་ལ་དཔག་ཚད་རེ་རེ་བཟོད་ཅིང་རྒྱལ་པོའི་ཁབ་ནས་དཔག་ཚད་བཅུའི ་གྲོང་ཁྱེར་སེར་སྐྱའི་གཞིར་ཟླ་བ་གནས་ཀྱིས་སློབ་པར་དགངས་ཤིང་བྲལ་བ་ཡང་མ་ཡིན་བྱུང་བ་ཡང་མ་ཡིན་པར་འབྲང་པོར་གཤེགས་སོ། ། གནས་བརྟན་གྱིས་ཀྱང་བཅོམ་ལྡན་འདས་བྱན་ནས་རྣལ་རྫ ་དྲུང་དུ་སྨྲའོ་ཞེས་བས་མནས་ནམ་མཁའ་ལ་སོང་སྟེ་རྒྱལ་པོའི་གནས་སུ་སླེབ་པར་གྱུར་ཏོ། ། རྒྱལ་པོས་གནས་བརྟན་གཟིགས་ནས་ཐུགས་ཚིམ་པར་གྱུར་ཏེ་གདན་བཤམས་པ་ལ་བཞུགས་སུ་བཅུག་གོ།། རང་ལ་བྱེད་པ ་བཞིན་བཅོས་ནས་རོ་སྣ་ཚོགས་པའི་བཟའ་བས་ལྷུང་བཟེད་བཀང་ནས་ཕུལ་ལོ། ། གནས་བརྟན་ལངས་ནས་འགྲོ་བ་མས་བས་པ་དང་། བུ་བཞུགས་ལ་གསོལ་ཅིག་རྩུ་པོ་དཔོ་སྟོན་པ་དང་ཉེ་བར་སོང་སྟེ་བཟའོ།། སླར་ཡང་དྲ ་སྟོན་པ་གན་ཡོད། སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དུ་བྱས་ནས་རྒྱལ་པོ་ཆེན་པོ་ཉིད་བལྟ་བའི་ཕྱིར་བྱོན་ནོ།། རྒྱལ་པོ་ཐུགས་ཚིམ་པར་གྱུར་ནས་སྨྲས་པ།། ཁྱེད་འདི་གསོལ་ལ་བདག་གི་སྲས་གྲོང་ཁྱེར་འདིར་མ་བྱོན་གྱི ་བར་ལ་འདི་ཉིད་ནས་ལྷུང་བཟེད་དུ་བཟའ་བ་ཁྱེར་ལ་སོད་ཅིག་ཅེས་སྨྲས་སོ། ། གནས་བརྟན་གྱིས་རྒྱལ་པོའི་གསུང་མཉན་ཏེ་རྒྱལ་པོས་གནས་བརྟན་གྱི་བཟའ་བ་གསོལ་ཟིན་པ་དང་ལྷུང་བཟེད་བཀྲུས་ནས་དྲི་ཟང་པོའི། བྱེ་མས་ཐུགས ་ཏེ་བཟའ་བ་མཆོག་གིས་གང་བར་བྱས་ནས་དེ་བཞིན་གཤེགས་པ་ལ་ཕུལ་ཅིག་ཞེས་སྨྲས་ནས་གནས་བརྟན་གྱི་ལག་པས་བྱིན་ནོ། ། གནས་བརྟན་མི་ཐམས་ཅད་ཀྱིས་མཐོང་བ་དང་ལྷུང་བཟེད་ནམ་མཁའ་ལ་འཕངས་སོ།། ་རང་ཉིད་ཀྱང་ནམ་མཁའ་ལ་གཤེགས་ནས་བཟའ་བའི་ལྷུང་བཟེད་བཟུང་སྟེ། སྟོན་པའི་ཕྱག་ཏུ་ཕུལ་ནས་སྟོན་པས་ཀྱང་དེར་བཟའ་བ་ལ་ལོངས་སྤྱོད་དོ།། གནས་བརྟན་ཐབས་འདིའི་ཉི་མ་རེ་རེ་བཞིན་དུ་བཟའ་བ་ཕུལ་ལོ།། སྟོན ་བས་ཀྱང་ལམ་གྱི་བར་དུ་རྒྱལ་པོ་ཉིད་ཀྱིས་གདུགས་ཆོད་ལ་ལོངས་སྤྱོད་དོ། ། གནས་བརྟན་གྱིས་ཀྱང་གདུགས་ཆོད་ལ་ལོངས་སྤྱོད་པའི་མཐར་ཉི་མ་རི་ང་བཞིན་དུ་དི་རིང་འདི་ཙམ་ནས་བཅོམ་ལྡན་འདས་བྱོནནོ།། རིང་འདི་ཙམ་དུ ་ང་། ན་དུ་རྣམ་ས་རྣམ་དུ་དུ་དུ་ངས་ང་གཱ ་མཚན་གྱིས་གནས་བརྟན་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བ་དག་གི་ཉིན་ཀྱིས་ཀྱི་ནང་ནས་རིགས་དང་བར་བྱེད་པ་རྣམས་ཀྱི་མ་ཏོག་ཡིན་གདན་འདི་ནི་འཆ་ཀྲིནས་པའོ། ། འདི་ས་ཆོག་ཏུག་རྔུབས་བ ་ཀྱིས་ཀྱང་བཅོམ་ལྡན་འདས་རྗེས་སུ་བྱན་པའི་ཐུན་ལ་བདག་ཅག། ཉེ་དུའི་གཙོ་བོ་བལྟའོ་ཞེས་འདུས་ནས་བཅོམ་ལྡན་འདས་བཞུགས་པའི་གནས་རྟོག་ཅིང་ཤཱཀྱ་ནྡ་ཀྲོ་དྷཱའི་ཀུན་དགའ་རབ་ཡིད་དུ་འོང་བ་སྟེ་གོན་བྱས་སོ།། དེར་ཐམས ་ཅད་ཉེར་བསྩོགས་བྱས་ནས་སྤྲོས་དང་མེ་རྟོག་སོ་སོ་ལག་ཏུ་ཐོགས་ཏེ། བསུ་བ་བྱེད་ཅིང་རྒྱན་ཐམས་ཅད་ཀྱིས་སོ་སོར་བརྒྱན་ནས་གཞོན་དུ་དང་གཞོན་དུ་མགྲོང་ཁྱེར་གྱི་ཁྱེའུ་དང་བུ་མོ་སྔར་དང་པོར་བཏང་བ་རྣམས་དང་། དེ་ནས ་རྒྱལ་པོའི་གཞོན་ནུ་དང་གཞོན་ནུ་མ་དག་དེ་རྣམས་ཀྱི་བར་རང་གིས་སྤོས་དང་མེ་ཏོག་དང་ཕྱེ་མ་ལ་སོགས་པས་མཆོད་པ་བྱེད་ཅིང་། བཅོམ་ལྡན་འདས་ཀྱིས་བཞེས་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཉིད་དུ་བྱོན་ནོ་དར་བཅོམ ་ལྡན་འདས་ཀྱིས་སྟོང་ཕྲག་ཉི་ཤུའི་ཟག་པ་ཟད་པའི་དགེ་སློང་འཁོར་དུ་བྱས་ནས་གདན་བཤམས་པ་མཆོག་ལ་སངས་རྒྱས་བཞུགས་སོ། ། ཤཱཀྱའི་རིགས་ནི་ང་རྒྱལ་དང་ལྡན་པ་ཡིན། སེམས་རྩུབ་པ་ཡིན་པས་འདི་ནི་དོན ་གྲུབ་གཞོན་ནུ་དེང་དང་ལྷན་ཅིག་གཞོན་ནུ་ཡིན་ནོ། ། ང་པུང་བ་དང་། ད་ཕྲེང་སུམ་། མམ་ད་ན་པསབས་པ། ཁྱེའུ་དང་རྒྱལ་པོའི་གཞོན་ནུ་ཞེས་སྨྲས་ཏེ། ཁྱེད་ཀྱི་ཕྱག་གིས་བདག་ཁྱེད་ཀྱི་རྩུབ་ཏུ་རྗོད་དེ་ཞེས་བསམས་ཅ། ་དེ་རྣམས་དེ་བཞིན་དུ་གནས་ནས། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་གཟིགས་ནས་གཉེན་རྣམས་བདག་ལ་ཕྱག་མི་བྱེད་པར་འདོད་ཀྱང་ད་ལྟར་ཕྱག་བྱེད་དུ་བཞུགས་དགོས་ཏེ། མངོན་པར་ཤེས་པའི་གཞི་དང ་ལེ་ཤེས་དང་བསམ་གཞ་དང་རྣམས་པར་འདུགས་བསྡུད་དགསས་རྣམ9། བན་ས་ནས་རྣམམཔའ་ཕགས་སོ།། དརྣམས་ཐམག་ས་གམས་ཀྱི་རུལ་རྩུ་པ་སྱ་རྦཱ་ས ་ཤིང་གདུང་དུ་མོ་མ་ཚོ་འཕྲུལ་དང་མཚུངས་པར་ཐོ་ཁྲུལ་མཛ་དོ། ། རྒྱལ་བས་དེའི་མ་མཚན་ཆེ་བ་མཐོང་དེ་ཞེས་སྨྲས་སོ།། བཅོམ་ལྡན་འདས་ཁྱེད་འཁྲུངས་པའི་རྟེན་མོ།། དཀའ་ཐུབ་པ་ནག་པོ་ལེན་གྱིས་ཕྱག ་ཉེ་བར་གནས་པས་ཁྱེད་ཀྱིས་ཞབས་བསྐྱོད་པ་བྲམ་ཟེའི་སྤྱི་བ་ལ་ཉེ་བར་གནས་སོ། ། དེ་མཐོང་ནས་བདག་གིས་ཀྱང་ཁྱེད་ལ་ཕྱག་བྱས་སོ།། འདི་ནི་བདག་གིས་ཕྱག་དང་པོ་ཡིན་ནོ།། བཀྲ་ཤིས་པའི་འབྲུ་འདེབས་པའི་ཉིན་མ ་འཛམ་བུའི་ཤིང་གི་གྲིབ་མའི་དཔལ་གྱི་མལ་སྟན་ལ་ཁྱེད་བཞུགས་པ་ན་ཤིང་འཛམ་བུའི་གྲིབ་མས་མ་བཏང་བར་མཐོང་བའི་ཚེ་ཡང་ཞབས་ལ་ཕྱག་བྱས་སོ། ། འདི་ནི་བདག་གི་ཕྱག་གཉིས་པ་ཡིན་ནོད་ལྟ་ནི་བདག་གིས་སྔར་མ་མཐོང ་བའི་ཆོ་འཕྲུལ་ཡང་མཐོང་བས་ཁྱེད་ཀྱི་ཞགས་ལ་ཕྱག་བགྱིད་དོ། ། འདི་ནི་བདག་གི་ཕྱག་གསུམ་པ་ཡིན་ནོ།། སླར་ཡ་ང་རྒྱལ་པོས་བཅོམ་ལྡན་འདས་ལ་ཕྱག་བྱེད་ཅིང་ཕྱག་བྱེད་པར་མི་ནུས་པའི་ཤཱཀྱའི་རིགས་གཅིག ་ཀྱང་མེད་དོ། ། ཐམས་ཅད་ཀྱིས་ཀྱང་ཕྱག་བྱེད་པ་ཉིད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཉེ་དུ་རྣམས་ཀྱིས་ཕྱག་བྱེད་ཅིང་ནམ་མཁའ་ལས་བབས་ནས་གདན་བཤམས་པའི་མཆོག་གི་གུང་ལ་བཞུགས་སོ།། བཅོམ་ལྡན་འདས་བཞུགས ་ནས་ཉེ་དུ་ནམས་འདུས་པར་གྱུར་པ་ལ་ཐམས་ཅད་སེམས་གཅིག་ཏུ་གནས་སོ། ། དེ་ནས་སྤྲིན་ཆེན་པོ་ལས་པད་མའི་མདབ་མ་ལ་ཆུ་མི་འཆགས་པ་ལྟ་བུའི་ཆད་འབེབས་སོ།། ཆུ་ཟངས་ཀྱི་མདོག་ཅན་ས་ལ་སྒྲ་སྒྲོགས་ཤིང ་འབབ་པོ་འབར་བར་འདོད་པ་རྣམས་འབད་དོ། ། འབང་བར་མི་འདོད་པ་རྣམས་མི་དབང་ངོ་།། ཐིགས་པ་ཙམ་ཡང་མི་ལྟོང་ངོ་།། དེ་མཐོང་ནས་ཐམས་ཅད་དུ་ཡ་མཚན་པ་དང་རྨད་དུ་བྱུང་བ་སྐྱེས་སོ།། ཨེ་མཧོ་ངོ་མཚར་ཆེ། ་ཨེ་མ་ཏོ་རྨད་དུ་བྱུང་ངོ་ཞེས་བརྗོད་པར་བྱེད་དོ།། སྟོན་པས་འདི་ཁོ་ན་མ་ཡིན་གྱི་བདག་གི་ཉེ་དུ་དང་ཕྲད་པ་ན་པད་མའི་མདབ་མ་ལ་ཆུ་མི་འཆགས་པ་ལྟ་བུའི་ཆར་འབེབས་ཤིང་འདས་པའི་དུས་སུ་འང་ངས་ཕབ་བོ།། འདིའི་དོན ་བྱུང་བ་ནི་ཐམས་ཅད་སྒྲོལ་གྱི་སྐྱེ་རབས་སུ་བཤད་དོ། ། ཆོས་སྟོན་པ་ཐོས་ནས་ཐམས་ཅད་ལངས་ཏེ་ཕྱག་བྱས་ནས་སོང་ངོ་།། ཅིག་གིས་ཀྱང་རྒྱལ་པོ་དང་རྒྱལ་ཚ་བ་དང་བློན་པོ་རྣམས་སད་བདག་གི་གནས་སུ་བསོད་སྙོམས ་ཁྱེར་འོང་ངོ་ཞེས་སྨྲས་པ་སོད་པ་དེ་རྣམས་ལས་གཅིག་ཀྱང་མ་བྱུང་ངོ་། ། སྟོན་པས་སླར་ཉི་མ་གཉིས་པ་ལ་སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དུ་བྱས་ནས་གྲོང་ཁྱེར་སེར་སྐྱའི་གཞིར་བསོད་སྙོམས་ལ་བཞུད་དོ།། གང་ཞིག་འགྲོན ་དུ་གཉེར་བར་དང་། ལྷུང་བཟེད་ཁྱེར་བ་སུ་ཡང་མེད་དོ།། བཅོམ་ལྡན་འདས་སྒོ་དྲུང་དུ་འཁོད་དེ་རྣམ་པར་བརྟགས་པས་ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་ཀྱི་རིགས་ཀྱི་གྲོང་ཁྱེར་དུ་བྱོན་ནས་བསོད་སྙོམས་མཛད་པ་བཞིན་དུ ་གང་ཇི་ལྟར་རིགས་པར་མི་ཆེན་པོའི་ཁྱིམ་དུ་འགྲོ་ཞིང་ཡང་ན་གོ་རིམས་བཞིན་དུ་བསོད་སྙོམས་སྤྱོད་དོ། ། དེ་ནས་སངས་རྒྱས་གཅིག་གིས་ཀྱང་ཇི་ལྟར་རིགས་པར་གཤེགས་པ་མ་མཐོང་བས་བདག་གིས་ཀྱ་ད་ནི་འདིའི་རིགས་སོ།། འདི ་སྔོན་གྱི་སངས་རྒྱས་ཀྱི་རིགས་བཞིན་དུ་བདག་གིས་ཀྱང་རིགས་པར་གཟུང་བར་བྱའོ། ། བདག་གི་ཉན་ཐོས་ཀྱང་བདག་ཉིད་བཞིན་རྗེས་སུ་སློབ་ཅིང་བསོད་སྙོམས་ལ་རྫོགས་པར་བྱོན་ནོ།། འཁོད་པའི་ཁྱེར་ནས་གཟུང་ནས ་གོ་རིམས་བཞིན་དུ་བསོད་སྙོམས་ལ་སྤྱོད་དོ། ། འཕགས་པ་གཞོན་ནུ་དོན་གྲུབ་བསོད་སྙོམས་ལ་གཤེགས་སོ་ཞེས་བརྗོད་དོ།། ཉེས་ཐོས་དང་སུམ་ཐོག་ལ་སོགས་པའི་ཁང་བཟང་རྣམས་སུ་སྟེ་དགེ་སྒོ་ཆུང་བྱེ་ནས་མ ་ཏ་ཧམས་ཅད་བལྟ་བར་གྱུར་ཏེ་ལྷ་མོ་སྒྲ་ཅན་འཛིན་གྱི་ཡུམ་ཡང་འཕགས་པའི་བགྲོང་ཁྱེར་འདི་ཉིད་དུ་རྒྱལ་པོ་ཆེན་པོའི་མཐས་གསེར་གྱི་དོ་ལ་ལ་སོགས་པ་ལ་ཞོན་ཏེ་དེ་རིང་ནས་སྐྲ་དང་ཁ་སྤུ་བྲེགས་ཤིང་ངུར་སྨྲིག་གགོས ་གྱོན་ནས་སྣོད་ལག་དུ་ཁྱེར་ཏེ་བསོད་སྙོམས་ལ་འགྲོ་བ་མཛེས་སམ་མི་མཛེས་ཞེས་སྟེང་གི་སྒོ་ཆུང་བྱེ་ནས་བལྟའོ། ། སྣ་ཚོགས་པའི་འདོད་ཆགས་དང་ཐལ་བ་ཡང་དག་པར་འབར་ཞིང་སྐ་ལུས་ཀྱི་འོད་ཀྱིས་གྲོང་ཁྱེར ་ཀྱིགྱིསྟེང་ཐམས་ཅད་སྣང་བར་མཛད་དོ། ། འདོམ་གང་བའི་འོད་ཀུན་ནས་སྐོར་ཞིང་རབ་ཏུ་གསལ་བ་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་སངས་རྒྱས་ཀྱི་དཔལ་དཔེ་མེད ་པར་རྣམ་པར་གསལ་བ་མཐོང་ངོ་། ། གཙུག་ཏོར་ནས་བཟུང་ནས་ཞབས་ཀྱི་མཐིལ་གྱི་བར་དེ་སྲིད་དོ།། དབུ་སྐྲ་གཡས་འཁྱིལ་འཇམ་གནག་སྣུམ་པ་དང་།། དཔྲལ་བ་དྲ་མེད་ཉི་མའི་མཐིལ་བཞིན་ནོ།། སྐྲ་དང་འཚམ་བའི་ཤངས་ནི་མཐོ ་དང་། ། མི་ཡི་སེང་གེ་འོད་ཟེར་གསལ་བ་མཛད་འདི་ལྟ་བུ་ལ་སོགས་པའི་མིའི་སེང་གེ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ།། ཁྱེད་ཀྱི་སྲས་པོ་བསོད་སྙོམས་ལ་སྤྱོད་དོ་ཞེས་རྒྱལ་པོ་ལ་སྨྲས་སོ།། རྒྱལ་པོའི་སེམས་སྡུག་བསྔལ་བས་གོས་ནས། ་གཟུངས་ཏེ་མྱུར་ཞིང་མྱུར་བར་ཕྱིར་འཐོན་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་འཁོད་ནས་སྨྲས་པ། ཅི་བཙུན་པ་བདག་ཅག་ངོ་ཚབས་ཅིའི་དོན་དུ་བསོད་སྙོམས་མཛད། དགེ་སློང་འདི་རྣམས་ཀྱི་བཟའ་བ་བདག་གིས་སྟེར་བར་མི་ཤེས་བསམས་པ་ཡིན། ་ནམ་ཅི་ལགས། རྒྱལ་པོ་ཆེན་པོའི་རིགས་ཀྱི་སྤྱོད་པ་ཡིན་ནོ།། བཙུན་པ་བདག་ཅག་ཤཱཀྱའི་རིགས་ཞེས་བྱ་བའི་རིགས་སོ།། དེ་ལ་རྒྱལ་རིགས་གཅིག་ཀྱང་བསོད་སྙོམས་བྱེད་པའི་མིང་ཙམ་ཡང་མེད་དོ།། རྒྱལ་པོ་ཆེན་པོའི་རིགས་ཞེས་བྱ་བ་ནི་ཁྱོད་ཀྱི་རིགས ་འདི་ཡིན་ནོ། ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མི་དབྱེས་པ་མ་མཛད་ཅིག། སླར་ཡང་བདག་ཅག་གིས་མར་མེད་མཛད་དང་ཀཽ་ཌི་ནྱ་དང་འོད་སྲུང་ཞེས་བྱ་བ་འདི་སངས་རྒྱས་ཀྱི་རིགས་ཡིན་ནོ།། འདི་རྣམས་དང་གཞན་སངས་རྒྱས་སྟོང ་ཕྲག་དུ་མས་ཀྱང་བསོད་སྙོམས་སྤྱོད་ཅིང་འཚོ་བར་མཛད་ལ། སྲང་གི་དབུས་སུ་འཁོད་པ་ཉིད་དོ།། བག་མེད་ལྷག་མར་བྱེད་པ་མེད། ཆོས་ལ་སྤྱོད་ཅིང་ལེགས་པར་སྤྱོད།། ཆོས་ལ་སྤྱད་ན་བདེ་བ་འབྱུང་།། འཇིག་རྟེན་འདི་དང་ཕྱི་བར་བདེ ་ཅན་པ་གས་ཅད་པ་ག་བ་དང། ། ཆགས་ས་པ་པའིམ་པར་རྩལ་པས་ལྡན་དུ་འགས་པར་འཐས་ལ།། འབྱུང་། ན་འགས་པ་བྱུད། ས་པ་ཡང་བ་རྟན། ་ཡིས་བདེ་བ་འབྱུང་།། འཇིག་རྟེན་འདི་དང་ཕ་རོལ་དུའོ།། སླར་ཡང་ཆོས་ཀྱི་རྐང་པའི་ཚིགས་སུ་བཅད་པ་འདི་ཐོས་ནས་ལན་ཅིག་ཕྱིར་འོང་གི་འབྲས་པ་ཐོབ་པར་གྱུར་ཏོ།། ཆོས་སྦྱོར་བའི་སྦྱོར་བས་ཐོས་ནས་ཕྱིར་མི་འོང ་བའི་འབྲས་བུ་ཐོབ་པར་འགྱུར་ཏོ། ། འཆི་བའི་དུས་སུ་གདུགས་དཀར་པོའི་འོག་ཏུ་དཔལ་གྱི་མལ་སྟན་གྱི་སྟེང་དུ་གཟིམས་པ་ཉིད་ན་དགྲ་བཅོམ་པ་ཐོབ་པར་འགྱུར་ཏོ།། དགོན་པར་གནས་ནས་བཀའ་ཐབ་སྤྱོད་པ་རྒྱལ་པོ་ལ ་དགོས་པ་མེད་དོ། ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ནས་སླར་ཡང་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཟུང་ཏེ། འཁོར་དང་བཅས་པ་ཁང་བཟང་ཆེན་པོའི་སྟེང་དུ་སྤྱན་དྲངས་ནས་གྱ་ནོམ་པའི་བཟའ་བ་དང་བཅས ་པ་རྣམས་དྲངས་སོ། ། གདུགས་ཆོད་ཟིན་པའི་མཐར་སྒྲ་གཅན་འཛིན་གྱི་མ་མ་གཏོགས་པའི་བཙུན་མོ་འཁོར་དང་བཅས་པ་ཐམས་ཅད་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་སོ།། གཞན་ཡང་དེས་འཁོར་གྱི་མི ་རྣམས་ལ་འཕགས་པའི་ཐལ་ཕྱག་གྱིས་ཤེས་བརྗོད་ནས། གལ་ཏེ་ཁོ་མོ་ལ་ཡོན་ཏན་ཡོད་ན་འཕགས་པའི་བུ་རང་ཉིད་ལ་གནས་སུ་འབྱོན་ནོ།། བྱོན་པ་ཉིད་ན་དེ་ལ་ཕྱག་བྱེད་དོ་ཞེས་བརྗོད་ནས་མ་འོངས་སོ།། རྒྱལ་པོས་ལྟུང ་བཟེད་བཟུང་ནས་བཅོམ་ལྡན་འདས་ཉན་ཐོས་མཆོག་གཉིས་དང་བཅས་པརྒྱལ་བའི་བུ་མོའི་ཁང་བཟངས་སུ་གཤེགས་ཏེ། རྒྱལ་པོའི་བུ་མོ་རང་ཉིད་ཇི་ལྟར་མོས་པའི་ཕྱག་བྱེད་ཅིང་གཞན་དང་འགལ་བ་ཅུང་ཟད་ཀྱང་མ་བྱེད ་ཅེས་ནས་གདན་བཤམས་པ་མཆོག་གི་གུང་ལ་བཞུགས་སོ། ། དེ་མྱུར་དུ་འོངས་ནས་བྱིན་པ་བཟུང་སྟེ། ཞུགས་ཀྱི་སྟེང་དུ་མགོ་བོ་བཞག་ནས་ཇི་ལྟར་འདོད་པའི་ཕྱག་བྱས་སོ།། རྒྱལ་པོ་དང་རྒྱལ་པོའི་བུ་མོས་བཅོམ་ལྡན ་འདས་ལ་དགའ་བ་མང་པོས་ཡོན་ཏན་ལ་སོགས་པས་ཡོན་ཏན་དང་ལྡན་པར་བརྗོད་ནས། བཙུན་པ་བདག་གི་ཟུ་མོས་ཉིད་ཀྱིས་གོས་ངུར་སྨྲིག་རྒྱན་ཐས་ནས། དེ་ནས་བཟུང་སྟེ་དེ་དག་བར་དུ་གོས་དུ ་སྨིག་གོན་ནོ། ། ཉིད་ཀྱིས་གདུགས་ཚེད་ལན་ཅིག་གསོལ་བ་ཐོས་ནས་བུ་མོས་ཀྱང་བཟའ་བ་ལན་ཅིག་ཟོས་སོ།། ཉིད་ཀྱིས་མལ་སྟན་ཆེན་པོ་སྤངས་པ་ཐོས་ནས། ཉལ་ཁྲི་ཆུང་བ་ལ་ཉལ་ལོ།། ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་དང ་སྤོས་ལ་སོགས་པ་ལ་སྲེད་པ་མེད་པ་ཐོས་ནས། མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སོགས་པ་ལ་ཆགས་པ་མེད་པ་སྐྱེས་སོ།། རང་གི་ཉེ་དུ་རྣམས་བདག་གིས་གསོའོ་ཞེས་འཕྲིན་བསྐུར་ནས། གཉེན་ཅིག་ལ་ཡང་བལྟ་བ་མི་འདུག་གོ། ་བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་བདག་གི་བུ་མོ་ཡིན་ནོ་ཞེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་ལ་མཚན་མིཆེའོ།། འདིར་ལྟ་ཁྱེད་སྲུང་བར་བྱེད་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཡོངས་སུ་མ་སྨིན་པ་རང་གིས་བསྲུང་ངོ་།། ་སྔར་བསྲུང་བ་མེད་ཅིང་རི་ལ་སོགས་པ་ལ་འགྲོ་བ་ན། ཡེ་ཤེས་ཡོངས་སུ་པ་རྫོགས་པ་རང་གིས་བསྲུང་སོ་ཞེས་གསུངས་ནས། མི་འམ་ཅི་ཟླ་བའི་སྐྱེས་རབས་གསུངས་ཏེ་གཏན་ལས་བཞེངས་ནས་གཤེགས་སོ།། ཉི་མ་གཉིས་པ ་ལ་རྒྱལ་བུ་གཞོན་ནུ་དགའ་བོ་རྒྱལ་པོར་དབང་བསྐུར་བ་དང་། ཁང་པ་གསར་བའི་ནང་དུ་ཞུགས་ཏེ་བཀྲ་ཤིས་པའི་བག་མ་བླངས་ནས་ཉེ་བར་གནས་སོ།། དེའི་ཁྱིམ་དུ་གཤེགས་ནས་གཞོན་ནུ་ལྷུང་བཟེད་ཟུང་ཅིག་ཅེས་རབ་པུ་དབྱུང་བར ་དགོངས་ནས་བཀྲ་ཤིས་བརྗོད་དེ། གདན་ལ་བཞེངས་ནས་གཤེགས་སོ།། ལྗོངས་ཀྱི་དགེ་བའི་བུ་མོས་འགྲོ་བ་མཐོང་ངོ་།། འཕགས་པའི་བུ་མྱུར་དུ་ཤོག་ཅེས་བརྗོད་ནས་བལྟའོ།། དེས་ཀྱང་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཟང ་བར་མ་ནུས་ནས་གཙུག་ལག་ཁང་ཉིད་དུ་གཤེགས་སོ། ། བཅོམ་ལྡན་འདས་དེ་ལ་འདོད་པ་མེད་པ་ཉིད་ཀྱིས་རབ་ཏུ་འབྱུང་བ་བྱེད་དོ།། འདི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱར་གཤེགས་ཤིང་ཉི་མ་གསུམ་པ་ལ་དགའ་བོ ་རབ་ཏུ་བྱུང་བར་བྱས་སོ། ། ཉི་མ་བདུན་པ་ལ་སྒྲ་གཅན་འཛིན་གྱི་མས་གཞོན་ནུ་རྒྱན་གྱིས་བརྒྱན་ནས།། བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་ངོ་།། བུ་སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དང་བཅས་པ་འདི་རྣམས་ལྟོས། གསེར ་གྱི་ཁ་དོག་ཅན་གྱི་ཚངས་པའི་གཟུགས་ཀྱི་མདོག་ཅན་དགེ་སྦྱོང་འདི་ནི་ཁྱེད་ཀྱི་ཡབ་བོ། ། འདི་ལ་གཏེར་ཆེན་པོ་ཡོད་ཅིང་དེ་འཐོན་པ་ནས་གཟུང་ནས་གཏེར་མཐོང་བ་མེད་དེ།། སོར་ལ་ནོར་སློངས་ཤིག། བདག་ཁྱེད ་ཀྱི་ཐུགཞོན་ནུ་ཡིན་ནོ། ། རྒྱལ་པོར་དབང་བསྐུར་བ་ཐོབ་ནས་འཁོར་ལོས་སྒྱུར་བ་ལ་དབང་བྱེད་པར་འགྱུར་རོ།། བདག་ལ་ནོར་གྱི་དོན་དུ་ནོར་སྩལ་དུ་གསོལ།། ཡབ་གྱི་ནོར་བུ་བདག་ཡིན་ནོ་ཞེས་གསོལ་ཅིག་ཅེས་སྨྲས་པ་དང ་གཞོན་ནུ་བཅོམ་ལྡན་འདས་དང་ཉེ་བར་སོང་སྟེ། ཡབ་ཀྱི་དྲུང་དུ་དགའ་བི་སྐྱེས་སོ།། སེམས་སྤྲོ་བར་གྱུར་ཏོ།། དགེ་སྦྱོང་དེས་ཁྱེད་ཀྱི་གྲིབ་མ་ནི་དེའོ་ཞེས་བརྗོད་ནས། གཞན་ཡང་རང་གི་རིགས་པས་རྗོད་ཅིང་འཁོད་དོ།། བཅོམ ་ལྡན་འདས་གདུགས་ཚོད་ཀྱི་མཐར་རྗེས་སུ་ཡི་རང་བ་མཛད་ནས་གདན་ལ་བཞེངས་ཏེ་གཤེགས་སོ། ། གཞོན་ནུས་པདག་ལ་དགེ་སློང་ནོར་སྩལ་དུ་གསོལ།། བདག་ལ་དགེ་སློང་ནོར་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྗེས ་སུ་འབྲངས་ནས། བཅོམ་ལྡན་འདས་ཀྱིས་གཞོན་ནུ་ཕྱིར་ལོག་ལ་ངའི་རྗེས་སུ་མ་འགྲོ་ཞེས་པ་དང་། རྗེས་སུ་འབྲང་བ་རྣམས་ཀྱང་བཅོམ་ལྡན་འདས་དང་འགྲོགས་ནས་བྱན་ཏེ་ལྡོག་པར་མ་ནུས་ནས། གཞོན་ནུ་བཅོམ་ལྡན ་འདས་དང་ལྷན་ཅིག་ཀུན་དགའ་ར་བ་ཉིད་དུ་ཕྱིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བསམས་པ། འདི་ཡབ་ཀྱི་ནོར་འདོད་ཅིང་འཇིག་རྟེན་པའི་ནོར་ནི་འཚེ་བ་དང་བཅས་པ་ཡིན། ང་ནི་གཞོན་ནུ་ལ་བྱང་ཆུབ་སྙིང་པོ་དེས་ཐོབ་པའི ་འཕགས་པའི་ནོར་རྣམ་པ་བདུན་བྱིན་ན་འཇིག་རྟེན་ལས་འདས་པའི་ནོར་གྱི་བདག་པོ་བྱེད་པར་འགྱུར་བར་དགོངས་ནས། ཚེ་དང་ལྡན་པ་ཤ་རིའི་བུ་བོས་ཏེ། དེའི་ཕྱིར་ན་ཤ་རིའི་བུ་ཁྱོད་ཀྱིས་གཞོན་ནུ་སྒྲ་གཅན་འཛིན ་རབ་ཏུ་བྱུང་ཞེས་བརྗོད་ནས་རབ་ཏུ་བྱུང་བ་བྱས་སོ། ། སླར་ཡང་རྒྱལ་པོ་གཞོན་ནུའི་སྡུག་བསྔལ་ཆེར་སྐྱེས་ཏེ་བསྲན་པར་མ་ནུས་ནས། བཅོམ་ལྡན་འདས་ཀྱི་གནས་སུ་ཕྱིན་ཏེ། བཙུན་པ་འཕགས་པ་མད ་ཡིས་རྗེས་སུ་མ་ནས་ཁྲོལ་ཏུ་འབྱུང་བར་བྱེད་པ་མ་ལེགས་སོ་ཞེས་དམ་པ་བགྲངས་སོ། ། བཅོམ་ལྡན་འདས་ཀྱིས་དེ་ལདམ་བགྱིད་དོ།། སྒྲུར་ཡང་ཉིམ་གཉིས་པལ་རྒྱལ་པོའི་གནས་སུ་གཟུགས་ཚོད་གསལ་ནས་ཕྱོགས་། ་ཏུ་འཁོད་དོ།། རྒྱལ་པོས་བཙུན་པ་ཉིད་བཀའ་བ་སྤྱོད་པའི་དུས་སུ་ལྷ་གཅིག་བདག་གི་དྲུང་དུ་ཉེ་བར་འོངས་ནས་ཁྱེད་ཀྱི་བུ་དུས་ལས་འདས་སོ་ཞེས་སྨྲས་སོ།། དེའི་ཚིག་ལ་ཡིད་ཆེས་པ་མེད་ཅིང་བདག་གི་སྲས་བྱང་ཆུབ་མ་ཐོབ ་བར་དུ་དུས་ལས་འདའ་བར་མི་བྱེད་དོ། ། དེའི་ཚེ་བདག་གིས་བཀག་གོ་ཞེས་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་འཀའ་སྩལ་བ། དལྟ་ཇི་ལྟར་ཁྱོད་ཡིད་ཆེས་པར་བྱེད། སྔར་རུས་པ་མཐོང་ནས་ཁྱེད་ཀྱི་བུ་ཤོའི་ཞེས་ཟེར ་པ་ལ་ཡིད་ཆེས་པར་མ་བྱས་སོ། ། འདིའི་དོན་འབྱུང་བ་ཆོས་སྐྱོང་བ་ནི་ཆེན་པོའི་སྐྱེ་རབས་སུ་བཤད་དོ།། གཏམ་གྱི་མཐར་རྒྱལ་པོས་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་སོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་ཡབ་འབྲས་བུ ་གསུམ་ལ་སོ་སོར་གནས་ནས་དགེ་སློང་གི་དགེ་འདུན་འཁོར་དུ་བྱས་སོ། ། སླར་ཡང་རྒྱལ་པོའི་ཁབ་དུ་གཤེགས་ནས་ཤེལ་བའི་ཚལ་དུ་བཞུགས་སོ།། དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཤིང་རྟ་ལྔ་བརྒྱའི་ནོར་ཁྱེད ་ནས་རྒྱལ་པོའི་ཁབ་དུ་རང་ཉིད་དགའ་བའི་གྲོགས་ཀྱི་ཁང་པར་སོང་སྟེ། དེས་སངས་རྒྱས་བཅོམ་ལྡན་འདས་བྱོན་ནོ་ཞེས་པ་ཐོས་ནས་ཤིན་དུ་སྔ་བར་ལྷའི་མཐུས་སྒོ་བྱིསྟེ། སྟོན་པའི་དྲུང་དུ་ཉེ་བར་སོང་ན་ཆོས་མོ་ཏེ་ནྡནཿ ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་ཏོ། ། ཉི་མ་གཉིས་པ་ལ་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་བྱིན་པ་ཆེན་པོ་ཕུལ་ལོ།། མཉན་ཡོད་དུ་གཤེགས་པའི་ཕྱིར་དུ་སྟོན་པའི་དྲུང་ངུ་དམ་བཅའ་བླངས་ནས་པར་བྱ་ལཿ། ་དག་ཚད་བཞི་བཅུ་རྩ་ལྔའི་གནས་སུ་འབུམ་ཕྲག་རེ་རེའི་ནོར་བྱིན་ནས་དཔག་ཚད་རེ་རོའི་གཙུག་ལག་ཁང་བྱས་སོ།། རྒྱལ་བྱེད་ཚལ་བྱེ་བ་ཕྲག་བརྒྱ་བན་བརྒྱད་ཀྱི་དབྱིག་གིས་ཉོས་ནས་ལས་ལགས་རབ་བྱེད་ཅིང་དབུས་སུ ་སྟོབས་བཅུ་བའི་དྲི་གཙང་ཁང་བྱེད་དོ། ། དེ་ལ་བསྐོར་བ་རྣམས་ལ་གནས་བརྟན་ཆེན་པོ་བརྒྱད་བཅུའི་བཞུགས་གནས་སོ།། ཚིག་ཐོག་དང་ཉིས་ཐོག་དང་ཁང་པ་རིང་པོ་དང་།། བསྟི་གནས་ལ་སོགས་པའི ་བཞུགས་གནས་དང་། ། རྫིང་བུ་དང་། འཆགས་དང་།། མཚན་མོའི་བཞུགས་གནས་དང་།། ཉིན་མོའི་བཞུགས་གནས་སོ།། བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་ནོར་སྤེལ་ཏེ་ཡིད་དུ་འོང་བའི་ས་ཕྱོགས་ཡིད་ལ ་འཐད་པའི་གཙུག་ལག་ཁང་བྱེད་དོ། ། སྟོབས་བཅུབ་འབྱོན་པའི་ཕྱིར་དུ་ཕོ་ཉ་བ་བཏང་ངོ་།། སྟོན་པ་ས་ཕོ་ཉ་བའི་འཕྲིན་གསན་ནས་དགེ་སློང་གི་དགེ་འདུན་ཆེན་པོའི་འཁོར་དུ་བྱས་ཏེ་རྒྱལ་པོའི་ཁབ་ནས་ཕྱིར་བྱོན་ཏེ ་གོ་རིམས་བཞིན་དུ་གྲོང་ཁྱེར་མཉན་ཡོད་དུ་བྱོན་ནོ། ། གཙོ་བོ་ཆེན་པོ་གཙུག་ལག་ཁང་ཆེན་པོ་ལྷ་གོན་བྱས་ནས་དེ་བཞིན་གཤེགས་པ་རྒྱལ་བྱེད་ཚལ་དུ་བྱོན་པའི་ཉིན་མོ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནོ།། སླར ་ཡང་བརྒྱན་པ་ཉིད་ཀྱི་གཞོན་ནུ་ལྔ་བརྒྱ་དང་བཅས་པ་བཏང་ངོ་། ། དེ་འཁོར་དང་བཅས་པ་ཁ་དོག་ལྔའི་གོས་ཡང་དག་པར་འབར་བའི་རྒྱལ་མཚན་ལྔ་བརྒྱ་ཐོགས་ནས།། སྟོབས་བཅུ་པའི་མདུན་དུ་སོང་བར་གྱུར་ཏོ།། ་དེ་རྣམས་ཀྱི་ཕྱི་མ་ལ་ལེགས་བཟངས་ཆེན་མོ་དང་། ལེགས་བཟངས་མཆུང་བ་སྟེ་བུ་མོ་གཉིས་གཞོན་ནུ་མ་ལྔ་བརྒྱ་དང་བཅས་པ་གསད་ཀྱིས་གང་བའི་བུམ་པ་ལག་པར་ཐོགས་ནས་ཀྱི་འཛིན ་ནོ། ། དེའི་ཕྱི་མ་ལ་ཚོང་དཔོན་གྱི་ཆུང་མརྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུད་མེད་ལྔ་བརྒྱ་དང་བཅས་པ་གསེར་གྱིས་གང་བའི་སྡེར་མཆེན་པོ་ཐོགས་ནས་བྱེར་འཐོན་ཏོ།། ཐམས་ཅད་བྱིན་ནས་ཚོང་དཔོན་རང་ཉིད་གོས ་བཟང་པོ་གྱོན་ནོ། ། དེ་བཞིན་དུ་གོས་བཟང་པོ་གྱོན་པའི་ཚོང་དཔོན་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱིས་དྲུང་དུ་སོང་ངོ་།། བཅོམ་ལྡན་འདས་ཀྱི་འཁོར་དགེ་བསྙེན་འདི་རྣམས་མདུན་དུ་བྱས་ནས ་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་འཁོར་དུ་བྱས་ཏེ། རང་ཉིད་ཀྱི་སྐུ་ལུས་ཀྱི་འོད་ཀྱིས་གསེར་གྱི་བཅུད་ཀྱི་གོང་བུ་ལྟ་བུ་དང་མཚུངས་པ་དང་། ནགས་ཚལ་གྱི་བར་དུ་སྣང་བར་མཛད་ཅིང་མཐའ་ཡས ་པའི་སངས་རྒྱས་ཀྱི་རོལ་པ་སངས་རྒྱས་ཀྱི་དཔལ་ཟླ་མེད་ཅིང་མཚུངས་པ་མེད་པ་རྒྱལ་བྱེད་ཚལ་གྱི་ནང་དུ་བྱོན་ནོ། ། དེ་ནས་མགོན་མེད་ཟས་སྦྱིན་གྱིས་ཞུས་པ། བཙུན་པ་གཙུག་ལག ་ཁང་འདི་ཇི་ལྟ་བུ་ལ་དབུལ་བར་བགྱི། ཁྱིམ་བདག་གཙུག་ལག་ཁང་འདི་འོང་བ་དང་། འགྲོ་བའི་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཅིག། ལེགས་སོ་བཅོམ་ལྡན་འདས་ཞེས ་ཏ་ཤོང་དཔོན་ཆེན་པོས་གསེར་གྱི་རིལ་པ་སྤྱི་བླུགས་བསླངས་ནས་སྟོབས་བཅུ་པའི་ཕྱག་རྔུ་ཆུ་བསྒྲེངས་ཏེ་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་འདི་འགྲོ་བ་དང་འོང་བའི་ཕྱོགས་བཞིའི་སངས་རྒྱས་ལ་སོགས ་པའི་དགེ་འདུན་ལ་སྦྱིན་ཞེས་ཕུལ་ལོ། ། སྟོན་པས་གཙུག་ལག་ཁང་པ་ཞེས་ནས་རྗེས་སུ་ཡི་རང་བ་མཛད་དོ།། གྲང་དང་དྲོ་བས་མི་ཉམས་ཤིང་།། དེ་ལྟར་རི་དགས་ལ་སོགས་པའི ་སྡིག་སཱལ་དང་ནི་སྦྲང་བུ་དང་། ། བ་མོ་དང་ནི་ཆར་པས་སོ།། དེ་ལྟར་རླུང་དང་ཤིན་དུ་གྲོས་སོར་ལུས་ལགས་པ་དང་།། ཁང་ནང་གནས་པ་བདེ་བ་སྐྱེས།། ཁང་པར་བསམ་གཏན་ལྷག་མཐོང་རྣམས།། ་དགེ་འདྲེན་གཙུག་ལག་ཁང་འབུལ་བ།། སངས་རྒྱས་མཆོག་གི་བསྔགས་པར་མཛད།། སྐྱེས་བུ་མཁས་པས་དེའི་ཕྱིར།། བདག་ཉིད་ཀྱི་ནི་ཕྱིར་དུ་ནི།། དགའ་བས་གཙུག་ལག ་ཁང་བྱེད་པ། ། མང་དུ་ཐོས་པ་གནས་པ་ཡིན།། དེ་རྣམས་ཀྱི་ནི་བཟའ་དང་བཏུང་།། གོས་དང་མལ་ཆ་སྟན་དང་ནི།། དེ་རྣམས་སེམས་ནི་དྲང་པོར་འབུལ།། རབ་ཏུ་དང་བའི་སེམས་ཀྱིས་སོ།། དེས་ནི་དེ་ལ་ཆོས་བསྟན་ཏོ།། སྡུག་བསྔལ ་ཐམས་ཅད་ཉེར་ནི་འཕྱིར། ། གང་དེའི་ཆོས་ནི་རྟོགས་པ་དང་།། རྟེན་མེད་མྱ་ངན་འདས་པར་བྱེད་ཅེས་བྱ་བའི་གཙུག་ལག་ཁང་གི་ཕན་ཡོན་བཤད་དོ།། མགོན་མེད་ཟས་སྦྱིན་གྱིས། ་ཉི་མ་གཉིས་པ་ནས་བཟུང་ནས་སྦྱིན་པ་གཏོང་བའི་མགོ་བརྩམས་སོ།། ས་ཁམས་བྱས་པའི་ཁང་བཟང་ནི་ཟླ་བ་བཞིས་གྲུབ་པོ།། སླར་ཡང་མགོད་མེད་ཟས་སྦྱིན་གྱི་གཙུག་ལག་ཁང་ཆེན་པོ་ཟླ་བ་དགུས་གྲུབ་པོ།། གཙུག ་ལག་ཁང་ཆེན་པོ་ལ་ཡང་བྱེ་བ་སྟོང་ཕྲག་བཅུ་བརྒྱད་ཉིད་སོང་ངོ་། ། འདི་ལ་གཙུག་ལག་ཁང་ཆེན་པོ་འདི་ཉིད་ལ་བྱེ་བ་ཕྲག་ལྔ་བཅུ་རྩ་བཞིའི་ནོར་ཡོངས་སུ་བཏང་ངོ་།། སླར་ཡང་འདས་པའི་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི ་དུས་སུ་ཚོང་དཔོན་ཀུན་གྱི་གྲོགས་ཞེས་བྱ་བས་གསེར་གྱི་གླང་པོའི་རྐང་པའི་རྨིག་རྗེས་ལྟ་བུའི་ས་གཞི་ཉེས་ནས། ། གནས་འདི་ཉིད་དུ་དཔག་ཚད་གཅིག་གི་དགེ་འདུན་གྱི་ཀུན་དཀའ་ར་བ་བྱས་སོ།། བཅོམ་ལྡན་འདས་གཙུག་ཏང ་ཅན་གྱི་དུས་སུ། དཔལ་འཕེལ་ཞེས་བྱ་བའི་ཚོང་དབེན་གྱི་བུས་གསེར་གྱི་སྡེར་མ་རྒྱུན་མི་འཆད་པས་ཉོས་པའི་ས་གཞིའི་གནས་དེ་ཉིད་དུ་རྒྱང་གྲགས་བཅུ་གཉིས་ཀྱི་ཚད་ཙམ་གྱི་དགེ་འདུན་གྱིས་ཀུན་དགའ་ར་བ་བྱས་སོ།། ་བཅོམ་ལྡན་འདས་ཐམས་ཅད་སྟོབ་ཀྱི་དུས་སུ་མོང་དབེན་པས་ཤིས་ཞེས་བྱ་བས་གསེར་གྱིས་གཞི་གསེར་གྱི་རྐང་པའི་རྗེས་ལྟ་བའི་ས་གཞིཉིས་ན་ག་ཉིད་དཔག་ཅད་བྱེད་ཀྱི་དགེ་འདུན་གྱི་ཀུན་དཀའ་བ་བྱས་སོ།། ་བཅོམ་ལྡན་འདས་ལག་པ་དང་སེལ་གྱི་དུས་སུ་ཆད་དཔོན་འཐོབ་མེད་པ་ཞེས་བྱ་བས་གས་ཀྱི་པ་ཀྲ་ཨ་ལྡན་མ་འཆད་པའི་ས་གཞི་ཉིས་ནས་གནས་ཉིད་དུ་རྒྱད་གྲགས་པའི་ཚད་ཀྱི་དགེ་འདུན་གྱི་ཀུན་དགའ་བརྩམས ་ས་ས་དག་། ས་ལྡན་པ་ས ་ལྡན་འདས་འོད་སྲུང་གི་དུས་སུ་ཚོང་དཔོན་པཀྲ་ཤིས་བཟང་བ་ཞེས་བྱ་བས་གསེར་གྱི་བགུ་སྦྱིན་མི་འཆད་བལྟ་བུའི་ས་གཞིཉིས་ནས་གནས་དེ་ཉིད་དུ་རྒྱ་དགྲགས་གཅིག་གི་ད་ཀྱི་ད་ད། རབ་བྱམ་པོ།། མཱ་ཡང ་བ་དག་ཅག་གི་བཅོམ་ལྡན་འདས་ཀྱི་དུས་སུ་ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་དབྱིག་གིས་གསེར་གྱི་འདྲ་མེན་དུ་བྱས་པ་རྒྱུན་མི་འཆད་པ་ལྟ་བུས་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་ཕྱེད ་ཀྱི་ཀུན་དགའ་ར་བ་བྱས་སོ། ། གནས་འདི་སངས་རྒྱས་ཐམས་ཅད་ཀྱིས་མ་སྤངས་པའི་གནས་ཡིན་ནོ།། འདི་ལྟར་བྱང་ཆུབ་ཆེན་པོའི་སྙིང་པོའི་དྲུང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཇི་སྲིད་པ་ནས་ཡོངས་སུ་མྱ་ངན་ལས ་འདས་པའི་མཐར་ཐུག་པ་དེ་སྲིད་དུ་གང་དང་གང་གི་གནས་སུ་བཅོམ་ལྡན་འདས་བཞུགས་པ་འདི་ནི་ཉེ་བའི་གླང་གཞི་ཞེས་བྱའོ། ། དེའི་ལུགས་ཀྱིས་སྐྱེས་རབས་ཐམས་ཅད་དུ་བསྔགས་པར་མཛད་དོ།། སྐྱེས་པ་རབས་ཀྱི ་གཞའ་བཤད་པ་རྫོགས་སོ། ། @#།། རྒྱ་གར་སྐད་དུ། ཨཱཊྚཱ་ནཱ་ནཱི་ཡ་སཱུ་ཏྲ། བོད་སྐད་དུ། ལྕང་འཛིན་བྲང་གི་མདོ།། འཕགས་པ་དཀོན་མཆོ་ག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་