CLOSE WINDOW

Q736: 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་སུ་པྲི་ཀྲན་ཏ་བི་ཀྲ་མི་པ་རི་པྲི་ཙ་པྲ་ཛྙཱ་བཱ་ར་མི་ཏ་ནིར་དེ་ཤ། བོད་སྐད་དུ། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ། ་བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི ་ཚལ་བྱ་ཀ་ལན་དྷ་ཀ་གནས་པ་ན། ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་སྐྱེ་བ་གཅིག་གིས་ཐོགས ་པ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། ། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་ལྟས་ཏེ་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་བསྟན་ལས་ལངས་ཏེ། ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས ་པའི་ལྷ་ང་ས་ལ་བཙུགས་ཏེ། ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི ་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་བྱེ་ན། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ།། དེ་སྐད་ཅེས་གསོལ ་པ་དང་། ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན།། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པདེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པན་བདུད་སྡིག་ཅན་གྱིས་གླགས་མི་རྙེད ་ཅིང་བདུད་ཀྱི་ལས་ཐམས་ཅད་ཀྱང་རྟོགས་པར་འགྱུར་ལགས། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟ་བུས་གནས་ན་མྱུར་དུ་ཐམས་ཅད་མཁྱེན ་པཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་ལགས། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དང་། ཅི་ནས་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན ་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་བལ་བ་ཅིའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་། ད་ལྟར་གྱི་དང་། མའོངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྡང་བར་བྱེད་པར་འདོད ་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པིབ་སངས་རྒྱས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་ལེགས་སོ་ལེགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུབྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ་ཁྱོད་དོན་གྱི་དབང་གང་མཐོང་ནས་དེ་བཞིན་གཤེགས་པ་ལ་དོན་འདི་ལྟ་བུ་འདྲི། དེ་སྐད ་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། ་སེམས་ཅན་ཐམས་ཅད་ལ་སྙིང་རྩེ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དང་། ཆོས་ཐམས་ཅད་སྡུད་པ་ལགས་པབ་སླད་དུའོ།། ་བཅོམ་ལྡན་འདས་དེ་ལ་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་གིས་ཟོས་དམྱུར་དུ་ཟག་པ་མ་མཆིས་པའས་མངོན་སུམ་དུ་བགྱིད་པར་འགྱུར་བ་དང་། གང་དག་རང་སངས་རྒྱས ་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་ཀྱང་མྱུར་དུ་རང་སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་འབྱུང་བར་འགྱུར་བ་དང་། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཀྱང་མྱུར་དུ ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། གང་དག་ཡང་དག་པ་ཉིད་སྐྱོན་མྱེད་པ་ལ་མ་ཞུགས་ཤིང་ས་གསུམ་ལ་མ་ངེས་པ་དེ་དག་གིས་བོས་ན་བླ་ན་མྱེད་པ་ཡང ་དག་པར་རྫོགས་པ་བྱང་ཆུབ་ཀྱི་ས་མས་བསྐྱེད་པར་འགྱུར་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞུས་པའལན་བཏབ་བས་སེམས་ཅན་ཐམས་ཅད་ཀྱི་དགེ་བིའི་རྩ་བ་བསྐྱེད ་པར་འགྱུར་བའི་སླད་དུ་དེ་བཞིན་གཤེགས་པའི་ཡུལ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་དུ་གསོལ། བཅོམ་ལྡན་འདས་བདག་ནི་སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ ་ཞུ་བ་མ་ལགས། དབུལ་པོའི་སེམས་དང་ལྡན་པ་རྣམས་ཀྱི་སླད་དུ་མ་ལགས། དབུལ་བའི་ཐག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་སླད་དུ་མ་ལགས། ལེ་ལོའི་སེམས་ཅན་རྣམས་ཀྱི་སླད་དུ་མ་ལགས། ལེ་ལོ་འཟིལ ་གྱིས་ནོན་པ་རྣམས་ཀྱི་སླད་དུ་མ་ལགས། ལྟ་བའི་འདམ་དུ་བྱིན་པ་རྣམས་ཀྱི་སླད་དུ་མ་ལགས། བདུད་ཀྱི་ཞགས་པས་ཟིན་པ་རྣམས་ཀྱི་སླད་དུ་མ་ལགས།། ངོ་ཚ་མ་འཚལ་ཅིང་ཁྲེལ་མ་མཆིས་པ་རྣམས་ཀྱི་སླད་དུ་མ ་ལགས། ཡོ་བྱད་བསྐངས་པ་དང་ཀྱི་ལྡན་པ་རྣམས་ཀྱི་སླད་དུ་མ་ལགས། བསྐྲད་ངེས་པ་རྣམས་ཀྱི་སྐད་དུ་མ་ལགས། སེམས་འཁྲུལ་པ་རྣམས་ཀྱི་སླད་དུ་མ་ལགས། འདོད་པའི་འདམ་དྲ་བྱིན་པ་རྣམས་ཀྱིས ་དུམ་ལགས། ཡོན་ཅན་རྣམས་ཀྱི་སྐད་དུ་པ་ལགས། སྣ་མ་ཅན་རྣརྣམས་ཀྱི་སྐད་དུ་མ་ལགས། བགྱིས་པ་མྱི་གཟོ་བ་རྣམས་ཀྱི་སླད་དུ་མ་ལགས། སྡིག་པ་འཚལ་བ་རྣམས་ཀྱི་སླད་དུ་མ་ལགས། ་སྡིག་པ་སྤྱོད་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཁྲིམས་ཉམས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཁྲིམས་ཡོངས་སུ་མ་དག་པ་རྣམས་ཀྱི་སླད་དུ་མ་ལགས།། ལྟ་བ་ཉམས་པ་རྣམས་ཀྱི་སླད་དུ་མ་ལགས། ་སྡིག་པའི་ལས་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་རྣམས་ཀྱི་སླད་དུ་མ་ལགས། བདག་ལ་སྟོད་པ་རྣམས་ཀྱི་སླད་དུ་མ་ལགས། གཞན་ལ་སྨོད་པ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་དང་བསྐུར་སྟི་ལ་གདུ་བ་རྣམས་ཀྱི ་སླད་དུ་མ་ལགས། ལྷུང་བཟེད་དང་།། ཆོས་གོས་ལ་ཆགས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཆོས་པ་རྣམས་ཀྱི་སླད་དུ་མ་ལགས། ཁགས་གཅན་རྣམས་ཀྱི་སླད་དུ་མ་ལགས།། གཞོག་སློང་ཅན་རྣམས ་ཀྱི་སླད་དུ་མ་ལགས། ཐོབ་ཀྱིས་འཇལ་བ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་ལས་རྙེད་པ་སྒྲུབ་པ་རྣམས་ཀྱི་སླད་དུ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་རྣམས་ཀྱི་སླད་དུ་བདག་དེ་བཞིན ་གཤེགས་པ་ལ་ཞུས་པ་མ་ལགས་སོ། ། བཅོམ་ལྡན་འདས་སེམས་ཅན་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་དང་། ཆགས་པ་མ་མཆིས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། མི་མཉམ ་པ་དང་མཉམ་པའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་ཚོལ་བ་དེ་དག་དང་། གང་དག་བདག་དང་ཕ་རོལ་ཀྱང་མྱི་དམྱིགས་ན། བདག་ལ་སྐྲོད་པ་དང་། གཞན་ལ་སྨོད་པ་ལྷ་ག་ལ་མཆིས་ཏེ། བཅོམ་ལྡན ་འདས་དྲ་བཅད་པ་ལྟ་བུར་ང་རྒྱལ་མ་མཆིས་པ། ཟུག་རྔུ་ཕྱུང་བ། གདོལ་ཕྲ་ལྟ་བུར་སེམས་དམའ་བ། སེམས་ས་དང་ཆུ་དང་མྱེ་དང་། རླུང་དང་། ནམ་མཁའ་དང་མཚུངས་པའི་སེམས་ཅན་རྣམས་དང་། ་བྱང་ཆུབ་སེཔས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་ལགས་སོ།། བཅོམ་ལྡན་འདས་གང་དག་ཆོས་ཀྱང་མྱི་དམྱིགས་ཤིང་། རློམ་སེམས་སུ་མྱི་བགྱིད་ལ ་མངོན་པར་ཞེན་པ་མ་མཆིས་ན། ། ཆོས་མ་ལགས་པ་ལྟ་ག་ལ་མཆིས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། བཅོམ་ལྡན ་འདས་བསམ་པ་དག་པ། གཡོམ་མཆིས་པ། སྒྱུམ་མཆིས་པ། དྲང་བ་སེམས་མཉམ་པ། སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སྙིང་བརྩེ་བ་ཅན་ཡང་དག་པར་འཛིན་དུ ་སྩོལ་བ། ཡང་དག་པར་གཟེར་བསྟོད་པ་དང་། ཡང་དག་པར་དགའ་བར་བགྱིད་པ། ཁུར་ཆེན་པོ་ཁྱེར་བ། ཐེག་པ་ཆེན་པོ་ལ་མངོན་པར་ཞུགས་པ། བགྱི་བ་ཆེན་པོས་སོ་སོར་ཉེ་བར་གནས་པ ་སྙིད་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བགྱིད་པ་འདྲེན་པ། རྣམ་པར་འདྲེན་པ། ཡོངས་སུ་འདྲེན་པ། ཆོས་ཐམས་ཅད་ལ་མྱི་རྟེན་པར་གནས་པ། སྐྱེ་བའི་གནས་ཐམས ་ཅད་མྱེ་ཚོལ་བ། ། བདུད་ཀྱི་ཞགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། འདུན་པ་ཅན། བརྩོན་འགྲུས་དང་ལྡན་པ། བག་མཆིས་པ། ཆོས་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ། ཐེ་ཙོམ་ཐམས་ཅད་གཅོད་པ་ལ། ་མཁས་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ ་ཤེས་ལ་ཡང་རློམ་སེམས་སུ་མྱི་བགྱིད་ཅིང་མངོན་པར་མྱི་ཞེན་ལ་ཆགས་པར་མྱི་གནས་ཤིང་། རློམ་སེམས་ཐམས་ཅད་ལས་ཡང་དག་པར་འདས་པའི་ལམ་ལ་གནས་པ། ལམ་དུ་ཞུགས་པ། ལམ ་སྙན་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སླད་དུ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། བཅོམ་ལྡན་འདས་བདག་ན ་སེམས་ཅན་ཐམས་ཅད་ལ་བདེ་བ་དང་། ལྟག་ན་མ་མཆིས་པའི་བདེ་བ་དང་། བླ་ན་མ་མཆིས་པའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བ་དང་། སངས་རྒྱས་ཀྱི་བདེ་བ་དང་། འདུས་མ་བགྱིས་ཀྱི་བ ་བ་ཉེ་བར་བསྒྲུབ་པར་འཚལ་ཏེ། བདག་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བའི་སླད་དུ་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། བཅོམ་ལྡན་འདས་བདག་ནི་ཐེ་ཚོམ་མ ་མཆིས་པར་འཚལ་ཞིང་ཐེ་ཚོམ་མ་མཆིས་ནས་ཀྱང་སེམས་ཅན་རྣམས་ཀྱི་ཐེ་ཚོམ་རབ་ཏུ་སྤང་བའི་སླད་དུ་ཆོས་བཤད་པར་འཚལ་ཏེ། བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བསལ་བའི་སླད ་དུ་བཅོམ་ལྡན་འདས་ལ་ཞུ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་དང་མི་འཐུན་ཞིང་བདེ་བ་འཚལ་ལོ།། སེམས་ཅན་ཐམས་ཅད་ནི་བདེ་བ་དོན་དུ་གཉེར ་བ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་མ་གཏོགས་པར་གཞན་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་བདག་གིས་མ་མཐོང་ཞིང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཐེག་པ་ཆེན་པོ་མ་རྟོགས ་པར་གཞན་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་བས་སེམས་ཅན་རྣམས་ལ་བདེ་བ་ཉེ་བར་བསྒྲུབ་པར་འཚལ་བའི་སླད་དུ་ཤེས་རབ ་ཕ་རོལ་ཏུ་ཕྱིན་པ་ཞུ་ལགས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་འདི་ཡང་དག་པར་མཐོང་བས་བདག་གིས་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་ལེགས་སོ།། ལེགས་སོ།། ་ཁྱོད་སྐྱེ་བོ་ཕལ་པོ་ཆེ་ལ་སྙིང་རྩེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་ནི་ཁྱོད་ཀྱི་ཡོན་ཏན་གྱི་མཐའ་རྟོགས་པར་སླ་བ་མ་ཡིན་ནོ།། དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་བ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ། བཅོམ་ལྡན་འདས་ཀྱི་ལྷར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཤེས་རབ ་ཀྱི་ཕ་རོལ་ཏུབྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཞེས་ཟེར་བ་ནི། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་ཐམས་ཅད་ལས་འདས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཞི་ནི་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། འདིའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས ་བརྗོད་པར་མྱི་ནུས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་ཤེས་རབ་ཉིད་ཀྱང་དེ་བཞིན་གཤེགས་པས་མ་བརྙེས་མ་དམྱིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་དམྱིགས་པར་གལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཅེས་བྱ་བ་འདི་ནི་ཆོས ་ཐམས་ཅད་ཀུན་ཏུ་ཤེས་པ་འདི་ནི་ཆོས་ཐམས་ཅད་ཀུན་ཏུ་རིག་པ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཀུན་ཏུ་རིག་པ་གང་ཞེ་ན། ཆོས་འདི་དག ་ཐམས་ཅད་ནི་རྣམ་པ་གཞན་ན་ཆོས་ཐམས་ཅད་རྣམ་པ་གཞན་དུ་བརྗོད་དེ། ཆོས་ཐམས་ཅད་ནི་བརྗོད་པ་ལས་རྣམ་པར་གྲོལ་བ་མ་ཡིན་ནོ།། གང་ཆོས་ཐམས་ཅད་ཀུན་དུ་ཤེས་པ་དང་། གང་ཆོས་ཐམས ་ཅད་ཀུན་དུ་རིག་པ་དེ་ཡང་ཚིག་གིས་བརྗོད་པར་མྱི་ནུས་མོད་ཀྱི། འོན་ཀྱང་ཇི་ལྟར་སེམས་ཅན་རྣམས་ཀྱིས་ཤེས་པར་གྱུར་པ་དེ་ལྟར་ཤེས་རབ་ཅེས་བྱའོ།། འདི་ནི་བཏགས་པ་ཞེས་བྱ་སྟེ། དེའི་ཕྱིར་ཤེས ་རབ་ཅེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གདགས་སུ་མེད། གཟུང་དུ་བྱེད། བཤད་དུ་མེད། སྣང་བ་མེད་དེ། དེ་ལྟ་བུར་ཀུན་དུ་རིག་པ་དེ་ནི་ཀུན་དུ་རིག་པ་ཞེས་བྱའོ།། ར ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཅེས་བྱ་བ་དེ་ནི་ཀུན་ཤེས་པ་ཡང་མ་ཡིན། ཀུན་མི་ཤེས་པ་ཡང་མ་ཡིན། དེ་ལས་ཀྱང་མ་ཡིན། དེ་ལས་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཤེས་རབ ་ཅེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་མི་ཤེས་པའི་སྤྱོད་ཡུལ་ཡང་མ་ཡིན།། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་མ་ཡིན། བྱི་ཤེས་པའི་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན ་ཏེ། ཡེ་ཤེས་ནི་ཡུལ་མེད་པའོ།། གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་དུ་ཟིན་ན་མྱི་ཤེས་པར་འགྱུར་རོ།། ཡེ་ཤེས་ནི་མྱི་ཤེས་པ་ལས་མ་ཡིན།། མི་ཤེས་པ་ཡང་ཡེ་ཤེས་ལས་མ་ཡིན། ཡེ་ཤེས་ན་མྱི་ཤེས་པ་མ་ཡིན། ་མི་ཤེས་པ་ཡང་ཡེ་ཤེས་མ་ཡིན་ཏེ། ཡེ་ཤེས་ཀྱིས་ཡེ་ཤེས་ཤེས་བྱའོ།། ཡེ་ཤེས་ཀྱིས་མྱི་ཤེས་པ་ཞེས་མྱི་བྱའོ།། མྱི་ཤེས་པ་ཡེ་ཤེས་ཤེས་བྱའོ།། དེ་ལ་ཡེ་ཤེས་དེ་ནི་འདིའོ།། ཡེ་ཤེས་དེ་ནི་འདིས་སོ།། ་ཡེ་ཤེས་དེ་ནི་འདིའི་ཕྱིར་རོ་ཞེས་ཡེ་ཤེས་ཅུང་ཟད་ཀྱང་བསྟན་པར་མྱི་ནུས་ཏེ། དེའི་ཕྱིར་ཡེ་ཤེས་དེ་ནི་ཡེ་ཤེས་ཉིད་ཀྱིས་མེད་དོ།། ཡེ་ཤེས་ཀྱང་ཡེ་ཤེས་སུ་མི་གནས་ཏེ། མི་ཤེས་པས་ཀྱང་ཡེ་ཤེས་ཤེས་མི་བྱའོ།། ། ་གས་ཏེ་མིགས་པས་ཡེ་ཤེས་ཤེས་བྱ་ན་ནི་དའི་ཕྱིར་བྱིས་པ་སོ་སའི་སྐྱེ་བོ་ཐམས་ཅད་ཀྱང་ཡེ་ཤེས་ཅན་དུ་འགྱུར་རོ།། གང་ལ་ཤེས་དང་མི་ཤེས་པ་མི་དམྱིགས་ཤིང་ཡེ་ཤེས་དང་མི་ཤེས་པ་ཡང་དག་པ ་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དེ་ཉིད་ཡེ་ཤེས་ཤེས་བྱ་སྟེ། ཡེ་ཤེས་ནི་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་མ་ཡིན་ནོ།། དེ་བས་ན་ཡེ་ཤེས་ནི་བརྗོད་པར་བྱ་བ་མ་ཡིན་ཞིང་། ཡུལ་ཐམས་ཅད་ལས་རབ་ཏུ་འདས་པ་སྟེ། ་ཡེ་ཤེས་ནི་གང་གི་ཡུལ་ཡང་མ་ཡིན་ནོ།། ཡེ་ཤེས་ཀྱི་ཡུལ་ཡང་གང་ཡང་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཡེ་ཤེས་བསྟན་པ་ཡུལ་ཡང་མ་ཡིན།། ཕྱོགས་ཀྱང་མ་ཡིན་པ་འདི་གང་གིས་ཤེས་པ ་དེ་ནི་ཡེ་ཤེས་ཅན་ནམ། ཡེ་ཤེས་ཅན་མ་ཡིན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་འདི་ལྟར་རབ་ཏུ་ཤེས་པ་དང་། རྗེས་སུ་རྟོགས་པ་དང་། ཀུན་ཤེས་པ་དེ་ནི་ཤེས་རབ ་ཅེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་འདི་ལྟར་མངོན་པར་རྟོགས་པ་མངོན་སུམ་དུ་བྱེད་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་རབ ་ཅེས་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཉིད་ཀྱང་མི་དམིགས་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ལྟ་ག་ལ་ཡོད་དེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས ་གང་འཇིག་རྟེན་ལས་སྒྲོལ་བར་འགྱུར་བག་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེས་འཇིག་རྟེན་མི་དམིགས་པ་ཅི་ཡང་སྒྲོལ་བར་མི་བྱེད་དེ། དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཤེས་རབ་ཅེས་བྱའོ།། རཀྱི ་རྩལ་གྱིས་རྣམ་པར་གནོན་པ་འཇིག་རྟེན་ཞེས་བྱ་བ་འདི་ནི་བཏགས་པ་ཞེས་བརྗོད་པ་སྟེ། བཏགས་པ་ནི་འཇིག་རྟེན་ལས་ཡང་དག་པར་འདས་པ་མ་ཡིན་གྱི། བཏགས་པ་ཐམས་ཅད་ལས་ཡང་དག་པར།། ་འདས་པ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ།། འདའ་བར་བྱ་བ་ནི་འཇིག་རྟེན་ལས་འདས་པ་མ་ཡིན་གྱི། འདའ་བར་མི་བྱ་བ་ནི་འཇིག་རྟེན་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གང་འད ་བར་བྱ་བ་འམ་གང་གིས་འདའ་བར་བྱ་བའི་ཆོས་ཕྲ་རབ་རྩམ་ཡང་མེད་པས་དེའི་ཕྱིར་འདས་པ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པ་ལ་ནི་འཇིག་རྟེན་ཡང་མེད་འཇིག་རྟེན་ལས་འདས་པ་ཡང་མེད་དོ།། ་བླ་ན་མེད་པ་ལ་ནི་བསྒྲལ་བ་མེད་དེ། དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྟན་པ་ཞེས་བྱ་སྟེ། འཇིག ་རྟེན་ལས་འདས་པ་འགས་རབ་ཅེས་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་འདས་པ་ནི་བརྗོད་པར་བྱ་བ་མ་ཡིན་གྱི་དེ་ནི་རྒལ་བསྟེ། དེ་ལ་ནི་འདའ་བ་བྱ་བ་ཅི་ཡང ་མེད་པས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་གང་ངེས་པར་རྟོགས་པའི་ཤེས་རབ་དེས་ཅི་ངེས་པར་རྟོགས། འདི་ལ་ནི་ངེས་པར་རྟོགས་པར ་བྱབ་ཅི་ཡང་མེད་དོ། ། གལ་ཏེ་ངེས་པར་རྟོགས་པར་བྱ་བ་འགའ་ཞིག་ཡོད་དུ་ཟིན་ན་ནི་དེ་ཤེས་རབ་ཀྱིས་ངེས་པར་རྟོགས་པར་ཞེས་གདགས་ན། གང་གིས་ཀྱང་མི་རྟོགས་ཤིང་ཀུན་རྟོགས་པ་མ་ཡིན་ལ་གང་གིས་རྟོགས ་པར་འགྱུར་བའི་བྱེ་བྲག་གང་ཡང་མི་དམིགས་སོ། ། ངེས་པར་རྟོགས་པ་ཞེས་བྱ་བ་ནི་འདི་ལ་རྟོགས་པར་བྱེད་པ་ཅི་ཡང་མེད་ཅི་ནགས་པ་བྱ་བ་ཡང་མེད་དེ། དེ་ལ་རྟོགས་པར་བྱེད་པ་ཅི་ཡང་མེད་ཅིང་ཀུན་རྟག ་བར་བྱ་བ་ཡང་མེད་པས་དེའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱའོ། ། འདི་ལ་ནི་གང་ཡང་མཐར་འགྲོ་བ་མེད་ཅིང་དབུས་སུ་ཡང་མ་ཡིན་ཏེ། དེའི་ཕྱིར་ངེས་པར་ཞོགས་པ་ཞེས་བྱའོ།། ངེས་པར་རྟོགས་པའི་ཤེས ་རབ་ཀྱིས་རྟོགས་པ་ནི་སྟང་མ་རྟོགས་ཏེ། གང་དུ་ཡང་མི་ཆུག། རྣམ་པར་མི་ཐུག། ཀུན་ཏུ་མི་རྒྱུག། སྟེ་དེའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ངས ་པར་རྟོགས་ཤེས་བྱ་བའི་ཤེས་རབ་ཀྱིས་ཅི་ངེས་པར་རྟོགས་ཤེ་ན། གང་ཅི་སྣང་བ་དེ་ཐམས་ཅད་ངེས་པར་རྟོགས་སོ།། གང་གིས་ངེས་པར་རྟོགས་ཤེ་ན། ཤེས་རབ་ཀྱིས་སོ།། ཤེས་རབ་ཀྱིས་ཇི་ལྟར་ངེས ་པར་རྟོགས་ཤེ་ན། གང་བཏགས་པའི་མཚན་ཉིད་དེ་ཐམས་ཅད་མཚན་ཉིད་མེད་དང་། མཚན་ཉིད་མེད་པ་ཡང་བཏགས་པའི་མཚན་ཉིད་དུའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་འདི་ལྟ་བུའི་ཤེས་རབ་དང་ལྡན ་པས་ངེས་པར་རྟོགས་པ་དེས་ནི་ཁམས་གསུམ་རྟོགས་སོ། ། ཇི་ལྟར་རྟོགས་ཤེ་ན། ཁམས་གསུམ་ནི་ཁམས་མེད་པར་རྟོགས་ཏེ། འདི་ལ་ནི་ཁམས་རྟོགས་པ་ཅི་ཡང་མེད་དོ།། དེས་ཁམས་གསུམ་ནི་ཁམས ་མེད་པར་རྟོགས་སོ། ། གང་དེ་ལྟར་ཁམས་གསུམ་ཁམས་མེད་པར་ངེས་པར་རྟོགས་པ་དང་། གང་གིས་དེ་ལྟར་ཁམས་གསུམ་ངེས་པར་རྟོགས་པ་དེ་ནི་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་པ་ཞེས་བྱའོ།། ་ཇི་ལྟར་ན་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་ཞེ་ན། ངེས་པར་རྟོགས་པར་བྱ་བ་ནི་མི་དགེ་བ་གང་ཡང་མེད་དེ། དེས་ཐམས་ཅད་དགེ་བར་ངེས་པར་རྟོག་ཏེ། དེ་ངེས་པར་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ ་འདའོ། ། དེ་ལྟར་རྟོགས་པའི་ཤེས་རབ་དང་ལྡན་པས་གང་ཅི་མཐོང་བ་དང་། ཐོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་དང་། རྣམ་པར་ཤེས་པ་དེ་དག་ཐམས་ཅད་ངེས་པར་རྟོགས་སོ།། ཇི་ལྟ་བུར ་རྟོགས་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། འབྲས་དང་། ནད་དང་། ཟུག་རྔུ་དང་། སྟོང་པ་ཉིད་དང་། སྡིག་པ་དང་། གནོད་པ་དང་། མཐའ་མ་དང་། འཇིག་པ་དང་། འཇིག་པའི་ཆོས་ཉིད་དང་། ་གཡོབ་དང་། འཇིག་པའི་ཚུལ་ཅན་དང་། བདག་མེད་པ་དང་། མི་སྨྲ་བ་དང་། མི་འགོག་པ་དང་། མཚན་ཉིད་མེད་པ་སྟེ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་བ་དེན་བསིལ་བར་གྱུར་བ་ཟུག་རྔུ་མེད་པ་ཞེས་བྱའོ།། རང ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ཟུག་རྔུ་མེད་པ་ཞེས་བྱ་བའི་སྨན་གྱི་རིགས་དེ་གང་ན་འདུག་པ་དེ་ན་ཟུག་རྔུ་ཐམས་ཅད་སེལ་ཅིང་ངེས་པར་འདོན་ཏོ།། དེ་བཞིན་དུ་འདི་ལྟ་བུའི་ཆོས་རྣམས་དང ་ལྡན་པའི་དགེ་སློང་ནི་ཟུག་རྔུ་མེད་ཅིང་བསིལ་བར་གྱུར་ལ་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་ཞིང་དྲུག་ལ་རྟག་ཏུ་གནས་ལ། ངེས་པར་རྟོགས་པའི་ཤེས་རབ་ཀྱི་ས་ཁམས་གསུམ་ཐམས་ཅད་ལ་མི་ཆགས་ཤིང ་བདུད་ཀྱི་ཞགས་པ་ཐམས་ཅད་ལས་རབ་ཏུ་འདས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ནི་དབུག་པའི་ཕྱིར་གང་དུ་བཙུགས་པའི་དེ་དང་དེ་ཉིད་ངེས་པར་ཟིགས་སོ།། དེ་བཞིན་དུ་དགེ་སློང་གིས ་ངེས་པར་རྟོགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་དུ་བཙུགས་པ་དང་། གང་དུ་སྤྱོད་པ་དེ་དག་ཐམས་ཅད་ངེས་པར་རྟོགས་སོ།། དེ་ངེས་པར་རྟོགས་པའི་ཤེས་རབ་འཇིག་རྟེན་ལས ་འདས་པ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བ་དང་ལྡན་པས་ཆགས་པ་མེད་པ་ནི་གསུམ་རིག་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རིག་པ་ཞེས་བྱ་བ་དེ་ནི་མ་རིག་པ་ཉེ་བར་ཞི་བའི་ཚིག་བླ་དགས ་སོ། ། མ་རིག་པ་ཡོངས་སུ་ཤེས་ཤེས་བྱ་བ་དེ་ནི་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པ། གསལ་བ། ཡིད་རྣོ་བ ་ལྷག་པར་རྟོགས་པ་དང་ལྡན་པ། སྨན་ཐམས་ཅད་ལ་མཁས་པ། ནད་ལྡང་བ་ཐམས་ཅད་ལ་མཁས་པ། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་འགྲོལ་བ་དེས་ནད་པ་གང་དང་གང་ལ་གསོ་བར་བྱས་པ་དེ་དང ་འཚོའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་སྨན་ཐམས་ཅད་ལ་མཁས་ཤིང་ནད་ལྡང་བ་ཐམས་ཅད་ལ་མཁས་ཏེ། ནད་ཐམས་ཅད་ལས་ཐར་བར་བྱེད་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་དེ་བཞིན་དུ་རིག་པ་གསུམ་པོས་ནི་མ་རིག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར། སྡུག་བསྔལ་ཐམས་ཅད་འཇོམས་པར་འགྱུར། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད ་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་རྟོགས་པར་འགྲོ་བ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་ངས་འདི་ལ་དགོངས་ནས། སྲིད་པར་སྐྱེ་བར་ཡོངས་ཟད་པར།། གང་གིས་ཡང་དག་པར་ཤེས་པ།། གང་རྣམས་རྟོགས་པར་འགྲོ་བ་དེ།། འཇིག་རྟེན་ན་ནི་ཤེས་རབ་མཆོག་ཅེས་བཤད་དོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་སྲིད་པར་སྐྱེ་བར་ཡོངས་སུ་ཟད་པ་ཞེས་བྱ་བ་གང་གི་ཚིག་བླ་དགས་ཡིན་ཞེ་ན། དེ་ནི་འབྱུང་བ་དང་ནུབ་པ་རབ་ཏུ་རྟོགས་པའི་ཚིག་བླ་དགས་སོ།། འབྱུང་བ་དང་ནུབ་པ་གང་ཞེ་ན། ཀུན་འབྱུང ་བའི་ཆོས་ཅི་ཡང་རུང་སྟེ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཏེ། འདི་ལྟར་ཀུན་འབྱུང་བ་དང་། ནུབ་པར་རབ་ཏུ་རྟོགས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཀུན་འབྱུང་བ་ཞེས་བྱ་བ་དེ་ནི་འབྱུང་བའི་ཚིག་བླ་དགས ་སོ། ། ནུབ་པ་ཞེས་བྱ་བ་དེ་ནི་འགོག་པའི་ཚིག་བླ་དགས་ཏེ། འབྱུང་བ་དང་ནུབ་པ་ཞེས་ཇི་སྐད་དུ་བརྗོད་པ་དེ་བཞིན་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཀུན་འབྱུང་བ་གང་ཅི་ཡང་རུང་སྟེ། དེ་ནི་ཀུན་འབྱུང ་བའི་ཆོས་མ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མཉམ་པ་ལ་འབྱུང་བ་གང་ཡང་མེད་དེ། དེ་ནི་ཀུན་དུ་འབྱུང་བར་མི་འགྱུར་རོ།། དེ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་སྟེ། དེའི་ཕྱིར་ཀུན་འབྱུང་བ་ཞེས་བྱའོ།། རབ ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མཉམ་པའི་རྗེས་སུ་སོང་བ་ཞེས་བྱ་བ་ནི་འདི་ལ་འབྱུང་བ་གང་ཡང་མེད་དེ་ཀུན་འབྱུང་བར་མྱི་འགྱུར་རོ། ། དེའི་རང་བཞིན་དེ་ནི་རང་གི་ངང་གིས་འཇིག་ཅིང་དེ་ནི་འགོག་པ་སྟེ་དེ་ལ་ནི་འགོག། ་པ་གང་ཡང་མེད་དོ།། མཉམ་པ་ནི་བླ་ན་མེད་པའི་འགོག་པ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ་འགོག་པ་མེད་དེ་དེ་ནི་འགོག་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྐྱེ་བ་མེད་ཅིང་འགོག་པ་མེད་པའི་ཕྱིར་གང་འབྱུང ་བ་དང་ནུབ་པ་རྟོགས་པ་དེ་ནུབ་པ་རབ་ཏུ་རྟོགས་པ་སྟེ། དེའི་ཕྱིར་འབྱུང་བ་དང་། ནུབ་པ་རབ་ཏུ་རྟོགས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རབ་ཏུ་རྟོགས་ཤེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས ་སུ་ཤེས་པ་ཞེས་བྱའོ། ། གང་ལ་རྟེན་ནས་ཆོས་གང་སྐྱེ་བ་དེ་ཉིད་ལ་རྟེན་ནས་ཆོས་དེ་མེད་དེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྟོགས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་རྟེན་ཅིང་འབྲེལ ་པར་འབྱུང་བའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་མེད་པར་བསྟན་ཏོ། ། མི་སྐྱེ་བ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། མི་འབྱུང་བ་མཉམ་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། གང་ལ་སྐྱེ་བ་མེད ་པ་དེ་ལ་འགོག་པ་ག་ལ་ཡོད་དེ། འགོག་པ་དང་མི་འགལ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་མེད་པ་སྟེ། སྐྱེ་བ་མེད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ།། གང་འབྲེལ་བར་འབྱུང་བ་དེ་ནི་མ་བྱུང ་བའོ། ། གང་མ་བྱུང་བ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ།། གང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་དེ་ལ་འགོག་པ་མེད་དོ།། གང་འགོག་པ་མེད་པ ་དེ་ནི་མི་སྐྱེ་བ་ཤེས་པ་ཞེས་བྱའོ། ། གང་གིས་མི་ཕྱེ་བར་ཤེས་པ་དེ་ནི་ཡང་སྐྱེད་པ་མ་ཡིན་འགོག་པ་མངོན་སུམ་དུ་བྱེད་པའང་མ་ཡིན་ནོ།། གང་མི་སྐྱེད་པ་དེ་འགོག་པར་མི་བྱེད་དེ་སྐྱེ་བ་ཡོད་ན་ནི་འགོག་པར་ཡང་ཤེས ་སོ། ། གང་མི་སྐྱེད་པ་དེས་ཆོས་ཐམས་ཅད་འགོག་པ་ཉིད་དུ་ཤེས་ཤིང་མཐོང་ལ་རབ་ཏུ་རྟོགས་ཤིང་མངོན་སུམ་བྱས་ཏེ། དེའི་ཕྱིར་འགོག་པ་མངོན་སུམ་དུ་བྱས་པ་ཞེས་བྱའོ།། ཟད་པ་ཤེས་བཞེས་བྱའོ། ་རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་མི་ཤེས་པ་ཟད་པ་དེའི་ཕྱིར་ཟད་པ་ཤེས་པ་ཞེས་བྱའོ།། གང་གིས་ཟད་ཅེ་ན། མི་ཟད་པས་ཟད་དེ་དེའི་ཟད་པ་ཡང་མི་མཐོང་ངོ་།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་མི་ཤེས་པ་མེད་པས ་ཕྱིར་དེ་ཟད་པ་ཤེས་པ་ཞེས་བྱའོ། ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་མི་ཤེས་པ་ཡོངས་སུ་ཤེས་པ་དེའི་ཕྱིར་མི་ཤེས་པཟད་དེ་ཟད་པ་ཤེས་པ་ཞེས་བྱའོ།། མི་ཤེས་པ་ནི་ཟད་པའམ་མཟད་པ་མ་ཡིན་ཏེ། འདི་ནི་ཤེས་པ་དང་བྲལ་བའི ་ཕྱིར་ཟད་པ་ཤེས་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། དེའི་ཕྱིར་བྲལ་བ་ཞེས་བྱའོ།། མི་ཤེས་པ་དང་བྲལ་བ་དང་། ཤེས་པ་དང་བྲལ་བ་འདི་ལས་གཞན་གྱི ་ཡང་མི་དམིགས་སོ། ། ཡེ་ཤེས་ཉིད་ཀྱང་མི་དམིགས་ན་གང་ཟད་པ་ལས་རྣམ་པར་གྲོལ་བ་མི་ཤེས་པ་ལྟ་ཅི་སྨོས་ཏེ་དེའི་ཕྱིར་ཟད་པ་ཤེས་པ་ཞེས་བྱ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། ཟད་པ་ཤེས་པ་གང་ཡིན་པ་དེ ་ལ་ཐ་སྙད་དུ་དགས་པ་གང་ཡང་མེད་མོད་ཀྱི་འོན་ཀྱང་འདི་ལྟར་མི་ཤེས་པ་ཟད་པ་དང་། ཟད་པ་ཤེས་པ་ཞེས་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གིས་ཆོས་ཐམས་ཅད་མི་ཟད་པ་དང་། ཟད་པ་ཤེས་པ་ལ་བརྟག ་པ་ཁོང་དུ་ཆུད་པ་དེ་ཟད་པ་ཤེས་པ་དང་བྲལ་ཏེ། ཟད་པ་མེད་པའི་མཐའ་རྗེས་སུ་ཐོབ་བོ།། མཐའ་མེད་པ་ནི་མྱ་ངན་ལས་འདས་པའི་མཐའ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས ་པའི་མཐའ་སྟེ་མཐའ་མེད་པའོ། ། མཐའ་ཐམས་ཅད་ཆད་པ་ནི་མྱ་ངན་ལས་འདས་པའི་མཐའ་ཞེས་བྱ་སྟེ་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། མྱ་ངན་ལས་འདས་པའི་མཐའ་ནི་ཐ་སྙད་ཐམས་ཅད་ཆད་པ་བརྗོད་པར ་བྱ་བ་མ་ཡིན་པ་སྟེ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་མྱ་ངན་ལས་འདས་པའི་དབྱེད་བསྟན་པ་འདི་ཡང་ཇི་སྐད་སྙན་པ་བཞིན་དུ་ནི་མ་ཡིན་ནོ།། བསྟན་པ་ཐམས་ཅད་ལས་ཡང་དག་པར་འདས་པས་མྱ་ངན་ལས ་འདས་པའི་དབྱིངས་ནི་སྟན་དུ་མེད་དེ། བསྟན་པ་ཐམས་ཅད་རབ་ཏུ་ཆད་པ་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཤེས་བྱའོ།། མྱ་ངན་ལས་འདས་པའི་དབྱིངས་ཤེས་བྱ་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས ་རབ་ངེས་པར་རྟོགས་པ་བསྟན་པ་ལ་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མྱ་ངན་ལས་འདས་པའི་དབྱིངས་དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་ཞེས་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུ་རོལ་འམ་ཕ་རོལ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་ཚུ་རོལ་འམ། ཕ་རོལ་དམིགས་ན་ནི་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ་འམ་ཕ་རོལ་བཤད་པ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ ་མི་དམྱིགས་པས་དེའི་ཕྱིར་དེའི་ཕ་རོལ་ཀྱང་མེད་མོད་ཀྱི་འོན་ཀྱང་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ལོ། ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་དང་ལས་ཀྱིས་ཉེ་བར་གནས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྟན་དུ། ་མེད་པའོ།། ཆོས་ཐམས་ཅད་དེ་ལྟར་ཁོང་དུ་ཆུད་ན་དེ་ནི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཆུད་དེ་མི་འགལ་ལོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཁོང་དུ་ཆུད་པ་ཅི་ཡང་མེད་ཅིང་རབ་ཏུ་རྟོགས་པ་ཡང་མེད་པའི་ཕྱིར་རོ།། ཁོང་དུ་ཆུད་པ་དང་རབ ་ཏུ་རྟོགས་པ་མཉམ་པ་ཉིད་ནི་བྱང་ཆུབ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཅེས་བྱའོ།། ཇི་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་ཅེ་ན། འདི་ལ་བྱང་ཆུབ་གང་ཡང་མེད་དེ་འདི་ལ་ཁོང་དུ་ཆུད་པ་གང་ཡང ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་བྱང་ཆུབ་དམིགས་ན་ནི་བྱང་ཆུབ་ལ་ཡང་བྱང་ཆུབ་དམིགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ལ་ནི་བྱང་ཆུབ་མེད་དེ། ་ལྟར་བྱང་ཆུབ་འདི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ།། ཁོང་དུ་ཆུད་པ་མེད་པ་དང་རབ་ཏུ་རྟོགས་པ་མེད་པས་རྗེས་སུ་རྟོགས་པ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། ཆོས་ཐམས་ཅད་ནི་ཁོང་དུ་ཆུད་པ ་མ་ཡིན། རབ་ཏུ་རྟོགས་པ་མ་ཡིན་ཏེ། ཆོས་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་མེད་དོ།། དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས་ནི་བྱང་ཆུབ་མི་དམིགས ་ཤིང་དེ་བཞིན་གཤེགས་པས་ནི་བྱང་ཆུབ་རྣམ་པར་མ་རིག་སྟེ། བྱང་ཆུབ་ནི་རྣམ་པར་རིག་པར་བྱ་བ་མ་ཡིན། རབ་ཏུ་རྣམ་པར་རིག་པར་བྱ་བ་མ་ཡིན་ནོ།། དེ་བཞིན་གཤེགས་པས་ནི་བྱང་ཆུབ་མ་མཁྱེན་མ་སྐྱེད་དེ། ་བྱང་ཆུབ་ནི་མ་སྐྱེས་ཤིང་མངོན་པར་མ་གྲུབ་པའོ།། བྱང་ཆུབ་ནི་སུའི་ཡང་མ་ཡིན་ཞིང་བྱང་ཆུབ་ལ་སེམས་ཅན་ནམ་སེམས་ཅན་དུ་གདགས་པ་གང་ཡང་མེད་དོ།། གང་ལ་སེམས་ཅན་ནམ་སེམས་ཅན་དུ ་གདགས་པ་མེད་པ་དེ་ལ་འདི་ནི་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཇི་ལྟར་བརྗོད། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ལ་བྱང་ཆུབ་ཀྱང་མེད། ་བྱང་ཆུབ་ལ་སེམས་ཅན་ཡང་མེད་དེ་བྱང་ཆུབ་འདི་ནི་ཤིན་ཏུ་འདས་པའོ།། བྱང་ཆུབ་འདི་ནི་མ་སྐྱེས་པའོ།། བྱང་ཆུབ་འདི་ནི་མངོན་པར་མ་གྲུབ་པའོ།། བྱང་ཆུབ་འདི་ནི་མཚན་ཉིད་མེད་པ་སྟེ། འདི་ལ་སེམས ་ཅན་མེད་ཅིང་མི་དམིགས་སོ། ། བྱང་ཆུབ་ནི་སེམས་ཅན་གྱིས་བཏགས་པ་མ་ཡིན་གྱི།། སེམས་ཅན་མེད་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཅེས་བྱའོ།། བྱང་ཆུབ་སེམས་ཅན་མ་ཡིན་པར་གང་གིས་ཤེས་པ་དེ་བྱང་རུབ ་སེམས་དཔའ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱི་ས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འདུ་ཤེས་ཀྱིས་བསྐྱེད་པ་མ་ཡིན་གྱི། སེམས་ཅན་གྱི་འདུ་ཤེས་རྣམ་པར་འཇིག་པའི ་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བརྗོད་པར་བྱ་བ་མ་ཡིན་ཞིང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་རང་བཞིན་དང་། ་བྲལ་བའི་ཕྱིར་རོ།། བྱང་ཆུབ་ནི་སེམས་ཅན་དུ་འདུ་ཤེས་པ་དང་བྲལ་བ་སྟེ།། གང་གིས་བྱང་ཆུབ་འདི་ལྟར་ཤེས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བྱང་ཆུབ་ཇི་ལྟ་བུར་ཤེས་ཤེ་ན། བྱང་ཆུབ་འདི་ནི་ཤིན་དུ་འདས་པའོ།། ་བྱང་ཆུབ་འདི་ནི་བྱ་བ་མ་ཡིན་པའོ།། བྱང་ཆུབ་འདི་ནི་སྐྱེ་བ་མེད་པ། འགོག་པ་མེད་པའོ།། བྱང་ཆུབ་ནི་བྱང་ཆུབ་ཀྱིས་ཤེས་པར་མི་བྱེད། བྱང་ཆུབ་ནི་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣམ་པར་རིག་པར་བྱ་བ་མ ་ཡིན། གདགས་པར་བྱ་བ་མ་ཡིན་ཏེ། མངོན་པར་མ་གྲུབ་པ་ནི་བྱང་ཆུབ་ཅེས་བྱའོ།། རྣམ་པར་མི་རྟོག་པ་དང་། རྟོག་པ་བཅད་པའི་ཕྱིར་གང་གིས་ཁོང་དུ་ཆུད་པ་དག་རབ་ཏུ་རྟོགས་པ་དེའི་ཕྱིར་བྱང་ཆུབ་སེམས ་དཔའ་ཞེས་བྱ་སྟེ། ཛཾ་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་རོ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་དག་པར་དམྱིགས་ན་ནི་འདི་ནི་བྱང་ཆུབ། འདི་ནི་སེམས ་ཅན་ཞེས་བྱང་ཆུབ་དེའང་རྙེད་པར་འགྱུར་རོ། ། སེམས་ཅན་མེད་པ་དང་། སེམས་ཅན་མ་ཡིན་པ་དང་། སེམས་ཅན་དང་བྲལ་བར་ཁོང་དུ་ཆུད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། སེམས་ཅན་མེད་པ་དང་། ་སེམས་ཅན་དུ་འདུ་ཤེས་རྣམ་པར་བཤིག་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཤེས་བྱ་བ་དེ་ནི་སེམས་ཅན་མེད་པའི་ཚིག་བླ་དགས་སོ།། སེམས་ཅན་གྱི་ཁམ ་མེད་པའི་ཕྱིར་སེམས་ཅན་ལ་སེམས་ཅན་མེད་དོ། ། གལ་ཏེ་སེམས་ཅན་ལ་སེམས་ཅན་ཡོད་ན་ནི་སེམས་ཅན་གྱི་ཁམས་ཤེས་མི་བྱའོ།། སེམས་ཅན་གྱི་ཁམས་ཤེས་བྱ་བ་དེ་ནི་ཁམས་མེད་པར་བསྟན་ཏེ།། ཁམས་མེད་པ ་ནི་སེམས་ཅན་གྱི་ཁམས་སོ། ། གལ་ཏེ་སེམས་ཅན་གྱི་ཁམས་སེམས་ཅན་གྱི་ཁམས་སུ་གྱུར་ན་ནི་སྲོག་དེ་ལུས་དེ་ཡིན་པར་འགྱུར་རོ།། ཇི་སྟེ་སེམས་ཅན་གྱི་ཁམས་ལས་རྣམ་པར་གྲོལ་བ་ཁམས་སུ་གྱུར་ན་ནི་སྲོག་ཀྱང ་གཞན། ལུས་ཀྱང་གཞན་དུ་འགྱུར་རོ།། ཁམས་མེད་པ་ནི་སེམས་ཅན་གྱི་ཁམས་ཏེ། བརྡས་ཐ་སྙད་དགས་པའི་ཚིག་ཏུ་འགྲོའོ།། སེམས་ཅན་གྱི་ཁམས་ལ་ནི་ཁམས་མེད་དེ། ཁམས་མ་ཏོགས་པར་སེམས་ཅན་གྱི ་ཁམས་མེད་དོ། ། ཆོས་ཐམས་ཅད་ནི་ཁམས་མེད་པ་སྟེ། ངས་དེ་ལ་དགོངས་ནས་སེམས་ཅན་གྱི་ཁམས་ནི་གང་བའམ་བྲི་བར་ཡང་མི་མངོན་ནོ་ཞེས་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་རབ་ཏུ ་དབེན་པའི་ཕྱིར་སེམས་ཅན་གྱི་ཁམས་ནི་སེམས་ཅན་མ་ཡིན་ནོ། ། ཇི་ལྟར་སེམས་ཅན་གྱི་ཁམས་བྲི་བ་དང་། གང་བར་མི་མངོན་པར་དེ་བཞིན་དུ་ཆོས་ཐམས་ཅད་བྲི་བ་འམ། གང་བར་མི་མངོན་ནོ།། གང་དག་བྲི་བ་འམ ་གང་བར་འགྱུར་བར་ཆོས་ཐམས་ཅད་ལ་ཡོངས་སུ་གྲུབ་པ་གང་ཡང་མེད་དེ། ། གང་གིས་དེ་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པ་ཞེས་བྱ་སྟེ། ངས་འདི་ལ་དགོངས་ནས་ཇི ་ལྟར་སེམས་ཅན་གྱི་ཁམས་བྲི་བའམ། གང་བར་མི་མངོན་པར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྲི་བ་འམ་གང་བར་མི་མངོན་ནོ་ཞེས་བཤད་དོ།། གང་ཡང་ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་བྲི་བ་མ་ཡིན ་གང་བ་མ་ཡིན་པ་དེས་སངས་རྒྱས་ཀྱི་ཆོས་ཀྱང་བྲི་བ་མ་ཡིན། གང་བ་མ་ཡིན་ནོ།། དེ་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་བྲི་བ་མེད་ཅིང་གང་བ་མེད་པའོ།། ཆོས་ཐམས་ཅད་དྲ ་བ་མེད་ཅིང་གང་བ་མྱེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཤེས་བྱ་བ་དེ་ནི། སངས་རྒྱས་ཀྱི་ཆོས་ཀྱི་ཚིག་བླ་དགས་མ་ཡིན་ནོ།། སངས་རྒྱས་ཀྱི་ཚེས་ནི་གང་གིས་ཀྱང་བྲི་བ་འམ། གང་བར་བྱར་མི་ནུས་སོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་ཏེ། གང་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དེ་ལ་བྲི་བ་འམ། གང་བའི་ཆོས་ཅི་ཡང་མེད་དེ། ཆོས་ཐམས་ཅད་ཅེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི ་ཚིག་བླ་དགས་ཏེ་ཆོས་ཀྱི་དབྱིངས་ལ་ནི་བྲི་བའམ་གང་བ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་མཐའ་ཡས་པའི་ཕྱིར་རོ།། སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ནི་ཐ་དད་དུ་མི་དམིགས་སོ།། སེམས ་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ལ་བྲི་བའམ། གང་བ་དམིགས་པའམ། ཡོད་པ་མ་ཡིན་ཏེ། གང་གིས་དེ་ལྟ་བུར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ།། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་བྲི་བའམ། གང ་བར་མི་མངོན་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྲི་བ་མེད་ཅིང་གང་བ་མེད་པ་ཞེས་ཇི་སྐད་སྨྲ་བ་དེ་ནི་བཏགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཚིག་བླ་དགས་སོ།། དེ་ལ་ནི་ཅི་ཡང་བསལ་བ ་འམ། གཞག་པར་མི་ནུས་ཏེ། གང་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ཅེས་བྱ་བ་དེ་ནི་སངས་རྒྱས་ཀྱི་མཚན་ཉིད་དོ།། སངས་རྒྱས་ཀྱི་མཚན་ཉིད་ཇི་ལྟ་བུ ་ཞེ་ན། ཆོས་ཐམས་ཅད་ཀྱི་མཚན་ཉིད་མཚན་ཉིད་མེད་པ་དེ་ནི་སངས་རྒྱས་ཀྱི་མཚན་ཉིད་དོ།། བྱང་ཆུབ་ཀྱི་མཚན་ཉིད་མེད་པ་སྟེ་མཚན་ཉིད་ཀྱི་རང་བཞིན་ལས་བཟློག་པའོ།། གང་དེ་ལྟར་ཁོང་དུ་ཆུད་པ་དེ་ནི ་བྱང་ཆུབ་ཅེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་ཆོས་ཐམས་ཅད་རྗེས་སུ་རྟོགས་པས། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ་ཀྱི་རྩལ་གྱི ་རྣམ་པར་གནོན་པ་གང་ལ་ལ་ཞིག་ཆོས་འདི་རབ་ཏུ་མི་ཤེས་ཁོང་དུ་མ་ཆུད་པར་བདག་བྱང་ཆུབ་སེམས་དཔའ་ཞེས་ཁས་འཆེན། དེ་ནི་བྱང་ཆུབ་སེམས་དཔའི་ས་ལས་རིང་ངོ་།། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས ་རིང་ངོ་། ། དེ་ནི་བྱང་ཆུབ་སེམས་དཔའི་མིང་གིས་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སླུ་བའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔར་གྱུར་ན་ནི་དེའི་ཕྱིར ་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བ་དེ་ནི་ཚིག་གི་ལས་ཙམ་མ་ཡིན་ནོ།། ཚིག་གིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། ། ཚིག་གི་ལས་ཀྱིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཐོབ་པར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ལ་སྤྱོད་མོད་ཀྱི་མི་ཤེས་ཤིང་ཁོང་དུ་མ་ཆུད་དེ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་དཔའ་ཞེས་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་སེམས་ཅན་མེད ་པར་མི་ཤེས་པའི་ཕྱིར་རོ། ། གལ་ཏེ་དེ་ལྟར་ཤེས་ན་བདག་གིས་སྤྱོད་པ་དག་གིས།། བྱང་ཆུབ་སེམས་དཔའ་དག་ཏུ་འགྱུར་བའི་རིགས་སོ།། སེམས་ཅན་ཐམས་ཅད་ནི་ཕྱིན་ཅི་ལོག་པས་རང་གི་སྤྱོད་པ་དང་། 8 ་གི་ཡུལ་དང་། རང་གི་སྤྱོད་ཡུལ་རབ་ཏུ་མི་ཤེས་སོ།། གལ་ཏེ་རང་གི་སྤྱོད་པ་རབ་ཏུ་ཤེས་ན་ནི་དེ་དག་སླར་གང་ལ་ཡང་རྣམ་པར་རྟོག་ཅིང་སྤྱོད་པར་མི་འགྱུར་རོ།། རྣམ་པར་རྟོག་པ་དང་། སྤྱོད་པ་དེ་དག་གིས་བྱིས ་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཡང་དག་པ་མ་ཡིན་པ་ལ་དམིགས་ཤིང་སྤྱོད་ཀྱང་དེ་དག་བྱང་ཆུབ་ལ་དམིགས་པ་སྙམ་དུ་རློམ་སེམས་སུ་བྱེད་དེ། དམིགས་པ་ལ་སྤྱོད་ཅིང་རྟོག་པ་ལ་སྤྱོད་པ་དེ་དག་ལ་བྱང་ཆུབ་ག་ལ་ཡོད།། ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ག་ལ་ཡོད།། གང་གིས་ཆོས་དེ་ལྟ་བུར་རབ་ཏུ་ཤེས་པ་དེ་དག་སླར་ཡང་དག་པ་མ་ཡིན་པའི་དམིགས་པ་ལ་མི་སྤྱོད་ཅིང་། དེ་དག་ནི་ཕྱིར་ཆོས་གང་ཡང་རློམ་སེམས་སུ་མི་བྱེད་དེ། ་དེའི་ཕྱིར་སྤྱོད་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་རྟོག་པ་དང་རྣམ་པར་རྟོག་པ་ལ་མི་སྤྱོད་དོ།། གང་ལ་རྟོག་པ་མེད་པ་དེ་ལ་སྤྱོད་པ་གང་ཡང་མེད་དོ།། གང་ལ་རྣམ་པར ་རྟོག་པ་མེད་པ་དེ་ལ་སྤྱོད་པའི་དོན་གང་ཡང་མེད་དོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཐམས་ཅད་ནི་རྣམ་པར་མི་རྟོག་པར་སྤྱོད་ཅིང་ཐམས་ཅད་རློམ་སེམས་མེད་ལ་དམིགས་པ་དང ་བཅས་པ་མ་ཡིན་པ་སྟེ། ཆོས་ཐམས་ཅད་དེ་ལྟར་རབ་ཏུ་ཤེས་པ་དེ་ནི་ཕྱིར་མི་དམིགས་པའམ། རྣམ་པར་རྟོག་པ་སྤྱོད་པ་འམ།། རྣམ་པར་སྤྱོད་པ་མེད་དེ། དེ་ནི་སྤྱོད་པ་མེད་པའི་ཚུལ་གྱིས་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ།། རབ་ཀྱི་རྩལ་གྱི་ས་རྣམ་པར་གནོན་པ་གང་དེ་ལྟར་ཆོས་ཁོང་དུ ་ཆུད་ཅིང་རབ་ཏུ་རྟོགས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། དེས་སེམས་ཅན་དུ་འདུ་ཤེས་པ་སྩལ་པས། སེམས་ཅན་མེད་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། ་དེས་སེམས་ཅན་ཐམས་ཅད་ཡང་དག་པ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ནི་ཕྱིན་ཅི་ལོག་གི་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་ཡོངས ་མུ་བརྟགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་ཡོད་པ་མ་ཡིན་པ་ལ་དམིགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་རང་གི་སྤྱོད་པ་རྣམ་པ་མ་རུང་བར་བྱས་པས་སེམས་ཅན ་དང་། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ནོ་ཞེས་ཤེས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཤེ་ན། སེམས་ཅན་ཐམས་ཅད་ནི་ཆོས་གང་དག་མེད་པ་འཆོས་དེ་དག་མངོན་པར་འདུ་བྱེད་པས། དེའི་བྱེར ་སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ཞེས་བྱའོ། ། ཆོས་མེད་པ་གང་ཞ་ན། ང་ཞེའམ། ངའི་ཞེ་འམ། ངའོ་ཞེས་བྱ་བའི་ཆོས་གང་ཡང་མེད་པའོ།། གལ་ཏེ་ཆོས་འགའ་ཞིག་པ་ནེ་འམ། ངརེ ་ཞེ་འམ། ངའོ་ཞེས་བྱ་བར་གྱུར་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཡང་དག་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟར་ང་ཞེ་འམ། ངའི་ཞེ་འམ། ངའོ་ཞེས་བྱ་བའི་ཆོས་གང་ཡང ་མེད་པས་དེའི་ཕྱིར་སེམས་ཅན་ནི་ཡང་དག་པ་མ་ཡིན་པ་སྟེ། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ཐམས་ཅད་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ལ་ཡང་ང་ཞེ་འམ། ་ངའི་ཞེའམ། ངའོ་ཞེས་བྱ་བའི་སེམས་ཅན་ཞེས་བྱ་བའི་ཆོས་གང་ཡང་མེད་དེ། གང་གི་ཕྱིར་མེད་པ་དེའི་ཕྱིར་སེམས་ཅན་ནི་ཡང་དག་པ་མ་ཡིན་པ་ཞེས་བྱའོ།། ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་སེམས་ཅན་མེད ་དེ་ཚིག་བླ་དགས་སོ། ། ཇི་ལྟར་སེམས་ཅན་དུ་འདུ་ཤེས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་ལྟར་སེམས་ཅན་རྣམས་ཡང་དག་པ་མ་ཡིན་པ་ཞེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་ཡང་། ་བ་མ་ཡིན་པ་ཞེས་བྱ་བ་དེ་ལ་ནི་ཡང་དག་པ་ཅི་ཡང་མེད་ཅིང་མ་བྱུང་བའོ།། ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་ཞིང་མ་བྱུང་བའོ།། དེ་ལ་སེམས་ཅན་ཡང་དག་པ་མ་ཡིན་པ་ལ་ལྷག་པར་ཆགས་པ་དེ་ནི་ནམ ་པར་འཆེར་བ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ལ་དམིགས་པ་ནི་སེམས་ཅན་ཞེས་བྱའོ།། དེ་དག་ནི་སྤྱོད་པ་གང་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་རང་གི་སྤྱོད་པ་དེ་མི་ཤེས་ཏེ། ཡོངས ་སུ་མ་རྟོགས་པས་སེམས་ཅན་ནེ་ཡང་དག་པ་མ་ཡིན་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དེ་ལྟར་ཆོས་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ཞེས ་བྱ་བ་དེ་ནི་གང་གིས་ཆོས་ཐམས་ཅད་ཁོང་དུ་ཆུད་ཅིང་ཤེས་ལ། ། སེམས་ཅན་རྗེས་སུ་རྟོགས་པའི་ཚིག་བླ་དགས་སོ།། ཇི་ལྟར་ཤེས་ཤེ་ན། ཡང་དག་པ་མ་ཡིན་པ་དང་། མ་བྱུང་བ་དང་། ཕྱིན་ཅི་ལོག་མ་ཡིན ་པར་རོ། ། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་བརྟགས་པ་དེ་དག་ནི་དེ་བཞིན་དུ་མ་ཡིན་ནོ།། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་རྙེད་པ་དེ་དག་དེ་བཞིན་དུ་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ ་ཤེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མ་བརྟགས། རྣམ་པར་མ་བརྟགས་ཤིང་། བྱང་ཆུབ་ནི་རྣམ་པར་མ་བསྒྲུབས་ལ། མེ་དམིགས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་ཤེས ་པས་ནི་བྱང་ཆུབ་མ་བརྙེས་སོ། ། ཆོས་ཐམས་ཅད་ནི་མི་རྙེད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་བྱང་ཆུབ་ཅེས་བྱའོ།། དེ་ལྟ་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ ་ནིས་ཡིན་ནོ། ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་གང་དག་བྱང་ཆུབ་ཀྱི་ཕྱིར་སེམས་འདི་བསྐྱེད་པར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་དུ་བདག་གིས་སེམས་བསྐྱེད་པར་བྱ་བའི་བྱང་ཆུབ་དེ་ཡོད་དེ ་ཞེས་བྱང་ཆུབ་རློམ་སེམས་སུ་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། དེ་དག་ནི་སེམས་ཅན་སྐྱེས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྐྱེ་བར་མངོན་པར་ཞེན་ཅིང་། སེམས ་སུ་མངོན་པར་ཞེན་ནས་བྱང་ཆུབ་ལ་མངོན་པར་ཞེན་པའི་ཕྱིར་རོ། ། གང་དག་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཞེས་བྱའོ།། གང་གི་ཕྱིར་མངོན་པར་འདུ་བྱེད་པ་དེའི ་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བས་ན་མངོན་པར་འདུ་བྱེད་པ་ནི་སེམས་ཅན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སེམས་ཅན་སྐྱེས་པ་ཞེས་བྱ་བའི་ཕྱིར་རོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ནི་མ་སྐྱེས་ཤིང་། བྱང་ཆུབ་ནི་བསམ་དུ་མེད་པས་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པར་མི་ནུས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དག་སྐྱེ་བ་ཉིད་ལ་མངོན་པར་ཞེན་ཀྱང ་དེ་དག་སྐྱེ་བ་རབ་ཏུ་མི་ཤེས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྐྱེ་བ་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་ཉིད་དོ་སེམས་མཉམ་པ་ཉིད་གང་ཡིན་པ་དང་། ཡང་དག་པ་ཉིད་གང་ཡིན་པ་དང་། མཉམ་པ་ཉིད་གང ་ཡིན་པ་དང་། ཡང་དག་པ་ཉིད་དེ་ནི་བྱང་ཆུབ་སྟེ། གང་ན་ཡང་དག་པ་ཇི་ལྟ་བ་ཉིད་ཡོད་པ་དེ་ན་རྣམ་པར་རྟོག་པ་གང་ཡང་མྱེད་ན། དེ་དག་ནི་སེམས་དང་བྱང་ཆུབ་ལ་རྣམ་པར་གཏགས་ཏེ། གཉིས་སུ་མངོན་པར ་ཞེན་ནས་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཀྱང་གཞན་མ་ཡིན། བྱང་ཆུབ་ཀྱང་གཞན་མ་ཡིན། སེམས་ལ་ཡང་བྱང་ཆུབ་མེད། བྱང་ཆུབ་ལ་ཡང་སེམས་མེད་དེ། ་བྱང་ཆུབ་གང་ཡིན་པ་དང་། སེམས་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཇི་ལྟ་བ་བཞིན་ནོ།། དེ་ལ་ནི་བྱང་ཆུབ་ཀྱང་མེད། སེམས་ཀྱང་མེད་དོ།། གང་གིས་སེམས་ཉིད་དང་། བྱང་ཆུབ་དང་། སྐྱེ་བ་དང་། ་མི་སྐྱེ་བ་ཡང་མི་དམིགས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་དཔའ་ཞེས་བྱའོ།། སེམས་དཔའ་ཆེན་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ངེས་གང་དང་གང་ལ་དེས་ཡང་དག ་པ་མ་ཡིན་པ་དེ་ཤེས་པའི་ཕྱིར་རོ། ། ཡང་དག་པ་མ་ཡིན་པ་གང་ཞེ་ན། འཇིག་རྟེན་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་སྟེ། ཡང་དག་པ་མ་ཡིན་པར་གཏོགས་སོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཡང་དག་བམ ་ཡིན་པའོ། ། མ་བྱུང་བའོ།། དེ་ཅིའི་ཕྱིར་ཞེ་ན་ཡང་དག་པ་མ་ཡིན་པ། མི་འབྱུང་བ་ཞེས་བྱ་ཞེ་ན། ཡང་དག་པ་མ་ཡིན་པ་ལ་འབྱུང་བ་གང་ཡང་མེད་དེ། ཡང་དག་པ་མ་ཡིན་པ་ནི་མི་འབྱུང་བའོ།། དེའི་ཕྱིར་ཆོས་ཐམས་ཅད ་ནི་ངོ་བོ་ཉིད་མེད་པ་ཡང་དག་པ་མ་ཡིན་པ་ཞེས་བྱའོ། ། གང་གིས་དེ་ལྟར་ཤེས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱའོ།། ཡང་དག་པ་ལ་ཡང་དག་པ་ཞེས་མངོན་པར་མི་ཞེན་པས་དེའི་ཕྱིར་ཡང་དག་པ ་ཇི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་སེམས་ཅན་ནམ།། སེམས་ཅན་ཆེན་པོ་ཞེས་བྱ་བ་གང ་ཡང་མེད་པའི་ཕྱིར་རོ། ། གང་གིས་ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་དེ་སེམས་ཅན་ཆེན་པོ་ཞེས་བྱའོ།། ཐེག་པ་ཆེན་པོ་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་གང ་ཞེ་ན། གང་ཅི་ཡང་རུང་སྟེ། འདུས་བྱས་ཤེས་པ་དང་། འདུས་མ་བྱས་ཤེས་པ་དང་། འཇིག་རྟེན་པ་ཤེས་པ་དང་། འཇིག་རྟེན་ལས་འདས་པ་ཤེས་པ་དེས་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་སེམས ་ཅན་དུ་འདུ་ཤེས་པ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། ། དེ་ལ་མ་རིག་པའི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས ་ཅན་ཆེན་པོ་ཞེས་བྱའོ། ། དེ་ལ་མི་ཤེས་པའི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ ་བང་གནོན་པ་གང་དག་སེམས་དཔའ་ཆེན་པོའི་འདུཤེས་ལའང་སྤྱོད་ལ། སེམས་ཀྱང་མི་དམིགས། སེམས་ལས་བྱུང་བའི་ཆོས་དང་། སེམས་ཀྱི་རང་བཞིན་ཡང་རབ་ཏུ་མིགས། བྱང་ཆུབ་ཀྱང་མི་དམིགས། ་བྱང་རྒྱབ་ཀྱི་ཕྱོགས་ཀྱི་ཆེས་རྣམས་དང་། བྱང་ཐུབ་ཀྱི་རང་བཞིན་ཡང་བ་ཏུ་མིགས་ཏེ། དེ་དག་མིགས་པའི་སེམས་ཀྱིས་ཐང་ཆུབ་ཅིང་མི་མཐོང་། བྱང་ཆུབས་གཏོགས་པར་སེམས་ཀྱང་མས་ང། བྱང་ཆུབ་ལ་སེམསན ་མཐོང་། སེམས་ལ་བྱང་ཆུབ་མི་མཐོང་སྟེ། གང་དེ་ལྟར་རྣམ་པར་འཇིག་པ་དེ་ནི་བསྒོམ་པ་ཡང་མེད། རྣམ་པར་འཇིག་པར་བྱེད་པ་ཡང་མེད་དེ། རྣམ་པར་འཇིག་པར་བྱེད་པ་དེ་ཡང་མི་དམིགས་ཤིང་རློམ་སེམས་སུ་མི་བྱེད ་ལ། མངོན་པར་ཞེན་པ་མེད་པར་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཞེས་བྱ་སྟེ། དེ་དག་བྱང་ཆུབ ་ལས་ཕྱིར་མི་ལྡོག་གོ། དེ་ཅིའི་ཕྱིར་ཞེ་ན། གང་དག་འདི་ལྟར་བྱང་ཆུབ་དང་། སེམས་དང་། སྐྱེ་བ་དང་། འགོག་པ་ཐ་དད་དུ་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་བྱང་ཆུབ་ཉིད་ལ་གནས་པ་སྟེ། འདི་ནི་གང་ཡང ་ཡང་དག་པར་རྗེས་སུ་མི་མཐོང་། གང་ལ་ཡང་མངོན་པར་མི་ཞེ་ན། གང་ལ་ཡང་རྣམ་པར་རྟོགས་པར་མི་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་དེ་ལྟར་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བར ་སེམས་མི་བསྐྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་སེམས་ཅན་དུ་འདུ་ཤེས་པ་དང་། བྱང་ཆུབ་ཏུ་འདུ་ཤེས་པས་བྱང་ཆུབ་ཀྱི་ཕྱིར་སེམས་སྐྱེད།། ་ན། དེ་དག་ནི་བྱང་ཆུབ་ལས་རིང་སྟེ། དེ་ནི་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་བྱང་ཆུབ་ལས་རིང་བར་འམ། ཉེ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་བྱང་ཆུབ་དང་ཉེ་བ་སྟེ།། ་དེ་ནི་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པངས་དེ་ལ་དགོངས་ནས། གང་དག་གཉིས་སུ་མེད་པར་ཤེས་པ་དེ་ནི་སངས་རྒྱས་དང་ཆོས་ཀྱང་རབ་ཏུ་ཤེས་སོ་ཞེས་བཤད་དོ།། དེ་ཅིའི་ཕྱིར། ་ཞེ་ན། གཉིས་སུ་མེད་པ་ཡོངས་སུ་ཤེས་པས་ཆོས་ཐམས་ཅད་ཡོངས་སུ་ཤེས་ཏེ་དེ་ཆོས་ཐམས་ཅད་ཀྱི་བདག་གི་ངོ་བོ་ཉིད་བསྒོམ་པའི་ཕྱིར་རོ།། གང་གཉིས་སུ་མེད་པའི་ཆོས་ཤེས་པ་དེ་ནི་སངས་རྒྱས་ཀྱི་ཆོས ་ཤེས་པ་སྟེ། ཆོས་གཉིས་སུ་མེད་པར་ཡོངས་སུ་ཤེས་པས་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཤེས་སོ།། བདག་ཡོངས་སུ་ཤེས་པས་ཁམས་གསུམ་ཐམས་ཅད་ཡོངས་སུ་ཤེས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་བདག་ཡོངས་སུ་ཤེས་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ལོ། ། ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཞེ་ན། གང་ཕ་རོལ་ཉིད་ཀྱང་མི་དམིགས།། ཕ་རོལ་དུ་རློམ་སེམས་མི་བྱེད། ཕ་རོལ་ལ་མངོན་པར ་མི་ཞེན་པ་དེ་ནི་ཡོངས་སུ་ཤེས་པས་ཕ་རོལ་དུ་སོང་བ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའི་ས་ཡིན་པར་རིག་པར ་བྱའོ། ། གང་ལ་ཤེས་པར་བྱ་བ་འམ། རྟོགས་པར་བྱ་བ་ཕྲ་རབ་ཙམ་ཡང་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནི་འོང་བ་འམ། འགྲོ་བ་མི་མངོན་ནོ།། གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། ་བམ་པོ་གཉིས་པ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ང་རྒྱལ་ཅན་མཚན་མ་ལ་སྤྱོད་པ་རྣམས་བསྟན་པ་འདི་ལ་སྐྲག་པར་འགྱུར་ལགས ་སོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་ང་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན་རྟོགས་པ་མ་ཡིན་པས་དེ་དག ་གྱུར་། #། 5་གས་ས་ད།། ན་ལ་སྨྲན་། ད་ག་སན་། ་ཀུན་དགའ་བོ་གང་དག་ང་རྒྱལ་སྟོང་པའི་ཕྱིར་ཞུགས་ཤིང་དེ་རྒྱལ་སྤྱོད་པའི་ཕྱིར་བརྩོན་པ་དེ་དག་ནི་འདི་ལ་སྐྲག་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་དུ་ཡོངས་སུ་ཤེས་པས། ང་རྒྱལ་མེད་པ་ཅོལ་ཞིང་། ་དེརྒྱལ་སྟོང་པ་ཚོལ་བའི་ཕྱིར་རོ།། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ང་རྒྱལ་མི་དམིགས་ཤིང་ཡང་དག་པར་མི་མཐོང་ལ་རློམ་སེམས་སུ་མི་བྱེད་ཅིང་མངོན་པར་མཞེན་པ་དེ་དག་ནི་གང་ལ་ཡང་མི་སྐྲག། ་གང་ལ་ཡང་མི་དངང་། གང་ལ་ཡང་དདང་བར་མི་འགྱུར་རོ།། ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་ཅན་རྣམས་ཀྱི་ཕྱིར་ཆོས་བསྟན་པ་འདི་ཞུགས་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་དམྱལ་ཅན ་རྣམས་ཀྱི་ཡུལ་མ་ཡིན་ཏེ། གོ་སྐབས་མེད་དོ།། གང་དག་ང་རྒྱལ་སྤང་བའི་ཕྱིར་བརྩོན་ཞིང་འབད་པ་དེ་དག་ནི་ཡང་དག་པར་འབད་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོ་ང་རྒྱལ་ཞེས་བྱ་བ་དེ་ནི་ལྷག ་པར་བྱེད་པ། སྒྲོ་འདོགས་པའི་ཚིག་བླ་དགས་སོ།། གང་དག་ང་རྒྱལ་ལ་སྤྱོད་ཅིང་ལྷག་པར་བྱེད་པ་སྒྲོ་འདོགས་པར་བྱེད་པ་དེར་ནི་མཚུངས་པར་མི་སྤྱོད་དོ།། མཚུངས་པར་སྤྱོད་པ་ཡང་ཆོས་འདི་ལ་ཐེ་ཙོམ་ཟའོ།། ་ཚེ་དང་ལྡན་པ་ཀུན་དགའ་བོ་གང་དག་མཉམ་པ་ཡང་མི་དམིགས། མི་མཉམ་པ་ཡང་མ་ཡིན། མཉམ་པར་ཡང་རློམ་སེམས་མི་བྱེད། མི་མཉམ་པར་ཡང་མ་ཡིན། མཉམ་པར་ཡང་མངོན་པར་མི ་ཞེ་ན། ། མི་མཉམ་པ་ལའང་མ་ཡིན་པ་དེ་དག་ནི་གང་ལ་ཡང་མི་སྐྲག། མི་ད་དང་། དདང་བར་མི་འགྱུར་རོ།། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ་མི་རྟོགས་སོ། ་ཅདང་ལྡན་པ་ཀུན་དགའ་བ་འདན་བྱས་པས་སར་སྒྲུ་པ་ཐམས་ཅད་ཀྱིས་གས་གང་རྟགས་པ་མ་ཡིན་ན།། མ་དང་ལྡན་པ་ཀུན་དགའ་བཉན་པས་ཐཟག་པ་ཅན་རྣམས་ཀྱིས་ཀྱང་བཏགས་པ།། ད་ནག་ང ་སངས་རྒྱས་ཀྱི་ཐེག་པ་ཅན་ཆོས་ཟབ་མོ་ལ་སྤྱོད་པ་དེ་དག་གིས་ཀྱང་མི་རྟོགས་སོ། ། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་དག་མཚན་མ་ལ་སྤྱོད་པ། དགེ་བའི་བཤེས་གཉེན་གྱིས ་ཡོངས་སུ་མ་ཟིན་པ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དེ་དག་ཀྱང་ཆགས་པ་མེད་པའི་ཆོས་འདི་དག་མི་རྟོགས་ཤིང་ཡུལ་མ་ཡིན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་ཅན་བདེན་པ་མཐོང ་བ་དང་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དགེ་བའི་བཤེས་གཉེན་གྱིས་བརྟན་པ། ཆོས་ཟབ་མོ་ལ་མོས་པ་གང་ཆོས་འདི་དག་ལ་འཐུན་པར་སྤྱོད་པ་དང་། གང་ཆོས་འདི་ཁོང་དུ་ཆུད་ཅིང་སྤྱོད་པ་རྣམས་ནི་མ ་གཏོགས་སོ། ། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་མཚན་མ་དང་བྲལ་བ། མཚན་མ་མེད་པ་ལ་སྤྱོད་པ།། སྣ་ཚོགས་མེད་པ་ལ་སྤྱོད་པ། ཟབ་མོའི་ཆོས་ཤིན་ཏུ་ཚར་ཕྱིན་པ། གང་དག་སེམས ་དང་། ། བྱང་ཆུབ་ཀྱང་མི་དམིགས་ཤིང་ཆོས་གང་ཡང་ཐ་དད་དུ་མི་བྱེད་ལ། ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་ནི་འདི་ལྟ་བུའི་ཆོས་ལ་རྨོངས་པར་མི་འགྱུར་ཐེ་ཚོམ་མི་ཟའོ།། དེ་ཅིའི་ཕྱིར་ཞེ་ན། དེ ་དག་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པར་གནས་ཏེ། མེ་འཐུན་པར་ནི་མ་ཡིན་པའི་ཕྱིར་རོ།། དེ་དག་གིས་གང་དང་གང་ལ་ཆོས་འདྲི་བ་དེ་དང་དེས་རྗེས་སུ་འཐུན་པར་ལན་འདེབས་ཤིང་རྗེས་སུ་འཐུན ་པར་སྨྲ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཇི་ལྟར་ཤཱ་རིའི་བུ་འདིས་བཤད་པ་དེ་དེ་བཞིན་ཏེ། ཀུན་དགའ་བོ་ཆོས་བསྟན་པ ་འདི་དང་། ། སངས་རྒྱས་ཀྱི་བྱང་ཆུབ་དང་། རྗེས་སུ་མཐུན་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་ང་རྒྱལ་ཅན་རྣམས་ཀྱིས་མ་ཡིན། འཇུག་པའི་ཡུལ་མ་ཡིན་ནོ།། ཀུན་དགའ་བོ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན ་པོ་ལ་ནི་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་སེམས་མི་འཇུག་གོ། ། ཀུན་དགའ་བོ་དམན་པ་ལ་མོས་པ་ང་རྒྱལ་ཅན་རྣམས་ཀྱི་ནི་ང་རྒྱལ་གྱི་དབང་གིས་འགྲོ་བས། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་མི ་མཐུན་པར་གནས་སོ། ། ཀུན་དགའ་བོ་འཁོར་དེ་ནི་གཙང་མ་སྟེ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཟབ་མོ་ལ་མོས་པ། ཟབ་མོ ་སྤྱོད་པ་སྟེ། ཀུན་དགའ་བོ་འཁོར་འདི་ལ་དེ་བཞིན་གཤེགས་པས་ཡིད་བརྟན་ནས། ཆོས་མངོན་པར་སྟོན་གྱི་རྗེས་སུ་སྲུང་བའི་ཆོས་ནི་ཅུང་ཟད་ཀྱང་མི་སྟོན་ཏོ།། ཀུན་དགའ་བོ་འཁོར་འདི་ནི་སྙིང་པོ་སྟེ། ས་ཞིག། ་དང་། གསེག་མ་དང་། གྱོ་མོ་མེད་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་སྙིང་པོ་ལ་རབ་ཏུ་གནས་པའོ།། ཀུན་དགའ་བོ་གསེག་མ་དང་། གྱོ་མོ་ཞེས་བྱ་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི ་ཚིག་བླ་དགས་ཏེ། གང་དག་ཆོས་འདི་ལ་གོ་སྐབས་མེད་པའོ།། ཀུན་དགའ་བོ་ཞགས་ཅེས་བྱ་བ་དེ་ནི་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི་ཚིག་བླ་དགས་སོ།། ཀུན་དགའ་བོ་འཁོར་འདི་ནི་ང་རྒྱལ་མེད་པ་དགེ ་བའི་རྩ་བ་ཆེན་པོས་མངོན་པར་འཕགས་པའོ། ། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་མ་དྲོས་པ་རབ་ཏུ་དགའ་བར་གྱུར་ཏེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། རང་གི་གནས་ན་འདོད་པའི་ཡོན།། ་ཏན་ལྔ་ལ་ཀུན་ཏུ་སྤྱོད་ཅིང་། རང་གི་གནས་ན་རབ་ཏུ་དགའ་བར་ཡན་ལག་བརྒྱད་དང་ལྡན་པའི་ཆར་པའི་ཆུ་ཆེན་པོ་འབེབས་སོ།། དེའི་བུར་གྱུར་པ་དེ་དག་ཀྱང་རབ་ཏུ་དགའ་ནས། རང་རང་གི་གནས ་ན་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་གྱུར་ཏེ། རྩེ་ཞིང་ཆར་པ་ཆེན་པོ་འབེབས་སོ།། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང ་ཆོས་ཀྱི་ཆར་ཆེན་པོ་འབེབས་སོ། ། གང་འདི་སྲས་ཐུ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་འདི་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་སྟེ། ཆོས་ཀུན་འབྱུང ་པ་འདི་ལ་བརྩམས་ནས། དེ་བཞིན་གཤེགས་པ་དེ་དག་གི་སྤྱན་སྔར་ཆོས་ཀྱི་ཆར་ཆེན་པོ་གཏོང་ཞིང་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་སོ།། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་རྒྱ་མཚོ་ནི་གང་གི ་ཚེ་རབ་ཏུ་དགའ་བར་གྱུར་པ་དེའི་ཚེ་རང་གི་གནས་ནས་ཆར་གྱི་རྒྱན་ཆེན་པོ་འབེབས་སོ། ། གང་དག་གནས་དེ་ན་གནས་པར་གྱུར་པའི་ཀླུ་དེ་དག་གིས་ཀྱང་ཆར་གྱི་རྒྱུན་དེ་མནོས་ནས་དགའ་བར་འགྱུར་ཏེ། ཆར་གྱི་རྒྱུན ་དེས་བདེ་བར་ཤེས་སོ། ། གང་དག་དེའི་བུར་གྱུར་པ་དེ་དག་ཀྱང་ཆར་གྱི་རྒྱུན་དེ་བཟོད་ཅིང་། ཆར་གྱི་རྒྱུན་དེས་མཆོག་ཏུ་དགའ་བ་འཐོབ་པོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཀླུ་གཞན་དག་གིས་ནི་ཆར་གྱི་རྒྱུན ་དམི་བཟོད་ལ། ། ཀླུགཞན་དག་ནི་ཆར་གྱི་རྒྱུན་དེས་བདེ་བར་མི་ཤེས་ཤིང་ཆར་གྱི་རྒྱུན་དེ་དག་གིས་དགའ་བར་མི་འགྱུར་བའི་ཕྱིར་རོ།། ཀུན་དགའ་བོ་དེ་བཞིན་དུ་གང་དག་དེ་བཞིན་གཤེགས་པའི་ཆོས་དཀོན་མཆོག ་ལ་ལྷག་པར་ཆགས་པ་དང་། གང་དག་དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བྱས་པ། བསམ་པ་རྒྱ་ཆེ་བ། ཆོས་ཟབ་མོའི་ཚུལ་ལས་ངེས་པར་སྐྱེས་པ་དེ ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་གྱི་ཆར་ཆེན་པོ་འདི་བཟོད་དོ། ། ཐོས་ནས་རབ་ཏུ་དགའ་ཞིང་མགུ་སྟེ་བདེ་བར་ཤེས་སོ།། ཀུན་དགའ་བོ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་ལ་བརྟེན་ཏེ། བསམ་པ ་དགཔའི་འཁོར་དུས་ཤེ་ཅན་པོ་ཟླག་ཅིང་། ས་ཀྱི་ཆར་ཆེན་པོ་འབབས་སོ།། ཀུན་དགུའ་བ་འདིས་སྐྱེ། དཔེར་ན་ལཁང་ལས་སྦྱར་བའི་རྒྱལ་པོ་ན་པ་པའི་མཛ་མང་པ་ཐམགས་ད ་དེས་བུ་མང་པོ་རིགས་དང་ལྡན་ཞིང་། མརྒྱད་ཀྱིས་ཀྱང་དག་པ་དེ་དག་ཐམས་ཅད་བཀུག་ནས། རིན་པོ་ཆེའི་མཛོད་བགོས་ཏེ། བུ་གང་ལ་ཡང་མི་སླུ་བར་བྱིན་ནོ།། དེ་ལྟར་བགོས་ནས་དེ་དག་འཁོར་ལོས་སྦྱར་བའི ་རྒྱལ་པོ་དེ་དགའ་བ་དང་། མགུ་བ་ཆེན་པོ་ལྷག་པར་སྐྱེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་དོན་མཚུངས་པར་གྱུར་ཏོ་སྙམ་སྟེ། བདག་བདེ་བར་ཤེས་སོ།། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ ་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་བདག་པོ་རང་འབྱུང་གིས་ཀྱང་སྲས་དེ་དག་བསྡུས་ནས་ཆོས་རིན་པོ་ཆེའི་འཛོད་འདི་མཉམ་པར་བགོས་ཏེ། སྲས་དེ་དག་གང་ལ་ཡང་མི་སླ་བས་དེ་དག་ང་ལ་དགའ་བ་དང་། མགུ་བ་དང་། གུས ་བཆེར་བསྐྱེད་ཅིང་དོན་འཐུན་པ་དང་སངས་རྒྱས་ཀྱི་རིགས་མི་གཅོད་པར་གནས་སོ། ། ཀུན་དགའ་བོ་སེམས་ཅན་གཞན་དམན་པ་ལ་མོས་པ། ང་རྒྱལ་ཅན་ལྟ་བ་ལ་སྤྱོད་པ། མཚན་མ་ལ་སྤྱོད་པ། དམིགས་པ ་ལ་སྤྱོད་པ། ངའོ་སྙམ་པའི་ང་རྒྱལ་གྱིས་བཅོམ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟིལ་གྱིས་གནོན་པ། ལོག་པའི་ལམ་དུ་དོང་བ་རྣམས་ཀྱིས་ཆོས་རིན་པོ་ཆེ་འདི་བཟོད་པར་མི་ནུས་སོ།། ་ཀུན་དགའ་བོ་དམན་པ་ལ་མོས་པའི་སེམས་ཅན་རྣམས་ནི་འཁོར་ལོས་སྒྱུར་བའི་ནོར་མི་འདོད་ཀྱི། ཀུན་དགའ་བོ་གང་དག་འཁོར་ལོས་སྒྱུར་བའི་བུར་གྱུར་པ་དེ་དག་ནི་འཁོར་ལོས་སྒྱུར་བའི་ནོར་འདོད་དོ།། ་ཀུན་དགའ་བོ་སེམས་ཅན་དབུལ་པོ་རྣམས་ནི་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་མཆོག་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིནི་པོ་ཆེ་དང་། བློན་པོ ་ངན་པོ་ཆེ་དང་། གོས་མང་པོ་དང་། གསེར་དང་། རླུང་བ་དང་། མ་ག་དང་། ཌྷདྷཱརྠ་དང་། རླུ་དང་། མདགལ་དང་། བྱུ་དང། ས་ལ་སུམ་དང་། དམ་པ་དུག་དགས་པ་བ་འདན།། ད ་ཀུན་དུ་སྤྱོད་པར་མི་ནུས་ཤིང་རིན་ཐང་ཆུང་ངུར་འཚོང་ལ། མི་མཁས་པས་འདོར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་རིན་པོ་ཆེ་ལ་མི་མཁས་པའི་ཕྱིར་རོ།། ཀུན་དགའ་བོ་སེམས་ཅན་དབུལ་པོ་ནི་རིན་པོ་ཆེ་འདི་འི་མིང ་ནི་འདིའོ་ཞེས་བྱ་བར་རིན་པོ་ཆེ་རྣམས་ཀྱི་མིང་ཡང་མི་ཤེས་སོ། ། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྲས་བདེན་པ་མཐོང་བ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི ་ཆོས་རིན་པོ་ཆེའི་མཛོད་འདི་ཚོལ་བ་སྟེ། དེ་དག་ཆོས་རིན་པོ་ཆེ་དམིགས་སུ་མེད་པ་སྟོང་པ་ཉིད་དང་ལྡན་པ། སངས་རྒྱས་ཀྱི་ཆོས་དང་ལྡན་པ་འདི་འདོད་ཅིང་བཟོད་དེ་དེ་དག་དེས་བྱ་བ་བྱེད་དོ།། སེམས་ཅན་དབུལ་པོ་ཐོས ་པ་དང་བྲལ་བ། ཐོས་པ་ཉམས་པ། མིག་དང་མི་ལྡན་པའི་བྱིས་པ་དེ་དག་ནི་ཆོས་རིན་པོ་ཆེའི་མཛོད་རྙེད་ཀྱང་ཅི་ཞིག་བྱ་ཞེས་འདོར་ཞིངར་གཞན་ལ་སྦྱིན་པར་སེམས་སོ།། ཀུན་དགའ་བོ་གདོལ་བ་དང་། གཡུང་པོ་དང ་སྔག་མ་མཁན་དང་། དཔལ་པོས་འཚོ་བའི་སེམས་ཅན་གང་དག་གཞན་ལ་ལས་རིན་པོ་ཆེ་མང་པོ་ད་ན་བདག་མི་སྤྱོད་དེ། རིན་ཐང་ཆུང་ངུར་འཚན་འདིར་རོ།། ཀུན་དགའ་བོ་སེམས་ཅན་དབུལ་པོ་ཞེས་བྱ་བ་དེ་ནི་རྨ ་སྟེགས་ཅན་ཐམས་ཅད་དང་། གང་དག་གཞན་མུ་སྟེགས་ཅན་གྱི་ཉན་ཐོས་རྣམས་ཀྱི་ཚིག་བླ་དགས་སོ།། ཀུན་དགའ་བོ་སེམས་ཅན་དལ་པོ་ཞེས་བྱ་བ་དོན་བྱས་པས་མོའི་སྐྱེ་བོ་ལྟ་བའི་འདམ་དབྱིང་བ་དམིགས་པ་ཅན ་འཆིང་བ་ལ་མངོན་པར་ཞེན་པ། མཚན་མ་ལ་སྤྱོད་པ། ལམ་ལོག་པར་སོང་བ་རྣམས་ཀྱི་ཚིག་བླ་དགས་ཏེ། དེ་དག་ནི་ཆོས་རིན་པོ་ཆེ་འདི་རྙེད་ན་ཀུན་དུ་སྤྱོད་མི་ནུས་ཤིང་འདོར་ཏེ། དོན་མེད་པར་གཞན་ལ་ཡང་སྦྱིན་པར ་བྱེད་དོ། ། ཀུན་དགའ་བོ་གང་སངས་རྒྱས་ཀྱི་སྲས་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་སྤྱོད་པ། དེ་བཞིན་གཤེགས་པའི་རིགས་རྒྱུན་མི་སྤྱོད་པར་ག་ནས་པ་དེ་དག་ཆོས་རིན་པོ་ཆེ་འདི་ལ་ཡོངས་སུ་སྤྱོད་དོ།། རྙེད་ནས་ཀྱང་ཆུང ་མི་གཟོན་ཅིང་འདི་ལ་རིན་པོ་ཆེར་འདུ་ཤེས་པར་འགྱུར་རོ། ། ཀུན་དགའ་བོ་ཝས་ནི་སེང་གེའི་སྒྲ་སྒྲོག་མི་ནུས་སོ།། ཀུན་དགའ་བོ་གང་སེང་གེའི་ཕྲུག་གུར་གྱུར་ལ། སེང་གེ་ཆེན་པོས་བསྐྱེད་པ་དེ་དག་ནི་སོང་གེའི་སྒྲ་སྒྲོག་གོ། ཀུན ་དགའ་བོ་དེ་བཞིན་དུ་ཝ་ལྟ་བུ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལོག་པར་ལྟ་བ་ཐམས་ཅད་དེ། དེ་དག་གིས་ནི་དེ་བཞིན་གཤེགས་པའི་སེང་གེའི་སྒྲ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་ཆེན་པོའི་ཆོས་ཡོངས་སུ་ལོངས ་སྤྱོད་པར་མི་ནུས་སོ། ། ཀུན་དགའ་བོ་གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྲས་སངས་རྒྱས་ཀྱི་སེང་གེ་ཆེན་པོ་དང་། རང་བྱུང་གི་ཡེ་ཤེས་ཀྱིས་སྐྱེད་པ་དེ་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེང་གེའི་སྒྲ ་སྒྲོག་ཅིང་ཀུན་དུ་སྤྱོད་དོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པའི་འཁོར་ཡོངས་སུ་དག་པ་འདུས་པ་འདི་ངོ་མཚར་ལགས ་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་འཁོར་རང་བྱུང་གི་འཁོར། མི་ཆགས་པའི་འཁོར། རྡོ་རྗེ་ལྟ་བུའི་འཁོར། མེ་སྐལ་བ། མི་བསྐྱོད་པ། མི་འཁྲུགས་པའི་འཁོར་ཡོངས་སུ་དག་པ་འདི་ནི་རབ་ཏུ་མཚར་ལ6 ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རོའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ཁྱོད་འཁོར་འདིར་ཡོན་ཏན་ཡོངས་སུ་བརྗོད་ད་མ། གསོལ་བ་བཅོམ་ལྡན་འདས་བདག ་གིས་འཁོར་འདིའི་ཡོན་ཏན་ཡོངས་སུ་བརྗོད་པའི་རྔོ་མི་ཐོག་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཁོར་འདི་ནི་རི་རབ་དང་འདྲ་སྟེ། ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ལགས་པའི་སླད་དུའོ།། བཀའ ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། འཁོར་འདི་ནི་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་སྟེ། འཁོར་འདིའི་ཡོན་ཏན་གྱི་མཐའ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྟོགས་པར་མི་ནུས་ན ་སེམས་ཅན་གཞན་ཐམས་ཅད་ཀྱིས་ལྟ་ཅི་སྨོས། ཤཱ་ར་དྭ་ཏིའི་བུ་འཁོར་འདི་ནི་དེ་བཞིན་གཤེགས་པས་བསྡུས་པ་མ་ཡིན་ཞིང་འདི་ལ་དེ་བཞིན་གཤེགས་པ་རྩོལ་བ་ཅི་ཡང་མི་མཛད་དེ། རང་གི་དགེ་པའ ་བས་ངའི་མིང་ཐོས་ནས་འཁོར་འདི་འདུས་ཏེ། དེ་བཞིན་གཤེགས་པས་འཁོར་འདི་གང་ལ་ཡང་མ་གླེངས་མ་སྒོ་བར་དེ་དག་རང་གི་དགེ་བའི་རྩ་བས་བསྐུལ་ནས་འཁོར་འདི་ལྤགས་སོ། འདི་ལྟ་བུའི་ཆོས ་བསྟན་པ་ལ་འདི་ལྟ་བུའི་སེམས་ཅན་ཆེན་པོ་འདྲ་བར་འགྱུར་བ་ནི་དེའི་ཆོས་ཉིད་དོ། ། ཤཱ་ར་དྭ་ཏིའི་བུ་གང་སངས་རྒྱས་བཅོམ་ལྡན་འདས་གཞན་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེ་ཚོམ་ཐམས་ཅད་གཅོད ་པ་འདི་ཡང་དག་པར་སྟོན་པ་དེ་དག་གི་འཁོར་ཀྱང་འདི་ལྟ་བུ་འདུ་བར་འགྱུར་ཏེ། འདི་ལྟ་བུ་འདི་འདྲ་བའི་འཁོར་གྱི་དཀྱིལ་འཁོར་གདོན་མི་ཟ་བར་འབྱུང་བ་ནི་ཆོས་བསྟན་པ་འདིའི་ཆོས་ཉིད་དོ།། ། ་ཀུན་དགའ་བོའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་བཀའ་སྩལ་པ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་ཚུ་རོལ་རྟོགས་པ་སྟེ། ་དེ་ནི་བསྟན་པར་མི་ནུས་མོད་ཀྱི།། ཇི་ལྟར་ཁྱེད་ཤེས་པར་འགྱུར་པ་དང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐ་སྙད་ཀྱི་ཚིག་ཏུ་འགྱུར་བ་དེ་ལྟར་རབ་ཏུ་བཤད་པར་བྱའོ།། གཟུགས་ཤེས་རབ་ཀྱི་ཕ་རོལ ་དུ་བྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལས་གཞན་པ་ཡང་མ་ཡིན་ནོ།། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཤེས་པ་ལས་གཞན་པ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ ་གཟུགས་མ་ཡིན་ནོ། ། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ།། གཟུགས་ཀྱི་ཕ་རོལ་ཇི། ་བར་གཟུགས་ཀྱང་དེ་བཞིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་རྣམ་པར་ཤེས་པ་ཡང་དེ་བཞིན་ནོ།། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། ། ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་དག་ནི་ཆོས་ཐམས་ཅད་མ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་དེ་ལ་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་དེ་ནི་གཟུགས་ཀྱི་འབྲལ་བ་བསྟན་པའོ། ། གཟུགས་ཀྱི་ངོ་སྟེ་བར་གཟུགས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དེ་ནི་གཟུགས་ཀྱི་ངོ་བོ ་ཉིད་བཤད་པ་བསྟན་པའོ། ། དེ་ནི་གཟུགས་ཀྱི་ཇི་ལྟ་བ་བཞིན་བསྟན་པའོ།། དེ་ནི་གཟུགས་ཀྱི་རང་བཞིན་བསྟན་པའོ།། དེ་ནི་གཟུགས་མི་དམིགས་པ་བསྟན་པའོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པའི་འབྲལ་བ་བསྟན་པའོ།། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་རྣམ་པར་ཤེས་པ་ཡང་དེ ་བཞིན་ནོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་འང་བ་ཉིད་བཤད་པ་བསྟན་པའོ། ། དེ་ནི་རྣམ་པར་ཤེས་པའི་ཇི་ལྟ་བ་བཞིན་དང་། རྣམ་པར་ཤེས་པའི་རང་བཞིན་དང་། རྣམ་པར་ཤེས་པ་མི་དམིགས་པ་བསྟན་པའོ།། རྣམ་པར ་ཤེས་པའི་ཕ་རོལ་དེ་སྐ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་དག་ཆོས་ཐམས་ཅད་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་འབྲེལ་བ་བསྟན་པག། ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བཤད་པ་བསྟན་པའོ།། དེ་ནི་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་དང་། ཆོས་ཐམས་ཅད་ཀྱི ་མཚན་ཉིད་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་མི་དམིགས་པ་བསྟན་པའོ།། ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་མི ་དམིགས་པ་ཇི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ལ་མི་གནས་སོ།། ཚོར་བ་དང་། འདུ་ཤེས་དང་། འདྲ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་གནས་སོ།། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ཀྱི་ནང་ངམ། ཕྱི་འམ་གཉི་ག་མེད་པ་ལས་རིང་དུ་གནས་པའང་མ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ནང་ངམ། བྱིའམ། གཉི་ག་མེད་པ་ལས་རིང་དུ་གནས་པའང་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས ་དང་ལྡན་པ་ཡང་མ་ཡིན། གཟུགས་དང་མི་ལྡན་པའང་མ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ལྡན་པ་ཡང་མ་ཡིན ་མི་ལྡན་པ་ཡང་མ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་དང་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ།། གཟུགས ་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ཤེས་བྱ་བ་འདི་ནི་གཟུགས་བྲལ་བའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་ནི་གཟུགས་མེད་དེ། གང་མེད་པ་དེ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དེ་བཞིན་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི ་རྣམ་པར་ཤེས་པ་དང་བྲལ་བའོ། ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མེད་དེ། གང་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་གཟུགས་ཀྱི་རང་བཞིན ་དང་བྲལ་བའོ། ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། བྲལ་བའི་རང་བཞིན་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ ་དུ་ཕྱིན་པའོ། ། གཟུགས་ལ་གཟུགས་ཀྱི་རང་བཞིན་མེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་མེད་དེ། རང་བཞིན་མེད་པ་གང ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་གཟུགས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང ་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི། གཟུགས་ཀྱིས་གཟུགས་ཡང་དག་པར་མི་ཤེས་མི་མཐོང་བ་སྟེ། གཟུགས་ཀྱིས་མི ་ཤེས་མི་མཐོང་བ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རྣམ་པ་ཤེས་པས་མཐོང་ངོ་།། ་རྣམ་པར་ཤེས་པས་མི་ཤེས་མི་མཐོང་བ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ཀྱིས་གཟུགས་ཀྱི་ངོ་བོ་ཉིད་མི་ཤེས་སོ།། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རྣམ་པར་ཤེས་པའི་ངོ་བོ་ཉིད་མི་ཤེས་ཏེ། ངོ་བོ་ཉིད་མེད་པར་ཡོངས་སུ་ཤེས་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་གཟུགས་ནི་གཟུགས་ལ་ཀུན་ཏུ་སྦྱོར་བར་མི་བྱེད། ། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ལ་ཀུན་དུ་སྦྱོར་བར་མི་བྱེད ་ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། ། གཟུགས་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་མི་བྱེད་པ་གང་ཡིན་པ་དེ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འབྲི་བར་འགྱུར་བ་འམ། འཕེལ་བར་འགྱུར་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། ། རྣམ་པར་ཤེས་པ་ཡང་འབྲི་བར་འགྱུར་བ་འམ། འཕེལ་བར་འགྱུར་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་འབྲི་མི་འཕེལ་བ་གང་ཤི ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་རྣམ་པར་དག་པའི་ཆོས་ཅན ་ཡང་མ་ཡིན། རྣམ་པར་མ་དག་པའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་དག་པའི་ཆོས་ཅན་ཡང་མ་ཡིན། རྣམ་པར་མ་དག་པའི། ་ཆོས་ཅན་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་ཆོས་ཉིད་ཀྱང་མ་ཡིན། རྣམ་པར་མ་དག་པའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འཕོ་བའམ་མི་འཕོ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འཕོ་བ་འམ ་མི་འཕོ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཕོ་བ་ཡང་མ་ཡིན། མི་འཕོ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་གཟུགས་ནི་སྦྱོར་བའམ། མི་སྦྱོར་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྦྱོར་བ་འམ། མི་སྦྱོར་བ་མ་ཡིན་ཏེ། གཟུགས ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུ་བ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས ་ནི་འཚ་བོའམ། སྐྱེ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འཆི་འཕོ་འམ། སྐྱེ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང ་རྣམ་པར་ཤེས་པའི་ཆི་འཕོ་ཡང་མ་ཡིན། སྐྱེ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་སྐྱེ་བ་འམ། འཆི་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་བ་འམ། འཆི་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་སྐྱེ་མི་འཆི་བ་གང་ཡིན། ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འཁོར་བར་འགྱུར་བའམ། འཁོར་བའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ཡང་འཁོར་བར་འགྱུར་བའམ། འཁོར་བའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཁོར་བར་མི་འགྱུར་ཞིང་། ་འཁོར་བའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ཟད་པར་འགྱུར་བའམ། ཟད་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་།། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཟད་པར་འགྱུར་བའམ། ཟད་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་བཟད་པར་མི་འགྱུར་ཞིང་ཟད་པའི་ཆོས་ཉིད་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ཀུན་འབྱུང་བའི་ཆོས་ཅན་མ་ཡིན། འགོག་པའི་ཆོས་ཅན ་མ་ཡིན་ནོ། ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཀུན་འབྱུང་བའི་ཆོས་ཅན་མ་ཡིན། འགོག་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་འབྱུང་བའི་ཆོས་ཉིད་ཀྱང་མ་ཡིན། འགོག་པའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་སྐྱེ་བའི ་ཆོས་ཅན་ནམ། འཇིག་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་བའི་ཆོས་ཅན་ནམ། འཇིག་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཉིད་ཀྱང་མ་ཡིན། འཇིག་པའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ་གཟུགས་ནི་འགྱུར་བའི་ཆོས་ཅན་ནམ། མི་འགྱུར་བའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འགྱུར་བའི་ཆོས་ཅན་ནམ། མི་འགྱུར ་བའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འགྱུར་བའི་ཆོས་ཉིད་ཀྱང་མ་ཡིན།། མི་འགྱུར་བའི་ཆོས་ཉིད་ཀྱང་མ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་རྟག་པའམ། མི་རྟག་པ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྟག་པའམ་མི་རྟག་པ་མ་ཡིན་ཏེ། གཟུགས ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་དེ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས ་ནི་བདེ་བ་འམ། སྡུག་བསྔལ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བདེ་བ་འམ། སྡུག་བསྔལ་བ་མ་ཡིན་ཏེ། གཟུགས་དང་། ཚེར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་སྡུག་པའམ། མི་སྡུག་པ་མ་ཡིན་ནོ།། ་དེ་བཞིན་དུ་ཚེ་རབ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྡུག་པའམ། མི་སྡུག་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་པ ་ཡང་མ་ཡིན། ། མི་སྡུག་པ་ཡང་མ་ཡིནི་པ་གང་ཡིནི་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་བདག་གམ། བདག་མེད་པ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ཡང་བདག་གམ། བདག་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཀྱང་མ་ཡིན། བདག་མེད་པ་ཡང་མ་ཡིན་པ་གང་ཡིན་པ ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འདོད་ཆགས་ཀྱི་ཆོས་ཅན་ནམ།། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ཡང་འདོད་ཆགས་ཀྱི་ཆོས་ཅན་ནམ། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདོད ་ཆགས་ཀྱི་ཆོས་ཉིད་ཀྱང་མ་ཡིན། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ཞེ་སྡང་གི་ཆོས་ཅན་ནམ། ་ཞེ་སྡང་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཞེ་སྡང་གི་ཆོས་ཅན་ནམ། ཞེ་སྡང་མེད་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེ་སྡང་གི་ཆོས་ཉིད་ཀྱང་མ་ཡིན། ཞེ་སྡང་མེད་པའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ་གཟུགས་ནི་གཏི་མུག་གི་ཆོས་ཅན་ནམ། གཏི་མུག་མེད་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཏི་མུག་གི་ཆོས་ཅན་ནམ།། ག་ཏི ་མུག་མེད་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ག་ཏི་མུག་གི་ཆོས་ཅན་ཡང་མ་ཡིན། གཏི་མུག་མེད་པའི་ཆོས་ཅན་ཡང་མ་ཡིན་པ་གང ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་བྱེད་པ་པོའམ། བྱེད་དུ་འཇུག་པ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ལ་ཡང་བྱེད་པ་པོའམ། བྱེད་དུ་འཇུག་པ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བྱེད་པ་པོ་ཡང་མེད། བྱེད་དུ་འཇུག་པ་ཡང་མེད་པ་གང ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་སློང་བ་པོའམ། ཀུན་ནས་སློང་བ་པོ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་སློང་བ་པོ་འམ། ཀུན་ནས་སློང་བ་པོ་གང་ཡང་མེད་དེ། གཟུགས་དང་། ཚེར་རབ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སློང་བ་པོ་ཡང་མེད། ཀུན་ནས་སློང་བ་པོ་ཡང ་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཤེས་པའམ། ཤེས་པར་བྱེད་དུ་འཇུག་པ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཤེས་པའམ། ཤེས་པར་བྱེད་དུ་འཇུག་པ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཤེས་པ་ཡང་མེད། ཤེས་པར ་བྱེད་དུ་འཇུག་པ་ཡང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཚོར་བ་པོའམ། ཚོར་བར་བྱེད་དུ་འཇུག་པ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚོར་བ་པོའམ། ཚོར་བར་བྱེད་དུ་འཇུག་པ་གང་ཡང་མེད་དེ། གཟུགས་དང་། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚོར་བ་པོ ་ཡང་མེད། ཚོར་བར་བྱེད་དུ་འཇུག་པ་ཡང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཤེས་པ་པོ་འམ། མཐོང་བ་པོ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཤེས་པ་པོའམ། མཐོང་བ་པོ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཤེས་པ། ་པོ་ཡང་མེད། མཐོང་བ་པོ་ཡང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱི་ན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ནི་ཆད་པ་འམ། རྟག་པ་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདྲ ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཆད་པ་འམ། རྟག་པ་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆད་པ་ཡང་མ་ཡིན། རྟག་པ་ཡང་མ ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་མཐའ་འམ། མཐའ་མེད་པ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ཡང་མཐའ་འམ། མཐའ་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པ་གང་ཡིན་པ ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ལྟ་བར་སོང་བ་ཡང་མ་ཡིན། ལྟ་བར་སོང་བ་སྤོང་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང ་རྣམ་པར་ཤེས་པ་ཡང་ལྟ་བར་སོང་བ། ཡང་མ་ཡིན། ལྟ་བར་སོང་བ་སྤོང་བ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྟ་བར་སོང་བ་ཡང་མ་ཡིན། ་ལྟ་བར་སོང་བ་སྤོང་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་སྲེད་པ་ཡང་མ་ཡིན། སྲེད་པ་སྤོང་བ་ཡང་མ་ཡིན་ནོ།། དེ་བཞིན་དུ ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྲེད་པ་ཡང་མ་ཡིན། སྲེད་པ་སྤོང་བ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་སྲེད་པ་ཡང་མ་ཡིན། སྲེད་པ་སྤོང་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་དགེ་བ་འམ།། མི་དགེ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དགེ་བ་འམ། མི་དགེ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན། ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་འགྲོ་བ་འམ། འོང་བ་མི་མངོན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང ་འགྲོ་བ་འམ། འོང་བར་མི་མངོན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འོང་བ་འམ། འགྲོ་བར་ཡང་མི་མངོན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་གནས་པའམ། མི་གནས་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་ནི་ཚུ་རོལ་ལམ། ཕ་རོལ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚུ་རོལ་ཡང་མ་ཡིན། ཕ་རོལ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ ་དུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཚུལ་ཁྲིམས་སམ། འཆལ་བའི་ཚུལ་ཁྲིམས་མ་ཡིན་ཏེ། གཟུགས་དང་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚུལ་ཁྲིམས་ཀྱང་མ་ཡིན། འཆལ་བའི་ཚུལ་ཁྲིམས་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྗེས་སུ་ཆགས་པ་འམ། ཁོང་ཁྲོ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྗེས་སུ་ཆགས ་པ་ཡང་མ་ཡིན། ཁོང་ཁྲོ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྦྱིན ་པར་བྱེད་པ་འམ། ལེན་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྦྱིན་པར་བྱེད་པ་ཡང་མ་ཡིན། ལེན་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བཟོད་པ་འམ། མི་བཟོད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་བཟོད་པ་ཡང་མ་ཡིན། མི་བཟོད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བརྩོན་འགྲུས་སམ། ལེ་ལོ་མ་ཡིན་ཏེ།། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བརྩོན་འགྲུས་ཀྱང་མ་ཡིན། ལེ་ལོ་ཡང་མ ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཏིང་ངེ་འཛིན་ཀྱང་མ་ཡིན། སེམས་རྣམ ་པར་གཡེངས་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཏིང་ངེ་འཛིན་ཀྱང་མ་ཡིན། སེམས་རྣམ་པར་གཡེངས་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཤེས་རབ་འམ། འཆལ་བའི་ཤེས་རབ་མ་ཡིན་ཏེ། གཟུགས་དང་། ཚོར ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤེས་རབ་ཀྱང་མ་ཡིན། འཆལ་བའི་ཤེས་རབ་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཕྱིན་ཅི་ལོག་གམ། ཕྱིན་ཅི་ལོག་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་ཕྱིན་ཅི་ལོག་ཀྱང་མ་ཡིན། ཕྱིན་ཅི་ལོག་མ་ཡིན་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང ་རྣམ་པར་ཤེས་པ་ནི་དྲན་པ་ཉེ་བར་གཞག་པ་འམ། དྲན་པ་ཉེ་བར་གཞག་པ་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དྲན་པ་ཡང་མ་ཡིན། མི་དྲན ་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡང་དག་པའི་སྤོང་བའམ། ་ཡང་དག་པའི་སྤོང་བ་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པའི་སྤོང་བ་ཡང་མ་ཡིན། ཡང་དག་པའི་སྤང་བ་མ་ཡིན་པ་ཡང ་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྫུ་འཕྲུལ་གྱི་རྐང་པ་འམ། ་ཚད་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྫུ་འཕྲུལ་གྱི་རྐང་པ་ཡང་མ་ཡིན།། ཚད་མེད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མ་ཡིན་ཏེ། གཟུགས་དང་། ཚོར ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབང་པོ་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་བརྩལ་གྱིས ་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རིག་པ་འམ། རྣམ་པར་གྲོལ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་རིག་པ་ཡང་མ་ཡིན། རྣམ་པར་གྲོལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་མ་ཡིན། མངོན་པར་ཤེས་པ་ཡང་མ་ཡིན། མངོན་པར་ཤེས་པ་མ་ཡིན་པ་ཡང ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་མ་ཡིན། ་མངོན་པར་ཤེས་པ་ཡང་མ་ཡིན། མངོན་པར་མི་ཤེས་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་།། རྣམ་པར་ཤེས་པ་ནི་སྟོང་པ་ཉིད་དམ། མཚན་མ་མེད་པའམ། སྨོན་པ་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་པ་ནི་སྟོང་པ་ཉིད་ཀྱང་མ་ཡིན། མཚན་མ་མེད་པ་ཡང་མ་ཡིན། སྨོན་པ་མེད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་འདུས་བྱས་སམ། འདུས་མ་བྱས་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུས ་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་ནི་འདུ་བ་འམ་མི་འདུ་བ་མ་ཡིན་ཏེ། གཟུགས་དང་། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུ་བ་ཡང་མ་ཡིན་མི་འདུ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཤེས་པའམ། མི་ཤེས་པ་མ་ཡིན་ཏེ། གཟུགས ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་ཡིན།། མི་ཤེས་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས ་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རློམ་སེམས་སམ། གཡོ་བ་འམ། སྤྲོས་པ་མ་མཆིས་ཏེ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་བརློམ་སེམས་མ་ཡིན། གཡོ་བ་མ་ཡིན། སྤྲོས་པ་མེད་པ་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ནི་འདུ་ཤེས་མ་ཡིན་ཏེ། འདུ་ཤེས་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུ་ཤེས་མ་ཡིན། འདུ་ཤེས་མ་ཡིན་པ་ཡང་མ་ཡིན་པ་གང ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཉེ་བར་ཞི་བ་ཡང་མ་ཡིན། ཉེ་བར་མ་ཞི་བ་ཡང་མ་ཡིན ་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉེ་བར་ཞི་བ་ཡང་མ་ཡིན། ཉེ་བར་མ་ཞི་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ལྡོག་པ་ཡང་མ་ཡིན། མི་ལྡོག་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལྡོག་པ་ཡང་མ་ཡིན། མི་ལྡོག་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད ་དགེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། ། ས་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་གང་འམས་དང་། སྐྱེམ་ཆད་དང་།། ན་བ་འབྲལ་བར་འབྱུང་བ་མངོན་ཐུབ་པར་གཏོགས་པ་བསྟན་པ་དགས་པ་བྱ་བ་ར་ཏུ་གྱུན་པམ་སན་བྱ་གང ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཕྱིན་ཅི་ལོག་དང་། སྒྲིབ་པ་མངོན་དུ་འགྲུབ་པར་རྟོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ཕྱིན་ཅི་ལོག་དང་། སྒྲིབ་པ་མངོན ་དུ་འགྲུབ་པར་རྟོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སྲེད ་བར་སྤྱོད་པ་སུམ་བཅུ་རྩ་དྲུག་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་གྱི་གང་སྲེད་པར་སྤྱོད་པ་སུམ་བཅུ་རྩ་དྲུག་མངོན་དུ་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་གང་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་མངོན་དུ་འགྲུབ ་པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག ་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་མངོན་པར་ཤེས་པ་ལྔ་པོ་དག་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ ་ཡིན་གྱི་གང་མངོན་པར་ཤེས་པ་ལྔ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གང་འདུས་བྱས་སུ་གཏོགས་པ། འཇིག་རྟེན་གྱི་དགེ་བ་དང་། མི་དགེ་བའི་ཆོས་ཐམས་ཅད་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱིས་གང་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། ་གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མངོན་དུ་འགྲུབ་པར་གཏོགས་པར་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་དྲན་པ་ཉེ་བར་བཞག་པ་དང་། ཡང་དག ་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མངོན་དུ་འགྲུབ་པར་གཏོགས་པའི་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང ་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་འཕགས་པའི་བདེན་པ་བཞི་བསྟན་པ་དེ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་འཕགས་པའི་བདེན་པ་བཞི་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་པ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམ་པར་དག་པ ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྣམ་པར ་དག་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་གང་འདུས་མ་བྱས་སུ་གཏོགས་པ། འཇིག་རྟེན་ལས་འདས་པ། མི་གནས་པ།། ཟག་པ་མེད་པའི་ཆོས་རྣམས་བསྟན་པདེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་འདུས་མ་བྱས་སུ་གཏོགས་པ། འཇིམ ་རྟེན་ལས་འདས་པ་མྱི་གནས་པ། ཟག་པ་མྱེད་པའི་ཆོས་རྣམས་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མྱི་སྐྱེ་བ་དང་། མངོན་པར་འདུས་མ་བྱས་པའི་ཆོས ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མི་སྐྱེ་བ་དང་། མངོན་པར་འདུས་མ་བྱས་པའི་ཆོས་བསྟན་པའི་དེ་བཞིན་ཉིད་དང ་མན་པ་ན་ཉི་དང་། གའདམ་ཡིན་པ་ན!ད་། ནཿ་ག་དགས་ཅན་དྲུག། བྷྱཿལརྒྱས་རྣམ་པ་ཤཱན་ནཔ་གཱ་དང་། ་གྲོལ་བ་དང་། འདོད་ཆགས་ཟལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་བསྟན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་རིག་པ་དང་། རྣམཔར་གྲོལ་བྱ་དགའད་ཆགས་དང་བྲལྲ་ཊ་དང་། ་འགོག་པ་དང་། མྱ་ངན་ལས་འདས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། ན་རྣམ་པན་པན་བཞིན་ཉིད་དང་། འོས། བ་བཞིན་གྱི་མཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས། ་རྣམ་པར་གནོན་པ་དེ་ཅིའི་ཕྱིར་ཞེ་ན།། གཟུག་སུ་གཏོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་གཏོགས་པ་ཡང་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁར་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་བྱས་དང་། འདུས་མ་བྱས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ ་མེད་པའི་ཆོས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དགེ་བ་དང་མི་དགེ་བའི་ཆོས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སེམས་ཅན་གྱི་ཁམས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་མ་ཡིན་ཞིང་། ཆོས་དེ་དག་ལས་རྣམ་པར་གྲོལ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་དུ་ཡང་གཏོགས་པ ་ཀ་ཨཱཀྵ་ག་ས ་ཁྱེན་པའོ། ། བཀྱིརྒྱལ་གྱིས་རྣམ་པར་དན་པ་དེ་བན་ན་ཅེས་བྱ་བ་དེ་གང་གཅིག་པདགས་ཡིན་འ་རབ་ཀྱིམལ་གྱིས་རྣམ་པ་གན་པ་ག་བྱིས་པས་པའི་རྒྱུ་བརྣམས་ཀྱིས་དབེནས་པས་པན ་དམིགས་པའི་ཆོས་དེ་དག་ནི་དེ་བཞིན་དུ་མ་ཡིན་ནང་གཞན་དུའ་མ་ཤེས། དེཀར་ཆོས་རྣམ་པ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའས་བང་བའི་ས་དེས་པན་ཅནན ་ཉིད་མནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་དེ་དེའི་ཕྱི་དེ་བཞིན་ཉིད་ཅེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕར་མ ་ཕྱིན་པ་བསྟན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་འབྲི་བའི་ཕྱིར་རམ། འཕེལ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། ཆོས་གར་འདུ་བའི་ཕྱིར་རམ། འབྲལ་བའི་ཕྱིར། ་རམ། བྲི་བའི་ཕྱིར་རམ། གང་པའི་ཕྱིར་རམ། སྩོགས་པའི་ཕྱིར་རམ་། མ་ཐོ་གཔ་ཀྱིས། ངོ་ཚས། སྐྱེ་བའི་ཕྱིར་རམ། འགོག་པའི་ཕྱིར་རམ། ཀུན་ནས་ཉོན་མོངས་པའི་ཕྱིར་རམ།། རྣམ་པར་བྱང་བའི་ཕྱིར་རག། ་འཇུག་པའི་ཕྱིར་རམ། ལྡོག་པའི་ཕྱིར་རམ། ཀུན་འབྱུང་བའི་ཕྱིར་རམ། ནུབ་པའི་ཕྱིར་རམ། མཚན་ཉིད་ཀྱི་ཕྱིར་རམ། མཉམ་པའི་ཕྱིར་རམ། མྱི་མཉམ་པའི་ཕྱིར་རམ། ཀུན་རྫོབ་ཀྱི་ཕྱིར ་རམ། དོན་དམ་པའི་ཕྱིར་རམ་བདེ་བའི་ཕྱིར་རམ། སྡུག་བསྔལ་གྱི་ཕྱིར་རམ། རྟག་པའི་ཕྱིར་རམ། མི་རྟག་པའི་ཕྱིར་རམ། སྡུག་པའི་ཕྱིར་རམ། མི་སྡུག་པའི་ཕྱིར་རམ། བདག ་གི་ཕྱིར་རམ། བདག་མེད་པའི་ཕྱིར་རམ། བདེན་པའི་ཕྱིར་རམ། བརྫུན་པའི་ཕྱིར་རམ། བྱེད་པ་པོའི་ཕྱིར་རམ། བྱེད་པ་པོ་མེད་པའི་ཕྱིར་རམ། འབྱུང་བའི་ཕྱིར་རམ། མི་འབྱུང་བའི་ཕྱིར་རམ། ་ངོ་བོ་ཉིད་ཀྱི་ཕྱིར་རམ།། ངོ་བོ་ཉིད་མེད་པའི་ཕྱིར་རམ། འཆི་འབོའི་ཕྱིར་རམ། སྐྱེ་བའི་ཕྱིར་རམ། སྐྱེས་པའི་ཕྱིར་རམ། མངོན་པར་འགྲུབ་པའི་ཕྱིར་རམ། སྐྱེ་བའི་ཕྱིར་རམ། སྐྱེ་བ་ཀུན་ནས་འབྱུང་བའི་ཕྱིར་རམ་ཚོགས་པའི་ཕྱིར་རམ། ་ཚོགས་པའི་ཕྱིར་རམ། འདོད་ཆགས་དང་བཅས་པའི་ཕྱིར་རམ། འདོད་ཆགས་དང་བྲལ་བའི་ཕྱིར་རམ། ཞེ་སྡང་དང་བཅས་པའི་ཕྱིར་རམ། ཞེ་སྡང་དང་བྲལ་བའི་ཕྱིར་རམ། གཏི་མུག་དང་བཅས་པའི་ཕྱིར་རམ། གཏི་མུག་དང་བྲལ་བའི་ཕྱིར ་རམ། ཕྱིན་ཅི་ལོག་གི་ཕྱིར་རམ། ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་རམ། དམིགས་པའི་ཕྱིར་རམ། དམིགས་པ་མེད་པའི་ཕྱིར་རམ། ཟད་པའི་ཕྱིར་རམ། མི་ཟད་པའི་ཕྱིར་རམ། ཤེས་པའི་ཕྱིར་རམ། མི་ཤེས་པའི་ཕྱིར་རམ། ་མཐོ་བའི་ཕྱིར་རམ། དམའ་བའི་ཕྱིར་རམ། ཕན་པའི་ཕྱིར་རམ། མི་ཕན་པའི་ཕྱིར་རམ། འགྲོ་བའི་ཕྱིར་རམ། མི་འགྲོ་བའི་ཕྱིར་རམ། ཡོད་པའི་ཕྱིར་རམ། མེད་པའི་ཕྱིར་རམ། རྗེས་སུ་ཆགས་པའི་ཕྱིར་རམ། ཁོང་ཁྲོ ་བའི་ཕྱིར་རམ། སྣང་བའི་ཕྱིར་རམ། མུན་པའི་ཕྱིར་རམ། ལེ་ལོའི་ཕྱིར་རམ། བརྩོན་འགྲུས་བརྩམ་པའི་ཕྱིར་རམ། སྟོང་པ་ཉིད་ཀྱི་ཕྱིར་རམ། སྟོང་པ་ཉིད་མ་ཡིན་པའི་ཕྱིར་རམ། མཚན་མའི་ཕྱིར་རམ། ་མཚན་མ་མེད་པའི་ཕྱིར་རམ། སྨོན་པའི་ཕྱིར་རམ། སྨོན་པ་མེད་པའི་ཕྱིར་རམ། མངོན་པར་འདུ་བྱེད་པའི་ཕྱིར་རམ། མངོན་པ་འདུ་མི་བྱེད་པའི་ཕྱིར་རམ། ནུབ་པའི་ཕྱིར་རམ། ནུབ་པའི་མ་ཡིན་པའི་ཕྱིར ་རམ། རིག་པའི་ཕྱིར་རམ། རྣམ་པར་གྲོལ་བའི་ཕྱིར་རམ། ཞི་བའི་ཕྱིར་རམ། ཉེ་བར་མ་ཞི་བའི་ཕྱིར་རམ། འགྲུབ་པའི་ཕྱིར་རམ། མི་འགྲུབ་པའི་ཕྱིར་རམ། ཚུལ་བཞིན་གྱི་ཕྱིར་རམ། ཚུལ་བཞིན ་མཡིན་པའི་གྱུར་རམ། ཡོངས་སུ་ཤེས་པའི་ཕྱིར་དམ། ཡངས་སུམ་གས་པ་འབྱུང་དམ། ངེས་པར་འབྱུང་བ་བྱུར་ད། ངེས་པར་བྱུང་བབ་ཡིན་པ་བྱུང་མ། འཕྲ་བའི་གྱུར་མ། འཕྲུལལ་པ་ཡིན་པའི་ཚོར་ད་། ་ཚུལ་ཁྲིམས་ཀྱི་ཕྱིར་རམ། འཚལ་བའི་ཚུ་ཁྲིམས་ཀྱི་ཕྱིར་རམ། རྣམ་པར་གཡེང་བའི་ཕྱིར་དམ། རྣམ་པར་ག་ཡེང་བ་མ་ཡིན་པའི་ཕྱིར་རམ། ཤེས་རབ་ཀྱི་ཕྱིད་དམ། འཚལ་བའི་ཤེས་རབ་ཀྱི་ཕྱིར་ས། རྣམ་པར་ཤེས ་ཕྱིར་རམ། རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རམ། གནས་པའི་ཕྱིར་རམ། མི་གནས་པའི་ཕྱིར་རམ། བསྐུལ་བ་མཉམ་པའི་ཕྱིར་རམ། སྐལ་བ་མི་མཉམ་པའི་ཕྱིར་ན། འབྱུང་བའི་ཕྱིར་རམ། འཇིག་པའི་ཕྱིར་རམ། ་ཐོབ་པའི་ཕྱིར་རམ། མབབ་ཕྱི་དག་གོས་ཏོག་འི་མིང་དམ། མངོན་པར་རྟོགས་པ་མ་ཡིན་པའི་ཕྱིར་རམ། མངོན་སུམ་དུ་བྱ་བའི་ཕྱིར་རམ། མངོན་སུམ་དབྱ་བ་མ་ཡིན་པའི་ཕྱིར་རག་རབ་རྒ་རྟོགས་པའི་བྱ ་རམ། རབ་ཏུ་མ་རྟོགས་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།། །། བམ་པོ་གསུམ་པ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་རྨི་ལ་མཆིས་པས་རྨི་ལམ ་གྱི་རང་བཞིན་བཤད་པ་སྟོན་ཀྱང་། རྨི་ལམ་གྱི་རང་བཞིན་བསྟན་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ཉིད་ཀྱང་མྱེད་ན་རྨི་ལམ་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྟོན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་རྨི་ལམ་ནི་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་དང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཐོང་བའི་སྐྱེས་བུ་སྒྱུ་མའི་རང་བཞིན་བཤད་པ་སྟོན ་ཀྱང་སྒྱུ་མའི་རང་བཞིན་གང་ཡང་མེད་ན། སྒྱུ་མའི་རང་བཞིན་བསྟན་པའི་ངོ་བོ་ཉིད་ལྟག་ལ་ཡོད། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསྟན་པ་གང ་ཡང་མེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་ནི་ཆོས་གང་མངོན་པར་འགྲུབ་པའི་ཕྱིར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་མངོན་པར ་འགྲུབ་པའི་ཕྱིར་ཡང་ཉེ་བར་གནས་པ་མ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་མིག་ཡོར་མཐོང་བའི་སྐྱེས་བུ་མིག་ཡོར་གྱི་རང་བཞིན་སྟོན་ཀྱང་མིག་ཡོར་གྱི་རང་བཞིན་གང་ཡང་མེད་ན། མིག ་ཡོད་གྱི་རང་བཞིན་སྟོན་པ་ལྟ་ག་ལ་ཡོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གཞིན་གང་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་རང་བཞིན་བསྟན་པ་ལྟ་ག་ལ་ཡོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་མིག་ཡོར་ནི་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས ་གང་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན། སྨིག་སྒྲ་མཐོང་བའི་སྐྱེས་བུ་མིག་རྒྱུ་བཤད་པ་སྟོན་ཀྱང་མིག་རྒྱུ་བསྟན་པ་གང་ཡང་མེད་ན་མིག་རྒྱུ་བསྟན་པའི་རང་བཞིན ་ལྟ་ག་ལ་ཡོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསྟན་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་འདི་ལྟ་སྟེ། དཔེར་ན་མིག་རྒྱུ་ནི་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་བྲག་ཆེའི་སྤྱོད་ཡུལ་ལ་གནས་པའི་སྐྱེས་བུས། བྲག་ཆའི་སྒྲ་ཐོས་ཀྱི་དེ་ནི་མི་མཐོང་སྟེ། ནམ་བདག་གིས་སྒྲ་ཕྱུང་བ་དོ་ཚེ་སྒྲ་ཐོས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ ་དུ་ཕྱིན་པ་བསྟན་པའི་ཚིག་ཐོས་པར་འགྱུར་ཡང་ཆོས་གང་བསྟན་པ་ཐོས་པར་འགྱུར་བ་མེད་དེ། གཞན་དུ་ན་ནམ་མངོན་པར་བཤད་པ་དེའི་ཚེ་ཀུན་ཤེས་ཤིང་ཐོས་པའི་ལམ་དུ་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི། ་ལྟ་སྟེ། དཔེར་ན་ལྔ་བསྔོས་པོ་མཐོང་བའི་སྐྱེས་བུ་ལྦུ་བསྔོས་པའི་རང་བཞིན་སྟོན་ཀྱང་ལྦུ་བསྔོས་པའི་རང་བཞིན་དང་། ཕྱི་ནས་ཀྱང་མི་དམིགས་ན་དེ་བསྟན་པའི་རང་བཞིན་དམིགས་པར་ལྟག་ལ་འགྱུར། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་བྱིན་པའི་རང་བཞིན་ཡང་མི་དམིགས་སོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་འདིས་སྟེ། དཔེར་ན།། ལྡབས་སྨོས་པ་ནི་ཅོ ་གང་མངོན་པར་འགྲུབ་པའི་རང་བཞིན་དུ་ཡང་ཉེ་བར་མི་འགྲོའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་མངོན་པར་འགྲུབ་པའི་རང་བཞིན་ཅན་དུ་ཡང་ཉེ་བར་མི་འགྲོའོ།། @ ་རྒྱལ་གྱིས་རྣམ་པར་གནོན་པ་འདིས་སྟེ། དཔེར་ན། ཆུ་ཆུ་བུར་མཐོང་བའི་སྐྱེས་བུ་ཆུ་ཆུ་ཟུང་རྩི་རང་བཞིནསྔོན་ཀྱང་། བྱ་བ་ད། ཆུ་ན་གྱི་རང་བཞིན་བསྣམ ་ཞལ་ཡོང་། རབ་ཀྱི་ཚུལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོན་ཀྱ་ཤེས་རབ་ཀྱི་ཕ་རོལ་ཏུ་སྦྱིན་པའི་ང་བཞིན་མེད་དོ། བཙྪི་ཙ་མ་གྱིས་རྣམ་པར་གནོན ་འདིམ་ཏེ། དཔེར་ན། ཆུའི་ཆུ་བུར་ནི་ཆོས་གང་མངོན་པ་འཐུབ་པར་འབྱུང་བར་ཉེ་བ་གནས་པ་མ་ཡིན་ནོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང ་གང་མངོན་པར་འགྲུབ་པ་འབྱུང་བར་ཉེ་བར་གནས་པ་མ་ཡིན་ན། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལ་སྟེ། དཔེར་ན་སྐྱེས་བྱས་ཆུ་ཤིང་གི་སྣང་བ་ཀུན་དུ་བཙལ་ཀྱང་མ་རྙེད་མེད་ཀྱི་འོན་ཀྱང་ད ་མདབ་མ་རྣམས་ཀྱིས་དགོས་པ་བྱེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྙིང་པོ་མེད་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དགོས་པ་བྱེད་དོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ནམ་མཁའ་སྟོན་པར་ཐ་སྣད་འདོགས་ཀྱང་ནམ་མཁའ་ལ་ནི་བསྟན་པ་ཅི་ཡང་མེད་དོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་ཀྱང་ཆོས་གང་ཡང་བསྟན་པརོ་ཡང་ཐ་སྙད་གདགས་པར་བྱ་བ་མེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ཞེས་ཐ་སྙད་འདོགས་ཀྱང་ཆོས་གང་བསྟན ་པར་ཡང་ཡོངས་སུ་འགྲུབ་ཅིང་ཐ་སྙད་གདགས་པ་མེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་ཀྱང་ཚིག་གང་བསྟན་པར་ཡང་ཐསྙད་དུ་གདགས་པ་མེད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན། གྲིབ་མ་དང་ཉིན་ལོགས་ཤེས་ཐ་སྙད་དུ་འདོགས་ཀྱང་དེ་གཉིས་ནི་ཆོས་གང་ཡོངས་སུ་མ་གྲུབ་པའི་ཕྱིར་ཡང་ཉེ་བར་མི་གནས་ལ་སྣང་བ་ཡང་མངོན ་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་པའི་ཚིག་ཏུ་འགྲོ་ཡང་ཆོས་གང་བསྟན་པར་ཡང་ཐ་སྐད་ཀྱི་ཚིག་ཏུ་ཡང་མི་འགྲོལ། ཆོས་རྣམས་སྣང ་བར་ཡང་བྱེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་སྦྱངས་པ་ནི་སྣང་བ་ཆེན་པོར་ཉེ་བར་གནས་པར་གྱུར་ཀྱང་སྣང་བ་དེ་ནང་ངམ་ཕྱི་རོལ་ན་ཡང་མེད་དོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣང་བའི་བྱ་བ་ཆེན་པོས་ཉེ་བར་གནས་ཀྱང་སྣང་བ་དེ་ནི་ནང་ངམ། ཕྱི་རོལ་དུ་མཐོང་བར་ཉེ་བར་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ་འདི་ལྟ་སྟེ། དཔེར་ན། ཡུངས་དཀར་གྱི་མར་མ་བྲས་ན་དེའི་འོད་འཕྲོ་བ་ཡུད་ཙམ་ཡང་མི་གནས་མོད་ཀྱི་སྣང་བར་ཡང་བྱེད་དོ།། སྣང་བ་དེས་གཟུགས་རྣམས་ཀྱང་མཐོང་བར་འགྱུར་རོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ལ་ཡང་མི་གནས་མོད་ཀྱི་ཆོས་རྣམས་ཀྱི་སྣང་བའི་བྱ་བ་ཡང་བྱེད་དོ།། སྣང་བ་དེས་འཕགས་པ་རྣམས་ཆོས་ཐམས་ཅད་ཡང་དག་པཇི ་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་ཡོངས་སུ་མ་གྲུབ་པ་བསྟན་པ་ངོ་འཚར་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་དེ་བཞིན་ཏེ། ཤཱ་རིའི་བུ་དེ་དེ་བཞིན་ནོ།། ་གཟུགས་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་མགྲུབ་པོ། ། མ་རིག་པ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། འདུ་བྱེད་ཡོངས་སུ་མ་གྲུབ་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མ་གྲུབ་པ་དང་། མིང་དང་གཟུགས་ཡོངས་སུ་མ ་གྲུབ་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་མ་གྲུབ་པ་དང་། རེག་པ་ཡོངསུ་མ་གྲུབ་པ་དང་། ཚོར་བ་ཡོངས་སུ་མ་གྲུབ་པ་དང་། སྲེད་པ་ཡོངས་སུ་མ་གྲུབ་པ་དང་། ལེན་པ་ཡོངས་སུ་མ་གྲུབ་པ་དང་། སྲིད་པ་ཡོངས་སུ་མ་གྲུབ་པ་དང་། སྐྱེ་བ་ཡོངས་སུ་མ་གྲུབ་པ། ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ཁམས་དང་། ་སྟེམཆེད། ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་གྲུབ་བ~ཾ།། མི་ག་པ་ད་ཟུ་པ་དང་། སེ་བ་དང་ཞི་བ་དང་ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྷ་བ་རྣམ་པར་སྤྱོད་པ་དང་། སོགས་པ་དང་ཉེ་བར་རྫོགས་པ་ལཎྜ ་སུམ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ། ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན།། སྡུག་བསྔལ་བ་ཡང་མ་ཡིན་པ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་མ་གྲུབ་བོ། ། སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ཀུན་འབྱུང་བ་དང་། ནུབ་པ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། ་གསློ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ཤེས་པར་བྱེད་པ་དང་། ཤེས་པར་བྱེད་དུ་འཇུག་པ་ཡོངས་སུ་མ་གྲུབ ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ། ། བདེན་པ་དང་། བརྫུན་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འགྲོ་བ་དང་། མི་འགྲོ་བ་དང་། མཐོང་བ་དང་། བཅས་པ་དང་། མི་མཐོང་བ་དང་། ནང་དང་ཕྱི་ཡོངས་སུ་མ་གྲུབ་པས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ། ། ས་དང་། ཆུ་དང་། མེ་དང་། རླུང་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ ་ཕྱིན་པ་ཡོངས་སུ་མ་གྲུབ་བོ། ། ལས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་དང་། རྐྱེན་དང་། ཆད་པ་དང་། རྟག་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་དང་།། ་ང། པ་། དང་དག་། ས་གས་ས་པནན ་མ་པ་ཤེས་པ་དང་། མམས་པ་དག་བད་བནན་ཏན་མས་པད། @#ག་། ག་ཡ་དང་། ་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཀི་དེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རྐང་པཉིད་དང་མ ་མ་མེད་པ་དང་། སྨོན་པ་མེད་པ་དང་། དགེ་བ་དང་། མི་དགེ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ་འདུས་བྱས་དང་། འདུས་མ་བྱས་དང་། ལུ་ཤུ་སྟན་པ་དང་། ལུང་དུ་མ་བསྟན་པ་དང་། དཀར་པོ་དང་། ནག་པོ་དང་། དཀར་ནག་མ་ཡིན་པ་དང་། གཏོགས་པ་དང་། མི་གཏོགས་པ་དང་། ངན་པ་དང་། བཟང་པོ་དང་། འབྲིང་དང་། ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པ་དང་། རློམ་སེམས་དང་། གནས་པ་དང་། རྣམ་པར་རྟོག་པ་དང་། དཔྱོད་པ་དང་། རྣམ་པ ་དཔྱོད་པ་དང་། དམིགས་པ་དང་། སྒྱུ་དང་། ཕྲག་དོག་དང་། སེར་སྣ་དང་། འདྲ་བ་དང་། གཉིས་ཀྱི་མཚན་ཉིད་དང་། མ་སྐྱེས་པ་དང་། མངོན་པར་འདྲ་མི་བྱེད་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རིག་པ ་དང་། རྣམ་པར་གྲོལ་བ་དང་། ཟད་པ་དང་། འདོད་ཆགས་དང་། བྲལ་བ་དང་། འགོག་པ་དང་། ཕུང་པོ་ཐམས་ཅད་ངེས་པར་འདོར་བ་དང་། འབྱུང་བ་དང་། ཀུན་རྫོབ་པ་དང་། དོན་དམ་པ་དང་། ཉན་ཐོས ་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཆགས་པ་མེད་པའི་ཡེ་ཤེས་དང་། རང་འབྱུང་གི་ཡེ་ཤེས་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའི ་སྨོན་ལམ་དང་། ཉན་ཐོས་ཀྱི་དགེ་འདུན་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དང་། ཚད་མེད་པ་གཏོགས་པ་དང་། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་ཡེ་ཤེས་དང་། ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་བསྟན་དུ་མེད་པ་དང་། ་ཆོས་ཐམས་ཅད་ཤེས་པ་དང་། མཐོང་བ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། བསིལ་བར་གྱུར་པ་དང་། ཞི་བ་དང་། རབ་ཏུ་ཞི་བ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས ་སུ་མ་གྲུབ་པོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། མཚན་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་སྟོབས ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། མྱ་ངན་ལས་འདས་པ་ཡོངས་སུ་མཐུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ ་གྲུབ་པོ། ། དགེ་བ་དང་།། མི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་གྲུབ་པ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་རྒྱས་པར་སྦྱར་རོ།། ཤ་རིའི་བུ་འདི་ལྟ་སྟེ། དཔེར་ན ་ནམ་མཁའ་ནི་གཟུགས་མྱེད། བསྟན་ཏུ་བྱེད། དངོས་པོ་མེད་དེ། ཡོངས་སུ་མ་གྲུབ་བོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་གྱི་བ་གཟུགས་མེད། བསྟན་དུ་མེད། དངོས་པོ་མེད་དེ་ཡོངསུ་གྲུབ་པའོ།། ་ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན། འདའ་ནི་ཚོན་གྱི་རྣམ་པ་སྣ་ཚོགས་སུ་ཀུན་ཏུ་སྣང་ཡང་དེ་ལ་ཚོན་གང་ཡང་ཡོངས་སུ་གྲུབ་པ་མེད་དེ་མི་དམིགས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་བསྟན ་པ་སྣ་ཚོགས་ཉེ་བར་གནས་མོད་ཀྱི་དེ་ལ་བསྟན་པའི་རང་བཞིན་མི་དམིགས་སོ། ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་སོར་མོ་ལྔ་ཡོངས་སུ་གྲུབ་པར་སྔོན་ནམ་ཡང་སྲས་ཀྱང་མ་མཐོང་ངོ་།། ཤཱ་རིའི་བུ ་དེ་བཞིན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་གྲུབ་པའི་རང་བཞིན་སྔོན་ནམ་ཡང་སུས་ཀྱང་མ་མཐོང་ངོ་། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མཐོང་བར་བཀའ་བ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་པ་ཡང་མཐོང་བར་ཉེ་བར་མི་འགྲོའོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི ་ཁོང་དུ་ཆུད་པར་དཀའ་བ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་འདི་ལ་ནི་གང་མངོན་པར་རྫོགས་པར་རྟོགས་པར་ཡོངས་སུ་གྲུབ་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསྟན་དུ་མ་མཆིས་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ་ནི་རང་བཞིན་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ ་འདི་ང་བཞིན་མེད་དོ། ། ཁམས་དང་། སྐྱེ་མཆེད་དང་རྟེན་ང་འབྲེལ་བར་འབྱུང་བ་རང་བཞིན་མེད་དོ།། ཤེས་པཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད།། ཕྱི་ལོག་དང་། སྒྲིབ་པ་དང་། ལྟབར ་གྱུར་པ་དང་། སྲེད་པ་རྣམ་པར་སྤྱོད་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག། ་ཤེད་ལས་སྐྱེས་དང་། ཤེད་བུ་དང། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན ་མེད་དོ། ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་ཀྱི་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་མེད་དོ།། འདོད་པ་དང་། གཟུགས ་དང་། གཟུགས་མེད་པའི་ཁམས་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ།། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོངས། ་བསམ་གཏན་དང་། རྣམ་པར་གཡེང་པ་དང་། ཤེས་རབ་དང་། འཚལ་བའི་ཤེས་རབ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རང་བཞིན་མེད་པས་ཤེས་ར ་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ། ། འཕགས་པའི་བདེན་པ་དང་། ཞི་གནས་དང་། ལྷག་མཐོང་དང་། མངོན་པར་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རང་བཞིན ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། ། རིག་པ་དང་། རྣམ་པར་གྲོལ་བ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ།། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་རང་བཞིན ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ། ། མི་སྐྱེ་བ་ཤེས་པ་དང་།། འགོག་པ་ཤེས་པ་རང་བཞིན་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། མྱ་ངན་ལས་འདས་པ་རང་བཞིན་མེད་པས་ཤེས ་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ། ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ང་སངས་རྒྱས་ཀྱིས་བཞིན་མེད་པས་ཤེསས་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་པའོ།། དོན་དམ་པ་ཤེས་པ་བསྟན་པ་དང་། ཀུན་རྫོབ ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ། ། ཆགས་པ་མེད་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མེད་དོ།། དེ་སྐད་ཅེས ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡོངས་སུ་གྲུབ་པའི་སླད་དུ་ཉེ་བར་གནས་པ་མ་ལགས།། ་འགོག་པའི་སླད་དུ་མ་ལགས་སོ།། ག་རྒྱལག། ཐ་དི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་སྐྱེ་བའི་ཕྱིར་རམ། ཡོངས་སུ་གྲུབ་པའི་ཕྱིར་རམ། འགོག་པའི་ཕྱིར་རམ། བདག་མེད་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཆོས་ཉིད་ཀྱང་མེད་ན་གང་ལ་དམིགས་པར་འགྱུར་ཏེ། ་འད་ལྟར་ཆོས་ཐམས་ཅད་དམིགས་པ་མེད་དོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་འབྲི་བ་འམ། འཕེལ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་ར། ་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་འབྲི་བར་འགྱུར་བ་འམ། འཕེལ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི ་ཆོས་གང་ལས་ཡང་དག་པར་འདའ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཡང་དག་པར་འདའ་བར་བྱ་བའི་ཆོས། གང་ཡང་མི་དམིགས་སོ།། ་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡང་འབྲི་བ་འམ། སྩོགས་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ་པ་འདི་ནི་ཆོས་གང་འབྲི་བ་འམ། སོགས་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡང་འདྲ་བ་འམ། འབྲལ་བའི་སླད་དུ ་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཀུན་དུ་སྦྱོར་བ་འམ། ཀུན་ཏུ་མི་སྦྱོར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི ་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གི་ཚུལ་ལམ། ཚུལ་མ་ལགས་པའི་སླང་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་བཀུར་བ་འམ། རྣམ་པར་བཀུར་བའི ་ཆོས་གང་ཡང་མི་དམིགས་སོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ནི་མ་ག་མ་མ། གནོད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་བ། ཤཱ་རིའི་བུ་འདི་ལྟར ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གང་ལ་ཕན་པའམ། གནོད་པར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་འབྱུང་བ་འམ། མི་འབྱུང་བའི ་ང་བདགནས་པམ་ལགས་སོ། ། པ། ག་དིས་གས་རབཀྱི་པ་མ་དུ་ཕྱིན་པ་ན་ཅེས་གང་ཟུང་བ་འམ་འབྱུ་བའི་ཆོས་གང་པར་མེད་ཚོགས་། གསལ་པ། ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་སྦྱོར་བ་འམ། མི་སྦྱོར་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ་པ་འདི་ནི་ཆོས་གང་སྦྱོར་བ་འམ། མི་སྦྱོར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་དང་ཡང་ཉེ་བར་གནས་པ་འམ། མི་གནས ་པའི་སླང་ཉེ་གནས་པ་མ་ལགས་སོ། ། བཀའཕྲུལ་པ། ཤཱ་དྲ་འདིས་ཤེས་རབ་ཀྱི་པ་ལ་དུ་ཕྱིན་པ་འན་ཆོས་གང་གནས་པར་བྱེད་པ་འམ། གནས་པ་འི་བྱུད་པ་རྣོས་གང་ཡང་ཀྱང་དགས་ག ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདོན་ཅེས་གང་འཇུག་པ་འམ། ལྡོག་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ན་ས ་གང་འཇུག་པའམ། ལྡོག་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིད་པ་འདི་ནི་ཆོས་གང་གི་བྱ་བ་འམ། བྱེད་པའི་སླང་དུ་ཉེ་གནས་པ་མ་ལགས་སོ།། ཀའ་སྩལ ་བ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གི་བྱངས། བྱེད་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གིས ་མཉམ་པ་འམ། མི་མཉམ་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་མཉམ་པ་འམ།། མི་མཉམ་པའི་ཆོས་གང་ཡང་མི་དམིགས་སོ།། ་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡང་བསྡུད་པ་འམ། ཀུན་སྡུད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ།། ་ན་པ་དེ་ནི་གང་སྡུ་བར་བྱ་བ་འམ། དོར་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བགྱི་བགང་གིས་ཀྱང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ ་ཤཱཛ་བུ་དེ་ལྟང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནི་གང་བྱ་བ་བྱེད་པའི་ཆོས་གང་ཡང་མི་དམིགས་སོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ན་ཟབ་པ་ལགས་སོ།། འ་སྩལ་པ། ་ཤཱ་རིའི་བུ་གཟུགས་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ།། ཤཱ་རིའི་བུ་ཚར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབས། ་མརིག་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟ་པོ།། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐེམཛད་དྲུག་དང་། རག་པ་དང་། ཚང་བ་དང་། སྲེད་པ་དང་ལན་པ་དང་། སྲིད་པ་དང་སྒྲུབ་དང་། ་པ་དང་། ནབ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཁབཔས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ།། བྱིན་ཅི་ལོག་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ ་ཟབ་བོ། ། སྒྲིབ་པ་ལྔ་བབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ།། ལྷ་བབབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་པོ། བད་སཔས་ཤེས་པཀྱི་རོ་བྱིན་པ་པ་བགོསམས་ཅན་ཟབཔས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ་བཟབ་བོ། ། སྤྲོས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ།། སྤྲོས་པ་མེད་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ།། ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་པོ། ། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆ་བའི་ཤེས་རབ་དང་། དབང་པོ་དང་། སྟོབས ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། ཕྱིན་ཅི་མ་དོག་པ་དང་། ལམ་ཡན་ལག་བརྒྱད་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། དུས་གསུམ་མཉམ་པ་ཉིད་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ།། མི་འཇིགས་པ་བཞི་དང་། ་རྫུ་འཕྲུལ་གྱི་གང་པ་དང་། མངོན་པར་ཤེས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་པ།། འདས་པ་དང་། མའདས་པ་དང་། ད། བྱུང་བ་ལ་གྲགས་པ་མདཔའ་ས་ཤེས་ཟབ་པས ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ། ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་པོ།། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མི་འགོག་པ་ཤེས་པ་དང་། མངོན་པར ་འདུ་མི་བྱེད་པ་ཤེས་པ་དང་། འདོད་ཆགས་དང་བྲལ་བ་ཤེས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་པོ།། སྒྲིབ་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་བོ།། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོན་ཏུ་ཞིང་ཟབ ་སྟེ། དཔག་ཏུ་མེད་དོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་རྒྱ་ཆེ་ཞིང་ཟབ་སྟེ་དཔག་ཏུ་མེད་དོ།། ཤཱ་ར་དྭ་ཏིའི་བུ་ཟབ་ཅེས་བྱ་བ་ནི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་བསགས་པར་གྱུར་པ་གང་གཏིང་མི་རྙེད་པའོ།། ཤཱ ་ར་དྭ་ཏིའི་བུ་ཟབ་ཅེས་བྱ་བ་ནི་དེ་ལ་འགྲོ་བར་མི་རྙེད་པའོ། ། ཤཱ་ར་དྲ་ཏིའི་ཟབ་ཅེས་བྱ་བ་ནི་དེའི་ཡོན་ཏན་གྱི་མཐའ་མི་རྟོགས་པའོ།། ཤཱ་ར་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མཚོ་ཆེན་པོ་རྒྱ་མཚོ་ནི་རིན་པོ་ཆེ་ཐམས་ཅད་བསགྲ། ་པ། རིན་པོ་ཆེ་དཔག་ཏུ་མེད་པ་གང་རིན་པོ་ཆེ་ཆེན་པོས་རབ་ཏུ་གང་བའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཆོས་རིན་པོ་ཆེ་ཐམས་ཅད་བསགས་པ། ཆོས་རིན་པོ་ཆེ་ཆེན་པོ་བསགས་པ། ཆོས་རིན་པོ་ཆེ ་དཔག་ཏུ་མེད་པ་བསགས་པའོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚེས་གང་བསྟན་པའི་ཆོས་གང་ཡང་དམིགས་པར་ཉེ་བར་གནས་པ་མ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་འཚལ་བ་འམ ་མ་འཚལ་བར་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་ཤེས་པ་འམ། མི་ཤེས་པར་འགྱུར་བའི་ཆོས་གང་ཡང་མེད་མིགས་སོ།། ་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་བསྲུང་བའམ། སྦ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི ་ཆོས་གང་། བསྲུང་བ་འམ། སྦ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྡུད་ཀུན་དུ་སྡུད་པ་འམ། ཡོངསུ་སྡུད་པའི་སླད་དུ་ཉེ་བར་གནས ་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་དང་ཀུན་དུ་སྡུ་པ་འམ། ཡོངས་སུ་བསྡུ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ ་དུ་ཕྱིན་པ་འདི་ནི་ཆོས་གང་གིས་གནས་སམ། གཞིར་ཡང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་ལ་གནས་སམ། གཞིར་བྱེ་བའི་ཆོས་གང་ཡང་མྱི་དམིགས ་སོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གི་གནས་སམ། གཞིར་ཡང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས ་གང་ལ་གནས་སམ། གཞིར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་མངོན་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་@། ་ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་ལ་མངོན་པར་ཞེན་པར་བྱ་བའི་ཆོས་གང་ཡང་གི། མིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས ་གང་ཡང་ལྷག་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་ལ་ལྷག་པ་ན་པར་ཀྱ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་དང་ཡང་གནས་པ་འམ། མི་གནས་པར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་དང ་ལྷན་ཅིག་དུ་གནས་པའི་ཆོས་གང་ཡང་མི་དམིགས་སོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གི་མཚམས་སྦྱར་བ་འམ། མཚམས་སྦྱར་བ་མ་ལགས་པར་ཡང་ཉེ་བར་གནས་པ་མ་ལགས། ་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་མཚམས་སྦྱར་བར་བྱ་བ་འམ། མཚམས་སྦྱར་བར་བྱ་བ་མ་ཡིན་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་འདོད་ཆགས་སམ། འདོད་ཆགས་དང་བྲལ་བར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི ་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ལ་ཆགས་པར་འགྱུར་བ་འམ། མི་ཆགས་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ཞེ་སྡང་དམ ་ཞེ་སྡང་མ་མཆིས་པས་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་ཞེ་སྡང་དང་བཅས་པ་འམ། ཞེ་སྡང་མེད་པའི་ཆོས་ཆོས་པ་མི་དམིགས་སོ།། གསོལ ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་གཏི་མུག་གམ། གཏི་མུག་དང་བྲལ་བ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ ་དྲ་བྱིན་པ་ནི་ཆོས་གང་ལ་རྨོངས་པ་འམ། རྨོངས་པར་མི་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གིས་ཤེས་པ་པོ་འམ། ་ཤེས་པར་བགྱིད་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་ཤེས་པ་འམ། ཆོས་གང་ཤེས་པར་བྱེད་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གིས་རང་བཞིན་ནམ།། རང་བཞིན་མ་ལགས་པར་ཡང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ ་བྱིན་པ་ནི་ཆོས་གང་གིས་རང་བཞིན་ནམ། རང་བཞིན་མ་ཡིན་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གི་དག་པ་འམ། རྣམ་པར་དག་པར ་ཡང་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དང་སྦྱོར་བ་འམ།། རྣམ་པར་སྦྱོར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་སོ། ། བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གཟུགས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། མ་རིག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ་པ་ཡོངས་སུ་དག་གོ། ། འདུ་བྱེད་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། མིང་དང་གཟུགས་ཡོངས་སུ་དག་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ ་བྱིན་པ་ཡོངས་སུ་དག་གོ། ། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲེད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། ན་བ་དང་། འཆི་བ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།། འཁྲུག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཡོངས ་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། བདག་དང་། སེམས་ཅན་དང་། སྲོག་དང་། ་གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། མཐོང་བ ་པོ་ཡོངས་སུ་དག་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆད་པ་དང་། རྟག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། མཐའ་དང་། མཐའ་མེད་པ་ཡོངས་སུ་དག ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། སྦྱིན་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་ཏན ་དང་། ཤེས་རབ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཡོངས་སུ་དག ་བས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། བྱིན་ཅི་མ་ལོག་པ ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། མངོན་པར ་ཤེས་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དགག། ལམ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། ཉན་ཐོས་ཀྱིས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ ་ཡོད་ས་སུ་དག་གོ། ། རང་སངས་རྒྱས་ཀྱིས་ཡོངས་སུ་དག་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། སངས་རྒྱས་ཀྱི་ས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། སངས་རྒྱས་དང་། ཆོས་དང ་དགེ་འདུན་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མཐོང་བ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། ཐོགས་པ་མེད ་པའི་ཡེ་ཤེས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། འདོད་པའི་ཁམས ་ཡོངས་སུ་དག་པ་དང་། གཟུགས་ཀྱི་ཁམས་ཡོངས་སུ་དག་པ་དང་། གཟུགས་མེད་པའི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། སའི་ཁམས་ཡོངས་སུ་དག་པས་ཤེས ་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། ཆུ་དང་མེ་དང་། རླུང་གི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། སེམས་ཅན་གྱི་ཁམས་ཡོངས་སུ་དག་པ ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། ནམ་མཁའི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི ་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་གྱིས་ཡོངས་སུ་དག་པ་ངོ་མཚར་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་ནམ་མཁའ་ཡོངས་སུ་དག་པས་ཤེས་རབ ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་གོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་མ་མཆིས།། བསྟན་དུ་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ ་ཕྱིན་པ་ནི་ཆོས་གང་གི་གཟུགས་ཡོངས་སུ་གྲུབ་པ་འམ། བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཐོགས་པ་མི་མཆིས་པ་ལགས་སོ།། བཀའ་སྩལ་པ ་ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་ལ་ཐོགས་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཞིས་གྱིས་སོ།། ག་ལ་། ཤཱ་ར ་དཱ་ཏིའི་བུ་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཡང་དག་པར་འདུབ་མ་ལགས་སོ།། བཀའ་སྩལ་པ། ཤཱ་ར་དྭ་ཏཱིའི་བུ་བདི་ལྟར་ཤེས་རབ་ཀྱབ་རོལ ་བྱིན་པ་ནི་ཆོས་གང་དང་ཡང་ལྡན་ཅིག་ཏུ་འདྲ་བར་གནས་འཐུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། གསོ་པ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གདགས་སུ་མ་མཛ ་བ.ལགས་སོ། ། བཀའ་སྩལ་པོ། ཤཱ་འེ་བུ་འདི་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་གིས་བདགས་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ། བཅོམ་ལྡན་འདསཤེས་རབ་ཀྱི་ཕ་རོལ་ན་བྱིན ་པ་འདི་ནི་ཐུན་མོང་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་དང་ཐུན་མོངས་དུ་གྱུར་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་མ་མཆིམ་པ་ལགས་སོ།། བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་མཚན་ཉིད་མི་དམིགས་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྡང་བ་མ ་མཆིས་པ་ལགས་སོ། ། བཀའ་སྩལ་པ། སྣང་བ་མི་དམིགས་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་འདི་ནི་མཐའ་ཡས་པའི་ཕ་རོལ་དུ་ཕྱིན་པ་ལགས་སོ།། བཀའ་སྩལ་པ། ཤཱ་ར་དྲ་ཏི་དུ ་གཟུགས་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཐའ་ཡས་པས།། ཕ་རོལ་དུ་ཕྱིན་པའི་དི་མཐའ་ཡས་སོ།། ཕྱིན་ཅི་ལོག་མཐའ་ཡས་པས ་ཕ་རོལ་ཕྱིན་པ་དི་མཐའ་ཡས་སོ། ། སྒྲིབ་པ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ།། མ་རིག་པ་མཐའ་ཡས་པ་དང་། འདུ་བྱེད་རྣམས་མཐའ་ཡས་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པ་དང་། མིང་དང་། ་གཟུགས་མཐའ་ཡས་པ་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨེ་སྔགས་འདོན་པ་དང་། སྡུག ་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ།། ལྟ་བར་གྱུར་པ་མཐའ་ཡས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མཐའ་ཡས་པ་དང་། ཆེད ་པདང་། རྟག་པ་མཐའ་ཡས་པ་དང་། སྔོན་གྱི་མཐའི་མུ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ཕྱི་མའི་མཐའི་མ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ།། སྦྱིན་པ་མཐའ་ཡས ་པ་དང་། ཚུལ་ཁྲིམས་མཐའ་ཡས་པ་དང་། བཟོད་པ་མཐའ་ཡས་པ་དང་། བརྩོན་འགྲུས་མཐའ་ཡས་པ་དང་། བསམ་གཏན་མཐའ་ཡས་པ་དང་། ཤེས་རབ་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་པ་འཡས ་ས། ། དྲན་པ་ཉེ་བར་བཞག་པ་མཐའ་ཡས་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་གང་པ་དང་། དབང་པོ་དང་། ནོབས་དང་། བྱང་ཆུབ་ཀྱི་ཡན་ལགམཐའ་ཡས་པ་དང་། བྱིན་ལ་ལོག་པ་མཐའ་ཡས་པས་པ ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ། ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པ་འགྲུ་མས་ས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ།། དམིགས་པ་མཐའ་ཡས་པས་ཕ་རོལ ་དུ་ཕྱིན་པ་འདི་མཐའ་ཡས་སོ། ། རིག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ།། ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱིས ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ། ། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་སངས་རྒྱས་ཀྱི་ཆོས་མཐའ་ཡས་པས་ཕ་རོལ་ཕྱིན་པ་འདི་མཐའ་ཡས་སོ།། བདག་དང་སེམས་ཅད ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས། ། འདོད་པའི་ཁམས་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་དི་མཐའ་ཡས་སོ།། གཟུགས་ཀྱི་ཁམས་མཐའ་ཡས་པ་དང་། གཟུགས་མེད་པའི་ཁམས་མཐའ ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ། ། མངོན་པར་ཤེས་པ་མཐའ་ཡས་པ་དང་། སྒྲིབ་པ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་མཐའ་ཡས་སོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར ་བྱུང་བའི་ཡེ་ཤེས་མཐོང་བ་མཐའ་ཡས་པས་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ། ། ཆགས་པ་མེད་པ་བཐའ་ཡས་པ་དང་། རྣམ་མཔའམཐའ་ཡས་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པས།། ཕ་རོལ་དུ་ཕྱིན་པ་འདི ་མཐའ་ཡས་སོ། ། ཤཱ་རཱིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འང་ཐོག་མ་དང་། བར་དང་ཐམ་མི་དམིགས་སོ།། གང་གིས་ཀྱང་མི་དམིགས་སོ།། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ ་བྱིན་པ་འདི་ནི་མཐའ་ཡས་མུ་མེད་པའོ། ། འདི་ལྟ་སྟེ། དཔེར་ན། ནམ་མཁའི་མཐའ་མི་དམིགས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཐའ་ཡང་མི་དམིགས་སོ།། སའི་ཁམས་མཐའ་ཡས་པས་ཤེས་པ ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པར་ལྟའོ། ། ཆུའི་ཁམས་མཐའ་ཡས་པ་དང་། མེའི་ཁམས་མཐའ་ཡས་པ་དང་། རླུང་གི་ཁམས་མཐའ་ཡས་པ་དང་། ནམ་མཁའི་ཁམས་མཐའ་ཡས་པ་དང་། རྣམ་པར་ཤེས་པའི་ཁམས་མཐའ ་ཡས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པར་ཁོང་དུ་ཆུད་པར་བྱའོ། ། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མཐའ་མེད། དབུས་མེད།། མུ་མེད་པར་ཁོང་དུ་ཆུད་པར་བྱའོ།། ཤཱ་ར་དྭ་ཏིའི་བུ་འདི་ལྟར ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འདི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་སོ། ། ཤ་རིའི་བུ་གཟུགསས་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་བྱེད་པ་མུ་མྱེད་པར་རིག་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། འདི་ལྟར་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་མ་ལ་ཤེས་པཀྱི་སུ་མེད་པང་གེ་པར་བྱའོ།། རྡུ་དཔ།། ཀྱེ་བ་དང་ན་བ་དང་ཆི་བ་དང་། རྒ་ཤེ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང ་ཡིད་མི་བདེ་བ་དང་། འཁྲུག་པའི་བར་དུ་མུ་མེད་པས་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཕྱིན་ཅི་ལོག་མུ་མེད་པ་དང་། སྒྲིབ་པ་མུ་མེད་པ་དང་། ལྟ་བར་སོང་བ་མུ་མྱེད་པས་ཤཱ་རིའི་བུ་ཤེས་རབ་ཀྱི ་བ་མ་བྱིན་པ་བུ་མེད་པར་རིག་པར་བྱའོ། ། དག་སུ་མྱེད་པ་དང་། སེམས་ཅན་གྱི་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། སྦྱིན་པ་མུ་མྱེད་པ་དང་། ཚུལ་ཁྲིམས་མུ་མེད་པ་དང་། མད་པ་པྲ་ཟ་པ ་དང་། བརྩོན་འགྲུས་མུ་མེད་པ་དང་། བསམ་གཏན་མུ་མེད་པ་དང་། ཤེས་རབ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ན་པ་པང་བཞག་པ་དང་། ང་དག་པ་སྤོང་བ་བུ་མེད་པས་ཤེས་ར ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་བྱའོ། ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྐབས་པར་འཇུག་པ་མུ་མེ་དུས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆུ ་མེད་པར་རིག་པར་བྱའོ། ། ཤཱ་རིའི་བུ་སྡུག་བསྔལ་བ་དང་། ཀུན་བྱུང་བ་དང་། འགོག་པ་དང་། ལམ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཤཱ་རིའི་བུ་མངོན་པར་ཤེས་པ་མུ་མེད་པ་དང་། རྣམ་པར་གྲོལ ་བ་མུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཤཱ་རིའི་བུ་སོ་སོའི་སྐྱེ་བོའི་ཆོས་མུ་མེད་པ་དང་། ཉན་ཐོས་ཀྱི་ཆོས་མུ་མེད་པ་དང་། རང་སངས ་རྒྱས་ཀྱི་ཆོས་མུ་མེད་པ་དང་། སངས་རྒྱས་ཀྱི་ཆོས་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཤཱ་རིའི་བུ་རིག་པ་མུ་མེད་པ་དང་། རྣམ་པར་གྲོལ་བ་མུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། ། ཤཱ་ར་དྭ་ཏིའི་བུ་མུ་མེད་པ་དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མུ་མེད་པ་ཞེས་བྱའོ།། ་མཐའ་དམིགས་སུ་མེད་པས་མཐའ་ཡས་ཞེས་བྱའོ།། ཤཱ་ར་ད་ཏིའི་བུ་མཐའ་མེད་པ་ཞེས་བྱ་བ་དེ་ནི་མུ་མེད་པའི་ཚིག་གོ།། ཤཱ་རིའི་བུ་བདག་མ་སྐྱེས་པས་ཆོས་ཐམས་ཅད་མཐའ་ཡས་པར་རིག་པར་བྱའོ།། ་ཤཱ་རིའི་བུ་ན་མཁའ་མཐའ་ཡས་པས་ཆོས་ཐམས་ཅད་མཐའ་ཡས་མུ་མེད་པར་རིག་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་བ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཆས་འདི་བྱང་ཆུབ་སེམས་དཔའ་ཇིལ་བུ་དག་གིས་ཡུལ་དུ་འགྱུར་ལགས། སམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བྲུམས་འདི་ན་བྱང་ཆུབ་སེམས་དཔའ་སས་ཀྱང་མེདམིགས་ནམས་མ་ཡིན་པ ་གཅི་སྨོས། ལས་ཡང་མི་དམིགས་ན། ལམ་མ་ཡིན་པ་ལ་ཅི་སྨོས། ཚུལ་ཁྲིམས་ཀྱང་མི་དམིགས་ཤིང་རློམ་སེམས་མི་བྱེད་ན་འཚལ་བའི་ཚུལ་ཁྲིམས་གས་སྨྲས་ཏེ། ཁམས་གསུམ་ཐམས་ཅད་དུ་ཡང་རྟོགས་རྨི ་པར་འགྲོ་བ་དང་། འཆི་འཕོ་དང་། སྐྱེ་བ་ཐམས་ཅད་དུ་ཡང་མི་རྟོགས། ལུས་དང་སྲོག་ལ་ཡང་མི་ཆགས་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལ་ལྷ་ཅི་སྨོས་ཏེ། འཁོར་བའི་རྒྱུན་མཐར་བྱས་པ། སྲིད་པའི་རྒྱ་མཚོ་ཆེན་པོ་ལས་རྒལ་བ ་གཡུལ་ཆེན་པོ་ལས་འདས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡུལ་དང་སྐྲོད་པ་ཡིན་ནོ། ། ཡུལ་ཐམས་ཅད་ཡུལ་མ་ཡིན་པར་གང་གིས་ཡོངས་སུ་ཤེས་པ་དེ་དང་དེ་དག་ནི་རྣམ་པ་དེ་ལྟ་བུའི་སྐྱེས་བུ་དམ་པ་དག་སྟེ། ཡུལ་ཐམས ་ཅད་ལ་མ་ཆགས་པ་དེ་དག་ནི་སེང་གེ་ཆེན་པོའོ། ། ཡུལ་ཐམས་ཅད་ལ་མ་ཞུགས་པ་དེ་དང་དེ་དག་ནི་རྣམ་པ་དེ་ལྟ་བུ་དག་གོ།། ཡུལ་ཐམས་ཅད་ཀྱིས་མི་དགོས་པ་དེ་དང་དེ་དག་ནི་ཡུལ་དང་མ་འདྲེས་པའོ།། ཡུལ་ཐམས་ཅད་ལས ་ཡང་དག་པར་འདས་པ་དེ་དང་དེ་དག་ནི་དེད་དཔོན་ཆེན་པོ་སྟེ། ཤཱ་རིའི་བུ་ཆོས་འདི་ནི་དེ་དག་གི་ཡུལ་དང་བགྲོད་པ་མ་ཡིན་ནོ།། ཤཱ་རིའི་བུ་འཁོར་འདི་ནི་གང་ཆོས་འདི་ལམ་མོས་ཤིང་ཡུལ་དུ་མ་གྱུར་པ་འམ། གང་ཆོས་རྣམ་པ ་འདི་ལྟ་བུ་འདི་ལ་སོམ་ཉི་དང་བཅས་པའམ། ཐེ་ཙོམ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཅིག་ཀྱང་ངས་མ་མཐོང་ངོ་།། ཤཱ་རིའི་བུ་འཁོར་འདི་ནི་ཆོས་འདི་ལ་ཐེ་ཙོམ་མེད་དོ།། ནེམ་ནུར་མེད་དོ།། ཡིད་གཉིས་མེད་དོ།། ཤཱ་རིའི་བུ ་བྱང་ཆུབ་སེམས་དཔའ་འདི་དག་ནི་ཆོས་འདི་ལ་ཡིད་གཉིས་མེད་དེ། ཤཱ་རིའི་བུ་སྐྱེས་བུ་དམ་པ་འདི་དག་ནི་སེམས་ཅན་ཐམས་ཅད་ཡིད་གཉིས་ཡང་དག་པར་གཞོམ་པའི་ཕྱིར་གནས་པའོ།། ཤཱ་རིའི་བུ་འདི་དག་ནི་འདི་ལྟ་བུའི་ཆོས་ལ་སོམ ་པར་དས། ། དག་པ་ན་ན་མ་ན་། ས་ས་། སྣུ། ་ཀྱི་ཐེ་ཙམ་གཅད་པའི་ཕྱིར་ཞུགས་པར་འགྱུར་རོ།། ཤཱ་རིའི་བུ་སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་རྣམས་ནི་ཆོས་འདི་ལ་མོས་པར་ངས་མ་བཤད་དོ།། ཆོས་འདི་ལ་དེ་དག་གི་གོ་སྐབས་མེདདེ། འདི་ནི་དེ་དག་གི་ནོར་མ་ཡིན་ནོ།། ཤཱ ་བུ་ཆོས་བསྟན་པ་འདི་གང་དག་གི་རྣ་ལམ་དུ་ཐོས་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ཡིན་ན། གང་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་སངས་རྒྱ ་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་ངེས་པར་ལུང་བསྟན་ཏེ། ཇི་ལྟར་ད་ལྟར་ང་སེང་གེའི་སྒྲ་སྒྲོགས་པ་དང་། འཇིགས་པ་མེད་པའི་སྒྲ་དང་། སྐྱེས་བུ་ཆེན་པོའི་སྒྲ་དང་། རང་བྱུང་གི་སྒྲ་སྒྲོག་པ་དེ་བཞིན་དུ་དེ་དག ་ཀྱང་སེང་གེའི་སྒྲ་སྒྲོག་པར་འགྱུར་རོ། ། གང་དག་ཐ་ན་ཆོས་འདི་ལ་དད་པ་སྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་བསྐྱེད་པར་འགྱུར་བ་དེ་དག་གི་ལུང་བསྟན་པ་ཡང་དེ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་ཤཱ་རིའི་བུ་སེམས་ཅན་གང་དག་ཆོས་ཟབ་མོ་ཐོས་ནས། དགའ་བ་དང་། མཆེག་དུ་དགའ་བ་དང་། མོས་པ་སྐྱེས་པ་དེ་དག་ནི་ཤིན་དུ་རྙེད་པར་དཀའོ།། ཤཱ་རིའི་བུ་དེ་བས་ཀྱང་སེམས་ཅན་གང་ཆོས་ཟབ་མོ་ཐོས་ནས། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་ཅིང་མོས་པསྐྱེད་དེ། དགེ་བ་ཆེན་པོ་དང་ལྡན་པ་ནི་ཤིན་དུ་རྙེད་པར་བཀའ་སྟེ། ཤཱརིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་གང་དག་གི་ན ་ལམ་དུ་ཐོས་པར་འགྱུར་བ་དང་། ཐོས་ནས་ཀློག་པ་དང་། མོས་པ་དང་། དགའ་བ་དང་། ཡིད་བདེ་བ་ཆེན་པོ་བསྐྱེད་པ་དང་། ཕྱིར་ཞིང་ཉན་པའི་ཕྱིར་ཆོས་འདི་ལ་འདུན་པ་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་འཁོར་བ་ཆེན ་ས་། འ་ས་སས་ས་ས ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་ཏོ། ། ཤཱ་རིའི་བྲི་ཆོས་ཀྱི་མཆོག་འདི་ལ་ཆོས་ཆུང་ངུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ན། ས་ས་མ་མཐོང་།། ཤཱ་རའི་བུ་སངས་རྒྱས་ཀྱི་བྱང་ཆུབ་འདི་ནིཿ ་ཆེན་སེམས་ཅན་ནི་ཕལ་ཆེར་དམན་པ་ལ་ངོ་ཤི་ཆོས་ཆུང་ངུ་དང་ལྡན་དེ། འདི་ལྟ་བུའི་ཆོས་ཟབ་མོ་ཆགས་པ་མེད་པ་ལ་དགེ་བར་མ་བྱས་ཤིང་མི་མཁས་ས།། ཤཱ་རིའི་བུ་འདི་ནི་སེམས་ཅན་གང་དག་རྒྱ་ཆེ་ཞིང་ཆོས་རྒྱ་ཆེན ་པོལ་མོས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། བགོས་པ་ཤིན་དུ་ཡོངས་སུ་རྙེད་པ། གོ་ཆ་ཆེན་པོ་ཤིན་ཏུ་གོས་པ། དོན་ལེགས་པར་རྟོགས་པ་ཆེན་པོ་དང་དྲང་ཞིང་ཉམས་རབ་མེད་པ། ཚང་ཚིང་མེད་པ་མཉམ ་པསྨིག་མ་དང་ཚེར་མ་མེད་པ་དང་། ངམ་གྲོག་དང་གཡངས་མེད་པ།། གཙང་མ་གནོད་པ་མེད་པ། གྱ་གྲུ་མེད་པ། ཡོན་པོ་མེད་པར་ཞུགས་པ་དང་། ཤཱ་རའི་བྲི་གང་དག་འཇིག་རྟེན་ལ་ཕན་པ་དང་། འཇིག་རྟེན་ལ་བདེ་བ ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། སྣང་བ་བྱེད་པའི་སེམས་ཅན་རྣམས་ཀྱི་མུ་སྟེགས་སུ་གྱུར་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། ཕན་པར་སྙིང་རྩེ་བ། ་ཕན་པར་འདོད་པ། བདབང་འདོད་པ། གྲུབ་པ་དང་བདེ་བར་འདོད་པ། སེམས་ཅན་ཐམས་ཅད་ལ་བདེ་བར་སྦྱར་བ་ཉེ་བར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དེ་དག་གི་ནོར་ཆེན་པོ་ཡིན་ནོ།། ་ཤཱ་རིའི་བུ་སེམས་ཅན་ཆེན་པོ་དེ་དག་ནི་ཆོས་དཀོན་མཆོག་འདི་ཚོལ་བ་སྟེ། འདི་ནི་དེ་དག་གི་ནོར་དམ་པའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་བསོད་ནམས་མ་བྱས་པ། དམན་པ་ལ་མོས་པ།། དང་བ་རབ་ཏུ་ཉམས་པ་རྣམ ་ནི་ཆོས་ཀྱི་ནོར་རྒྱ་ཆེན་པོ་འདི་ལ་མོས་པ་མི་སྐྱེའོ། ། ཤཱ་རིའི་བུངས་དེ་ལ་དགོངས་ཏེ། སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱང་། མ་པ་འོས་པ་དང་། རྐྱེན་མས་རྣམས་ཀྱང་བྱེ་པ་ཡོས་པ་མས་པས་རྒྱ་ཞེས་པཤད་དེ། ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྤྱོད་ཡུལ་གང་ལགས།། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ ་དཱ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ།། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་རླུང་གི་ཁམས་ཀྱི་ཡུལ་དང་། སྤྱོད་ཡུལ་ནི་མཐའ་ཡས་སོ།། དེ་བཞིན ་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ཡང་མཐའ་ཡས་སོ། ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རླུང་གི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ལོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུལ ་དང་སྤྱོད་ཡུལ་ནི་ནམ་མཔའོ། ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ནམ་པའི་ཁམས་ཀྱི་ཡུལ་དང་། སྤྱོད་ཡུལ་ནི་མཐའ་ཡས་སོ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུལ་དང་། སྤྱོད་ཡུལ་མཐའ་ཡས་སོ།། ཤཱ་རིའིཙྪ ་འདི་ལྟོ་སྟེ། དཔེར་ན་ནམ་མཁའི་ཁམས་དང་། རླུང་གི་ཁམས་ནི་གང་ན་ཡང་མི་སྣང་ཞིང་ཆོས་གང་མངོན་པར་གྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ནོ།། ཤཱ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི ་ཕ་རོལ་དུ་ཕྱིན་པ་ཡང་ཆོས་གང་ལ་ཡང་མི་སྣང་ཞིང་ཆོས་གང་མངོན་པར་འགྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ནོ། ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་དང་། རླུང་གི་ཁམས ་ནི་བཟུང་དུ་མོད་ཅིང་ཡོངས་སུ་མགྲུབ་པས་ཁ་དོག་གི་མཚན་མའི་གྲང་སུ་མི་འགྲོའོ། ། ཤཱ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་བཟུང་དུ་མ་ཅིང་བ་ས་སུམགྲུབ་པས་ཁ་དག་དང་མཚན་མམ་གནས་སུམ ་པནནོ། ། ཤཱ་བ་འདསཿ། པེ་ན། ནམམཁའ་འམས་དང་། རླུ་། ཁམས་དངས་ག་སངས་ས་རྣས་པ་བ་ཁམས་ན།། ན་དྲུགསས་ལ་དུ ་ཡང་ས་གང་ཡང་མངྱས་ས་པ་པང་མ་བ་པ་ཡིནནོ། ། སོག་གས་ལྡན་འདས་སྨྲས་པ་མ་བྱུ་པ་མ་ཤྀད་གས། ས་ས ་མཚན་བྱེད་མེད་དོ། ། ཤཱ་རིའི་བུ་འདིས་སྟེ་དབར་ན། ནམ་མཁའིའ་ཁམས་དང་། རླུང་གི་ཁམས་ནི་ཆེས་གང་གིས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་མ་བར་འགྲུབ་ཡང་མ་ཡིན་ནོ།། ཤཱ་བང་བཞིན་ཤེས་ར ་རོལ་དུ་ཕྱིན་པ་ཡང་ཆོས་གང་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར་འགྲོ་བ་མ་ཡིན་ཏེ། ཤཱ་རིའི་བུ་འདི་ལྟར་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མཚན་ཉིད་མེད་པའོ།། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁ ་ཁམས་ནི་ག་དུ་ཡང་མི་ཆགས་སོ། ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གང་དུ་ཡང་མ་ཚིགས་ཏེ།། དེའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ།། ཤཱ་རིའི་བུ་ཆགས་པ་མེད་པ་ལན་མན་ཉི་མེང་མྱེད་མོད་ཀྱི་འོན། ་ཀྱང་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆགས་པ་མེད་པའི་མཚན་ཉིད་དོ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་ཚིག་གོ།། ཤཱ་རིའི་བུ་ཆགས་པ་མེད་པ་ལ་ནི་མཚན་ཉིད་མེད་ཅིང་མཚན་མ་མེད་དེ།། དེ་ཉིད་མཚན་ཉིད་མྱེད་པར་བསྟན་ཏོ།། ་ཤཱརོ་བུ་ཆགས་པ་མེད་པ་ཞེས་བྱ་བ་དེ་ནི་ཆགས་པ་ཡོངས་སུ་ཤེས་པའོ།། དོན་ཆགས་པ་མ་དམིགས་པའོ།། དེ་ནི་ཆགས་པའི་ཡང་དག་པ་ཇི་ལྟ་བ་བཞིན་ནོ།། དེ་ནི་ཆགས་པའི་བྱིན་ཅི་ལག་ཡོངས་སུ་ཤེས་པའོ།། ཤཱ་རིའི་བུ་ཆགས ་པལ་ཆགས་པ་མེད་དེ། ། དེའི་ཕྱིར་ཆགས་པའི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཆགས་པ་མི་དམིགས་པ་ནི་ཆགས་པ་མེད་པ་ཞེས་བྱའོ།། ཤཱ་རིའི་བུ་ཡེ་ཤེས་བསྟན་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆགས་པ་མེད་པའི ་མཚན་ཉིད་དོ། ། ཤཱ་རིའི་བུ་ཆོས་ཐམས་ཅད་ནི་གཡན་མམ་ཅན་ད་དེ།། ཆོས་གང་གིས་མཚན་ཉིད་གང་ཡིན་པ་དེ་མཚན་ཉིད་མྱེད་པ་སྟེ། ཆོས་གང་ཡང་མཚན་ཉིད་མང་པར་གྲུབ་པའི་བྱོར་། བ་གནས་པ་མ་ཡིན་ནོ། ་མཚན་ཉིད་མེད་པ་དེ་ནི་མཚན་ཉིད་མེད་པ་ཞེས་བྱའོ།། གང་མཚན་ཉིད་མེད་ལ་ཆགས་པ་མེད་དོ།། གལ་ཏེ་ཆོས་ཀྱི་མཚན་ཉིད་ཅིག་ཡོད་ན་ནི་ཆོས་ཐམས་ཅད་ལ་ཆགས་པར་ཡང་འགྱུར་ན། གང་གི་བྱར་ཆོས་ཐམས་ཅད་ལ་མམ ་མེད་པ་དེའི་ཕྱིར་དེ་དགའ་ཆགས་པ་མེད་དོ། ། དེས་ན་ཆོས་ཐམས་ཅད་ཆགས་པ་མེད་པའི་མཚན་ཉིདཅེས་བྷ་སྟེ་སྐང་དུ་བརྗོད་པ་དེ་བཞིན་དུ་ནི་མ་ཡིན་ནོ།། གང་ཆགས་པ་མེད་པའི་མ་ན་ཉིད་དེ་ནི་བརྗོད་པར ་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ།། དབེན་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ།། མི་དམིགས་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ།། ཤཱ་རིའི་བུ་ཆོས་ག་ཆགས་པ་མེད་པའི ་མཚན་ཉིད་ཀྱི་ཆོས་གང་ཡིན་པ་དེ་ནི་མཐོང་བ་ཅིར་ཡང་ཉེ་བར་གནས་པ་མ་ཡིན་ཞིང་མི་མཐོང་བར་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་སེམས་ཅན་རྣམས་ལ་ཆགས་པ་མེད་པའི་མཚན་ཉིད་ཅེས་བསྟན་པར་བྱས་སོ།། ཤཱ་རིའི ་བུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་སྟེ། ཀུན་ནས་ཉོན་མོངས་པ་ནི་མཚན་ཉིད་ཀྱིས་ཉེ་བར་གནས་པ་མ་ཡིན་གྱི་ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་ཕྱིན་ཅི་ལོག་གས་ཉེ་བར་གནས་པའོ། ་ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་མཚན་ཉིད་མེད་པའོ།། གང་མཚན་ཉིད་མེད་པ་དེ་ཐ་སྙད་ཀྱིས་ཀྱང་མཚན་ཉིད་མེད་དེ།། དེ་མཚན་ཉིད་མེད་པ་ཁོ་ནའོ།། ཤཱ་རིའི་བུ་རྣམ་པར་བྱང་བ་དེ་ཡང་མཚན་ཉིད་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ ་རིའི་བུ་ཀུན་ནས་ཉོན་མོངས་པ་ཉིད་ཀྱང་མཚན་ཉིད་མེད་རྣབ་ཕྲ་བ་ལྟ་ཅི་སྨོས། ཤཱ་རིའི་བུ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ཅི་ཡང་མེད་མོད་ཀྱི། སེམས ་གས་ན། ས་ས་ན་།། པ་སྤྱ་བདུ་གསངས་སྒྱུ་མ། ་ཤེས་པ་དེ་ནི་རྣམ་པར་བྱུང་བ་ཞེས་བྱའོ།། ཀུན་ནས་སྐྱོན་མོངས་པ་ཉིད་ཀྱང་མཚན་ཉིད་མེད་ན་རྣམ་པར་བྱང་བ་ས་སྨྲས།། ཤཱ་ན་འདི་ཝཱ་སྟེ། ཀུན་ནས་ཉིན་མངས་པའམ་རྣམ་པར་བྱབྱུང་པའི་ཚམ ་གནས་ནི་མཚན་ཉིད་མེད་ཅིང་ཡངས་སུ་མ་གྲུབ་པའོ། ། རཱྀ་བ་ཆོས་ནམས་ཅད་རྣམཚན་ཉིད་ཡོངས་སུམ་རྫབ་ཏེ། དེ་ན་ཆགས་པ་མེད་པ་ཞེས་བྱ།། ཆོས་ཐམས་ཅད་ཆགས་པ་མེད་པའི་མཚན་ཉིད ་བྱ་བ་ན་ཆོས་ཐམས་ཅད་ཆགས་པ་མེད་པ་ཡིན་ནོ། ། ཤཱ་རིའི་བུ་བྱིས་པས་སོའི་སྐྱེ་བོ་ཐམས་ཅད་ནི་ཆགས་པ་མེད་པ་ལ་ཆགས་སོ།། ཤཱ་རིའི་བུ་འདིན་ཅེས་ཐམས་ཅད་ཆགས་པ་མྱེད་པའི་མཚན་ཉིད་། ་ཤེས་ཀྱི་སྤྱོད་ཡུལ་ཞེས་བསྟན་ཏོ།། ཤཱ་རིའི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྤྱོད་ཡུལ་ལོ།། ཆགས་པ་མེད་པའི་མཚན་ཉིད་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། དེའི་ཕྱིར་ཤེས ་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྤྱོད་ཡུལ་མཐའ་ཡས་ཤེས་བྱའོ། ། གང་ཆགས་པ་མེད་པའི་དིའི་ཡུལ་དང་སྤྱོད་ཡུལ་མཐའ་ཡས་སོ།། ཤཱ་རིའི་བུ་སྟོང་ཡུལ་ཞེས་བྱ་བ་དེ་ནི་སྤྱོད་ཡུལ་མེད་པའི་ཚིག་བླ་དགས་སོ།། ་བླ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སྤྱོང་ཡུལ་བསྟན་པའིམཚན་ཉིད་ཀྱིས་བྱེ་བ་མ་ཡིན་ནོ།། ཤཱ་རྀའི་བུ་ཏྲེ+ེལ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཡུལ་མེད་པའོ།། དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཇིལ་པ་བཞིན་ནོ།། མེད་པའི། ་ར་ཆོས་ཐམས་ཅད་ཡུལ་མེད་དེ། ཆོས་རྣམས་དེ་ལྟར་ཡོངས་སུ་ཤེས་པ་དེ་ནི་ཡུལ་དང་། སྤྱོད་ཚུལ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། གང་ཆོས་རྣམས་དེ་ལྟར་ཡོངས་སུ་ཤེས་འདི་ནི་གང་ལ་ཡང་ཆས ་པ་མདང། ། ཆགས་པ་མེད་པའ་མཚན་ཉིད་ཅེས་བྱའོ།། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ།། ཤཱ་རའི་བུ་འདི་ལྟ་བུ་ཆོས་འདི་ལ་གྲགས་མང་དུ་མ་རྙེད་དོ།། འདི་ལྟ་ང་། ་ཆོས་འཆད་པ་དང་། ཡང་དག་པར་བཏུན་པདང་། རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་བསྟན་པའོ།། ཤཱ་རིའི་བུའི་ཆོས་འདི་ལ་ནི་བདེན་པ་མཐོང་བའི་ཉན་ཐོས་དང་། བྱང་ཆུ ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པར་འགྲོགས་གཞན་གང་ཡང་མེད་དེ། ། ལྟ་བ་ཕུན་སུམ་ཚོགས་པ། ཆོས་འདི་ལ་སྤྱོད་པ ་དག་ཀྱང་ཐེ་ཙོམ་དུ་འགྱུར་རོ། ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐེ་ཙོམ་མེད་པ། ལུས་མངོན་སུམ་དུ་གྱུར་པ་རྣམས་ཆོས་འདྲི་ལ་བཟོད་པ་ཐོབ་པར་འགྱུར་གྱི། ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མ་ཡིན་ནོ།། ཤཱ་རྀཿ ་ཐ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་བསྟན་པ་འདིནི་དམན་པ་ལ་མས་པའི་སེམས་ཅན་རྣམས་ཀྱི་ལག་དུ་འགྲོ་བར་མི་འགྱུར་གྱིས། ཤཱ་རརིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་ནི་སེམས་ཅན་གང་དག་པའི་རྩ་བ ་ཡོངས་སུ་དག་པ་དང་ལྡན་པ། སངས་རྒྱས་མང་བ་ལ་བསྙེན་བཀུར་བྱས་པ་དེ་དགི་ལན་དུ་འགྲོ་བར་འགྱུར་རོ།། ཤེས་རབ་ཀྱི་ཕ་རིལ་དུ་ཕྱིན་པ་བསྟན་པ་འདི་ནི་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ། ཁསམ ་གསས་རྒྱས་སེཾ་མ་ལྡན་དས་ནམ་སུལ་ག་པ་བྷབ་བྱས་པ། ངས་ན་ད་། ས་མ་རྫས་ཀྱི་ག་ས། ང་ས་རྒྱས་མ་དུས་རྣམ་ས་ད་གནས་པ། ་ན་ཅན་གྱི་བ་གི་ལག་ལ་།། གིས་ས་ཀྱིབ་མ་བྱ་པ་ན་པ་འདི་དག་པ་པ་མ་དང་། བ་ཆུ་ད་། ས་ས་ལ་པ་ག ་གང་དག་ལུང་བསྟན་པ་དེ་དག་ཀྱང་མྱུརཿབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། སྨོན་ལམ་གྱི་དབང་གིས་ནི་མ་གཏོགས་སོ།། གང་དག་ལུང་མ་བསྟན་པ ་དེདག་ཀྱང་མྱུར་ཏུ་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། ། ཤཱ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུམ་སྨིན་པའི་རྣ་ལམ་དུ་མདོ་སྡེ་འདི་ཐོས་པར་གྱུར་པ་དེ་དག་ཀྱང་ལུང་བསྟན་པ་ཉིད་དུ་རིག་པར་བྱ་ན། གང ་མ་སྡེ་འདྲི་རྙེད་པ་དང་། ཡི་གེར་འབྲི་བ་དང་། འཆང་བ་དང་། ཀློག་པ་དང་། ལུང་གནོད་པ་དང་།། ཁ་ཏོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པ་ལ་ཅི་སྔོས་པཱ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དེ་དག ་གིས་མདོ་སྡེ་འདི་མཉན་པ་དང་། ཡི་གེ་འབྲི་བ་དང་། ཀློག་པ་དང་།། ཁ་ཏོན་བྱེད་པ་དེ་ནི་གནས་མེད་དེ། ཤཱ་རིའི་བྲི་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་གང་དག་དག་པའི་རྩ་བ་འབར་བ་རྣམས་ཀྱི་ལག་དུ་འགྲོ་བར་འགྱུར་རོ།། ཤཱ་རིའི་བུ ་ཁྱོད་མོས་པར་བྱའོ། ། ཁྱོད་ཀྱི་ཁོང་དུ་ཆུང་བར་བྱའོ།། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་རྣམས་དང་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཆོས་འདི་རྙེད་ན། སྤྲོ་བ་ཆུང་བ་དང་། ལེ་ལོ་དང་། གཉིད་ཆེ་པ་དང་། ་ཤེས་བཞིན་མེད་པ་དང་། དྲན་པ་ཉེ་བར་མི་འཇོག་པ་དང་། སེམས་གཡེང་བ་དང་། ཟང་ཟིང་ལ་ཆགས་པ་དང་། བསམ་པ་དང་། མུ་ཚོར་སྨྲ་བ་དང་། སྨྱོན་ཐབས་དང་། ཁ་བར་དང་། དབང་པོ་ཕལ་བར་མི་བྱའོ།། ཤཱ་རིའི་བུ ་དགེ་བའི་རྩ་བ་བྱས་པ་དག་ཀྱང་མི་སྨྲའོ། ། བྱང་ཆུབ་སེམས་དཔའ་ཆོས་འདི་རྙེད་ནས་བག་ཡོད་པ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། མོས་པ་དང་། ལེ་ལོ་མེད་པ་དང་། དབང་པོ་སྡམས་པ་དང་། ་མུ་ཚོར་མི་སྨྲ་བ་དང་། རབ་ཏུ་བསྟེན་པར་བྱའོ།། དྲན་པ་ཉེ་བར་བཞག་པ་དང་། མང་དུ་ཐོས་པ་ལ་སྦྱོར་བར་བྱའོ།། བརྩོན་འགྲུས་བརྩམས་པ་འདི་ལྟ་བུའི་ཡོན་ཏན་འདི་དག་ཡོངས་སུ་བསྐང་བའི་ཕྱིར་འབད་པར་བྱའོ།། ་ཤཱ་རིའི་བུ་འདི་ལྟ་བུའི་ཆོས་ཐོས་པའི་འབྲས་བུ་ནི་འདི་མ་ཡིན་ཏེ།། གང་བྱང་ཆུབ་སེམས་དཔའ་དང་། ཉན ་ཐོས་འདི་ལྟ་བུའི་ཆོས་ཐོས་ན་བག་བྱེད་པར་མི་འགྱུར་བ་དང་། ཡིད་རྟོན་པར་མི་འགྱུར་བ་དང་། འདུན་པ་ཡོངས་སུ་ཉམས་པ་དང་། བརྩོན་འགྲུས་བྲི་བ་དང་། མ་དྲིས་པ་སྟོན་པ་དང་། གནོད་སེམས་མང་དུ་གྱུར་པ་དེ་ནི་ཐོས་པའི ་འབྲས་བུ་མ་ཡིན་ནོ། ། དེ་དག་གིས་འདི་ལྟ་བུའི་ཆོས་འདི་ཐོས་པ་མ་ཡིན་ནོ།། ཤཱ་རིའི་བུ་ཐོས་ཤེས་བྱ་བ་དེན་ཡང་དག་པའི་ནན་ཏན་གྱི་ཚིག་བླ་དགས་ཏེ། ལོག་པའི་ནན་གྱིས་ནི་མ་ཡིན་ནོ།། བཱ་རིའི་བུ་ལོག་པར ་ཞུགས་པས་ནི་ཆོས་འདི་ཐོས་པར་མི་འགྱུར་རོ། ། ཤཱ་རིའི་བུ་ཐོས་ནས་ཁྱེད་དོན་ལ་མཁས་ཤིང་ནན་ཏན་གྱིས་གནས་པར་བྱའོ།། ཤཱ་རིའི་བུ་ལོག་པར་ཞུགས་པ་རྣམས་ལ་ནི་རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་དོ།། ཤཱ་རིའི ་བུ་གང་ཇི་སྐད་བསྟན་པའི་ཆོས་འདི་ལ་ལོག་པར་མི་བསྒྲུབ་པ་དེ་ནི། ཆོས་འདི་ལ་ནན་ཏན་བྱེད་པ་ཞེས་བྱའོ།། ཤཱ་རིའི་བུ་བཟོད་པ་ཕུན་སུམ་ཚོགས་པའི་གང་ཟག་ནན་ཏན་ལ་གནས་པ་དག་ནི་ཕྱིར་ངན་སོང་དུ་འགྲོ་བར་མི་འགྱུར ་གྱིས། མྱུར་དུ་ཆོས་འདི་ཡང་དག་པར་བསྒྲུབས་པར་འགྱུར་རོ།། དགེ་བའི་རྩ་བ་ངན་ངོན་ཙམ་ལ་ཡང་ཡིད་བསྟན་པར་མི་བྱ་སྟེ།། ཆོས་འདི་ཡོངས་སུ་མ་གྲུབ་ཀྱི་བར་དྲ་བརྩོན་པ་མི་གཏོང་བས་ཀྱང་ཡིད་བརྟན་པར་མི་བྱའོ།། ་ཤཱ་རིའི་བུ་གང་ཆོས་འདི་ལ་བསླབས་པ་དང་། ཡོངས་སུ་གྲུབ་པ་དང་། བཟོད་པ་ཐོབ་པ་དེ་ནི་ཕྱིར་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་མི་བྱེད་དེ།། དེ་ནི་ཕྱིར་ལེ་ལོ་དང་། འབྲིབ་ལ་རྟེན་པར་མི་འགྱུར་ཏེ།། དེ་ཕྱིར་ལྡན ་པའི་འཇིགས་པ་མེད་པར་འགྱུར་རོ། ། དེ་ལྷོད་པར་ཡང་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཤེས་པ་ཡིན་ནོ།། དེས་ཆོས་ཐམས་ཅད་ནི་བྱིན་ཅི་ཡོག་ལས་བྱུང་སྟེ། ཡང་དག ་པ་མ་ཡིན་པའོ་ཞེས་ཡང་དག་པཛྲ། ། བ་བཞིན་དུ་མཐོང་བ་ཡིནན།། དུ་སྐར་ཡང་དག་པར་ཤོང་བ་དན་བཟོད་པ་ཐུན་སུ་མ་ཚོགས་པ་ཡིན་ན།། ངས་པ་ཅིག་བ་དང་། ཚུལ་ཁྲིམས་ན། ་བར་དག་པ་ལ་གནས་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་དང་། སྡོམ་པ་ཕུན་སུམ་ཚོགས་པ་ཡིནི།། གང་ཟག་སེམས་ཅན་དེ་ལ་བུ་ལ་ལྷ་རྣམས་ཀྱང་མོས་པར་འགྱུར་ན་མི་རྣམས་ག། ཅི་སྐྱེས།། སེམས་ཅན་དེས། ་ཐུལ་ལྷ་རྣམས་ཀྱང་དགའ་བར་འགྱུར་བ་ན་མི་རྣམས་ལ་ཙོ་སྨོས།། དེ་དག་གི་གན་དུ་ལྷ་རྣམས་ཀྱང་འགྲོ་བར་གྱུར་ན་མི་རྣམས་གཅི་སྤོས།། དེ་དགལ་ལྷ་རྣམས་ཀྱིས་བཀུར་སྟིར་བྱ་བར་འོས་པ་ཡིན་ན་མི་རྣམས་ཀྱིས ་ཙི་སྨོས། དེ་དག་ལ་ལྷ་རྣམས་ཀྱང་བསྲུང་བར་འགྱུར་ན་མི་རྣམས་ལྟ་ཅི་སྨོས།། དེ་བཞིན་དུཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། དྲི་བ་རྣམས་ཀྱང་དེ་ལ་བསྲུང་བར་འགྱུར། དེ་དག་ལ་སྲུང་བ་དང་། ་སྒྲིབ་པ་དང་། སྲེད་པའི་ཕྱིར་འབད་པར་འགྱུར་རོ།། དཔེའི་ལེའུ་ཞེས་བྱ་བ་སྟེ་བཞི་པའོ།། བམ་པོ་བཞི་པ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པར ་འབྱོར་སྟོན་པ་ཡང་འདི་ན་མངོན་སུམ་དུ་གྱུར། འཁོར་འདི་ཡང་ཆོས་ཟབ་མོ་བསྟན་པའི་སྣོད་དུ་གྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་འཁོར་འདི་ནི་དག་ཅིང་ཟབ་མོའི་ཆོས་ཐོས་པར་འདོད་ན། ཁྱོད་ཅིའི་ཕྱིར་ཤེས་རབ་ཀྱི་ཕ ་རོལ་དུ་ཕྱིན་པ་ལ་བརྩམས་ཏེ། སྤོབས་པར་མི་བྱེད་པར་ཅང་མི་སྨྲ་བར་འདུགདེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན ་པ་ཁོ་བོས་ནི་གང་བརྩམས་ཏེ་སྤོབས་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུ ་མ་དཔའ་དང། རྣབས་པ་དང་། གང་བྱངས་པར་ལུང་དང་། གངནས་ཐབས་པར་འཐ་བ་དང་། གངལ་ས་སྒྲིབས་པར་གྱུང་བ་ཡང་ས། དང་ནབ་ཤེས་བུལ་མ་ན། ་ར་ཀྱི་མ་བྱིན་པ་དང། བྱང་ཆུབ་སེམས་ད་མ་མད་པའ་ཅན་པོ་དང་། གས་པ་ཤཱ་བ་དང་། མས་པ་རྫུག་དང་། གནས ་འགྱུར་བ་དང་། གང་གིས་སྤོབས་པར་འགྱུར་བ་མི་མཐོང་ན་དྲི་གང་དུ་བསྟནུ་པར་བྷཱ། ཁོ་བོས་གང་ལ་བརྩམས་ཏེ་སྤོབས་པར་བྱ། ཤཱ་རའི་བྲི་འདིལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཐ་སྙིད་མེད་པ ་སླར་མེད་པ་བརྗོད་དུ་མེད་པའོ། ། ཚེ་དང་ལྡན་པ་ཤཱ་འི་བུཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སྨྲ་བ་འམ། སྙད་པའམ། བརྗོད་པར་མི་ནུས་སོ།། གང་དེ་ལྟར་ལན་འདབས་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འདས་པའི་མཚན་ཉིད་དང་། མ་འོངས་པ ་མཚན་ཉིད་དང་། ད་ལྟར་བྱུང་བའི་མཚན་ཉིད་དུ་བསྟན་པར་མི་ནུས་ཏེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཐ་སྐད་མ་ཡིན་ཏེ། མཚན་ཉིད་མེད་པའོ།། ཚེ་དང་ལྡན་པ་ཤཱ་ཏིའི་བུ ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པའི་མཚན་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་འདས་པའི་མཚན་ཉིད་དམ། ་འོངས་པའི་མཚན་ཉིད་དམ། དལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ།། ཚར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་འདས་པའི་མཚན་ཉིད་དང་། མ་འོངས་པའི་མཚན་ཉིད་དང་། དཀར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ།། ཆ་དང་ལྡན་ཤཱ་དྭ་ཏི་བུ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ཀྱི་མཚན་ཉིད་དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཏུ ་ཕ་རོལ་དུ་ཕྱིན་པའོ། ། འདུས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣཡངས་ན་ད་ད་། ནོང་དེ་ཤི་ཉིད། ག་ཞིན་དང་། ་ཞི་གི་དེ་ས་ཀྱི་ས་དུ་ཕྱིན་པའོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། @ ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་ཞི་ཉིད་དེ་ནི་གདགས་པ་འམ། ་ཚིག་གི་ལས་ཀྱིས་བརྗོད་པར་རམ། བསྙད་པར་རམ། ལན་གདབ་པར་མི་ནུས་སོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འཇུག་པ་དེས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ ་རྟོགས་སོ། ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཆོས་གང་བསྟན་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ཏེ།། གཟུགས་བསྟན་པའི་མཚན་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདྲ ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྟན་པའི་མཚན་ཉིད་དུ་ཉེ་བར་གནས་པ་མ་ཡིན་ནོ།། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པའི་མཚན་ཉིད་དུ་ཉེ་བར་གནས་པ་མ་ཡིན་ནོ།། མིང་དང་གཟུགས་ཀྱི་མཚན་ཉིད་དང་། བདག་གི་མཚན་ཉིད་དང་། ་སེམས་ཅན་གྱི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་། འདྲ་བའི་མཚན་ཉིད་དང་། འབྲལ་བའི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། རྐྱེན་གྱི་མཚན་ཉིད་དང་། བསྡུག་བསྔལ་གྱི་མཚན་ཉིད་དང་། བདེ་བའི་མ ་ཉིད་དང་། རྣམ་པར་བཞག་པའི་མཚན་ཉིད་དང་། རྣམ་པར་མི་བཞག་པའི་མཚན་ཉིད་དང་། སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད ་དང་། རང་བཞིན་གྱི་མཚན་ཉིད་དང་། ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་དང་། བདེན་པའི་མཚན་ཉིད་དང་། བརྫུན་པའི་མཚན་ཉིད་དང་། འཕོ་བའི་མཚན་ཉིད་དང་། འཇུག་པའི་མཚན་ཉིད ་དུ་ཉེ་བར་གནས་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེའམ། འདི་ནི་ཤེས་རབ ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེའམ། འདིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེའམ། འདིའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་དེ་སུའི་མཐོང་བར་ཡང་ཉེ་བར་མི་འགྲོའོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཆོས་གང་གིས ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པའི་ཆོས་དེ་ཁོ་བོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་ངེས་པར་བསྟན་པར་ཡང་ཉེ་བར་འགྲོ་བ་འམ། ་ཉེ་བར་འགྲོ་བར་འགྱུར་བ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ངེས་པར་བསྟན་པ་ཉེ་བར་འགྲོ་བ་མ་ཡིན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན། ཁམས་རྣམས་ངེས་པར་བསྟན་པར ་ཉ་བར་འགྲིབས་ཡན། རྐན་ཅང་འབྲེལ་བར་འདུང་བས་པགན་བར་འགྲོ་བ་མ་ལན། རིག་པ་དང་། རྣམ་པར་གྲོལ་བངས་པར་བསྐྲུན་པ་བ་གྲུབ་པ་ཡནན།། དང་ལྡན ་ཤཱ་ར་དྭ་ཏིའི་བུ་གང་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་འབྱེད་པར་འགྲོ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ངེས་པར་བསྟན་པར་ཉེ་བར་མི་འགྲོའོ།། ཤཱ་རིའི་བུ་འདི་ལྟ་སྟེ། ཆོས་གང་ངེས་པར་བསྟན་པར ་ཡང་ཉེ་བར་མི་འགྲོ་བའི་ཆོས་དེ་ཇི་ལྟར་བརྗོད་ཅིང་ངེས་པར་བསྟན་པར་འགྱུར། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གང་དག་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་དེ་ལྟར་རབ་ཏུ་ཤེས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན ་པ་རབ་ཏུ་ཤེས་སོ། ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་གན་པ་དངས་པ་བརྟན་པ་པ་ཤེབ་གནས་མ་ཡིན་ནོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་བསྐྲུན་པ ་དང་། ངེས་པར་བསྟན་པ་ཉེ་བར་གནས་པ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ་མིང་དང་གཟུགས་བསྟན་པ་དང་། ངེས་པར་བསྟན་པ་ཉེ་བར་གནས་པ་མ་ཡིན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱད་པ་བསྟན་པ་དང་། ངེས་པར་བསྟན་པ་ཉེ་བར་གནས་པ་མ་ཡིན། སྟན ་ཅིང་འབྲེལ་བར་འབྱུང་བ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཕྱིན་ཅི་ལོག་རྣམས་བསྟན་པ་དང་། ངེས་པར་བསྟུན་པར་ཉེ་བར་གནས་པ་མ་ཡིན། སེམས་ཅན་གྱི ་ད། བདན་མ་པ་དང་། རང་པ་ན་པ་ཤ་པ་ཡིན་མཔ་དང་། ཚྭ་ཁམཔ་དང་། པའི་ལམ་པ་དང་། ནི་ཁམམ་བན་པ་དང་། ས་པ་ན་པག ་གནས་པ་མ་ཡིད། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་བསྟན་པ་དང་ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན།། ཚུལ་ཁྲིམས་དང་། འཇམ་པ་རྡུལ་ཐམས་པནན་ང། ་དང་། ངེས་པར་བསྟན་པ་ཉེ་བ་གནས་པ་མ་ཡིན། བཟོད་པ་དང་། གནདསེམས་དང་། མ་ལྡ་མན་གནས་ལགས་ཡང་།། ཤེས་རབ་དང་། འཇལ་བའི་ཤེས་རབ་བསྟན་པ་དང་། ས་པང ་བར་གནས་པ་མ་ནི། དྲན་པ་ཉེ་བང་བཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་དང་། དབང་པོ་དང་། སྟབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར ་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། དེན་པ་དང་། ལམ་དང་། འབྲས་བུ་བསྟན་པ་དང་། ངེས་པར་བསྟན་པར ་ཉེ་བར་གནས་པ་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་བསྟན་པ་དང་། ངེས་པར་བསྟན་པར་བང་གནས་པ་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ ་སེམས་དཔའི་ཆོས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཆོས་གང་ཤེས་པ་དང་། མི་ཤེས་པ་དང་། བསྟན་པ་དང་། བསྟན་དུ་མེད་པར་ཉེ་བར་གནས་པ་མ་ཡིན། མི་སྐྱེ་བ་ཤེས་པ་དང་། ཟད་པ ་ཤེས་པ་དང་། འགོག་པ་ཤེས་པ་བསྟན་པ་འམ། བསྟན་པ་མ་ཡིན་པར་གནས་པ་མ་ཡིན། མྱ་ངན་ལས་འདས་པ་བསྟན་པ་འམ། བསྟན་པ་མ་ཡིན་པར་ཉེ་བར་གནས་པ་མ་ཡིན་ནོ།། ཚེ་དང་ལྡན་པ ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཆོས་གང་བསྟན་པ་འམ། བསྟན་པ་མ་ཡིན་པར་ཉེ་བར་གནས་པ་མ་ཡིན་པ་དེར་ཐ་སྙད་ཇི་ལྟར་བསྟན་པར་བྱ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ ་ནི་ཆོས་གང་བསྟན་པ་འམ། བསྟན་པ་མ་ཡིན་པར་ཡང་ཉེ་བར་གནས་པ་མ་ཡིན་པར་བསྟན་པ་འདི་ལྟ་བུ་ཁོང་དུ་ཆུད་པ་དེས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཤེས་ཤིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ་བསྟན་པ་ཡང་ཤེས་སོ། ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ན་ཆོས་གང་ལ་ཡང་སྦྱར་བའམ། མོ་སྦྱོར་བའི་ཕྱིར་ཉེ་བར་གནས་པ་པ་ཡིན་ནོ།། དེ་ཅི་བྱོར་ཤེ།། ཚེ་དང་ལྡན་པ་ཤཱ་རཱ ་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ལ་ཀུན་ཁྱོང་བ་ཡང་མི་བྱེད། ཀུན་དུ་མེ་སྦྱོར་བར་ཡང་བ་བྱེད་དོ།། བཞིས་ཁྱོ་དེ། གྲེང། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད ་ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོང་བ་ཡང་མེ་བྱེད་དོ།། འདོད་པའོ་ཁམས་དང་། གཟུགས་ཀྱི ་ཁམས་དང་། གཟུགས་མེད་པའི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད།། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་ཀུན་དུ་སྦྱོར་བ ་ཡང་མི་བྱེད། ཀུ་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། ་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས ་རིབ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། དྲན་པ་ཉེ་བར་བཞག་པ་རྣམས་དང་། ཡངས་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། ཆད་ཡང་པ་ན་ཡད།། དབང་པོ་དང ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ས་པ་དག་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་ཀུན་དུ་སྦྱོར་བ་ཡང་མི་བྱེད།། ཀུན་ཏུ་མི་སྦྱོར་བ་ཡང་མི་བྱེད། ་ལམ་དང་ལམ་གྱི་འབྲས་བུ་དང་། སྡུག་བསྔལ་བ་དང་། ཀུན་ཏུ་འབྱུང་བ་དང་། ཞོན་པ་རྫུན་མྱོར་བ་ང་མི་ཐེག་དུའི་སྦྱོར་བ་ང་བྱེད་།། ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་ཀུན་དུ་སྦྱོར་བར་མི་བྱེད ་ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ། ། ཉན་ཐོས་ཀྱི་ཆོས་དང་། རངསས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། འདས་པ་དང་། མ་འོངས་པ་དང་། ་ད་ལྟར་བྱུང་བ་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། ཐོགས་པ་མེད་པ་དང་། མེ་སྐྱོ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མྱ་ངན་ལས་འདས ་པ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ།། ཆོས་གང་ལ་ཡང་ཀུན་ཏུ་སྦྱོར་བའམ། ཀུན་ཏུ་སྦྱོར་བ་མི་བྱེད་ཡིན་པར་གནས་པ་མ་ཡིན་པ་དེ་ཇི་ལྟར་བསྟན ་པར་བྱ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འོ་བོས་ཆོས་གང་སྤོབས་པར་འགྱུར་བ་དང་། གང་གིས་ཁོ་བོས་སྤོབས་པར་འགྱུར་བ་དང་། གང་ལ་ཁོ་བོས་སྤོབས་པར་འགྱུར་བ་དང་། གང་ལ་ཁོ་བོས་བརྩམ་པར ་འགྱུར་བ་དང་། སྤོབས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཁོ་བོས་དབང་དེ་མཐོང་བས། ཁོ་བོས་དེ་སྐད་སྨྲས་སོ།། ། རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱིས་བརྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་འདི་ལ་བྱང་ཆུབ་སེམས། ་དཔའས་མས་དཔའ་ཆེན་པ་ཤེས་རབ་ཀྱ་པ་ལ་ཕྱིན་པ་ལ་སྣད་པ་ནམས་གང་ལ་སྣང་མ་སྤྱད་།། དཛུ་བྱུ་ནཱན། རབ་ཀྱི་བཎྜལ་གྱིས་རྣམ་པ་ག་ན་པ་རྒྱས་ཐམས་ཅད་ན་བྷྱོནཿལུག་ལས ་བྱུང་བ། བདེན་པ་མ་ཡིན་པ། མེད་པ་ལོག་པ་ཡང་དག་པ་མ་ཡིན་པ་སྟེ། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ། དེ་སྲོག་ཆམ་ག་ནས་ཙུན་དེ་མ་ཟློས།། དེ་ནི་ཡང་དག་པ་མ་ཡིན་པ་ལ་སྤྱོད་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི། བྱིན་ཅི་ལོག་སྤྱོད་པས་རབ་ཏུ་བྱེ་བ་འམ། ཡང་དག་པ་མ་ཡིན་པ་སྤྱོད་པས་རབ་ཏུ་རྩེ་བ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོཀློ་ག་མ ་ཡང་དག་པ་མ་ཡི་པལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། གང་ཕྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་པས།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་མི་སྤྱོད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་ཅེས་བྱ་བ་འདི་ནི་ལོག་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་སྟེ། ཆོས་དེ་ནི་ཇི་ལྟ་བ་བཞིན་དུ་མ་ཡིན། གང་དག་ཇི་ལྟར་གཟུང་བ་དེ་བཞིན་དུ་མ་ཡིན་པ་དེ་ནི། ཕྱིན ་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་ཞེས་བྱའོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་དང་། ཡང་དག་པ་ཇི་ལྟ་བ་ལ་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས ་ད་ན་ས་དག་པར་སྨྲབ་ཏེ། བྱིན་ཅི་ལོག་མ་ཡིན་པ་སྤྱོད་པའོ།། གང་དུ་ཡང་གཔས་ཕྱིན་ཅི་ལོག་པ་དེ་ལ་སྤྱོད་པ་གང་ཡང་མེད། དེའི་ཕྱིར་སྤྱོད་པ་མེད་པ་ན། བྱང་ཆུབ་སེམས་དཔའི་སྤྱོངད་པ་ཞེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གན་པ་སྟོངས། ་ཐམས་ཅ་ཡང་དག་པ་དང་བྱང་ཆུབ་སེམས་པའི་སྤ་པ་སྟེ། དོན་བྱང་ཆུབ་སེམས་དང་སུ་པགི། འདིས་ན་མ། དིན་བྱང་ཆུབ་སེམས་དའིའ་བུད་ཅག། དངས་བྱང་ཆུབ་སེས་འི་བྱུང་པ། ས་བྱང་ཆུབ་པ ་སྤྱོད་པ་དེ་ཀུན་དུ་བསྟན་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དེ་ལྟ་བུས་རབ་ཏུ་ཕྱེ་བ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་དག་ནི་སོ་སོའི་སྐྱེ་བོའི་སྤྱོད་པ་བཟློག་པའོ།། ཉན་ཐོས་ཀྱི་སྤྱོད་པ་བཟློག་པ་དང་། རང་སངས་རྒྱས་ཀྱི་སྤྱོད་པ ་བཟློག་པ་དང་། སྤྱོད་པ་ཐམས་ཅད་བཟློག་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་དོ།། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་འདི་དག་ནི་སངས་རྒྱས་ཀྱི་ཆོས་དེ་དག་གོ།། འདིས་སངས་རྒྱས་ཀྱི་ཆོས་དེ་དག་གོ། ་འདུན་སངས་རྒྱས་ཀྱི་ཆོས་དེ་དག་གོ།། འདིའི་སངས་རྒྱས་ཀྱི་ཆོས་དེ་དག་གོ་ཞེས་སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་དག་ལ་ཡང་མི་སྤྱོད་ཅིང་མངོན་པར་ཞེན་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ ་ནི་དེ་ལྟར་མ་སྤྱོད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དག་ཐམས་ཅད་ནི་རྣམ་པར་རྟོག་པ་ལ་སྤྱོད་པའོ།། བྱང་ཆུབ་སེམས་དཔའ་སྤྱོད་པ་ནི་རྟོག་པ་ཐམས་ཅད་སྤངས་པ་ཡིན་པས། བྱང་ཆུབ་སེམས ་དཔའ་ནི་རྣམ་པར་རྟོག་པ་དང་། མི་རྟོག་པ་ལ་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་ཞེས་བྱ་བ་དེ་ནི་ཆོས་རྣམས་ལ་རྣམ་པར་རྟོག་པའོ།། ཆོས་ཐམས་ཅད་ནི་རྣམ་པར ་མི་རྟོག་པ་ཡིན་པས། ཆོས་ཐམས་ཅད་ལ་བརྟག་པར་མི་ནུས་སོ།། དེའི་ཕྱིར་གང་ཆོས་ལ་རྟོག་པ་དེ་ལོག་པར་རྟོག་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ནི་རྟོག་པའམ། མི་རྟོག་པ་མ ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ།། མི་རྟོག་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་ཏེ། རབ་ཀྱི་བརྒྱལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དང་ནི་མཐའ ་དང་མཐའ་མེད་པ་ལ་མི་སྤྱོད་དོ། ། གང་མཐའ་དང་མཐའ་མེད་པ་ལ་མྱི་སྤྱོད་པ་དེས་ནི་དབུས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དབུས་ཡང་དག་པར་རྗེས་སུ་མཐོང་ཞིང་དབུས་ལ་སྤྱོད་ན་ནི་མཐའ་ཉིད།། ། ་ལ་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དབུས་ལ་ནི་སྤྱོད་པ་བསྟན་པ་འམ། ངེས་པར་བསྟན་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དབུས་ཤེས་བྱ་བ་དེ་ནི་འཕགས་པའི་ལམ ་ཡན་ལག་བརྒྱད་པའི་ཚིག་བླ་དགས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཚས་གང་དམིགས་པ་དང་། ཆོས་གང་མཐོང་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་ན་མ་ཆོས་གང་ལ་ཡང་བསྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པ་དེའི་ཚེ། ལམ་གྱི་རྒྱུན་གཅོད་ཅེས་བྱའོ།། དེ་ཆོས་ཐམས་ཅད་ལ་བསྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པས་སྒོམ་པ་ལས ་ཡང་དག་པར་འདས་ནས་ཆོས་སྙམ་པ་ཉིད་རྙེད་དེ། ཆོས་མཉམ་པ་ཉིད་དེས་ལམ་གྱི་འདུ་ཤེས་ཀྱང་མི་འབྱུང་ན། ལམ་མཐོང་བར་ལྟ་ག་ལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལམ་གྱི་རྒྱུན་གཅད་ཅེས་བྱ་བ་དེ་ནི་དགེ་སློང ་ཟག་པ་ཟད་པ། དགྲ་བཅོམ་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་སྒོམས་པ་ཡང་མེད་ཅིང་སྒོམས་པ་མེད་པ་ཡང་མ་ཡིན་པར་ལམ་སྒོམས་པ་མེད་པས་དེའི་ཕྱིར་བསྒོམས་པ་མེད་ཅེས་བྱའོ།། བསྒོམ་པ་མེད་པ་ཡང་དེ ་ལ་མེད་པས་དེའི་ཕྱིར་སྒོམ་པ་མྱེད་ཅེས་བྱའོ། ། དེ་སྒོམ་པ་དང་བྲལ་བས་དེའི་ཕྱིར་བསྒོམ་པ་མེད་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་སྒོམ་པའམ། སྒོམ་པར་བྱེད་པ་ཞིག་ཡོད་ན་ནི་དེ་དམིགས་པར་འགྱུར་ཏེ། དེ་སྒོམ ་པ་མེད་པར་མི་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བསྒོམ་པ་མེད་པ་ཞེས་བྱ་བ་ནི་དེ་བསྒོམ་དང་བྲལ་བས་བསྒོམ་པ་མེད་པ་སྟེ། འདི་དངོས་པོ་དང་བྲལ་བས་དེའི་ཕྱིར་སྒོམ་པ་མེད་པ་ཞེས་བྱ་སྟེ། ཇི་སྐད་དུ་རྗོད་པ་བཞིན་དུ་ནི་མ ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སྒོམ་པ་མེད་པ་ནི་བརྗོད་དུ་མེད་པའོ།། བསྒོམ་པ་མེད་པ་འདི་ནི་བྲལ་བའོ།། བྲལ་བ་གང་ཞེ་ན། གང་ཕྱི་ཅི་ལོག་ཀུན་ནས་མི་ལྡང་བ་དང་། གང་ཡང་དག་པ་མ་ཡིན་པ་ཀུན་ནས་མི་ལྡང་བའོ།། རབ་ཀྱི་རྩལ ་ས་རྣམ་པར་གནོན་པ་བྱིན་ཅི་གགས་བྱིན་ཅི་ལག་ཀུན་ནས་མ་སྤང་སྟེ། བྱིན་རྩ་ལགན་ཀུན་ནས་ལངས་པ་ཉིད་མ་ཡིན་ནོ།། དེ་ལ་ཀུན་ནས་སློང་བ་ཅ་ཡང་མེད་དོ།། གལ་ཏེ་དེ་ལ་སྤོང་བ་འགའ་ཞག་ཡོད་ན་ན་དར་ཡང་བརྗོདན ་འདི་ལྟར་ཡང་དག་པ་མ་ཡིན་པ་ལས་བྱུང་བས་དེའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་བྱིན་ཅི་ལོག་མེད་པར་འོང་དུ་ཆུད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་བྱིན ་ལོག་ནི་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ། ། བྱིན་ཅི་ལོག་ལ་ནི་བྱིན་ཅི་ལོག་མེད་དེ། གང་གིས་བྱིན་ཅི་ལོག་དེ་ལ་ནི་ཕྱིན་ཅི་ལོག་མེད་དེ། གང་གིས་ཕྱིན་ཅི་ལག་ཡང་དག་པ་མ་ཡིན་པ་དང་། ཕྱིན་ཅི་ལོག་ལ་བྱིན་ཅི་ལོག་མེད ་པར་ཤེས་པ་དེས་ཆོས་ཐམས་ཅད་བྱིན་ཅི་ལོག་མ་ཡིན་པར་ཁོང་དུ་ཆུད་དོ། ། གང་བྱིན་ཅི་ལོག་མེད་པར་ཁོད་དུ་ཆུད་པ་དེ་ལ་བྱིན་ཚ་ལག་གང་ཡང་མི་འབྱུང་ངོ་།། གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་སྤྱོད་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་ལས་བྱུང་བ་དང་། སྤྱོད་པ་ལ་རྣམ་པར་རྟོག་པས་ཕྱིན་ཅི་ལོག་གོ།། བྱང་ཆུབ་སེམས་དཔའ་ནི་སྲིད་པ་རྣམ་པར་མི་རྟོག་སྟེ། དེའི་ཕྱིར་དེ་བྱིན་ཅི་ལོག་མེད་པར་གནས་པ་ཞེས་བྱའོ།། གང ་བྱིན་ཅི་ལོག་མེད་པ་དེ་ནི་ཕྱིར་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་སྤྱོད་པ་ལ་ང་ཞེས་བྱ་བ་དེ་ཆེས་གང་ལ་ཡང་མི་སྤྱོད་རྣམ་པར་མི་སྤྱོད་ཅིང ་སྤྱོད་པའི་མཚན་ཉིད་མི་སྟོན་པའོ། ། དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་སྟེ། གང་འདི་ལྟ་བུར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་གཟུགས ་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། ། ་དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་རབ་ཏུ་དབེན་པར་ཤེས་པའི་ཕྱིར་རོ།། དབེན་པ་གང་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པའི་ཕྱིར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས ་བྱའོ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་མིག་གི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དམིགས་པ་ལ་སྤྱོད་ན་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཤེ་ན། དེས་དམིགས་པ་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ།། གང་དམིགས་པ་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་པ་དེ་ནི་གང་ལ་ཡང་མི་སྤྱོད་དེ། ་དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་དང་། ཆོས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱིས ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་བྱིན་ཅི་ལོག་ལས་བྱུང་བར་ཤེས་ཤིང་གང་བྱིན་ཅི་ལོག་པ་དེ་ཡང་དག་པ་མ་ཡིན་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་གིས་བྱིན་ཅི་ལོག་ཡང ་དག་པ་མ་ཡིན་པར་ཡོངས་སུ་ཤེས་པ་དེ་ནི་དམིགས་པ་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱིསལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་མིང་དང་གཟུགས ་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཤེ་ན། དེས་དམིགས་པ་ཐམས་ཅད་དམིགས་པ་མེད་པར་མཐོང་བའི་ཕྱིར་རོ།། གང་གིས་དམིགས་པ་ཐམས་ཅད་དམིགས་པ ་མེད་པར་ཁོང་དུ་ཆུད་པ་དེ་ནི་དམིགས་པ་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སེམས་ཅན་དང་། ་བདག་གི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་སེམས་ཅན་དུ་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དེ་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ།། གང ་གིས་སེམས་ཅན་དུ་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་ཡང་དག་པ་མ་ཡིན་པར་ཤེས་པ་དེ་སྤྱད་པ་གང་ལ་ཡང་མི་སྤྱོད་དོ།། གང་སྤྱད་པ་གང་ལ་ཡང་མི་སྤྱོད་པ་དེ་སྤྱོད་པ་མེད་སྟེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི ་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་སྲོག་དུ་འདུ་ཤེས་པ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། སློང་བ་པོ་དང ་ཀུན་ནས་སློང་པ་པོ་དང་། བྱེད་དུ་འཇུག་པ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པར་འདུ་ཤེས་པ་དང་། ཤེས་པར་བྱེད་པ་དང་། ཤེས་པ་པོར་འདུ་ཤེས་པ་ལ་སྤྱོད་ན་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་འདུ་ཤེས་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་རོ།། གང་གིས་འདུ་ཤེས་ཐམས་ཅད་རྣམ་པར་བཤིག་པ་དེ་དག་ཕྱིར་འདུ་ཤེས ་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ ་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པ་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པའི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་ཡོངས་སུ་ཤེས་པ་དེ་སྤྱོད་པ་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི། བྱང་ཆུབ ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཤེས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་པ་ཡང་ཤེས་པའི་ཕྱིར་རོ།། གང་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་པ་ཤེས་པ་དེ་ལ་སྤྱོད ་པ་ཡང་མེད་དོ། ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའད་དོད་ཁམས་ཀྱི་དམིགས་པ་ལ་སྟོད་ན། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཏེ།། དེ་དགཞེས་འདོད་པའི་ཁམས་དང་།། ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་འཇིག ་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དམིགས ་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་ཚུལ་ཁྲིམས་དང་། འཆལ ་བའི་ཚུལ་ཁྲིམས་ཀྱི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་བཟོད་པ་དང་། ་གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཚལ་བའི་ཤེས་རབ་ཀྱིས་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེ་ན། དེ་དག་གི་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པ་དེ་ལ་ནི་སྤྱོད་པ་གང་ཡང་མེད་དོ།། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཕྱིན་ཅི་ལོག་མ་ཡིན་པ་དང་། ཡང་དག་པར་སྤོང་བ་དང་། དྲན་པ་ཉེ་བར་གཞག་པ་དང་། ཚད་མེད་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དམིགས་པ་ཐམས་ཅད་ཡ་མ་བརླར་ཤེས་པའི་ཕྱིར་རོ།། གང་དམིགས་པ་ཐམས་ཅད་ཡམ་རླར་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི ་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དམིགས་པ་རྣམ་པར་ཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང ་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི ་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག ་པ་དེ་ལ་རྣམ་པར་འཇིག་པ་གང་ཡང་མེད་ཅིང་དེ་ལ་ཡང་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ ་དག་རིག་པ་དང་། རྣམ་པར་གྲོལ་བའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རིག་པ་དང་། རྣམ་པར་གྲོལ་བའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང ་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་མི་སྐྱེ་བའི་དམིགས་པ་འམ། ཟད་པའི་དམིགས ་པ་འམ། མངོན་པར་འདུ་མི་བྱེད་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། ། ་གང་རྣམ་པར་འཇིག་པ་དེ་ལ་ཡང་སྤྱོད་པ་གང་ཡང་མེད་དོ།། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་པ་དང་ཆུ་དང་། མེ་དང་། རླུང་དང་། ནམ་མཁའི ་དམིགས་པ་ལ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ས་དང་། ཆུ་དང་མེ་དང་། རླུང་དང་། ནམ་མཁའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་མྱ་ངན་ལས་འདས་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མྱ་ངན་ལས་འདས་པའི་དམིགས་པ་ཡོངས་སུ་ཤེས ་བའི་ཕྱིར་རོ། ། གང་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་བང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་མཚན་ཡོངས་སུ་དག་པའི ་དམིགས་པ་ལ་སྤྱོད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དམིགས་པ་ལ་སྤྱོད་དམ། ཉན་ཐོས་ཕུན་སུམ་ཚོགས་པའི་དམིགས་པ་ལ་སྤྱོད་དམ། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པའི་དམིགས་པ་ལ་སྤྱོད་ན་ཤེས ་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མཚན་ཡོངས་སུ་དག་པའི་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དམིགས་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པའི་དམིགས་པ ་དང་། བྱང་ཆུབ་སེམས་དཔའ་ཕུར་སུམ་ཚོགས་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་དེ་ནི་བྱང་ཆུབ ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ ་སྤྱོད་པའི་དམིགས་པ་ཐམས་ཅད་ཡངས་སུ་ཤེས་པ་སྤྱད་པ་དང་། དམིགས་པ་ཐམས་ཅད་རྣམ་པར་འཛག་པའི་སྤྱོད་པའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་ཟུང་ཆུབ་སེམས་དབྱ་དུས་ཏུ། ་ན་གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས ་གཟུགས་ཀྱི་དམིགས་པ་རང་བཞིན་ཀྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་ག་སྤྱང་པ་དེ་ས་ཕྲག་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཤེས་རབཀྱི་ངོས་ཏུ་ཟིན་པ་ལ་སྤྱོད་པའོ། ། ཤ+འུཎྜལ་གྱི་སྔརྣམཔ ་གནོན་པ་དེ་སླར་སྲོད་པའི་བྱང་ཆུབ་སེམས་དཔའ་ནི་མིག་གི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱད་དོ། ། རྣ་བ་དང་། སྣ་དང་གྷཾ་དང་། ལུམ་དང་། ཡིད་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྟོང་ངོ་།། དེ་ཅིའི་ཕྱིར་ཞེ། ་དེས་ཡིད་ཀྱི་བར་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྣོད་པ་དེ་ལ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཅི་ཕ་རོལ་ཏུ་ཕྱིན་པ་ལ་སྟོང་པའོ།། ར ་ལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་དང་བྷཱ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོང་།། དེ་ཅིའི་ཕྱིར་ཏན། དེས ་ཆོས་ཀྱི་བར་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མིང་དང་། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་མ་དང་གཟུགས ་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་གྱུར་རོ། ། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་ལ ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་གྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་བདག་དང་། སེམས་ཅན་གྱི་དམིགས ་བ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེ་ལྟར་སྨོད་པའི་བྱང་ཆུབ་སེམས་དཔའ་ནི་སྲོག་དང་། འབྱུང་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ལྟ་བའི ་པ་ག་པ་འི་བྷྱོ། ། དེ་ཅིའི་ཕྱིར་ཞེ་ན། དེས་སྲོག་དང་། འབྱུང་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ལྷ ་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱིས་རྩལ་གྱིས་རྣམ་པར་གནོན་པ་དེ ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར ་ཡོངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་བརྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པའི་དམིགས་པ་རྣམ་པ་དག་པར་མི་སྤྱོད། དེ་ཅིའི་ཕྱིར་ཞེ་ན། དེས་སྒྲིབ་པའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར ་སངས་སུགས་པ་འགྱུར་། ། རབ་ཀྱ་ལ་གྱིས་རྣམ་པར་གནན་པ་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྟེན་ཅིང་བྲེལ་བར་འལྡང་བའི་རིགས་པ་རྣམ་པར་དག་པ་ལམ་གད་།། དཙ་ན ་དེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ན་འདོད་པའི་ཁམས་དང་། ་གཟུགས་ཀྱི་ཁམས་དང་། གཟུནཔ་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་དག་པར་མི་སྤྱོད་དོ།། དེཅིའི་མྱི་ཞེ་ན། དེས་འདོད་པའི་ཁམས་དང་། གཟུགས་ཀྱཻ་ཁམས་དང་། གཟུགས་མེད་པའི་ཁམས ་དམིགས་པར་ང་བཞིན་གྱིས་རྣམ་པར་དག་པར་ཡངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ན་ཚུལ་ཁྲིམས་དང་། འཇལ་བའི་ཚུལ། ཐམས་ཀྱི་དམིགས ་པརྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་བཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ཀྱི་དམིགས་པ ་རྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་བཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ཀྱི་དམིགས ་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དམིགས་པ་རྣམ་པར ་དག་པ་ལམ་སྤྱོད་། ། དེ་ཙ་བྱོར་ཞེན། དེས་འདས་པ་དང་། མའངས་པ་དང་། རལ་བྱུང་བའི་དམིགས་པའང་བཞིན་གྱིས་རྣམ་པར་དག་པར་ཡངམསུ་ཤེས་པའ་བྱར་ར།། རབ་ཏུརྩལ་གྱིས་རྣམ་པར་གནོན་པ་དེས ་སྟོསྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐོགས་པ་མེད་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་ཐོགས་པ་མེད་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི ་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། མངོན་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་མངོན་པར་ཤེས་པའི ་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། ་དེ་ཅིའི་ཕྱིར་ཞེ་ན། དེས་ཐམས་ཅད་མཁྱེན་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་ལ་སྤྱོད་པ་སྟེ། དེ་ནི་དམིགས་པ་རྣམ་པར་དག་པར་གང་ས་ཡར་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་རྣམ་པར་དག་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཐམས་ཅད་དང་བཞིན་གྱིས་ཡོངས་སུ་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནན་པ་དེ་ལར་སྤྱོད་པའི་བྱང་ཆུབ་སེམས ་དཔའ་འདི་ནི་གཟུགས་སོ། ། ཞེམ་ཡང་དག་པར་རྗེས་སུ་མི་མཐོང་།། འདིས་གཟུགས་ཤེས་ཡང་དག་པར་རྗེས་སུ་མ་མཐོང་། འདདིའི་གཟུགས་ཤེས་ཡང་དག་པར་རྗེས་སུ་མི་མཐོང་། འདི་ལས་གཟུགས་ཤེས་ཡང་དག་པར ་རྗེས་སུམ་མཐོང་སྟེ། དེ་དེ་ལྟར་གཟུགས་ཡང་དག་པར་རྫས་སུམ་མཐང་བས་གཟུགས་ས་འདག་མ་འཛིན། གཟུགས་མི་སྤྱད། མངག།། གཟུགས་ལ་མ་སྣད་། རྣམ་པར་མི་སྤྱོད་དེ།། གཟུགས་ཀྱི་དམིགས ་ལ་མི་སྤྱོད། རྣམ་པར་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདིནི་ཚོར་བའོ།། འདི་ནི་འདྲ་ཤེས་སོ།། འདི་ནི་འདུ་བྱེད་རྣམས་སོ།། འདི་ནི་རྣམ་པར་ཤེས་པའོ།། ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིས་རྣམ་པར་ཤེས་པ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིའི་རྣམ་པར་ཤེས་པ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདི་ལས་རྣམ་པར་ཤེས་པ་ཞེས་ཡང་དག། ་པར་རྗེས་སུ་མི་མཐོང་སྟེ། དེ་དེ་ལྟར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་ཤེས་པ་མི་འདེག་མི་འཇོག། རྣམ་པར་ཤེས་པ་མི་སྐྱེད། མི་འགོག། རྣམ་པར་ཤེས་པ་ལ་མི་སྤྱོད་དོ།། ་རྣམ་པར་ཤེས་པའི་དམིགས་པ་ལ་མི་སྤྱོད་རྣམ་པར་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ ་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་འདས་པ་ཞེས་མི་སྤྱོད། གཟུགས་ལ་མ་འོངས་པ་ཞེས་མི་སྤྱོད། གཟུགས་པ་ད་ལྟར་བྱུང་བ་ཞེས་མི་སྤྱོད་དོ།། དེ ་བཞིན་དུ་ཚོང་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་མི་སྤྱད་དོ།། གཟུགས་ལ་བདག་ཅེས་མི་སྤྱོད། ་ལ་བདག་གི་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདག་ཅེས་མི་སྤྱོད། རྣམ་པར་ཤེས་པ་ལིཾ་བདག་གཞེས་མ་སྤྱོད་དོ།། གཟུགས་ལ་སྔོན་བསྔལ་ཞེས་མཾ། ་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྡུག་བསྔལ་ཞེས་མི་སྤྱོད་དོ།། གཟུགས་ལ་བདག་གི་དང་། གཞན་གྱི་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདག་གི་དང་། གཞན་གྱི་ཞེས་མི་སྤྱོད་དོ།། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ཀྱི་ཀུན་འབྱུང་བ་ལ་མི་སྤྱོད། གཟུགས་ཀྱི་འགོག་པ་ལ་མི་སྤྱོད། གཟུགས་ལ་ཟབ་ཅེས་མི་སྤྱོད། ་གཟུགས་ལ་མི་ཟབ་ཅེས་མི་སྤྱོད། གཟུགས་ལ་སྟོང་ཞེས་མི་སྤྱོད། གཟུགས་ལ་མི་སྟོང་ཞེས་མི་སྤྱོད། གཟུགས་ལ་མཚན་མ་ཞེས་མི་སྤྱོད། གཟུགས་མཚན་མ་མེད་པ་ཤེས་མི་སྤྱོད། གཟུགས་པ་སྨོན་པ་ཞེས་མི་སྤྱོད། གཟུགས ་ལ་སྨོན་པ་མེད་པ་ཞེས་མི་སྤྱོད། གཟུགས་ལ་མངོན་པར་འདུ་བྱེད་པ་ཞེས་མི་སྤྱོད། གཟུགས་ལ་མངོན་པར་འདུ་མི་བྱེད་པ་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པའི་ཀུན་འབྱུང་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་འགོག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་ལ་ཟབ་ཅེས་མི་སྤྱོད། རྣམ་པར་ཤེས་པ་ལ་མི་ཟབ་ཅེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྟོང་ཞེས་མི་སྤྱོད། རྣམ ་པར་ཤེས་པ་ལ་མི་སྟོང་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མཚན་མ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མཚན་མ་མེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྨོན་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྨོན་པ་མེད་པ ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མངོན་པར་འདུ་མི་བྱེད་པ་ཞེས་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་དག་ཐམས་ཅད་ན་རློམ་སེམས་སུ། ་བྱུར་བ་དང་། གཡོས་པ་དང་། སྤྲོས་པ་དང་། སྲེད་པར་གཏོགས་པའི་ཕྱིར་རོ།། བདག་གིས་སྤྱད་པར་བྱའོ།། ཞེས་བྱ་བད་ནི་གཡོས་པའོ།། འདིར་སྐད་བཅུ་ཞི་སྣའོ།། འདིས་སྤྱོད་དོནས་བྱ་བ་དེ ་སྲེད་པར་གཏོགས་པའོ། ། འདི་ལ་སྤྱད་པར་བྱའོ་ཞེས་བྱ་བ་དེནི་རློམ་སེམས་སོ།། རབ་ཀྱི་ཚུལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔའ་དག་ནི་དེ་དག་ཐམས་ཅད་རློམ་སེམས་དང་། གཡོས་པ་དང་། སྤྲོས་པ་དང་། སྲེད ་པར་གཏོགས་པར་ཤེས་ནམ་ཤེས་པ་ཐམས་ཅད་ཡང་དག་པར་གཞོམ་པའི་ཕྱིར་ཅི་ལ་ཡང་རློམ་སེམས་སུ་མི་བྱེད་དོ། ། རློམ་སེམས་སུ་མི་བྱེད་པས།། གང་ས་ཡང་མི་སྤྱོད།། གད་ལ་ཡང་མི་སྦྱོར་རོ།། ། དེ་དག་གནས་མེད་ཅིང་འདྲ་བ་ཡང་མེད།། འབྲལ ་བ་ཡང་མེད་པས་ཅི་ཡང་ལྡང་བར་མི་བྱེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རློམ་སེམས་ཐམས་ཅད་ཡང་དག་པར་འཇོམས་པའོ།། ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། གཟུགས་ལ་རྟག་ཅེ་འམ། མི་རྟག་ཅེས་མི་སྤྱོད་དོ།། གཟུགས་སྟོང་ཞེ་འམ། མི་སྟོང་ཞེས ་མི་སྤྱོད་དོ། ། གཟུགས་ལ་སྒྱུ་མ་ལྟ་བུ་ཞེས་མི་སྤྱོད་དོ།། གཟུགས་ལ་རྨི་ལམ་ལྟ་བུ་ཞེས་མི་སྤྱོད་དོ།། གཟུགས་ལ་རྨིག་པོར་ལྟ་བུར་ཞེས་མི་སྤྱོད་དོ།། གཟུགས་ལ་ཟག་ཆ་ལྟ་བུར་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་གས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟག་འམ། མཻ་རྟག་ཅེས་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་སྟོང་ཞེའམ། མི་གོང་ཞེས་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་ལྷྭ་མ~ཾ་ལྟ་བུ་ཞེས་མི་སྟོང་ངོ་།། རྣམ་པ ་ཤེས་པ་ལ་རྨི་ལ་མས་བུ་ཞེས་མི་སྤྱོད་དོ། ། རྣམ་པར་ཤེས་པ་ལ་ཚིག་ཡོར་ལྟ་བུ་ཞེས་མི་སྤྱོད་དོ།། རྣམ་པ་ཤེས་པ་ལ་ཐག་ཆས་བུཞེས་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཤེ་ན། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་བདེ་དག་ཐམས་ཅད་ནི་རྣམ ་བར་བརྟགས་པ་དང་། རྣམ་པར་དཔྱད་པ་དང་། སྤྱད་པ་དང་། རྣམ་པར་སྤྱང་རམ་ཡིན་པའི་ཕྱིར་རོ།། རབ་ཀྱིས་རྒྱལ་གྱིས་རྣམ་པར་གནན་པ་བྱང་ཆུབ་སེམས་ད་ཡནི་དེ་དག་ཐམས་ཅར་རྣམ་པར་རྟགས་པ་དང་། རྣམ་པར་དབྱུང ་དང་། སྨྲ་བ་དང་རྣམ་པར་སྤྱད་པ་མ་ཡིན་པར་ཤེས་ནས། སྤོད་པ་ཐམས་ཅད་ཡང་དག་པར་གཞོམ་པ་དང་། སྤྱོད་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བསྟན་པའོ། ། དེ་སྐད་ཅེས་བསྐའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ ་ཏོ། ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ།། བཀའ་སྩལ་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན་ཏེ། གཟུགས་བསམ་གྱིས་མི་ཁྱབ་པས། ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། ། མིང་དང་གཟུགས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། རྟེན་ཅིང་འབྲེལ་བར ་ཟུང་བབསས་ཀྱིས་མ་ཐུབ་པ་དང་། ཀུན་པ་མས་པ་བསམ་ཀྱིས་མ་ཁྱབ་པས་བྱང་ཆུབ་སེམས་ད་མིགས་ཀྱི་བ.རབ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་ནི་ལྡན་འོ།། མས་ཀྱི་མ་པ་ཡི་པ་ཐམམ་ཀྱིས་མྱི ་ངས་ཀྱང་ཆུམས་ས་དཔའི་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདེ་བསམ་གྱིས་མི་ཁྱབ་པ། ། རྐྱེན་ཅི་ལག་བས་མ་ཀྱིས་མི་ཁྱབ་པ་དང་། སྐྱེ་བར་བྱུང་བ་བསམ་གྱིས་མེ་ཁྱ་བ་པས་བྱང་ཆུབ་སེམས་དཔའི་ཤེས་པཀྱི་མ་ས ་བྱེན་པ་ལ་སྤྱད་པ་འདི་བས་མ་གྱིས་མི་ཁྱབ་བོ། ། འདོད་པའི་ཁབས་བསམ་གྱིས་མི་ཁྱབ་པ་དང་། གཟུགས་ཀྱི་ཁབས་དང་། གཟུགས་མེད་པའི་ཁབས་པས་མཆིས་མི་ཁྱབ་པས་བྱང་ཆུབ་སེམས་དཔ་ཡིན ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་པོ། ། བདག་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། སྦྱིན་པ་བསམ་གྱིས་མི་ཁྱབ་པ་དང་། སེར་སྣ་བསམ་གྱིས་མི་ཁྱབ་པ་དང་། ཚུལ་ཁྲིམས ་བསམ་གྱིས་མི་ཁྱབ་པ་དང་། འཆལ་བའི་ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པ་དང་། བཟོད་པ་བསམ་གྱིས་མི་ཁྱབ་པ་དང་། གནོད་སེམས་བསམ་གྱིས་མི་ཁྱབ་པ་དང་། བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་དང་། ལེ་ལོ ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་གཡེང་བ་བསམ་གྱིས་མི་ཁྱབ་པ་དང་། ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། འཆལ་བའི་ཤེས་རབ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་པོ། ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི ་བསམ་གྱིས་མི་ཁྱབ་པོ། ། དྲན་པ་ཉེ་བར་གཞག་པ་བསམ་གྱིས་མི་ཁྱབ་པ་དང་། ཡང་དག་པའི་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའ། ཤེས་རབ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ཡང་བསམ་གྱིས་མི་ཁྱབ་པོ། ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་པོ། ། སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་པོ།། རིག་པ་དང་།། ་རྣམ་པར་གྲོལ་བ་བསམ་གྱིས་མི་ཁྱབ་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ ་འདི་བསམ་གྱིས་མི་ཁྱབ་པོ། ། ཉན་ཐོས་དང་། རང་སངས་རྒྱས་གྱིས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི ་ཆོས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། ། མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། མངོན་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད ་ལྟར་བྱུང་བའི་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། ། ། བམ་པོ་ལྔ་པ།། ། ཐོགས་པ་མེད་པའི་ཡེ་ཤེས་བསམགྱིས་མི་ཁྱབ་པ ་དང་། མྱ་ངན་འདས་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་པོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཀྱི་སྐྱེད་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་སྐྱེད ་ཅེས་བྱ་བ་དེ་ནི་ཕྱིན་ཅི་ལོག་གོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཤེས་བྱ་བ་དེ་ནི། སེམས་རབ་ཏུ་གཏོགས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་སྐྱེ་བ་དང་འབྱུང་བ་མེད་དེ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་དང་ལྡན་པའི་སེམས་སྐེ་སྟེ། དེ་ལ་སེམས་ཀྱང་སྒྲིབ་པ་མེད་ལ། ཕྱིན་ཅི་ལོག་གང་གིས་སྐྱེད་པ་དེ་ཡང་སྒྲིབ་པ་མེད་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱིས་པ་སོ་སོའི ་རྣམསན། སེམས་སྒྲུབ་པ་མེད་པ་དང་། གང་གྱུདཡང་བྱེ་མད་པ་དང་། གགས་བྱེད་པ་དཡང་སླབ་མད་པར་ཆགས་པ།། དེ་དགདས་པས་ད་པང་ཆགས་ང། དཔག ་དབེན་པར་མི་ཤེས་པས། བདག་གི་སེམས། འདིའི་སེམས། འདི་ལས་སེམས་ཤེས་མངོན་པར་ཞེན་ཏོ།། དེ་དག་ལ་མངོན་པར་ཞེན་པས། དགེ་བ་ཞེས་མངོན་པ་ཞེ་ན། མི་དག་པ་ཞེས་མངོན་པར་ཤེན། བདེ་བ ་ཞེས་མངོན་པར་ཞེན། སྡུག་བསྔལ་བ་ཞེས་མངོན་པར་ཞེན། ཆད་བ་ཞེས་མངོན་པར་ཞེན། རྟག་པ་ཞེས་མངོན་པར་ཞེ་ན། ལྟ་བར་གྱུར་པ་ཞེས་མངོན་པར་ཞེན། སྒྲིབ་པ་ཞེས་མངོན་པར་ཤེ་ན། ཚུལ་ཁྲིམས་དང་། འཆལ ་བའི་ཚུལ་ཁྲིམས་ཞེས་མངོན་པར་ཞེ་ན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཤེས་མངོན་པར་ཞེན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་མངོན་པར་ཞེན། མིང་དང་གཟུགས་ཤེས ་མངོན་པར་ཞེན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་མངོན་པར་ཞེན། ཕྲག་དོག་དང་། སེར་སྣ་ཞེས་མངོན་པར་ཞེ་ན། དའོ་སྙམ་པའི་ང་རྒྱལ་ཞེས་མངོན་པར་ཞེ་ན། སྡུག་བསྔལ་ཞེས་མངོན་པར་ཞེ་ན། ཀུན་འབྱུང་ཞེས ་མངོན་པར་ཞེན། འགོག་པ་ཞེས་མངོན་པར་ཞེན། ལམ་ཞེས་མངོན་པར་ཞེན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། བྱིན་ཅིམ་ལོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ཅེས་མངོན་པར་ཞེན། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཞེས་མངོན་པར་ཞེན། མི་སྐྱེ་བ་དང་། ཟད་པ་དང་། མངོན་པར ་འདུ་མི་བྱེད་པ་ཞེས་མངོན་པར་ཞེན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཞེས་མངོན་པར་ཞེན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ལ་ཡང་མངོན་པར་ཞེན། མངོན་པར་ཤེས་པ་ལ་ཡང་མངོན་པར་ཞེན། མྱ་ངན་ལས ་འདས་པ་ལ་ཡང་མངོན་པར་ཞན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་མངོན་པར་ཞེན། མཚན་མ་ལ་ཡང་མངོན་པར་ཞན། སངས་རྒྱས་ཀྱི་ཞང་ལ་ཡང་མངན་པར་ཤེན། ཉན་ཐོས་ཕྲན་སུམ་ཚོགས་པ་ལ་ཡང་མཛད་པར་ནན།། ་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ལ་ཡང་མངོན་པར་ཞེན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔས་མངོན་པར་ཞེན་པ་འདི་ལྟ་བུ་དག་ནི། སེམས་ཅན་རྣམས་ཀྱི་བྱིན་ཅི་ལོག་གི་སེམས་ལས ་བྱུང་བར་མཐོང་ནས། ། ཕྱིན་ཅི་ལོག་གང་ལ་ཡང་སེམས་མི་སྐྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་དང་བྲལ་བའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སེམས་རང་བཞིན་གྱིས་འོད ་གསལ་བ་དང་། རང་བཞིན་གྱིས་ཡོངས་སུ་དག་པ་དེ་ལ་སེམས་བསྐྱེད་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དམིགས་པ་ཡོད་པས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་སེམས་སྐྱེད་དོ།། དེ་ལ་བྱང་ཆུབ ་སེམས་དཔའས་དམིགས་པ་ཡང་རབ་ཏུ་ཤེས་ཤིང་། སེམས་གང་ནས་སྐྱེ་ཞེས། སེམས་སྐྱེ་བ་ཡང་རབ་ཏུ་ཤེས་པས། དེ་འདི་སྙམ་དུ་སེམས་འདི་ནི་རང་བཞིན་གྱིས་འོད་བསལ་བའོ་ཞེས་རྟོག་ཅིང་དེ་འདི་སྙམ་དུ་སེམས་ཏེ། ་དམིགས་པ་ལ་རྟེན་ནས་སེམས་སྐྱེའོ་སྙམ་མོ།། དེས་དམིགས་པ་ཡོངས་སུ་ཤེས་པས་སེམས་མི་སྐྱེད་མི་འགོག་སྟེ། དེའི་སེམས་འོད་གསལ་བ་དང་། ཀུན་ནས་ཉོན་མོང་བ་ཅན་མ་ཡིན་པར་ཡིད་དུ་འོང་བ་དང་། ་ཡོངས་སུ་དག་པ་ཡིན་ནོ།། དེ་སེམས་མི་སྐྱེད་པ་ལ་གནས་པས། ཆོས་གང་ལ་མི་སྐྱེ་མི་འགོག་གོ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྐྱེ་བ ་ཡོངས་སུ་ཤེས་པ་སྟེ། གང་འདི་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། དེ་ལྟར་སྤྱོད་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེའམ། འདིས་ཤེས་རབ་ཀྱི་ཕ་རོལ ་ད། 5། འད་ལགས་པམ་ལྡན་པ་ལ་ག་གས་ས། ཤཱ་གས་པ་ལ་། ད ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིའམ། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེའམ། འདི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀུན་ཤེས་ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། བདག ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། སྙམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། དེ་སྐད་ཅེས ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་བླ་ན་མ་མཆིས་པ་ལགས་སོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི ་ཐོན་བསལ་བ་ལགས་སོ། ། བཅོམ་ལྡན་འདས་འདི་ལྟས།། ཤེས་རབ་ཀྱིས་རས་པ་བྱིན་པ་ལ་སྟོད་པ་བྱང་ཆུབ་སེམས་དཔའ་སྡུད་པཞོན་ག་ནམ་མཆིས་པ་ལགསས།། བཅོམ་ལྡན་འདས་འདིས་སྟེ། ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་མངོན་པར་འཕགས་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ ་འདི་ནི་མི་ནོན་པ་ལགས་ཏེ། བདུད་དམ། བདུད་ཀྱི་འཁོར་ཏམ། གཞན་ན་ཚན་མ་ལ་སྤྱོད་པ་དང་། དམིགས་པ་ལ་སྤྱོད་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་དུ་ལྟ་བ་དང་། གང་ཟག་དུ་ལ། ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། སངས་རྒྱས་སུལ་བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་དང་། མྱ་ངན་ལས་འདས ་པར་ལྟ་བ་དང་། ཐོབ་པར་འདུ་ཤེས་པ་དང་། ང་རྒྱལ་ཅན་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་པ་དང་། བྱིན་ལོག་ལ་སྤྱོད་པ་དང་། ལོག་པའི་ལམ་ལ་རབ་ཏུ་གནས་པ་གང་གིས་ཀྱང་མི་གནོན ་བ་ལགས་སོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ལགས་སོ།། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་དེ་བཞིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན ་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷའི་བུའམ། བདུད་ཀྱི་འཁོར་གྱིས་མནོན་པའོ།། ཐ་ན་མྱ་ངན་ལས་འདའ་བར་ལྟ་བ་འམ། མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པའི་བྱིས་པ་སོ་སོའི ་སྐྱེ་བོ་ཐམས་ཅད་ཀྱིས་མི་ནོན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་གྱི། འདི་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་མ་ཡིན། འདི་ནི་སློབ་པ་དང་། མི་སློབ ་པ་དང་། ཉན་ཐོས་ཀྱི་ཐེག་པ་ཅན་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད ་བར་མྱུར་དུ་ཟིན་ན་ནི་དེ་དག་ལ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ཞེས་བྱ་བའི་ཐ་སྙད་འདི་གང་ཡང་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་ཞིང་། དེ་དག་མི་འཇིགས་པ ་བཞི་ཐོབ་པའི་དེ་བཞིན་གཤེགས་པའང་འགྱུར་བཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟར་སྤྱོད་པ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི ་མ་ཡིན་ཏེ། ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་མི་འགྲོ། མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་ཡང་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་ལ་སྤྱོད་པ་འདི་ནི་མི་འཇིགས་པའི་ས་ལགས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར ་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་རླབས་ཀྱི་དབང་གིས་མྱུར་དུ་མི་འཇིགས་པ་བཞི་ཐོབ་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཉན་ཐོས་ཀྱི་ཐེག་པ་ཅན ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ལ། མི་འཇིགས་བཞི་མེད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཡང་མི་འཇིགས་པ་བཞི་བྱིན་གྱིས་མི་སློབ་བོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྨོན་ལམ་གྱི་དབང ་གིས་གདཔ་མི་འཇིགས་པ་པ་ནི་ཐོབ་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་སའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་དག་ནི་སོ་སོར་ཡང་དག་པར ་རིག་པ་བཞི་ཐོབ་པར་འགྱུར་བའི་ཕྱིར་རོ། ། བཞིག་ཤེ་ན་འདི་ལྟ་སྟེ། དོནམས་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིགས་ས་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག ་པའོ། ། འདི་བཞི་དང་ལྡན་པ་དེ་དག་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་གིས་མི་འཇིགས་པ་བཞི་རབ་ཏུ་འཛིན་ཏོ།། དེ་བཞིན་གཤེགས་པས་ཀྱང་དེ་དག་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ཤེས་རབ་ཀྱི་ས ་རལ་ན་ཕྱིན་པའི་ས་ཡང་རྗེས་སུ་ཟབ་པར་མཁྱེན་ནས་མི་འཇིགས་པ་ཅན་བྱིན་གྱིས་བཞག། རབ་ཀྱི་རྒྱམ་གྱིས་རྣམ་པ་གནན་པ་དའི་ཀྱང་བྱང་ཆུབསེམས་དཔའ་མས་ཡང་དག་པར་ག་པ་བན་པ ་འད་ཅིང་མྱུར་དུ་མི་འཇིགས་པ་བཞི་ལ་མཁས་པར་བགྱུར་བར་འདོད་ན། ཤེས་རབཀྱི་པ་རམ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་སྤྱད་པར་བྱའོ།། བ་ཀྱི་རྒྱལ་གྱིས་རྣམ་པར་གནན་པ་གཞན་ས་ཤེས་རབཀྱི་པ་རལ ་པ་ལ་སྟོད་པའི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་དྷ་དང་། ཀུན་འབྱུང་བ་དང་། ནུབ་པ་དང་། གོག་པ་ཡང་བ་ཏུ་ཤེས་ཏེ། དེས་ཤེས་རབ་ཀྱི་ཕ་རལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་མ་སྦྱོང་རོ།། ཆོས་ཐམས་ཅད ་རྒྱུ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། མཚན་ཉིད་རབ་ཏུ་ཤེས་པས་གཟུགས་ལ་སྒོམ་པར་ཡང་མི་བྱེད་མི་སྒོམ་པར་ཡང་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ལ་སྒོམ་པར་ཡང་མི་བྱེད། མ་སྒོམ་པར་ཡང་མི་བྱེད། མིང་དང་གཟུགས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སྒོམ་པར་ཡང་མི་བྱེད ་མི་སྐམ་པར་ཡང་མི་བྱེད། བྱིན་ཅི་ལག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་སྐམ་པར་ཡང་མ་བྱེད། མི་སྐམ་པར་ཡང་མ་བྱེད། འདོད་ཆགས་དང་། ཞེ་སྡ་དང་། གཏི་མུག་ལ་སྒོམ་པར་ཡང་མི་བྱེད། མརྣམ ་པར་ཡང་མི་བྱེད། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་ལ་ཡང་སྒོམ་པར་ཡང་བྱེད། ་མི་སྒོམ་པར་ཡང་མི་བྱེད། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སྦྱིན་པ་དང་། སེར་སྣ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང ་བརྩོན་འགྲུས་དང་། ལ་མ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། བཆལ་བའ་ཤེས་རབ་ལ་སྐས་པར་ཡངས་ཀྱད། མི་སྐམ་པར་ཡང་ས་བྱེད། དྲན་པ་ཉ་བར་གཞག་པ་དང ་ཡང་དག་པར་སྤོང་བ་དང་། བྱིན་ཅིམ་ལོག་པ་དང་། རྫུ་འཕྲུལ་གྱི་གང་བ་དང་། ཚད་མེད་པ་ལ་སྤྲོམ་པར་ཡང་མི་བྱེད། མི། མ་བར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང ་འཛིན་དང་། སྙོམས་པར་འཇུག་པ་ལ་རྒོ་ཡང་མ་བྱེད། ཡ་མ་བྱེད་ཅིང་། རྟེན་ཅིང་འབྲེལ་བར་འབྱུང་བ་སོལ་བར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དྲུག་རྣས་པ་དང་། ཀུན་འབྱུང་བ་དང་། ་འགོག་པ་དང་། ལམ་ལ་འགོག་པར་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མི་སྐྱེ་བའི་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་སྒོམ་པར་ཡང་མི་བྱེད། མ་སྐེམ་པར་ཡང་མི་བྱེད། ་སོ་སོ་སྐྱེ་བའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱིས་དང་། བྱང་ཆུབ་སེམས་དཔའི་ས་ལ་ཡང་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས ་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཞི་གནས་དང་། ལྷག་མཐོང་ལ་སྒོམ་པར་ཡང་མི་བྱེད། མི ་སྒོམ་པར་ཡང་མི་བྱེད། མྱ་ངན་ལས་འདས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར ་ཡང་མི་བྱེད། ཐོགས་པ་མེད་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་མི་འཇིགས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་དོ།། དེ་ཅིའི་ཕྱིར། ་ཤེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། མིང་དང་། གཟུགས་དང་། ཕྱིན་ཅི་ལོག་དང་། ལྟ་བར།། ་གྱུར་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས ་པ་དང་། ཟད་པ་ཤེས་པ་དང་། མངོན་པར་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ནི་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་ཟས་ཀྱིས་དང་། བྱང་ཆུབ་སེམས ་དཔའི་ས་ནི་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ནི་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། མྱ་ངན་ལས་འདས་པ་ནི་སྐོམ་པར་བྱ་བ། ་མ་ཡིན་པའི་ཕྱིར་རོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ནི་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། ཐོགས་པ་མེད་པའི་ཡེ་ཤེས་ནི་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་པོ་ཡོངས་སུ་གྲུབ་པ་གང་ཡང་མེད་པའི་ཕྱིར་ཐ་སྙད་འདི་དག་ཐམས་ཅད་ནི་ཡང་དག་བམ ་ཡིན་པ་སྟེ། དེ་ལ་ངོ་བོ་ཉིད་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་མ་བྱུང་བ་སྟེ། དངོས་པོ་མེད་པའི་རང་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་གང་ཡིན་པ་དེ་ནི ་ཡང་དག་པ་མ་ཡིན་པ་ན་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བའི་ཕྱིར་རོ། ། ཕྱིན་ཅི་ལོག་གང་ཡིན་པ་དེ་ཡང་དག་པ་མ་ཡིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ ་!་ན་མ་དངས་པས་དམིགསས། ། ར་རྒྱལ་རྒྱས་རྣམ་པ་གན་དས་ཡང་གནས་ཐཔ་ཡ་དག་པ་ཡ། མཐུང་ས།། ང་ས་དཔནས་ཀྱག། ་རྒྱལ་གྱིས་རྣམ་པར་གནོན་པ་དངས་པ་མེད་པ་ཞེས་བྱ་བ་དེན་ཡོངས་སུ་བསྟན་པའོ།། གང་ལ་དངས་པ་མེད་པ་དེ་ལ་སྒོམ་པ་ཡང་མེད་མི་མམ་པ་ཡང་མེད་དོ།། རབ་ཀྱིརྒྱལ་གྱིས་རྣམ་པར་ནནད་པ་སེམས་ཅནནམས ་བྱིན་ཅི་ལོག་ལས་བྱུང་བས་བསྒོམ་པར་ཡང་མི་བྱེད། མེ་སྒོམ་པར་ཡང་མི་བྱེད་དེ། དེ་ལ་ནི་དངས་པོ་ཅི་ཡང་མེདདོ།། དེ་ཅིའི་ཕྱིར་ནན། མི་ཅ་ཀྱིས་རྣམ་པར་གནོན་བཅོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་རོ། ་དངས་པ་མེད་པའི་རིང་བཞིན་ཏེ། དངོས་པོ་དང་བྲལ་བས་འདི་ལ་ནི་སྒོམ་པར་བྱ་བ་ཅི་ཡང་མེད་དོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནན་པ་གང་གི་ཅི་བྱང་ཆུབ་སེམས་དཔའ་ཆོས་འདི་དགལ་ཆོས་ཀྱི་རྗེས་སུལ་ནི་དགན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་གང་ཡང་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་ཅིང ་དེ་ལྟར་གནས་ན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་དང་ཕྲད་པའི་རྒྱུར་སེམས་མི་སྐྱེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ཟད་པའི་རྒྱུར་སེམས་མི་སྐྱེད། ཐ་བ་དང་ལྡན་པའི་སེམས་མི ་སྙེད། གནོད་སེམས་དང་ལྡན་པའི་སེམས་མི་སྐྱེད། སེར་སྣ་དང་ལྡན་པའི་སེམས་མི་སྐྱེད། ཀུན་ཏུ་ཉོན་མོངས་པ་དང་ལྡན་པའི་སེམས་མི་སྐྱེད། ལེ་ལོ་དང་ལྡན་པའི་སེམས་མི་སྐྱེད། རྣམ་པར་གཡེང་བ་དང་ལྡན་པའི་སེམས ་བི་སྤྱད་འཆལ་བའི་ཤེས་རབ་དང་ལྡན་པའི་སེམས་མ་སྐྱེད། འདོད་པ་དང་ཕྲད་པ་དང་ལྡན་པའི་སེམས་མི་སྙེད། གཟུགས་ཀྱི་དམིགས་པ་ལ་མངོན་པར་རྟེན་པ་དང་ལྡན་པའི་སེམས་མི་སྤྱད། བན་པ་སེམས་དང་། ་ལྡན་པའི་སེམས་མི་སྦེད། ཕྲ་མ་དང་ལྡན་པའི་སེམས་མི་སྐྱེད། མག་པར་ལྟ་བ་དང་ལྡན་པའི་སེམས་མི་སྤྱོད། ལོངས་སྤྱོད་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྙེད། དབང་ཕྱུག་ལ་མངོན་པར་ཞེན་པ ་དང་ལྡན་པའི་སེམས་མེ་མྱེད། མངས་སྤྱོད་ཅན་པ་རིགས་ཀྱི་བྱས་པ་ལ་མངོན་པ་ཞན་པ་དང་། ལན་པའི་སེམས་མི་རྙེད། ཝར་ཀྵེ་བ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། འདོད་པའི་ཁམས་ལ ་མངོན་པར་ཞེན་པ་དང་། ལྡན་པའི་སེམས་མ་སྤྱོད། གཟུགས་དང་གཟུགས་མེད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ཉན་ཐོས་ཀྱི་ས་དང་ལྡན་པའི་སེམས་མི་སྦེད། རང་སངས་རྒྱས་ཀྱིས་དང ་ལྡན་པའི་སེམས་མི་སྐྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད་དོ།། བན་མྱ་ངན་ལས་འདས་པར་ལྟ་བ་དང་ལྡན་པའི་སེམས་ཀྱང་མི་སྐྱེད་དོ།། དེ་སེམས་རྣམ་པར་དག་པ་འདི ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། གཏང་སྙོམས་ཀྱིས་ཁྱབ་པར་བྱེད་དོ།། དེས་སེམས་ཅན་དུ་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ཏེ། སེམས་ཅན་དུ་འདུ་ཤེས་པ་ལའང། ་མིག་ནས་ཚངས་པའི་གནས་བཞི་པོ་དེ་དག་ལའང་མངོན་པར་མི་ཞེན་ཏེ། ཐབས་ལ་མཁས་པ་དང་ལྡན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དེ་དག་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ནི་གཟུགས་ཁས་མི་ལེན་མི་འཛིན་ཏོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་བ་གས་པ་ཁས་མ་ལེན་མ་འད། ། རྒྱན་ནལག་དང་། སྒྲུབ་པ་དང་། སྨྲ་བར་བྱུང་བ་ལས་མ་ལན་མ་ན།། ན་འངས་དཔ་ས་དག་ས་པདཔ ་ཁས་མི་ལེན་མི་འཛིན་ཏོ། ། ཆད་པ་དང་རྟག་པ་ཁས་མི་ལེན་མོ་འཛིན་ཏོ།། རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་མཾ་ལེན་མི་འཛིན་ཏོ།། ས་དང་། རྨུ་དང་། མེ་དང་། རླུང་གི་འམས་ལས་མེལེན་པོ་འཛིན་།། ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཁས་མི་ལེན་མི་འཛིན་ཏོ།། ནམ་མཁའི་ཁམས་ཁས་མི་ལེན་མི་འཛིན་ཏོ།། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཁས་མི་ལེན་མི་འཛིན་ཏོ།། བཟོད་པ་དང་། ་གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ཁས་མི་ལེན་མི་འཛིན་ཏོ།། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི ་སྤོང་བ་དང་། ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཁས་མི་ལེན་མི་འཛིན་ཏོ།། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཁས་མི་ལེན་མི་འཛིན་ཏོ། ་མངོན་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ།། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཁས་མི་ལེན་མི་འཛིན་ཏོ།། མི་སྐྱེ་བ་ཤེས་པ་དང་། ཟད་པར་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཁས ་མི་ལེན་མི་འཛིན་ཏོ། ། བདག་ག་ཁམས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིང་སཁས་མི་ལེན་མི་འདིན་ཏོ།། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཁས་མི་ལེན་མི་འཛིན་ཏོ།། སས། ་སྐྱེ་བའི་ཆོས་དང་།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཁས་མི་ལེན་མི་འཛིན་ཏོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ཁས་མི་ལེན་མི་འཛིན་ཏོ།། ཐོགས་པ་མེད་པའི་ཡེ་ཤེས ་འམས་། གསདང་། ས་དང་། མ་གས་པ་མ་།། བ་ཁམས་ལན།། ། ་མཐམས་མས་ལེན་པ་མ་ང་འཛན་མང་དེ་ང་གས་ཅ་པས་བྱུག་པ་མེད་འགྱུར།། ས་ཀྱི་ནམ་པ་ག་བཅཝ་པར་བྱ་ག་དང་དེད་དམས་ཀྱ་མ་བ་ག་དོ། ་རམ་བརླང་བར་བྱ་བའམ། འདོན་པར་བྱུར་བཀྱི་ཡང་མེད་པ་འགྱུར་།། ཅི་བྱར་ཞེ་ན། ཆོས་ཐམས་ཅད་ནི་སྙམ་མ་ཐུ་བྱུ་བྱུང་བ་མ་པག། ཚས་ཐམས་ཅད་ན་སྣང་བ་མ་མིགས་པས་ཡ་ཙྪ། མ ་འདིདི་ལུང་དུ་མེད་པས་མིག་ཡོར་དང་མཚུངས་ས། ། ཆོས་ཐམས་ཅད་ནི་རང་བཞིན་མེད་པས་གསོག་གོ།། ཆོས་ཐམས་ཅད་ནི་མཉེ་མི་བཟོད་པའི་ཕྱིར་དབུ་བ་རྡོས་པ་ལྟ་བུའོ།། ཆོས་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་འཛུབས ་རུའི་ཆུ་བུར་དང་འཆུངས་ས། ། ཆོས་ཐམས་ཅད་ནི་བྱིན་ཅི་ལོག་ལས་བྱུང་བས་སྨི་རྦུ་དང་འདྲའོ།། ཆོས་ཐམས་ཅད་ནི་སྙིང་པོ་མེད་པས་ཆུ་ཤིང་གི་སྙིང་པོ་ལྟ་བུའོ།། ཆོས་ཐམས་ཅད་ནི་བཟུང་དུ་མེད་པས་ཆུ་ཟླ་དང་མཚུངས་ས།། ཆོས ་ཐམས་ཅད་ནི་ཡོད་པ་མ་ཡིན་པ་ལ་ཡོངས་སུ་བརྟགས་པས་འཇའ་ཚོན་དང་འདྲའོ། ། ཆོས་ཐམས་ཅད་ནི་ཀུན་ནས་ལྡང་བ་མེད་པས་གཡོ་བ་མེད་དོ།། ཆོས་ཐམས་ཅད་ནི་ཡ་མ་བརླའི་རང་བཞིན་ལ་རྟོགས་པས་ཆད་པ ་སྟོང་པ་དང་མཚུངས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཅི་ཡང་ཁས་མི་ལེན་མི་འཛིན་ཏོ།། མི་འདུག་གོ། ལྷག་པར་ཡང ་ཆགས་ནས་མི་གནས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དཔ་དང་། མི་གནས་པ་དང་། ལྷག་པར་ཆགས ་པ་མེད་པ་དང་། མངོན་པར་མི་ཆགས་པའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ་བཞན་ཡང་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་སློབ་གཟུགས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཡང་མི་སློབ། གཟུགས་སྐྱེ་བ་ལ་མི་སློབ། གཟུགས་འགོག་པ་ལ ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་ལ་མི་སློབ། རྣམ་པར་ཤེས་པ་འགོག་པ་ལ་མི་སློབ། གཟུགས་འདུལ་བ་དང་། མི་འདུལ་བའི་ཕྱིར་མི་སློབ་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུལ་བ་དང་མི་འདུལ་བའི་ཕྱིར་མི་སློབ། གཟུགས་ལས་འདའ་བ་དང་། འཇུག་པ་དང་། གནས་པ་དང་། མི་གནས་པའི་ཕྱིར་ཡང་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ལས་འདའ་བ་དང་། འཇུག་པ་དང་། གནས་པ་དང་། མི་གནས་པའི་ཕྱིར་ཡང་མི་སློབ་པོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་རྟག་པར་ཡང་མི ་སློབ་གཟུགས་བདེ་བ་དང་། གཟུགས་སྡུག་པ་དང་། གཟུགས་བདག་ཏུ་ཡང་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པར་ཡང་མི་སློབ། རྣམ་པར་ཤེས་པ་བདེ་བ་དང་། རྣམ་པར་ཤེས ་བསྡུག་པ་དང་། རྣམ་པར་ཤེས་པ་བདག་ཏུ་ཡང་མི་སློབ་བོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་འདས་པའི་དམིགས་པ་ལ་མི་སྤྱོད། གཟུགས་མ་འོངས་པའི་དམིགས་པ་ལ ་སྟོད། གཟུགས་ད་སར་བྱུང་བའི་དམིགས་པ་ལ་མ་སྤྱད་དེ།། 6ར་བ་དང་། འདུགས་དང་། འདུ་བྱེད་རྣམས་དང་། རྣམ་པར་གས་པ་འདས་པའི་ད་པགས་པ་མས་སྟོད། མམ་མ་པ་འདམིགས་པ་ལ་མ་སྤོད། དམྱུར་བྱུང་བ་དམག ་པ་ལ་བ་སྤྱོད་དོ། ། བ་ཀྱི་རྒྱལ་གྱིས་རྣམ་པར་གནན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་མ་སོར་རྟོག་ས། གང་འདས་པདེ་ལ་སྟོང་པ་དང་། ཞི་བ་དང་། ་བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། མ་འོངས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་མ་འོངས་པ་དེ་ལ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། ད་ལྟར ་བྱུང་བ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་ད་ལྟར་བྱུང་བ་དེ་ལ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། འདས་པ་ལ་སྟོང་པ་འམ། བདག་གམ། བདག་གིའམ། ་རྟག་པ་འམ།། བརྟན་པ་འམ། ཐེར་ཟུག་པ་འམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། མ་འོངས་པ་ལ་སྟོད་པ་འམ། བདག་གམ། བདག་གི་འམ། རྟག་པའམ། བརྟན་པ་འམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས ་དེ་ལྟར་ཡང་མི་སྤྱོད་དོ། ། ད་ལྟར་བྱུང་བ་ལ་སྟོང་པ་འམ། བདག་གམ། བདག་གིའམ། རྟག་པ་འམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང ་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་གྱིས་སྐབས་མི་སྙེད་དོ།། དེ་ལྟར་སྤྱོད་པ་ནི་སྡུད་ཀྱི་ལས ་ཐམས་ཅད་ཁོང་དུ་ཆུད་པས་སྡུད་ཀྱི་ལས་དེ་དག་གིས་མི་འཕྲོགས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་མི་དམིགས། བྱད་ཅི་ལག་དང་། ལྟ་བར་གྱུར་པ་ལ་མི་དམིགས། བདག་ཏུ་མངོན་པར་ཞེན་པ་ལ་མི་དམིགས། སབས་ཅན་དུ་མངོན་པར་ཞེན་པ་ལ་མི་དམིགས། ཆད་པ་དང་། རྟག་པ་ལ ་མི་དམིགས་མཐའ་དང་། མཐའ་མེད་པ་ལ་མི་དམིགས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རག་ལ་མི་དམིགས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་མི་དམིགས། རྟེན་ཅིང ་འབྲལ་བར་འབྱུང་བ་ལ་མི་དམིགས། ས་དང་ཆུ་དང་མེ་དང་རླུང་དང་། ནམ་མཁའི་མཁམ་ལ་མི་དམིགས། བདེན་པ་དང་། བརྫུན་པ་ལ་མི་དམིགས། དུ་བ་དང་བྲལ་བ་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ་ལ་མི་དམིགས། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ལ་མི་དམིགས། གཟོད་པ་དང་གནོད་སེམས་ལ་མི་དམིགས། བརྩོན་འགྲུས་དང་། ལེ་ལོ་ལ་མི་དམིགས ་བསམ་གཏན་དང་། རྣམ་པར་གཡེང་བ་ལ་མི་དམིགས། ཤེས་རབ་དང་འཆལ་པའི་ཤེས་རབ་ལ་མི་དམིགས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། བྱིན་ཅི་ལོག་པ་ལ་མི་དམིགས། དབང་པོ་དང་། ་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མི་དམིགས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། གཏང་སྙོམས་ལ་མི་དམིགས། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི ་བྱེད་པ་ཤེས་པ་ལ་མི་དམིགས། སོ་སོའི་སྐྱེའོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལ་མི་དམིགས། སོ་སོའི་སྐྱེའོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་མི་དམིགས། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་མི་དམིགས ་མངོན་པར་ཤེས་པ་དང་། ཡེ་ཤེས་མཐོང་བ་ལ་མི་དམིགས། རྣམ་པར་གྲོལ་བ་ལ་མི་དམིགས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་མི་དམིགས། མྱ་ངན་ལས་འདས་པ་ལ་མི་དམིགས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང ་བཐལ་ཤེས་བཟེང་བ་ལ་མ་དམིགས། ཐགས་པ་མེད་པའི་ཡེ་ཤེས་ལ་མེད་མིགསས་བརྒྱ་གྱི་ཤེས་ཡིད་རིགས་པ་རྒྱས་ཀྱི་ས་མང་གས་པ་མིད་རིགས་སཔ་རྒྱས་ཀྱི་དངས་སུ་དག་པ་ལ་དམིགས། མཚན་ཡངས་སུ་དག་པ་ད་། ་མི་དམིགས། ཉན་ཐོས་ཕུན་སུཔ་རོགས་པ་ལ་མི་དམིགས། རང་སངས་རྒྱས་ཕུན་སུམ་མཚོགས་པའི་མིད་ལེགས། བྱང་ཆུབ་སེམས་དཔའ་ཕུན་སུཔ་མཚོགས་པ་ལ་མི་དམིགས་སོ།། དེ་ཅིའི་ཕྱིར་ཞེན། རབ་ཀྱི་རྒྱལ་གྱིས ་རྣམ་པར་གནོན་པ་གང་དུ་འདི་དག་ལ་དམིགས་པར་འགྱུར་བའི་འཛིན་པ་གང་ཡང་ཆོས་ཐམས་ཅད་ལ་མེད་དེ་ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་ལྷག ་པར་ཆགས་པ་དང་། དེ་སྲིད་དུ་མངོན་པར་ཞེན་པ་དང་། དེ་སྲིད་དུ་ལེན་པ་དང་། དེ་སྲིད་དུ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དེ་སྲིད་དུ་མྱ་ངན་མི་ཟད་པའི་ཟུག་རྔུ་དང་། འཁྲུག་པ་དང་། སྨྲེ་སྔགས་འདོན་པ་འབྱུང་བར་འགྱུར་རོ།། རབ་ཀྱི ་རྒྱལ་གྱིས་དམ་པར་གནོན་པ་དུང་གིས་དེ་བྲི་དུ་མི་པོ། སྲིད་མམེད་པའོ།། དེ་སྲིད་དུ་སྡུག་བཅཝལ་དང་ཡིད་མི་བདེ་བའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་རློམ་སེམས་དང་། གཡོ་བ་དང་། སྤྲོས་པའོ།། ཇི་སྲིད་དུ་དམིགས་པ་དེ་སིད་དུ། ་འཐབ་པ་དང་། རྩོད་པ་དང་། འགྱོད་པའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་མ་རིག་པའི་མུད་པ་དང་། གཏི་མུག་གོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཇིགས་པའོ།། དེ་སྲིད་དུ་སྐྲག་པའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་སྡུད་ཀྱི་ཞགས ་པ་དང་། བདུད་ཀྱིས་འཇོམས་པའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་དག་བསྔལ་གྱིས་རབ་ཏུ་ཉེན་ཅིང་བདེ་བ་ཀུན་ཏུ་ཚོལ་བར་འགྱུར་བའོ།། རབ་ཀྱིས་རྩལ་གྱིས་རྣམ་པར་གནན་པ་དེ་ལ་བྱང་ཆུབ་སེམས་དཔས་ཉེས་དམིགས་འདི ་དག་མཐོང་ནས་རོས་གང་ལ་ཡང་མི་དམིགས་སོ། ། དེ་མི་དམིགས་པས། ཆོས་གང་ཡང་མཛན་ཏོ།། དེ་ཆོས་ཐམས་ཅད་ལ་འཛིན་པ་འམ། ཀུན་འཛིན་པར་མི་གནས་སོ།། དམིགས་པ་མེད་པ་དང་། དམིགས་པ་ཡ་བརྻ ་དག་ལ་ཡང་རློམ་སེམས་སུ་མི་བྱེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་མངོན་པར་མི་ཞེན། ཆོས་གང་ལ་མངོན་པར་མི ་དགགོ་ཆོས་གང་ལ་ཡང་ལྷག་པར་ཆགས་ནས་མི་གནས་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་བྲལ ་པའོ། ། རབ་ཀྱིས་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་དེ་ལ་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་དང་། བདུད་རྩི ་འཁོར་དང་། བདུད་ཀྱི་བྱིན་གྱིས་བརླབས་པ་དག་གིས་བར་ཆད་བྱ་བར་མི་ནུས་སོ།། གང་དེ་ལ་ཐོ་འཚམས་པ་དང་། གང་དེ་ལ་གཟུང་ནས་འདུལ་བར་འདོད་པའི་གྱུར་པའི་གྲགས་རྙེད་པར་མི་འགྱུར་རོ།། རྟག་ཏུ་བདུད་ཀྱི་ལས་ཐམས ་ཅད་ཀྱང་ཁོང་དུ་ཆུད་པར་འགྱུར་རོ། ། བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ།། བདུད་ཀྱི་གནས་ཐམས་ཅད་སྤ་ཀོང་བར་བྱེད་དོ། གཞན་མུ་སྟེགས་ཅན་ཐམས་ཅད་ཚར་བཅད་པའི་ཕྱིར་གནས་པར་འགྱུར་རོ།། གཞན་མུ་སྟེགས། ་ཅན་ཚེམས་པ་དང་། ཀུན་ཏུ་རྒྱུ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ།། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་སུ་རྟོགས ་པ་དང་མི་རྟོགས་པ་དང་ལ་མི་གནས་པ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་རྟོག་པ་དང་མི་རྟོག་པ་ལ་མི་གནས་པ་ཡིན་ཏེ། གཟུགས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་། ་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད་ཀྱི་དང་། ལྟ་བར་གྱུར་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མ་བྱེད། ཆད་པ་དང་། རྟག ་པ་ལ་རྟག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད་དོ།། འདོད་པའི་ཁབས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་རྟོགས་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། འདོད་ཆགས་དང་། ཞེ་སྡང་དང་། གཏི ་མུག་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བདེན་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བརྫུན་པ་ལ་རྟོག་པ་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ལ ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། འདུ་བ་དང་བྲལ་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བདག་ཏུ་འདུ་ཤེས ་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་དུ་འདུ་ཤེས་པ་དང་། གང་ཟག་དུ་འདུ་ཤེས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། གཏོང་བ་དང་། སེར་སྣ ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བཟོད་པ་དང་། གནོད་སེམས་ལ་རྟོག་པར་ཡང་མི་བྱེད་མི ་རྟོག་པར་ཡང་མི་བྱེད། བརྩོན་འགྲུས་དང་། ལེ་ལོ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བསམ་གཏན་དང་། རྣམ་པར་གཡེང་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། ཤེས་རབ་དང་། འཆལ ་བའི་ཤེས་རབ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བྱིན་ཅིམ་ལོག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་རྟོག་པར་ཡང་མི་བྱེད་མི་རྟག ་པར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་ཡང་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། དྲུག་བསྔལ་བ་དང་། ཀུན་འབྱུང ་བ་དང་། འགོག་པ་དང་། ལམ་ལ་རྟོག་པ་ཡང་མི་བྱེད་མི་རྟོག་པ་ཡང་མི་བྱེད། རྣམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། གཏང་སྙོམས་ལ་སྷོ། པར་ཡང་མི་བྱེད། མ་རྟོག་པར་ཡང་མི་བྱེད། ་མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་མི་བྱེད། སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས ་ཀྱི་ཆོས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་མི་བྱེད། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱིས་དང་། སངས་རྒྱས་ཀྱིས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། སྒྲིབ་པ་ལ་རྟོག་པར ་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་མི་བྱེད། ཐོགས་པ་མེད་པའི་ཡེ་ཤེས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར ་ཡང་མི་བྱེད། རིག་པ་དང་། རྣམ་པར་གྲོལ་བ་ལ་ཡང་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་མཐོང་བ་དང་། ་མི་འཇིགས་པ་ལ་རྟོགས་པར་ཡང་མི་བྱེད་མི་རྟོགས་པར་ཡང་མི་བྱེད། མཚན་ཡོངས་སུ་དག་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། སངས་རྒྱས་ཀྱི་ནིཞིང་ཡོངས་སུ་དག་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར ་ཡང་མི་བྱེད། ཉན་ཐོས་ཕུན་སུམ་ཚོགས་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། རང་སངས་རྒྱས་ཕུན་སུམ་ཚོགས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ ་ལ་རྟོགས་པར་ཡང་མི་བྱེད་མི་རྟོགས་པར་ཡང་མི་བྱེད། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ་རྟོག་པ་ཡོད་ན་རྟོག་པ་དང་བྲལ་བར་འགྱུར་བའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ན་རྟོག་པ་མེད་པ་དེ་ནི ་རྟོག་པ་མེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྟོག་པ་ལས་བྱུང་སྟེ། དེ་དག་གི་འདུ་ཤེས་ནི་ལོག་པར་རྟོག་པ་ལས་བྱུང་བས་དེ་དག་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ།། མི་རྟོག་ཅེས་བྱ་བ་དེ་ནི་མཐའ་གཉིས་ཏེ། གང་ན་རྟོག་པ་དང་མི་རྟོག་པ་མེད་པ་དེ་ནི་ཡང་དང་དབུས་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དབུས་ཤེས ་བྱ་བར་རྟོག་ན་དེ་ཉིད་ཀྱང་མཐའ་ཡིན་ནོ། ། ཇི་སྲིད་དུ་མི་རྟོག་པ་དེ་སྲིད་དུ་མི་རྟོག་པ་སྟེ། དེ་ལ་ནི་རྟོག་པ་ཆད་པར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ན་རྟོག་པ་མེད་ཅིང་མི་རྟོག་པ་ཡང་མེད་པ་དེ་ནི་རྟོག་པ་ཡང་ག་པར ་ཆད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་ཆད་པ་ཅེས་བྱ་བ་དེ་ལ་ཆད་པ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་དང་མི་རྟོག་པ་ནི། ཕྱིན་ཅི་ལོག་ལས་བྱུང་བས་མེད་པའི་ཕྱིར་རོ།། དེ་དག ་གི་རྣམ་པར་ཞིག་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་མ་ཡིན་པ་སྟེ། དེ་ལ་ཆད་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆད་པ་མེད་པ་ཞེས་བྱ་བ་དེ་ནི་སྡུག་བསྔལ་ཡང་དག་པར་ཆད་པའི་ཚིག་བླ་དགས་ཏེ། སྡུག་བསྔལ ་ཡང་དག་པར་ཆད་པ་གང་ཡང་མེད་དོ། ། གལ་ཏེ་སྡུག་བསྔལ་པ་དདག་པར་བད་དཔར་གྱུང་ན་ནི་སྡུག་བསྔལ་ཡོངས་སུ་གྲུབ་པ་འགའ་ཞིག་ཀྱང་ཡོད་པར་འགྱུར་ཏེ། སྡུག་བསྔལ་ཡང་དག་པར་ཆད་པཅེས་བྱ་བ་དེ་ནི་ཡོངས་སུ་གྲུབ་པ་མེད་པར ་མཐོང་བའོ། ། གང་འདི་སྡུག་བསྔལ་ཡང་དག་པར་ཆད་ཅེས་བྱ་བ་ད་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ།། གང་སྡུག་བསྔཔ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད་པ་དེ་ནི་སྡུག་བསྔལ་རྣམ་པར་ཞི་བའོ།། དེ་ནི་སྡུག་བསྔལ་མི ་སྐྱེ་མི་འབྱུང་བ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས ་དཔའ་ཤེས་རབ་ཀྱི་རལ་ཏུ་ཕྱིན་པ་ལ་སྤྱོ་པས། རྒྱུག་པ་དང་བཏོག་པ་ཐམས་པ་དཡོངས་སུགས་པ་སོ།། ན་མགྱིས་རྣམ་པ་གནོན་པདག་སྤྱོད་པ་ནི་ཀྱ་རླམས་པས་དཔའི་གས་རབཀྱི་ལ ་བྱིན་པ་སྙམ་པ་ལངས་ས་རྫོགས་པར་འགྱུར། ། དྲི་ལ་སྲུད་སྡིག་ཅན་དང། སྲད་ཀྱི་འཁོ། མཅང་ཆད་བྱབའི་ཕྱི་ནས་པར་གྱུར་རོ།། ཛུ་ཀྱིལས་རྦ་ཤི་སྨྲས་པམས་མང་དྲཆུད་པ་ཤཱ། @# ་ལས་ཟུང་ཞིང་སྐྱེས་པ་རྣམས་ཀྱི་དབང་དྲི་འགྲོ་བར་མི་འགྱུར་། ། བདུད་སྡིག་པ་ནི་ཕམ་པར་བྱེད་དོ།། སྐྲ་གོད་པ་དང་། དའི་ཕྱོགས་ཉུང་བར་བྱེད་དོ།། འཇིགས་པ་དང་སྐྲག་པ་མེད་པར་འགྱུར་རོ།། བདུད་ཀྱིས་མི་ཐུལ་བར་འགྱུར ་རོ། དིན་སོང་དུ་འགྲོ་བ་ཐམས་ཅད་རྒྱུན་ཆུད་པར་འགྱུར་རོ།། དེས་ལ་མ་ངན་པ་བཀག་པར་འགྱུར་རོ།། ཚྭ་བ་ཐམས་ཅད་ལས་རྒལ་བར་འགྱུར་རོ།། གཏི་མུག་གི་ཕུན་པ་དང་བྲལ་བར་འགྱུར་རོ།། མིག་ཐོབ་པས་སེམས་ཅན་པ ་ཅད་ལ་སྣང་བར་འགྱུར་རོ། ། སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པར་གནས་པར་འགྱུར་རོ།། ལམ་ཉམས་པ་ཉིད་ཀྱི་ཕྱིར་ལམ་རྒྱུན་བཅད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་སྙིང་རྩེ་བར་འགྱུར་རོ།། ཆོས་ལ་མིག ་རྣམ་པར་དག་པར་འགྱུར་རོ། ། ལ་ལོམད་ཅིང་བརྩོན་འགྲུས་ཕྲན་སུ་མཚོགས་པར་འགྱུར་རོ།། གནོད་སེམས་ཀྱི་སེམས་མེད་པས་པརྗོད་པ་འཐོབ་པར་འགྱུར་རོ།། མི་གནས་པའི་བསམ་གཏན་པས་བསམ་གཏན་པར་འགྱུར་རོ།། ་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་པས་ཤེས་རབ་ཐོབ་པར་འགྱུར་རོ།། སྒྲིབ་པ་མེད་ཅིང་འགྱོད་པ་དང་བྲལ་བར་འགྱུར་རོ།། བདུད་ཀྱི་ཞགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྲེད་པའི་དྲ་བ་ཐམས་ཅད་དང་བྲལ་བས ་བཅིངས་པ་བཅད་པར་འགྱུར་རོ། ། རྗེད་པ་མེད་པས་དྲན་པ་ཉེ་བར་གནས་པར་འགྱུར་རོ།། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕ་རོལ་ཏུ་ཕྱིན་པ་ཡོ་ཚུ་ཕྱིངས་རྣམ་པར་དག་པར་འགྱུར་རོ།། སྐྱོན་ཐམས་ཅད་བསལ་བས་ཡོན ་ན་མགས་། ། ཟུགས་པ་པགས་། ས་བད་པ་དྷཱ་པ་པ་ནྡྷ་ཡཱ།། ལས་བྱནས་པརྣམས་རྣས་མ་པ་ས་པ་ས་ག ་བྱིན་པ་ཐོབཔས་ཅས་ཡོངས་སུ་མི་ཉམས་པར་འགྱུར་རོ། ། ཟས་སྟོན་པ་ལ་བག་ཎ་པ་མེད་པ་གྱུར་རོ།། འཁོར་ཅིནང་ཟབ་ལ་སུག་མ་པར་གྱུང་།། ཆོས་ཀྱི་སྦྱིན་པ་ལ་འཛིན་པས་། གཔ ་པར་འགྱུར་རོ། ། ལམ་མཉམ་པས་ལམ་རྣམ་པར་སྦྱངས་པར་འགྱུར་རོ།། ལམ་ངན་པ་ཡོངས་སུ་ཤེས་པས་བསྒོམ་པ་བསྒོམས་པར་འགྱུར་རོ།། ཆོས་རྣམ་པར་དག་པས་བག་ཆགས་བསྒོམ་པར་འགྱུར་རོ།། ཤེས་རབ་རྣམ ་པར་དག་པས་སྦྱང་བ་སྦྱངས་པར་འགྱུར་རོ། ། རྒྱ་མཚོ་དང་མཚུངས་པའི་ཕྱིར་ཤེས་རབ་ཟབ་པར་འགྱུར་རོ།། པག་ཚ་བ་མེད་པས་བཏིང་དཔག་དཀའ་བར་འགྱུར་རོ།། ཆོས་རྒྱ་མཚོ་དཔག་ཏུ་མེད་པས་དཔག་ཏུ་མེད་པར་འགྱུར ་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་དེ་རྣམས་དང་། གཞན་དག་དང་ཡང་ལྡན་པ་ཡིན་ཏེ། དེ་དག་གི་ཡོན་ཏན་ནི་རྟོགས་པར་མི་ནུས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་དང་མེ་ལྡན་པར་མི་འགྱུར། ལོངས་སྤྱོད་དང་མི་ལྡན་པར་མི་འགྱུར། གཡོག་དང་མི་ལྡན་པར་མི་འགྱུར། དུས་དང་མི་ལྡན ་པར་མི་འགྱུར། རག་པ་དང་མི་ལྡན་པར་མི་འགྱུར། ཡུལ་དང་མི་ལྡན་པར་མི་འགྱུར། མཐའ་འཁོབ་ཀྱི་ཡུལ་དུ་སྐྱེ་བར་མི་འགྱུར། མིང་ལ་བསྟོད་པར་མི་གྱུར་རོ།། སེམས་ཅན་ཡོངས་སུ་མ་དག་པ་ལས་ཀྱི་མཐའ་ཡོངས་སུ་མ་དག ་བ་རྣམས་དང་འདྲ་བར་མི་འགྱུར། རང་གི་སེམས་མི་སྟོར། ཤེས་རབ་ཉམས་པར་མི་འགྱུར་ཏེ། ཆོས་གང་པ་ལ་ལས་ཐོས་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དང་སྦྱོར་རོ།། སངས་རྒྱས་ཀྱི་རིས་དང་ཐམས་ཅད་མཁྱེན་པའི ་རིགས་མས་ཅད་པར་གནས་པར་འགྱུར་རོ། ། སངས་རྒྱས་བྱམས་ལ་སྣང་བཐོབ་པར་འགྱུར་རོ།། ཐམས་ཅད་མཁྱེན་པ་དང་ཉེ་བར་འགྱུར་བ།། གལ་ཉིད་ལྟང་བདུད་སྔག་ཅན་ཐའཚམ་པའི་རྒྱ ་འོངས་ན་དེས་དེ་དག་གི་སྤོབས་པ་བཅོད་ཅིང་བདུད་ཀྱི་ཞགས་པ་ཐམས་ཅད་གཅོད་དེ། བདུད་འཁོར་དང་བཅས་པ་ཐལ་བར་ཀློག་གོ། བདུད་ཀྱི་རིགས་བདུད་བྱེ་བ་ཐམས་ཅད་ཀྱིས་ཀྱང་ཐུལ་བར་མི་འགྱུར་གྱི། ་དེས་བདུད་རྣམས་འཇིགས་སྔགནས་ཐོ་པ་འགྱུར་། བདུད་སྡིག་ཅན་འདི་སྙམ་དུ་དེ་ནི་བདག་གི་ཡུལ་ལས་རབ་ཏུ་འདས་དེན་སྦྱོར་བདག་གི་ཡུལ་ལ་མི་སྤྱོད། དེ་ནི་ཕྱིར་བདག་གི་ཡུལ་ལ་མི་གནས་དེ་ནི་ཕྱིར་བདག ་གི་ཡུལ་ལ་འདུག་པར་མི་འགྱུར། སེམས་ག་ཞ་ང་བདག་གི་ཡུལ་ལས་གྲོལ་བར་བྱེད། སྒྲོལ་བར་བྱེད་དོ་སྙམ་དུ་སེམས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེས་ཕྱོགས་ཉུང་ངུར་བྱེད་དོ།། སྙམ་ནས་མྱ་ངན་བྱེད་དེ། ་དུ་ཞིང་སྨྲེ་སྔགས་འདོན་ཏོ།། དེ་ཉམས་དམས་ལ་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་ལ་གཅགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སྤྱོད་ཤེས་ཀྱི་ཕརོ་ཏུ་ཕྱིན་ལ་སྒོས། ཤེས་བཀྱི་དུ་བྱིན་པ་བྱུར་བ་བྱེད་དེའི་མདུ་ཀྱི་ནས་ཐམས་ཅད་གཟི་ཆུང་ཞིང་མོག་མོག་པོར་འགྱུར་རོ།། བདུད་སྡིག་ཅན་ཡང་འདི་སྙམ་དུ་འདིས་བདག་གི་ཡུལ་ནས་སེམས ་ཅན་རྣམས་བསྐྱས་པར་འགྱུར། འདིས་བདག་གི་ཡུལ་ནས་སེམས་ཅན་རྣམས་སྒྲོལ་བར་འགྱུར། འདིས་བདག་གི་ཡུལ་ནས་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་བྱེད་པར་འགྱུར། འདིས་སེམས་ཅན་རྣམས ་བདག་གི་ཡུལ་ནས་འདྲེན་པར་འགྱུར། འདིས་བདུད་ཀྱི་ཞགས་པ་བཅོད་པར་འགྱུར། འདིས་སེམས་ཅན་འདོད་པའི་འདམ་དུ་བྱིང་བ་རྣམས་འབྱིན་པར་འགྱུར། འདིས་སེམས་ཅན་རྣམས་ལྟ་བའི་དྲ་བ་ལས ་ཐར་བར་བྱེད་པར་འགྱུར། འདིས་སེམས་ཅན་རྣམས་སྒྲིབ་པའི་ལམ་ལས་འདོན་པར་འགྱུར་རོ།། འདིས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་རབ་ཏུ་དགོད་པར་འགྱུར། འདིས་སེམས་ཅན་རྣམས་ལྟ་བའི ་ཐིབས་པ་ལས་སྒྲོལ་བར་འགྱུར་རོ་སྙམ་དུ་སེམས་ཤིང་། སྔག་སྔལ་བ་དང་ཡིད་མི་བདེ་བར་འགྱུར། མ་ངན་མི་ཟུག་རྔུ་དང་ལྡན་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གན ་པ་བདུད་དེ་དག་གི་དོན་གྱིས་དབང་འདི་མཐོང་པས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། མྱ་ངན་གྱི་ཟུག་དུས་ཟུག་པར་འགྱུར་ངོ་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེང་ན་སྐྱེས་བུ་ནོར་གྱི་ཕུང་པོ་ཆེན་པ ་ཉམས་པར་གྱུར་པ་ནི་སྡུག་བསྔལ་བར་འགྱུར་ཏེ། མཽ་དགའ་ཞིང་ཡིད་མི་བདེ་བ་ཆེན་པོ་དང་ལྡན་ནོ།། དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་པ་ན་བདུད་སྡིག་ཅན་ཡང་སེམས་མི་བདེ་བ་དང་། ཡིད་ལ་གཅགས་པ་དང་། མྱ་ངན་གྱི་ཟུག་རྔུས་ཟུག་སྟེ། སྡུག་བསྔལ་ཞིང་རང་གི་གནས་ལ་ཡང་མི་དགའ་བར་འགྱུར་རོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བཞིན་ཡང་བདུད་སྡིག་ཅན་དེ་དག་གཅིག་དུ་འདུས་ནས་ཏྲི་ལྟང་བྱ། ཅི་ཞིག་བྱ་སྙམ་སེམས་ཤིང་། ཐེ་ཚོམ་དང་། མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ།། དེ་དག་ཐེ་ཙོམ་དང་མྱང་ནཿ ་ཟུག་རྔུས་ཟུག་པར་འགྱུར་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ཀླགས་བཙལ་བའི་ཕྱིར་དང་ཡང་དན་བྱང་ཆུབ་སེམས་དཔའི་སྐུ་ཡང་མི་གཡོས་ན། ལུས་དང་སེམས་གཞན་དུ་འགྱུར་བ་ལྕ ་སྲས། དགས་ཤིང་སུ་གས་ཀྱང་པ་དང་བྲལ་བར་འགྱུར། སྲུང་སྡིགཅན་དུ་ཡང་ཤེས་པ་པ་གྱུར་རོ།། གསནས་ཀྱད་བྱིན་གྱིས་ག།། དས་འདུད་སྡིག་ཅན་བྱིན་གྱིས་འདྲབས་ནས་ཉམས་ལྡན་པ་བྱུང་། འདིག ་ཤིང་སེམས་ཞུམ་པར་འགྱུར་ཏེ། དེ་ལ་གླགས་རྙེད་པར་མ་ནུས་ནས། དེ་འདི་སྙམ་དུ་བདག་གི་ཀྱང་དེ་ལ་གླགས་རྙེད་པར་མ་ནུས་ན་བདག་གིས་འཁོར་གྱིས་ལྟན་སྨོས་ཏེ། གང་གཞན་དག་གིས་བྱིན་གྱིས ་བརླབས་པར་ལྟ་ག་ལ་འགྱུར་སྙམ་དུ་སེམས་སོ། ། དེའི་ཕྱིར་བདུད་སྡིག་ཅན་དེ་དག་འཇིགས་ཤིང་སྤྲོ་བ་ཡོངས་སུ་ཉམས་ནས་སྡུག་བསྔལ་དང་། ཡིད་མི་བདེ་བ་སྐྱེས་ཏེ། རང་གི་གནས་སུ་དོང་ནས་སེམས་ཁོང་དུ་ཆུད་ཅིང ་འཁོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སེ་གོལ་གཏོགས་པ་ཙམ་གྱི་སྲིད་དུ་ཡང་སེམས་རྨོངས་པར་བྱེད་མི་ནུས་ན་གཞན་བར་ཆད་བྱ་བར་ལྟ་ཅི་སྨོས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟ་བུའི་ཤེས་རབ་ཀྱི་སྟོབས་སྐྱེད་པར་འགྱུར་རོ། ། ཤེས་རབ་ཀྱི་སྟོབས་བསྐྱེད་པ་དེ་ལྟ་བུ་དང་ལྡན་པས། གལ་ཏེ་སྟོང་སུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བདུད་དུ་གྱུར་ལ། དེ་དག་ཐམས་ཅད་ཀྱང་འཁོར་བདུད་མང་པོ་དང་ལྷན་ཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་འཐོབ་ཙམ་པའི་བསམ ་པས་དོང་ཡང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱི་བར་ཆད་བྱ་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཤེས་རབ་ཀྱི་སྟོབས་སྐྱེད་པ་དང་། ཤེས་རབ ་ཀྱི་རལ་གྲི་དང་། ཤེས་རབ་ཀྱི་མཚོན་ཆ་དང་ལྡན་པར་འགྱུར་བའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། མི་མཉམ་པ་དང་། ་མཉམ་པ་དང་ལྡན་པར་འགྱུར་རོ།། དེའི་ཕྱིར་དེ་ལ་བདུད་སྡིག་ཅན་གྱིས་ཟིལ་གྱིས་གནོན་མི་ནུས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་དེ་ནི་མཚོན་ཆ་ཆེན་པོའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་རལ་གྲི་དེ་ནི་རལ་གྲི་ཆེན་པོ་སྟེ། དེ་ནི་བདུད་སྡིག་ཅན་རྣམས་ཀྱི་ཡུལ་མ་ཡིན། སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི་ཀྱིལ་གྱིས་རྣམ་པར་གནོན་པ་འདི་ལ ་སྟེ། བྱང་ཆུབ་སེམས་དཔའི་ཤེས་རབ་ཐ་མལ་པ་དེ་ལྟ་བུའི་ཤེས་རབ་ཀྱང་ཕྱི་རོལ་གྱི་དྲང་སྲོང་གང་དག་པས་མི་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བནི་རྙེད་པ་དང་། གང་དག་བདུད་ཀྱི་ཡུལ ་འདོད་པའི་ཁམས་ལས་འདས་ནས། འཚངས་པའི་འཇིག་རྟེན་དང་། གཟུགས་མྱེད་པའི་ལྷའི་རིས་བཞིར་སྐྱེས་པ་དེ་དག་གི་ཡུལ་ཡང་མ་ཡིན། སྤྱོད་ཡུལ་ཡང་མ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི ་ཤེས་རབ་ལྟ་ཅི་སྨོས་ཏེ། གང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ཡུལ་མ་ཡིན་པ་དེ། བདུད་སྡིག་ཅན་རྣམས་ཀྱི་ཡུལ་ག་ལ་ཡིན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྟོབས་སྐྱེད་རྙེད་པའི་བྱང་ཆུབ་སེམས ་དཔའ་ནི་དེའི་ཚེ་འདི་ལྟ་སྟེ། སྟོབས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་པར་འགྱུར ་པ་དང་། ཤེས་རབ་ཀྱི་མཚོན་རྣོན་པོ་དང་ལྡན་པ་ཆུང་དེ་དག་ནི། བདུད་སྡིག་ཅན་རྣམས་ཀྱིས་མ་ཚུགས་མ་ཐུབ་བོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ལ་ལ་ཤེས་རབ་ཀྱི་སྟོབས་དང་། ཤེས་རབ་ཀྱི་མཚོན་རྣོན་པོ་དང ་ལྡན་པ་དེ་དག་གང་ལ་ཡང་གནས་པར་མི་བྱེད་དེ། དེ་དག་མི་གནས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གནས་པར་བྱུ་ནི་གཡོ་བར་འགྱུར་རོ།། གཡོ་བར་གྱུང་ན་ནི་འགུལ་བ ་འགྱུར་རོ། ། འགུལ་བར་གྱུར་ན་ནི་སྤྲོས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་གནས་པར་འགྱུར་བ་དང་། གཡོ་བར་འགྱུར་བ་དང་། འགུལ་བར་འགྱུར་བ་དང་། སྤྲོས་པར་འགྱུར་བ་དེ་དག་ནི་བདུད་སྡིག ་ན་གྱི་བྱུང་དུ་ལྡ་། ། བདཱུད། གས་པ་ལ་ཡངས་བར་།། གསལ་ཅསརྣམ་པ་གན་པགང་བྲད་པ་ཡ་བྱས་པ་མམས་ཅནནནཔགགས ་དང་འབྲེལ་བ་གནས་ལ་ཆགས་པ་དེ་དག་ཀྱང་ཡང་བདུད་ཀྱི་ཡུལ་དུ་འོང་བར་འགྱུར་ཏེ། འདི་ལྟ་སྟེ། རིངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། རྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་དང་། གང་གཞན་ག་ཟུགས་མེད་པ་ག་ནས་ཤིང་། གནས་དང་། ་འབྲེལ་བ། གནས་ལ་ཆགས་པ་དེ་དག་ཀྱང་བདུད་ཀྱི་ཞགས་པ་ལས་ཡོངས་སུ་མགྲོལ་ཞིང་བདུད་ཀྱི་ཞགས་པས་མཚམས་བཅད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་བ་རོའོ།། ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིད་པལ་སྒོམ་པར་བྱེད་པ་ན། གང་ལ་ཡང་གནས་པར་མི་བྱེད། ཐམས་ཅད་དུའང་མི་གནས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་ལྡན་པར་གནས་པ་དེའི་ཚེ་གཟུགས་ལ་གནས་པར་མི་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི ་འགྱུར་རོ། ། བྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་གནས་པར་མི་འགྱུར། མིང་དང་གཟུགས་ལ་གནས་པར་མི་འགྱུར། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ལ་གནས་པར་མི་འགྱུར། ་བདག་དང་སེམས་ཅན་དུ་འདུགས་པ་ལ་གནས་པར་མི་འགྱུར། སྲོག་དང་གང་ག་དང་། ཁམས་དང་། སྐྱེ་ཆེད་ལ་གནས་པར་མི་འགྱུར། ས་དང་། རྒྱུད་མེ་དང་དྷཱ་དང་། ནམ་མཐའ་དང་། རྣམ་པ་དཤེས་པ ་འདྲེཤེས་མེད་འདུགས་ད་སྐྱེ་ཆེད་ལ་གནས་པ་མི་གྱུར། མི་པའི་སྲི་པཔ་གནས་པ་མི་ཕུར་རྣམ་པ་མྱོར་པའི་སྲིད་པ་ལ་གནས་པ་ས་སུ་ཆ་པ་དང་། གཔ་ལ་གནམ་པར་མི ་མཐའ་དང་མཐའ་མེད་པ་ལ་གནས་པར་མི་འགྱུར། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་པར་མི་འགྱུར། སྦྱིན་པ་དང་། སེར་སྣ་ལ་གནས་པར་མི་འགྱུར། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ལ་གནས་པར་མི་འགྱུར ་བཟོད་པ་དང་། གནོད་སེམས་ལ་གནས་པར་མི་འགྱུར། བཙོན་འགྲུས་དང་། ལེ་ལོ་ལ་གནས་པར་མི་འགྱུར། བསམ་གཏན་དང་། རྣམ་པར་གཡེ་བ་ལ་གནས་པར་མི་འགྱུར། ཤེས་རབ་དང་། འཆལ་བའི་ཤེས་རབ་ལ་གནས་པར ་མི་འགྱུར། ཕྱིན་ཅི་ལོག་པ་དང་། ཡང་དག་པར་སྤོང་བ་དང་། ཚད་མེད་པ་དང་དྲན་པ་ཉེ་བར་བཞག་པ་ལ་གནས་པར་མི་འགྱུར། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་གནས་པར ་མི་འགྱུར། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་གནས་པར་མི་འགྱུར། མི་སྐྱེ་བ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་གནས་པར་མི་འགྱུར། རིག་པ་དང་། རྣམ་པར་གྲོལ་བ་ལ་གནས ་པར་མི་འགྱུར། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་གནས་པར་མི་འགྱུར། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལ་གནས་པར་མི་འགྱུར། ཁྲོ་སོ་སྐྱེ་བོ་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་རང ་སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་གནས་པར་མི་འགྱུར། མྱ་ངན་ལས་འདས་པ་ལ་གནས་པར་མི་འགྱུར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་ཐོགས་པ་མེད་པ་ལ་གནས་པར་མི་འགྱུར། དུས་སུམ་མཉམ་པ ་ཉིད་ལ་གནས་པར་མི་འགྱུར། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ལ་གནས་པར་མི་འགྱུར། ཐམས་ཅད་ཁྱེན་པའི་ཡེ་ཤེས་ལ་གནས་པར་མི་འགྱུར། མཚན་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། སངས ་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཉན་ཐོས་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། བྱང་ཆུབ་སེམས་དཔའ་དཀོད་པ་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཆོས་ཐམས་ཅད་ལ་གནས་པར ་མི་འགྱུར་ཏེ། མི་གཡོ་ཀུན་ཏུ་མི་གཡོའོ།། དེས་གནས་ཐམས་ཅད་རྣམ་པར་རྩལ་བས་མིགནས་ཏེ་ལམ་ལ་ཡང་མངོན་པར་མི་ཞེ་ན། གནས་པ་མེད་པ་ལ་ཡང་རློམ་སེམས་སུ་མི་ཤེས་སོ།། དེ་འདི་ནི་གནས་སོ་ཞེས་མི་དམིགས། འདི་ནི་གནས། ་སོ་ཞེས་མི་གམིགས། དེའི་གནས་སོ་ཞེས་མི་གམིགས། རློམ་སེམས་སུ་མི་བྱེད། འདིས་གནས་སོ་ཞེས་མི་དམིགས་ཏེ་དེ་གནས་ཐམས་ཅད་ལ་རློམ་སེམས་སུ་མི་བྱེད། མི་དམིགས་མངོན་པར་མཞེན་པས་གནས་གང་དུ་ལ ་ཉེ་བར་མི་འགྲོ་ཉེ་བར་མི་སྟོན། ། མངོན་པར་དགའ་བར་མི་འགྱུར། ལྷག་པར་ཆགས་ནས་མི་གནས་ཏེ། གནས་ཐམས་ཅད་ཀྱིས་མི་གོས། མཆགས་པས་གནས་ཐམས་ཅད་རྣམ་པར་དག་པར་རྗེས་སུ་ཐོབ་པར་འགྱུར་རོ།། བ་ཀྱི་རྩལ་གྱི ་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱིགནས་རྣམ་པར་དག་པའི་ཡེ་ཤེས་མཐོང་བ་སྟེ། དེས་དེ་ལ་བདུད་སྡིག་ཅན་རྣམས་བླགས་མི་རྙེ་ཅིང་། བདུད་སྡེ་ཅན་རྣམས་ཀྱིས ་ཐུབ་སྟེ། བདུད་སྡིག་ཅན་རྣམས་ཟིལ་གྱིས་ནོན་པར་འགྱུར་རོ།། ། སྤྱོད་པའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། ། བམ་པོ་དྲུག་པ་སྟེ་ཐ་མའོ།། །། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་བླན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེད་པར་ཐོག་མ་ཉིད་དུ་དགེ་བའི་རྩ་བའི་ཚོགས་མང་པོ་ཡང་དག་པར་བསྒྲུབས་པར་འགྱུར། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར། སངས་རྒྱས་མང་པོ་ལ་ཀུན་འདྲི་བར་འགྱུར། སངས ་རྒྱས་བཅོམ་ལྡན་འདས་རྣམས་ལ་བྱ་བ་བྱས་པར་འགྱུར། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་འགྱུར། སྦྱིན་པ་འགྱེད་པ་ལ་དགའ་བར་འགྱུར། ཚུལ་ཁྲིམས་རྣམ་པར་དག་པ་ལྷུན་ལེན་པར་འགྱུར། བཟོད་པ་དང་དེས་པ་ཕུན་སུམ་ཚོགས་པར ་འགྱུར། བརྩོན་འགྲུས་དང་ལྡན་པར་འགྱུར། བསམ་གཏན་རྣམ་པར་དག་པ་ལྷུར་ལེན་པར་འགྱུར། ཤེས་རབ་དང་ལྡན་པར་འགྱུར། ཤེས་རབ་རྣམ་པར་དག་པ་ལྷུར་ལེན་པར་འགྱུར་ཏེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་སྟེ། ཤེས་རབ་གྱིཀྱི་སྟོབས་དང་། རི་ཤེས་ཀྱི་སྟོབས་དེས་ཅིནས་ཀྱང་བདག་ལ་བདུད་སྡིག་ཅན་གྱིས་གླགས་སྙེད་པར་མགྱུར་ཅིག། བདག་ལ་གཙེ་བར་མགྱུར་ཅིག། ཅེས་བདུད་སྡིག་ཅན་རྣམས་ལ་བྱིར་མྱོད ་རློབ་བོ། ། དེས་བྱིན་གྱིས་བརླབས་པས་བདུད་ཀྱི་གླགས་མི་རྙེད་ཅིང་དེ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་བདག་གིས་གླན་ཀ་བཙལ་བ་འམ། ཐོ་བརྩམ་པར་བྱའོ་སྙམ་དུ་ཡང་སེམས་མི་སྐྱེད་དོ།། ། ་གལ་ཏེ་དེ་དག་གིས་བར་ཆད་བྱ་བའི་ཕྱིར་སེམས་བསྐྱེད་ན་དེའི་ཕྱིར་བདག་ལ་སྡུག་བསྔལ་ཆེན་པོ་འབྱུང་བར་ཡང་དག་པར་ཤེས་ན། དེ་དག་ལ་འཇིགས་པ་ཆེན་པོ་ཉེ་བར་གནས་པར་འགྱུར་པས་བདག་མེད་པར་མི་འགྱུར་གྲང་སྙམ་སྟེ། སྐྱོ་བར་གྱུར ་ནས་ཐོབ་རྣམ་པའི་སེམས་གློན་པར་འགྱུར་ཞིང་། དེ་དག་གི་སེམས་སྐྱེད་པ་དེ་དག་ཀྱང་ནུབ་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྔརྫ་པར་གནོན་པ་རྣམས་གྲངས་འདིས་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་རྣམས་ཀྱི་བར་ཆད་བྱ་བའི་ཕྱིར་ཉེ་བར ་གནས་ཤིང་བར་ཆད་བྱ་བའི་སྐབས་མི་རྙེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ན་བྱང་ཆུབ་སེམས་དཔས་འདུན་པ་དང་། ལྷག་པའི་བསམ་པ་དང་། གུས་པ་དང་། རིན་གྲོ་བྷ་བ་དང་། སྟོན་པར ་འདུ་ཤེས་སྐྱེད་པར་འགྱུར། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་བརྗོད་པ་ན། དོགས་པ་དང་། ཐེ་ཙོམ་དང་། ཡིད་གཉིས་སྐྱེད་པར་མི་འགྱུར། ཆོས་ཟབ་མོ་ཐོས་ན་མགོ་རྨོངས་པ་འམ། དོགས་པ་འམ། ཐེ་ཙོམ་སྐྱེད་པར་མི་འགྱུར། དེ ་ནམ་དུ་ཡང་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལ་སོགས་པར་མི་འགྱུར། དེ་ནམ་དུ་ཡང་ཆོས་ཀྱིས་འཕོངས་པར་འགྱུར་བའི་སེམས་སྐྱེད་པར་མི་འགྱུར་ཏེ། སེམས་ཅན་གཞན་མང་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར ་འཛིན་དུ་བཅུག་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཡང་དག་པར་དགའ་བ་དང་། ཡང་དག་པར་གཟེང་བསྐྱོད་པ་བྱས་པར་འགྱུར་རོ།། དེ་སྔོན་གྱི་བསམ་པ་རྣམ་པར་དག་པ་དང་། སྔོན་གྱི་བསམ་པ་ཀུན་ནས་ཉོན་མོངས་པ ་མེད་པས་བདུད་སྡིག་ཅན་རྣམས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར། བདུད་སྡིག་ཅན་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར། བདུད་ཀྱི་ལས་འབྱུང་ཞིང་སྐྱེས་པ་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་བདུད་ཀྱི ་ལས་ཀྱིས་འཕྲོགས་པར་མི་འགྱུར། བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྣམགྲངས་འདིས་ཀྱང་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་རྣམས་སོ ་བརྩམ་པའི་ཕྱིར་ཉེ་བར་གནས་པར་མི་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་དང་འདྲ་བའི་མཚན་པ་ལ་མི་སྤྱོད་གཟུགས ་དང་འབྲེལ་བའི་མཚན་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདྲ་བའི་མཚན་མ་ལ་མི་སྨྲྀད། འབྲལ་བའི་མཚན་མ་ལ་མི་སྤྱོད། གཟུགས་ཀྱི་མཚན་ཉིད་དང་། འདྲ་བའི་མཚནས ་ལ་མི་སྤྱོད། གཟུགས་ཀྱི་མཚན་ཉིད་དང་བྲལ་བའི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། འདྲ་བའི་མཚན་མ་ལ་མི་སྤྱོད་འབྲལ་བའི་མཚན་མ་ལ་མི་སྤྱོད་གཟུགས ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། གཟུགས་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། རྣམ་པར་དག་པའི ་མཚན་མ་མེད་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་པའི་རིགས་པ་རྣམ་པར་དག་པའི་མཚན་པལ་མི་སྤྱོད། རྣམ་པ་ཤེས་པའི་ད་མིགས་པ་ནམ་པར་དག་པའི་མཚན་པ་མེད་པལ་འི་སྤྱོད། གཟུགས་འབྱུང་བ་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། ཟུགས་འབྱུང་བ་རྣམ་པར་དགཔ ་དང་འབྲལ་བལ་མི་སྤྱོད། ཚང་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འབྱུང་བ་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་འབྱུང་བ་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས ་བཉིད་རྣམ་པར་དག་པ་དང་དུ་བ་ལ་མ་སྐྱེད། ག། རྣནས་ཀྱི་མིགས་པཔང་བ་དེ་ནས་པར་དག་པ་དང་འཕྲུལ་བ་ལ་མ་སྤྱད་། འབ་དང་འདུ་ཤེས་དང་། འ་བྱེད་ནཔས་དང་། ནས་པ་གས་པ་རིགས་པརང་ཅད་ནཔཔ ་ག་། སྨྲ། ཡུ་ན་དུ། ་པ་། ། དགས་པར་ན་པ་ད་པད་གས་། དྨ་པ་། ་དང་། རྣམ་པར་ཤེས་པད་མཤེས་པ་རང་བཞིན་རྣམ་པར་དག་པ་དང་འདྲ་བ་ལ་མོ་སྤྱོད། རྣམ་པར་ཤེས་པའི་དམིགས་པ་རང་བཞིན་རྣམ་པར་དག་པ་དང་། འབྲལ་བ་ལ་མ་སྤྱོད། གཟུགས་འདིས་པ་དང་། མ་འོངས་པ་དང་། དག་བྷཱུ ་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་འདས་པ་དང་། མ་འོངས་པ ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད།། ་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་། འདྲ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་རྣམ་པར་དག ་བ་དང་། བྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་འདས་པ་དང་། མ་འོངས་པ་དང་། དལྟ་བྱུང་བའི་རྣམ་པར་དག་པ་དང་། འདུབ་ལ་མ་སྤྱོད།། པ་པ་དང་། མའོངས་པ་དང་། ་ད་ལྟར་བྱུང་བའི་རྣམ་པར་དག་པ་དང་། འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། དལྟར་བྱུང་བ ་རྣམ་པར་དག་པ་དང་འདུབ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ ་པལ་མི་སྤྱོད་དོ། ། དེ་ལྟར་སྤྱོད་པ་ནི་གཟུགས་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད ་མིག་གཟུགས་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད་བྱིན་ཅི་ལོག་པ་དང་། ལྟ་བར་གྱུར་པ་དང་། འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་། ་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བདག་དང་སེམས་ཅན་དང་། སྲོག་དང་གང་ཟག་དང་། དངོས་པོ་དང་། ་དངོས་པོ་མེད་པར་འདུ་ཤེས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཆད་པ་དང་རྟག་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཁམས་དང་། སྐྱེ་མཆེད་དང་། འདུ་བར་ཡང་མི་བྱེད་འབྲལ ་བར་ཡང་མི་བྱེད། ས་དང་ཆུ་དང་མེ་དང་རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འདུ་བར་ཡང་མི་བྱེད་འབྲལ་བར ་མི་བྱེད། འདོད་པའི་ཡོན་ཏན་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མ་བྱེད། གཏོང་བ་དང་། སང་སྣ་དང་། འདུ་བར་ཡང ་བྱེད་འབྲལ་བར་ཡང་མི་བྱེད། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བཟོད་པ་དང་། གནོད་སེམས་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད།། བརྩོན ་འགྲུས་དང་ལེ་ལོ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བསམ་གཏན་དང་རྣམ་པར་གཡེང་བ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཤེས་རབ་དང་འཆལ་བའི་ཤེས་རབ་དང་འདྲ་བར་ཡང་མི་བྱེད་འབྲལ ་བར་ཡང་མི་བྱེད། བྱིན་ཅིམ་ལོག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་ཁྱང ་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི ་བྱེད། ཞི་གནས་དང་། ལྕག་མཐོང་དང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། རིག་པ་དང་། རྣམ་པར་གྲོལ་བ་དང་འདྲི་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་པ་དང་། འདུ་བར་ཡང་མི་བྱེད ་འབྲལ་བར་ཡང་མི་བྱེད། མངོན་པར་ཤེས་པ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་དང་འདྲ་བར་ཡང་མེ་བྱེད་འབྲལ་བར་ཡང་མི་བྱེད། སོ་སོའི་སྐྱེ་བོ་དང་། ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དང་ལུར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། མི་སྱ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་དང་འདྲ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། འཁོར་བ་དང་། བྱང་རྣམས ་འདས་པ་དང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་དང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། མཚན་ཕུན་སུམ་ཚོགས་པ་དང་འདུ་བར།། ་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་དང་འདུ་བར་ཡང་མི ་བྱེད་འབྲལ་བར་ཡང་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ་ཆོས་ཐམས་ཅད་ནི་འདུ་བར་ཡང་མ་ཡིན་འབྲལ་བར་ཡང་མ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་ཆོས་ཐམས་ཅད་ནི་འདུ་བ་དང་། འབྲལ་བར་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདུ་བ་ཞེས་བྱ་བའི་ཚིག་དེ་ནི་རྟག་པའོ།། འབྲལ་བ་ཞེས་བྱ་བའི་ཚིག་དེ་ནི་ཆད་པའོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་གང་གིས་ཀྱང་ཆོས་ཐམས་ཅད་འདུ་བ་འམ། འབྲལ་བར་གྱུར་པར་ཁོང་དུ་ཆུད་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་འདུ་བ་འམ་འབྲལ་བའི་ཕྱིར་ཉེ་བར་གནས་པ་གང་། ་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཆོས་རྣམས་ལ་འདུ་བ་འམ། འབྲལ་བར་འགྱུར་བ་འགའ་ཞིག་ཡོད་ན་ནི་ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་སློང་བ་པོ་དང། ཀུན་ནས་སྤོང་བ་པོ ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་དང་། འདུ་བ་དང་། འབྲལ་བ་རྙེད་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཀྱང་ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་པོ་དེ་ནི་འདིའོ་ཞེས་བཅས་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ་གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་འདུ་བ་དང་། འབྲལ་བ་ཉེ་བར་གནས་པ་གང་ཡང་མེད་པ་དེའི་ཕྱིར། ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར ་བ་པོ་དང་། ཚོར་བར་བྱེད་པ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་པོ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་པོ་གང་ཡང་མི་དམིགས་ཏེ། མི་དམིགས་པས་དེ་བཞིན་གཤེགས་པས་ཀྱང་མ་བཅས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར། ་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་སྟེ། ཕྱིན་ཅི་ལོག་དེ་ལ་ཡང་འདུ་བ་དང་འབྲལ་བ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་གི་དངོས་པོ་དམིགས་སུ་མེད་དེ། ་དེའི་འབྱུང་བ་ཡང་མི་དམིགས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་ནི་མེད་པ་ཡང་དག་པ་མ་ཡིན་པ་བརྫུན་པ་གསོག་སླུ་བའི་ཆོས་ཅན་ཏེ། དེ་ལ་ཆོས་གང་ཡང་མི་དམིགས་པས ་དེ་ནི་ཕྱིན་ཅི་ལོག་ཅེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་ཅེས་བྱ་བ་འདི་ནི་སེམས་ཅན་རྣམས་སླུ་བའོ།། འདི་ནི་སེམས་ཅན་རྣམས་ལ་འདྲིད་པའོ།། འདི་ནི་སེམས་ཅན་རྣམས་ཀྱི་ཡང་དག་པ་མ ་ཡིན་པ་ཀུན་རྟོག་པའོ། ། འདི་ནི་སེམས་ཅན་རྣམས་ཀྱི་རློམ་སེམས་དང་། གཡོ་བ་དང་སྤྲོས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་བྱིས་པ་ནི་ཆད་པ་སྟོང་པས་བྲིང་ན་དེ་ཡང་དག་པ་སྙམ་དུ་འཛིན ་ཏོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གསོག་དང་། ཕྱིན་ཅི་ལོག་གིས་བྲིད་པས་རྨོངས་ནས་འདི་ཡང་དག་པ་ཡིན་པ་སྙམ་དུ་སེམས་སོ།། དེ་དག་ཡང་དག་པ་མ་ཡིན་པ་ལ་ཡང་དག ་པར་འདུ་ཤེས་ཤིང་ཕྱིན་ཅི་ལོག་པས་དེའི་ཕྱིར་ཕྱིན་ཅི་ལོག་དེ་ལས་དགྲོལ་དཀའ་བར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཕྱིན་ཅི་ལོག་གི་བཅིང་བས་བཅིངས་ནས ་ཀུན་དུ་འཁྱམ་སྟེ། འདུ་བ་དང་འབྲལ་བ་མེད་པར་དེ་དག་འདུ་བ་སྙམ་དུ་སེམས་འདུ་བ་སྙམ་དུ་དམིགས་འདུ་བ་ཞེས་བཞག་པར་མཐོང་ཞིང་འབྲལ་བ་ཞེས་མངོན་པར་ཞེན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་གང་ན་འདུ་བར་འགྱུར་བ་དེན་འབྲལ་བར་འགྱུར་རོ། ། གང་འདུ་བ་དང་འབྲལ་བར་མི་དམིགས། རློམ་སེམས་སུ་མི་བྱེད། མངོན་པར་མི་ཞེན་པ་ནི་རབ་ཏུ་གྲོལ་བའོ།། གལ་ཏེ་འབྲལ་བ་སྙམ་དུ་སེམས་ཤིང་དམིགས་པ ་མངོན་པར་ཞེན་ན་ནི་དེ་འདྲ་བ་ཉིད་དུ་འགྱུར་གྱི་འབྲལ་བ་མ་ཡིན་ནོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔས་དོན་གྱི་དབང་འདི་མཐོང་བས་ཆོས་གང་དང་ཡང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད།། ་ཆོས་གང་འདུ་བའི་ཕྱིར་རམ་འབྲལ་བའི་ཕྱིར་ཡང་ཉེ་བར་གནས་པར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་འདུ་བ་དང་། འབྲལ་བ་ཡོངས་སུ ་ཤེས་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མྱུར་དུ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཁོང་དུ་ཆུད་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་ཆགས་པ་ཉིད་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱིལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་དམིགས་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་དམིགས་པ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་དང་འདུ་བ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་དང་འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་དང་བྲལ་བ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འདུ ་པ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་པ་ཉིད་ཀྱི་རྣམ་པར་དག་པ་དང་འདྲ་བ་ལ་མི་སྤྱོད། ་རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་བྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་དང་བྲལ་བ་ལ་མི་སྤྱོད། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་དང་། འབྲལ་བ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་བྱང་ཆུབ་སེམས་དཔས་གཡོ་བ་དང་། རློམ་སེམས་དང་། འགུལ་བ་དང་། སྤྱོད་པ་དང་། རྣམ་པར་སྤྱོད་པ་དེ་དག་ཐམས་ཅད་ཡོངས་སུ་ཤེས་ནས་གང་ལ་ཡང་མི་སྤྱོད། རྣམ་པར་མི་སྤྱོད་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པར་མི་སྦྱོར། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར ་བྱུང་བ་ལ་མི་ཆགས་པར་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པར་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ ་ང་དང་། ད་ལྟར་བྱུང་བ་ལ་མི་ཆགས་པར་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་མ ་ཡིན་པ་ལ་མ་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་ལ་མ་སྟོང། རྣམ་པར་ཤེས་པ་འདས་པ་དང་འདུ ་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྟོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལ་བྱུང་བ་ལ་མ་ཆགས་པའི་དམིགས ་པ་རྣམ་པར་དག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི ་སྤྱོད་པ་ཐམས་ཅད་ལ་འཇུག་པ་དེ་ནི་སྤྱོད་པ་མེད་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མ་སྒྲིབས་པ་ཞེས་མི་སྤྱོད། མ་སྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་། འདྲ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་མ་བསྒྲིབས་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། གཟུགས་ལ་ཞི་བཞེས་མི་སྤྱོད། གཟུགས་ལ་མ་ནི་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མ་ཞི་བ་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་མ་བསྒྲིབས་པ་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་མ་བསྒྲིབས་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། གཟུ་གས་ལ་རང་བཞིན་གྱིས་ཞི ་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་མ་ཞི་བ་ཞེས་མི་སྤྱོད།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་མ་ཞི ་བ་ཞེས་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པ་འམ། རང་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རང་བཞིན་གྱིས ་དབེན་པ་འམ། རང་བཞིན་གྱིས་ཞི་བ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པ་འམ། རང་བཞིན ་གྱིས་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པ་མ་ཡིན་པ་འམ། རང་བཞིན་གྱིས་ཞི་བ་མ་ཡིན་པ་ཞེས་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི ་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་རྣམ་པར་དག་པ་ལ་རློམ་སེམས ་སུ་མི་བྱེད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པར་དག་པ་ལ་རློམ་སེམས་སུ ་མི་བྱེད། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་རློམ་སེམས་སུ་མི་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས ་ལ་མངོན་པར་མི་ཞེ་ན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་མི་ཞེན། གཟུགས་ཀྱི་རྣམ་པར་དག་པ་ལ་མངོན་པར་མི་ཞེན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པའི་རྣམ་པར་དག་པ་ལ་མངོན་པར་མི་ཞེ་ན། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མངོན་པར་མི་ཞེན། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར ་དག་པ་ལ་མངོན་པར་མི་ཞེན་ཏོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་དང་། བྱམས་པ་ཆེན་པོ་དང ་སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ཉེ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་བ ་གཉིས་དང་ཉེ་བར་འགྱུར། གསར་གྱི་ཁ་དོག་གི་མདོག་དང་ཉེ་བར་འགྱུར། དེ་བཞིན་གཤེགས་པའི་འོད་མཐའ་ཡས་པ་དང་ཉེ་བར་འགྱུར། གླང་པོ་ལྟར་ལྟ་བ་དང་ཉེ་བར་འགྱུར། སྤྱི་གཙུག་བལྟར་མི་མཐོང་བ་དང་། ་ཉེ་བར་འགྱུར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ཉེ་བར་འགྱུར། དེ་བཞིན་གཤེགས་པའི་གདམས་པ་དང་། རྗེས་སུ་བསྟན་པ་དང་། ཆོ་འཕྲུལ་དང་ཉེ་བར ་འགྱུར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ལུང་བསྟན་པ་དང་། ཉེ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ ་ནིམྱུར་དུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་ཐམས་ཅད་ཐོབ་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐོབ ་པར་འགྱུར་རོ། ། མྱུར་དུ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ ་རབ་ཏུ་མི་གནས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རབ་ཏུ་མི་གནས། མིང་དང་གཟུགས་ལ་རབ་ཏུ་མི་གནས་ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་རབ་ཏུ་མི་གནས ་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ལ་རབ་ཏུ་མི་གནས་པ་བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་ལ་རབ་ཏུ་མི་གནས། གང་ཟག་དང་། སྲོག་ཏུ་འདུ་ཤེས་པ་ལ་རབ་ཏུ་མི་གནས། ས་དང་། ཆུ ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ལ་རབ་ཏུ་མི་གནས། ཁམས་དང་། སྐྱེ་མཆེད་ལ་རབ་ཏུ་མི་གནས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རབ་ཏུ་མི་གནས། རྟེན་ཅིང་འབྲེལ ་པར་འབྱུང་བ་ལ་རབ་ཏུ་མི་གནས། གཏོང་བ་དང་། སེར་སྣ་ལ་རབ་ཏུ་མི་གནས། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ལ་རབ་ཏུ་མི་གནས། བཟོད་པ་དང་། གནོད་སེམས་ལ་རབ་ཏུ་མི་གནས། བརྩོན་འགྲུས་དང ་ལེ་ལོ་ལ་རབ་ཏུ་མི་གནས། བསམ་གཏན་དང་། རྣམ་པར་གཡེང་བ་ལ་རབ་ཏུ་མི་གནས། ཤེས་རབ་དང་། འཆལ་བའི་ཤེས་རབ་ལ་རབ་ཏུ་མི་གནས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། ་ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་མི་གནས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རབ་ཏུ་མི་གནས། སྡུག་བསྔལ ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་རབ་ཏུ་མི་གནས། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་ཤེས་པ་ལ་རབ་ཏུ་མི་གནས། ཞི་གནས་དང་། ལྷག་མཐོང་ལ་རབ་ཏུ་མི་གནས།། མངོན་པར་ཤེས་པ་ལ་རབ་ཏུ ་མི་གནས། རིག་པ་དང་། རྣམ་པར་གྲོལ་བ་ལ་རབ་ཏུ་མི་གནས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལར་ཏུ་མི་གནས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་མི ་གནས། མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ལ་རབ་དུ་མི་གནས། ཐོགས་པ་མེད་པའི་ཡེ་ཤེས་ལ་རབ་ཏུ་མི་གནས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་མི་གནས། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི་གནས། ཉན་ཐོས་བཀོད་པ་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི ་གནས། བྱང་ཆུབ་སེམས་དཔའ་བཀོད་པ་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི་གནས་སོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་མི་གནས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོས་པ་ཆོས་ཐམས་ཅད་ནི་གནས་མེད་པའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གཞི་མེད་པ་སྟེ། གཞི་མེད་པའི་ཕྱིར་མི་གནས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ ་ཏེ་ཆོས་ཐམས་ཅད་ལ་གནས་ཡོད་པར་གྱུར་ན་ནི་ཆོས་རྣམས་ཀྱི་གཞི་ཡོད་པ་འམ། ཐེར་ཟུག་ཏུ་གནས་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཀྱང་འདི་ནི་ཆོས་རྣམས་ཀྱི་རྟེན། འདི་ནི་ཆོས་རྣམས་ཀྱིག་ནི།། འདི་ནི་ཆོས ་རྣམས་ཀྱི་བསགས་པ་ཞེས་ཆོས་ཐམས་ཅད་ཀྱི་གནས་སྟོན་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཕྱིར་ཆོས་ཐམས་ཅད་མི་གནས་ཤིང་གཞི་མེད་པ་དང་། སོགས་པ་མེད་པ་དེའི་ཕྱིར ་ཆོས་གང་ཡང་ཐེར་ཟུག་ཏུ་གནས་པ་མེད་དེ་དེ་བས་ན་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་གནས་དང་། གཞི་དང་སོགས་པ་མ་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དེ་ཡོངས་སུ་མ་གྲུབ་པ་སྟེ། ་རང་བཞིན་མེད་པའོ།། ཆོས་གང་ཡང་མེད་ཅིང་ཡོངས་སུ་མ་གྲུབ་པས་ཆོས་རྣམས་ནི་གང་དུ་ཡང་མི་གནས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་མི་གནས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གནས་མེད་པའི་ཚུལ་དང་། ་རྟེན་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མི་གནས་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གནས་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ཆུ་བོ་ཆེན་པོ་བཞིན ་མཚོམ་དྲོས་པ་ལས་འབབ་སྟེ། མཚོ་ཆེན་པོ་ལ་མཐུག་པར་རྒྱུན་མི་འཆད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པ་ཟད་པར་མི་གྱུར་གྱི་བར་དུ་གནས་པ་མེད་དོ།། ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མངོན་པར་འདུ་མི་བྱེད་ཅེས་བྱ་བ་དེ་ལ་གནས་ཀྱང་མེད། གནས་མ་ཡིན་པ་ཡང་མེད། རྒྱུན་མི་ཆད་པ་ཡང་མེད་དེ། བགྲང་བ་དེ་ཐམས་ཅད་དེ་ལ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་གནས་ཤེས་བྱ་བའམ། རྒྱུན་ཆད་ཅེས་བྱ་བ་འམ། གནས་མེད་ཅེས་བྱ་བ་འམ། མངོན་པར་འདུ་བྱེད་པ་ཞེས་བྱ་བ་དེ་དག་ནི་བགྲང་བར་བསྟན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ་གནས་སམ། རྟེན་ཏ་པ ་གཞི་ཞེས་བྱ་བ་དེ་ནི། སེམས་ཅན་རྣམས་ཀྱིས་ཇི་ལྟར་འཇུག་པ་བསྟན་པ་བྱས་པའོ།། མངོན་པར་འདུ་བྱེད་པ་མེད་པ་ལ་ནི་བགྲང་བ་འདི་གང་ཡང་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་མི་གནས་པ་ཞེས་བྱའོ།། རབ་ཀྱི ་རྒྱལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་མི་གནས་པར་སྦྱོར་བའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས ་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར། མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། མྱུར་དུ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བར་འགྱུར། མྱུར་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར། མྱུར་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་བསྐྱེད་པ་དང་། གཡོས་པའི ་ཕ་རོལ་དུ་འགྲོ་བར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སྦྱིན་པ་སྦྱིན་པར ་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་སྒོ། ངའི་སྦུ་བས་གཅོག་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཆེན་པོ ་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་ཚོལ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལོ་ལེགས་པར་བྱེད་པར་འདོད ་པ་དང་། སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་ཀྱི་ལོ་ལེགས་པར་བྱེད་པར་དོད་པ་དང་། སེམས་ཅན་ཐམས་ཅད་ལ་ཚུལ་ཁྲིམས་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་བཟོད་པ་དང་ངེས་པའི་ལོ་ལེགས་པར ་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་དཔ་བརྩོན་འགྲུས་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་བསམ་གཏན་གྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཤེས ་རབ་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པར་གྲོལ་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་མཐོ་རིས་སུ་སྐྱེ་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས ་ཅན་ཐམས་ཅད་ལ་རིག་པ་དང་། རྣམ་པར་གྲོལ་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་རིག་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ལོ་ལོགས་པར་བྱེད་པར་འདོང་པ་དང་། སེམས་ཅན་ཐམས ་ཅད་ལ་མྱ་ངན་ལས་འདས་པའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི ་ལོ་ལེགས་པར་བྱེད་པར་འདོད་པ་དང་། དགེ་སྦྱོང་དང་བྲམ་ཟེ་དང་། ལྷ་དང་། བདུད་དང་། གཞན་སུས་ཀྱང་ཆོས་དང་འཐུན་པར་སྔོན་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པ་དང་། ཆོས་ཀྱི་གཏམ་བྱེད་པར་འདོད་པ་དང་། ་སངས་རྒྱས་ཀྱི་སར་ལུང་བསྟན་པར་འདོད་པ་དང་། ཉན་ཐོས་ཀྱི་ས་ལ་ལུང་བསྟན་པར་འདོད་པ་དང་། རང་སངས་རྒྱས་ཀྱིས་ལ་ལུང་བསྟན་པར་འདོད་པ་དང་། སེམས་ཅན་རྣམས་ཀྱི་སྔོན་གྱི་སྔོན་ལམ་དང་། དགེ་བའི་རྩ་བ་བསྐལ་བར ་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བསླབ་པར་བྱ། བརྩོན་པར་བྱ། འབད་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་སྦྱོར་བ་ལ་བརྩོན་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཇི་ལྟར་ཤེས ་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་ལ་བརྩོན་པ་དང་། ནན་ཏན་བྱེད་པ་དང་། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པའི་གནས་པ་དེ་མི་འདོར་བ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆོས་གཞན་གང་ཡང་ངས་མ་མཐོང་ངོ་། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་ན། བྱང་ཆུབ་སེམས ་དཔའདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་ཞིང་དེར་ཐུག་པར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གང་ལ་ལའི་རྣལམ་དུ་ཐོས་པ་དང་། ཐོས་ནས་ཀྱང་མོས། ་པ་དང་། མངོན་པར་དགའ་བ་དང་། ཡང་དག་པར་འདུ་ཤེས་སྐྱེད་པ་དེ་དག་ཀྱང་དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱ་ནུཆུབ་ཆུང་པོ་ཟུ་འོ་ཞེས་ངས་བཤད་དེ། དེར་ཐུག་པར་ཡང་རིག་པར་བྱའོ།། རིགས་ཀྱི་བུའམ ་རིགས་ཀྱི་བུ་མོ་དེ་དག་ནི་ཚོགས་ཆེན་པོ་བསགས་པས་དགེ་བའི་རྩ་བ་གཞན་ཡང་ཡོངས་སུ་སྡུད་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་ལ་མཁས་པ་བསྟན་པའི་ལེའུ་འདི ་བྱང་ཆུབ་སེམས་དཔའ་གང་དག་གི་ལག་དུ་སོང་བར་གྱུར་པ་དེ་དག་ཁ་ཅིག། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་མ་བསྟན་ཀྱང་། དེ་དག་ནི་ལུང་བསྟན་པ་དང་ཉེ་སྟེ། དེ་དག་ནི་རིང་པོ་མི་ཐོགས་པར ་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་གཟུང་སྟེ། འདུག་པའི་སེམས་ཅན་དེ ་དག་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་ཉེ་བ་སྟེ། དེར་ཐུག་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་སྦྱིན་པ་སྦྱིན་ཞིང་། ལྷག་པར་གཏོང་བར་གྱུར་ལ་སེམས་ཅན་རྣམས་ཀྱང ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པས་ཀུན་དུ་སྡུད་ཅིང་ཚུལ་ཁྲིམས་ཀྱང་སྲུང་ལ་ང་རྒྱལ་བཅོམ་པའི་སེམས་ཅན་དེ་དག་མྱུར་དུ་རིགས་མཐོན་པོ་དང་། ལོངས་སྤྱོད་ཆེན་པོར་འགྱུར་ཏེ། དེར་ཐུག་པར་རིག་པར ་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་སྦྱིན་པའི་ངང་ཚུལ་ཅན་དུ་གྱུར་པ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ། བཟོད་པ་ཕུན་སུམ་ཚོགས་པར་གྱུར་པ། སེམས་ཅན་ལ་བྱམས ་པསྐྱེད་པ། སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་འཛིན་དུ་འཇུག་ཅིང་དབང་པོར་འགྱུར་བའི་ལས་བསགས་པ་དེ་དག་ནི་མྱུར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་ཡང་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ ་སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་གང་ཟླ་བ་ཉ་ཚེས་བཅཝ་ལྔ་ལ་དོན་བྱེད་ཅིང་འདུག་པའི་མདུན་དུ་འཁོར་ལོ་རིན་པོ་ཆེ་འབྱུང་བར་གྱུར་ན། དེ་ཉིད་འཁོར་ལོས་སྒྱུར་བར་འགྱུར་ཞིང་། མྱུར་དུ་དེའི་རིན་པོ་ཆེ་སྣ་བདུན་ཐམས་ཅད ་ཀྱང་འབྱུང་བར་འགྱུར་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་མྱུར་དུ་ཐམས་ཅད ་མཁྱེན་པའི་དམིགས་པ་དང་ལྡན་པར་འགྱུར་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་དགེ་བའི་རྩ་བ་མཆོག་དང་ལྡན་པར་འགྱུར་ཅིང་སྤྱོད་པ་ཡང་བཟང་རྒྱ་ཆེན་པོ་ལ ་ཡང་མོས་པར་གྱུར་ལ་དེ་དག་མིའི་ལུས་ལ་མི་མཐུན་པར་འདུ་ཤེས་འཇོག་ཅིང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ། སྐྱེ་བོ་མང་པོའི་བྱ་བ་བྱེད་པར་གྱུར་པ་ལྷུར་སྐྱེ་བར་འདོད་ན། དེ་དག་ནི་མྱུར་དུ་རྒྱལ་ཆེན་བཞིའི ་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་ཞིང་དེ་ན་ཡང་དབང་པོ་བྱེད་པར་འགྱུར་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སུདག། དགེ་བའི་རྩ་བ་ཡོངས་སུ་དག་པ་དང་། དགེ་བའི ་པ་མཆོག་དང་ལྡནཔ། སྔང་ལྡན་པ་སྦྱིན་ནིང་བྱིས་བདག་སྟོད་པ་དང་། སྣར་སེམས་ཅན་ཀུན་ག་གི་ཟབ་བྱེད་དེ། བྲིས་བདག་གི་བྱེད་པ་དང་། ཆོས་མ་ཡིན་པ་ལ་འང་ཅིང་། ཆགས་པ་མེང་པ་དང་། མ ་ཡ་ང་། ཆགས་པ་མེད་པ་དང་། ཀླུའི་དབང་པོ་དང་། བདག་པར་འདི་པ་དེ་དག་ནི་བ་མཐགས་པར་མིག་སོ་མི་སྦྱང་བར་སྙམ་བ་ཅུ་གསས་པའི་ལྷ་རྣམས་ཀྱི་དབང་བདང་དག་བབྱང་བར་འགྱུ་ཥར ་དབང་པོ་བརྒྱ་བྱིན་དུ་ཡང་འགྱུར་བར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་ལ་ཉེ་བར་བྱུང་བ་མྱུར་དུ་ཆོས་ཐམས་ཅས ་དབང་བྱེད་པའི་དབང་པོ་རྗེས་སུ་ཐོབ་པར་འགྱུར་ཞིང་དེར་ཐུག་པར་རིག་པར་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་ཚངས་པའི་གནས་པ་བཞི་རྙེད་པར་འགྱུར་བ་དེ་དག་ནི། ་མྱུར་དུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བར་རིག་པར་བྱའོ། བ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་ལ་ཉེ་བར་གྱུར་པ་དེ་མྱུར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་རིག་པར་བྱའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་དབྱར་གྱི་ཟླ་བ་ཉེ་བར་གནས་པ་ནས་ཆེན་པོ་འདི་སྤྲིན་ལ་རྟེན་ནས་སྡུམ་པར་འགྱུར་ཞིང་ཆར་མཐར་གྱིས་བབ་པས་བངས་ནས་ཆུ་འབྱུང་སྟེ། གང་དུ་ཆུ་མིག་མང་པོ་བྱུང་བ་དེས ་སཆེན་པོའི་སྟེ། དི་ཚིམ་པར་བྱེད་དེ་བཞིན་དུ་ས་ཆེན་པོའི་ཁོད་ཡང་བངས་པར་འགྱུར། སྟང་འདི་ཆུས་ཡོག་ནས་གང་ལྗོངས་དང་། ཐང་རྣམས་ཚིམ་པར་བྱེད། དེ་ལྟར་ས་ཆེན་པོ་འདི་ཐད་སྤྲིན་གྱིས་བདས་པར་བྱས་པས་རྦྦ་དང ་ཤིང་གེལ་པ་དང་སྲན་དང་ནགས་ཚལ་རྣམས་ཀྱང་དམས་པར་འགྱུར་རོ། ། དེ་དག་ངོམས་པས་ཡལ་ག་དང་། ལོ་མ་དང་། མདབ་མ་མང་པོ་སྐྱེ་བར་འགྱུར། མཏོག་དང་འབྲས་བུ་མང་པོ་ཡང་འཆགས་པར་འགྱུར་རོ།། ངའི་ཆོས་ཆེན ་པོ་འདིས་ཡིད་དུ་འོང་བའི་དྲིའི་བྱིན་ཏེ། དེའི་ཚེས་ཆེན་པོ་འདི་མེ་ཏོག་དང་། འབྲས་བུ་དང་། ཆུ་མིག་དང་། འཚེའུ་དང་། ལྟེང་ཀ་དག་གིས་མཛེས་པར་བྱས་པར་འགྱུར། དེན་མི་དང་མི་མ་ཡིན་པ་རྣམས་མེ་ཏོག་དང་འབྲས་བུ ་རྣམས་ལ་བཞིང་དྲི་དེ་དག་ལ་ཡང་སྣོམ་པས་དགའ་བར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ནམ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མངོན་དུ་གྱུར་ཅིང་། ཤེས་རབ་ཀྱི་ཕ ་རོལ་དུ་ཕྱིན་པ་འདི་ལ་སྦྱོར་བར་བྱེད་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་འདི་རིང་པོ་མི་ཐོགས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རླན་པར་བྱས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ ་པར་འབྱེད་པར་འགྱུར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་སྟོན་པར་འགྱུར་ཏེ། དེས་བླ་ན་མེད་པའི་ཆོས་རིན་པོ་ཆེ་རབ་ཏུ་བསྟན་པའི་ཕྱིར་སེམས་ཅན་རྣམས་རླན་པར་བྱེད་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པའདི་ལྟས། ། དཔེར་ན་གང་དག་ཀླུའི་རྒྱལ་པོ་མདྲོས་པའི་གནས་སུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་ཀླུང་ཆེན་པོ་བཞི་འདེས་ཤིང་རྒྱ་མཚོ་ཆེན་པོའི་གེངས་པར་འགྱུར་རོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་དེ་བཞིན ་ད་ཨུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་དག་གི་ལག་དུ་སོང་ཞིང་འདི་ལ་སློབ་པ་དེ་དག་ཐམས་ཅད་ཀྱང་ཆོས་ཆེན་པོའི་རྒྱུན་རབ་ཏུ་འབེབས་ཤིང་ཆོས་ཀྱི་སྦྱིན་པ་དེས་སེམས་ཅན་ཐམས་ཅད་ལ་ཚིམ་པར ་བྱེད་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ་གསེར་གྱི་ཁ་དོག་དུ་ཁ་དོག་གཅིག་པར་འགྱུར་རོ།། རང ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་དུ་སོང་བ་དེ་དག་ཐམས་ཅད་ཀྱང་། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་འགྲོ་བའམ། ་ཐམས་ཅད་མཁྱེན་པའི་འགྲོ་བར་འགྲོ་བ་གཅིག་ཏུ་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་མཚོ་ཆེན་པོ་རྒྱ་མཚོ་ནི་ཆུ་ཐམས་ཅད་ཀུན་དུ་འཛིན་ཏེ། དེར་རྟག་ཏུ་ཐམས་ཅད་འབབ་པོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བ་དེ་མྱུར་དུ་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་དང་། ཆོས་ཐམས་ཅད་ཀྱི་སྡོད་དང་།། ཆོས་ཐམས་ཅད ་ཡང་དག་པར་འདུ་བར་འགྱུར་ཏེ། མྱུར་དུ་ཆོས་ཀྱི་བརྡས་མི་འཁྲུགས་པར་འགྱུར་ཞིང་དེར་ཐུགས་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ན་འོད་ཐམས་ཅད ་མོག་མོགོ་པོར་བྱེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་ཤར་བའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་ཆོས་ཀྱིས་སྣང་བར་བྱེད་པར་ཉེ་བར་གནས་པར ་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ལ་འདི་ཤར་བས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྣང་བར་བྱེད་པར་ཉེ་བར་གནས་པར་འགྱུར།། སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས ་སུ་འགྱུར། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་རྣམ་པར་དག་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་བྱ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱི་མཆོད་པར་འགྱུར། རབ་ཏུ་སྟོན་པར་འགྱུར་རོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་མཆོག་ལ་སློབ་པའོ། ། སེམས་ཅན་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའི་ལམ་རྣམ་པར་སྦྱང་བའི་ཕྱིར ་སློབ་པའོ། ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བསླབ་པ་དེ་ནི་མཆོག་དམ་པ། རབ་ཕུལ་དུ་བྱུང་བ་བླ་ན་མེད་པའི་བསླབ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བསླབ་པ་ཐམས་ཅད་ཀྱི་དམ་པའི་མཆོག་རྙེད་པར་འགྱུར་རོ། ། བསླབ་པ་ཐམས་ཅད་བཟུང་བས་འབྱུང་བར་འགྱུར། བསླབ་པ་ཐམས་ཅད་ཀྱང་སྟོན་པར་འགྱུར། བསླབ་པ ་ཐམས་ཅད་ཀྱང་ཐོབ་པར་བྱེད་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི། བསླབ་པ་འདི ་ལ་བསླབས་སོ། ། སློབ་པོ། སློབ་པར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་བསླབ་པ་འདི་ལ་ཤིན་དུ་གནས་ནས་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བསླབ་པ་ཡོངས་སུ་དག་པར་རབ་ཏུ་བསྟན། ཡང་དག ་པར་རབ་ཏུ་སྟོན། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བསླབ་པ་འདི་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་པའི ་བསླབ་པ་ཡིན་པའི་ཕྱིར་རོ། ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བསླབ་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་མཆོག་འཇིག་རྟེན་ཐམས་ཅད་ན། རང་བྱུང་གི་བསླབ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས ་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དང་ནི་ཇིག་རྟེན་པ་ད་ཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ ་བ་མེད་པ་དང་ཆོས་གང་ལ་ཡང་སློབ་པར་མི་འགྱུར། གང་དུ་ཡང་ཆགས་པ་མི་སྐྱེད་དེ། ཆོས་ཐམས་ཅད་ལ་མི་ཆགས་པར་གནས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས ་ཅད་ཆགས་པ་མེད་བཅིངས་པ་མེད། ། གྲོལ་བ་མེད། ཆོས་གང་ཡང་འདུ་བར་རམ། བཅིངས་པ་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་མ་ཆགས། མ་བཅི ་མ་གྲོལ་བའོ། ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་ཆགས། མ་བཅིངས་མ་གྲོལ་བའོ།། མིང་དང་གཟུགས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། བྱིན་ཅི་ལོག་དང་། སྒྲིབ་པ་དང་ལྟ་བར ་གྱུར་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ནང་གི་སྐྱེ་མཆེད་དྲུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ཕྱིའི་སྐྱེ་མཆེད་དྲུག་ཀྱང ་མཆགས་མ་བཅིངས་མ་གྲོལ་བའོ། ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། དེ་བཞིན་དུ་གཏོང་བ་དང་སེར་སྣ་དང་ཚུལ་ཁྲིམས་དང་། འཆལ་བའི ་ཚུལ་ཁྲིམས་དང་། བཟོད་པ་དང་གནོད་སེམས་དང་། བརྩོན་འགྲུས་དང་ལེ་ལོ་དང་བསམ་གཏན་དང་རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ཀྱང་མ་ཆགས། མ་བཅིངས་མ་གྲོལ་བའོ།། སྡུག་བསྔལ་བ་དང་ཀུན ་འབྱུང་བ་དང་། འགོག་པ་དང་། ལམ་ཡང་མ་ཆགས། མ་བཅིངས། མ་གྲོལ་བའོ།། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་དང་། ཕྱིན་ཅི་མ་ལོག་པ་ཡང་མ་ཆགས། མ་བཅིངས ་མ་གྲོལ་བའོ། ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པར་མ་ཆགས། མ་བཅིངས་མ་གྲོལ་བའོ།། ས་དང་ཆུ་དང་མེ་དང་རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི ་ཁམས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། ། མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། ཤེས་པ་ཡང་མ་ཆགས། མ་བཅིངས། མ་གྲོལ་བའོ།། རིག་པ་དང་། རྣམ་པར་གྲོལ་བ་ཡང་མ་ཆགས། ་བཅིངས་མ་གྲོལ་བའོ།། མངོན་པར་ཤེས་པ་ཡང་མ་ཆགས། མ་བཅིངས་མ་གྲོལ་བའོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས ་རྒྱས་ཀྱི་ཆོས་ཀྱང་མ་ཆགས། མ་བཅིངས་མ་གྲོལ་བའོ།། མྱ་ངན་ལས་འདས་པ་ཡང་མ་ཆགས། མ་བཅིངས་མ་གྲོལ་བའོ།། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ཡང་མ་ཆགས་མ་བཅིངས ་མ་གྲོལ་བའོ། ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས ་ཅད་ལ་བཅང་བ་མི་དམིགས་པས་ཆོས་ཐམས་ཅད་ནི་ཆགས་པ་མེད་བཅིངས་པ་མེད་དོ། ། དེའི་ཕྱིར་དེ་དག་གི་གྲོལ་བ་མི་དམིགས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆགས་པ་མེད་ཅེས་བྱ་བ་ནི་དེ་དག་ལ ་དགྲོལ་བ་ཡང་མེད་མོད་ཀྱི་འོན་ཀྱང་གང་དེ་ལྟར་ཆོས་རྣམས་མཐོང་བ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མི་ཆགས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་ཤིང ་ཆགས་པ་མེད་པ་ལ་ཆགས་པ་ཡང་དག་པའི་མ་ཡིན་པའི་ཕྱིར་ཆགས་པ་མེད་པ་ཞེས་བྱ་སྟེ། དེ་ལ་ནི་གང་ཆགས་པར་འགྱུར་བ་འམ། འཆིང་བར་འགྱུར་བ་ཅི་ཡང་མི་དམིགས་སོ།། གང་གི་ཕྱིར་གང་ཆགས ་པར་འགྱུར་བ་དང་། འཆིང་བར་འགྱུར་བ་མི་དམིགས་པ་དེའི་ཕྱིར་མི་ཆགས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོགས་པ་མེད་ཅེས་བྱ་བ་ནི་རྟོགས་པ་མི་དམིགས་ཤིང་རྟོགས་པ་ཡོད་པ་མ ་ཡི་པ་བྱར་རྫོགས་པ་སང་པ་ཞེས་བྱས། དེལ་ན་རྟོགས་པར་འགྱུར་བན་ཡང་ས་དང་།། དལ་གང་རྟོགས་པ་ཡང་ས་དམིགས་ཏེ་གག་ག་གགས་དག་པ་དེའི་ཕྱིར་རྟགས་པ་མེང་པ་ཞེས་བྱ ་ག་ཆགས་པ་མེད་ཅི་རྟོགས་པ་མེད་པ་དེ་ལ་རྣམ་པར་གྲོལ་བག་ལ་ཡོད། གང་ཆགས་པར་མི་འགྱུར་འཆིང་བར་མི་འགྱུར་བ་ནི་གྲོལ་བ་བྲལ་བ། བསིལ་བར་གྱུར་པ་རབ་ཏུ་རྣམ་པར་གྲོལ་བ་།། དེ་ལནི་ཕྱི ་པ་བྱ་བ་གང་ཡང་མེད་པས་དེའི་ཕྱིར་གྲོལ་བ་ཞེས་བྱ་སྟེ། དེ་ལ་ཟར་པ་ཡང་མེད་དོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་འདྲི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅདམ་ཆགས ་མ་བཅིངས་མ་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འཇུག་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར། མྱུར་དུ ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཐམས ་དཀྱི་ཐེ་ཚོམ་གཅོད་པའི་ཕྱིར་ངས་ཕྱག་རྒྱ་འདྲི་བཞག་གོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱི་སའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་ངའི་ཉན་ཐོས་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ ་རུས་པའི་ཕྱིར་ངས་ཕྱག་རྒྱ་འདི་བསྟན་ཅིང་བྱིན་གྱིས་བརླབས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཟང་སྐྱོད་དང་། དེད་དཔོན་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་ཅིང་རབ་ཏུ་རྣམ་པར ་འཛགས། ཟད་པར་འགྱུར་བའི་དུས་ན་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུས་ཕྲག་མང་པོར་ཡང་དག་པར་བསྒྲུབས་པའི་ཆོས་རིན་པོ་ཆེའི་མཛད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྔོན་དུ་འཐོང ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གནས་འདི་གཟུང་བ་དང་། གཞན་ལ་ཡང་རྒྱ་ཆེ་ཡང་དག་པར་སྟོན་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་དག་པར་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གནས་འདི་གཟུང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་རྔོ་ཐོག་ལགས་སོ།། ་བཅོམ་ལྡན་འདས་དུས་དེ་ནི་འཇིགས་པ་ཆེན་པོ་མྱ་ངན་ཆེན་པོ་མ་རུངས་པ་ཆེན་པོར་འགྱུར་ཏེ། སེམས་ཅན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དང་ལྡན་པ་ཕལ་ཆེར་འབྱུང་། ལོག་པར་ཆགས་ཤིང་བརྐས་པ། ལོག་པའི ་འདོད་ཆགས་ཀྱིས་ཆགས་གཆོས་མ་ལགས་པ་ལ་འདོད་ཆགས་ཀྱིས་ཆགས་པ། ཕྲག་དོག་དང་འདོད་པས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པ། ཁྲོ་བ་གཏུམ་པ། བརླང་བ། བཀའ་བློ་མི་བདེ་བ། གཡོན་ཅན་མི་སྲུང་བསྐུ་ཅན། ཆོས ་མ་ལགས་པ་སྤྱོད་པ་དང་། འཐབ་པ་དང་། རྩོད་པ་དང་མཚང་འབྲུ་བ་དང་། འདྲེག་པ་མང་བ་སྡོམ་པ་ལ་མི་གནས་པ། འདོད་པ་དང་། བརྐམ་པའི་ཟིལ་གྱིས་གནོན་པ། ལེ་ལོ་ཅན། བརྩོན་འགྲུས་ཆུང་བ་དྲན་པ་ཉམས་པ། ཤེས ་བཞིན་ཅན་མ་ལགས་པ། གཙམ་བུ་མུ་ཅོར་སྨྲ་བ། ཁ་བར་ཅན། སྡིག་པའི་ལས་ཁོད་ནི་སྤྲད་ཅིང་འཆབ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆེ་བ། མ་རིག་པའི་སྒོ་ངའི་སྦུགས་དང་། གཏི་མུག་གི་མན་ནག་གི་ཟིལ་གྱིས ་གནོན་པ། བདུད་ཀྱི་ཕྱོགས་དང་མཐུན་པར་སྤྱོད་པ། ཆོས་འདུལ་བ་ཟབ་མོ་ཆོས་རིན་པོ་ཆེའི་མཛོད་འདི་ལ་ཕྱིར་རྒོལ་བ་འབྱུང་། མི་སྨྲ་བའི་ངང་ཚུལ་ཅན་འབྱུང་ལགས་མོད་ཀྱི། བཅོམ་ལྡན་འདས་བདག་ཅག ་རྣམས་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དགེ་བའི་རྩ་བ་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད་འདི་འཛིན་ཅིང་ཀློག་པར་སྤྲོ་ལགས་སོ། ། གང་དག་ཐ་མའི་དུས་དེ་ན་ཆོས་འདི་ཚལ་བ། ་ཆོས་འདི་ལ་སློབ་འཚལ་བ། གཡོ་མ་མཆིས་པ་དྲང་བ། སྒྱུ་མ་མཆིས་པ་གང་སྲོག་གི་ཕྱིར་ཡང་མི་གཏོང་བ། ཆོས་འདི་ལྟ་བུལ་མི་རྒོལ་བ། ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་མི་འགྱུར་བ། ཆོས་ཀྱི་རྣམ་གྲངས་འདི་ལ་རྒྱབ་ཀྱིས ་ཕྱོགས་པར་མི་འགྱུར་བ་ནི་རབ་ཏུ་ཉུང་བར་འགྱུར་ཏེ། དེ་དག་གི་དོན་བགྱི་ཞིང་སྤྲོ་བ་བསལ་ནས། ཆོས་འདི་ལྟ་བུ་ལ་ཡང་དག་པར་བཟེད་བསྟོད་པར་བགྱི། ཡང་དག་པར་རབ་ཏུ་དགའ་བར་བགྱི་ལགས་སོ།། དེ་ནས ་བཅོམ་ལྡན་འདས་དེའི་དུས་ན་ཆོས་ཀྱི་གནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་ཞགས་པ་གཅད་པའི་ཕྱིར་བྱིན་གྱིས་བརླབ་པ ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། ལྷ་རྣམས་ཀྱིས་ཀྱང་མི་མཐོང་། ས་རྣམས་ཀྱིས་ཀྱང་ཝ ་མཐོང་ངོ་། ། གང་དེར་འདུས་པའི་ལྷ་དང་། ཀླུང་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཙ་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་བཅོམ་ལྡན་འདས་ལ་གཏོར། ལྷའི ་གོས་ཀྱང་ཕུལ་ནས་སྒྲ་སྐད་ཆེན་པོ་ཕྱུང་སྟེ། ཨ་ལ་ལ་དེ་བཞིན་གཤེགས་པས་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པ་བྱིན་གྱིས་བརླབས་པ་འདི་ནི་བྱིན་གྱིས་རླབས་ཆེན་པོ་ལགས་ཏེ། ཆོས་ཀྱི་བྱིན་གྱིས་རླབས ་འདིས་བདུད་ཀྱི་ཞགས་པ་ཐམས་ཅད་བཀུམ་མོ། ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བདུད་སྡིག་ཅན་གྱིས་འཇིགས་སོ་སྙམ་དུ་དོགས་པར་མི་བགྱིའོ།། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བདུད་སྡེ་དང་བཅས་པ་ལས་རྒལ་བར་འགྱུར་ལགས་སོ།། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། གཞན ་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ནི། བདུད་སྡིགཅན་སྡེ་དང་བཅས་པ་ལས་རྒྱལ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ། ། དེ་དེ་བཞིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན་ཏེ། ལྷའི་བུ་དེ་དག་གིས་ཚིག་ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས ་ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་མཚམས་གཅད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ་གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ།། ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་ཆོམས་པར་འགྱུར། གཡུལ་ལས་རྒལ་བར་འཟུར ་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ནས་ཉོན་མོངས་པ་ཅན་དང་། བདུད་ཀྱི་ཞགས་པས་བཅིངས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་འདི་ནི་ཅང་ཤེས་པ་རྣམས་ཀྱིས་ཡིན་གྱི། ། ཅང་ཤེས་པ་མ་ཡིན་པ་རྣམས་ཀྱིས་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལ་སྟེ་དཔེར་ན་གླང་པོ་ཆེ་ཅང་ཤེས་དང་། ཎ་ཤས ་གང་ཡིན་པ་དེ་དག་ནི་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་ཡོངས་སུ་སྤྱོད་པ་མི་བྱེད་དོ། ། དེ་དག་ནི་སྐྱེ་བོ་གཏུམ་པོ་རྣམས་ཀྱིས་མཐོང་བར་ཡང་མི་འགྲེའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོས་པ་གླང་པོ་ཆེཅ ་ཤེས་དང་། རྟ་ཅང་ཤེས་དེ་ལྟ་བུ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་བ་ཉེ་བར་འགྲོ་སྟེ། དེ་དག་གི་ལོངས་སྤྱོད་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པའི་ཕྱིར་ཡང་མངོན་པར་བྱུང་བས་དེ་དག་ནི་འཁོར ་ལོས་སྒྱུང་བའི་རྒྱལ་པོ་རྣམས་ཀྱི་ཡོངས་སུ་སྤྱོད་པར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཅིང་ཤེས་ཀྱི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ལག ་དུ་འགྲོ་བར་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་ལ་འདི་ལྟ་སྟེ་དཔེར་ན་ཀླུའི་རྒྱལ་པོ་ཉི་རྩི་ད་ཀླུའི་རྒྱལ་པོར་བ་གནས་དང་། ཀླུའི་རྒྱལ་པོས་སུ་ང་གི་བུ་དང་། དེ་དག་ནི་མི་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་མི་འགྲོ། མི་རྣམས་ཀྱིས ་མཐོང་བར་ཉེ་བར་འགྲོ། དེ་དག་ནི་གཞན་གྱི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཀྱི་ཕྱིར་ཡང་ཉེ་བར་མི་འགྲོ་ཡི་ཀླུའི་རྒྱལ་པོ་དེ་དག་ནི་ལྷ་ཅང་ཤེས་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་འགྲོའོ།། ཇི་ལྟ་ཇི་ལྟ་བུར་ལྷའི་དབང་པོ་བཅུ ་བྱིད་བཀོད་པ་བྱས་ནས་འགྲོ་བ་ན་ཀླུའི་རྒྱལ་པོ་དེ་དག་ཀྱང་དེ་ལ་དེ་ལྟ་བུར་དེ་འདྲ་བའི་བཀོད་པ་བྱས་ནས་ལོངས་སྤྱོད་ཀྱི་ཕྱིར་ཉེ་པར་འགྲོའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ན་འང ་ལྔ་སྟེ། མིའི་དབང་པོ་མི་ཅིང་ཤེས་རྣམས་ཀྱིས་ཀླག་པ་དང་། བཤད་པ་དང་། རབ་ཏུ་བསྟན་པའི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་དུ་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་འདི་ནི། དེ་དག་གི་བཀོ་དང་ཆེན་པོ་དང་། རྒྱས་པ་ཆེན་པོ་དང་། ་ཆོས་ཀྱི་སྣང་བ་བྱེད་པར་འགྱུར། དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་དགའ་བ་བདུན་པོ་མྱོང་བར་འགྱུར་རོ།། གང་ཆོས་ཀྱི་ནམ་གྲངས་འདི་ལས་ཚུལ་གཅིག་ཙམ་འཛིན་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ལྡན ་པར་འགྱུར་ན། གང་ཐམས་ཅད་རྫོགས་པར་བྲིས་པ་དང་། འཛིན་པ་དང་། འཆང་བ་དང་། མཆོད་པ་དང་། རྒྱས་པར་བྱེད་པ་ལྟ་ཅི་སྨོས།། ཆོས་ཀྱི་རྣམ་གྲངས་འདིས་མིའི་དབང་པོ་དང་མི་ཅང་ཤེས་དེ་དག་གཟུང་བར་འགྱུར་རོ།། ་འདི་ནི་ཅིང་ཤེས་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར་ངས་དེ་དག་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ ་སེམས་དཔའ་དུམ་དཔག་ཏུ་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་དག། ་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་བཞིན་གཤེགས་པ་ས་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། འཁོར ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་བསོད་དོ། ། ། ཕན་ཡོན་གྱི་ལ་ལ་ཞེས་བགྱི་སྟེ་བཅན་པའོ།། ། འཕགས་པ་རབ་ཀྱི་ཟིལ་གྱིས་རྣམ་པར་གནོན་པས་ཞུས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་སྷོ།། ་བྷ་གར་གྱི་མཁན་པ་ཤཱི་ལི་ན་པོ་བྷི་དང་། ཛིན་སི་དྲ་དང་། ཞུརྒྱན་གྱི་ལོ་ཆུབ་པ་ན་དེ་ཡེ་ཤེས་སྡེས་བསྡུ་ཅིང་ཞུས་ཏེ། སྐང་གསར་ཆད་ཀྱིས་ཀྱང་བཙོབ་ནས་གཏན་ལ་བབ་པ། ་