CLOSE WINDOW

Q689: 'phags pa sprin chen po
Wyliee-texts produced with BDRC’s OCR application

ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ག། ། ། རྒྱ་གར་སྐད་དུ། ཨཱརྱ་མ་ཏཱ་མེ་གྷ། བོད་སྐད་དུ།། འཕགས་པ་སྤྲིན་ཆེན་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚའོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགེའི་གནས་ན་ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོ་སྤྲིན་གྱི་དཀྱིལ་འཁོང་ཆེན་པོའི་ཁང་པ་བརྩེགས་པ་ན། ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཀླུའི་རྒྱལ་པོའི་ཚོགས་ཆེན་པོ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའོ་དང་ཉེ་དགའ་དང་། རྒྱ་མཚོ་དང་། མ་དྲོས་པ་དང་། གཟི་ཅན་དང་། ཆུ་ལྷ་དང་། ་འཇོག་པོ་དང་། ཡུལ་འཁོར་སྲུང་དང་། ནོར་རྒྱས་ཀྱི་བུ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ས་སྲུང་གི་བུ་དང་། མདོངས་བུ་དང་། དཔལ་གྱི་གཟི་བརྗིད་དང་། དཔལ་བཟང་དང་། གློག་གི་ཕྲེང་བ་དང་། གཙུག་ན་རིན་པོ་ཆེ་དང་། ་གཙུག་ན་ནོར་བུ་ཐོགས་དང་། སྣང་ལྡན་གཙུག་ཕུ་ཅན་དང་། གཙུག་བུང་འཇ་ཅན་དང་། ཀླུའི་རྒྱལ་པོ་དབང་པོའི་རྒྱལ་མཚན་དང་། དབང་པོའི་མཆོད་སྡོང་དང་། འཛམ་བུའི་རྒྱལ་མཚན་དང་། བཀྲ་ཤིས་ལྡན་དང་། དཅིས། ་འཁོར་ཆེན་པོ་ཅན་དང་། ལག་གིས་འགྲོ་ཆེན་པོ་དང་། སྐར་མདོག་དང་། ཟླ་བའི་གཟི་བརྗིད་དང་། དཔལ་གྱིས་བློ་གྲོས་དང་། ཟླ་མཐོང་དང་། ཀླུའི་རྒྱལ་པོ་ལེགས་མཐེང་དང་།། ཤིན་ཏུ་བརྟན་པ་དང་། མགུལ་ན་ནོར་བུ ་དང་། སྨནི་བྱུང་དང་། ཆར་རྒྱུན་དང་། རབ་འཇོམས་དང་། རྣམ་པར་འཇོམས་དང་། མཐུ་བསྒྱིངས་དང་། གདེངས་ཀ་ཆེན་པོ་དང་། དབྱངས་ཟབ་དང་། ཀླུའི་རྒྱལ་པོ་ཆེར་སྒྲོགས་དང་། རྣམ་པར་སྒྲ་འབྱིན་དང་། ཨུཏྤ་ལ་དང་། ཅལ། ་ཆེན་དང་། གཤོལ་མངའ་འཛིན་དང་། སྣ་ཚོགས་སྡེ་དང་། ཞགས་པ་ཆེན་པོ་དང་། ཀླུའི་རྒྱལ་པོ་ཨ་ལའི་འདབ་མ་དང་། ཀུན་ལྡང་དང་། ན་ནུ་པ་དང་། དུད་དང་། ངར་དར་དང་། ཀླུའི་རྒྱལ་པོ་ཨུ་པ་དང་དང་དང་། ་བདེ་བྱེད་དང་། ལག་འགྲོ་དང་། ལག་འགྲོ་ཆེན་པོ་དང་། དྲི་མ་ཆེན་པོ་དང་། འདྲར་ལྗང་དང་། སོག་མ་མེད་དང་། འབྱུང་བ་དང་། སྲིན་བུ་གནས་དང་། ནག་པོ་དང་། ཀླུའི་རྒྱལ་པོ་དབང་པོ་སྡེ་དང་། འདམ་བུ་དང་། ཉེ་བའི་འདམ་བུ་དང་། ་དུང་ཐོགས་དང་། འགྲོ་ལྡིང་དང་རབ་མཛེས་དང་། གླང་ཆེན་ན་དང་། ནོན་པོ་དང་། སེར་སྐྱ་དང་། ཀློག་འབར་དང་། གློག་འོད་ཆེན་པོ་དང་། སྟོབས་ལྷ་དང་། ཆུ་སྟོབས་དང་། ཀླུའི་རྒྱལ་པོ་དམ་པ་འགེབས་དང་། བདུད་རྩི་ཅན་དང་། མུ ་སྟེག་ཅན་དང་། བཻ་དཱུརྱའི་འོད་ཅན་དང་། གསེར་མདོག་སྒྲ་དང་། གསེར་འོད་དང་། ཟླ་བའི་རྒྱལ་མཚན་འོད་དང་། ཉི་རོང་དང་། འཆར་བ་དང་།། བལ་གླང་མགོ་དང་། ཀླུའི་རྒྱལ་པོ་དཀར་པོ་དང་། ནག ་པོ་དང་། གཤིན་རྗེ་དང་། དགེ་ཚུལ་དང་། སྦལ་བ་དང་། དང་བའི་གཟི་བརྗིད་དང་། ཆུ་ཁྲུད་འཛིན་དང་། ས་འཛན་དང་། མགོ་སྟེང་ཅན་དང་། གཙུག་ན་ནོར་བུ་དང་།། ཀླུའི་རྒྱལ་པོ་དོན་ཡོད་མཐོང་དང་། སྤྲིན་ཆེན་དང་། ་བཟང་དངས་སྤྱོད་དང་། མིས་བྱིན་དང་། རྣམ་པར་རྡུལ་དང་། དགའ་བ་འབྱུང་དང་། ཆུ་སྲིན་ཀུན་བྷི་རའི་གདོང་དང་། དྲུག་འཛིན་དང་། ཀླུའི་རྒྱལ་པོ་མྱུར་གདུག་དང་། པད་མ་ཀ་དང་། མཇུག་མ་དང་། རབ་ཀྱང་དང་། འཇིགས་བྱེད་དང་། ་གཟི་བརྗིད་མཛེས་དང་། མགོ་ལྔ་པོ་དང་། ཁལ་ལི་དང་། ཤིང་རྟས་རྒྱལ་དང་ཀླུའི་རྒྱལ་པོ་ཐ་མ་དང་། ཀླུའི་རྒྱལ་པོ་འཇུག་རངས་དང་། མགོ་བོ་ཆེ་དང་། བི་མ་བི་ཀ་དང་། བ་ཏིར་དང་། མགྱོགས་འགྲོ་དང་། ཀླུའི་རྒྱལ་པོ་མག་གསུམ ་བ་དང་། ཀླུ་སྡེ་དང་། གཟི་ཆེན་དང་། འདམ་ཐ་བྱིན་དང་། ཀླུའི་རྒྱལ་ལོ་ཞག་བྱེད་དང་།། འོད་འབར་དང་། མགོ་འདུན་པ་དང་། སྟོང་ཆེན་དང་། མཐོང་དགའ་དང་། རབ་ཏུ་ཆེར་བཏུ་མ་དང་། དྲི་མེད་གཟི་བརྗིད་དང་། མིག་བཟད་དང་། དྲག ་པ་དང་ང་གྲ་ཡང་བ་དང་། ཐ་རྒྱམ་པ་གས་པ་དང་། ཐབདུག་ཕྲུལ་ཅན་དང་། ག་ན་སྤྱད་པ་ད་ནན་པ་དང་པ་ད་ང་། དས་པ་ག་དུ་། མ་ཁྱོ་ས་གརྦྷ་དང་། ་ཀུསུ་དའི་འབྱུང་གནས་དང་། ཀླུའི་རྒྱལ་པོ་རིནི་ཆེན་མིག་དང་། ཏོག་ཆེན་པོའི་རྒྱལ་མརན་དང་། སྤྲིན་ཆེན་སྙིང་པོ་དང་། ཁ་བ་ཅན་དང་། དཔལ་གྱི་སྙིང་པོ་དང་། སྤྲིན་མཐུ་ཅན་དང་། མཚན་མོ་འཛིན་དང་། ཚེ་སྦྱིན་དང་། ཆུ་སྦྱིན་ཆེན་པོ་དང ་ཀླུའི་རྒྱལ་པོ་གཟི་བརྗིད་མེ་འདྲ་དང་། སྤྲིན་གྱི་དབང་ཕྱུག་རྒྱལ་པོ་དང་། ཁྲོ་མེད་དང་། སའི་བུམ་པ་དང་། ཀླུ་དཔལ་དང་། ཆུའང་ནི་དང་། སྤྲིན་གདུགས་དང་། མིང་གི་རའི་གདོང་དང་། གཟི་བརྗིད་ཅན་དང་། སྨན་ལས་མངོན་བྱུང་དང་། ཀྭའི་རྒྱལ ་གོམ་སྟབས་མཐའ་ཡས་དང་། ཆ་བྱད་མཛེས་དང་། ལུས་ཆེན་དང་། སྤྱང་ལྟོ་དང། ཞི་བ་དང་། དཔའ་བ་དང་། གསེར་དང་ཅན་དང་། མཆོག་ཏུ་བརྩོན་དང་། དུག་ཅན་དང་། དབྱངས་སྙན་དང་། ཀླུའི་རྒྱལ་པོ་བདུད་རྩི་སྙིང་པོ་དང་། རབ་ཏུ་ཆར་འབེབས་ཆེན ་པོ་དང་། རྣམ་པར་གཡོ་དང་། འཁྲུགས་སྒྲ་དང་། རྔ་སྒྲ་དང་། བདུད་རྩིའི་རྒྱན་དང་། དགའ་བར་བྱེད་པ་དང་། འབྲུག་སྒྲོགས་དང་། དཔའ་སྡེ་དང་། སྲེད་མེད་ཀྱི་བུ་དང་། རྒྱ་མཚོའི་ཀློང་དང་། ཀླུའི་རྒྱལ་པོ་ཡོན་པོ་དང་། ཀླུའི་རྒྱལ་པོ་ཆེན་པོ ་དེ་དག་ལ་སོགས་པ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དག་འདུས་ཏེ་འཁོད་པ་དང་ཐབས་གཅིག་ཏུ་བཞུགས་སོ། ། དེའི་ཚེ་ཀླུའི་རྒྱལ་པོ་དེ་དག་འཁོར་དང་བཅས་ཏེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ ་གཤེ་ཏུག་སང་ཏེ། བྲས་ཐོ་གསས་པའི་། ངས་ལ་གྲགས་ནས། བཅོམ་ལྡན་འདས་གལ་བ་དེ་ལོགས་ས་ཐལ་མ་གྱུར་བ་བྱུང་ན་ས་པ་དང་། བྲ་ང་ཆེན་པོ་བྱེད་པས་སེཾ་ག་དང་། དྲག་པ་དང་། ་ཐུག་པ་དང་། མ་དཔ་གའ་དང་། གདུགས་དང་། རྒྱམ་ཡན་ན་དང་བད་དང་། ཀྱི་ཝ་རྫི་དང་། རོལ་མོའི་གྲཝ་དང་། སྲིལ་ཀན་དང་། བག་རྡོབ་པ་དང་། ཐུ་བྱངས་དང་། རིན་པ་མ་ཏོག་དང་། རིན་པ་ཆེའི ་དང་། མུ་ཏིག་གོ་ཕྲེང་བ་དང་། ཀླུའི་མེ་ཏོག་དང་། མུ་ཏིག་གི་དྲ་བ་མཆོག་ཏུ་མཛེས་པ་རྣམས་པ་སྣ་ཚོགས་དཔག་ཏུ་མེད་པ་གྲངས་མེད་པ་དག། བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ་ཕྱགས་གཅིག་ཏུ་འདུགནས་བློན་ལ་མ་རྣབས་བཏབ་པ།། ལུས་རྒྱམ་མ་འཇིག་རྟེན་གྱི་འམས་རྒྱས་ཚཐམས་ཅད་ཀྱི་དུལ་པརབཀྱི་རྡུལ་སྙེད་ཀྱིས། སངས་རྒྱས་དང་བྱུང་ཆུབ་སེམས་དཔའི་འབ་ད་ཀྱི་འང། ་རྒྱ་མཚོ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོ་ཐམས་ཅད་དང་ས་དང་ཆུད་མེད་དྲུ་མས་ཅ་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་དང་། གཟུགས་སུ་སྣང་བ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ལས་རྡུལ་ཕྲ ་རབ་ཀྱི་རྡུལ་རེ་རེ་ལ་ཡང་ལུས་ཀྱི་སྤྲིན་རྒྱ་མཚོ་འགྲང་པའི་རྒྱ་མཚོ་ཐམས་ཅད་ལས་ཡང་དག་པར་འདས་པ། གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱག།། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ལས་ཡང ་དག་པར་འདས་པ་དག་དང་། ལུས་རེ་རེ་ལ་ཡང་ལག་བ་རྒྱ་མཚོའི་སྤྲིན་ཕྱོགས་ཀུན་གྱི་རྒྱུན་དུ་མངོན་པར་ཕྱོགས་པ་དཔག་ཏུ་མེད། གྲངས་མེད་པ་དག་བྱིན་གྱིས་བརླབས་ནས། རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཚྭ་རེ་རེ་ལས་ཀྱང་མཛོད ་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་ཕྱོགས་ཀུན་གྱི་གཞི་རྒྱས་པར་འགེངས་པ་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱའོ་སྙམ་པ་འདི་ལྟ་སྟེ། ཀུན་ཏུ་སྤྱོད་པའི་ལུས་རྒྱ་མཚོ་སྤྲིན ་མ་འདྲེས་པ་དཔག་ཏུ་མེད། གྲངས་མེད།། བསམ་གྱིས་མཁྱེག་གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས། བྱང་ཆུབ་སེམས་དཔའི་རྒྱ་མཚོ་སྤྲིན་རྣམས ་ཀྱིས་ཇི་ལྟ་བ་དེ་བཞིན་དུ་རིན་པོ་ཆ་ཐམས་ཅད་ཀྱི་ཏོག་དང་། འོད་ཟེར་སྟུག་པོ་དང་། ཉེམ་དང་། ཟླ་བ་ཐམས་ཅད་ལྟ་བུའི་ལུས་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ག་ནི་རྣམས་དང་། རིན་བོ་ཆེ་ཐམས་ཅད་ཀྱི་ཕྲེང་བ་དང་མེ་ཏོག་གི་རྩ ་མཚོ་ནི་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྣང་བ་ཆེན་པོའི་སྙིང་པབང་བརྩེགས་པབརྒྱམཚོ་ལྡན་རྣམས་དང་། ཕྱེ་མ་དང་། ཤིང་སྔོན་ཐམས་ཅད་ཀྱི་མནོད་རྒྱམཚོ་སྦྲནི་རྣམས་དང་། སྤོས་དང་། འདུག་པ་ཐམས་ཅད་ཀྱི་གཟུགས་ཅན ་དུ་སྟོན་པ་རྒྱ་མཚོ་སྤྲིན་རྣམས་དང་། སྒྲ་ཐམས་ཅད་སྒྲོགས་པའི་རོལ་མེའི་སྤྲིན་རྣམས་དང་། སྤོས་ཐམས་ཅད་ཀྱི་ཤིང་ལྗོན་བརྒྱཔ་རོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་འབས་པར་བྱིན་གྱིས་བརླབས་ནས། དེ་ལ་སོགས་པ་མཆོད ་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ། མ་འདྲེས་པ་རྣམས་ཀྱིས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླམས ་བྱའོ། ། རི་མོར་བྱའོ།། མཆོད་པར་བྱའོ།། ཡུལ་ཐམས་ཅད་དུ་བཀོད་པ་རྣམ་པར་སྣང་བར་བྱས་པའི་སྙིང་པོ་ཅན་གྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། ཐམས་ཅད་ཀུན་དུ་སྣང་བའི་ནོར་བུ་རིན་པོ་ཆེ་འཆར་འབབ་པ་བཀོད་པའི་ནོར་བུའི་རྒྱལ་པོའི་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ ་ཐམས་ཅད་ཀྱི་འོད་འགྲོ་བ་འབར་བ་དང་ལྡན་པ་སངས་རྒྱས་ལ་ངེས་པར་གྱུར་པའི་དབྱངས་ཀྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། ། ཀུན་དུ་སྦས་འགེངས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱངས་ཅན་ནོར་བུའི་རྒྱལ ་པོ་རྒྱམཚོ་སྤྲིན་རྣམས་དང་། ཀུར་ནས་སྒོར་རིནི་པོ་ཆེ་འོད་ཟེར་གྱི་སངས་རྒྱས་ཀྱི་སྤྲུལ་བ་སྡང་བར་བྱེད་པ་རྒྱ་མཚོ་སྤྲིན་རྣམས་དང་། འཁོར་གྱི་དཀྱིལ་འཁོར་མ་འདྲེས་པ་རྣམས་སུ་བཀོད་པ་ཐམས་ཅད་སྣང་བ་ཀུན་དུ་སྟོན་པའི ་དང་བུའི་རྒྱལ་པོ་རྒྱ་མཚོ་སྙི་རྣམས་དང་། འོད་འཐོགྲོབ་སྔོན་མ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་འདུག་པའི་ནོད་བུའི་རྒྱལ་པོ་རྒྱམཚོ་སྦྱིན་ད་ས་། སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་རྣམས་སུ་ནི ་གཤེགས་པའི་གཞལ་མེད་ཁང་སྣང་བ་ཀུན་ཏུ་སྟོན་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྡུལ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་སྣང་བ་རྣམ་པར་སྣང་བར་བྱེད་པའི་ནོར་བུའི ་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱི་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར ་བྱའོ། ། རིན་པོ་ཆེ་དང་། སྤོས་དང་། མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་མ་འདྲེས་པ་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེ་རྒྱལ་པོ་ཁ་དོག་མཐའ་ཡས་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཁང་པ་བརྩེགས ་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེའི་སྒྲོན་མ་དང་། སྤོས་ཀྱི་འོད་འཕྲོ་བ་ཅན་གྱི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། མུ་ཏིག་ཐམས་ཅད་ཀྱིས་རྣམ་པར་སྤྲས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། ་མེ་ཏོག་ཐམས་ཅད་ཀྱི་ཟ་བ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེའི་ཕྲེང་བ་མཐའ་ཡས་པས་ལེགས་པར་བརྒྱན་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས ་ནས། ཕྱོགས་བཅུ་ཀུན་ཏུ་འོད་ཟེར་སྣང་བའི་སྙིང་པོ་ཅན་བཀོད་པ་ཐམས་ཅད་ཡང་དག་པར་འདུ་བའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་གྱིས་རབ་ཏུ་བརྒྱན་པ་བཀོད་པ་དུ་མ་ཀུན་དུ ་སྟོན་པ་ཁང་པ་བརྩེགས་པའི་རྒྱ་མཚོ་སྤྲིན་རྣམས་དང་། བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཀུན་ཏུ་རྒྱས་པར་འགེངས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། སྒོ་ཀུན་དུ་མེ་ཏོག་གི་རྟ་བབས་དྲལ་བུའི་དྲ་བ ་སྦྱངས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། ་གསར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཚོད་ཚོང་དང་། ཕྲེང་བ་དང་། རིན་པོ་ཆེའི་མགུལ་གདུབ་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་སྣང་བ་ལྷུར་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན ་རྣམས་དང་། ཨན་ད་དྷིལ་དང་། འཛམ་བུ་ཆུ་བོ་གསེར་གྱི་པད་མ་སྣ་ཚོགས་ཀྱི་སྙིང་བ་ཙོན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེའི་སྒྲོན་མའི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྭ་རྒྱ་མཚོ་སྤྲིན་རྣམས ་དང་ནོར་བུ་རིན་པོ་ཆེ་སྣང་གསལ་རྒྱལ་མཚན་གྱི་པད་མ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེས་བརྒྱན་པའི་པད་མ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ཨན ་དརྙིལ་མཛེས་པར་འབར་བའི་འོད་ཟེར་ལྡན་གྱི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། འོད་ཟེར་འབར་བ་ཟད་མི་ཤེས་པའི་གཟི་བརྗིད་དང་ལྡན་པའི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲི ་རྣམས་དང་། རིན་པོ་ཆེ་འབར་བར་ཐམས་ཅད་བྱུང་བའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་འབར་བ་མཆོག་དམ་པ་ཐམས་ཅད་བྱུང་བའི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་རྣམས ་དང་། སངས་རྒྱས་ཀྱི་གསུང་སྒྲའི་འོད་ཟེར་དང་ལྡན་པའི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་མ་འདྲས་པ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། བྱང ་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ། ། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། སྤོས་དང་། ནོར་བུ་སྣ་ཚོགས་ཐམས་ཅད་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྦྲན་རྣམས་དང་། ཀུན་ནས་སྒོ་ལོ་མ་ལས ་ཐལ་མོ་སྦྱར་བའི་སྤྲིན་འབྱུང་བའི་སྤོས་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་། ཤིང་ལྗོན་པ་ཐམས་ཅད་ཀྱི་གཟུགས་མཐའ་ཡས་པ་བཀོད་པ་ཀུན་དུ་སྟོན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་ཐམས ་ཅད་ཀྱི་སྤྲིནི་རབ་ཏུ་འཕྱང་བའི་ཤིང་ལྗོན་པ་ལྟ་བུ་རྒྱ་མཚོ་སྤྲིན་རྣམས་དང་། བཀོད་པ་ཐམས་ཅད་འབྱུང་བའི་མཛོད་མཐའ་ཡས་པ་དང་ལྡན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་ཀྱི ་རྣམ་པར་སྣད་བ་བྱེད་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་། བྱང་ཆུབ་སེམས་དཔའི་ལུས་བྱེད་ཙན་དན་ཐམས་ཅད་ཀྱི་ཕྱི་མར་ཀུན་དུ་སྟོན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་། བྱང་ཆུབ་ཀྱི་སྙིང་པོ་ཐམས་ཅད ་ཀྱི་བཀོད་པཔསམ་ཀྱིས་མི་ཁྱབ་པའི་འདོཅན་གྱི་ཤིང་ལྗོན་པའི་ཛིན་ཆེའི་གོས་ཐམས་ཅད་ཀྱི་མཛོད་ཉི་མ་སྐང་སྣང་བར་བྱས་པ་དང་ལྡན་པའི་གང་ལྡོན་པ་རྒྱ་མཚོ་སྨིན་རྣམས་དང་། སྒྲ་བྱང་ས་ཐམས་ཅད་རྫོགས་པ་འི ་དུ་འོང་བའི་དབྱངས་ཀུན་ཏུ་གཏོང་བའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ཀུན་ཏུ་མངོན་པར་ཕྱོགས་པའི་ནོར་བུའི་རྒྱལ་པོ་སྡང་བར ་བྱེད་པའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། རྒྱན་བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་བ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་སྣ་ཚོགས་འོད་འཕྲོ་བའི་སྒྲོན་མའི་ཕྲེང་བའི་སྙིང་པོ་ཅན་གྱི ་སེང་གེའི་ཁྲི་བརྒྱ་མཚོ་སྤྲིན་རྣམས་དང་། ཀུན་ནས་སྐྲ་རིན་པོ་ཆེའི་ཤིང་ལྗོན་པ་འབྱུང་བའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། སྤོས་དང་། མེ་ཏོག་དང་། པད་མ་ཐམས་ཅད་ཀྱི་ཕྲེང་བ་རིན་པོ་ཆེའི་སྙིང་པོ་ཅན་གྱི་སེང་གེའི ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་གདན་བཀོད་པ་ཀུན་ཏུ་སྟོན་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། བཀོད་པ་ཐམས་ཅད་ཀྱི་ཕྲེང་བ་རབ་ཏུ་སྦྱངས་པའི་རྟ་བབས ་སྟེགས་བུས་རབ་ཏུ་བརྒྱན་པའི་རིན་པོ་ཆེའི་སྤྲིན་གྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེའི་ཡལ་ག་དང་ཕྱེ་མའི་མཛོད་ཡོད་པའི་སྡོང་པོ་ཐམས་ཅད་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམ ་དང་། སྤོས་སྣ་ཚོགས་དང་། རིན་པོ་ཆེའི་དྲིལ་བུ་ག་ཡེར་ཀའི་དྲ་བ་ཀུན་ནས་རྒྱན་ཉི་མ་སྣང་བར་བྱེད་པའི་སྙིང་པོ་ཅན་གྱི་སེང་གེའི་འི་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་བྱའོ།། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ཐམས་ཅད་ཀྱི་གཞལ་མེད་ཁང་རྒྱ་མཚོ་སྤྲིན་རྣམས་དང་། ཨན་དདྲིལ་གྱི་ཟེ་བ་ཅན་གྱི ་མེ་ཏོག་བཀོད་པ་ཐམས་ཅད་ཀྱི་བླ་རེ་རྒྱ་མཚོ་སྦྱིན་རྣམས་དང་། སྤོས་དང་། ནོར་བུ་ཐམས་ཅད་ཀྱི་ཐེ་རེ་རྒྱ་མཚོ་སྤྲིན་རྣམས་དང་རིན་པོ་ཆེའི་འོད་འཕྲོ་བའི་སྒྲོན་མའི་གཟུགས་ཀྱི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར ་སྟོན་པར་སྣང་བའི་དབྱངས་ཀྱི་ནོར་བུའི་རྒྱལ་པོ་བླ་ར་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་སྣ་ཚོགས་ཀྱི་གོས་བཀོད་པ་ཐམས་ཅད་སྣང་བ་ཀུན་ཏུ་སྟེན་པའི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་ཐམས་ཅད་ཀྱི་ཆུ་བོ་འབར་བར་སྣང་བའི ་རིན་པོ་ཆེའི་བླ་རེ་རྒྱ་མཚོ་སྤྱན་རྣམས་དང་། དྲིལ་བུ་སྣ་ཚོགས་ཀྱི་སྒྲས་ཀུན་ཏུ་རྒྱས་པར་འགེངས་པའི་དྲ་བའི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང་། པད་མ་འབར་བ་ཁ་དོག་མཐའ་ཡས་པ་སྣ་ཚོགས་སུ་སྣང་བའི་ནོར་བུའི་སྙིང་པོ་ཅན་གྱི ་པད་མའི་དྲ་བའི་གླ་རེ་རྒྱ་མཚོ་སྤྲིན་རྣམས་དང་། གསེར་གྱི་དྲ་བ་ཅན་གྱི་འོད་ཟེར་སྣང་བའི་རྒྱལ་མཚན་གྱི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང་། བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་བའི་འོད་མཐའ་ཡས་པ་བཀོད་པ་ཐམས་ཅད་ཀྱི་རྒྱན ་བླ་རེ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གང་ཆེན་མཚོ་སྤྲིན་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་བྱའོ།། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར ་བྱའོ། ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ལ། རིན་པོ་ཆེ་བཅུའི་འོད་སྣང་བ་བཀོད་པའི་མེ་ཏོག་གི་གདུགས་རྒྱ་མཚོ་སྤྲིན་རྣམ ་དང་། མུ་ཏིས་ཁ་དོག་མཐའ་ཡས་པའི་མཛོད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེའི་སྒོའི་སྒྲའི་ནོར་བུའི་རྒྱལ་པོའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ ་སྣ་ཚོགས་ཀྱི་འོད་འཕྲོ་བའི་ཕྲེང་བའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་རྡུལ་ཀུན་ཏུ་སྣང་བས་རབ་ཏུ་བརྒྱན་པའི་དྲིལ་བུའི་དྲ་བ་སྦྱངས་པའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་ཐམས་ཅད་ཀྱི་སྡོང་པོ་ཡལ ་གའི་རྒྱུན་གྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། ཉི་མ་རྣམ་པར་སྣང་བར་བྱེད་པའི་འོད་འཕྲོ་བའི་ནོར་བུའི་རྒྱལ་པོ་དང་། སྤོས་དང་། གདུག་པ་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། ཅན་དན་གྱི་ཕྱེ་མའི་མཛོ ་ཀུན་ཏུ་རྒྱས་པར་འགེངས་པའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཀྱི་ཡུལ་ཆེན་པོ་སྣང་བར་བྱེད་པའི་ཀུན་ཏུ་བཀོད་པ་རྒྱས་པར་འགེངས་པའི་གདུགས་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང་། ་བྱང་ཆུབ་སེབས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། རིན་པོ་ཆེ་ཐམས་ཅད་སྣང་བའི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་གཟུག ་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་དང་། མེ་ཏོག་གི་སྤྲིན་སྡང་བར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་སངས་རྒྱས་ཀྱི་སྤྲུལ་པའི་འོད་ཀྱི་དཀྱིལ་འཁོར ་དང་ལྡན་པ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གཏོགས་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། ཀུན་ནས་སྒོ་སངས་རྒྱས་ཀྱི་ཡུལ་སྒྲོགས་པ་རིན་པོ་ཆེའི་ཡལ་གའི་འོད ་དཀྱིལ་འཁོར་རྒྱ་མཚོའི་སྤྲིན་རྣམས་དང་། བཻ་དཱུརྱ་དང་། རིན་པོ་ཆེའི་རིགས་དང་། ནོར་བུ་རིན་པོ་ཆེའི་རིགས་དང་། ནོར་བུ་རིའི་རྒྱལ་པོ་ཐམས་ཅད་ཀྱི་འོད་ཟེར་གྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། སེམས་ཅན ་ཀྱི་གཟུགས་མཐའ་ཡས་པ་དག་སེམས་ཀྱི་སྐད་ཅིག་ལ་ཀུན་སྟོན་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ལས་བྱུང་བ་ཡིད་དུ་འོང་བའི་སྒྲ་རབ་ཏུ་འབྱིན་པ་དང་ལྡན་པ ་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སེམས་ཅན་འདུལ་བའི་དབྱངས་ཅན་ནོར་བུའི་རྒྱལ་པོ་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་ཀྱིས་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ། ། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། ནོར་བུ་ཐམས་ཅད་ཀྱི་མཛོད་ཀྱི་འོད་ཟེར་རྒྱ་མཚོའི་སྤྲིན་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང་། སྒྲ་དང ་དྲི་དང་རོ་དང་། རེག་བྱའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྒྲོགས་པ་རྒྱས་པར་འགེངས་པའི་འོད་ཟེར་རྒྱ་མཚོ་སྤྲིན ་རྣམས་དང་། སངས་རྒྱས་ཀྱི་ཞིང་བཀོད་པ་ཐམས་ཅད་སྡང་བར་བྱེད་པའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་གི་ཁང་པ་བརྩེགས་པ་ཐམས་ཅད་ཀྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ ་གྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་། བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྒྲོགས་པ་ཅན་གྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ ་པོ་ཆེ་མི་ཟད་པ་ཐམས་ཅད་བསྟན་པ་དང་མེ་ཏོག་ཐམས་ཅད་ཀྱི་ཟ་བའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་། ཁྲི་སྟན་བཀོད་པ་ཐམས་ཅད་ཀུན་དུ་སྟོན་པའི་འོད་ཟེར་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླ་མར་བྱའོ།། རི་མོར་བྱ།། མཆོད་པར་བྱའོ།། རིན་པོ་ཆེའི་འོད་འཕྱོ་བའི་ཁ་དོག་མཐར་ཡས་པ་རྒྱ་མཚོ་སྤྱན་མ་འདྲེས་པ་རྣམས་དང་། ཀུན་ཏུའོང ་ཀྱི་ནོར་བུའི་རྒྱལ་པོའི་འདི་ཟང་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་ཞིང་རྒྱ་ཆེན་པོ་བཀོད་པ་སྡང་བར་བྱེད་པའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང་། སྤོས་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན ་རྣམས་དང་། བཀོད་པ་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཟེ་བ་འོད་འཕྲོ་བ་རྒྱ་མཚོ་སྤྲིན ་རྣམས་དང་། གོས་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང་། བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་སྤྱོད་པ་དབྱངས་ཅན་ནོར་བུའི་རྒྱལ་པོའི་འོད་འཕྲོ་བ་རྒྱ་མཚོ་སྤྱན་རྣམས་དང་། མུ་ཏིག་ན། ་སྤྱོད་མ་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གང་ཆེན་མཚོའི་སྤྲིན་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བྲ་མར་བྱའོ།། རི་མིར་བྱའོ།། མཆོད་པར་བྱའོ།། ་སྤོས་དང་། མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་རྒྱ་མཚོ་སྨིན་བསམ་གྱིས་མི་ཁྱབ་པ་རྣམས་དང་། རིན་པོ་ཆེ་འོད་འགྲོབ་ཐམས་ཅད་ཀྱི་པད་མོ་འདྲབ་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་རང ་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། རིནི་ཅི་ཐམས་ཅད་ཀྱི་འདོག་དང་ལྡན་པའི་མུ་ཏིག་གི་མཛོད་རྒྱ་ཆེན་པོ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་དང་། སྤོས་དང་། ཙན་དན་ཐམས་ཅད་ཀྱི་ཕྱེ་མ་རྒྱ་མཚོ་སྟོན་རྣམས ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུའི་རྒྱལ་པོ་ཡིད་དུ་འོང་ཞིང་སྡུག་པ་མཛེས་པའི་དབྱངས་ཅན་རྒྱ་མཚོ་སྤྲིན་རྣམས་དང་།། ཉི་མའི་འོད་ཀྱི་ནོར་བུའི་ཚོགས་ཀྱི་ཕྲེང་བ་ཏུ་མཛེ་སྤྲིན ་རྣམས་དང་། རིན་པོ་ཆེའི་མཛོད་མཐའ་ཡས་པ་རྒྱ་མཚོ་སྤྲིན་རྣམས་དང་། ཐམས་ཅད་ཀུན་དུ་བཟང་པོའི་ལུས་མ་འདྲེས་པ་རྒྱ་མཚོ་སྤྲིན་རྣམས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གང་ཆེན་མཚོའི་སྤྲིན་གྱི ་རྒྱམཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ། ། བླ་མར་བྱའོ།། མོར་བྱའོ།། མཆོད་པར་བྱའོ།། ཞེས་དེ་ལྟ་བུའི་སྨོན་ལམ་བཏབ་ནས། ཀླུའི་རྒྱལ་པོ་དེ་དག་གིས་ཡང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བབྱས་ཏེ། ཞབས།། ་ལ་ཕྱག་འཚལ་བ་དང་། བཅོམ་ལྡན་འདས་ཀྱིས་གནང་ནས་རང་རང་གི་སྟན་ལ་འཁོད་དོ།། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་བུའི་བདག་པོ་ཆེན་པོ་ཕྱིར་མི་ལྡོག་པའི་སྨོན་ལམ་གྱི་སྟོབས་ཅན་གཡོག་མཐའ ་ཡས་རྒྱ་མཚོ་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཛམ་བུའི་གླང་འདིར་འོངས་སོ།། ་དེ་ནས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོ་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོལ ་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀླུའི་བདག་པོ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། ་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོ་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྔ ་ལྟར་ན་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པ་དང་། རབ་ཏུ་དགའ་བར་འགྱུར། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་འགྱུར། ་དང་། ཤིང་གེ་ལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་འཁྲུད་པར་འགྱུར། འབྲུ་ཐམས་ཅད་སྐྱེ་བར་འགྱུར། བཅུད་ཐམས་ཅད་ཡང་དག་པར་སྐྱེ་བར་འགྱུར། གང་གིས་འཛམ་བུའི་གླིང་གི་མི་རྣམས་བདེ་བ་དང ་ལྡན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོ་སྤྲིནི་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ། ། ཀླུའི་བདག་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ་ལེགས་སོ།། ཀླུའི་བདག་པོ་དེའི་ཕྱིར ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ཀླུའི་བདག་པོ་ཆོས་གཅིག་དང་ལྡན་ན་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་རྒྱུན་ཆད་པར་འགྱུར་བ་བདེ་བ་དང་ལྡན་པར་འགྱུར་རོ།། ཆོས་གཅིག་པོ ་གང་ཞེ་ན། འད་ལྟ་སྟེ་བྱམས་པའོ།། ཀླུའི་བདག་པོ་བྱམས་པ་དེ་ལ་གནས་པའི་ལྷ་དང་མེ་རྣམས་ནི་མེས་མི་ཚིག། མཚོན་གྱིས་མི་ཚུགས། ཆུས་མི་ཁྱེར། དུག་གིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱིས་ཟིལ ་གྱིས་མི་ནོན། བདེ་བར་གཉིད་ཀྱིས་ལྡོག་པར་འགྱུར། བདེ་བར་སང་པར་འགྱུར། རང་གི་བསོད་ནམས་ཀྱིས་ཡོངས་སུ་བསྲུངས་པར་འགྱུར། བསོད་ནམས་ཆེན་པོས་གཟི་བརྗིད་ཀྱིས་གཟི་ཅན་དུ་འགྱུར། ལྷ་དང་བཅས ་པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར། མཛེས་པ་དང་མཐོང་ན་དགའ་བར་འགྱུར། འགྲོ་བ་ཐམས་ཅད་དུ་ཐུགས་ཐོགས་མེད་པར་འགྱུར། སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང་ས་རབ་ཏུ་དགའ་བར་འགྱུར། ་བདེ་བ་ཐམས་ཅད་དང་ལྡན་པ་དང་། མིའི་ཆོས་བླ་མེ་རྟོགས་ནས་ལུས་ཞིག་པའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་ལྷ་དང་མི་བྱམས་པ་ལ་གནས་པ་རྣམས་ཀྱི་ཕན་ཡོན་འདི་དག་གོ། ་གྲུའི་བདག་པོ་དེ་བས་ན་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ།། ཀླུའི་བདག་པོ་གཞན་ཡང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས ་བརྗོད་པར་བྱ་སྟེ། དེས་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད། བདེ་བ་ཐམས་ཅད་སྦྱིན་པར་བྱེད་དེ། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་བྱེད། རྩཝ་དང་ཤིང་གེལ ་པ་དང་། སྨན་དང་། ནགས་ཚལ་དང་། ལོ་ཏོག་ཐམས་ཅད་སྐྱེ་བར་བྱེད་དོ།། ཀླུའི་བདག་པོ་དེ་ལ་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་གང་ཞེ་ན། ཏདྱ་ཐཱ། དྷཱ་ར་ཎཱི་དྷཱ་ར་ཎཱི། ཨུད་ཏཱ་ར་ནི། ས་མ་པྲ་ཏིཥྛི་ཏེ། ཥི ་བི་ཛ་ཡ་བརྣ། ས་ཏྱ་པྲ་ཏི་ད་ཉ་ས་རཧ། ཛྙཱ་ན་བ་ཏི། ཨུད་དེ་བཱ་ད་ནི་བི་ནཱ་མ་ནི། ཨ་བྷི་ཤེ་ཙ་ནི། ཨ་བྷི་བྷཱུ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཀུ། ཨེ་ཧི་ཀུམ་བ་ལ་ནི། བ་ཧཱ་ཧཱ་རཀླྀ་ཤཱ་ན། དྷུ་ན་བཱ་བ་མ། ཤོ་དྷ་ཡ་མ་རྦཱན། ་ནིར་ཏི་ཀ། དྷརྨ་ཏ་ཤུད་དྷ། ལོ་ཀ་བི་ཏི་མེ་ར་ར་ཙས། དུཿཁ་ཤ་མ་ན་སརྦ་བུད་དྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏི། པྲཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ།། ཀླུའི་བདག་པོ་གཟུངས་ཀྱི་ཚིག་དོན་ཐམས་ཅད་སྒྲུབ་པར་བྱེད་པ། ཆོས་ཀྱི་སྐུལ ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བདེ་བ་ཐམས་ཅད་སྦྱིན་པ་འདི་དག་གཟུང་བར་བྱ། བརྗོད་པར་བྱའོ།། ཀླུའི་བདག་པོ་གཞན་ཡང་སྤྲིན་གྱི་རིགས་ལས་འབྱུང་བའི་བྱིན་གྱིས་རླབས ་བཀོད་པ་གཟི་བརྗིད་ཀྱི་སྙིང་པོ་སྤྲུལ་པ་སྣང་བར་བྱེད་པ། ཡེ་ཤེས་ཀྱི་ཏོག་གི་ཆུའི་རྒྱུན་གྱི་སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན་པ། གསེར་གྱི་འོད་ཟེར་རྣམ་པར་སྤང་བར་བྱེད་པ། སྐྲའི་རྩེ་མོའི་ཆ་ཤས་གཅིག་ལས་བྱུང ་བའི་རུས་དང་། རིགས་ཀྱི་དེ་བཞིན་གཤེགས་པོཔ་རྣམས་ཀྱི་མཚན་གཟུང་བར་བྱ། ཡིད་ལ་བྱའོ།། དེ་དག་གིས་ཀླུ་ཐམས་ཅད་དང་། ཀླུའི་རིགས་ཐམས་ཅད་དང་།། ཀླུའི་རུས་ཐམས་ཅད་དང་། ཀླུའི་ཚོ་གྱི ་ཐམས་ཅད་དང་། ཀླུའི་འབྱུང་བ་ཐམས་ཅད་དང་། ཀླུའི་སྐྱེ་གནས་ཐམས་ཅད་དང་། ཀླུའི་རྒྱལ་པོ་ཐམས་ཅད་དང་། ཀླུའི་བུ་མོ་ཐམས་ཅད་དང་། ཀླུའི་གཡོག་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད ་པ་བདེ་བའི་ཡོ་བྱད་ཐམས་ཅད་བསྒྲུབ་པར་བྱེད་དོ། ། ཀླུའི་བདག་པོ་དེ་ལ་དེ་བཞིན་གཤེགས་པའི་མཚན་དེ་དག་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྙིང་པོ ་ཅན་གྱི་སྤྲིན་ཆེན་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་རིགས་ལས་བྱུང་བའི་སྤྲིན་གྱིས་རྣམ་པར་མཛེས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ ་འཛིན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ལྡན་སྤྲིན་གྱི་གཟི་བརྗིད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འབྱུང་ལ་ཕྱག་འཚལ་ལོ།། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཀླུང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་སྤྲིན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་མཁའ་དཔག་མེད་ལ་ཕྱག་འཚལ་ལོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་གློག་འབར་བའི་ཚོགས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་མཐུ་རྩལ་དཔའ་བོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་སྤྲིན་མཛེས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་སྡུང་ཆེན་པོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་དཀྱིལ་འཁོར ་ཆེན་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་འོད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སེང་གེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་གདུགས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བལྟ་སྡུག་སྤྲིན་ཆེན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན ་ཆེན་པོས་ཁེབས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལས་འབྱུང་བ་སྣང་བར་བྱེད་པའི་དཀྱིལ་འཁོར་ཕྱོགས་བཅུ་མཐོ་འགེབས་རྔའི་སྒྲ་དབྱངས་ཤིན་ཏུ་རབ་སྒྲོགས་ལ ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་བསིལ་འབྱུང་མི་དགའ་རབ་འཇོམས་སྒྲ་ཟབ་སྒྲོགས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་དཔལ་ལ་ཕྱག་འཚ ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གང་གཱའི་ཆུ་སྤྲིན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩལ་གྱི་སྤྲིན་ལྟར་དཔའ་བོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་འབྲུག་སྒྲ་སྒྲོགས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་ཀུན་ཏུ་སྟོན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་རྒྱ་ཆེན་ལ་ཕྱག་འཚལ་ལོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་འཛག་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་སྒྲོགས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨིན ་ལྟར་འཕགས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟ་བུའི་ན་བཟའ་བ་ནབས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྦྱིན་གྱིས་ལོ་ཏོག་སྐྱེད་ལ་ཕྱག་འཚལ་ལོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་གནས་ལ་གནས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆར་སྤྲིན་གྱི་སྤྲིན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་སྨིན་འདུ་བར་མཛད་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་རྣམ་པར་རྒྱས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་མུཏྤལ་པ་ཕྱག་འཚལ་ལོ།། ཅོམ ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སྤོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འཕགས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན ་ཆེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འོད་མཛད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་བྱིན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདྲ ་དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྤྲིན་ལྟ་བུ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པསྤྲིན་གྱི་ཆུ་བོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་སྡུད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དུས་མ་ཡིན་པའི་སྤྲིན་དང་ལྕེ་འབབ་པ་རྣམ་པར་འཇོམས་པ་ལ ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་ལྟར་ནམ་མཁའ་མཐོ་ནས་བསྒྲགས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སྣ་འབྱིན་ལ་ཕྱག་འཚལ་ལོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་ཆར་བུ་སྐྱེས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྙེམས་པའི་གཟི་བརྗིད་སྒྲུབ་པའི་སྤྲིན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་རོ་བྲོ་བདྲུག་དང་ལྡན་པའི་ཆུ་ཆེན་པོའི་སྤྲིན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆུ་འཐོར་སྤྲིན་ཆེན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེག་པ་སྤྲིན་ཆེན་རྒྱ ་མཚོ་འགེངས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆར་མི་འབབ་པ་ན་སྤྲིན་གྱིས་ཀུན་ཏུ་འགེབས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཆེན་པོ་ཐམས་ཅད་རྣམ་པར་སྒྲུབ་པ་འཛམ་བུའི་སྤྲིན་གྱི་དཔལ་གྱི་གཟི་བརྗིད་འོད་མཛད་པ་སྤྲིན་གྱི ་འོད་ཟེར་ཅན་རྣམས་ལ་ཕྱག་འཚལ་ལོ། ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་མཚན་འདི་དག་བརྗོད་པས་ཀླུ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང་། བདེ་བ་ཐམས་ཅད་དང་ལྡན་པ་དང་། འཛམ་པ ་གླིང་འདིར་དུས་དུས་སུ་ཆར་པའི་རྒྱུན་འབབ་པ་དང་། རྩཝ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། ལོ་ཏོག་ཐམས་ཅད་སྐྱེད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཀླུའི་བདག་པོ ་གཡོག་མཐའ་ཡས་རྒྱ་མཚོ་སྦྱིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་སྐད་མའི་ཚེས་དམའི་ཕྲིན་ཛམ་གྱི་ལྡིང་འདིར་ཆུར་མིའི་བབ་ཟེའི་ཚེག ་དག་བརྗོད་ན་ཆར་གྱི་རྒྱུན་ཆེན་པོ་འབབ་པར་བགྱིད་པ་དང་། མི་བཟད་པའི་དུས་ཀྱི་ཚེ་དང་། གནོད་པ་འབྱུང་བའི་དུས་ཀྱི་ཚེ་དང་། ཆོས་མ་ལགས་པས་སྐྱེ་བོ་འཐབ་པའི་དུས་ཀྱི་ཚེ་དང་། ཡམས་ཀྱི་ནད་དང་། གནོད་པ ་འབྱུང་བའི་དུས་ཀྱི་ཚེ་དང་། ནད་དང་འཆི་བའི་དུས་ཀྱི་ཚེ་དང་། སྐར་མ་མ་རུངས་པ་གནས་པའི་དུས་ཀྱི་ཚེ་དང་། ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དང་། དེ་ལྟ་བུའི་གཟུངས་ཀྱི ་གསང་སྔགས་གཞི་རྣམས་ཤད་དུ་གསོལ། ། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབ་པར་གསོལ།། གང་དག་ཀླུ་ཐམས་ཅད་ལ་སྐུལ་མ་འདེབས་པར་འགྱུར་བ་དང་། ལྷ་ཐམས་ཅད་རབ་ཏུ་དགའ་བར ་འགྱུར་བ་དང་། བདུད་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་ཐམས་ཅད་འཇིག་པར་འགྱུར་བ་དང་། གནོད་པ་ཐམས་ཅད་ཟློག་པར་འགྱུར་བ་དང་། ཞི་བ་དང་བདེ ་ལེགས་སུ་འགྱུར་བར་བགྱིད་པ་དང་། རྒྱུ་སྐར་མ་རུངས་པས་བགྱིས་པརབ་ཏུ་ཞི་བར་འགྱུར་བ་དང་། བཅོམ་ལྡན་འདས་ཀྱིས་ཆང་བའི་བར་ཆད་ལྔ་གསུངས་པ་གང་ལགས་པ་དེ་དག་ཐམས་ཅད་སེལ་བར་འགྱུར ་བ་དང་། འཛམ་བུའི་གླིང་འདིར་ཆར་བའི་རྒྱུན་ལེགས་པར་འབབ་པར་འགྱུར་བ་དེ་ལྟ་བུའི་གཟུངས་ཀྱི་གསང་སྔགས་གཞི་རྣམས་བཅོམ་ལྡན་འདས་མཆོག་ཏུ་ཐུགས་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པར ་ཐུགས་བརྩེ་བ་དང་ལྡན་པས་བཤད་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་གསོལ་བའི་ཚལ་ལོ།། དསྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་གཡོག་མཐའ་ཡས་རྒྱ་མཚོ་སྨི ་བགོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀླུའི་བདག་པོ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་འདེམ ་པ་ལེགས་སོ་ལེགས་སོ། ། ཀླུའི་བདག་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སྙིང་རྗེ་ཆེན་པོ་ལས་བྱུང་བ་འབྲུག་ཆེན་པོའི་སྒྲ་ཅན་བསྒྱིངས་པ་དཔའ་བོའི་ཏོག་ཅེས་བྱ་བའི་གཟུངས་སེམས་ཅན ་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བ་བཤད་པར་བྱ་སྟེ། དེ་ནི་ཆར་མེད་པའི་ཚེ་ཆར་འབབ་པར་བྱེད། ཆར་ཆེས་པ་གཅོད། ་འཆི་བའི་གནོད་པ་རབ་ཏུ་ཞི་བར་བྱེད། ཀླུ་ཐམས་ཅད་སྐུལ་བར་བྱེད། ལྷ་ཐམས་ཅད་སིམ་པར་བྱེད། བདུད་ཐམས་ཅད་རྣམ་པར་འཇོམས་པར་བྱེད། སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་བྱེད་དོ།། ཏདྱ་། ་མ་ཧཱ་ཛྙཱ་ན། ཨ་བ་བྷ་ས་ནི། ཤྲི་ཏེ་ཛོ་ལག་སྨ་དྲི་ཊ་བི་ཀྲ་མ། བཛྲ་སད་ཧ་ཏ་ནེ། བ་ར་མ་བི་རཱ་ཛ། ནིརྨ་ལ་གུ་ཎ་ཀེ། ཏུ་སཱུརྱ་པྲ་བྷེ། བི་མ་ལཱ་དག་ཡཥྚི། བྷ་ར་བྷ་ར། སམ་བྷ་ར་སམ་བྷ་ར། དུ་དུམ་བུ། ཧ་ན་ཧ་ན། མ་ཧཱ་པྲ་བྷེ་བི་དྷུཏྲ ་མཧཱ་མོ་དྷ་ཨཿཀ་རེ། པྲཛཱ་གྲ་ཤུད་དྷི། བ་ར་པཱུ་ར་ཎ་མེ་ཏྲེ། མཻ་ཏྲཻ་བི་ར་མ་ན་སྐན་དྷ། མི་ཏྲེ་མ་བུད་དྷུར། ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ། ཛྭ་ལཱམ་བུད་དྷེ་བོ་ག་རུ་སུ་མེད་ཤ་བ་ལེ། ཙཏྲ་བི་ཤཱ་རཱདྷེ། ཨཥྚ་དྲ་ཤ་ཨ་བེ་ནི་ཀཱ་བུད་དྷཱདྡྷརྨ ་ཤུ་ཌྷ་མ་ཏི། པུ་ཏུ་རཱ་ཤི། ཤུ་ཀྵ་དྷ་ར་མ་ས་མ་ནི་ཏི། ག་མེ་བྷི་རེ། ག་མ་བྷཱི་རཾ། བི་རཱ་ཛ་སྐཾ། བི་མ་ལོ། བི་ཤེ་ཥ། པྲཱ་བ་ཏེ། ནི་རཱ་སྲ་བ་དྷརྨ། སརྦ་ལོ་ཀ་ཛྙེ་སྠ་ཛྙེ་སྠ། པྲ་ར་པྲ་བ་ར། ཨ་ནུད་ཏི་ར། ཨ་ས་ད་གེ། དྷར་དྷ་ར། དྷི་དྷི་རཾདྷཱ ་རྦ་དྷུརུ། ཤཱན་ཏམ་ཏེ། ཤན་ཏ་བ་བེ། ཙ་ར་ཙ་ར། ཙ་ར་ཙ་ར། ཙ་རི་ཙི་རི། ཙུ་རུ་ཙུ་རུ། བ་ར་མ་བུད་དྷཱ་ནུ་མི་ཏེ། མ་ཧཱ་པྲཛྙཱ་བྷཱ་ར་མི་ཏེ་སྭཱ་ཧཱ།། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་རྒྱ་མཚོ་དང་ལྡན ་པ་ལ་ཕྱག་འཚལ་ལོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་འཛམ་བུའི་གླིང་འདིར་ཆར་དབབ་པའི་ཕྱིར་ཀླུ་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱའོ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ཆར་བའི་བར་ཆད་བྱེད་པ་ལྔ་བསལ་བར་བྱའོ། ། སྱ་ཡ་ཐེ་དན་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ནཱ་གཱ་ནཱན། ཛ་བ་ཛ་བ། ཛི་བི་ཛི་གི་ཛུ་བུ་ཛུ་བུ། ཀླུ་ཆེན་པོ་དག་ཚུར་ཤི། ་སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀླུའི་བདག་པོ་ཆེན་པོ་དག་ཚུར་ཤེག། ཀྱེ་ཀླུ་ཆེན་པོ་དག་སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར ་རབ་ཏུ་ཕོབ་ཤིག། བར་བ་ར། བི་རི་བི་རི། བུ་རུ་བུ་རུ། སངས་རྒྱས་ཀྱི་བདེན་པས་ཀླུ་ཐམས་ཅད་དགུག་པར་བྱའོ།། བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། བཏང་སྙོམས་ཀྱི་སེམས་དང་། སངས ་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། བདེན་པ་དང་། བསམ་པ་ཆེན་པོས་ཀླུའི་བདག་པོ་དག་ཚུང་ཤེགསངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས ་དྲན་པར་གྱིས་ཤིག། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཆུ་ཆེན་པོའི་ཆུ་དང་། སྤྲིན་གྱི་ཆུ་འཆང་བ་ཅན་ལག་གིས་འགྲོ་བ་ཆེན་པོའི་གཡོག་རྣམས་བྱམས་པའི་སེམས་ཀྱིས་ཚུར་ཤིག། སྟོན་པའི་བསྟན་པ་དམ་པ། ་དྲན་པར་གྱིས་ཤིག། གྷ་ཊ་གྷུ་ཌ། གྷི་ཌི་གྷི་ཌི། གཱུ་ཌྷ་གཱུ་རྞ། དྲག་ཤུལ་ཅན། ཁྲོ་བོ་ཤུགས་ཆེན་པོ་དང་ལྡན་པ། དུག་ཆེན་པོའི་ལྕེ་འབྱིན་པ་རྣམས་བྱམས་པའི་སེམས་དང་ལྡན་པ་ཚུར་ཤེག། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་ཕབ་ཤིག། སྭཱ་ཧཱ། ཏ་ཊ་ཏ་ཊ། ཏི་ཊི་ཏི་ཊི། ཏུ་ཊུ་ཏུ་ཊུ། ནོར་བུ་ཆེན་པོའི་ཅོད་པན་ཐིགས་པ་དང་ལྡན་པ། སྦྲུལ་གདུག་པའི་གཟུགས་ཅན་རྣམས་དཀོན་མཆོག་གསུམ་གྱི་བྱིན ་གྱིས་རླབས་དྲན་པར་གྱིས་ལ། རྡོ་རྗེ་འཆང་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་ཕོབ་ཤིག་སྭཱ་ཏྨ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཆུ་ཆེན་པོ་ལ་གནས་པ་དང་ལྡན་པ་སྤྲིན་ཆེན་པོ་བརྩེགས་པའི་བཞོན་པ་ལ་ཞོན། ་ནས་མངོན་པར་འགྲོ་བ་རྣམས་ཚུར་ཤིག། བྱམས་པའི་སེམས་ཀྱིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཐོང་ཤིག། དེ་བཞིན་གཤེགས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་ལག་ན་རྡོ་རྗེས ་བསྒོ་བ། ར་ལ་ར་ལ། རི་ལི་རི་བི། རུ་ལུ་རུ་ལུ། ལག་གི་འགྲོ་ཐམས་ཅད་ཁྱེད་རྣམས་གཉིད་མེད་པར་དུས་གསུམ་གྱི་དེ་བཞིན་གཤེགས་པའི་བདེན་པས། གྷ་མ་གྷ་མ། གྷི་མི་གྷི་མི། གླུ་མུ་གྷུ་མུ་སྭཱ་ཧཱ། ཀླུ་ཐམས་ཅད་དགུག ་གོ། ། ཁམས་པའི་སེམས་ཀྱིས་བབྱང་ཆུ་ཀྱི་སེམས་སྔོན་དུ་འགྲོ་བས། ན་ར་ན་ར། ནི་རི་ནི་རི། ནུ་རུ་ནུ་རུ། སྭཱ་ཧཱ།། ཡོན་པོ་སྣ་ཚོགས་སུ་གྱུར་པའི་མགོ་སྟོང་པ། མགོ་དང་མིག་དམར་བ། སྟོབས་ཆེ་བའི་ལྟོའི་ཕྱེ་ཆེན་པོ་རྣམས ་དགུག་པར་བྱའོ། ། ཀྱེ་ཀྱེ་ལག་གིས་འགྲོ་ཆེན་པོ་དག་མཆོག་ཏུ་ཐུགས་རྗེ་ཅན། བསོད་ནམས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་བརྗིད་པ། ཉོན་མོངས་པ་དང་བྲལ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་རླབས་དྲན་པར ་གྱིས་ཤིག། ག་ཌ་ག་ཌ། གི་ཊཱི་གི་ཌི། གུ་ནྱ་གུ་ཌྷ་སྭཱ་ཏཱ། སྟོབས་དང་། ཕ་རོལ་གནོན་པ་དང་། གཟི་བརྗིད་ཐོགས་པ་མེད་པ་དང་ལྡན་པ་དག་གིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་རྣམས་ཕོབ་ཤིག། ཤར་ཤར། ཤི ་ཤི་རི། ཤུ་རུ་ཤུ་རུ་སྭཱ་ཧཱ། ཀྱེ་ཀྱེ་ཀླུ་ཆེན་པོ་རྣམས་རེང་རང་གི་རིགས་དང་། ཚེ་རིགས་དྲན་པར་གྱིས་ལ། མ་ཤོལ་བར་ལྷ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་རླབས་ཀྱིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཕོབ་ཤིག། ་སྭཱཧཱ། ཚངས་པའི་བདེན་པའི་བྱིན་གྱིས་རླབས་ཀྱིས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། བརྒྱ་བྱིན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། རྒྱལ་པོ་ཆེན་པོ་བཞིའི་བདེན ་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབཤིག་སྭཱ་ཧཱ། ཀླུ་ཆེན་པོ་དག་བརྒྱད་པའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུ་ཆེན་པོ་དག་རྒྱུན་ཏུ་ཞུགས་པའི་བདེན་པས་འཛམ་བུའི་གླིང་འདིར ་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུ་ཆེན་པོ་དག་ལན་ཅིག་ཕྱི་རི་འོང་བའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུ་ཆེན་པོ་དག་ཕྱིར་མི་འོང་བའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་པོ ་ཤིཀ་སྭཱ་ཏྨ། ཀྵ་ཆེན་པོ་དག་དགྲ་བཅོམ་པའི་བདེན་པས་འཛམ་བུའི་གླིང་འདིར་ཅར་རབ་ཏུ་པོབ་ཤིག་སྭཱ་ཧཱ། ཀླུ་ཆེན་པོ་དག་རང་སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་པོབཤིགས་ཧཱ།། ཀླུ་ཆེན་པོ་དས ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུ་ཆེན་པོ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང་། བྱིན་གྱིས་རླབས་ཀྱིས་འཛམ་བུའི ་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ལྷ་ཐམས་ཅད་ཀྱི་བདེན་པས་གནོད་པ་ཐམས་ཅད་ཞི་བར་གྱིས་ཤིག་སྭཱ་ཧཱ། ཀླུ་ཐམས་ཅད་ཀྱི་བདེན་པས་ས་ཆེན་པོ་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། གནོད་སྦྱིན་ཐམས་ཅད ་ཀྱི་བདེན་པས་སེམས་ཅན་ཐམས་ཅད་སྤངས་ཤིག་སྭཱ་ཧཱ། དྲི་ཐ་ཐམས་ཅད་ཀྱི་བདེན་པས་མི་རྣམས་ཀྱི་ཁྲུག་པ་དང་། གནོད་པ་ཐམས་ཅད་སོལ་ཅིག་སྭཱ་ཧཱ། ལྷ་མ་ཡིན་ཐམས་ཅད་ཀྱི་བདེན་པས་རྒྱུ་སྐར་མ་རུངས་པ། ་ཐམས་ཅད་རྣམ་པར་ཟློག་ཤིག་སྭཱ་ཧཱ། ནམ་མཁའ་ལྡིང་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་བྱམས་པར་བྱོས་ལ་འཛམ་བུའི་གླིང་འདིར་ཆར་ཆེན་པོའི་རྒྱུན་ཕོབ་ཤིག་སྭཱ་ཧཱ། མི་འམ་ཅི་ཐམས་ཅད་ཀྱི་བདེན་པས ་སྡིག་པ་ཐམས་ཅད་ཞི་བར་གྱིས་ཤག་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཚིམ་པར་གྱིས་ཤིག་སྭཱ་ཧཱ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་བདེན་པས་ཡངས་ཤིང་རྒྱ་ཆེ་བའི་ཆར་གྱི་རྒྱུན་ཕོབ་ཤིག། འདིར་ཆར་ལ་སྒྲིབ་པ་ལྔ ་པོ་དག་ཡང་དག་པར་ཟུང་ཤིག་སྭཱ་ཧཱ། ། མ་ཐམས་ཅད་ཀྱི་བདེན་པས་མི་ཐམས་ཅད་ལ་ཡོངས་སུ་སྲུངས་ཤིག་སྭཱ་ཧཱ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། ད་རང་ར། དི་རི་དེ་རི། དུ་རུ་དུ་རུ། ན་ཊ་ན་ཊ། ནི་ཊི་ནི་ཊི། ནུརྱ ་ནུ་ཊ། ཤིན་ཏུ་འགྱོགས་པར་བཞུད་ངམ། སྤྲིན་ཆེན་པོའི་ཆུ་འཛིན་མ། སྤྲིན་ལྡན་མ། སྤྲིན་ཆེན་ལྡན་མ། སྤྲིན་ཆེན་ཆུ་འཛིན་མ། སྤྲིན་གསལ་མ།། སྤྲིན་འབྱུང་མ། དུས་སྤྲིན་མ།། སྤྲིན་གྱི་འབྱུང་གནས་མ། སྤྲིན་སྒྲོགས ་མ། སྤྲིན་བཞུགས་མ། སྤྲིན་གྱི་ཅོད་པན་ལྡན་མ།། སྤྲིན་གྱི་ཕྲེང་བ་མངའ་མ། སྤྲིན་གྱིས་རྣམ་པར་རྒྱན་མ། སྤྲིན་བཅིབས་མ། སྤྲིན་ལ་གནས་བཅས་མ། སྤྲིན་གྱི་སྙིང་པོའི་སྤྲིན་གྱི་རལ་པ་ཅན། སྤྲིནི་འོད་མ། སྤྲིན་གྱི་འཁོར ་ལྡན་མ། རྒྱ་ཆེན་སྤྲིན་བཞུགས་མ། མཆོད་ཕྱིར་སྤྲིན་ཐོགས་མ། ལོ་ཏོག་འོངས་སྒྲུབ་མ། རི་ཡུལ་ན་བཞུགས་མ། ཀླུའི་ཡུམ་བཅོམ་ལྡན་འདས་མ།། སྤྲིན་ཆེན་དཔལ་ལྡན་སྐར་མདོག་ཅན། བསལ་རེག་པ། ཆུབ་མཚན ་པོ་སྤྱོད་ཡུལ་མ། ། ཀླུ་ཆེན་རྣམ་པར་རོལ་མཛད་མ། བཅོམ་ལྡན་འདས་མ། བོན་ཏྲི་བཅུད་ཀྱིས་ལེན་དྲུག་འཛིན་མ། སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་དབབ་ཏུ་གསོལ་སྭཱ་ཧཱ།། གྷ་རཀྟ་ར། ཀྵི་རིནྟི ་རེ། གྷུ་རུ་གྷུ་རུ། གྷི་རི་ནི་གྷི་རི་ནི། གྷུ་མ་གྷུ་མ་གྷུ་མ། གྷུ་མ་གྷུ་མ་གྷུ་མ། གྷུ་མ་གྷུ་མ་གྷུ་མ་རི། དཔུང་དགུ་དང་ལྡན་མ། སྤྲིན་ཕྲེང་ལྡན་མ། གློག་ཚོགས་ཕྲེང་ལྡན་མ། ལག་གིས་འགྲོ་ཐམས་ཅད་འཛིན་མ། སྤྲིན་ལྟ་བུའི ་ན་བཟའ་བནབས་མ། དྲུག་དྲག་པོ་ཐམས་ཅད་སྤྱོད་ཚུལ་མོ། སྤྲིན་བཀོད་པ་ལ་བཅིབས་མ། འབྲུག་སྩོགས་ས། སྒྲ་སྩོགས་མ།། ཀླུ་ཚོགས་ལ་སྐལ་མ། ལྷ་མོ་སྒྲོན་ཆེན་ཕྲེང་སྙན་མ། ཀླུཐམས་ཅ་ལ་ས་ཤོལ་བར ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཛམ་བུའི་གླིང་འདིར་ཆར་པོབ་ཤིག་ཅེས་བསྐུལ་དུ་གསོལ་སྭཱ་ཧཱ། ཡ་ར་ཡ་ར། ཡི་རི་ཡི་ར། ཡུ་རུ་ཡུར། ང་རང་ར། ཛི་ཛོ་རི། ཛུ་རུ་ཛུ་རུ། དྷ་ར་དྷ་ར། ཀུ་ཊྱ་གུདྷ། ཆུ ་གུ་ཎྱ། ག་ཌ་ག་ཌ། གི་ཌི་གི་ཌི། ཧ་ར་ཧ་ར། ཧི་ལི་ཧི་ལི། མུ་ལུ་མུ་ལུ། ཏ་ལ་ཏ་ལ། ཏི་ལི་ཏི་ལི། ཏུ་ལུ་ཏུ་ལུ། ཧ་ན་ཧ་ན། ད་ཧ་ད་ཧཱ། བཙ་པ་ཙ། གྲིནྣ་གྲི་ནཱ། མ་ར་ད་མ་ར་ད། པྲ་མ་ར་ད། པྲ་བར་ཤ་བི་ག་ནན། མཻ་ཏྲེ་ཡོད་ཉ་བ ་ཡ་ཏི་སྭཱ་ཧཱ། བུད་དྷེ་བུད་དྷེ། བུ་བུད་དྷེ། བུ་བུད་དྷེ། ཧ་ར་བཱ་པཾ། སརྦ་སཏྭ་ན་ན། ཨ་དྷིཥྚེ་ཡ་པ། ཏྱ་མ། སརྦ་བུད་དྷ་ནན། དྷ་རི་ནེ་དྷ་རེ། ཤུབྷ་མ་ཏེ། གུ་ནཱ་གྲ་བཱ་པ་ནེ། མ་ཧཱ་ཛྙཱ་ན་ག་གེ། ཤུག་ཀཱ་དྷརྨ་སཏྱ་པ་ཏིང་ཏེ། ་མ་ཧཱ་ཡཱ་ནཱདྷཥྛི་ཏྲཻ་ལོ་ཀཛྷཥྛ་བྷ་ག་བ་ཏི། བུད་དྷེ་མེ་ཏྲེ་ཨ་བཱ་ར་ཡ་སརྦཀྵེ་ཏྲ་ནཱི། ཤུཀླེ་ཤྭེ་ཏྲ་མ། བ་རེ་ད་རེ། བན་ཏ་ར་བ་སི་ནི། དྷཱདྷ་རེ། དྷུ་དྷུ་རུ། ཤ་མ་ཤ་མ། ཤན་ཏ་མ་ནཱ་སེ། ཆར་གྱི་བགེགས་ཐམས་ཅད་རྣམ་པར་བས ་བར་གསོལ། སྭཱ་ཧཱ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པས་བྱམས་པའི་ཐུགས་ཀྱིས་ཡང་དག་པའི་བ་རྡུལ་ཤུགས་དང་དཀའ་ཐུབ་ཀྱི་ཐུགས་སྐྱོན་མེད་པས་ཀླུ་ཆེན་པོ་རྣམས་ལ་ཡང ་དག་པར་སྐུལ་ལོ། ། ཀླུའི་རྒྱལ་པོ་ཆེན་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་ཡང་དག་པར་བསྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རང ་ཏུ་ཐོབ་ཤེག་ས། ཀླུ་རྒྱལ་པོ་དགའབད་ཉི་དགའ་ལ་ཡང་དག་པར་སྤྲུལ་ལོ།། དུམ་བུའི་གླིང་འདིར་ཆང་རབ་ཅུ་ཐོབ་ཤིག་སྭཱདྷ། ཀླུའི་རྒྱལ་པོ་རྒྱ་མཚོལ་ཡང་དག་པར་སྤྲུལ་ལོ།། རངམ་ཐུར ་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་མ་འདྲེས་པ་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་བོབཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་གཟི་ཅན་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར ་ཆར་རབ་ཏུ་པོ་བ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ཆུ་ལྷ་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་པོ་བ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་འཇོག་པོ་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ ་ཏུ་པོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོ་བཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ ་ཏུ་པོ་བཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་བཏང་བཟུང་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་པོ་བཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ནུ་ཏ་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་བོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་ལ་ཡང་དག་པར་སྤྲུལ་ལོ།། འཇམ་བུའི་གླིང་འདིར་ཆང་རབ་ཏུ་པོ་བཞིན། ་སྭཱཧཱ། ཀླུའི་རྒྱལ་པོ་དཔལ་བཟངས་ལ་ཡང་དག་པར་སྐུལོ། འཇམ་བུའི་གླིང་འདི་ཆར་རབ་ཏུ་པོ་བཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ཀློག་གི་ཕྲེང་བ་ལ་ཡང་དག་པར་སྐུལ་ལོ།། འཇམ་བུའི་གླིང་འདིར་ཆར་རབ་ཏུ་ཐོ་བཤིགས་ཧཱ། རྦའི ་རྒྱལ་པོ་གཙུག་ན་ནོར་བུ་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། ། འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཐོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་ཐོགས་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་པོ ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་བུད་ཅན་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཐམས་ཅད་ལ་ཡང་དག་པར་སྐུལ་ལོ།། འཛམ་བུའི ་གླིང་འདིར་ཆར་རབ་ཏུ་པོབ་ཤིག་སྭཱ་ཧཱ། ནཱ་གེ་ནཱ་གེ། མ་ཧཱ་ནཱ་གེ་གྷོ་ར་མན་སེ་ནཱ་ག་ཧྲིད་ཡ་དུ་མཱ་ཀུ་ལེ། ཨུ་གོ་ར་ཤེ་ཐ་ཙཎ་ཌ་ཏེ་ཛེ། བི་ཤོ་གྲྀ། ཨ་ཥ་བི་ཤེ། ཨ་ཧི་གོ་རེ། ཀྲིཥྞ་བིདག་ལེ། ཙན་ཙ་ལེ། ལོ་ལ་ཛི་ཧཻ། མ་ཧཱ་པ་ན ་ཀར། ཀལ་པ་ཤེ། རོ་དྲ་བཱ་སེ་ནི། ནྱཱརྞ་མ་བེ་གྷ་ན། བྷན། ཤི་ཀི་ནི། ཀ་ན་ཀ་ན། ག་ཎ་ག་ཎ། མཎྜ་གརྞག་ཎེ། པ་ར་པར། པྲི་རི་བི་རི། པུ་རུ་པུ་རུ། བིསཱུ་ནེ། བྷུ་རུ་ཊུ་རུ། མཧཱ་ཌྷ་གི། མན་ད་རེ། བི་རི་བི་རི། ཕུ་རུ་པུརྦ། པར ་པར། བར་ཡང་།། ཛ་ལཱམ་བུད་རཽ།། ཤམ་བུ་ཤམ་ཐ། བ་ཏ་ཏྲ་དྷ་མ་མེ། རླུང་དྲུང་། དྲུང་དྲུས་བེ། མཾ་བྷརྦ་ཏེ། མེ་བྷྱ་བཱཎྜི་ནི། ཌཱ་ཀཊྚ་ཀ། དྷ་ཀརྠ་རྡྷ་མེ་བེ། གྷན་དྷན། ཤི་ཀི་ནི། ཀ་ན་ཀ་ན། ཀཎ་ག་ཎ། མ་ཧཱ་ནཱ་གཞན། ་ནིར་ཏཱ་ཌྷ། བཛྲད་རུ་ཀ་རི་མ་ཧཱ་ནཱ་དྷི་ད་ཡེ། གྷུ་མ་གྷུ་མ། གྷུ་མ་བ་ཡཱསྟི་ཀ། ཛཱང་གི་རི་བུཛྙཱ་ག་མེ། བི་ཀ་ཊ་ས་ཀ་ཊེ། གོ་ར་བིསྠུ་རྫ་ནི། བིཛྲ་མ་བྷ་ནེ། ཀླུ་ཐམས་ཅད་དགུག་གོ།། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང་། བྱམས་པའི་ཐུགས་ཀྱིས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ན་མ་སརྦ་བུད་དྷེ་བྷཱ་སིད་དྷན་ཏུ་མན་ཏྲ་བཱ་ད་ནི་སྭཱ་ཧཱ། འཕགས ་པསྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྟོང་ཕྲག་བརྒྱ་པ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་ཅེས་བྱ་བའི་ལེའུ་སྟེ། དྲུག་ཅུ་རྩ་བཞི་པའོ།། །། ཆོ་ག་ནི་ཆར་ཆེན་དབབ་པར་འདོད་ན་བླ་ག་པ་མེད་པའི་ས་ཕྱོགས ་གཙང་མར་བླ་རེ་སྔོན་པོ་ཟ། བ་དན་སྔོན་པོ་སྐྱོང་དོ།། ཆོས་སྨྲ་བ་ལུས་བཀྲུས་ལ་ཡན་ལག་བརྒྱད་པ་ལ་ཉེ་བར་གནས་ཤིང་། གོས་གཙང་མ་སྔོན་པ་བགོས་ལ། སྤོས་དྲི་ཞིམ་པོ་བསྐུས་ནས། ཟས་དཀར་གསུམ་ཟོས་ལ། ་སྟན་སྔོན་པོའི་སྟེང་དུ་འདུག་ནས། ཁ་ཤར་ཕྱོགས་སུ་བལྟས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཉིན་མཚན་རྒྱུན་མི་འཆད་པར་ཀླག ་པར་བྱའོ། ། ཆུ་སྔོན་པོས་བཀང་བའི་བུམ་པ་གང་བ་བཞི་གཞག་པར་བྱའོ།། གཏོར་མ་དང་། བདུག་པ་དདེ་མེ་ཏོག་ཅི་ནུས་ཀྱིས་སྦྱར་རོ།། དེ་ལ་ཆོས་སྨྲ་བས་ཕྱོགས་བཞིར་ལྕི་བའི་ཐབས་འདི་གང་བྱེབ་པཏེ། ཤར་ཕྱོགས་སུ་ཁྲུ་གསུམ་ཙམ ་དུ་ཀླུའི་རྒྱལ་པོ་མགོ་གསུམ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བའི་ལྕི་བས་བྲི་བར་བྱའོ། ། ལྷོ་ཕྱོགས་སུ་ཁྲུ་ལྔ་ཙམ་དུ་ཀླུའི་རྒྱལ་པོ་མགོ་ལྔ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ།། ནུ ་ཕྱོགས་སུ་ཁྲུ་བདུན་ཙམ་དུ་ཀླུའི་རྒྱལ་པོ་མགོ་བདུན་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། ། བྱང་ཕྱོགས་སུ་ཁྲུ་དགུ་ཙམ་དུ་ཀླུའི་རྒྱལ་པོ་མགོ་དགུ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ ་བྲི་བར་བྱའོ། ། ཆོས་སྨྲ་བ་རང་གི་ལུས་བསྲུངས་ལ་བྱམས་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཉེ་བར་གཞག་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་པ ་བཏབ་ལ་ཀླུ་རྣམས་དང་། དགེ་བའི་རྩ་བ་བགོ་བར་བྱ་སྟེ། འདི་ནི་ཆོ་གའོ།། གང་ཞིག་ཆར་མི་འབབ་པའི་ཚེ་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཀློག་ན་ཉིན་ཞག་གཅིག་གམ་གཉིས་ནས་ཉིན་ཞག་བདུན་ཚུན་ཆད ་གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། ། རྒྱ་མཚོ་ནི་དུས་ལས་ཡོལ་ཡང་སྲིད་ཀྱི། ཐུབ་པ་ཆེན་པོའི་གསུང་རབ་ཆར་གྱི་ཆོ་ག་འདི་ནི་གཞན་དུ་མི་འགྱུར་རོ།། དེ་ལྟ་མོད་ཀྱི་ཚུལ་ཁྲིམས་དང་། ཡོན་ཏན་ལ་གནས་ཏེ་འཚལ ་པའི་ཚུལ་ཁྲིམས་དང་། ཤ་དང་ཉ་ཤ་ལ་སོགས་པ་ཡོངས་སུ་སྤང་བར་བྱའོ།། འོ་ཐུག་དང་། ཞོ་དང་། འོ་མ་དང་། འབྲས་ཆན་བུར་མ་ཅན་ལ་སོགས་པ་དང་། མདར་གསུམ་ཟ་ཞིང་ཀླག་པར་བྱའོ།། དེ་ལྟར་ན་འགྲུབ་པར་འགྱུར་ཏེ ་ཐུབ་པའི་རྒྱལ་པོས་གསུངས་པ་བཞིན་དུ་ཐེ་ཚོམ་མེད་པར་བྱའོ། ། ཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལའུ་ཞེས་བྱ་བ་དྲུག་ན་རྩ་བཞི་པ་ཆོག་དང་བཅས་པ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བོ་དྷེ་དང་། འུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་གོ།། ་