CLOSE WINDOW

Q698: ye shes skar mda'i snying po
Wyliee-texts produced with BDRC’s OCR application

རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། ཡོན་ཏན་གྱི་ཁྱད་པར་འདི་དག་ནི་མ་བསྒྲུབས་པར་ལན་ཅིག་དྲན་པ་ཙམ་གྱིས་ཐོབ་པར་འགྱུར་རོ།། མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས། རྫོགས་སྷོ།། ་ཨོཾ་ན་མོ་བྷ་ག་བ་ཏེ་རང་ན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སཾ་སྱགསཾ་བུད་དྷཱ་ཡ། ཏད་ཡ་ཐཱ། ཨོཾ་རང་ན་རང་ནེ་མ་ཧཱ་རད་ནེ་རང་ན་བི་ཛ་ཡེ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་ཕྱག་བྱའོ།། ན་མཿསརྦ་བུད་དྷ་བོ་དྷི ་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མ~ཾ་ཏཱ་ཨ་བཛྲཱ་རཱ་སི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་བསྟོད་པའོ།། །། ཨོཾ་སརྦ་ཏེ་ཐཱ་ག་ཏཱ་པཱ་ཛ་པེ་གྷ་པྲ་སེ་ར་ས་མཱ་ཧེ་སྥ་ར་ཧཾ་པ་ག་གན་ཀཾ་ཧཱུཾ་ཞེས་པས་མཆོད་པ་བྱིན་གྱིས་བརླབ་བོ།། ་ན་མཿསརྦ་བུད་དྷཱ་བོ་དྷི་སཏྭ་ནཾ། སརྦ་ཐ་ཨུད་ག་ཏེ་སྨཻ་ར་ཧི་མ་ག་ག་ན་ཀཾ་ས་མ་ན་ཏ་ཏ་སྭཱ་ཧཱ་ཞེས་ལན་བརྒྱད་བརྗོད་པས་མཆོད་པའི་སྤྲིན་འབྱུང་ངོ་།། ན་མཿསརྦ་བུད་དྷ་བོ་དྷི་སཏྭ་བྷྱཿསརྦ་བི་ཏ་པཱུ་ར་བཱ་ར། ཨ་པ་ར་ཏཱ་ཨ་བྷ་ཡེ ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ།། །། ཨོཾ་སྨ་ར་སྥ་ར། བི་སྨན་སྐ་ར་མ་ཧཱ་ཛ་བཧཱུཾ་ཞེས་བརྗོད་ཅིང་རིན་པ་ཆེ་བདར་བས་རིན་པོ་ཆེའི ་གདུགས་དང་རྒྱལ་མཚན་ལ་སོགས་པའི་ཆར་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་བསམས་ལ་དབུལ་ལོ། ། རིན་པོ་ཆེ་བདར་བའི་གཟུངས། རྫོགས་སྷོ།། །། །། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། ན་མོ་བྷ་ག་བ་ཏེ་རང་ན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏེ་སཾ་མྱག་སཾ་བུད་དྷ་ཡ། ཏདྱ་ཐཱ། ཨོཾ་རང་ནེ་རད་ནེ་མ་ཧཱ་རད་ནེ ་རང་ན་བི་ཛཱ་ཡ་སྭཱཧཱ། ། འདི་བརྗོད་ཅིང་བསྐོར་བ་གཅིག་བྱས་པ་ཡང་དཔག་ཏུ་མེད་པ་བྱས་པར་འགྱུར་རོ།། བསྐོར་བའི་གཟུངས།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་པྲ་དཀྵ་ར་ན་ཏྲ་ཡཱ་ནཱ་མ་དྷཱ་ར་ཎཱི། པིདསྐ ་འཕགས་པ་དཀོན་མཆོག་གི་རྟེན་ལ་བསྐོར་བ་བྱ་བའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཨོཾན་མོ་ཤིག ་ཏྲཱི་ཀཱ་ལ་སརྦ་རང་ན་ཏ་ཡཱ་ཡ། མ་ས་པྲ་དཀྵ་སུ་པྲ་དཀྵ། སརྦ་བཱ་བཾ་བི་ཤོ་དྷ་ནི་སྭཱ་ཧཱ།། གཟུངས་འདི་ལན་ཅིག་བརྗོད་པས་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་པར་འགྱུར་རོ།། ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ།། དགྲ་དང་བགེགས་ཀྱིས་གླགས་རྙེད་པར་མི་འགྱུར་རོ།། ནད་དང་གདོན་ཐམས་ཅད་ལས་ཐར ་བར་འགྱུར་རོ། ། བསྐོར་བའི་གཟུངས། རྫོགས་སྷོ།། །། ཨོཾ་ཛྙཱ་ན་བི་ལོ་ཀི་ཏེ་ས་མན་ཏ་སྥ་ར་ན་ར་ཤྲཱི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛ་ལ་ནི་ཧཱུཾ། འབབ་ཆུ་འམ། མཚོའི་འགྲམ་དུ་འདུག་སྟེ། ལག་པ ་གཡར་བའི་ཁྱོར་པར་ཆུ་བླུགས་ལ། ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ། ཆུ་ཁྱོར་བ་བདུན་འབབ་ཆུ་འམ། ཆུར་གཏོར་ན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དགས་ཇི་སྙེད་ཡོད་པ་དེ་དག་ཐམས ་ཅད་ལྷའི་ཁ་ཟས་ཀྱི་རོ་དང་། བཏུང་བའི་རོ་མཆོག་དང་ལྡན་པའི་ཐོབ་ཅིང་ཡི་དགས་རེ་རེ་ལ་ཡང་ཁ་ཟས་དང་། བཏང་བ་ཡུལ་མ་ག་དྷཱའི་ལྔ་བྲེ་བདུན་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུངས་པ་ཙམ་གྱིས་དེ ་དག་ཐམས་ཅད་ཡི་དགས་ཀྱི་སྐྱེ་གནས་ལས་ཐར་ཅིང་། བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་དོ་འམ། གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རིང་བས ་སམ། བྱ་འམ། ཆུན་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས་པ་དེ་དག་ཐམས་ཅད་སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་ཞིང་། བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ།། ཡེ་ཤེས་སྐར་མདའི་སྙིང་པོ། རྫོགས་སྷོ།། ། ་