| Wylie | e-texts produced with BDRC’s OCR application |
བྷ་བོད་བྷ་བ། བཱ་བ་མེ་ན་ཤ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་པཿཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ། རྒྱ་གར་སྐད་དུ།། སརྦ་དུཿ། ཁ་པྲ་ཤ་མ་ན་ཀ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། སྡུག་བསྔལ ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་གདན་ན་འཁོར་ཐམས་ཅད་ལ་ཆོས ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས།། གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་མཛད་དུ་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཕྱི་ནད་གསང་བའི་སྡུག་བསྔལ་ཞི་བར་འདོད་པས་འཇམ་དཔལ་སྨྲ་བའི་སེང་གེ་ཟླ་བ་དྲུག་ཏུ་བསྒོམས་པའི་སྦྱོར་བས་ཨཱ་ལི་ཀ་ལི་ལས་བྱུང་བའི་སྔགས་འདི ་བརྗོད་དོ། ། ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མཉྫུ་ནཱ་ཐཱ་ཡ། ན་མ་ཡ་མཱན་ཏ་ཀཱ་ཡ། ཏདྱ་ཐཱ། ཨོཾ་མཉྫ་བྷ་ར། མཉྫུ་གྷོ་ཥ་ཏ་ན། ཧ་ན་ཏན། ད་ཧ་ད་ཧ། བ་ཙ་པ་ཙ། བེ་ཙེ་བེ་ཙེ། བྷི་ཏབྷི་ཏ། ཨི་པུ་ཏ་ཨི་པུ་ཏ། ཏེར་ཏེ་སོད་ཏིད ་ནམཿསོད་ཏ་ནེ། ཐི་བེ་ཤ་ལེ་ཏང་། པྲྀ་ཏ་ཏ་ས་པྲ་བྷིན་ཏི་ཛ་ཡ། ཧཱུ~ཾ་ཧཱ་ཏཱ་ཧཱཾ། ཏེར་དེ་སོད་ཏ་ནི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཱ་གི་ཤྭ་ར་མ?། མཉྫུ་གྷོཥཱ་ཧན། བ་ཏི་སིང་ཧོ་ཏ་རི་ནི་སཱརྠ།། སྔགས་དེ་ལན་ཅིག་བརྗོད་པས་མིངས ་ཚེའི་གཟུངས་ཐོབ་པོ། ། བཅུ་བརྗོད་ན་ཤེས་རབ་ཕྱོགས་མེད་དུ་འགྲེལ་ལོ།། བརྒྱ་བརྗོད་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བར་འགྱུར་རོ།། སྟོང་བརྗོད་ན་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་སོ།། ཁྲི་བརྗོད་ན ་སྡུག་བསྔལ་ཐམས་ཅད་རབ་ཞིའོ། ། འབུམ་བརྗོད་ན་རྫོགས་པའི་སངས་རྒྱས་ཀྱི་ཞལ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོག ་པའི་འཁོར་ཐམས་ཅད་དགའ་ཞིང་མགུ་ནས་ཐལ་མོ་སྦྱང་ནས། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྫོགས་སྷོ། ། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་བ་ག་བཙོ། ཛཾ་བྷ་ནི། སྟཾ་བྷ་ནི། མོ་ཧ་ནི། སརྦོ་ཤ་པྲ་ཤམ་ནི་སཱན།། ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྔག ་