| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དྷ་མ་ཙཀྲ་རྦ་བཏན་སཱུ་ཛ། བོད་སྐད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོང་བའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐ་བདག་གིས། ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དགས་རྒྱུ་བའི་གནས་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་བོས་ཏེ་བཀའ་སྩལ་པ། དགེ་སློང ་དག་རབ་དུ་བྱུང་བ་མཐའ་གཉིས་པོ་འདི་ལ་གནས་པར་མྱི་བྱའོ། ། གང་སུ་དག་འདིར་འདོད་པ་རྣམས་དང་། བདེ་བ་ལ་ཞེན་པ་ནི་མི་རིགས་པ་དང་དམན་པར་འགྱུར་རོ།། སོ་སོའི་སྐྱེ་བོ་རྣམས་ནི་དོན་མེད་པ་དང་ལྡན་པ ་ཕྱིར་གང་སུ་དག་ལུས་དུབ་པ་དང་འབྲལ་བའི་སྡུག་བསྔལ་བ་སྔགས་པར་བྱ་བ་མ་ཡིན་པ་རྣམས་ཀྱི་དོན་མེད་པ་དང་ལྡན་ནོ། ། དགེ་སློང་དག་འདི་རྣམས་ནི་མཐའ་གཉིས་ཀྱི་མཐའ་སྟེ་དེ་ལ་འཇུག་པར་མི་བྱའོ།། དེ ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་དབུ་མའི་ལམ་འདི་གསུང་སོ། ། མིག་བྱེད་པ་དང་། ཡེ་ཤེས་བྱེད་པ་དང་། ཞི་བར་བྱེད་པ་དང་། མངོན་པར་ཤེས་པ་དང་། ཡང་དག་པར་ཁོང་དུ ་ད་པ་དང་། བྷཱུ་ན་ལས་འདས་པ་ལ་ཡང་དག་པར་འཇུགས། དག་སུང་དག་ཙུན་གགགས་པས་མ་པ་ཇུགས་པ་སངས་རྒྱས་ནས་གསས་པ་ད་ལ་ག་ནོན། མརྒྱད ་པ་དང་། ཡེ་ཤེས་བྱེད་པ་དང་། ཞི་བར་བྱེད་པ་དང་། མངོན་པར་ཤེས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མྱ་ངན་ལས་འདས་པ་ལ་ཡང་དག་པར་འཇུག་གོ།། དབུ་མའི་ལམན་འཕགས་པའི ་ལམ་ཡན་ལག་བརྒྱད་དེ། བརྒྱད་པོ་དེ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ ་དང་། ཡང་དག་པའི་རྩོལ་པ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། དབུ་མའི་ལམ་འདི་ཡང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པའི་སངས་རྒྱས་ནས་གསུངས་སོ།། མིག་བྱེད་པ ་དང་། ཡེ་ཤེས་བྱེད་པ་དང་། ཞི་བ་བྱེད་པ་དང་། མངོན་པར་ཤེས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མྱ་ངན་ལས་འདས་པ་ལ་ཡང་དག་པར་འཇུག་གོ། འདི་ཡང་དགེ་སློང་དག་སྡུག་བསྔལ ་འཕགས་པའི་བདེན་པ་སྟེ། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་བྲལ ་བའི་སྡུག་བསྔལ་དང་། གང་འདོད་པ་བཙལ་ཏེ། མ་རྙེད་པ་དེ་ཡང་སྡུག་བསྔལ་བ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ།། འདི་ཡང་དགེ་སློང་དག་སྡུག་བསྔལ་ཀུན་འབྱུང ་འཕགས་པའི་བདེན་པ་སྟེ། གང་སྲེད་པ་འབྱུང་བ་ཅན་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེ་ལ་མངོན་པར་རབ་ཏུ་དགའ་བ་ནི། འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། འཁོར་བ་ལ་སྲེད་པ་དང་། ་འཁོར་བ་དང་བྲལ་བ་ལ་སྲེད་པའོ།། འདི་ཡང་དགེ་སློང་དག་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་སྟེ། གང་ཞིག་འདི་བཞིན་སྲང་པ་མ་ལུམ་པ་ལ་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ་བོར་བ་དང་། སོ་སོར་བསྒྱུར་བ་དང་། གྲོལ་བ་དང་། གྲོལ་པ་ལ་ཞུམ་པ་མེད་པའོ།། འདི་ཡང་དགེ་སློང་དག་སྡུག་བསྔལ་དགེག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། འདི་ཡང་འཕགས ་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དགེ་བའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚེ་བ་དང ་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ། སྔར་ཆོས་མཐོས་པ་ལ་མིག་བསྐྱེད་པ་དང ་ཡེ་ཤེས་བསྐྱེད་པ་དང་། ཤེས་རབ་བསྐྱེད་པ་དང་། རིགས་པ་སྐྱེད་པ་དང་། སྣང་བ་བསྐྱེད་པའོ།། དེ་ཡང་སྡུག་བསྔལ་འཕགས་པའི་བདེན་པ་སྟེ། དགེ་སློང་དག་འདི་ཡོངས་སུ་ཤེས་པར་བྱའོ།། ་སྔར་ཆོས་མ་ཐོས་པ་ལ་མིག་བསྐྱེད་པ་དང་། ཡེ་ཤེས་བསྐྱེད་པ་དང་། ཤེས་རབ་བསྐྱེད་པ་དང་། རིག་པ་བསྐྱེད་པ་དང་། སྣང་བ་བསྐྱེད་པའོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་འཕགས་པའི ་བདེན་པ་སྟེ། དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་ལ་མིག་བསྐྱེད་པ་དང་། ཡེ་ཤེས་བསྐྱེད་པ་དང་། ཤེས་རབ་བསྐྱེད་པ་དང་། རིགས་པ་བསྐྱེད་པ་དང་། སྣང་བ་བསྐྱེད་པའོ།། འདི་ཡང ་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་སྟེ་རབ་ཏུ་སྤངས་པར་བྱའོ། ། དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་ལ་མིག་བྱེད་པ་དང་། ཡེ་ཤེས་བསྐྱེད་པ་དང་། ཤེས་རབ་བསྐྱེད་པ་དང་། རིག ་པ་བསྐྱེད་པ་དང་། སྣང་བ་བསྐྱེད་པའོ།། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་སྟེ།། དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་ལ། མིག་བསྐྱེད་པ་དང་། ཡེ་ཤེས་བསྐྱེད་པ ་དང་། ཤེས་རབ་བསྐྱོད་པ་དང་། རིག་པ་བསྐྱོད་པ་དང་། སྣང་བ་བསྐྱེད་པའོ།། འདི་ཡང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་སྟེ། མངོན་སུམ་དུ་བྱའོ།། དགེ་སློང་དག་འདི་ནི་སྔང་ཆོས་མཐོས ་པ་ལ། མིག་བསྐྱེད་པ་དང་། ཡེ་ཤེས་བསྐྱོད་པ་དང་། ཤེས་རཔོ་བསྐྱེད་པ་དང་། རིག་པ་བསྐྱེད་པ་དང་། སྣང་བ་བསྐྱེད་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི ་བདེན་པའོ། ། དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་ལ། མིག་བསྐྱེད་པ་དང་། ཡེ་ཤེས་བསྐྱེད་པ་དང་། ཤེས་རབ་བསྐྱེད་པ་དང་། རིག་པ་བསྐྱེད་པ་དང་། སྣང་བ་སྐྱེད་པའོ།། འདི ་ཡང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཏེ་བསྒོམ་པར་བྱའོ། ། དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་པ། མིག་བསྐྱེད་པོ་དང་། ཡེ་ཤེས་བསྐྱེད་པ་དང་། ཤེས་རབ ་བསྐྱེད་པ་དང་། རིག་པ་བསྐྱེད་པ་དང་། སྣང་བ་བསྐྱེད་པའོ།། དགེ་སློང་དག་དེ་ལྟར་བཤད་པ་རྣམ་པ་བཞི་པོ་འདི་ནི་འཕགས་པའི་བདེན་པའོ།། འདི་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ ་གཉིས་པོ་ཇི་ལྟར་གྱུར་པ་རྣམས་མི་ཤེས་མཐོང་བ་ཤིན་དུ་རྣམ་པར་དག་པ་ཡིན་ནོ། ། དགེ་སློང་དག་སྤངས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས ་བདང་། དགེ་སྦྱོང་དང་བཅས་པ་དང་། སྐྱེ་དབུའི་བདག་པོ་དང་། ལྷ་དང་མིར་བཅས་པ་རྣམ་ས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་མེད་དོ།། དགེ་སློང་དག་གང་ཡང་འདི་ནི ་འཕགས་པའི་བདེན་པ་བཞི་པོ་འདི་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཇི་ལྟར་གྱུར་པའི་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ།། ཇི་ལྟར་དགེ་སློང་དག་ང་ནི་འཇིག་རྟེན ་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བཅས་པ་དང་། སྐྱེ་དགུའི་བདག་པོ་དང་། ལྷ་དང་མེར་བཅས་པ་རྣམས་ལས།། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་ནས་སོ་སོར་རྟོགས་སོ། ། ཡེ་ཤེས་འདི་ཡང་བདག་མཐོང་བར་གྱུར་པ་དང་། སྔར་མེད་པའི་རྣམ་པར་གྲོལ་བ་དང་། ་བདག་ནི་ལྷག་མ་མེད་པར་ཡང་སྲིད་པ་ལེན་པ་མེད་པར་མྱ་ངན་ལས་འདས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་ལྔ་སྡེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་དགའོ། ། འདི་ལྟར་ལུང་དུ་བསྟན་པ་དེ་ཚུན་ཚོད་ནས། ཚེ་དང་ལྡན་པ་ཀཽ་ནྱ་རྡུལ་སྤངས་པ་དང་། དྲི་མ་མེད་པའི་ཆོས་ཀྱི་མིག་སྐྱེས་སོ།། གང་ཅུང་ཟེད་ཀུན་འབྱུང་བའི་ཆོས་ཐམས་ཅད་ནི ་དེ་འགོག་པའི་ཆོས་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞིང་བསྐོར་ནས། སའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། དགེ་སྦྱོང་དམ། བྲམ་ཟེ་འམ། ་འམ། བདུད་དུམ། མངས་པའམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སཱིའི་དྲང་སྲོང་ལྟུང་བ་དང་། རི་དགས་བའི་གནས་སུ་བཞུགས་རྣས་ཐ། ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་མ་བསྐོར་བ་བསྐོར་ཏོ།། དེ་ནས་སའི་ལྷའི་སྒྲ་ཐོས་ནས། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲབ་སྒྲགས་སོ།། དགེ་སྦྱོང་ངམ་བྲམ་ཟེ་འམ། ་རབབདུད་ད་། དས་པའམ། འདུག་ཏན་དུ་གཞན་སས་ཀྱང་བ་བ་ས་ནུས་པ་འདུད་བཅོམ་ལྡན་འདས་ཀྱིས་ཡུལ་ད་། སའདྲང་གྲང་ལྟུང་བ་དང་དགས་ཟླ་བ་གནས་སུ ་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་པོ་བསྐོར་བ་བསྐོར་ཏོ།། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས། སུམ་བཅུ་རྩ་གསུམ་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། དགེ་སྦྱོང་ངས ་བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎཱ་སིའི་དྲང་སྲོང་ལྟུང་བ་དང་རི་དགས་རྒྱུ་བའི་གནས་སུ་བཞུམ ་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ།། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་སྟོད་པའི་སྒྲ་ཐོས་ནས། འཐབ་བྲལ་གྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། དགེ་སྦྱོང་ངམ། བྲམ་ཟེ ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སིའི་དྲང་སྲོང་ལྷུང་བ་དང་། རི་དགས་རྒྱུ་བའི་གནས་སུ་བཞུགས ་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ། ། འཐབ་བྲལ་གྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས། དགའ་ལྡན་གྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། དགེ་སྦྱོང་དམ། བྲམ་ཟེ་འམ ་ལྷའམ། བདུད་དམ། ཚངས་པ་འམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སིའི་དྲང་སྲོང་ལྷུང་བ་དང་། རི་དགས་རྒྱུ་བའི་གནས་སུ་བཞུགས་ནས། བླ་ན ་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ། ། དགའ་ལྡན་གྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས། འཕྲུལ་དགའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ ་བདུད་དམ། ཚངས་པ་འམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ན་སིའི་དྲང་སྲོང་ལྷུང་བ་དང་། རི་དགས་རྒྱུ་བའི་གནས་སུ་བཞུགས་ནས། བླ་ན་མེད ་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ། ། འཕྲུལ་དགའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། དགེ་སྦྱོང་ངམ། བྲམ་ཟེ ་འམ། ལྷའམ། བདུད་དམ། ཚངས་པ་འམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎི་སིའི་དྲང་སྲོང་ལྟུང་བ་དང་། རི་དགས་རྒྱུ་བའི་གནས་སུ་བཞུགས ་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ། ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགས་སོ།། ་དགེ་སྦྱོང་དམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་བི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སེའི་དྲང་སྲོང་ལྷུང་བ་དང་། རི་དགས ་རྒྱུ་བའི་གནས་སུ་བཞུགས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ། ། དེ་ནས་སྐད་ཅིག་དང་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྐས་ཁྱབ་པར་གྱུར་ཏོ།། འདིར་ཡང་འཇིག ་རྟེན་གྱི་ཁམས་སྟོང་ཕྲག་བཅུ་ཡང་དག་པར་གཡོས་སོ། ། ཡང་དག་པར་རབ་ཏུ་གཡོས་སོ།། ཡང་དག་པར་རབ་ཏུ་ལྡེག་གོ།། བག་ཡོད་པར་གྱུར། ཡ་མཚན་དུ་གྱུར། སྣང་བར་གྱུར། འཇིག་རྟེན ་རྣམས་པུ་དེ་ལྟར་གྱུར་ཏོ། ། འཇིག་རྟེན་རྣམས་སུ་དེ་ལྟར་གྱུར་ཏེ། ཚངས་པས་ཆོས་བསྟན་པ་ཐོས་ནས། ལྷ་རྣམས་རང་རང་གིས་གནས་སུ་སོང་ངོ་།། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཆེད་དུ་བརྗོད་པ ་ཆེད་དུ་བརྗོད་དེ། ཀུན་ཤེས་པའི་ཕྱིར་ཀོ་ཌ་ཏྱའོ།། ཀུན་ཤེས་པ་རྣམས་ཀྱིས་ཀོ་ནྱའོ།། དེའི་ཕྱིར་འདི་ན་ཆ་དང་ལྡན་པ་ཀ་ཎ་ནྱས་སྟེ། ཀུན་ཤེས་ཀོན་ཧྱས་ཞེས་བྱ་བའི་བང་ཐོབ་བོ།། ཆོས ་འཁོར་ལོ་བསྐོར་བའི་མདོ། ། རྫོགས་སྷོ།། །། རྒྱ་གང་སྐད་དུ། ཛཱ་ཏ་ཀ་ནི་དཱན། བོད་སྐད་དུ། སྐྱེས་པ་རབས་ཀྱི་གླེང་གཞི། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག ་