| Wylie | e-texts produced with BDRC’s OCR application |
སྐད་གས་ཀྱད་ཀྱིས་ཀྱང་བཅོ་པ་ནས་གཏན་ལ་ཕབ་པ།། ། @#།། རྒྱ་གར་སྐད་དུ། ཨཱརྱ་པཉྩ་ཤ་ཏཱི་ཀ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལྔ་བརྒྱ་པ། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རིལ་དགེ་སློང་གི་དགེ་འདུན་ཆེན ་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས ་པོ་ཡོད་པའོ། ། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ།། རབ་འབྱོར་མིག་དང་། གཟུགས་རྣམས་དང་། མིག་རྣམ་པར་ཤེས་པ ་དང་། རྣ་བ་དང་། སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། ལྡེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ།། དེ་ལྟར་གཟུགས་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ ་ཆུ་མི་ཤེས་པས་གཟུགས་དེ་ལ་མངོན་པར་ཞེན་ཏོ། ། མངོན་པར་སྒྲུབ་པོ།། སྒྲིབ་པར་བྱེད་དོ།། དེ་དག་གཟུགས་དེ་ལ་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ། སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི ་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ། སྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ ་དང་། ཡི་དགུས་རྣམས་དང་། ལྷ་རྣམས་དང་། མི་རྣམས་དང་། མི་རྣམས་ཀྱི་ནང་དུ་ཡུན་རིང་པོར་ན་ཤི་མྱོང་ངོ་།། རབ་འབྱོར་དེ་བཞིན་དུ་ཚེ་རབ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མེད་པ ་དང་། དངོས་པོ་ངན་པ་དང་། དངོས་པོ་ཡོད་པ་དང་། རབ་འབྱོར་མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། བ་དང་སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་དྲི་རྣམས་དང་། སྣའི་རྣམ་པར ་ཤེས་པ་དང་ལྕེ་དང་རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པ་དང་། དངོས ་པོ་ངན་པ་དང་། དངོས་པོ་ཡོད་པ་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས་རྣམ་པར་ཤེས་པ་དེ་ལ་མངོན་པར་ཞེན་ཏོ།། ་མངོན་པར་སྒྲུབ་པོ།། སྒྲིབ་པར་བྱེད་དོ།། དེ་དག་རྣམ་པར་ཤེས་པ་དེ་ལ་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་ཏེ། སྒྲིབ་པ་བྱེད་པས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འགྱུར་བར་མི ་འགྱུར་ན་ཐེག་པ་ཆེན་པོས་ལ་སྤྲོས་ཀྱར་ཅི་དགོས། དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ།། སྒྲིབ་པར་བྱེད་པས་འདི་ལྟ་སྟེ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དགས་རྣམས་དང་། ལཱ་ང ་རྣམས་ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ངོ་། ། མཁས་པ་རྣམས་ཀྱིས་ནི་གཟུགས་དེ་དེ་ལྟར་ལོའུ་གསུམ་དུ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི ་གསལ་བར་བྱེད་དོ། ། མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག ་པས་ལྟ་སྤོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དགས་རྣམས་དང་། ལྷ་དང་། མི་རྣམས ་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྒྲ་རྣམས ་དང་། རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམས་དང་། ཡིད་དང ་ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལེའུ་གསུམ་དུ་མཁས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་དོ།། མངོན ་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར ་མངོན་པར་ཞན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དགས་རྣམས་དང་། ལྷ་དང་། མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ།། ་རབ་འབྱོར་གཟུགས་ནི་སྐྱེ་བའོ།། འཇིག་པའོ།། གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པའོ།། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམས། ་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་པོ།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བའོ།། འཆི་བའོ།། རྣམ་པར་ཤེས་པའི་སྐྱེ་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྐྱེ་བ་མེད་པའོ།། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི ་རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་དུ་ཤེས་པས། རྣམ་པར་ཤེས ་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་བོ། ། རབ་འབྱོར་གང་ལ་ལ་ཞིག་གཟུགས་ནི་བདག་གམ་བདག་གིའོ།། ཞེས་དེ་སྐད་སྨྲ་ན་དེ་ནི་ཕྱི་རོལ་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས ་སླའོ། ། རབ་འབྱོར་གང་ལ་ལ་ཞིག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ། བདག་གིའོ་ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར ་ལྟ་བའོ་ཞེས་ང་སྨྲའོ། ། རབ་འབྱོར་གང་ལ་ལ་ཞིག་གཟུགས་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བའོ་ཞེ་འམ། དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བའོ་ཞེ་འམ། རྒྱུ་མེད་རྐྱེན་མེད་པའོ་ཞེས་དེ་སྐད་སྨྲ་ན་དེ་ནི་ཕྱི་རོལ་བྱིས ་པསོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་བལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ལ་ལ་ཞིག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྔོན་བྱས་པའི་ཚུལས་བྱུང་བའོ་ཞེ ་འམ། ། དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བའོ་ཞེའམ། རྒྱུ་མེད་རྐྱེན་མེད་པའོ་ཞེས་དེ་སྐད་སྤུན་དེ་ནི་ཕྱི་རོལ་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང ་གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དོ། ། ཚོར་བ་ནི་མྱོང་བའི་མཚན་ཉིད་དོ།། འདུ་ཤེས་ནི་ཀུན་དུ་ཤེས་པའི་མཚན་ཉིད་དོ།། འདུ་བྱེད་རྣམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དོ།། རྣམ་པར་ཤེས ་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དེ་ཞེས་དེ་སྐད་སྨྲ་ན་དེའི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་དེ་གང་ཡང་གཟུགས་ནི་སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ།། ། ་གཟུགས་འགོག་པ་ནི་བདེ་བ་དང་ཞི་བའོ་ཞེས་དེ་སྐད་སྨ་ན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས་ལོག་པར་ལྟ་བའི་བར་དུའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྡུག་བསྔལ ་བསྟེ་རབ་ཏུ་མཞི་པོའོ། ། རྣམ་པར་ཤེས་པ་འགོག་པ་ནི་བདེ་བ་དང་། ཞེ་ཞེས་དེསང་སྨན་དེ་ནི་ཕྱི་ཡོ་བས་ཀྱང་ཕྱི་འོ་ཞེས་བྱབ་ནས་ལོག་པར་ལྟ་བའི་བར་དུའོ།། ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་གཟུགས་ནི་མེད་པ་ཉིད་དོ་ཞེས་དེ་སྐད་སྨ་ན་ང་ནི ་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མེད་པ་ཉིད་དོ་ཞེས་དེ་སྐད་སྨྲ་ན་དེ་ནི ་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ་གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེ་མཔོར་དགོངས་པ་མ་ནིབ། དགོངོས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ།། ཞེས་ན ་སྐད་སྨན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར ་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ན་ལྡེམ་པོར་དགོངས་པ་མ་ཡིན ་པ། དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་དེ་སྐད་སྨྲན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གཟུགས་ནི་ཡོད་དེ ་གང་གཟུགས་ལ་མངོན་པར་ཞེན་པ་དང་། སྐྱེ་བ་དང་། བསྟན་པར་འགྱུར་བའོ།། གཟུགས་ནི་ཡོད་དེ་གང་གཟུགས་ལ་ཀུན་ནས་ཉོན་མོངས་པ་དང་། གནས་པ་དང་། འགྲུབ་འཐུརང་བའོ།། ནུ་ནི་ཡོ་དེ་ག་གཟུགས་རྣམ་ས་ཀྱང་དང་། ་འབྱོར་པ་དང་། དབང་དུ་འགྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་དང་། སྐྱེ་བ་དང་། བསྟན་པར་འགྱུར་བའོ།། རབ ་འབྱོར་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པ་དང་། གནས་པ་དང་། འཇུག་པར་འགྱུར་བའོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་རྣམ་པར་ཤེས་པ་ལ་རྣམ་པར་བྱང་བ་དང་། འབྱོར་པ་དང་། དབང་དུ་གྱུར་པའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངས། ་སུ་ཤེས་ཏེ་བསྟན་ན་དབང་དུ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ་ཡང་དག་པར་བསྟན་ན་དབང་དུ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ན་ཆོས ་དཀར་པོ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་དབང་སྐུར་བ་དང་། བདེ་བ་ཆེན་པོ་ལ་གནས་པར་འགྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་སྤངས་ཤིང་ཡོངས་སུ་ཤེས་ཏེ་བསྟན་ན་དབང་དུ་འགྱུར་བའོ། ། ར་འབྱོར་ཚོར་བ་དང་། འདུ་ཤེས་དང་། ད་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ་ཡང་དག་པར་བསྟན་ན་དབང་དུ་འགྱུར་བའོ།། 8 ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ་གང་སྤངས་ཤིང་ཡངས་སུ་ཤེས་ཏེ་ཡང་དག་པར་བསྟན་ན་དབང་དུ་འགྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར ་ཤེས་པ་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ་ཆོས་དཀར་པོ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་། བདེ་བ་ཆེན་པོ་ལ་གནས་པར་འགྱུར་རོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གཟུགས་ལ ་གཟུགས་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་གཟུགས་ལ་བདག་ཏུ་དམིགས་སོ།། གང་གཟུགས་ལ་བདག་ཏུ་དམིགས་པ་དེ་གཟུགས་ལ་བདག་ཏུ་ལྟ་བར་དམིགས་སོ།། གང་གཟུགས་པ་བདག་ཏུ་ལྟ་བར ་དམིགས་པ་དེ་གཟུགས་ལ་ཐམས་ཅད་དམིགས་སོ། ། གང་གཟུགས་ལ་ཐམས་ཅད་དམིགས་པ་དེ། གཟུགས་ལ་ཐམས་ཅད་མི་དམིགས་སོ།། གཟུགས་པ་ཐམས་ཅད་དམིགས་པ་རྣམས་ཅད་མི་མིགས་པ་དེ་མིགས་པ་དེ་ཡོངས་སུ ་གྲུབ་པ་ཡིན་ནོ། ། དེ་དམིགས་པ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན་ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་སོ།། གང་རྣམ་པར་ཤེས་པ ་ལ་བདག་ཏུ་དམིགས་པ་དེ་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་དམིགས་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ་གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས ་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ་གནས་ན ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན་ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གང་ཡང་གཟུགས་ལ་གཟུགས་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར ་རྗེས་སུ་མཐོང་བ་དེ་གཟུགས་ལ་བདག་ཏུ་མི་དམིགས་སོ། ། གང་གཟུགས་ལ་བདག་ཏུ་མི་དམིགས་པ་དེ་གཟུགས་ལ་བདག་ཏུ་ལྟ་བར་མི་དམིགས་སོ།། གང་གཟུགས་ལ་བདག་ཏུ་ལྟ་བར་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད ་མི་དམིགས་སོ། ། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་ན་ཐམས་ཅད་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། ད་དམིགས་པ ་དེ་ལ་གནས་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི་ཐེག་པ་ཆེན་པོས་ནི་མ་ཡིན་ནོ།། རབ་འབྱོར་གང་ཡང་ཚེར་བ་དང་། དུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང ་དག་པར་རྗེས་སུ་མཐོང་བ་དེ་རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་པ་དེ་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་མི་དམིགས ་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་ན་ཐམས་ཅད་དམིགས ་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། ། དེ་མི་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི་ཐེག་པ་ཆེན་པོས་ནི་མ་ཡིན་ནོ།། རབ་འབྱོར་གང་ལ་ལ་ཞིག་གཟུགས། ་ལ་ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་ཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་གཟུགས་ལ་གཟུགས་སུ་དམིགས་སོ།། གང་གཟུགས་ལ་གཟུགས་སུ་དམིགས་པ་དེ། གཟུགས་ལ་གཟུགས་སུལ ་བར་དམིགས་སོ། ། གང་གཟུགས་ལ་གཟུགས་སུ་ལྟ་བར་དམིགས་པ་དེ་གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་དམིགས་པ་དེ་གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས་པ་ཐམས་ཅད་དམིགས་པ ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། ། དེ་དམིགས་པ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན་ཐེག་པ་ཆེན་པོས་ལྟ་སྨོས་ཀྱང ་ཅི་དགོས། ། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་རྣམ་པར་ཤེས ་པ་ལ་རྣམ་པར་ཤེས་པར་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་པ་དེ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་དམིགས ་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་དེ། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ན་ཐམས་ཅད ་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། ། དེ་དམིགས་པ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར ་གང་གཟུགས་ལ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ་གཟུགས་ལ་གཟུགས་སུ་མི་དམིགས་སོ།། གང་གཟུགས་ལ་གཟུགས་སུ་མི་དམིགས་པ་དེ་གཟུགས་ལ་གཟུགས་སུ ་ལྟ་བར་མི་དམིགས་སོ། ། གང་གཟུགས་ལ་གཟུགས་སུ་ལྟ་བར་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས་སཔ་ཐམས ་ཅད་མི་དམིགས་པ་ན་ཐམས་ཅད་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། ། དེ་མི་དམིགས་པ་དེ་ལ་གནས་ན་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་ལ་གྱུར་ན་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག ་པས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་ཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ་རྣམ་པར་ཤེས ་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པ་དེ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས ་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། ། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་ན་ཐམས་ཅད་དམིགས་པ་དེའི་མིང་མིས ་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། ། དེ་དམིགས་པ་དེ་ལ་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལས ་ཇི་བཞིན་དུ་མངོན་པར་ཤེན་ཏེ། ཐ་སྙད་དུ་ཀུན་དུ་སྤྱོད་ན་འཇིགས་ཚོགས་ལ་ལྟ་བར་ཀུན་ཏུ་སྤྱོད་པ་ཡིན། ཡང་འགྱུར་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་ཡིན་ཏེ། གཟུགས་ཡོངས་སུ་མི་ཤེས ་པའི་རྟགས་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙད་དུ་ཀུན་ཏུ་སྤྱོད་ན་འཇིག་ཚོགས་ལ་ལྟ་བར་ཀུན་དུ་སྤྱོད་པ་ཡིན། ཡང ་འབྱུང་བའི་སྲེད་པ་ལ་ཀུན་དུ་སྲུང་བ་ཡིན། འཇོག་པ་ཡོངས་སུ་ཚོལ་བར་ཀུན་དུ་སྤྱད་པ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་མི་ཤེས་པའི་རྟགས་ཡིན་ནོ།། རབ་འབྱོང་བྱང་ཆུབ་སེམས་དཔའ་གཟུགས། ་ལསྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙད་ཀུན་ཏུ་མི་སྤྱོད་ན་འཇིག་ཚོགས་ལ་ལྟ་བར་ཀུན་དུ་སྤྱོད་པ་མ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་དུ་སྤྱོད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་དུ་སྤྱོད་པ་མ་ཡིན་ཏེ། གཟུགས ་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙད་དུ་ཀུན་དུ་མི་སྤྱོད་ན། འཇིག་ཚོགས་ལ་ལྟ་བར ་ཀུན་ཏུ་སྤྱོད་པ་མ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས ་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན་རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི་གསུམ་པོ་འདི་དག་སྟེ། མོས་པ་སེམས་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང་། ཆུད་མི་གསོན་པ་སེམས་ཀྱི་ས་བོན་ནོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པ་མེད་པའི་སེམས་དང་འབྲལ་བའི་སེམས་དང་། ཡོངས་སུ་སྦྱོང་བའི་སེམས་དང་། སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས ་གཟུགས་ལ་སེམས་སྐྱེ་བ་དང་མི་སྐྱེ་བ་དང་ཆེར་སྐྱེ་བ་དང་། མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པང་འཚང་རྒྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུགས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན་རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱིས་པན་ནི་གསུམ་པོ་འདིད། ་སྟེ།། མོས་པ་སེམས་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང་། ཆུད་མི་གསོན་པ་སེམས་ཀྱི་ས་བོན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་ལ་མངོན་པར་ཞེན་པའི་སེམས་དང་བྲལ་བའི་སེམས་དང་། ཡོངས་སུ་སྤྱོད་པའི་སེམས་དང་། སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང ་རྣམ་པར་ཤེས་པ་ལ་སེམས་སྐྱེ་བ་དང་། མི་སྐྱེ་བ་དང་ཆེར་སྐྱེ་བ་དང་། མཉམ་དུ་སྐྱེ་བ་དང་། དེ་ལྟར་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱའོ། ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་ཡོད་པ་ཉིད་དང་། དེ་བཞིན་དུ་ཡོད་པ་ཉིད་དམ། མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན་དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ།། རབ་འབྱོར་གལ་ཏེ་བྱང ་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཡོད་པ་ཉིད་དང་དེ་བཞིན་དུ་ཡོད་པ་ཉིད་དམ། མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན་དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར ་གལ་ཏེ་བྱང་ཆུབ་སེམས་དཔས་གཟུགས་ལ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན་དེ་ཁོ་ན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན་དེ་ཁོ་ན་ཤེས ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམ་མཉམ་པར་གཞག་པར་འདོད་ཅིང་གཟུགས་ལ་མོས་ལ་གཟུགས་ལ་སེམས་དེ་སྐྱོང་། ཀུན་ཏུ་སྤྱོད། རྣམ་པར་སྐྱོང། མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར ་བྱའོ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འཛེད་ཅིང་རྣམ་པར་ཤེས་པ་ལ་མོས་ལ་རྣམ་པར་ཤེས་པ་ལ་སེམས་དེ་སྤྱོད། ཀུན་སྤྱོད། རྣམ ་པར་སྤྱོད་ན་མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་འདོད་ཅིང་། སེམས་དེ་གཟུགས་ལ་མོས་པ་ན། གཟུགས་ལ་སེམས་མི་འདོགས། ཀུན་དུ་མི་འདོག། རྣམ་པར ་མི་འདོགས་རྣམོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་སེམས་དེ་རྣམ་པར་ཤེས ་པལ་མོས་པ་ན་རྣམ་པར་ཤེས་པ་ལ་སེམས་མི་འདོགས། ཀུན་དུ་མི་འདོགས་རྣམ་པར་མི་འདོགས་ན་མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པར ་བྱ་བ་དང་། སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་ཞུགས་པ་ནི་མཱར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། སྡུག་བསྔལ་རབ་ཏུ་ཞི་བྱ་བ་དང་། མྱ་ངན་ལས་འདས་པ་ལ ་གཅིགཏུངས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ།། ང་ཆུབ་སེམས་དཔ་འ་དི་ལྟར་ཡང་དག་པར་ཞུགས་པ་ནི་མྱུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱའོ།། མཚན་ཉིད་མེད ་པར་ཤེས་བྱ་དང་། ། སྡུག་བསྔལ་ཞི་བར་བྱ་བ་དང་།། ཞི་བ་གཅིག་ཏུ་ངེས་བྱ་བར།། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སྣང་བ་མེད་པ་དང་། ཀུན་དུ་སྣང་བ་དང་། དེ་ལ་གནས་པ་དང་། དེ་ལ་འཇུག་པའི ་ས་ས་ད། པ་ཇིས་པ་བཞིན་ཏུ་ཤེས་ན། ཀཱར་དྱ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མད་པར་རྫོགས་པར་འམ་རྒྱའོ།། དབ་བྱོང་བྱང་ཆུབ་སེམས་དཔའཚ་བ་དང་། འདུ་ཤེས་དང་འང་བྱད་རྣམས་དང་། མ་། ་བ་ལ་སྣང་བ་མེད་པ་དང་། ཀུན་ཏུ་སྣང་བ་དང་། དེ་ལ་གནས་པ་དང་། དེ་ས་འཇུག་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ན། མཱར་དུ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ས། ་གང་སྣང་བ་མེད་པ་དང་། ཀུན་ཏུ་སྣང་བ་ཉིད་དང་ནི། དེ་ལ་གནས་དང་རབ་འཇུག་པ། དེ་ཤེས་ནས་ནི་བྱང་ཆུབ་ཐོབ། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་གཟུགས་ཡོངས་སུ་ཚོལ་བ་ན་དེ་མི་དམིགས་ཏེ། གཟུགས་མི་སྣང་བར ་བྱས་ཤིང་གཟུགས་ཀྱི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་བ་ན་དེ་མི་དམིགས་ཏེ། རྣམ་པར་ཤེས་པ་མི་སྣང་བར་བྱས་ཤིང་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས་ནས་མྱུར་དུ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་འཚང་རྒྱའོ། ། རབ་ཏུ་བཙལ་ན་མི་དམིགས་ཆོས། སེམས་ལ་དངོས་པོར་མི་སྣང་བ།། ཆོས་ཉིད་ལེགས་པར་ཤེས་པ་ཡི། བློ་ལྡན་བྱང་ཆུབ་འཐོབ་པར་འགྱུར།། རབ་འབྱོར་བྱང་ཆུབ ་ས་ཨེམས་དཔའ་གཟུགས་ལ་དངོས་པོ་མེད་པར་མཁས་པ་ནི་གཟུགས་འཇིག་པ་དང་ལྡན་ཞིང་གཟུགས་ཀྱི་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དངོས་པོ་མེད་པར་མཁས་པ་ནི་རྣམ་པར་ཤེས་པ་འཇིག་པ་དང་ལྡན་ཞིང་རྣམ་པར ་ཤེས་པའི་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་མྱུར་དུ་ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ། ། ཐོ་ལྡན་དངས་པོ་མ་མཁས་པ།། རྣམ་པར་བཛིན ་དང་ལྡན་གྱུར་ཅིང་། ། ཆོས་ཀྱི་དབྱིངས་ལས་མི་གཡོ་བར།། ཐམས་ཅད་མཁྱེན་པ་ཉིད་ཐོབ་འགྱུར།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དོན་དང་བྲལ་བ་དང་།། དོན་མེད་པ་དང་།། དོན་ཆེན་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་ན་སྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དོན་དང་བྲལ་བ་དང་། ་དོན་མེད་པ་དང་། དོན་ཆེན་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དོན་བྲལ་བ་དང་། དོན་མེད་པ་དང་། དོན་ཆེ་བ་ཡི་དོན་དུ་ནི། ཤེས ་ན་བྱང་ཆུབ་སེམས་དཔའ་རྣམས། བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར།། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་རྣམ་པར་རྟོག་པའི་འདོད་ཆགས་དང་། རབ་ཏུ་རྟོག་པའི་འདོད་ཆགས་དང་། ་རྣམ་པར་རྟོག་པའི་འདོད་ཆགས་དང་། འདོད་ཆགས་དང་། འདོད་ཆགས་ཆེན་པོ་དང་། འདོད་ཆགས་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་རྟོག་པའི་འདོད་ཆགས་དང་། རབ་ཏུ་རྟོགས་པའི་འདོད་ཆགས་དང་། རྣམ་པར་རྟོག་པའི་འདོད་ཆགས་དང་། འདོད་ཆགས་དང་། འདོད ་ཆགས་ཆེན་པོ་དང་། འདོད་ཆགས་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིག་སོ།། ། ་གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས་གཟུགས་ལ་གཟུགས་མི་དམིགས་ཏེ། གང་གཟུགས་ལ་གཟུགས ་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ། ། དེ་གནགས་མི་དམིགས་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟས། ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ས་པ་འབྱུང་། ་རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སུངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར ་ཤེས་པའི་རང་བཞིན་མི་དམིགས་པས་རྣམ་པར་ཤེས་པར་མི་དམིགས་སོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་མིས་པ་རྣམ་པ་ཤེས་པ་རྣམ་པ་ཤེ་པ་མིང་མིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། ། དེ་ནས་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ངེས་པར་འབྱུང་ངོ་། ། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་རྣམ་པར་རྟོག་པ་དང་།། རྣམ་པར་སྤྱོད་པའི་ཞེ་སྡང་དང་། རབ་ཏུ་རྟོགས་པ་དང་། རྣམ་པར་སྤྱད་པའི་ཞེ་སྡང་དང་། རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པའི ་ཞེ་སྡང་དང་། ཞེ་སྡང་དང་། ཞེ་སྡང་ཆེན་པོ་དང་། ཞེ་སྡང་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པའི་ནི་སྔངས་དང་། རབ་ཏུ་རྟོག་པ་དང་། རྣམ་པར་དཔྱོད་པའི་ནི་སྡང་དང་། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པའི་ཞེ་སྡང་དང་། ན་སྡ་དང་། ཞེ་སྡང་ཆེན་པོ་དང་། ཞེ་སྡང་ལྔ་ཡོངས་སུ་ཤེས ་ཁགས། ། ས་།། མམ་གནས་ཤེ་ས་དག་ཡོགས་གནན་ན་མ་མ།། གས་ལག་ས་མ་དག་། ་གཟུགས་ལ་གཟུགས་སུ་མ་དམིགས་པས་གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས་པ་དེས་གཟུགས ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་ལ་ཞེ་སྡང་ལྔ་པོ་འདི་དག་ཡངས་སུ་སྤང་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མ་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས ་སོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པ ་དེ་རྣམ་པར་ཤེས་པ་རིགས་པ་མི་རིགས་པ་དེས་རྣམ་པར་ཤེས་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས ་གཟུགས་ལ་འཁྲུལ་པའི་གཏི་མུག་དང་འཁྲུལ་བའི་ཆུའི་གཏི་མུག་དང་མི་འཁྲུལ་བའི་ཆུའི་གཏི་མུག་དང་། གཏི་མུག་དང་། གཏི་མུག་ཆེན་པོ་དང་། གཏི་མུག་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འཁྲུལ་བའི་གཏི་མུག་དང་། འཐུ་བི་ཅུའི་གི་མུ་དགང་མི་ཟུ་གཱའི་མུག་།། གི་མུ་དག། ག་ཆེན་པོ ་གཏི་ཟུག་ལྔ་ཡོངས་ཤེས་པར་བྱས་ཏེ་ཡོངས་སུ་ཟད་བར་བྱའོ། ། རབ་འབྱུང་བྱང་ཆུབ་སེམས་དཔས་གཟུགས་ལ་ག་མགལ་པའདི་དག་ཡངས་སུ་སྤ་ས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་པ།། གཟུགས ་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ། ། གཟུགས་ལ་གཟུགས་སུ་མི་དམིགས་པས་གཟུགས་ལ་གཟུགས་དཔགས་ཏེ། གང་གཟུགས་ལ་གཟུགས་ལ་དམིགས་པ་དེ་ཉིད་གཟུགས་ལ་གཟུགས ་མི་དམིགས་པའོ། ། དེ་གཟུགས་དམིགས་པ་མི་དམིགས་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གཏི་མུག་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང ་བཞིན་མི་དམིགས་པས་རྣམ་པར་ཤེས་པ་ལ་མི་དམིགས་སོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས ་བ་ནི་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། ། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ངེས་པར་འཟུང་ངོ་། ། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མང་དུ་ཐོས་པའི་ང་རྒྱལ་དང་། མངོན་པར་མཐོ་བའི་ང་རྒྱལ་དང་། མངོན་པའི་ངའི་རྒྱལ་དང་། ང་རྒྱལ་དང་། ང་རྒྱལ་ཆེན་པོ་དང་། ང་རྒྱལ་ལྔ་ཡོངས་སུ ་ཤེས་པར་བྱ་སྟེ་ཡོངས་སུ་སྤང་བར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མང་དུ་ཐོས་པའི་ང་རྒྱལ་དང་། མཐོན་པར་མཐོ་བའི་ང་རྒྱལ་དང་། མངོན་པའི ་དེའི་ང་རྒྱལ་དང་། ང་རྒྱལ་དང་། ང་རྒྱལ་ཆེན་པོ་དང་། ང་རྒྱལ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས ་ཀྱི་རང་བཞིན་མི་དམིགས་སོ། ། གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས་གཟུགས་ལ་གཟུགས་དམགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ ་ཉིད་གཟུགས་ལ་གཟུགས་མི་དམིགས་སོ། ། དེ་གཟུགས་དམིགས་པ་མི་དམིགས་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་བྱོར་བྱང ་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས་རྣམ་པར ་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས ་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། ། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུད་དོ།། རབ་འབྱོར་བྱང ་ཆུབ་སེམས་དཔས་གཟུགས་ལ་རང་བཞིན་ལ་ཕྱིན་ཅི་ལོག་གི་ལྟ་བ་དང་། ཡོད་དོ་སྙམ་པའི་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། ལྟ་བ་དང་ལྟ་བ་ཆེན་པོ་དང་། ལྟ་བ་ལྔ་ཡོངས་སུ་ཤེས་པར་བྱ་སྟེ་ཡོངས་སུ་སྤངས་པར་བྱའོ།། རབ་འབྱོར་བྱེད ་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་ལ་ཕྱིན་ཅི་ལོག་པའི་ལྟ་བ་དང་། ཡོད་དོ་སྙམ་པའི་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། ལྟ་བ་དང་། ལྟ་བ་ཆེན་པོ་དང་། ལྟ་བ ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤངས་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས ་གཟུགས་ལ་གཟུགས་སུ་མི་དམིགས་སོ། ། གཟུགས་ལ་གཟུགས་སུ་མི་དམིགས་པས་གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས ་དམིགས་པ་མི་དམིགས་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ལྟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི ་དམིགས་སོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ ་རྣམ་པར་ཤེས་པ་མི་དམིགས་པའོ། ། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་དང་ཆོས་ལ་ཡིད་གཉིས་ཟ་བ་དང་འགྲོ་བ་དང་། སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང་། ཡིད་གཉིས ་བ་དང་། ཡིད་གཉིས་ཟབ་ཆེན་པོ་དང་། ཡིད་གཉིས་ཟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤངས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་ལ་ཡིད་གཉིས་ཟ་བ་དང་། འགྲོ་བ་དང་། སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང་། ཡེད་གཉིས་ཟ་བ་དང་། ཡིད ་གཉིམ་ཟ་བ་ཆེན་པོ་དང་། ཡིད་གཉིས་ཟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ཡིད་གཉིས་ཟབ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ ་གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ། ། གཟུགས་ལ་གཟུགས་སུ་མི་དམིགས་པས་གཟུགས་ལ་གཟུགས་སུ་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས ་ལ་གཟུགས་མི་དམིགས་པའོ། ། དེ་གཟུགས་དམིགས་པ་མི་དམིགས་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་གཉིས་ཟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ལ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ ་ལ་ནམ་པར་ཤེས་པ་མི་དམིགས་པའོ། ། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ། དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུངས་པར་འཐུང་ངོ་།། རབ་འབྱོར། ་བྱང་ཆུབ་སེམས་དཔའ་གཟུགས་ཡོངས་སུ་ཚོལ་ཞིང་གཟུགས་ཀྱི་ཆོས་སྟོན་ལ། གཟུགས་ལ་ལུས་དང་། དག་དང་ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་གཟུགས་དེ་ཇི་ལྟར་བརྗོད་པ་དང་། ཇི་ལྟར་བསྟན་པ་དང་། ཇི་ལྟར་བསྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང་ཆོས ་ཀུན་ཏེ། དེ་ལ་ལུས་དང་། ངག་དང་ཡིད་ཀྱིལས་ཡོངས་སུ་སྤྱོད་པ་གཟུགས་ལ་ཉེས་པ་ཡོངས་སུ་ཚོལ་བའི་བྱུང་ཆུ་བ་སེམས་དབང་རིག་པར་བྱའོ།། གཟུགས་ལ་དམ་པའཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དབང་རིག་པར ་བྱའོ། ། གཟུགས་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། ་རབ་བྱེར་བྱང་ཆུབ་སེམས་དཔའ་གཟུགས་ཡོངས་སུ་མལ་ཞིང་གཟུགས་ཀྱིམ་ཆོས་སྟོན་ལ་གཙུགས་ལ་ལུམ་དང། ངག་དང་། ཡིད་ཀྱིལས་ཡོངས ་སྦྱོང་ཞིང་གཟུགས་དེ་ལ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་བསྙད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུམ་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་སྤྱོང་ན་གཟུགས་ལ་ལེགས ་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག་གི་ལས་ཀྱི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། གཟུགས་དེ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ ་འབྱོར་བྱང་ཆུབ་སེམས་དཔའ་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་ཤེས་པའི་ཆོས་སྟོན་ལ། རྣམ་པར་ཤེས་པ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་མྱོང་ཞིང་རྣམ་པར་ཤེས ་བ་དེ་ཇི་ལྟར་བརྗོད་པ་དང་། ཇི་ལྟར་བསྟན་པ་དང་། ཇི་ལྟར་བསྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་མྱོང་ན་རྣམ་པར་ཤེས་པ་ལ་ཉེས་པར་ཡོངས་སུ་ཚོལ་བའི་བྱང་ཆུབ་སེམས་དཔར་རིགས ་པར་བྱའོ། ། རྣམ་པར་ཤེས་པ་ལ་དམ་པའི་ཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ།། རྣམ་པར་ཤེས་པ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོང་སུ་མ་དག་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་ཤེས་པའི་ཆོས་སྟོན་ལ། རྣམ་པར་ཤེས་པ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་རྣམ་པར་ཤེས་པ་དེ་ལ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར ་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་བསྙད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་མྱོང་ན་རྣམ་པར་ཤེས་པ་ལ་ལེགས་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང ་དག་པའི་ངག་གི་ལས་ཀྱི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིགས་པར་བྱའོ། ། རྣམ་པར་ཤེས་པ་དེ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ ་སེམས་མཉམ་པར་གཞག་པར་འདོད་ཅིང་གཟུགས་དེ་ལ་ནང་དུ་མོས་ན། གཟུགས་ལ་མོས་པར་བྱ་བའི་གཟུགས་དང་། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་གཟུགས་ལ་མོས་པར་བྱ་བ་ཇི་ལྟ་བ ་བཞིན་དུ་སྟོན་ཏམ། མོས་པར་བྱ་བ་ལ་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་ན་གཟུགས་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མོས་པར་བྱ་བའི་གཟུགས་ལས་མོས་པའི་གཟུགས་ཀྱིས ་མཚན་ཉིད་ཤུ་ན་མེད་དོ། ། རབ་འབྱོར་གལ་ཏེ་མོས་པར་བྱ་བའི་གཟུགས་ལས་མོས་པའི་གཟུགས་ཀྱི་མཚན་ཉིད་གུད་ན་ཡོད་ན་ནི་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་། མཚུངས་པར་ལྟ་བ་ཐ་དད་པར་དམིགས་པར་འགྱུར་ཞིང་རྨི་ལམ ་ལ་སོགས་པ་ལ་དམིགས་པ་མེད་པའི་མོས་པས་དམིགས་པར་ཡང་མི་འགྱུར་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་མཐོང་བར་འགྱུར་ཞིང་རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། རིགས་པ་ལ་ཡང་མོས་པར་བྱ་བའི་གཟུགས་རྗེས་སུ་འཇུག ་པར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་མོས་པར་བྱ་བ་ལ་མོས་པ་ཅན་མོས་པ་ཐ་དད་པ་རྣམས་དང་། མཚུངས་པར་ལྟ་བ་ཐ་དད་པར་མ་གྱུར་ཅིང་རྨི་ལམ་ལ་སོགས་པ་ལ་ཡང་དམིགས་པ་མེད་པའི་མོས་པ་དམིགས་ལ། བྱིས་པ་སོ་སོའི་སྐྱེ་བོ ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་མཐོང་བར་མགྱུར་ཏེ། རྣམ་པར་མི་རྟོགས་པའི་མོས་པ་གྲུབ་པ། རིགས་པ་ལ་ཡང་མོས་པར་བྱ་བའི་གཟུགས་རྗེས་སུ་འཇུག་སྟེ། དེ་དེའི་ཕྱིར་བྱང་ཆུབ་སེམས་དཔས་མོས་པའི་གཟུགས་ལས ་མོས་པར་བྱ་བའི་གཟུགས་ཀྱི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ། ། བཞན་དུ་ན་མོས་པར་བྱ་བའི་གཟུགས་དེ་ཇི་ལྟ་བ་བཞིན་དུ་མཚན་མ་དང་བཅས་པའི་ལྟ་བའི་མོས་པའི་གཟུགས་ཀྱང་ཡང་དག་པར་ཟུང་བ་ནི་མ་གཏོགས་སོ།། ། ་དེ་བས་ན་དོན་གཞན་སྣང་ངོ་།། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔས་མས་པར་བྱ་བའི་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་དུ་སེམས་སོ།། མོས་པར་བྱ་བའི་གཟུགས་ཡོད་ན་མོས་པའི་གཟུགས་རིག་པར ་འགྱུར་གྱི། མེད་ན་ནི་མ་ཡིན་པར་རིག་ནས་གཟུགས་ལ་འཁྲུལ་པའི་སེམས་དམིགས་ཏེ། མོས་པའི་གཟུགས་ཀྱི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ། དེ་གཟུགས་གཉིས་ཀྱི་འདུ་ཤེས་རྣམ་པར་བཤིག་ཅིང་གཟུགས་ཀྱི་འདུ་ཤེས་ཐམས་ཅད ་བཤིག་ནས་གཟུགས་ཐམས་ཅད་མི་དམིགས་སོ། ། གཟུགས་ཐམས་ཅད་མི་དམིགས་པས་གཟུགས་པས་གཟུགས་ལ་འཁྲུལ་པར་དམིགས་སོ།། གཟུགས་ལ་འཁྲུལ་པར་དམིགས་པས་གཟུགས་ལ་འཁྲུལ་པའི་རྒྱུ་དམིགས་སོ།། གཟུགས་ལ ་འཁྲུལ་པའི་རྒྱུ་དམིགས་པས་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ། ། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་པས་གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགས་སོ།། གཟུགས་ལ་འཁྲུལ་པ་མེད་པའི་སྐུ ་མེད་པས་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་པོ། ། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་པདག་པང་སྒྲུབ་པས་གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་འཐུན་པའི་ཆོས་ཡང་དག་པར་སྒྲུབ་སྟེ། དེས་གཟུགས་ལ་འཁྲུལ་བ་དང་། འཁྲུལ ་པ་མེད་པའི་ཆོས་སྔ་ནས་ཡང་དག་པར་སྒྲུབས་པ་ཡིན་ནོ། ། དེ་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་དང་འཁྲུལ་པ་མེད་པའི་རྒྱུ་འཐུན་པའི་ཆོས་ལ་རྟེན་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒོམ་མོ།། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར། ་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་སེམས་དཔའ་གཟུགས་ལ་དེ་ལྟར་སྟོན་ན་ཡང་དག་པར་སྟོན་པ ་ཡིན་ནོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིངག་། རྣམ་པར་ཤེས་པ་དེ་ལ་ནང་དུ་མོས་ན་རྣམ་པར་ཤེས་པ་ལ་མོས་པར་བྱ་བའི ་གཟུགས་དང་། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་རྣམ་པར་ཤེས་པ་ལ་མོས་པ་ལ་མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ཏམ། མོས་པར་བྱ་བ་ལ་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་ན་རྣམ ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིགས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མོས་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་དོ།། རབ་འབྱོར་གལ་ཏེ། ་མོས་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་ཡོད་ན་ནི་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་། མཚུངས་པར་ལྟ་བ་ཐ་དད་པར་དམིགས་པར་འགྱུར་ཞིང་། རྨི་ལམ་ལ་སོགས་པ་ལ ་དམིགས་པ་མེད་པའི་མོས་པ་དམིགས་པར་ཡང་མི་འགྱུར་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྣམ་པར་ཤེས་པ་ལ་དེ་ཁོ་ན་མཐོང་བར་ཡང་འགྱུར་ཞིང་། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ་རིགས་པ་ལ་ཡང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས ་སུ་འཇུག་པར་མི་འགྱུར་བ་ཞིག་ན། ། རབ་འབྱོར་འདི་ལྟར་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་། མཚུངས་པར་ལྟ་བ་ཐ་དད་པར་མ་གྱུར་ཅིང་། རྨི་ལམ་ལ་སོགས་པ་ལ་ཡང་དམིགས་པ་མེད་པའི་མོས་པ་དེ་དམིགས་ལ།། བྱིས་པ ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྣམས་པར་ཤེས་པ་ལ་དེ་ཁོ་ན་མཐོང་བར་མ་ནུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། རིགས་པ་ལ་ཡང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་སྟེ།། དེའི་ཕྱིར་བྱང་ཆུབ་སེམས་དཔས་མོས་པའི་རྣམ་པར ་ཤེས་པ་ལས་མོས་པར་བྱ་བའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ། ། གཞན་དུ་ན་མོས་པར་བྱའི་རྣམ་པར་ཤེས་པ་དེ་ཇི་ལྟ་བ་བཞིན་དུ་མཚན་མ་དང་བཅས་པའི་ལྟ་བའི་མོས་པའི་རྣམ་པར་ཤེས་པ་ཡང ་ཡང་དག་པར་བྱུང་བ་ནི་མ་གཏོགས་སོ། ། དེ་བས་ན་དོན་གཞན་སྣང་ངོ་།། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་མོས་པར་བྱ་བའི་རྣམ་པར་ཤེས་པའི་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་དུ་སེམས་སོ།། མོས་པར་བྱ ་བའི་རྣམ་པར་ཤེས་པ་ཡོད་ན་མོས་པའི་རྣམ་པར་ཤེས་པ་ཡང་རིགས་པར་འགྱུར་གྱི། མེད་ན་ནི་མ་ཡིན་པར་རིག་ནས་མོས་པའི་རྣམ་པར་ཤེས་པ་ལ་མོས་པའི་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ།། དེ་རྣམ་པར་ཤེས་པ ་གཉིས་ཀྱི་འདུ་ཤེས་རྣམ་པར་བཤིག་ནས་རྣམ་པར་ཤེས་པ་ན་ཐམས་ཅད་མི་དམིགས་སོ། ། རྣམ་པར་ཤེས་པ་ཐམས་ཅད་མི་དམིགས་པས་རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་སོ།། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་པས ་རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་སོ། ། རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་པས་རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ།། རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག ་པར་སྒྲུབ་པས་རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ཡང་དག་པར་སྒྲུབ་སྟེ། དེས་རྣམ་པར་ཤེས་པ་ལ་འཁྲུལ་པ་དང་། འཁྲུལ་པ་མེད་པའི་ཆོས་སྔནས་ཡང་དག་པར་བསྒྲུབས་པ་ཡིན་ནོ།། དེ་རྣམ་པར་ཤེས་པ་ལ ་འཁྲུལ་པ་མེད་པའི་ཆོས་དང་། འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒོམ་མོ།། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤྱོད་དོ།། མྱུར་དུ ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་དེ་ལྟར་སྟོན་ན་ཡང་དག་པར་སྟོན་པར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དམ ་པའི་ཆོས་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་པའི་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། བྱམས་པ་དང་། བྱམས་པ་ཆེན་པོ ་དང་། བྱམས་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་པའི་ཆོས་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་པའི ་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། བྱམས་པ་དང་། བྱམས་པ་ཆེན་པོ་དང་། བྱམས་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས ་གཟུགས་ལ་མི་སྡུད་པའི་སྙིང་རྗེ་དང་། འདྲ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་མི་སྡུད་པའི་སྙིང་རྗེ་དང་། འདུ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དམ་པའི་ཆོས་ལ་དད་པས ་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་། ཕན་འདོགས ་པ་དང་། རྗེས་སུ་ཡིད་རང་བའི་དགའ་བ་དང་། དགའ་བ་དང་། དགའ་བ་ཆེན་པོ་དང་། དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་དམ་པའི་ཆོས་ལ་དད་པས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་ལས ་འདས་པའི་བདེ་བས་བསྟན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡ་རང་བའི་དགའ་བ་དང་། དགའ་བ་དང་། དགའ་བ་ཆེན་པོ་དང་། དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས ་ལ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ། བརྟུལ་བའི་བཏང་སྙོམས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་། ཀུན་ནས་ཉོན་མོངས་པ་བརྟུལ་བའི་བཏང་སྙོམས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བཏུལ་བའི་བཏང་སྙོམས་དང་། བཏང་སྙོམས་དང་། བཏང་སྙོམས་ཆེན་པོ་དང་། བཏང་སྙོམས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤངས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བཏུལ་བའི་བཏང ་སྙོམས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ་དང་། ཀུན་ནས་ཉོན་མོངས་པ་མེད་པ། བཏུལ་བའི་བཏང་སྙོམས་དང་། བཏང་སྙོམས་དང་། བཏང་སྙོམས་ཆེན་པོ་དང་། བཏང་སྙོམས་ལྔ་བསྒོམ་པར་བྱའོ།། རབ་འབྱོར ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་པདམ་བཅས་པའི་སྦྱིན་པ་དང་། ཟང་ཟིང་དང་མི་འཇིགས་པ་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། སྦྱིན་པ་རྣམ་པ་ལྔ ་བསྒོམ་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་བཅས་པའི་སྦྱིན་པ་དང་། ཟང་ཟིང་དང་། མི་འཇིགས་པ ་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཡང་དག་པར ་བླངས་པ་དང་བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཆེན་པོ་དང་། ཚུལ་ཁྲིམས་རྣམ་པ་ལྔ ་བསྒོམ་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པར་བླངས་པ་དང་བརྡ་ཅན་གྱི་སྡོམ་པའི་ཚུལ ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཆེན་པོ་དང་། ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས ་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་སེམས་ཅན་གནོད་པ་བྱེད་པ་ལ་ཛ་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། བཟོད་པ་དང་། བཟོད་པ ་ཆེན་པོ་དང་། བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་ཅན་གནོད་པ་བྱེད་པ ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་དང་། བཟོད་པ་དང་། བཟོད་པ་ཆེན་པོ་དང་། བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ལུང་ནོད་པ་དང་། ཁ་ཏོན་བྱ་བ་སེམས་པའི་བརྩོན་འགྲུས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བའི་བརྩོན་འགྲུས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང་། ་བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་ལུང་ནོད་པ་དང་། བ་ཏོན་བྱ་བའི་སེམས་པའི་བརྩོན་འགྲུས་དང་། ཉེས་པ་ཐམས་ཅད་ཡོས་སུ་སྤང་བའི་བརྩོན་འགྲུས་དང་། ཡོངས་སུ་ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བཅོར་འགྲུས་དང་། ་བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཚིག་འབྲལ་ལྟོས་པའི་དག་པའི ་བསམ་གཏན་དང་། ཚིག་འབྲུལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན་དང་། བསམ་གཏན་ཆེན་པོ་དང་། བསམ་གཏན ་རྣམ་པ་ལྔ་བསྒོམ་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་དང་། ་ཚིག་འཕྲུལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན་དང་། བསམ་གཏན་ཆེན་པོ་དང་། བསམ་གཏན་རྣམ་པ་ལྔ་བསྒོམ ་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཚིགས་འབྲུ་ལ་ལྟོས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བའི་གདོད་མ་ནས་དག ་འི་འཇིག་རྟེན་པའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་དང་། ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདྲ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚིག་འཕྲུལ་ལྟོས་པའི་དགེ་བའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། ་ཚིག་འབྲུལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། ཤེས་རབ་དང་། ཤེས་རབ ་ཆེན་པོ་དང་། ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་ལྡན་པས་མཉན་པས་བསྟན་པ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པ་དང་། ་བསླབ་པའི་ཆོ་ག་དང་འཐུན་པས་བསྟེན་པ་དང་། ནན་ཏན་གྱིས་མགུ་བར་བྱ་བས་སྟེན་པ་དང་། བསྟེན་པ་དང་། བསྟན་པ་ཆེན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པ་ལྔས་གཟུགས་ལ་དགེ་བའི་བཤེས་གཉེན་ལ ་བསྟེན་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་ལྡན་པས་མཉན་པ་དང་སྟེན་པ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པ་དང་། བསླབ་པའི་ཆོ་ག་བཞིན་དུ་བསྟེན་པ་དང་། ནན ་ཏན་གྱིས་མགུ་བར་བྱ་བས་བསྟེན་པ་དང་། བསྟན་པ་དང་། བསྟན་པ་ཆེན་པོ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་རྣམ་པ་ལྔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དགེ་བའི་བཤེས་གཉེན་ལ ་བསྟན་པར་བྱའོ། ། དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་ཐར་པའི་ཐབས་ཀྱང་ཡོངས་སུ་བཛིན་ཅིང་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེད་དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཡང་ངེས་པར་འབྱུང་ངོ་། ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས་བསྟོད་པ་སྣ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་། བཀུར་སྟི་ཉེ་བར་བསྒྲུབ་པའི་མཆོད་པ་དང་། ་ན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང་། མཆོད་པ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་གཟུགས་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཛོད་པ ་ལ་བརྩོན་པས་བསྟོད་པ་སྣ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་བཀུར་སྟི་ཉེ་བར་བསྒྲུབ་པའི་མཆོད་པར་བྱའོ།། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང་། མཆོད་པ ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པའི ་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་བརྗོད་པ་མཛད་དོ། ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན ་ལས་ཀྱང་འཐོབ་པ་དང་། བཀུར་སྟི་རྙེད་དོ།། སེམས་ཅན་ཚད་མེད་པ་ཡང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང ་མངོན་པར་རྫོགས་པར་འཚང་རྒྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལྡན་པ་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས ་པར་མི་བྱེད་དོ། ། མཚན་མ་མེད་པའི་སྦྱིན་པ་སྒོམ་ན་ནི་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པ་འམ་མཚན་མ་མེད་པའི ་སྦྱིན་པ་ཇི་ལྟར་སྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་ན། མོས་པར་བྱ་བའི་སྦྱིན་པ་འམ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང ་བཅས་པའི་སྦྱིན་པ་བསྒོམ་པར་བྱའོ། ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་ན་འདི་ལྟ་སྟེ། གཟུགས་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང་། རང ་བཞིན་གྱིས་དམིགས་སུ་མེད་པའི་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང་མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་མེད་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ།། ། ་རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན་མྱུར་དུ་སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། ། མཚན་མ་མེད་པའི་སྦྱིན་པསྒོམ་ན་ནི་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས ་པ་ལ་མཚན་མ་དང་བཅས་པའམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོས་ན་མོས་པར་བྱ་བའི་སྦྱིན་པ་འམ་མོས་པའི ་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་དང་བཅས་པའི་སྦྱིན་པ་ལ་སྒོམ་པར་རིག་པར་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོས་ན། ་འདི་ལྟ་སྟེ། རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང་། རང་བཞིན་གྱིས་དམིགས་སུ་མེད་པས་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང་མོས་པའི་སྦྱིན་པ་མི ་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དེ་བཞིན ་སྦྱར་བར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་གཟུགས ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར ་གཟུགས་ལ་སོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ ་ཤེས་པར་བྱའོ། ། རབ་འབྱོར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང ་བཞིན་སྟོང་པ་ཉིད་ལ་དམིགས་ནས་སེམས་རྩེ་གཅིག་དུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས ་བར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་བྱང་ཆུབ ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་གཟུགས་ལ་དངོས་པོའི་མཚན་མ་འགགས་ཏེ་དངོས་པོ་མེད ་པའི་མཚན་མིའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དེ་ལྟར་དངོས་པོའི་མཚན་མ་རྗེས་སུ་འབྲལ་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དངོས་པོ་དང་། དངོས་པོ་མེད་པའི་མཚན ་མའི་རྗེས་སུ་འབྲལ་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་མཚན་མ་མེད ་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན ་ཡོངས་སུ་ཤེས་པར་བྱའོ། ། རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་རྣམ་པར་ཤེས་པ་ལ་དངོས་པོའི་མཚན་མ་འགགས་ཏེ། དངོས་པོ་མེད་པའི་མཚན་མའི་རྗེས་སུ ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དེ་ལྟར་དངོས་པོ་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དངོས་པོ་དང་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས ་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ ་འཛིན་ཡོངས་སུ་ཤེས་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང ་ཞེ་ན། གང་གཟུགས་ལ་སྟོང་པ་ཉིད་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པས་གཟུགས་ལ་དངོས་པོ་མེད་པའི་མཚན་མ་དང་། མི་མཐུན་པའི་དམིགས་པ་དང་། དེ་ལྟར་དངོས་པོ་མེད་པའི ་མཚན་མ་དང་མི་མཐུན་པའི་དམིགས་པ་དང་། དངོས་པོ་དང་དངོས་པོ་མེད་པའི་མཚན་མ་དང་། མི་མཐུན་པའི་དམིགས་པ་པ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་གཟུགས་ལ་སྨོན་པ་མེད་པའི ་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས། ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང ་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པས་རྣམ་པར་ཤེས་པ་ལ་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་དང་དེ་ལྟར་དངོས་པོའི་མཚན་མ ་དང་། མི་མཐུན་པའི་དམིགས་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར་རྣམ་པར་ཤེས་པ་ལ་སྨོན་པ་མེད ་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མེད་པའི་དོན་དང་། ་རྣམ་པར་འཇིགས་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མེད་པའི་དོན་དང་། རྣམ་པར་འཇིགས་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱིས་དོན་དང་། འབྲེལ་པའི་དོན་དང་། དོན་གསུམ་གྱི་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱའོ།། ་རབ་འབྱེར་བྱང་ཆུབ་སེམས་དཔས་ཚོར་པ་དང་། འདུ་ཤེས་དང་། འདུ་བྱེད་ནམས་དང་། རྣམ་པར་ཤེས་པ་ལ་མངོན་པ་ནན་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་བར། ་དན་དང། དོན་གསུམ་གྱི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ།། དཔེའ་བྱར་བྱང་ཆུབ་སེམས་དཔའ་གཟུགས་ལ་དངོས་པ་མེད་པ་བདག་མེད་པའི་དོན་དང། དེ་སང་དངོས་པ་བདག་མེད་པའི་དོནད་དཔརང ་བཞིན་བདག་མེད་པའི་དན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོང་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་ད་། དེ་ན་གསུམ་གྱིས ་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ ་པར་དག་བཞི་པའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་བཞི་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་རྣམ་པར་ཤེས་པ་དངས་པ་མེད་པ་ཤིན་ཏྲཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་བཞི་པའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་བཞི་པ་ཉིད་མངས ་སུ་ཤེས་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་མེ ་དེ་དག་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུམ་ངལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་བརྫོགས་སྷོ།། ་སདགསང་རྒྱད་ཀྱིས་ཅད་བཅས་ནས་གཏན་ལ་ཕབ་པ། @#།། རྩེ་གར་སྐད་དུ། ཨཱརྱ་བཛྲཱན་དི་ཀནཱ་མ་ཟ་བྷཱུ་མི་ཏཱམ་ཏྭཱ་ཨཱན་སྥཱ་ཏྨ། བོདསྐ་དདུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ ་