CLOSE WINDOW

Q693: sangs rgyas kyi chos gsal zhing yangs pa snang brgyad ces bya ba'i mdo
Wyliee-texts produced with BDRC’s OCR application

སངས་རྒྱས་ཀྱི་ཆོས་གསལ་ཞིང་ཡངས་བསྣང་བརྒྱད་ཅེས་བྱ་བའི་མདོ།། བམ་པོ་གཅིག་གོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅི། ་ན། རིན་པོ་ཆེ་ཁང་པ་བརྩེགས་པའི་ནང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་ཏེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དང་། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པས་བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་ནས། ཚོགས ་མང་པོའི་ནང་ནས་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་སྐྱེ་ཤི་འཁོར་བ་ཐོག་མ་མེད་པ ་ནས་འཁོར་ན། སེམས་ཅན་ཤེས་པ་དང་ལྡན་པ་ནི་ཉུང་། མི་ཤེས་པ་ནི་མང་། ཚུལ་ཁྲིམས་སྲུང་བ་ནི་ཉུང་། ཚུལ་ཁྲིམས་མི་སྲུང་བ་ནི་མང།། བརྩོན་འགྲུས་ཅན་ནི་ཉུང་། ཡངས་ཤིང་གཡོད་པ་ནི་མང་། ཚེ་རིང་པ་ནི་ནུང ་ཚེ་ཐུང་བ་ནི་མང་། ལོངས་སྤྱོད་དང་ལྡན་པ་ནི་ཉུང་།། ལོངས་སྤྱོད་ཆུང་བ་ནི་མང་། བདེ་སྤྱིར་བ་ནི་ཉུང། སྡུག་བསྔལ་བ་ནི་མང་བླ་མའི་བཅས་བཀའ་དང་། ནན་ཏུར་ནི་ཕྱིར་ཞིང་བྱུང་། འོག་མ་ནི་སྡུག་བསྔལ་བརྒྱད་ལས་ཐར་མི ་མྱོང་། ། ཚེས་མ་ཡིན་པ་ལ་ནི་ཡིན་ཞེས་ཟེར་ཏེ། ལོག་པར་ལྟ་བའི་སླད་དུ་སེམས་ཅན་མང་པོ་ཚེ་ཐུང་ཞིང་ཡོ་འདྲོག་གིས་འགུམ་པ་དང་། སྡུག་བསྔལ་མང་པོ་ལས་ཐར་བར་བགྱི་ཞིང་ཕོངས་པ་རྣམས་བཟློག་པར་ཅི་ག་ནང ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོགས་པ་མེད་པ་དགེ་འོང་གེའོ།། བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སེམས་ཅན་མང་པོ་ལ་ཕན་པ་དང་། སྙིང་རྗེའི་ཕྱིར་ཞུས་པ་ངས་བཤད་ཀྱིས་ཉོན ་ཅིག། སྔོན་གྱི་སངས་རྒྱས་མང་པོས་ཀྱང་བཤད་པ་ཡིན་ནོ།། དེ་ལྟར་ངས་ཀྱང་བཤད་ཀྱིས་ཉོན་ཅིག། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པའི་རིགས་སོ།། ཡོད་སེམས་ཅན་གྱི་ནང་ན་མི་ལས་བཙུན་པ། ་མེད་དེ། མིའི་ལུས་ཐོབ་ན་ཡང་ལེགས་པའི་དཔལ་ནི་སྤྱོད་མི་ནུས། ཡང་དག་པའི་ལྟ་བ་ལས་ནི་འགལ། སྒྱུ་དང་ལྷ་མ་ཡིན་ལ་སོགས་པ་ནི་སྡིག་པའི་རྣམ་པ་མང་པོས་བྱས་པས་སྟར་བརྒྱད་འདི་ཡི་དམ་བུ་བྱས་ཏེ ་བཏོན་ན། དེའི་སྡིག་པ་དང་མི་དགེ་བའི་ལས་ཐམས་ཅད་ལས་ཐར་བར་འགྱུར་རོ།། ཚེ་འཕེལ་ཞིང་ཡི་འདྲོག་གིས་མི་ཚུགས་པར་འགྱུར་ཏེ། ཡོན་ཏན་དང་ལྡན་པར་འགྱུར་རོ།། ཚེ་ཟད་ན་ཡང་དགྲ་བཅོམ་པའི་འབྲས ་བུ་ཐོབ་པར་འགྱུར་རོ། ། མི་ལ་ལ་ཞིག་ལེགས་པའི་ཆོས་མི་སྤྱོད་པས་ནད་མང་པོ་དང་། ལྟས་ངན་སྣ་ཚོགས་འབྱུང་སྟེ། ཤིན་ཏུ་སྡུག་བསྔལ་ཆེ་བ་ལས་དགེ་བའི་བཤེས་གཉེན་དང་ཕྲད་དེ། སྣང་བརྒྱད་འདི་ལན་གསུམ ་གླགས་ན་ནད་མང་པོ་ཡང་སོས། ལྟས་ངན་སྣ་ཚོགས་ཀྱིས་ཀྱང་མི་སྡིག་གོ། མཚམས་མེད་པ་ལྔའི་སྡིག་པ་ཡང་འབྱང་བར་འགྱུར་རོ།། བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། སངས་རྒྱས་ཀྱི་ཆོས ་མ་འདྲེས་པ་བཅཝ་བརྒྱད་ཀྱང་ཐོབ་པར་འགྱུར་རོ། ། གང་ལ་ལ་ཞིག་པོ་སྨོས་མཚུངས་ཏེ། མཁར་ལན་ཞིག་གཡོ་བར་སེམས་ན་སྣང་བརྒྱད་ཀྱི་ལག་འདི་ལན་གསུམ་ཀླགས་ན་རྩིག་བསློང་པ་དང་། སྒོ་འདོན་པ་དང་། ཁྲོན ་པ་རྐོ་བ་དང་། ཐབ་འཇུགས་པ་དང་། གཏུན་དང་རང་ཐག་འཆའ་བ་དང་། རང་འཐག་འཆའ་བ་ཡང་རུང་། བང་མཛོད་དང་བླུགས་ཀྱི་རབ་རྩིག་ཀྱང་རུང་། ཤར་ནུབ་ལྷོ་བྱང་གི་ཕྱོགས་མཚམས་ཀྱི་ལྷ་དང་། གཟའ་དང་། རྒྱུ་སྐར ་དྲན་པ་དང་། དགྲ་དང་། ཞིང་ག་ཡང་དང་། སེར་པོ་གཟིག་གི་མཇུག་མ་འདྲ་བ་དང་། ས་གཉེན་རྣམས་དང་། ས་སཱ་ལྔའི་ལྷ་དང་། འབྲུག་སྔོན་པོ་དང་། སྟག་སྐྱེ་བོ་དང་། བྱ་དམར་མོ་དང་། རུ་སྦལ་ནག་པོ་དང་། གབ་ཅོ་དྲུག་གིས་བཀའ ་ཅིང་བརྗོད་དུ་མི་རུང་བའི་ལས་ཐམས་ཅད་བྱེད་པ་ཡང་ཐམས་ཅད་གཅོད་པ་དང་། དྲག་པོ་དང་། ལེགས་ཉེས་བྱེད་པ་དང་། གང་པ་དང་། མཉམ་པ་དང་། རྟོག་པ་དང་། གཅིག་ཏུ་འཛིན་པ་དང་། གྱེས་པ་དང་། མཉེན་པ་དང་། གྲུབ ་པ་དང་། སྡུད་པ་དང་། སའི་བདག་པོ་དང་། ནག་པོ་དང་། ཉེ་ནག་པོ་དང་། ལྷ་དང་། ཀླུ་དང་། འདྲེ་གདོན་ཐམས་ཅད་འབྱོལ་ཞིང་འབྲོབ་བོ།། སོནམ་བྱའོ་ཅོག་དང་། ལམཉེ་ཞིང་གར་འགྲོ་ཡང་རུང་། སྣང་བརྒྱད་ལན ་གསུམ་བླགས་ན་ཡུལ་བྱོས་གཉིས་སུ་ཉེས་པ་མེད་ཅིང་མྱུར་དུ་འཁོར་ཏེ། བུ་ཚ་ཕ་མ་ལ་མྲི་ཞུ་ཆེ་བ་དང་། ཕྲུག་བཙན་པ་དང་། བདེ་ལེགས་སུ་འགྱུར་རོ།། དགོན་པ་འམ་གཅན་ཟན་གྱི་ནང་དུ་སོང་ན་ཡང་ཀླུ་དང་གཅན་ཟན་རྣམས། ་འབྱོལ་ཞིང་རང་འབྲོས་སོ།། ཁམ་མཆུ་དང་བཙོན་དུ་བཟུང་ནི་ཡང་མྱུར་དུ་རང་ཐར་རོ།། མེའི་ནང་དུ་སོང་ན་ཡང་མེས་མི་ཚུགས། ཆུའི་ནང་དུ་སོང་ན་ཡང་ཆུས་མི་ཚུགས་སོ།། མཚོན་དང་དགྲས་མི་ཚུགས་སོ།། དུག་རྣམས་ཀྱང ་ཁ་ཟས་བདུད་རྩི་བཞིན་དུ་འགྱུར་ཏེ། དུག་གིས་མི་ཚུགས་སོ།། སྣང་བརྒྱད་ཀྱི་ཡི་གེ་འདི་བུ་ཕོ་མོ་གང་གིས་ཕ་མ་ལ་སྡིག་ཏུ་དོགས་པའི་ཕྱིར་ལན་གསུམ་ཀླགས་ན་ཕ་མ་མནར་མེད་པ་ལས་ཐར་ཏེ་མཐོ་རིས་བུ་སྐྱེའོ།། སྣང ་བརྒྱད་ཀྱི་ཡི་གེ་འདི་གང་ན་གནས་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་ལ་སོགས་པས་མཆོད་པ་སྣ་ཚོགས་ཀྱིས་བརྒྱན་ཏེ་མཆོད ་ངོ། ། ཆོས་ཀྱི་མདོ་འདི་གླགས་ཤིང་རྒྱས་པར་བཤད་ན་དེ་བཞིན་གཤེགས་པའི་སྐུ་ཡིན་པར་བལྟའོ།། མིག་གིས་གཟུགས་སྣ་ཚོགས་འབྱེད་པའོ།། གཟུགས་ཉིད་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། ནབས་སྒྲ་སྣ་ཚོགས་ཐོས ་བའོ། ། སྣ་ཉིད་སྟོང་བའོ།། སྟོང་པ་ཉིད་པའོ།། སྭཱས་དཱི་སྣ་ཚོགས་ཚོར་བའོ།། དྲི་ཉིད་སྟོང་བའོ།། སྟོང་པ་ཉིད་དྲིའོ།། ས་རོ་སྡེ་ཚོགས་འབྱེད་པའོ།། རོ་ཉིད་སྟོང་པའོ།། སྟོང་པ་ཉིད་རོའོ།། ལུས་ཀྱིས་རེག་བྱས་ཚོགས་འབྱེད་བའོ།། ་རེག་བྱ་ཉིད་སྟོང་པའོ།། སྟོང་པ་ཉིད་རེག་བྱའོ།། ཡེ་ཤེས་ནི་སྟོང་པའོ།། སྟོང་པ་ཉིད་ཀྱང་ཡེ་ཤེས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཐོགས་པ་མེད་པའི་བྱང་ཆུབ་སེམས་དཔས་འདིསྐ། ཅེས་གསོལ་ཏོ།། མེ་ཚེ་གཅིག་པ་སྐྱེ་ཞིང ་འཆི་བ་ལས་དཀའ་བམ་པའིས་ན། བྱེ་བཱི་ཚེ་ཡང་ཉི་མམ་བདམ་པར་སྐྱེ་འཆི་བའི་ཚེ་ཡང་ཉིམ་མ་བདས་པར་འཆིན་ཤིབའི་འོག་ཏུ་ཤིང་གཏོར་བགྱིད་པའི་ཚེ་དུས་བཟང་ང་ནམ་པ་སྔ་སྲནས་ཤིང་བབྱེན་ཉེས་པ་མང་པོ་འབྱུང་སྟེ། རབས་ཆད་པ་དང་། ་དབུལ་ཕོངས་པ་དང་། ཁ་མཆུ་མང་བ་འབྱུང་ན་འདི་ཅིའི་སླད་དུ་འབྱུང་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཤིང་གཏོར་བྱེད་པའི་ཕྱིར་དྲིས་པ་ཤིན་ཏུ་དགེའོ།། ཡོད་གནམས ་གཉིས་ནི་ཤིས། ཉི་ཟླ་གཉིས་ནི་དགེ་ཞིང་སྣང་། མེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་བྱམས་ཤིང་སྙིང་རྗེ་ཆེ་སྟེ། སེ་མྲ་ཅན་ཀུན་ལ་བུ་གཅིག་པ་བཞིན་དུ་མཉམ་པར་བལྟས་ཤིང་། ཡུལ་ཆོས་བཟང་པོ་བསྟན་ན ་མི་དགེ་བའི་ལྷ་མ་སྲིན་དང་། ཡི་དགས་ཀུན་པོས་ཤིང་མཆོད་པས། འདྲེ་གདོན་གྱི་རྣམ་པ་རྣམས་མི་ཟས་བཟང་པོ་ཞིམ་པོ་བདར་བས་ཆགས་ཏེ། མི་ལ་ནི་སྡུག་བསྔལ་སྣ་ཚོགས་འབྱུང་། དམ་པའི་ཆོས་ལ་ནི་ཡིད ་མཆེས། འདྲེ་གདོན་གྱིས་ཆོས་ལ་ནི་སྲོག་གིས་མཆོད་ནས། དམར་གསུམ་དབྲལ་དུ་ཟ་བ་ལ་ནི་ཡིད་ཆེས་ཏེ་ལོག་པར་བལྟས་ཤིང་སྤྱད་པས་རབས་ཆད་པ་དང་། དབུལ་ཕོངས་པ་དང་། ཉེས་པ་སྣ་ཚོགས་འབྱུང་ངོ་།། བུ ་པོ་མོ་འབྱུང་བའི་ཚེ་སྣང་བརྒྱད་ལན་གསུམ་བླགས་ན་བུ་བཙའ་སླ། ཡིད་གཞུངས་མཚན་དང་ལྡན། མི་འམ་ཅི་ལ་སོགས་པས་མདངས་མི་འཕྲོག་ཅིང་། ཡེ་འདྲོག་གིས་འཆི་བར་མི་བྱེད་དོ།། དུས་ལ་བབ་ཏེ་ཤི་བར་གྱུར་ན ་ཡང་སྣང་བརྒྱད་ལན་གསུམ་བླགས་ན་ཕྱི་མ་ལ་གནོད་པ་ལྔ་གཅིག་ཀྱང་མི་འབྱུང་ངོ་། ། ཉི་མ་ཐམས་ཅད་དགེ་བ་ཡིན།། རྒྱུ་དཀར་ཐམས་ཅད་བཟང་པོ་ཡིན།། དགྲ་བཅོམ་ཐམས་ཅད་ཟག་པ་ཟད།། སངས་རྒྱས་ཐམ་བ་ཅད ་རྫུ་འཕྲུལ་ཆེ། ། ཤིང་བྱེད་པ་ཡང་ཡོ་བྱད་ཅི་འབྱོར་པ་དང་། ནམ་ནུས་པ་ན་སྣང་བརྒྱད་ལན་གསུམ་བླགས་ནས་ཤིང་བྱས་ན་ཤི་བ་ཡང་མཐོ་རིས་སུ་སྐྱེའོ།། བུ་ཆེ་དང་གཉེན་རྣམས་ཀྱང་ཕྱག་བཙན་པར་འོང་ངོ་།། མཆོད་པ་ཡང་། ་ཤར་ལྷོ་ནུབ་བྱང་འདྲ་ཞིང་བརྟག་མི་དགས་ཀྱིས། ས་ག་བ་བ་དང་། མགར་དགའ་བར་ལྷ་བཙུན་ཡང་དང་དགའ་ཡིས། དྷང་མ་ལན་གསུམ་བླགས་ཏེ་མཆོད་པ་དེར་བརྩིགས་ན་ནམ་དུ་ཡང་ཉེས་པ་མེད་དོ།། ་ནི་ཟུག་མི་ནི་དང་ཤཱ་བཀྲ་ཤིས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། བཙ་པའི་ཉི་མ་ཤིན་ཏུ་དག། བདུར་ཅན་ནམ་ཡོངས་སུ་བཟང་།། གསོན་གཤིན་ཆེད་དུ་འདི་ཐུགས་ན།། བསོད ་ནམཔ་ཆེན་པོ་འོབ་པར་འགྱུར། ། ཡི་གེ་འདི་བླགས་ཤིང་ཤང་བྱས་ན་ལོ་སྟེང་གི་བར་དུ་ཕྱུག་བཙན་པར་འོང་ངོ་།། དེའི་ཚེ་སེམས་ཅན་པལ་མང་པོ་བདུན་ཁྲི་བདུན་སྟོར་སྙེད་སེམས་ནི་གྲོས་ཡིད་ནི་བདེ་སྟེ། ཆོས་ཀྱི་མིག ་རྡུལ་མེད་ཅེས་པ་ཐོབ་ཅིང་སྤྱད་ཅིང་། ། ཡང་བཅོམ་ལྡན་འདས་མི་གཉེན་བགྱིད་པ་སྔར་འགྲོང་འཕྲོད་མི་འདྲལ། ཕྱིས་ཉི་མ་པ་དམས་ཏེ། གདོད་གཉེན་བགྱིད་ན། གཉེན་བགྱིས་པའི་འོག་ཏུ་ཕྱུག་ཅིང་བཙན་པ་ནི་ཉུང་། དངམ ་ཤིང་ཕོངས་པ་ནི་མང་། ལོག་པར་ལྟ་བར་ནི་མཚུངས་པ། ཙའི་ཕྱིར་ན་ཐ་དད་པར་མཆིས།། བཅོམ་ལྡན་འདས་ཕལ་མང་པོ་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནམ་ནི་སྟང་ས། ས་ནི། ་འབྱལ། ཟླ་བ་ནི་པོ། ཉི་མ་ནི་མོ།། གནམས་གཉིས་ནི་འབྱོར་ན་རྩི་ཤིང་ཐམས་ཅད་སྐྱེའོ།། ཉི་ཟླ་གཉིས་ཉིན་རེས་ཀྱིས་འཁོར་ན་དུས་བཞི་ཚིགས་བརྒྱད་མངོན་པར་སྣང་ངོ་།། མེ་ཆུ་གཉིས་ཚོགས་ན་སྐྱེ་བ་ཐམས་ཅད་དུས ་བཞིན་དུ་འབྱུང་ངོ་། ། ཕོ་མོ་གཉིས་འདུམ་ཞིང་འབྱོར་ན་བུ་ཚ་འཛངས་སུ་སྐྱེའོ།། དགེ་བ་སྤྱོད་ཅིང་མི་ལུས་ཐོབ་པ་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་དང་འདྲའོ།། མི་དགེ་བ་སྐྱེད་ཅིང་ཡི་དགས་དང་བྱོལ་སོང་དང་། སེམས་ཅན ་དམྱལ་བ་མང་པོར་སྐྱེ་བར་འགྱུར་བ་ན་ས་གཞི་དང་འདྲ་བར་མང་པོར་འགྱུར་རོ། ། གཉེན་བྱེད་པའི་ཚེ་དང་། བུ་བཙའ་བའི་ཚེ་སྣང་བརྒྱད་ལན་གསུམ་བླགས་ན་དེའི་དགེ་བའི་རྩ་བ་གཅིག་གིས་གཅིག་བསྐྱེད་ནས་སྲིད་ཀྱི་སྒོན ་མགོ། ། མི་ནི་བཙན། བུ་ཚན་པན་ཞིང་འཛངས་ལ་སྲིའུ་ཆེ། ལེགས་པའི་དཔལ་དང་ལྡན་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་འདི་རྣམས་བཞེངས་པའི་མཚན་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་དང་། བྱང ་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་སྤྱན་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རི་བོའི་དཔལ་དང་། བྱང་ཆུབ་སེམས་དཔའ་སྐྱབས་ཆེན་དང་། བྱང་ཆུབ་སེམས་དཔའ་འཁོར ་ལེའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་དྲི་མ་དག་པ་དང་། བྱང་ཆུབ་སེམས་དཔའ་འདུན་སྤྱོད་དང་བརྒྱད་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བདག་ཅག་གི་སྔ་མ་འདས་པའི་སངས་རྒྱས་བཅོམ་ལྡན་འདྲ ་རྣམས་ལས་ཐོས་པའི་སྔགས་ཀྱི་སྙིང་པོ་བརྗོད་ཅིང་གསོལ་ན། བྱིན་གྱིས་བརླབ་ཏུ་གསོལ།། ཨོཾ་ཨཱ་ཀ་ནི། ནི་ཀ་ནི། ཨཱ་ཛྭ་ལ། མན་དྷ་ལེ། མན་དྷ་ལ་སྭཱ་ཧཱ།། བཅོམ་ལྡན་འདས་ཀྱི་བཀའ་དང་གསང་སྔགས་ང ་ལས་ལོག་པ་དང་། འདའ་བ་ཞིག་མཆིས་ན་མགོ་ཚལ་པ་བདུན་དུ་འགས་ཤིང་། ལུས་ཀྱི་ཡན་ལག་ཚིག་པར་འགྱུར་རོ།། ཡང་ཐོགས་པ་མེད་པའི་བྱང་ཆུབ་སེམས་དཔབས་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ། ། ཡི་གེ་འདི་ཇི་ལྟར་སྣང་བརྒྱད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣང་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ། བརྒྱད་ཅེས་བྱ་བ་ནི་བྱེ་བྲག་འབྱེད་པའོ།། ཐེག་པ་ཆེན་པོའི་མདོ། བྱ་བ་བྱེད་པའི་གཞ ་སྣང་ཞིང་ཤེས་ཏེ་རྣམ་པར་ཤེས་པའི་རྒྱུ་རྐྱེན་གཅིག་གི་གཅིག་སྟོང་པས་ཡི་གེ་དང་ཆོས་སུ་ཡོད་དེ། མིང་སྣང་བརྒྱད་ཀྱི་ཡི་གེ་ཞེས་བྱའོ།། མིག་གཟུགས་རྣམ་པར་ཤེས་པ་ཡིན། རྣ་བ་སྒྲ་རྣམ་པར་ཤེས་པ་ཡིན། པཱ་དྲི་རྣམ ་པར་ཤེས་པ་ཡིན། ལྕེ་རོ་རྣམ་པར་ཤེས་པ་ཡིན། ལུས་རེག་བྱ་རྣམ་པར་ཤེས་པ་ཡིན། ཡིད་བྱེ་བྲག་འབྱིད་པའི་རྣམ་པར་ཤེས་པ་ཡིན་སྔ་མ་དྲུག་ཤེས་ཤིང་འབྲེལ་པར་ཤེས་པ་ནི་ཐ་མི་དང་དེ་ཀུན་གཞི་རྣམ་པར ་པ་དང་བརྒྱད་དོ། ། རྣམ་པར་ཤེས་པ་བརྒྱད་ཀྱི་རྩ་བ་དང་། དངོས་པོ་སྟོང་ཞིང་ཞི་བ་ཡིན་ཏེ། དེར་དམིགས་ནས་མིག་གི་རྣམ་པར་ཤེས་པ་ནི་སྣང་བའི་བྱང་ཆུབ་སེམས་དཔའོ།། རྣ་བའི་རྣམ་པར་ཤེས་པ་ནི་སྒྲ་གྲག ་པའི་བྱང་ཆུབ་སེམས་དཔའོ། ། སྣ་ནི་དྲི་སྣ་ཚོགས་འབྱེད་པའི་བྱང་ཆུབ་སེམས་དཔའོ།། ལྕེ་ནིར་རྟོག་པའི་བྱང་ཆུབ་སེམས་དཔའོ།། ལུས་ནི་འཇམ་རྩུབ་འབྱེད་པའི་རྣམ་པར་སྣང་མཛད་དོ།། རྣམ་པར་སྣང་མཛད་ནི་མཆོག ་གཙང་རྣམ་པར་སྣང་མཛད་དང་། མེ་ལོང་ལྟ་བུའི་རྣམ་པར་སྣང་མཛད་དང་། འོད་རྣམ་པར་སྣང་མཛད་དང་། ཡིད་མི་གཡོ་བར་ཡང་དག་པར་ཤེས་པའོ།། སེམས་ནི་རྣམ་པར་དམིགས་པའི་དབྱིངས་སོ།། ཀུན་གཞི ་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཐར་པ་ཆེན་པོ་སྟེ། སངས་རྒྱས་ཀྱི་ཆོས་སོ།། མཚན་ནི་སྟོང་པའི་མཛོད་ཅེས་བྱའོ།། མི་ལ་ལ་ཞིག་གྱི་མིགས་བརྩིག་གམ། ཁྱིམ་གས་བར་ཞུགས་ཏེ་བཀྲ་ཤིས་པར་འདོད་ན་སྣང ་བརྒྱད་ལན་གསུམ་བླགས་ན་བཀྲ་ཤིས་པར་འགྱུར་རོ། ། སྣང་བརྒྱད་ཡི་གེར་བྲིས་སམ། བླགས་སམ། ཁ་ཏོན་དུ་བཏོན་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ།། ཆོས་ཀྱི་མདོ་འདི ་བཤད་པའི་ཚེ་དགེ་སློང་པ་དང་། དགེ་སློང་མ་དང་། དགེ་བསྙེན་པ་དང་། དགེ་བསྙེན་མ་དང་། མི་དྲུག་ཁྲི་དྲུག་སྟོང་གིས་ཆོས་ཟག་པ་མེད་པའི་གཟུངས་ཐོབ་བོ།། ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ།། གྲངས་མེད་པའི་ལྷ་དང་། ་ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཆོས་ཀྱི་མིག་གཙང་མ་ཐོབ་པོ།། བྱང་ཆུབ་སེམས་དཔའི་ཆོས་བྱེད་དོ།། སེམ ་ཅན་པལ་པ་བརྒྱད་ཁྲིག་ཅིག་སྟོང་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ལ་སོགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་རྗེས་སུ་ཡིད་རང་སྟེ། མངོན་པར་བསྟོད་དོ།། འཕགས་པ་སྣང་བརྒྱད་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ།། རྫོགས་སྟེ།། ། རྒྱ་གར་སྐད་དུ། བཱ་ཛ་མ་གྲཱ་ནཱ་མ་དྷཱ་ར་ཎཱི་ཡོད ་