CLOSE WINDOW

Q63: dpal sangs rgyas thod pa zhes bya ba rnal 'byor ma'i rgyud kyi rgyal po
Wyliee-texts produced with BDRC’s OCR application

བགྱིས་པའོ། ། །། རྒྱ་གར་སྐད་དུ། ཤྲཱི་བུད་དྷ་ཀ་པཱ་ལ་ན་མ་ཡོ་གཏན་དྲ་རཱ་ཛཱ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱེར་མའི་རྒྱུད་ཀྱི་རྒྱལ་པོ།། དཔལ་སངས་རྒྱས་ཐོད་པ ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་རུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི ་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་འདོད་ཆགས་དང་བྲལ་བའི་གཙོ་བོ་རྣམས་དང་། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་བཅུ་དང་ཡང་ཐབས་གཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ཚིག་གིས་རྡོ་རྗེ་ཆེན་པོའི་གནས་སུ ་རྒྱུད་ཐམས་ཅད་དང་སྔགས་ཡང་དག་པར་བཤད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དང་པད་མོའི་ཡང་དག་པར་སྦྱར་བས་བཙུན་མོའི་བྷ་ག་ར་ཡོངས་སུ་མྱ་ངན་ལས་འདས་སོ།། ། དེ་ཡོངས ་སུ་མྱ་ངན་ལས་འདས་པ་མཐོང་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། རྣལ་འབྱོར་མ་ཐམས་ཅད་རྨད་དུ་གྱུར་ཏེ་གཅིག་ལ་གཅིག་ཉིད་ཨེ་མའོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བདག་པོ་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས། ། དེ་ནས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས ་འདི་སྐད་ཅེས་གསོལ་ཏོ། ། ལྷ་མོ་སེམས་ཅན་བསོད་ནམས་དམན་པ་རྣམས་ནུས་པ་ལ་ཞོན་པར་འགྱུར་བའི་ཐབས་ཅུང་ཟད་མཆིས་སམ། གསུངས་པ། རྣལ་འབྱོར་གྱི་རྒྱུད་ལ་བྱེད་བྲག་དྲུག་ཉིད་དོ།། རྣལ་འབྱོར ་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ། ། མདོ་སྡེ་སོ་སོ་ལ་ནི་བྱེ་བ་ཕྲག་བརྒྱད་བཅུའོ།། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི་བྱེ་བ་ལ་བསྒྲེས་པའི་འབུམ་ཕྲག་ལྔའོ།། འདི་དག་ཐམས་ཅད་ནི་ཐུབ ་པའི་དབང་པོས་གསུངས་སོ། ། སྔགས་དང་བྲལ་ན་ནི་རྒྱུད་ཀྱི་ནུས་པ་མི་སྣང་སྟེ། རྒྱུད་ལ་ལར་ནི་ཅི་ནས་སྔགས་བྱེ་བ་བཟླས་པར་གསུངས་སོ།། བསོད་ནམས་འབྲིང་པོ་རྣམས་ཀྱིས་ནི་སྔགས་འབུམ་བཟླས ་བས་མྱུར་བར་འགྲུབ་པར་གསུངས་སོ། ། བསོད་ནམས་ཆེ་བས་ཁྲི་བཟླས་པས་ཤིན་ཏུ་མྱུར་བར་འགྲུབ་པོ།། དེ་ལྟར་རྡོ་རྗེ་ཅན་ཆེན་པོ་རྒྱུད་ཀྱི་བདག་པོའི་གཙོ་བོས་གསུང་སོ།། བསོད་ནམས་ཆུང་བའི་སེམས ་ཅན་རྣམས་ཀྱིས་ནི་བྱེ་བ་བཟླས་པར་གསུངས་སོ། ། སེམས་ཅན་འབར་རྩོལ་ཆུང་བ་རྣམས་ཀྱིས་ནི་འབུམ་བཟླས་པར་བདག་སྨྲའོ།། སེམས་ཅན་སྒོམ་པ་ལ་ཞེན་པ་རྣམས་ཀྱིས་ནི་ཁྲི་ཁོ་ན་བཟླས་པར་བྱའོ།། སེམ ་ཅན་འདོད་ཆགས་ལ་ཞུགས་པ་རྣམས་ཀྱི་བཟླས་པ་ཇི་ལྟར་ལགས། ། བླུན་པོ་དང་ལྐུགས་པའི་རིགས་ཅན་རྣམས་ཀྱི་སྔགས་ཀྱི་གྲངས་ཇི་ལྟར་ལགས། ཤིན་ཏུ་དམིགས་པའི་སྔགས་ཀྱི་བཟླས་པ་ཇི་ལྟར་ལ ་འདི་ལྟར་བར་དྲན་སྲབས་བཅཝམ་དངོས་བ་ང་ང་གྱུང་རོ། ། གལ་ཏེ་དམན་པའི་སེམས་ཀྱིས་ཉོན་མོངས་བཞིན་པས་འཟླས་པ་དེའི་ཚེ་བསྐལ་པ་ཀུར་མ་ལ་དུར་བྱུབ་ཡང་དེ་ལ་དངོས་བུབ་མེད་དོ།། དེས་ཤེས ་ནསནལ་འབྱོར་མ་སྣ་ཚོགས་སྡེམ་བཅོམ་ལྡན་འདས་ཀྱིན་ལ་ལ་ལྟ་བར་བྱེད་ཅིང་ཟུར་མིག་དང་བཅས་པའི་ཆགས་པས་བལྟས་ཏེ། ། ཤིན་ཏུ་ཁྲོབས་འཇིགས་པར་བྱེད་ཅིང་སྙིང་ངེའི་ཐུགས་འཁྲུགས་པས་བདུད་རྩི ་ཡུང་རབ་ཏུ་བཅོམ་མོ། ། དེ་ལྟར་བཞུགས་པའི་ལྷ་མོ་ཆེན་མོ་རླུང་ཐམས་ཅད་ཀྱི་བདག་པོའི་དབང་ཕྱུག་ལ་དེ་ནས་དེས་གཟིགས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབུ་ལས་སྔགས་ཕྱུང་ངོ་།། ཨོཾ་བུད་དྷེ་ས་དི་དྷེ་སུ་སྲིད ་དྷེ་ཨ་མྲི་ཏ་ཨ་ར་ཛེ་བུང་དྷཀ་པཱ་ལ་སྲིན་ནི་པ་ཏེ་ཡ་ཏྲ་སྭ་ཡཾ་ཙྪི་ཧོ་ཕཊ། ། དེ་ལྟར་སྔགས་ཀྱི་མཆོགགས་ན་བས་ས་རིམ་པ་བདུན་གྱི་འོག་ཏུ་ཆུང་པའི་ཀླུ་རྣམས་བཅོམ་པར་བྱས་ཤིང་ཕྱེ་མར་བྱས་ནས་སླར་འོངས་ཏེ་ན ་ཚོགས་སྡེ་མའི་ཞལ་དུ་ཞུགས་ཏེ། ། པང་མའི་ནང་ནས་བྱུང་ནས་སླར་ཐོད་པར་ཐུགས་སོ།། སྔགས་འདིའི་མཐུས་ཀུན་མས་ཞིག་སྟེ། སྐྲག་ཅིང་རྡུལ་འབྱུང་བར་འགྱུར་རོ།། ནོར་རྒྱས་ལ་སོགས་པའི་རྫུ་འཕྲུལ་ཆེན་པོ། ་ཐུ་ཐམས་ཅར་ལྷགས་ཏེ། སྟོབས་ཀྱི་རྒྱུ་དང་། རུང་སྐྱོང་དང་འཇོག་པོ་དང་། མཐའ་ཡས་དང་། པད་མ་དང་། པད་མ་ཆེན་པོ་ལ་སོགས་པ་ཀླུ་ཆེན་པོ་རྣམས་དང་། གཞན་གང་ཡང་རུང་བ་དུག་ལས་བྱུང་བ་ཐམས་ཅད ་ཀྱང་ལྷགས་སོ། ། རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཁ་ཕྱོགས་ཏེ་ཀླུ་ཐམས་ཅད་ཀྱིས་ཞུས་པ།། ལྷ་མོ་བཀ་ཅི་སྲོལ་ཅི་ཞིག་བགྱི་ཞེས་སུའོ།། གསུངས་པ་གང་ཡང་སངས་རྒྱས་ཉམས་སུ་མྱོང་བ་དེ་ལྟར་གྱིས་ཤིག། ་དེ་ལྟར་ཐོས་པ་ཙམ་གྱིས་དཀྱིལ་འཁོར་ཆེན་པོ་བརྒྱན་དང་ལྡན་པའི་དབུས་སུ་བཅོམ་ལྡན་འདས་ཀྱི་ཐོད་པ་ཁ་ཕྱེ་སྟེ་གླེགས་བམ་བྱུང་ངོ་།། ནམ་མཁའ་ལ་སྒྲ་བྱུང་ངོ་།། ལྷ་མོ་ལྷ་ཚོགས་སྡེ་མ་ཟུང་། སེམས ་ཅན་ཀུནལ་ཕན་འདོགས་མ། ། ཀླུད་འདི་རྒྱལ་པོ་ཆེན་པོསྟེ།། རྣལ་འབྱོར་མ་ཡི་གོང་ན་མེད།། སངས་རྒྱས་ཐོད་པ་ཞེས་བྱབ། སེམས་ཅན་ཅནལ་པན་བྱེད་པའོ།། དེསར་ཐོས་ནས་སྣ་ཚོགས་།། ་མས་གླེགས་པ་མ་ཡང་དག་པར་བཟུང་ཏེ། ཕྱག་ན་རྡོ་རྗེ་ལ་ཉེ་བར་གཏང་ངོ་།། ཕྱག་ན་རྡོ་རྗེས་རྒྱུད་འདི་བཟུང་།། སེམས་ཅན་ཀུན་ལ་བདེ་འབབ་པ།། རྣལ་འབྱོར་མ་ཡི་དངོས་གྲུབ་ཀུན།། འབྲས་བུ་མྱུར་དུ་སྟེར་བྱེད་པའོ།། ་མནན་དང་སྦར་པ་ཡེ་ཤེས་ཆེ།། གང་ན་མེད་པ་རྙེད་དཀའ་བ།། གས་བ་མཆོག་ག་ཉམས་དགའ་བ།། ལུས་ཀུན་ལ་ནི་རྣམ་པར་གནས།། ནམ་མཁའ་ལྡིང་དང་ཆར་དབབ་དང་།། དངུལ་ཆུ་བཅུད་ཀྱིས་ལེན་པ་དང་།། བསླད་དང ་དབང་དུ་བྱ་ཉིད་དང་། ། རྨོངས་དང་མངོན་སྤྱོད་ཉིད་དང་ནི།། དཔུང་ལ་སོགས་པ་རེངས་ཉིད་དང་།། དུས་སུ་ཟིན་པ་བཟློག་པ་དང་།། པུར་བུས་གདབ་དང་གསང་པ་དང་།། རྟག་ཏུ་སྒྲུབ་པ་བྱེད་པ་དང་།། སྣ་ཚོགས་སྔགས་རིམ་ཇི་བཞིན ་དང་། ། ཇི་བཞིན་རྣལ་འབྱོར་མ་སྐྱེད་དང་།། དཔལ་ཆེན་ཧེ་རུ་ཀ་ཡི་ནི།། བསྐྱེད་པ་དང་ནི་གནས་རྒྱུ་དང་།། དངོས་དང་དངོས་མེད་སྤྲོས་མེད་དང་།། སྲིད་པར་སྤྱོད་ཅིང་གོས་མེད་དང་།། དགོངས་པས་བཤད་པ་མཆོག་ཆེན་དང་།། རྣལ ་འབྱོར་མ་ཡི་མཆོག་ཆེན་དང་། ། རྣལ་འབྱོར་མ་ཡི་འདུས་པ་དང་།། ནུས་པ་རྣམ་པ་མང་གསུངས་པ།། ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར།། གཟུགས་བརྙན་དག་པ་ཉིད་དང་ནི། དེ་བཞིན་བརྟན་པ་བསྐྱོད་པ་དང་།། དུར ་ཁྲོད་འཇིགས་པ་ཆེ་བཟང་དང་། ། རོ་ལངས་བསྒྲུབ་ལ་སོགས་པ་དང་།། སྟོབས་པོ་ཆེ་རྣམས་དགུག་པ་དང་།། དེ་བཞིན་འཇིག་རྟེན་གསུམ་དགུག་དང་།། རིམས་ཀྱིས་གདུང་བ་འཇིགས་ཆེན་དང་།། དགྲ་ཡི་ཁ་སོགས་བཅིང་བ ་དང་། ། དེ་བཞིན་གསང་དང་བསྲུབ་དང་།། མི་སྣང་བྱེད་པ་མཆོག་དང་ནི།། མིག་སྨན་དང་ནི་རི་ལུ་ཉིད།། བཅུད་ལེན་རལ་གྲི་ཉིད་དང་ནི།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར།། མི་སྣང་བ་ནི ་མཆོག་ཆེན་དང་། ། སྣ་ཚོགས་སྒྱུ་འཕྲུལ་རྣམ་འཕྲུལ་དང་།། རང་གི་གཟུགས་ནི་སྦྱར་བ་དང་།། གཞན་གྱི་ལུས་ལ་གཞུག་སོགས་དང་།། སངས་རྒྱས་བྱེ་བས་རབ་བསྲུངས་པའི།། སངས་རྒྱས་བུ་མོ་མཆོག་ཆེན་རྣམས།། ་ཁྲོས་པ་ཙམ་གྱིས་འགུགས་བྱེད་ན།། གཞན་དག་སྨོས་ལྟ་ཅི་ཞིག་དགོས།། མིག་འཕྲུལ་བྱེད་པ་ཉིད་དང་ནི།། དགེ་མཚན་རྣམ་པ་མང་ཤེས་པ།། འདོད་པ་ལྔ་ནི་བསྟེན་བཞིན་པས།། འདི་རུ་འགྲུབ་པར་གདོན་མི་ཟ།། འཇིག ་ཤིང་འཇོམས་པའི་ཅོད་ཆེན་པོ། ། གཅིག་གིས་འབུམ་ལས་རྒྱལ་བར་བྱེད།། སྐྱེས་པ་གཅིག་གི་འདོད་ཆེན་གྱིས།། བུད་མེད་འབུམ་ཕྲག་འཛག་བྱེད་ཅིང་།། རྡོ་རྗེར་བྱེད་པ་རྙེད་དཀའ་བ།། གཅིག་གིས་ཐམས་ཅད་འདོད་པ་སྤྱད། ་དེནས་གཞན་ཡང་རབ་བཤད་པ།། མཁའ་ལྡིང་སྦྱོར་བ་རིམ་ཇི་བཞིན།། རྒྱུད་དཀུན་ཏུ་ཡང་རྙེད་དཀའ་བ།། མུ་སྟེགས་རྣམས་ཀྱི་ཡུལ་མིན་པ།། རྒྱུད་ཀུན་དུ་ཡང་མ་གསུངས་སོ།། སངས་རྒྱས་ཐོད་པའི་གཞུང་ཇི་བཞིན།། ་རྗེ་མགོན་པོས་གསུངས་པ་ཡི།། མཁའ་ལྡིང་ཤིན་དུ་རྨད་དབྱུང་བ།། འཇིག་རྟེན་གསུམ་པ་རྙེད་དཀའ་བའི།། སྦྱོར་བ་རྣམ་པ་བཅཝོ་བརྒྱད་གསུངས།། ཤ་ལི་ཀི་མི་སྦྱོར་བ་དང་།། རིག་པ་འཛིན་དང་རྒྱལ་པོ་འགྱེད།། རྔ་རྡུང་བུད ་མེད་འཕྲོག་པ་དང་། ། ཤིང་སྙུན་ཞགས་པས་འཆིང་བ་དང་།། ཁུ་བྱུག་པད་མས་འབྱེད་པ་དང་།། སྟག་བྱེད་ཆུ་བླུགས་དུང་འབུད་དང་།། ཐོད་ལོ་ཀོར་འཕྲོག་སྐྱུག་པ་དང་།། རས་གཡོག་ཐལ་ལྕགས་བརྡེབ་པ་དང་།། ཡིག་གསུམ ་བསམ་གཏན་གྱིས་ནི་གཏམ། ། འདི་རྣམས་ཀྱིས་ནི་དགུག་པར་བྱ།། མཁའ་ལྡིང་སྦྱོར་བ་བཅཝོ་བརྒྱད་པོ།། འཇིག་རྟེན་གསུམ་ན་རབ་རྙེད་དཀའ།། སེམས་ཅན་རྣམས་ལ་ཕན་བྱེད་པ།། རྡོ་རྗེ་མགོན་པ་ཉིད་ཀྱིས་གསུངས།། ་དེནས་གཞན་ཡང་རབ་བཤད་པ།། མཆོག་གི་ཡེ་ཤེས་ཇི་བཞིན་པ།། བྷ་གའི་དབུས་སུ་རྣམ་པར་བཞུགས།། བདེ་བ་ཆེན་པོ་གཏེར་བྱེད་པ།། འདི་ཉིད་དུ་ནི་ཀུན་གནས་ཀྱང་།། བྱིས་པ་རྨོངས་པས་མི་ཤེས་སོ།། དེང་ནི་བཅུང ་དང་བཅུད་ལེན་ཏེ། ། དེ་ཉིད་དུ་ནི་སངས་རྒྱས་བཞུགས།། དེར་ནི་དཀྱིལ་འཁོར་བཟང་པོའོ།། དེང་ནི་སློབ་མ་དག་ཆུང་པོའོ།། དེར་ནི་ཧེ་རུ་ཀ་དཔའ་བོ།། ཉི་ཤུ་རྩ་བཞིའི་དབང་གཙོག།། དེང་ནི་ནམཁའ་ལྡིང་འཇིགས་པ། དེ་ཉིད་དུ་ནི་རོ ་ལངས་བསྒྲུབ། ། དེར་ནི་དུར་ཁྲོད་བརྒྱད་པོ་རྣམས།། སྐད་ཅིག་ཙམ་གྱིས་སྐྱེད་པའི་རྒྱུ།། དེར་ནི་སངས་རྒྱས་བདག་ཉིད་ཆ།། སྟོང་ཕྲག་གསུམ་ནི་རྣམ་པར་བཞུགས།། དེར་ནི་འཇིག་རྟེན་ཁམས་ཀུན་ཏེ།། དེ་ཉིད་བཅོམ ་ལྡན་འདས་ལྔ་མོ། ། སངས་རྒྱས་ལས་སོགས་སྐྱེད་པའི་ཡུམ།། བྱང་ཆུབ་སེམས་དཔའ་དཔལ་ཆེན་གོ། ཤེས་རབ་ཕ་རོལ་ཕྱིན་དཔུང་ག་ཉེན།། དེ་ཉིད་བསོད་ནམས་ཀུན་གཏེར་མ།། དེ་ཉིད་ཐར་པ་སྟེར་བྱེད་ན། ་ཕྱག་རྒྱ་ཆེན་པོ་གྲགས་ཆེན་པོ།། དངོས་གྲུབ་ཀུན་ནི་འདོད་བྱེད་མ།། མ་དང་ཚ་མོ་སྲིང་མོ་དང་།། བུ་མོ་བུད་མེད་རབ་བརྟན་མ།། ཤེས་རབ་མཉེས་ཤིང་འཇིགས་བྱེད་མ།། འགྲོ་དྲུག་བདེ་སྡུག་བག་ཆགས་བཅས།། འཁོར ་བ་མྱ་ངན་འདས་ཉིད་དང་། ། བདག་ཉིད་ཆེན་པོ་དེ་ཉིད་དེ།། རྣམ་རྟོག་ཀུན་དུ་རྟོག་པ་ཉིད།། དེ་བཞིན་འཆར་དང་ནུབ་པ་དང་།། ཉིན་མཚན་མལ་སྟན་བཟའ་བ་དང་།། ངེས་པའི་བརྟུལ་ཞུགས་རྩིས་དང་གྲངས།། རྣམ་པར ་མེ་ཏོག་ཡང་དག་རྟོག། དམན་དང་མཆོག་དང་བར་མ་དང་།། གཞན་ཡང་གང་དང་དེ་དང་ནི།། དེ་ཉིད་བདག་ཉིད་ཆེན་པོ་གཅིག། སེམས་ཅན་ཀུན་ལ་བདེ་བ་འབབ།། དེ་ལྟར་ཐོས་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང ་ཆུབ་སེམས་དཔའ་རྣམས་དང་། ། འདོད་ཅན་མ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་རྣལ་འབྱོར་མ་རྣམས་དགའ་བའི་སྤྱན་གདངས་ནས་སྣ་ཚོགས་སྔ་མ་ལ་ཡང་དང་ཡང་དུ་བཏད་ཏེ།། འདི་ལྟར་གསོལ་ཏོ།། ་ཨེ་མའོ།། སྣ་ཚོགས་སྡེ་མ་རྣལ་འབྱོར་མ།། སེམས་ཅན་ཀུན་ལ་བདེ་འབབ་མ།། གླེགས་བམ་དོན་དང་ལྡན་གང་ཞིག། དེ་ཀུན་སངས་རྒྱས་བྱིན་བརླབས་བཤད།། དེ་ནས་ཕྱག་ན་རྡོ་རྗེའི་ཕྱག་གཉིས་གླང་པོ་ཆེ ་ལག་པ་ལྟར་རབ་ཏུ་བརྐྱང་སྟེ་གླེགས་པམ་ཡང་དག་པར་བླངས་སོ། ། དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་གནས་སུ་དོན་དང་བཅས་པའི་གཞུང་འུ་བར་གྱུར་ཏོ།། ཕྱག་ན་རྡོ་རྗེའི་སྙིང་ཁ་ནས ་བྱུང་སྟེ། སྣ་ཚོགས་སྔ་མའི་ཐུགས་སུ་ངལ་སོས་སོ།། དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས་རྣལ་འབྱོར་མ་ཆེན་མོ་ལ་འདི་ལྟར་གསོལ་ཏོ།། སྔགས་ཀྱི་བཟླས་པ་གང་ཞིག་ལགས།། ལས་ཀྱི་ཚོགས ་རྣམས་ཇི་ལྟར་འགྲུབ། ། སྔོན་དུ་བསྙེན་པ་གང་ཞིག་ལགས།། མཁའ་ལྡིང་འགྲུབ་པའི་ངེས་པ་གང་།། དངུལ་ཆུ་བཅུ་ལེན་སྣ་ཚོགས་པ།། དངོས་གྲུབ་གཏེར་བྱེད་གང་ཞིག་ལགས།། སྤར་དང་མནན་པ་གང་གསུང ་དང་། ། དུས་དང་བྱ་བའི་ངེས་བཅས་དང་།། དངོས་གྲུབ་ཐོབ་དུས་གང་ཞིག་ལགས།། སངས་རྒྱས་ཇི་ལྟ་བུ་རུ་བརྗོད།། དེ་བཞིན་ཐོད་པ་ཇི་ལྟ་བུ།། སྦྱོར་དང་ལྡན་པའི་ཇི་ལྟ་བུ།། སྣ་ཚོགས་སྡེ་མའང་ཇི་ལྟ་བུ།། ཐེག་པ་ཆེན་པོ་ཇི། ་ལྟ་བུ།། རྣལ་འབྱོར་མ་ཡི་རྣམ་ངེས་ཅི།། གསུངས་པ། རྒྱུད་འདིར་སྔོན་དུ་བསྙེན་པ་མེད།། དེ་བཞིན་ཡུལ་དང་དུས་ཆོས་དང་།། གཟའ་དང་རྒྱུ་སྐར་སྦྱོར་མེད་པ།། བློ་དང་ལྡན་པས་རྟག་ཏུ་བསྟེན།། དུས་དང་བྱ ་བའི་ངེས་མི་བྱ། ། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར།། སངས་རྒྱས་རྗེ་རྗེ་ཞེ་སུ་གསུངས།། ཐོད་པ་གྲུ་གསུམ་ཡང་དག་འབྱུང་།། སྦྱོར་བ་གསང་བར་གནས་པའི་རྩ། ་དེ་ཡི་སྣ་ཚོགས་ངོ་ཚར་བྱེད།། སྡེ་ནི་བདེ་ཆེན་ཡེ་ཤེས་སོ།། འདི་ཉིད་ཐེག་པ་ཆེན་པོ་སྟེ།། རྣལ་འབྱོར་མ་ཡིས་རྩ་ལས་བྱུང་།། དེ་ནི་སྨད་བྱུང་ཆེ་མཆོག་སྟེ། སངས་རྒྱས་ཐོད་པའི་སྦྱོར་བ་ཉིད།། དེ་ཉིད་ཧེ་རུ་ཀ ་དཔའ་བོ། ། འཁོར་བའི་འཇིགས་ལས་སྒྲོལ་བྱེད་པ།། སངས་རྒྱས་ཐོད་བའི་སྦྱོར་བ་ཡིས།། སངས་རྒྱས་ཀུན་གྱི་བདེ་བ་འབབ།། རྣལ་འབྱོར་ཆེན་པོ་སྣ་ཚོགས་བདེ།། དཔའ་དབང་བདག་མོ་དབང་ཕྱུག་མ།། ་དེ་ཡི་ཐོད་པའི་དཀྱིལ་འཁོར་ལ།། སྔགས་དང་རྒྱུད་ནི་རྣམ་པར་གནས།། དེ་ཡི་ཡེ་ཤེས་བཟང་པོ་ནི།། ལྷན་ཅིག་སྐྱེས་པ་དག་ལས་འབྱུང་།། དེ་ནི་རིག་པའི་དབང་ལྔ་དང་།། སངས་རྒྱས་བདུན་གྱི་མཚན་ཅན་ཏེ། ་སྣ་ཚོགས་སྦྱོར་དང་ཚེ་འཕེལ་དང་།། དངོས་གྲུབ་ཐམས་ཅད་བསྒྲུབ་པ་ནི།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། འགྲུབ་པར་འདིར་ནི་གདོན་མི་ཟ།། མན་ངག་ལམ་ལས་གང་ཤེས་པ།། བླ་མའི་དྲན་ལས་ཤེས་པར་བྱ།། ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོ་རྣལ་འབྱོར་མ་རྣམས་ཀྱི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་དངོས་པོ་ཐམས་ཅད་དང་ཡེ་ཤེས་གཏན་ལ་དབབ་པ་དང་།། ཐོད་པ་ཁ་ཕྱེ་བ་ལས་གླེགས ་བམ་བྱུང་བའི་ལེའུ་སྟེ་དང་པོའོ། ། །། དེ་ནས་ཡང་དག་རབ་བཤད་པ།། སྔགས་ལེའུ་ཇི་བཞིན་གསུངས་པ་སྟེ།། མཁའ་འགྲོ་མ་མོ་འབྱུང་པོ་རྣམས།། སྔགས་གང་གིས་ནི་འགྲུབ་འགྱུར་བ།། དེ་ནི་བདག ་གིས་རབ་བཤད་ཀྱིས། ། ཁྱོད་ཀྱིས་དང་བརྟན་པྲཉོན།། ཨོཾ་བུད་དྷ་ཀ་པཱ་ལི་ནི་ཏ་ཊ་སྥོ་ཊ་ཡ་སརྦ་ཤུ་བྷ་པྲ་དཱ་ཡི་ནི་ཧཱུཾ་ཕཊ། སྤྲོས་དབུལ་བའི་སྔགས་སོ།། ཨོཾ་བུད་དྷ་ཀ་པཱ་ལི་ནི་མ་ཊ་མ་ཊ་ཨ་སྭཱ་ཧཱ། མེ ་ཏོག་དབུལ་བའི་སྔགས་སོ། ། ཨོཾ་མ་ཧཱ་ཀ་པཱ་ལ་བཛྲི་བ་ར་བ་ཏ་ཊ་སྟ་ཊ་ཡ་སྟ་ཊ་ཡ་མ་ན་མ་ཊ་ཧཱུཾ་ཧེ་སྭཱ་ཧཱ།། དྲི་འབུལ་བའི་སྔགས་སོ།། ཨོཾ་བུད་དྷ་ཀ་པཱ་ལི་ནི་གྲི་ཧྣ་གྲི་ཧྞ་གྲིཧྞཱ་བ་ཡ་གྲིཧྞཱ་བ་ཡ་བ་ར་བ་ར་ཊ་ཏ་ཊ་ཏ ་ཊཡ་མ་ཐ་ཧཱུ~ཾ་ཧཱུཾ་ཧཱུཾ་སྭཱཧཱ། མར་མ་དབུལ་བའི་སྔགས་སོ།། ཨོཾ་བྷུ་དྷ་ཀ་པཱ་ལི་ནི། གྲི་ཧཱ་གྲིཧྞ་གྲི་ཧྞཱ་བ་ཡ་གྲྀ་ཧྞཱ་པ་ཡ་ཁཱ་ཁཱ་ཧཱུཾ། ལྦུ་བ་ཤོས་དབུལ་བའི་སྔགས་སོ།། ཨོཾ་ཨུ0f7fཧཱ་ཀ་པཱ་ལི་བཛྲ་དྷརྨ་དྷ་མ་མེ་གེ་པ་རེ་པྲ་བར ་བ་རབ་ཤར་ཀར་ཏཊ་ཏ་ན་ཧ་ཧེ་སྭཱ་ཧཱ། ། གོས་དབུལ་བའི་སྔགས་སོ།། ཨོཾ་ཧཱུཾ་ཧ་ཧ~ཾ་ཧཾ་ཧ་ཧཱིཿ།། གོ་ཆའི་སྔགས་སོ།། ཨོཾ་བུད་དྷ་ཀཱ་པཱ་ལི་ཀི་མ་ཁཾ་ཀྲོ་དྷ་ཤྲཱི་ཨཿཱ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྤྱན་དྲང་བའི་སྔགས་སོ།། ་ཨོཾ་མ་ཧཱ་ཀ་པཱ་ལ་བཛྲི་ནི་གཙྪགཙྪ་ཨུད་ཏིཀྵྞ་པུདྷི།། ཛཛ་དབ་དད་། ཏྲཻ་ལོ་ཀྱ་བི་ཊ་བ་ཎི་ཧཱུཾ་ཕཊ།། གཤེགས་སུ་གསོལ་བའི་སྔགས་སོ།། ཨོཾ་མ་ཧཱ་ཀ་པ་ལ་བཛྲེ་ཙི་ཏྲེ་སུ་ཙི་ཏྲེ་ཨ་ལམ་པ་ནེ་པྲི་ན་ཡཱ། སརྦ་བྷཱུ་ཏན ་མ་ར་ན་ཀི་ལ་ཡཱ་སརྦ་དུཥྚཱ་ན་ཨུ་ཙ་ཏ་ཡ་སརྦ་བི་ཀྲཱ་ནི་ཏྲ་པ་ཡ་ཐཱ་ག་བ་ཏི་ཡཀྵ་རཀྵ་ས་པཾ་ཤ་ཙན་ཤོ་ཥ་ཡ་ཏ་ཊ་ཡ་སཿཏཱ་ཏཱ་ལ་ག་ཏཱན། ས་ར་ས་ར། པྲ་སར་པྲ་སར་ཧཱུཾ་ཏྲཱུཾ་ཏྲཱཾ། ཕཊ་ཕཊ་ཕཊ། འབྱུང ་ཐམས་ཅད་པའི་གཏོར་མའི་སྔགས་སོ། ། འབྲས་ས་ལུ་གྲངས་ཏེ་འོ་མས་བཀྲུས་ལ་བུ་མོ་གཞོན་ནུ་མས་དེ་བཞིན་དུ་ཞིབ་པར་བརྟག་པར་བྱ།། དེ་ཡང་ཤེས་རབ་ཅན་གྱིས་གཟུགས་བརྙན་བྱས་ཏེ། ཞལ ་གཅིག་ཕྱག་བཞི་པའི་གཞུང་བཞིན་ཅང་ཏེའུ་དང་། ། ཁ་ཊྭཱཾ་ག་དང་། རལ་གྲི་དང་། ཐོད་པ་འཛིན་པའོ།། དེ་ནས་རོ་བསྲེགས་པའི་སོལ་བ་ཕྱེ་མར་བྱས་ལ་རྡོ་རྗེ་གཙུག་གིས་མཉེན་པར་བྱའོ།། དེ་ནས་དེས ་གཟུགས་བརྙན་ལ་བྱུག་པར་བྱའོ། ། མེ་ཏོག་དཀར་པོས་མཆོད་པ་བྱས་ཏེ། སངས་རྒྱས་ཐོད་པའི་རྣལ་འབྱོར་པས་ཧེ་རུ་ཀའི་རྣམ་པའི་སྦྱོར་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ཨོཾ་མ་ཧཱ་བཛྲ་ཧ ་རུ་ཀ་བཛྲེ། དྷ་ར་དྷ་ར། དྷུ་རུ་དྷཱ་རུ། མ་ཧཱ་ཛྙཱ་ན་བོ་ཏ་ཎེ་ཤྲི་གྷྲཾ་ས་ཏ་ཡ་སྟཾ་བྷ་ཡ་ཀི་ལ་ཡ་ཧཱུཾ་ཕཏ།། སྔགས་འདི་ཆུ་ལ་ལན་བདུན་དུ་མངོན་པར་བཟླས་ཏེ། གཟུགས་བ་རཱན་དེ་བཀྲུ་བར་བྱའོ།། ཆུ་དེས་རང་གི་གདོང ་བཀྲུས་ན་མི་སྣང་བར་བྱེད་དེ། ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ།། ནགས་ཀྱི་ནང་དུ་སྟག་གིས་ཀྱང་མི་མཐོང་ངོ་།། གཞན་དག་གིས་ཀྱང་དེ་མཐོང་བར་མི་འགྱུར་རོ།། སྲོག་ཆགས་འབུམ་གྱི་ནང་དུ་སོང་ན ་མཚར་སྣ་ཚོགས་བྱེད་དོ། ། གང་གིས་ཀྱང་མི་མཐོང་ངོ་།། ལྷའི་བུ་མོ་འཕྲོག་ཅིང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་།། འོ་མས་གདོང་བཀྲུས་པ་ཙམ་གྱིས་ནི་མཐོང་བར་འགྱུར་རོ།། གཟུགས་བརྙན་དེའི་སྙིང་ག ་འབའ་བོ་ལས་ཕུག་ཏེ། ། དུར་ཁྲོད་ཀྱི་མེ་ལ་འབའ་བོ་ལ་དང་ཚངས་པ་རྡོ་རྗེས་རབ་ཏུ་སྦར་ལ། དེའི་ཐལ་བ་ཡང་དག་པར་བླངས་ཏེ། ཁམ་ཕོར་དུ་བཞག་པར་བྱའོ།། ཡང་ན་པད་མའི་སྣོད་དུའོ།། སྔགས། ་འདེ་བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས་པར་བྱའོ།། ཨོཾ་བུད་དྷ་ཀ་པཱ་ལ་ནི་ཏྭེ་ཧཱུཾ། ཨོཾ་བཛྲ་བི་ལི་སི་ནཱི་ཧྲཱིཿཧཱུཾ། ཨོཾ་ཀ་མི་ནཱི་ཁཾ་ཧཱུཾ། ཨོཾ་པཱ་ཏཱ་ལཱ་བ་སཱི་ནཱ་ཨཱཿཧཱུཾ། ཨོཾ་ཙི་ཏྲཿས་ནས་མཱ་ཡཱ་དྷིཥྛ་ཡ་ཧྲཱིཿཧཱུཾ། སྔགས ་འདི་དག་ནི་སངས་རྒྱས་རྣམས་ཀྱིས་ཀྱང་ཤིན་ཏུ་རྙེད་པར་དཀའོ། ། ཐལ་བ་དེ་དང་རྡོ་རྗེ་གཙུག་གིས་ལུས་བྱུག་པར་བྱས་ན་ཇི་སྲིད་དུ་ལུས་ལ་མཚོན་ཆས་ཕོག་པ་དེ་སྲིད་དུ་མི་ཚུགས་སོ།། སླར་ཞིང་དགྲ ་ཐམས་ཅད་ཀྱི་མགོ་བོ་འཆང་པར་འགྱུར་རོ། ། གང་སྡར་པ་ལ་བལྟས་ན་དེ་ལོང་བར་འགྱུར་རོ།། གང་ཞིག་སྡང་བའི་སེམས་འཛིན་པ་ན་དེ་སྐོ་བར་འགྱུར་རོ།། ཐལ་བ་དེ་ཉིད་དང་མར་ཁུ་བཟང་པོས་མིག་བྱུགས ་ན་དཔག་ཚད་སྟོང་མཐོང་བར་འགྱུར་རོ། ། གང་ཅི་ཡང་རུང་བ་སའི་འོག་ན་གནས་པའི་གཏེར་དཔག་ཚད་སྟོང་ག་འོག་ཏུ་སོན་པའི་དངུལ་དང་གསེར་དང་རིན་པོ་ཆེ་གང་ན་ཡོད་པ་དེ་ཐམས་ཅད་ལ་སྲིན་ལག་གིས། ་སྡིགས་འཛུབ་བྱས་པ་ཙམ་གྱིས་ཐམས་ཅད་མདུན་དུ་ལྷགས་ཏེ་གསོལ་བ་འདེབས་སོ།། ཀྱེ་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་གཏེ་ལོང་ལ་སེམས་ཅན་གྱི་དོན་གྱིས་ཤིག། དེས་གཏེར་བླངས་ན་གང ་འདོད་པ་དེ་བྱེད་དེ་ཐལ་བ་དེས་བྱེད་དེ་པ་ཡི་དེ་དང་གོར་ཙན་ལྷན་ཅིག་གནོས་ཏེ། ། འཛུབ་མོས་མཉེས་པས་དཔུང་གི་ཚོགས་ལངས་པ་འཛུབ་མོ་སྐོར་བ་ཙམ་གྱིས་འབུམ་ཕྲག་སྟོང་གི་དཔུང་རྣམས་ཁས་ཕུབ་ཏུ་ལྟུང ་བར་འགྱུར་རོ། ། གང་འདོད་པ་དེ་བྱེད་དོ།། བཀྲུས་པ་ཙམ་གྱིས་ལངས་པ་འདི་ཐེ་ཚོམ་མེད་དོ།། ཐལ་བ་དེ་དང་ཞ་ཉེའི་ཕྱེ་མ་དང་བསྔོས་ཏེ་གཅིག་ཏུ་བྱས་ལ།། རྡོ་རྗེའི་གཙུག་རྗེས་སུ་བྱིན་ཏེ་ཁབ་ལེན་གྱི་ལྕགས་ཀྱི ་བྱེ་མ་འཀྲི་ཞིང་གསད་ཀྱི་བྱེ་མ་ཡང་ཅུང་ཟད་བསྲ་བར་བྱའོ། ། རྡོ་རྗེའི་ཆུའི་ཁུབ་དང་ལྷན་ཅིག་ཏུ་བསྔོས་ཏེ་ཟངས་མའི་སྣོད་དུ་ཉི་མ་བདུན་གྱི་བར་དུ་བཞག་གོ།། དེ་ནས་འཁྲིས་པ་ཆེན་པོ་མཉེས་ཏེ་རྟའི་ཁྲག་དང་ལྷན་ཅིག་ཏུ ་བསྔོས་ལ་ཡང་སྣོད་དེ་ཉིད་དུ་ཉི་མ་གསུམ་བཞག་པར་བྱའོ། ། དེ་ནས་བཏོན་ཏེ་ལྕགས་ཀྱི་སྣོད་དུ་བཞག་པར་བྱའོ།། ཟངས་མའི་སྡོང་དུ་བཞག་པ་དེ་མའི་ནང་དུ་བཅུག་ན་གསེར་དང་དངུལ་དུ་འགྱུར་བར་སོམ་ཉིད་མེད ་སྲང་ཅིག་ཀྱང་སྲང་སྟོང་གི་རིན་ཐང་དུ་འགྱུར་ཏེ་རིན་པོ་ཆེ་དང་འདྲ་བར་འགྱུར་རོ། ། གསེར་དེས་ཤ་གཅིག་དང་དངུལ་སྲང་གཅིག་བསྲེས་ཏེ་མེ་ལ་བཞུན་སྲང་སུམ་བརྒྱའི་རིན་ཐང་གི་ཚད་དུ་འགྱུར་བ་འདི ་ལ་ཐེ་ཚོམ་མེད་དོ། ། འདི་ལྟ་བུའི་སྦྱོར་བ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་རྙེད་པར་དཀའོ།། འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་སྙིང་རྗེ་དང་ལྡན་པའི་བདག་ཉིད ་ཆེན་པོ་སྟོབས་ཆེ་བ་དེ་རྣམས་ཀྱང་སྦྱིན་པར་མི་ནུས་སོ། ། འདི་ཡི་སྦྱོར་བ་རྙེད་དཀའ་བ།། སངས་ཀྱིས་ཐོད་པའི་རྒྱུད་དུ་གསུངས།། རྒྱུད་གཞན་རྣམས་སུ་སྦས་པ་ཡིན།། འདུས་སོགས་རྣལ་འབྱོར་རྒྱུད་དུ་ནི། རྒྱུ ་བ་རྣམ་པ་མ་གསུངས་པ། ། གང་ཚེ་སྔོན་དུ་བསྙེན་དེའི་ཚེ།། དེའི་སྦྱོར་བས་ཅི་ཞིག་བྱ།། བསོད་ནམས་དམན་པའི་སེམས་ཅན་གང་།། མཚམས་མེད་ལྔ་ནི་བྱེད་པ་ཡང་།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། འདི་ལྟའི་སྦྱོར། ་བ་འགྲུབ་པར་འགྱུར།། དངོས་པོ་དེ་ཡིས་བློ་ཆེན་རྣམས།། སེམས་ཅན་དོན་ལ་གཅིག་ཏུ་བརྩོན།། སྲང་གཅིག་གིས་ནི་བསྲེས་བྱའི་རིན།། སྦྱོར་བ་ཀུན་དུ་རྙེད་པར་དཀའོ།། སྦྱོར་བ་གླེགས་བམ་ལམ་བྲིས།། བླ་མའི་དྲན ་ལས་ཤེས་པར་བྱ། ། བླ་མས་དངོས་གྲུབ་བླ་མས་ཐར།། ཐ་མ་སྟོན་པ་རྣམ་ཀུན་པ།། དེས་ན་སློབ་མ་བློ་ཆེན་གྱིས།། འབད་པས་བླ་མ་མཉེས་པར་བྱ།། ཐལ་བ་དེ་ཉིད་ཀྱི་ལུས་བལྟ་བའི།། དོན་དུ་བུ་མོའི་མགོ་ལ ་བླུགས་ཏེ་རྡོ་རྗེ་གཙུག་གིས་བུ་མོ་བཀྲུའོ། ། ཡང་ཐལ་བས་ཐིག་ལེ་བྱས་ལ།། ཚངས་པས་རྡོ་རྗེས་མཎ་ཌ་ལ་གྲུ་བཞི་བྱས་ཏེ། དེའི་དབུས་སུ་བུ་མོ་བཞག་པར་བྱའོ།། བདུག་སྤོས་ལྔས་བདུགས་ཤི ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ན་བུ་མོ་ལ་འབབ་པར་འགྱུར་ཏེ། འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་སྟོན་ཏོ།། བུ་དོན་གྱི་འབྲས་བུ་ལ་སྔགས་འདི་ལན་བདུན་དུ་མངོན་པར་སྔགསོ།། ཨོཾ ་བུད་དྷ་ཀ་པཱ་ལི་ནི་དྷེ་ཧཱི། ། དྷེ་ཧཱི་ད་ད་པ་ཡ་དད་པ་ཡ་ཧེ་ཧེ་བྷ་ག་བ་ཏི་ཤི་གྷྲཾ་ཁང་གཾ་ད་ར་ཧི་བུད་དྷ་ཀ་པཱ་ལ་བཛྲ་སྱ་ཡ་ཛྙཱ་མ་ལཾ་གྷ་ཡ་ཧཱུཾ་སྟཾ་ཧྲི་ཕཊ་ཨ་ཕཊ། ཡུངས་ཀར་བསྣུན་པ་ཙམ་གྱིས་ནི།། བུ་མོ་གྲགས་ཆེན ་མ་ནི་རྒོད། ། དེའི་ཁ་ནས་རལ་གྲི་བདུན།། འབྱུང་བ་ལ་ནི་ཐེ་ཚོམ་མེད།། སངས་རྒྱས་ཐོད་པའི་རྣལ་འབྱོར་པས་སྐད་ཅིག་མ་དེ་ཉིད་ལ་འགྲུབ་པར་འདིར་སོམ་ཉིད་མེད་དོ།། དེ་ལྟར་རལ་གྲི་གཅིག་གྲུབ་པས་བྱེ་བ་བརྒྱ་སྟོང ་གི་རིག་འཛིན་གྲུབ་པས་བསྐོར་བར་འགྱུར་རོ། ། འདི་ལྟ་བུའི་སྦྱོར་བ་ནི་འཇིག་རྟེན་གསུམ་ན་ཡང་རྙེད་པར་དཀའོ།། བུ་མོ་བཀྲུས་པ་ཙམ་གྱིས་རྣལ་མར་འགྱུར་རོ།། དེའི་ཐལ་བ་ལྕགས་གསུམ་གྱིས་བཀྲིས་ཏེ། ་རི་ལུ་བྱས་ནས་ཁར་བཅུག་པ་ཙམ་གྱིས་ནི་མི་སྣང་བར་འགྱུར་རོ།། ཤེས་རབ་ཅན་གྱིས་སུམ་བཅུ་པ་ཡང་བསྐོར་རོ།། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་གཟིགས་སོ།། རི་ལུ་ལག་པར་བླངས་པས་དངོས་པོ ་གང་དང་གང་ལ་རེག་པ་ཙམ་གྱིས་དེ་དབང་དུ་འགྱུར་རོ། ། ཐལ་བའི་སྦྱོར་བ་འདི་དག་ནི།། སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ།། ཨོཾ་བུད་དྷ་ཀ་བཱ་ལ་ཛྲ་ཧཱུཾ་ཁཾ་རཾ་ཨ། འཇིག་རྟེན་གསུམ་བསྒྲུབ་པའི་སྔགས་སོ།། ཨོཾ ་བུད་དྷ་ཀ་པཱ་ལི་ནི་ཧཱི། ཧཱུཾ་དགྲ་རླག་པའི་སྔགས་སོ།། ཨོཾ་མ་ཧཱ་ཀ་པཱ་ལ་བཛྲི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚཱ་ན་གྷ་གྷ་གྷ་ཊ་ཡ་གྷ་ཊ་ཡ་སརྦ་ཤ་ཏཱཾ་ཨཾ་ཧེ་ཏྲཾ་ཧཱུཾ་ཕཊ། བསྐྲད་པའི་སྔགས་སོ།། སངས་རྒྱས་ཐོད་པའི ་རྒྱུད་ཆེན་པོ། ། རྣལ་འབྱོར་མ་རྣམས་ཀྱི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་ཐལ་བའི་སྦྱོར་བ་དང་ལས་སྣ་ཚོགས་གཏན་ལ་དབབ་པ་དང་། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སྣ་ཚོགས་སྡེ་མ་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་དོན་ལ་གཅིག་བརྩོན་པ།། ལེགས་སོ་བཅོམ་ལྡན་འདས་ལྷ་མོ།། འདི་ལྟའི་རབ ་ཏུ་སྦྱོར་ཞེས་པ། རྒྱུད་གཞན་དག་ཏུ་མ་གསུངས་ཤིང་།། སངས་རྒྱས་ཀུན་གྱི་རབ་སྦས་པ།། དེ་ནི་འབད་དེ་གསལ་བར་མཛོད།། ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས།། ལྷའི་ལེའུ་ནི་ཇི་ལྟ་བུ།། སངས་རྒྱས་ཐོད་པ་རྣལ ་འབྱོར་མའི། ། རྒྱུད་དུ་ལྷ་རྣམས་དུ་ཞིག་གསུངས།། དེ་རུ་གཟུགས་ནི་ཇི་ལྟ་བུ།། གུས་པ་ཡིས་ནི་ཉན་པར་འཚལ།། གསུངས་པ་རཾ་ལས་ཉི་མ་བསམ་པར་བྱ།། ཉི་མའི་སྟེང་དུ་ཧཱུཾ་བྱུང་བའི།། རྡོ་རྗེ་ནག་པོ་སྲེག ་བའི་བདག། རྡོ་རྗེ་དེ་ཉིད་འོད་ཟེར་གྱིས།། ར་བ་དྲ་བའི་མཚམས་བཅིང་ངོ་།། དེ་བཞིན་རྡོ་རྗེ་ནག་གྱུར་པ།། རྡོ་རྗེ་ས་གཞི་བསམ་པར་བྱ།། རྡོ་རྗེའི་ས་གཞི་དབུས་ཆུད་པར།། ཨེ་ཡི་རྣམ་པ་བདག་ཉིད་ཆེ།། གྲུ་གསུམ་ཁམ?། ་གསུམ་བདག་ཉིད་ཅན།། ཡི་གེ་ལམ་གྱུར་ས་ཡི་ནི།། དཀྱིལ་འཁོར་གྲུ་བཞི་རབ་སེར་པོའོ།། དེའི་དབུས་ནས་ས་བོན་ན།། ཡི་གེ་ཨོཾ་སྟེ་ཆོས་བདག་ཉིད།། ཨོཾ་ལས་བྱུང་བའི་འཁོར་ལོ་ནི།། རྩ་རྣམས་ཀུན་གྱི་རང ་བཞིན་ཅན། ། རྣལ་འབྱོར་མ་ནི་རྣམ་པར་བཞུགས།། རྩ་ནི་བཅུ་དྲུག་ལ་རྒྱན་དང་།། སྤྲུལ་པ་དྲུག་བཅུ་རྩ་བཞི་འདབ།། དེས་ན་རྩ་རྒྱུ་ཉི་ཤུའོ།། རྡོ་རྗེས་སྐུ་ཡི་བདག་ཉིད་ཆེ།། ཤེས་རབ་ཅན་གྱིས་དེ་ལྟར་བསམ།། དེ ་ཡི་དབུས་གནས་ས་བོན་ནི། ། བཾ་དཀར་ཡི་གེ་ལས་བྱུང་བ།། ཆུའི་དཀྱིལ་འཁོར་ཟླུམ་པོའོ།། རྩ་རྣམས་ཐམས་ཅད་ཆུ་ཡི་ནི།། དཀྱིལ་འཁོར་ལ་ནི་ཐིམ་པར་འགྱུར།། སླར་ཡང་བསམ་པར་བྱ་བ་ནི།། རམ ་དམར་ལས་བྱུང་མེ་དཀྱིལ་འཁོར། ། གྲུ་གསུམ་འབར་བའི་བདག་ཉིད་ཅན།། རབ་ཏུ་འབར་བཞིན་པ་ཡི་ནི།། རྩ་བའི་འཁོར་ལོ་ཡང་དག་བལྟ།། དེ་ནས་བསམ་པར་བྱ་བ་ནི།། ཡཾ་གྱུར་རླུང་གི་དཀྱིལ་འཁོར་ནི།། ་ཟླབ་ཕྱེད་པའི་རྣམ་འདྲ་སྔོ།། རྩ་རྣམས་རབ་ཏུ་གཡོ་བའི་གཟུགས།། ཐིམ་གྱུར་འཁོར་ལོའི་རིག་པར་གསུངས།། དེ་དག་ཐམས་ཅད་ཐིམ་འགྱུར་བ།། དེའི་དབུས་ནས་རྣལ་འབྱོར་པ།། དེ་ལྟར་ཤེས་པར་བྱེད་གང་ཞིག། ་སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། དེ་ནས་ཟླ་བ་བསམ་པར་བྱ།། ཟླ་བའི་སྟེང་དུ་ཉི་མའོ།། དེ་ཡི་དབུས་ཆུད་ས་བོན་ནི།། ཧཱུཾ་དང་ཨ་ཡི་རང་བཞིན་ནོ།། ཡི་གེ་ཀ་ཡི་ས་ཧ་བརྒྱན་ཏེ།། ཀ་ནི་ཧ་ལ་ཐིམ་པར་འགྱུར། ་མི་ཕྱེད་པ་ཡི་ཧ་དང་ཧཱུཾ།། གཉི་གའི་བདག་ཉིད་ཅན་བལྟའོ།། ཧ་ནི་མི་ཤིགས་ཤེས་རབ་ཀྱི།། བདག་ཉིད་དང་ནི་ཐིག་ལེ་དག། གཉི་ག་གཅིག་ཏུ་གྱུར་པ་ནི།། ཡི་གེ་ཧཱུཾ་གི་མཆོག་བལྟའོ།། ཧཱུཾ་ལས་བྱུང་བའི་འོད་ཟེར ་རྣམས། ། དེ་ཡིས་བདེ་བ་ཆེ་བསྐུལ་ཏེ།། བ་མོ་ལྟ་བུའི་རི་བོང་ཅན།། ཉི་མར་ལྷན་ཅིག་ཞུ་གྱུར་ཅིང་།། དཀྱིལ་འཁོར་གཉི་ག་གཅིག་གྱུར་པ།། ཉི་མའི་མཆོག་ཏུ་བལྟ་བར་བྱ།། ཡང་ནི་ཧཱུཾ་བྱུང་འོད་ཟེར་དང་།། རྩ་བའི ་འཁོར་ལོ་ཐམས་ཅད་ལ། ། རེག་མ་ཐག་པའི་མོ་ལ་ནི།། རྩ་བའི་འཁོར་ལོ་ལས་འབབ་འགྱུར།། ཞུ་བ་དེ་ཡིས་ས་བོན་བཀྲུ།། ཧཱུཾ་གྱུར་པ་ལས་རྡོ་རྗེ་སྟེ།། དབུས་སུ་དེ་ཉིད་ཀྱིས་བྱིན་བརླབས།། ས་བོན་རྡོ་རྗེ་ལས ་བྱུང་བ། ། དཔའ་བོ་ཁྲག་འཐུང་མདོག་སྔོན་པོ།། ཞལ་ཅིག་པ་ལ་ཕྱག་བཞི་པ།། གཙོ་བོ་ཧཱུཾ་ཞེས་འདོན་པ་སྟེ།། དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་གནས།། གཉི་ག་འང་ཁྲོ་བའི་བདག་ཉིད་ཅན།། སྟག་གི་ལྤགས ་པའི་ན་བཟའ་མནབས། ། མགོ་བོ་རློན་པའི་ཕྲེང་བ་འཆང་།། བསྲེགས་སུ་མཆོད་ཕྱིར་ཐོགས་པ་ཡི།། ཤིན་ཏུ་བཞད་པས་འཇིགས་ཆེ་བའི།། གཙོ་བོ་སྙིང་རྗེའི་བདག་ཉིད་བལྟ།། དཔུང་རྒྱན་མགུལ་ངོ ་འཁོར་གདུབ་དང་། ། གཅེར་བུ་རུས་པའི་སྐེ་རགས་འཆང་།། གཡེར་ཀར་བཅས་པའི་རྐང་གདུབ་ཅན།། མ་ལུས་བདུད་རྣམས་འཇོམས་པར་བྱེད།། རལ་བའི་ཅོད་པན་ཡང་དག་ལྡན།། སངས་རྒྱས་རྣམ་པ་ལྔ ་ཡིས་བརྒྱན། ། ཟླ་བ་ཕྱེད་པ་འཛིན་པའི་ལྷ།། དབུ་ལ་སྣ་ཚོགས་རྡོ་རྗེས་མཚན།། འཁོར་ལོ་རྣ་ཆ་ག་དུ་བུ་དང་།། ཕྱག་རྒྱ་རྣམ་པ་ལྔ་ཡིས་མཚན།། ཐལ་བའི་རྡུལ་ཅན་འཇིགས་པར་བྱེད།། ཐོད་པ་གཏི་མུག་གིས་བརྒྱན ་པའི། ། དཔའ་བོ་འཁོར་བ་སྒྲོལ་བྱེད་པ།། བྱང་ཆུབ་ས་བོན་རང་བཞིན་ནོ།། གཙོ་ཆེན་དེའི་ཤེས་རབ་མ།། སྣ་ཚོགས་སྡེ་མ་རྣལ་འབྱོར་མ།། གཅེར་བུ་མགོ་བོའི་ཕྲེང་བ་སྤངས།། རྒྱན་མེད་མཆོད་ཕྱིར་ཐོགས་མེད་མ།། བདེ་བ ་ཀུན་གྱི་གཟུགས་ཅན་མ། ། ཕྱག་གཉིས་སྒྲ་ནི་གྲོལ་བའོ།། ཧེ་རུ་ཀ་ལ་འཁྱུད་གནས་མ།། དེ་ལྟར་ཕ་རོལ་ཕྱིན་ལྷ་མོ།། ཁ་དོག་དམར་པོ་རྣམ་གསལ་མ།། ཞལ་ནི་ཤིན་དུ་རྣམ་འགྱུར་བ།། ཅུང་ཟད་མཆེ་བ་གཙིགས ་འཇིགས་མ། ། གཡས་ན་ཅང་ཏེའུ་གྲི་གུག་སྟེ།། གཡོན་ན་ཁ་ཊྭཱཾ་ཐོད་པའོ།། རང་གི་ལུས་སྐྱེས་འོད་ཟེར་གྱིས།། རྩ་ཡི་འཁོར་ལོ་བསྐུལ་བར་བྱ།། དེ་ཡིས་བསྐུལ་བ་ཙམ་གྱིས་ནི།། རྩ་ཡི་འཁོར་ལོའི་རང་བཞིན་ལས། ་འཛག་འགྱུར་འདིར་ནི་ཐེ་ཚོམ་མེད།། འཛག་པ་དེ་ལས་རྣལ་འབྱོར་མ།། བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག། མཆོད་པ་སྣ་ཚོགས་འཛིན་པ་ཡིས།། མགོན་པོ་ཧེ་རུ་ཀ་མཆོད་དོ།། རྡོ་རྗེ་མགོན་པོའི་ཤར་གནས་པ།། རྡོ་རྗེ ་མཆེ་བ་མ་ཡིས་ནི། ། ཐོད་པ་ཁྲག་གིས་བཀང་བཟུང་སྟེ།། གཟི་བརྗིད་ཆེན་པོ་གསོལ་བར་མཛད།། རྡོ་རྗེ་ཕོ་ཉ་བདག་ཉིད་ཆེ།། དབང་ལྡན་དུ་ནི་ཅང་ཏེའུ་རྡུང་།། རྡོ་རྗེ་གདོང་མ་དྲི་སྣོད་དང་།། མེའི་ཕྱོགས་སུ་རྣམ་པ ་གནས། རྡོ་རྗེ་ཅན་མ་གྲགས་ཆེན་མོ།། མཆོད་ཡོན་སྣོད་བཅས་བདེན་བྲལ་ན།། རྡོ་རྗེ་གཙིགས་མ་ལྷོ་ཡི་ནི།། ཕྱོགས་ན་རྔ་བོ་ཆེ་འཛིན་གསུངས།། རླུང་དུ་རྡོ་རྗེ་ལྟེ་བ་མ།། རིང་བོང་ཅན་གྱི་སྣོད་འཛིན་ནོ།། ནུབ་ཏུ ་རྡོ་རྗེ་འཇིགས་པ་ནི། ། ལྕེ་སྤྱང་ཕྱག་ན་འཛིན་པར་གསུངས།། བྱང་དུ་འདོད་ཆགས་རྡོ་རྗེ་ས།། ལྷ་མོའི་ཆགས་པས་གཙོ་བོ་མཆོད།། དེ་ལྟར་ཏེ་རུཀ་བསམས་ནས།། རྣལ་འབྱོར་མ་ནི་བརྒྱད་ཀྱིས ་སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། ། ཚོགས་རོལ་མོ་མཆོག་གསུངས་དང་།། དྲི་ཞིམ་ལྔ་དང་མེ་ཏོག་སྤོས།། འདི་དག་གི་ནི་གཙོ་བོ་མཆོད།། མཆོད་ཡོན་ཞལ་བསིལ་དེ་བཞིན་ཁྲུས།། གླུ་ཡི་མཆོག་ནི་རྣམ་མང་པོས།། ་མགོན་པོ་ཁྲག་འཐུང་བདག་ཉིད་ཆེ།། འདི་དག་གིས་ནི་མཆོད་པར་བྱ།། དཔའ་བོ་རྫོགས་པར་མཐོང་ནས་ནི།། རྩ་ཡི་འཁོར་ལོ་ལས་ནི་འཛག། འཛག་པ་དེ་ལས་རྣལ་འབྱོར་མ།། རྣམ་མར་བརྩེ་བ་ཆེར་ལྡན་པ།། བདེ་གཤེགས ་ཀུན་གྱིས་བྱིན་བརླབས་མ། ། སྣ་ཚོགས་རྒྱན་གྱིས་རྣམ་པར་བྲུབས།། སྣ་ཚོགས་པ་ཡིན་བཟའ་བསྣབས།། གཟུགས་ནི་ལང་ཚོ་གཞོན་པས་བརྒྱན།། ལོ་ནི་བཅུ་དང་གཉིས་ལོན་པ།། ཕྱག་གཡས་བྱང་ཆུབ་སེམས་བཀང། ་བའི།། བུམ་པ་ཨ་མྲའི་ལྕུག་བཅས་བསྣམས།། ཞལ་ནི་རབ་བཞད་དང་བ་ཡིས།། ཧེ་རུ་ཀ་ནི་རྒྱལ་གྱུར་ཅིག། རྒྱལ་གྱུར་ཅིག་ཅེས་འདི་ལྟར་སྨྲ།། མགོན་པོས་མདུན་རུ་བལྟས་ནས་ནི།། དབང་བསྐུར་མཆོག་ཏེ་གསོལ ་བ་གདབ། ། བརྩེ་དང་ལྡན་མའི་གྲགས་ཆེན་མོ།། འཁོར་བའི་འདམ་དུ་བྱིང་བ་བདག། དབང་བསྐུར་བ་ཡིས་བདག་བསྒྲལ་ཕྱིར།། རྡོ་རྗེ་རྣལ་འབྱོར་མས་ཁྲུས་ཤིང་།། དཔེར་ན་བུ་ཚ་མེད་པའི་ཁྱིམ།། ཤི་བ་ཙམ་གྱིས་སྟོང ་པ་ཉིད། ། དེ་བཞིན་དབང་དང་བྲལ་ན་ནི།། ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད།། དཔེར་ན་པི་བང་སྦྱོར་ཀུན་ཚོགས།། རྒྱུད་དང་བྲལ་ན་བརྡུང་མི་རུང་།། དེ་བཞིན་དབང་དང་བྲལ་ན་ནི།། སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། ་མོངས་པ་གང་ཞིག་དབང་མེད་པར།། བདག་ནི་དབང་བསྐུར་ཞེས་སྨྲ་བ།། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། སློབ་མར་བཅས་ཏེ་དམྱལ་བར་འགྲོ།། དེ་ལྟར་ཤེས་བྱ་རྣལ་འབྱོར་མས།། སླར་ཡང་བདག་ལ ་དབང་བསྐུར་ཅིག། ཡང་དང་ཡང་དུ་ཕྱག་འཚལ་ཏེ།། ཐལ་མོ་སྦྱར་ནས་གསོལ་བ་གདབ།། གལ་ཏེ་དབང་བསྐུར་མེད་ན་ནི།། ཧེ་རུ་ཀ་ཡི་བདག་གྱུར་ཅིང་།། དེ་ནས་རྣལ་འབྱོར་མ་དེ་རྣམས།། རྒྱལ་གྱུར་རྒྱལ་གྱུར་ཞེས ་སྲ་ཞིང་། ། བཅོམ་ལྡན་དབང་བསྐུར་ཁྲུས་གསོལ་ལོ།། བྱི་ནང་གས་བར་བཅས་པ་ཡི།། དབང་ཙམ་གྱིས་ནི་ནམ་མཁའ་ཡི།། ཁམས་ནས་རྔ་ཡི་སྒྲ་གྲག་ཅིང་།། མེ་ཏོག་ཙན་དན་ཆར་འབབ་འགྱུར།། དེ་ནས་རྣལ་འབྱོར་མ་དེ་ནམྲ། ་རྩ་བའི་འཁོར་ལོ་ལ་ནི་ཐིམ།། སངས་རྒྱས་ཐོང་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་ལྷ་སྐྱེད་པ་དང་། དབང་བསྐུར་བའི་ལེའུ་སྟེ། གསུམ་པའོ།། ་ཕྱག་ན་རྡོ་རྗེ་ལ་ཕྱག་བྱས་ནས།། འདི་སྐད་ཅེས་གསོལ་ཏོ།། ཅི་ཡི་ཕྱིར་ན་བདག་ཅག་རྣམས།། འོད་ཟེར་གྱིས་ནི་འཚལ་ཏེ་མཆིས།། བཅོམ་ལྡན་བདག་ལ་བཤད་དུ་གསོལ།། དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པ་ཆེན ་པོས་རྣལ་འབྱོར་མ་སྣ་ཚོགས་སྡེམ་ལ་འདི་སྐད་ཅེས་གསོལ་ཏོ། ། ནོར་རྒྱས་ལ་སོགས་བདག་ཉིད་ཆེ།། ཀླུ་རྣམས་ཅི་ཕྱིར་དགུག་པ་ལགས།། རྣལ་འབྱོར་ཆེན་པོ་བདག་ལ་གསུངས།། དེ་ནས་སྣ་ཚོགས་པའི་སྙིང་གི་འོད་ཟེར ་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་ཁ་དང་སྤྱི་བོ་ཡི་མཐར་ཐུག་པར་ཞུགས་ཏེ་ཚིམ་པར་བྱས་ནས་སླར་ལོག་གོ། དེ་ནས་ཀླུ་དེ་རྣམས་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ།། འདི་སྐད་ཅེས་གསོལ་ཏོ།། ལྷ་མོ་བཀའ་ནི་ཅི་ཞིག་གསོལ། ་ཀྱེ་ལེགས་ཇི་ལྟ་བུ་ཞིག་བགྱི།། གསུངས། པ་མུ་སྟེགས་ལ་སོགས་མཁའ་ལྡིང་སྔགས།། ཡེ་ཤེས་ལས་བྱུང་ཇི་ལྟ་བུ།། དུས་སུ་ཟིན་པ་ཇི་ལྟར་ཡིན།། ཇི་ལྟར་དུག་ནི་སྐྱེ་བར་འགྱུར།། སྦྲུལ་གྱིས་ཟིན་པ་ཙམ་གྱིས་ནི།། ་སྲར་ཡང་སེམས་ཅན་འཆི་འགྱུར་ཞིང་།། ཞུས་པ། ཁྱབ་འཇུག་དབང་ཕྱུག་སོགས་ལྷ་དང་།། ཚངས་པ་ཚངས་པ་འདུན་ན་འདོན།། དེ་རྣམས་ལ་ནི་འཆི་འཕོ་མཆིས།། དུག་གིས་ཉེས་པས་གནོད་པར་འགྱུར།། ་དེ་ལྟར་རུས་སུ་ཟིན་ཅེས་སྨྲ།། སྦྲུལ་གྱི་དུས་སུ་ཟིན་ཅེས་སྨྲ།། སྦྲུལ་གྱི་དུག་ནི་སེལ་བ་མེད།། དེ་བཞིན་སྦྲུལ་ལ་དྲུག་ནི་ཡོད།། སྦྲུལ་ཟིན་འཚོ་འམ་མི་འཚོ་བ།། བདེ་བྱེད་ལ་སོགས་རྫུ་འཕྲུལ་ཆེའི།། ལྷ་དེ། ་རྣམས་ནི་དེ་ལྟར་སྨྲ།། སྟོན་པ་སྟོང་ཉིད་ངེས་གསུང་བ།། བཅོམ་ལྡན་རྡོ་རྗེ་འཆང་བས་གསུངས།། ཆོས་རྣམས་ཐམས་ཅད་སྟོང་པ་ལ།། སྦྲུལ་གྱི་དུག་ནི་ཇི་ལྟར་ཡོད།། གང་གིས་འཛིན་ཅིང་གང་ཞིག་འཛིན།། དུས་དང་རུས ་མིན་ཇི་ལྟར་འགྱུར། ། ཇི་ལྟར་སྤྱོད་ཅིང་ཇི་ལྟར་བསྡུ།། གང་ཕྱིར་འཛིན་ཅིང་གང་དུ་འཛིན།། སེམས་ཅན་དུ་ཟིན་མི་འཆི་བ།། སྟོང་ཉིད་སྨྲ་བའི་ངེས་པ་ཡིན།། འདོད་ཆགས་གཏི་མུག་སྟོང་པ་ཉིད།། གྲགས་ཆེན་ཡུལ་ནི ་སྟོང་པ་ཉིད། ཡུལ་གྱི་རང་བཞིན་དྲི་མ་མེད།། དྲི་མ་དང་བྲལ་ཇི་ལྟར་དུག། སྦྲུལ་གྱིས་ཀྱང་ནི་ཅི་ཞིག་བྱེད།། ཐ་མལ་པ་ཡི་ཡུལ་ནི་སྦྲུལ།། ཡུལ་གྱིས་ཉེས་པ་དུག་ཉིད་དོ།། ལྷ་རྣམས་ཡུལ་རྣམས་ཀྱིས་ནི་བསྒྲིབས།། ཐམས ་ཅད་དུས་སུ་ཟིན་པ་ཡིན། ། ཡུལ་གྱི་ཉེས་པ་སྦྱངས་པ་ཉིད།། སྟོན་པ་ལོངས་སྤྱོད་གོས་མི་འགྱུར།། སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། འདོད་ཀུན་ཉེ་བར་ལོངས་སྤྱོད་བྱ།། རི་སྐེགས་སྦྱོར་བ་རྙེད་དཀའ་དང་།། ་སངས་རྒྱས་ཐོད་པའི་སྦྱོར་ལྡན་པས།། འདིར་ནི་ཀླུ་རྣམས་ཐམས་ཅད་བླགས།། དེ་ཕྱིར་རབ་དེས་ལྷ་མོ་ཀྱེ།། དུས་ཟིན་ཐེ་ཚོམ་མེད་པ་རུ།། བློ་མེད་མུ་སྟེགས་ཅན་དེ་སྨྲ།། འདི་ལྟར་སྨྲས་ཏེ་ཀླུ་རྣམས་ཀྱིས།། སྣ ་ཚེགས་སྡེ་ལ་ཕྱག་འཚལ་ཏེ། ། རང་རང་གི་ནི་གནས་སུ་དོང་།། དེ་ནས་བཅོམ་ལྡན་འདས་མས་ཡུལ་གྱི་ཉེས་པ་སྤོང་བའི་སྔགས་གསུངས་པ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ད་མ་ཀོ་ཧཾ།། སྟོང་དང་སྟོང་མིན ་མཐའ་དག་བཅས། ། སྒྱུ་མ་རྨི་ལམ་ལྟ་བུར་ཅིག། འཇིག་རྟེན་མཐའ་དག་རྫུན་གྱིས་བཅིངས།། ཀྱེ་ལེགས་བཤེས་མོ་འདི་ལྟར་ལྟོས།། དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས་བཅོམ་ལྡན་འདས ་མ་གམས་ལ་སྐྱེ་བོས་གཟུགས་། ། འདི་སྐད་ཅེས་གས་པ་ཏོ།། རི་སྔགས་སྦྱོར་བ་རྙེད་དཀའ་ག། ལྷ་མོ་ཡིས་ནི་བཤད་དུ་གསོལ།། སེམས་ཅན་དོན་ལ་གཅིག་ཏུ་འབད།། དེ་རུ་བདག་ལ་ལྟང་མོ་མཆིས།། གསུང ་པ། དཀྱིལ་འཁོར་མེད་པར་སྦྱིན་མི་བྱ།། སློབ་མ་བསྡུ་བར་མི་བྱའོ།། གཙོ་བོས་ཇི་ལྟར་གསུངས་པ་ཡི།། དཀྱིལ་འཁོར་ལས་ནི་སྨྲ་བར་བྱ།། མཐོ་ལྔ་པ་ཡིས་བཟུང་སྟེ།། འཁོར་ཡུག་དུ་ནི་གྲུ་བཞིའོ།། དེ་ཡི་བྱེད་ཀྱི ་ཟླུམ་པོ་ལ། ། བརྒྱད་ལས་འདམ་སྐྱེས་འདབ་མ་བརྒྱད།། ཨོཾ་ཧཱུ~ཾ་ཧྲཱི་ཧཱུཾ་ཨུ0f7f་ཧཱུ~ཾ་མ་ཧཱུ~ཾ་ཏིཥྛ་ཏིཥྛ་བཛྲ་ས་མ་ཡ་ཨ་དྷིཥྛ་ཡེང།། ས་སྦྱང་བའི་སྔགས་སོ།། བཛྲ་ཧེ་རུ་ཀ་བཛྲ་ས་མ་ཡ་ཏྲི་སརྦ་དུཥྚ་ས་མ་ཡ་མུ་ཏྲ་པྲ་བན་ཛ་ཧ་ཧཱུ~ཾ་རུ ་ལུ་རུ་ལུ་བྷོ་ཧཱུཾ་ཧཱུཾ་ཕཊ། ། ས་སྦྱང་བའི་དུས་སུ་གཏོར་མ་གཏང་བའི་སྔགས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨི་དམ་སུ་ཏྲ་ཏིཥྛ་མ་ཙ་ལ་ཧེ་ཧེ་བུད་དྷ་ཀ་པཱ་ལ་བཛྲ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཋ་ཐ།། སྔགས་འདིས་ལན་བ་དན་དུ ་བསྲད་བུ་ལ་མངོན་པར་སྔགས་པར་བྱའོ། ། ཐིག་སྐུད་ཀྱི་སྔགས་སོ།། གྲུ་བཞི་པ་ལ་སྐྱོ་བཞི་པ།། རྟ་བབས་བཞི་དང་ཡང་དག་ལྡན།། ཁ་ཁྱེར་སྣམ་བུ་སྤངས་པ་ལ།། བ་དན་རྣམ་པ་བརྒྱད་ཀྱིས་བརྒྱན།། སངས་རྒྱས ་ཐོད་པའི་སྦྱོར་བ་ཡིས། ། རྡུལ་ཚོན་གཞན་དང་འདྲེས་མེད་པའི།། རྡུལ་ཚོན་དམར་པོར་རྫོགས་པར་བྱ།། དེ་རུ་བུམ་པ་བཞི་པོ་རྣམས།། གྲཝ་དང་གྲཝ་རུ་རྣམ་པར་བཞག། བུམ་པར་མཚན་མ་བྲི་བྱ་བ།། ཐོད་པ་དང་ནི་ཁ་ཊྭཱཾ་ག། ་གྲི་གུག་དང་ནི་ཅང་ཏེའུ་དང་།། ཅང་ཏེའུ་གནས་སུ་རྡོ་རྗེ་བྲི།། རྡོ་རྗེའི་སྟེང་དུ་འདམ་སྐྱེས་ཏེ།། དེ་ལྟར་བུམ་པར་བྲིས་བྱས་ནས།། ཆུ་ཡིས་ཡོངས་སུ་དགང་བར་བྱ།། བུམ་པ་ལ་ནི་རས་ཀྱིས་རྒྱན།། རིན་ཆེན་རྣམ་པ་ལྔ་གཞུག ་ཅི་། ། བུམ་པར་ཀུན་ནས་འབྲུ་ལྔ་དང་།། ཨ་མྲའི་ལྕུག་མས་དགབ་པར་བྱ།། དེ་ནས་འོ་མའི་སྣོད་བཞག་སྟེ།། རྡོ་རྗེ་སློབ་དཔོན་བློ་ཆེན་གྱིས།། སངས་རྒྱས་ཐོད་པའི་སྦྱོར་དང་ལྡན།། པད་མའི་སྟེང་དུ་ཉི་མ་སྟེ།། ཉི་མའི ་སྟེང་དུ་ཧཱུཾ་ཡིག་བསམ། ། ཧཱུཾ་གྱུར་པ་ལས་རྡོ་རྗེ་ནི།། སྔོན་པོ་ཧཱུཾ་གི་བདག་ཉིད་སྐྱེས།། ཧཱུཾ་དང་རྡོ་རྗེ་བྱུང་དཔའ་བོ།། ཧེ་རུ་ཀ་ནི་བདག་ཉིད་ཆེ།། སྐུ་མདོག་སྔོན་པོ་ཕྱག་བཞི་པ།། གཙོ་བོ་ཆེན་པོ་ཞལ་གཅིག ་པ། ། གཡས་ན་གྲི་གུག་ཐོད་པ་སྟེ།། གཡོན་ན་ཁ་ཊྭཱཾ་རྡོ་རྗེའོ།། སྐུ་ལ་མིའི་རུས་པས་བརྒྱན།། ཀླུ་རྣམས་སྐྲག་པར་བྱེད་པ་པོ།། དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་བཞུགས།། གཅེར་བུ་འཇིགས་བྱེད་རང་བཞིན ་ཏེ། ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། དབུ་སྐྲ་སེར་ཞིང་གྱེན་དུ་འབར།། ཐོད་པས་སྤྱི་བོ་བརྒྱན་བྱས་པས།། ས་འོག་བདུན་ནི་འཁྲུག་པར་བྱེད།། དཔའ་བོ་དེ་ལྟར་བསམ་པར་བྱ།། ཕྱིས་ནི་ཕྱོགས་ཀྱི་འདབ་མ་ལ། ་ཨོཾ་དང་ཧཱུཾ་དང་ཁཾ་དང་སྲ།། ཡི་གེ་ཡོངས་སུ་གྱུར་པ་ལས།། རྣལ་འབྱོར་མ་ནི་རྣམ་པ་བཞི།། སྣ་ཚོགས་སྡེ་མ་འདོད་ཅན་མ།། ས་འོག་གནས་མ་རབ་བཟང་མ།། ལྷ་མོ་དེ་དག་མདོག་སྔོན་མོ།། གྲགས་ཆེན་ཞལ་གཅིག ་ཕྱག་བཞི་མ། ། ཉི་མའི་དཀྱིལ་འཁོར་རྣམ་པར་བཞུགས།། གཡོན་རྒྱང་པ་ཡི་ཞབས་ཀྱིས་བཞུགས།། གཡས་ན་གྲི་གུག་ཐོད་པ་འཛིན།། གཡོན་ན་ཁཊྭཱ~ཾ་ཅང་ཏེའུ།། རུས་བརྒྱན་ལྷ་མོ་ཀུན་འཇིགས་མ། ་ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། སྟག་གི་ལྤགས་པའི་ན་བཟའ་བསྣ་བས།། སྒྲ་ནི་སེར་པོ་གྱེན་དུ་འབར།། ཐོད་པའི་ཕྲེང་བས་སྤྱི་བོར་བརྒྱན།། དེ་རྣམས་མགོ་རྒྱུས་ཕྲེང་བ་ཅན།། ལྷ་མོའི་འོད་ཟེར་སྤྲོས་འགྱུར་བས།། ་ཀླུ་རྣམས་སྐྲག་པར་མཛད་པ་མོ།། ཕྱོགས་ཀྱི་འདབ་བཞུགས་ཆེར་བཞད་མའོ།། བློ་ལྡན་མཚམས་ཀྱི་འདབ་བཟང་ལ།། ཉི་མ་བཞི་ལ་ཧཱུཾ་ཡིག་བཞི།། ཧཱུཾ་ཡིག་སོ་སོར་གྱུར་པ་ལས།། ཆང་འཚོང་མ་དང་འབྱུང་པོ ་མ། བཞིན་བཟངས་ནམ་མཁར་འགྲོ་མ་སྟེ།། མཚམས་ཀྱི་འདབ་མར་གནས་ལྷ་མོ།། ཁ་དོག་སེར་མོ་གྲགས་ཆེན་མོ།། ཐམས་ཅད་ན་བཟའ་སེར་མོ་བ་སྐམས།། གཡས་བརྐྱང་བ་ཡི་ཞབས་ཀྱིས་གནས།། ཞལ ་གཅིག་མ་ལ་ཕྱག་བཞི་མ། ། གྲུ་བརྒྱད་བརྒྱན་བྱས་ལྷ་མོ་ནི།། གཡས་ན་གྲི་གུག་ཅང་ཏེའུ་འཛིན།། གཡོན་ན་ཁ་ཊྭཱཾ་ཐོད་པའོ།། སྐུ་ལས་འོད་ཟེར་སེར་པོ་འགྲོ།། ཤིན་ཏུ་བགེག་པའི་ཉམས་དང་ལྡན།། ཅུང་ཟད་མཆེད ་གཙིགས་པའི་ཞལ། ། ཐམས་ཅད་གར་བྱེད་སྐྲ་སེར་མ།། ཀླུ་རྣམས་སྐྲག་པར་སྐྱེད་བྱེད་མ།། མཚམས་ཀྱི་ཆ་རུ་རྣམ་པར་གནས།། དེ་ནས་བསམ་པར་བྱ་བ་ནི།། སློབ་དཔོན་ཧེ་རུ་ཀེས་རང་གི་ལུས་ལས་སྐྱེས་པའི་འོད་ཀྱིས ་ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་རིག་པར་བྱས་ནས། སླར་ལོག་སྟེ་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་རེག་པའི་འོད་ཟེར་ལས་ལྷ་མོའི་ཚོགས་ཡང་དག ་པར་སྤྲོས་པས། ཧེ་རུ་ཀ་དང་རྣལ་འབྱོར་བརྒྱད་ལྷན་ཅིག་ཏུ་བཀྲུས་སོ།། བཀྲུས་པ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་ཅོད་པན་དུ་གྱུར་ཏོ།། དཀྱིལ་འཁོར་རྫོགས་པར་མཐོང་ནས་ནི།། སློབ་དཔོན་བདག་ཉིད་ཆེན ་པོ་ཡིས། ། ཕྱིས་ནི་གཏོར་མ་གཏང་བར་བྱ།། ཁྱད་པར་དུ་ནི་འོ་མའོ།། སངས་རྒྱས་ཐོད་པའི་སྦྱོར་ལྡན་པའི།། ཤེས་རབ་ཅན་གྱིས་ཆང་བཏུང་ཞིང་།། མར་མེ་བཞིན་ནི་དབུལ་བར་བྱ།། འབྲས་བུ་བཞི་ཡང་དབུལ་བྱ ་ཞིང་། ། དེ་ནས་སློབ་མ་བློ་ཆེན་གྱིས།། རས་བཟུར་གསུམ་ནི་དབུལ་བར་བྱ།། དེར་ནི་གདན་ཡང་བསྟབ་པར་བྱ།། སློབ་དཔོན་བདག་ཉིད་ཆེན་པོ་ཡིས།། དེ་རུ་རྣལ་འབྱོར་མ་མཆོད་དོ།། བློ་གྲོས་ཆེན་པོ་ཐུག ་དགྱེས་པས། ། སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ།། དཔའ་བོ་རྣལ་འབྱོར་མཆིམ་བྱ།། མགུ་བར་སེམས་པའི་ཡིད་ཀྱིས་ནི།། འཁོར་ལོ་ཁྱད་པར་ཆེ་བྱ་སྟེ།། ཕྱིས་ནི་སློབ་དཔོན་བརྩེ་ཆེན་བདག། ཕྱི ་རོལས་རུ་བྱུང་ནས་ནི། ། བདེ་བ་ཡི་ནི་གདན་བཞུགས་ཏེ།། སློབ་མས་མཎ་ཌ་ལ་གསུམ་བྱས་ལ།། ཞབས་ལ་སྤྱི་གཏུགས་འདི་སྐད་གསོལ།། སྟོན་པ་བཅོམ་ལྡན་བླ་མ་ཀྱེ།། སེམས་ཅན་དོན་ལ་གཅིག ་བརྩོན་པ། ནམ་མཁའ་ལྡིང་བཟང་སྦྱོར་བ་དང་།། ཤ་རི་ཀ་ཡི་སྦྱོར་བ་འཚལ།། དུས་སུ་ཟིན་པ་བཟློག་པ་ཡི།། སེམས་ཅན་དོན་ནི་བཟང་པོ་འཚལ།། སངས་རྒྱས་ཐོད་པའི་རྣལ་འབྱོར་པ།། སྟོན་པ ་ཆེན་པོས་དེ་དག་གསུངས། ། བདག་གི་ཐེ་ཚོམ་བཟློག་པ་དང་།། སེམས་ཅན་དོན་ནི་མཐར་ཐུག་བགྱི།། བརྟན་པ་དང་ནི་རྒྱུ་བ་དང་།། ཡན་ལག་སྐྱེས་དང་བཅོས་མ་ཡི།། དུག་རྣམས་དྲུག་མེད་པར་བགྱི་ཞིང་།། སེམས་ཅན ་ཐམས་ཅད་འཚོ་བགྱི་བ། ། བླ་ས་ཆེན་པོ་དེ་དག་གསུངས།། དེ་ནས་སློབ་དཔོན་བརྩེ་བ་ཡིས།། བྱིན་གྱིས་བརླབ་པའི་ཐུགས་ཀྱིས་ནི།། ཁྲག་འཐུང་གོ་འཕང་གནས་པ་ཡི།། སློབ་མ་ལ་ནི་སོ་ཤིང་སྦྱིན།། སོ་ཤིང་སྔགས ་ནི་སྦྱིན་པར་བྱ། ། ཨོཾ་ཧཱུ~ཾ་ཧེ་བྷ་ག་བ་ཏི་པུ་ཁམ་པ་རི་ཤུད་དྷ~ཾ་ཀུ་རུ་སྭཱ་ཧཱ།། ལན་བདུན་མངོན་པར་བསྔགས་བྱས་ལ།། སོ་ཟུང་ནས་ནི་ཁ་བཤལ་ཏེ།། སློབ་མ་ལྷག་པར་གནས་པར་བྱ།། རང་གི་ལག་པ་བྷུ་ལྱ་ཞིང་།། མེ་ཏོག་གྲི ་ཀྱང་དཀྲི་བར་བྱ། ། མགྲིན་པ་ལག་པར་ཟླ་བ་བསམ།། ཟླ་བའི་ཟེར་གྱིས་ཕྱོགས་བཅུ་ཡི།། སངས་རྒྱས་སྤྱན་དྲངས་གདོན་མིཟ།། སངས་རྒྱས་ཚོགས་ཀུན་ཟླ་བར་ལྟ།། གྲགས་ཆེན་ཐམས་ཅད་རབ་ཞུགས་ཤིང་།། ཟླ་བ་ཞུབར ་གདོན་མི་ཟ། ། སློབ་དཔོན་བསྒོམ་པའི་ནུས་པ་ཡིས།། སློབ་མའི་མགོ་རུ་ལག་བཞག་སྟེ།། ལྷག་པར་གནས་པའི་གསང་སྔགས་ཟླས།། ཨོཾ་སརྦ་བུད་དྷ་ཨ་ཏྲ་ཨ་མུ་ཀ་སྱ་ཀ་ཡ་མ་དྷིཥྛ་ན། ཡན་དུ་མ་ཙ་ལ་མ་ཙམ་ཏིཥྛ་ཏིཥྛ ་ཏར་ཧ་ར། བི་དྷ་ར་བི་དྷ་ར། དྷ་ར་ཏྲ་བ་རྦ་བ་བྷོ་བྷག་པན་ཏ་སརྦ་བུད་དྷཀ་པཱ་ལེ་བཛྲ་སྱ་ཀ་ཏཾ་མ་ལ་ཡ་ཤི་ཀྵ~ཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཧ་ཧ།། སྔགས་འདིས་ལན་བདུན་དུ་བཟླས་པས་ལྷག་པར་གནས་པར་བྱའོ།། སངས་རྒྱས་དེ ་དག་ཐམས་ཅད་ཀྱིས་དེའི་ལུས་ལ་ཡང་དག་པར་བྱིན་གྱིས་རློབ་པར་འགྱུར་རོ། ། ལྷག་པར་གནས་པ་ཙམ་གྱིས་རྫུ་འཕྲུལ་ཆེན་པོའི་ཀླུ་རྣམས་སྐྲག་ཅིང་དྲུག་གི་བུམ་པ་ཡང་འདོར་རོ།། ནོར་རྒྱས་ལ་སོགས་པའི ་ཀླུ་སྟོབས་པོ་ཆེ་རྣམས་དཔྱོད་པར་འགྱུར་རོ། ། ཨེ་མ་འོ་སངས་རྒྱས་ཀྱིས་གསུངས་པའི།། ལྷག་པར་གནས་བཅས་གྱིས་ནི།། འདི་ལྟའི་སྡུག་བསྔལ་ཐོབ་འགྱུར་ན།། མཁའ་ལྡིང་རྟོགས་པའི་སེམས་ཅན་གྱིས།། ་བདག་ནི་ཇི་ལྟར་འགྲོ་བར་འགྱུར།། དེ་མ་ཐག་ཏུ་སློབ་དཔོན་གྱིས།། དཀྱིལ་འཁོར་ནང་དུ་མེ་ཏོག་ནི།། རྣམ་པ་སྣ་ཚོགས་དབུལ་བར་བྱ།། སྣ་ཚོགས་སྤོས་དང་ལྷ་བཤོས་དབུལ།། དུང་ཆོས་ཟངས་ཆོས་སྣོད་དག་ནི། ་མན་རིའི་སྟེང་དུ་གཞག་པར་བྱའོ།། མཆོད་ཡོན་གྱི་ནི་དོན་ཆེད་དུ།། བུམ་པ་རྣམས་ལ་ལྷག་གནས་བྱ།། ཁྲག་འཐུང་གོ་འཕང་གནས་པ་ཡིས།། རྣལ་འབྱོར་མ་བརྒྱད་བསྐོར་བ་ཡིས།། ཁྲག་འཐུང་རྣམ་པར ་སྤྱན་དྲངས་ཏེ། ། དཀྱིལ་འཁོར་ཇི་བཞིན་ཡང་དག་ལྡན།། མདོག་དང་མཚན་མར་ལྡན་པ་ཡི།། དེ་བཞིན་གཤེགས་རྣམས་ས་བོན་གྱི།། འོད་ཟེར་གྱིས་ནི་རྣམ་པར་བསམ།། བདག་ཉིད་ཆེན་པོ་གྲགས་ཆེན་པོ།། བུམ་པ ་རུ་ནི་ཞུགས་ཙམ་གྱིས། ། དམ་ཚིག་དཀྱིལ་འཁོར་ཞུ་བར་གྱུར།། རྣལ་འབྱོར་ལྡན་པའི་སེམས་དང་ནི།། སློབ་དཔོན་གྱིས་ནི་འདི་ལྟར་བལྟ།། དེ་ནས་ཟངས་མའི་སྣོད་དུ་ཆུ་བླུགས་ཤིང་དུང་ཕོར་ཆུས་བཀང་སྟེ།། མན ་ཇིའི་སྟེང་དུ་བཞག་པར་བྱའོ། ། ཡང་ཕྱིར་བྱུང་ནས་སློབ་མའི་དོན་དུ་བདག་ཉིད་ཀྱིས་རས་ཀྱིས་མིག་དགབ་པར་བྱའོ།། རས་གསུམ་གོན་པར་གྱུར་པའི་སློབ་མ་ཕྱིས་དཀྱིལ་འཁོར་གྱི་སྒོར་བཞག་ལ་ཆུས་གཏོར་ཏེ་སྔགས ་བཟླའོ། ། ཨ་བྷི་ཥི་ཉ་ཙན་ཏཱ་མ~ཾ་སརྦ་ཡོ་གི་ནི་མ་ཀུ་ཏོ་ཨ་ཏྲ་ཨ་ཏིཥྛ་ཡན་ཏྲ་ཨ་ཙན་ཏུ་ཧཱུཾ་སྭཱ་ཧཱ།། ཅོད་པན་བྱིན་གྱིས་བརླབས་པའི་སྔགས་སོ།། དེ་ནས་སློབ་དཔོན་གྱིས་ཀྱེ་ཁྱོད་སུ་ཞེས་སྨྲའོ།། སློབ་མས་བདག་ནི་རྒྱལ ་པའི་སྲས་ཞེས་སྨྲའོ། ། དེའི་རྗེས་སུ་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་ལན་གསུམ་དུ་གཏོར་ལ།། མིག་རས་བསལ་ཏེ་དཀྱིལ་འཁོར་མཆོད་པར་བྱའོ།། ཨོཾ་ཧེ་རུ་ཀ་བཛྲ་པུཥྤེ་ཡཾ་པྲ་ཏིཙྪ་ཧཱུཾ་དབུས་སུང།། ཨོཾ་ཙ ་སེ་པྲ་ཨུ0f7f་ཡརྦ་ཏིརྫྫ་ཏྲཱཾ། ཤར་དུའོ།། ཨོཾ་ཀཱ་མ་ནཱི་བྲཱཥྚཱ་ཡ་པྲ་ཏིརྫྫ་ནཱ་ཀྴའོའོ།། ཨོ་བཏལ་བ་ས་ནི་པྲཥྚ་ཡང་པྲཏིཙྪ་ཧཱུཾ། ནུབ་དུའོ།། ཨོཾ་སུ་བྷ་དྷེ་པྲཱཥྚ་ཡ་པྲ་ཏརྱ་དྷཱ། བྱང་དུའོ།། ་ཨོཾ་ཤོན་ཊིན་པ་ཥ་ཡ་པྲ་ཏིཿ་ཧཱུཾ་མེར་རོ།། ཨོཾ་བུད་དྷི་ནི་པུཿཔྲ་ཨུ0f7fདྷཱུ། བདེན་བྲལ་དུའོ།། ཨོཾ་ཙ་ཏུར་བྷ་ཏྲ་པྲཥྚ་པྲཉིན་ཧཱུཾ། རླུང་ངོ་།། ཨོཾ་ཨཱ་གཱ་ཤ་དྷ་པ~ཾ་ར~ཾ་པྲཥྚ་བྲྀཿཧཱུ~ཾ། དབང་ལྡན་དུའོ།། དེ་ནས་དཀྱིལ ་འཁོར་གྱི་ལྷའི་སྐུ་མདོག་ཇི་ལྟ་བ་དང་མཚན་མ་ལ་སོགས་པ་དེ་བཞིན་དུ་སློབ་མ་ལ་བསྟན་པར་བྱའོ། ། ཡང་དུང་ཕོར་བླངས་ཏེ་ཆུ་བཏུང་བར་བྱའོ།། དེ་མཐུངས་པ་ཙམ་གྱིས་ཀླུ་ཐམས་ཅད་སྐྲག་ཅིང་སྐྱོབས་དྲུག ་སྐྱུགས་པར་འགྱུར་རོ། ། བརྟན་པ་དང་གཡོ་བའི་དུག་གང་ཡིན་པ་དང་།། གཞན་ཡང་སྦྱར་བ་དང་།། ཉེ་བར་སྦྱར་བའི་དུག་གང་ཡིན་པ་དང་། མདའདུག་དང་། བྱུག་པའི་དུག་དང་། དགྲ་རྣམས་ཀྱིས་གང་སྦྱོར་བ་དང་། ་བུད་མེད་རྣམས་ཀྱིས་གང་སྦྱར་བའི་དུག་དེ་རྣམས་ཉེ་བར་འཕོ་བར་འགྱུར་རོ།། གལ་ཏེ་ཀླུ་ཡིས་ཟིན་པ་ཡང་།། དེ་རུ་དེ་ནི་ངེས་པར་འགྲོ།། གཞན་ཡང་སྦྲུལ་གྱི་དུག་ཀྱང་རུང་།། ཆུ་ནི་མཐུངས་པ་ཙམ་གྱིས་ཀྱང་། ་དེ་དག་ཐམས་ཅད་འཆི་བར་འགྱུར།། དེའི་ཕྱིར་ན་དུང་གི་ཆུ།། འདི་རུ་བཏུང་བར་ཐེ་ཚོམ་མེད།། དེ་ནས་སློབ་མ་དྲི་བར་བྱ།། འདིར་ནི་ཤ་ལི་ཀར་བྱེད་ཅིང་།། མཁའ་ལྡིང་ཤེས་པའི་སློབ་དཔོན་འགྱུར།། བསམ་པ་རྣམ ་པར་དག་ཤེས་ནས། ། ཕྱིས་ནི་བཀའ་གནང་སྦྱིན་པར་བྱ།། སྟོང་ངམ་བརྒྱ་རུ་གསོལ་བ་གདབ།། དེ་ནས་སྔགས་ཀྱི་མན་ངག་སྦྱིན།། ཇི་སྲིད་སྦྲུལ་གྱིས་ཟིན་དུས་དང་།། ཇི་སྲིད་མཁའ་ལྡིང་རིགས་ཡོད་པར།། དེ་སྲིད་དེ་དང་དེ ་ལས་ཀྱང་། ། ཇི་སྲིད་དུས་སུ་ཟིན་མེད་པར།། སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། དེ་སྲིད་འབད་རྩོལ་བྱ་བ་མིན།། དུས་ཟིན་འཆི་བའང་ཤོས་བྱ་སྟེ།། ནམ་མཁའ་ལྡིང་གི་བྱ་བ་བྱ།། དུས་སུ་ཟིན་ནེ་ཞེས་སྨྲས་པ། ་དེ་སྲིད་རྣལ་འབྱོར་ཆེ་འདི་ཡིས།། དེ་རུ་ལས་ནི་བརྩམ་པར་བྱ།། བདག་ཉིད་ཧེ་རུ་ཀར་གྱུར་ཅིང་།། རྣལ་འབྱོར་མ་བརྒྱད་ཡང་དག་ལྡན།། བློ་ལྡན་སྔོན་གསུང་གསང་སྔགས་ཀྱིས།། ཕྱིས་ནི་གཏོར་མ་སྦྱིན་པར་བྱ།། ད ་རྗེས་དཀྱིལ་འཁོར་བྱས་ནས་ནི། ། སྔོན་དུ་གསུངས་པའི་གསང་སྔགས་ཀྱིས།། གནས་དགུ་རུ་ནི་མཆོད་པར་བྱ།། མཁས་པ་ཡིས་ནི་མཆོད་བྱས་རྗེས།། མཉམ་པར་གཞག་པ་ལས་རྣམས་བརྩམས།། གང་དུ་རྫུ་འཕྲུལ ་ཆེ་ཀླུ་ཡང་། ། དེ་རུ་སེམས་བཟང་འོད་ཟེར་སྤྲོ།། ཀླུ་རྣམས་ཀྱི་ནི་སྙིང་སྐམས་པས།། ཅི་ཞིག་བགྱིའོ་ཞེས་ནི་སྨྲ།། གསུངས་པ། ལྷ་མོ་སྣ་ཚོགས་སྡེ་མ་ཡིས།། སངས་རྒྱས་ཐོད་པར་སྔོན་དུ་གསུངས།། ཀྱེ་ཀྱེ་གྲགས་པ་ཆེ ་བའི་ཀླུ། ། སོང་སྟེ་འདིར་དུས་ཟིན་གྱུར་པའི།། དུས་ཟིན་འཛིན་པ་བཟུང་བ་མེད།། དུག་མེད་སྤྲུལ་ཡང་མེད་པའོ།། གང་ཕྱིར་དོགས་པས་རྨོངས་གྱུར་པ།། དེ་ཕྱིར་སྐེ་བོ་རྣམས་འཆིར་འགྱུར།། དེ་ནས་འོད་ཟེར་སླར་ལོག ་སྙིང་ཁ་རུ་ནི་ཐིམ་པར་འགྱུར། ། ཡང་ནི་སེམས་ནི་མཉམ་བཞག་པའི།། སློབ་དཔོན་གྱི་ནི་ངོ་མཚར་བསྟན།། དེ་ནས་ས་ལ་མ་ལྷུང་བའི་ལྕི་བ་བླངས་ཏེ་འདབ་ཆགས་རི་སྐེགས་གཉིས་བྱ་ཞིང་སྣོད་དཀར ་པོ་བྱས་ཏེ། ། རོ་བསྲེགས་པའི་སོལ་བ་ལ་གཞག་པར་བྱའོ།། རོ་བསྲེགས་པའི་སོལ་བ་ལས་སྣག་ཚ་བྱས་ཏེ།། སེམས་ཅན་གྱི་དོན་རིགས་པས་དབེན་པར་སྔགས་བྲི་བར་བྱའོ།། ཨོཾ་བུད་དྷ་ཀ་པཱ་ལི་ནི་ཧྲ་ཏད ་ཏ་ཧ་བ་ཡ་བྷོ་ཤ་ལི་ཀ་ན་ཨ་ན་ཡ་ནཱ་བུད་དྷ་ཀ་པཱ་ལ་བཛྲ་སྱ་ཨཱ་ཛཱ་མ་ལང་གྷ་ཡ་ཧཱུཾ་ཧཱུཾ་ས་རན་ཏུ་སརྦ་ད་ཊཱི་ག་པ་ཏི་ཀ་ཙེ་ཏེ་མ་ན་བྷུ་གྷི་དི་སརྦ་ཛི་ཨི་ན་སུ་ནན་ཏི་པ་ཡ་ག་རེ་རེ་ཀར་ཀོ་ཊ་ཀ་པྲ་བྷི་ཏ་ཡ་ན་ག་རཱ ་ན་སཱུ་ཏན་ཏི་མུ་རྡ་ན་རེ་རེ་ས་སྥ། ། ཨ་བ་ས་སྤྱ་མ་ཙ་ལ་ཧ་མ་བུ་ལ་ཧ་ཛ་ཨི་ཙ་ལི་ཧ་བུ་ལ་ཧ་རེ་རེ་བྷ་རུ་ཀྲི་པྲི་བྷ་ཏ་ཡ་ན་ག་རཱྀ་ཛ་ན་ཨུ་ཧ་བུད་རྞ་མུ་དྷི་པྲན་ཛ་ཨི་ཞེས་པ་ནི་ཤ་ལི་ཀའི་སྙིང་པེའི་སྔགས་སོ།། ་དེ་ནས་ཀྱི་ནན་ལ་འབྱོར་བས།། སེམས་ན་ཤིན་དུ་མཉམ་བཞུག་པས།། ཡོངས་རྫོགས་ཤཱ་གནས་ལ།། པོ་དང་མོ་རུ་བརྟག་པར་བྱ། སྐྲག་ས་མས་ན་ཐོབ་བྱ།། མིག་ག་སྔོན་དུམོགནགཿག། ་ཤ་ལི་ཀ་བཟངས་འཕོངས་ཕྱོགས་པལ།། དེ་ནས་ལྕུག་མ་སྔགས་ཀྱིས་བསྔག། ཨོཾ་ཧཾ་ཧ་ལ་ཁྱབ་འཇུག་གི་ས་བོན་ནོ།། ཨོཾ་བ་ཚངས་པའི་ས་བོན་ནོ།། ཨོཾ་ས་མཤེས་པ་ནི་ནི་པྱིད་ཀྱིས་ཞིན། ཨོཾ་ཧཧ་ཅཏཅཏེམ་དག་པའི་སྔགས་སོ་འདིས་པ་སྔགས ་ཀྱི་མཆོག། སྟོང་གསུམ་ན་ཡང་རྙེད་པར་དཀའ།། ལན་བདུན་བསྔགས་པ་ཙམ་གྱིས་ནི།། འགྲོ་བར་འདི་ནི་ཐེ་ཚོམ་མེད།། ཀླུ་རྣམས་སྐྲག་པར་བྱེད་པ་ཡི།། མཁའ་ལྡིང་ཉམས་དགའ་སོང་ནས་ནི།། ཀླུ་ཡི་གནས་སུ་ཞུགས ་དེའི་ཚེ། ། མཁའ་ལྡིང་བྱེ་བའི་སྟོབས་དང་ལྡན།། རིངས་ནས་ཀྱང་ནི་གཤོག་རླུང་གིས།། སྟོབས་པོ་ཆེ་ཡི་ཀླུ་རྣམས་སྐྲག། མཐོ་རིས་མི་ཡུལ་ས་འོག་དང་།། གང་ཡང་གཞན་ན་གནས་པ་དང་།། གཞན་ཡང་རུང་སྡེ་དེ་ཐམ ་ཅད། ། སྐྲ་གནས་ཅི་བགྱི་ཞེས་ནི་སྨྲ།། ཀླུ་གང་གིས་ཟིན་པ་དེ་གལ་ཏེ་ཡང་ཤིན།། བདག་ཉིད་ཆེན་པོ་ཤ་ལི་ཀ་མཐོང་མ་ཐག་ལོང་བར་འགྱུར་རོ།། ཀླུ་དང་སྦྲུལ་དེ་དག་གིས་ཤ་ལི་ཀ་ལ་འདི་སྐད་གསོལ་ཏོ།། ཀྱེ་ཤ་ལི་ཀ ་གཞན་དུ་གསུང་བར་མ་མཛད་ཅིག། དེ་ལྟར་ཐོས་ནས་ཤ་ལི་ཀ་མགུ་བའི་སེམས་ཀྱིས་དུག་གིས་ཟིན་པའི་མདུན་དུ་སྤྲུལ་ལོང་བ་ཁྱེར་ཏེ་འཇོག་གོ།། དེ་ནས་སློབ་དཔོན་གྱིས་བལྟས་ཏེ།། སའི་གོང་དུ་བླངས་ལ་ཤ་ལི་ཀའི ་དག་པའི་སྔགས་ཀྱིས་སྦྲུལ་ལོང་བ་ལ་བསྣུན་ནོ། ། སྐད་ཅིག་དེ་ཉིད་ལ་དེའི་མིག་འབྱེ་བར་འདིར་སོམ་ཉི་མེད་དོ།། དུས་སུ་ཟིན་པར་འགྱེལ་ཏེ་ཤི་བ་སྦྲུལ་གྱིས་མཐོང་ནས།། དེའི་ལུས་ལ་འགྲོ་བ་དང་འོང་བར་བྱེད་པས ་དུས་སུ་ཟིན་པ་དྲུག་མེད་པར་འགྱུར་ཞིང་། ། དགའ་བའི་སེམས་ཀྱིས་ལྡང་ངོ་།། ཟིན་པ་ལ་ངེས་པ་ཙམ་ཉིད་ན་ཤ་ལི་ཀས་སྦྲུལ་གཟུང་སྟེ་མི་སྣང་བར་གྱུར་རོ།། སྐྲོད་ཅིག་མ་དེ་ཉིད་ལ་སློབ་དཔོན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤྭ ་བསྒོམ་པར་བྱའོ། ། སྟོང་པ་དྲི་མེད་ཀུན་རང་བཞིན།། ཆོས་རྣམས་སྟོང་པའི་རང་བཞིན་ཀྱེ།། གང་གིས་འཛིན་ཅིང་གང་ཞིག་འཛིན།། མཐའ་དག་སྒྱུ་མའི་རང་བཞིན་གྱི།། དངོས་པོ་མ་ལུས་པ་མཐའ་དག་དང ་དྲུག་ཀྱང་སྟོང་པ་ཉིད་དུ་སངས་རྒྱས་ཐོང་བའི་རྒྱུད་ལས་གསུངས་ཏེ། ། ཞག་ཉི་ཤུ་རྩ་གཅིག་གི་མཐར་ཐུག་པར་ཇི་སྲིད་དུ་ལུས་མ་ཞིག་པ་དེ་སྲིད་དུ་སློབ་དཔོན་གྱིས་ཡང་དག་པར་བརྩམ་པར་བྱའོ།། དེ་ལྟར་སློབ་མ ་ལ་རྗེས་སུ་གནང་བ་བྱིན་ནས་ཕྱིས་ལུང་བསྟན་པར་བྱའོ། ། དེས་ལན་བརྒྱའམ་སྟོང་དུ་གསོལ་བ་བཏབ་ནས།། དུག་འཇོམས་པའི་སྔགས་བསྟན་པར་བྱའོ།། ཨོཾ་བུད་དྷ་ཀ་བ་ལཱི་ནི་ཨ་ཧཱུཾ།། དུག་བཟའ་བའི་སྔགས་སོ ་དེ་ནས་གཞན་ཡང་དོན་དུ་གཉེར་བའི་སེམས་ཅན་དེ་རྣམས་ཐམས་ཅད་ལ་དཀྱིལ་འཁོར་བསྟན་ཏེ། ། དུང་ཕོར་གྱི་ཆུ་འཐུངས་པ་དེས་ན་དུག་མེད་པར་འགྱུར་ཏེ།། སྦྲུལ་གྱིས་མ་འཛིན་ནོ།། གལ་ཏེ་འཛིན་ན་དེའི ་ཚེ་ཀླུ་འཆི་བར་འདིར་ཐེ་ཚོམ་མེད་དོ། ། དེ་ལྟར་སློབ་མ་ཤ་ལི་ཀའི་སྦྱོར་བ་ལ་མངོན་པར་བརྩོན་པ་ལ་བཀས་གནང་བ་བྱིན་ཏེ།། གྲོང་གང་དུ་གནས་པ་དེར་དུག་གི་འཛིན་པ་མེད་དོ།། གལ་ཏེ་ཡོད་ན་དེའི་ཚེ་ཀླུ་འཆི་བར ་འགྱུར་རོ། ། དེ་ལྟར་ཐོས་ནས་སློབ་མ་རྡོ་རྗེའི་སྦྱོར་བ་དང་ལྡན་པའི་སེམས་ཀྱིས་གང་ཅི་ཡང་རུང་བའི་ཡོན་དེར་དབུལ་བར་བྱའོ།། དེ་ནས་ཕྱི་རོལ་གྱི་སར་བྱུང་སྟེ།། གཏོར་མ་གཏང་བར་བྱའོ།། དེ་ནས་སློབ་དཔོན་གྱིས ་དཀྱིལ་འཁོར་གྱི་སྔགས་ཀྱིས་གཤེགས་སུ་གསོལ་ཏེ། ། ཨོཾ་བུད་དྷ་ཀ་པཱ་ལི་ནི་ཧྲི་ཨུ་ཏིཥྛ་གཙྪ་ཧཱུཾ་གཙྪ་ཧཱུཾ་ཕཊ། དཀྱིལ་འཁོར་གཤེགས་སུ་གསོལ་བའི་སྔགས་སོ།། དེ་ནས་ཡང་དག་བཤད་པར་བྱ།། ཆུ་ཡི ་སྦྱོར་བ་བླ་མེད་པ། ། གང་གིས་བྱིན་པ་ཙམ་གྱིས་ནི།། དུག་གིས་ཟིན་པ་འཚེ་བར་འགྱུར།། ཉི་མ་བདུན་དུ་འཆི་བ་དང་།། གཞན་ཡང་དུག་གིས་ཉམས་པ་རྣམས།། ཆུ་ནི་བྱིན་པ་ཙམ་གྱིས་ནི།། འདི་རུ་འཚོ་བར་ཐ ་ཚེམ་མེད། ། སྔགས་འདིས་དཀྱིལ་འཁོར་བྱས་ནས་ནི།། གནས་དགུ་རྣམས་སུ་མཆོད་པར་བྱ། དུང་པོར་ཆུ་ཡིས་བཀང་བྱས་པ།། དཀྱིལ་འཁོར་དབུས་སུ་བཞག་པར་བྱ།། དེ་ནས་བརྩེ་བ་ཆེན་པོ་ཡི།། བདག ་ཉིད་རྣལ་འབྱོར་པ་ཡིས་ནི། ། རང་གི་ལག་པ་གཡོན་པ་ལ།། ཟླ་བ་ཡི་ནི་ཁྱད་པར་བསམ།། བཅུ་དྲུག་ཆ་ལས་ཡོངས་རྫོགས་པའི།། དྲི་མེད་དགེ་བའི་ལུས་ཅན་དེ།། དེའི་དབུས་ས་བོན་མི་ཤིགས་དགེ། ཁ་དོག་དཀར་པོ ་ལུས་ཅན་ནོ། ། ལག་དེས་སྣོད་ཀྱི་ཁ་བཅད་དེ།། དེ་ནས་གསང་སྔགས་བཟླ་བར་བྱ།། ཨོཾ་སརྦ་བ~ཾ་ཤ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། སྔགས་འདིས་ལན་བདུན་གྱི་བར་དུ་མངོན་པར་སྔགས་ཏེ། མི་ཤིགས་པ་དང ་ལྷན་ཅིག་ཟླ་བཞུ་གྱུར་ནས་ཆུའི་ནང་དུ་ཐིམ་སྟེ། ། ཆུ་དང་ཟླ་བ་གཅིག་ཏུ་འདྲེས་པ་ཤིན་དུ་དཀར་པོར་འགྱུར་རོ།། གལ་ཏེ་དུག་གིས་ཟིན་པ་མ་ཤི་ན་དེའི་ཚེ་ཆུ་བླུད་དོ།། ཡང་ན་ཤི་བ་ཡིན་ན་མགོ་ནས་རྐང་པའི་མཐར ་བུག་པར་ལན་གསུམ་གསུམ་དུ་ཆུ་རྒྱུན་མི་འཆད་པར་བླུགས་ན་ལངས་པར་འདིར་ཐེ་ཚོམ་མེད་དོ། ། དེ་ནས་ཆུ་བླུད་ན་རྣམ་པར་འགྱུར་རོ།། སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི ་ཡང་ཤིན་དུ་གསང་བ་ཞེས་བྱ་བ་ལས་ཤ་ལི་ཀའི་སྦྱོར་བ་དང་། ། ཆུའི་སྦྱོར་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་དག་རབ་གཤད་པ།། ཤིན་ཏུ་རྙེད་ཀའི་བཅུད་ལེན་ལེའུ།། དེ་བཞིན་གཤེགས་པའི་སྙིང་པོ ་མཆོག། རྣལ་འབྱོར་མ་ཡི་གདན་མེད།། གཞོན་ནུམ་དང་ཤ་རི་ཀ། གྲུབ་མ་བྱས་པ་ཅན་མ་དང་།། དེ་བཞིན་པོང་བཟངས་ཅན་མའོ།། འདི་དག་སྨན་ནི་ཆེན་པོ་ལ།། སངས་རྒྱས་ལས་ཀྱང་རྙེད་པར་དཀའ།། འདི་དག ་བཙམ་བྱས་ནི། ། བརྒལ་པ་བྱེ་བར་དེ་འཚེའོ།། གཞོན་ནུ་མ་ནི་ཌྒ་དྲུག་ཏུ།། དེ་བཞིན་ཤ་རེ་ག་བླ་གསུམ།། གྲུབ་མ་ཟླ་བ་གཅིག་ཏུའོ།། ཁྱིས་ཅན་མ་ནི་རྦ་ཕྱེད་གཉིས།། བོད་པ་ཅན་ཡང་ཐབར་ཏེ།། ཚེ་འཕེལ་བ་ཡི་མཚ ་ཡིན་ནེ། བྱ་རོག་མ་ནི་བྱ་རོག་གཟུགས། གླང་པོ་མ་ནི་དང་བའི་གཟུགས།། དྲོད་མ་དྲོད་ཀྱི་གཟུགས་ཅན་ཏེ། སྡེ་བསངས་དཀར་མེ་སྔོན་མོའི་མིག་བསྒྱུར་སྦྱོར་བའི་དུས་སུ་ནི།། མིག་ལས་བྱུང་བའི་རྫས་གང་ཡིན། ་སྨན་དེའི་མིང་ནི་གཞོན་ནུ་མ།། འདི་རུ་བསྟན་པར་སོམ་ཉི་མེད།། དེ་ཡི་པད་མ་ལས་བྱུང་རྫས།། རྩ་ཡི་ནང་ན་རྣམ་པར་གནས།། གེསར་སྦས་པའི་སྤྱོད་ཡུལ་ཏོ།། སྨན་ནི་ཤ་རི་ཀ་དུ་གསུངས།། མེ་ཏོག་ལྡན་པའི་བུ ་མོ་གང་། ། ཁ་དོག་ནག་མེས་རབ་མཛེས་མ།། གང་དུ་ཐབས་ཤེས་གཉིས་འདུས་པ།། དེ་པི་ཁ་སྦྱོར་སྦྱོར་ལས་བྱུང་།། སྨན་དེའི་མིང་ནི་གྲུབ་མར་བཤད།། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། བུད་གང་རབ་མཛེས ་མཉམས་དང་། ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། མི་བྱེད་ཉེ་བར་སྤྱད་པ་ཡི།། དེ་ལས་དང་པོར་བྱུང་བའི་རྫ་ས~ཾ།། སྨན་བྱིས་པ་ཅན་ནི་ཞེས།། བདག་ཉིད་ཆེན་པོའི་ལྷ་མོས་གསུངས།། ལྷན་ཅིག་སྐྱེས་དག་བྱུང་བར ་རྫག། མཆག་ཅན་མར་འ་ག་དང་།། བཀྲི་འགྱུར་འཛིན་པས་ན་མེད།། སྨ་ན་དེའི་མངོན་མེད་པན་ཆོལ། ཁམ་ཉིསའི་སྦྱོར་བ་པས།། ཟླ་བར་ཛིན་པོ་ཚོམ་མེད།། བས་རྣ་བ་རྣམས་པ། དེ་ལས། ་དཀར་གཉེར་མ་ཞི།། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། དེ་ཡི་ཚེ་ནི་རྒྱས་པར་འགྱུར།། སྨན་འདི་གྲུབ་པ་ཙམ་གྱིས་ནི།། དག་པའི་ལུས་སུ་འབྱུང་བར་འགྱུར།། དངོས་པོ་གང་དང་གང་ཡང་རུང་།། ལྕགས ་ཟངས་མའི་སྣོད་དག་ལ། ། དངུལ་ནི་བྱུགས་པཙམ་གྱིས་ནི།། དངུལ་དང་གསེར་དུ་འགྱུར་བ་ཡིན།། དེ་ནས་ཡང་དག་རབ་བཤ་པ།། དགོངས་བཤད་ཤིན་ཏུ་རྙེད་དཀའ་གུ།། རྒྱུ་གཞན་དུ་ནི་རབ་སྦས་པ། བང ་པས་དེ་འདི་རབ་གསལ་བྱ། ། དྲི་ཆུ་ཡེ་ཤེས་རྡོ་རྗེ་སྟེ།། དྲི་ཆེན་རྡོ་རྗེ་བཟང་པོ་ཉིད།། ཁྲག་ནི་མར་མེ་རྡོ་རྗེ་ཡིན།། ཁྱ་བ་རྡོ་རྗེའི་ཐབས་བྱུང་ཅིང་།། ཤན་ཆོས་ཀྱི་རྡོ་རྗེ་ཡིན།། དེ་ལྡན་ལ་འབྱོར་མ་ཡི་མཆོག། ་གང་གི་དམ་ཚིག་རྙེད་དཀའ་བའི།། ཐབས་འདིར་བདག་གིས་བཤད་པར་བྱ།། བ་ལང་ཤ་ནི་འབར་བ་སྟེ།། ཁྱི་ཡི་ཤལ་སྤྲོ་བར་གསུངས།། རྟ་ཡི་ཤལ་བཟའ་བར་བཤད།། གླང་པོའི་ཤ་ལ་ཞུ་བར ་གསུངས། ། ཤ་ཆེན་ལ་ནི་བཟང་པོར་བཤད།། དེ་ལྟ་རྣལ་འབྱོར་མཆོག་ཏུ་གསུངས།། རྣལ་འབྱོར་རྣལ་འབྱོར་མ་ལྡན་པར།། གལ་ཏེ་གཅིག་ཏུ་བྱེད་ནུས་པ།། དེ་ཚེ་རྣམ་རྟོག་དེ་ཐམས་ཅད།། འཇིག་འགྱུར་འདིར་ནི་ཐེ ་ཙམ་མེད། ། ཟན་ལ་བསོད་ནམས་ཞེས་བྱ་སྟེ།། ཚོད་མ་ལ་ནི་སྡིག་པ་ཉིད།། རོལ་ཤིན་དུ་རྙེད་དཀའ་གསུངས།། བྱིས་པ་ལ་ནི་འགལ་བ་ཉིད།། གཡུད་མོ་ལ་ནི་བཟང་མོར་གསུངས།། རུས་པའི་ཕྲེང་ལ་རྫས་ཞེས་བྱ།། ་སྐྱེས་བུ་ལ་ནི་རྡོ་རྗེར་གསུངས།། བུད་མེད་ལ་ནི་སྣོད་བཟང་ཉིད།། དབང་པོ་གཉིས་ཀྱི་རབ་སྦྱོར་ལ།། གཟི་བརྗིད་ཕྲེང་ཆེན་དེ་བཤད་དོ།། རབ་ཆགས་ཤིན་ཏུ་མཐོང་བ་ཉིད།། འཁྱུད་པ་ལ་ནི་ཆོས་ཞེས་བརྗོད།། འདྲི་བ་ལ་ནི ་མར་མེའོ། ། ཤིན་དུ་འདྲིལ་མེ་ཞེས་བྱ།། འགྲོ་བ་ལ་ནི་ཕྲེང་ཅན་མ།། འོང་བ་ཤིན་ཏུ་ཕྲེང་ཅན་མ།། མྱུར་བ་ལ་ནི་བྱུག་ཅེས་བྱ།། དཔའ་བ་ལ་ནི་བཟང་དེ་བརྗོད།། པད་མ་རྩེ་འཇོ་ཕྲེང་ཅན་མ།། སྔགས་ཀྱིས་མཚན་ལ་རབ་དེས ་ཞེའོ། ། ལྡག་ལ་ལྕེ་འོག་ཅེས་བྱ་སྟེ།། སོ་ལ་བཟའ་བ་སྣ་ལ་བདེ།། མིག་ལ་རོལ་རྩེད་མུ་ཏིག་སྒྲ།། གསང་བའི་ཡུལ་ལ་རྙེད་དཀའ་ཞེའོ།། འདི་དག་བཤད་དོ་ལག་ཆེན་པོ།། འཇིག་རྟེན་གསུམ་ན་ར་བ་རྙེད་དཀའ།། སངས ་རྒྱས་ཐོད་པའི་རྣལ་འབྱོར་པ། ། མེད་པར་ཕན་ཚུན་སྨྲ་མི་བྱ།། འོན་ཀྱང་བཤད་ཆེན་དེ་ཉིད་འདི།། གཅིག་ལ་གཅིག་གིས་སྨྲ་བར་བྱ།། རྒྱུད་རྣམས་ཐམས་ཅད་དུ་སྨྲས་པ།། རྒྱུད་འདི་རུ་ནི་གསལ་བར་བྱེད།། ཉེ་འདུན ་གྲོང་མཐའ་ལྷན་ཅིག་ནིའོ། ། འདུས་པ་ཕྱི་རོལ་ཞེས་སུ་གསུངས།། ཉེ་བའི་འདུས་པ་ནད་དེ་བཞིན།། གནས་ལ་འབྲས་བུ་ཞེས་སུ་གསུངས།། ཉེ་བའི་གནས་ལ་ཤིང་ཉིད་དོ།། གྲོང་མཐའ་ལ་ནི་ས་བོན་གསུངས།། ་ཉེ་བའི་གྲོང་མཐའ་མྱུ་གུའོ།། ཚོགས་པ་ལ་ནི་སྡོང་བུར་གསུངས།། གཅིག་བུལ་ནི་འདབ་མ་སྟེ།། སྟོང་པ་ལ་ནི་རྩ་ཞེའོ།། དེ་ལྟར་དགོངས་པས་བཤད་པ་ནི།། བདེར་གཤེགས་རྣམས་ཀྱིས་མི་མཁྱེན་ནོ།། སྤྱན་མ་ལ་སོགས་རྣལ ་འབྱོར་མ། ། རྣམས་ཀྱི་ཁོང་དུ་མིས་ཆུད་ཅིང་།། བྱང་ཆུབ་སེམས་དཔའ་ཡུལ་མིན་ཞིང་།། བླ་མ་གུས་པའི་རྣལ་འབྱོར་པས།། སྤྲོས་པ་ཐམས་ཅད་སྤངས་ནས་ནི།། རྫས་ལ་ཆགས་པ་མི་བྱའོ།། ཤིན་དུ་སྟོང་སྒོམ་རྣལ་འབྱོར། ་པ།། འདོད་ཆགས་ཞེ་སྡང་ཕྲག་དོག་མེད།། གཏི་མུག་དང་ནི་ང་རྒྱལ་སྤངས།། ཉོན་མོངས་ཐམས་ཅད་རྣམ་པར་སྤངས།། ཟ་འཐུང་དེ་བཞིན་གླུ་ལེན་ན།། ཤིན་ཏུ་སྤྲོས་པ་སྤང་བར་བྱ།། བདེ་བས་དགའ་བ་ཉིད་དང་ནི།། ་ཤེས་རབ་ཐབས་ཀྱིས་བདག་ཉིད་གསུངས།། བླ་མེད་དེ་ཉིད་ཟླ་ཕྱེད་ཀྱིས།། འགྲུབ་པར་ཐེ་ཙོམ་མེད་པའོ།། ཀྱེ་ལགས་གྲོགས་མོ་འགྲོ་ཀུན་གང་།། མཐའ་དག་དྲི་མ་མེད་པ་ཡི།། བལྟ་དང་བྲལ་ལ་སྐྱེ་བོ་ལྟོས།། གསོག་གསོབ། ་རང་བཞིན་བརྫུན་སླུ་བ།། པད་རྩའི་གྲིབ་མ་ལྟ་བུ་ལྟོས།། དབང་པོ་ལྔ་ནི་སྒྱུ་འདྲ་ཞིང་།། ལྔ་ཕུང་དག་པའི་རང་བཞིན་གྱི།། རྣལ་འབྱོར་འདི་ནི་བསྒོམས་པས་འགྲུབ།། སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང ་ནེ་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་སྨན་བཟང་པོ་དང་། ། དགོངས་པ་བཤད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དག་རབ་བཤད་པ།། དཀྱིལ་འཁོར་འཇིགས་པ་མཆོག ་གསུང་བར། ། ཐབས་དང་ཤེས་རབ་སྒྲུབ་པ་ཡིས།། གང་གིས་སློབ་མ་དབང་སྐུར་བ།། ཤེས་རབ་པད་མའི་ནད་དབུས་སུ།། དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ།། གསུམ་རྩེག་དག་པའི་བདག་ཉིད་ལུས།། འཁོར་བའི ་འཇིགས་པ་ལས་སྐྱོབ་པ། ། དཀྱིལ་འཁོར་དེ་ཡི་དབུས་གནས་པར།། མཁས་པས་སློབ་མ་བཟང་དབང་བསྐུར།། གལ་ཏེ་བྱང་ཆུབ་བླ་མེད་འདོད།། བྱི་ཡི་དཀྱིལ་འཁོར་བྱ་བ་མིན།། ལྷ་རྣམས་བཤིག་པ་ཙམ་གྱིས་ནི། ་སྡིག་པ་ཆེན་པོ་སྐྱེ་བར་འགྱུར།། དེ་ན་རྡུལ་ཚོན་ཙམ་གྱིས་ནི།། དེ་བཞིན་ལྷ་རྣམས་དག་མི་འགྱུར།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། དེ་བཞིན་པ་དམ་རལ་གྲི་ཉིད།། བྱས་ནས་སླར་ཡང་འཇིག་བྱེད་པ། ་སྐྱེས་བུ་ཐ་ཤཱལ་དམྱལ་བར་འགྲོ།། གང་གིས་སངས་རྒྱས་སྤྱན་དྲངས་ཤིང་།། གང་གིས་གཤེགས་སུ་གསོལ་བ་ཡིས།། རྡོ་རྗེ་སེམས་དཔའབྱོན་པ་དང་།། དེ་བཞིན་གཤེགས་པ་བྱོན་པ་རྣམས།། ག་ནའང་བྱོན་པ ་མ་ཡིན་ནོ། ། དྲི་མ་མེད་ཅིང་དག་པའི་ལུས།། གང་གིས་སྤྱན་དྲངས་གཤེགས་སུ་གསོལ།། དེ་ཉིད་ཀྱིས་ནི་བརྟག་མེད་པར།། དེ་བཞིན་གཤེགས་པ་རྣམས་ཕྱག་བྱ།། ལོ་བཅུ་གཉིས་པའི་བུ་མོ་ནི།། ཚུལ་ཁྲིམས་མ ་ཉམས་ཆགས་ཆུང་བའི། ། ཐོས་དང་ལྡན་ཞིང་གྲགས་ཆེན་མོ།། ནད་མེད་སྙིང་རྗེ་དང་ལྡན་མ།། སེམས་ཅན་དོན་ལ་གཅིག་ནན་ཏན།། རྒོད་ཅིང་པད་མའི་སྤྱན་དང་ལྡན།། ཟླ་བའི་ཆ་འདྲ་གདོང་མཛེས་མ།། མུ་ཙེར་མི་སྨྲ ་བརྟན་ཞིང་དུལ། ། དེས་ན་སློབ་མ་བློ་ཆེན་པོ།། ཤིན་ཏུ་དང་བའི་སེམས་དང་ལྡན།། འདོད་མེད་དབང་པོ་དུལ་བ་དང་།། ཆགས་དང་ཆགས་བྲལ་རྣམ་པར་སྤངས།། སེམས་ཅན་དོན་ལ་ཤིན་དུ་སྦྱོར།། གཏི་མུག་ཞེ་སྡང ་ཕྲག་དོགས་སྤངས། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དེ་རྣམས་ལ་ནི་དེ་ཉིད་བཤད།། གསང་བ་ཕྱི་ཡི་ལྔ་དང་ནི།། བདུན་དང་བཅུ་བཞིར་བཤད་པ་དང་།། གཉི་ག་གཅིག་ཏུ་འདུས་པའོ།། གསང་བའི་དེ ་ཉིད་བཤད་པར་བྱ། ། སློབ་མ་ལེགས་དང་ལྡན་པ་དང་།། བརྩེ་ལྡན་སེམས་གཞན་མེད་པ་ཡིས།། གསེར་ནི་འབུམ་ཕྲག་བཅུ་དྲུག་དང་།། ས་བཞི་ཡུལ་འཁོར་ལྡན་པ་དང་།། གླང་པོ་བུད་མེད་དམ་པ་དང་།། རལ་གྲི་འཁོར། ་ལོ་རྟ་དང་ནི།། ཡོངས་འདྲེན་སྐྱེས་བུ་རིན་ཆེན་རྣམས།། སྦྱོར་དང་ལྡན་པའི་སེམས་ཀྱིས་ནི།། དེར་ནི་བླ་མ་དབུལ་བར་བྱ།། ཤིན་ཏུ་དྲི་མེད་སེམས་ཀྱིས་ནི།། དེ་ནས་འདིར་ནི་གསོལ་བ་གདབ།། འཁོར་བའི་འདམ་དུ། ་བྱིང་བ་བདག། དཔུང་གཉེན་ཁྱོད་ཀྱིས་བསྒྲལ་དུ་གསོལ།། བདག་ནི་རྩོལ་ཆུང་སྐལ་དམན་ཞིང་།། སངས་རྒྱས་ཆོས་ནི་རྣམ་པར་སྤངས།། ཀྱེ་ཀྱེ་སྟོན་པ་བླ་མ་ཆེ།། མགོན་པོ་ཁྱེད་ཀྱིས་བརྩེ་བར་མཛོད།། དེ་ལྟར་གསོལ ་འདབས་ཚིག་གས་ན་ནས། ། དེ་རུ་བླ་མ་མི་གསུང་བཞུགས།། མན་ངག་འདི་ཡི་ཆ་དག་ནི།། གླེགས་པམ་རྣམས་ལས་སྤྱོད་ཡུལ་མིན།། དཀྱིལ་འཁོར་གང་ལ་གང་གིས་བརྒྱན།། མཚན་མའི་དོན་གཞན་གར་བཀོད ་ཀྱེ། ། སུ་ཡིས་སངས་རྒྱས་སྤྱན་དྲངས་ཀྱི།། འགྲོ་བ་བརྫུན་འདྲའི་སོམ་ཉིར་ལྷུང་།། མཐའ་དག་སྟོང་པགོས་མེད་ཀྱི།། ཆུ་ནང་ཟླ་བ་ཅི་འདྲ་བ།། དེ་འདྲའི་དཀྱིལ་འཁོར་པ་དབུས་གནས།། ཀྱེ་ལེགས་རྣལ་འབྱོར ་མཚོགས་ལྟོས། ། དེར་ནི་ཧེ་རུ་ཀ་གཅིག་དང་།། ཐམས་ཅད་སྐྱེད་པར་བྱེད་པ་ཡིན།། འགྲོ་ཀུན་རྨི་ལམ་སླུ་བས་ནཱ།། གཏི་མུག་ལས་ནི་བསྐྱེད་པ་ལྟོས།། སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན ་མེད་པ་གསང་བའི་ཡང་ཤིན་དུ་གསང་བ་ལས་དཀྱིལ་འཁོར་འཇིགས་པ་བྲི་བ་དང་། ། སློབ་མ་དབང་བསྐུར་བའི་ལེའུ་སྟེ། དྲུག་པའོ།། །། དེ་ནས་ཡང་དག་རབ་བཤད་པ།། རི་དང་ཕུག་དང་ཚང་ཚིང ་ངམ། ཡང་ན་དུར་ཁྲོད་དག་ན་ནི།། གདོང་ནས་གྲུབ་པའི་གནས་སུ་འམ།། འོན་ཏེ་རྒྱ་མཚོའི་འགྲམ་དག་ཏུ།། ཕྱི་ཡི་དཀྱིལ་འཁོར་བླ་མེད་བྲི།། རྡུལ་ཚོན་སྔོན་པོ་ནི་རོ་བསྲེགས་པའི་སོལ་བ་ལས་བྱ ་རྡུལ་མཚོན་དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་ལས་བྱའོ། ། རྡུལ་ཚོན་ལྗང་ཁུ་ནི་ནིམ་པའི་འདབ་མ་ལས་བྱའོ།། རྡུལ་ཚོན་དཀར་པོ་ནི་མིའི་རུས་པའི་ཕྱེ་མ་ལས་བྱའོ།། རྡུལ་ཚོན་སར་པོ་ནི་ཡུང་བའི་ཕྱེ ་མ་ལས་བྱའོ། ། དེ་ལྟར་རྡུལ་ཚོན་ལྔ་རྣམས་ཀྱིས།། མཁས་པས་དཀྱིལ་འཁོར་བྲི་བར་བྱ།། ཕོ་བྲང་རིགས་གསུམ་ཟླུམ་པོ་ལ།། རྡོ་རྗེ་གསུམ་གྱིས་ཡོངས་སུ་བསྐོར།། ཕྱི་རོལ་གྲུ་བཞི་ལྷམ་པ་ཡི།། སྐུ ་བཞིར་རྟ་བབས་རྣམས་ཀྱིས་བརྒྱན། ། བ་དན་རྣམ་པ་བཞི་ཡིས་བརྒྱན།། དྲ་བ་དྲབ་ཕྱེད་པས་སྨྲས།། ཕྱི་རོལ་ཁ་ཁྱེར་དག་པ་དང་།། རིན་ཆེན་པ་གུར་ཡང་དག་ལྡན།། པད་མ་ཉི་མ་ཉི་ཤུ་ལྔའི།། ་གདན་རྣམས་ཀྱིས་ནི་ཤིན་ཏུ་མཛེས།། དེའི་དབུས་ཆུང་ས་བོན་ནི།། ཡི་གེ་ཧཱུཾ་གི་རང་བཞིན་སྔོ།། སྐད་གཅིག་ཙམ་གྱིས་ཧེ་རུ་ཀ། སྐུ་མདོག་སྔོན་པོ་གྲགས་ཆེན་པོ།། གཡས་ན་ཅང་ཏེའུ་གྲི་གུག་སྟེ།། གཡོན ་ན་ཁ་དྷཱུ་ཐོད་པའོ། ། དཀྱིལ་དཀྲུང་ཕྱེད་པས་འཇིགས་ཆེན་པོ།། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། རལ་པའི་ཅོད་པན་གྱིས་བརྒྱན་ཅིང་།། སངས་རྒྱས་ལྔ་ཡི་ཅོད་པན་ཅན།། དབུལ་སྣ་ཚོགས་རྡོ་རྗེ་མནམ། ་ཟླ་བ་ཕྱེད་པ་འཛིན་པའི་ལྷ།། སྐུ་ལ་ཐལ་བའི་རྡུལ་གྱིས་བྱུགས།། དཔའ་བོ་ཕྱག་བཞི་ཕྱག་མཚན་འཆང་།། ཤིན་ཏུ་ཧཱུཾ་སྒྲོགས་འཇིགས་བྱེད་པ།། གར་གྱི་སྟབས་ཀྱིས་རྣམ་པར་བཞུགས།། མགོ་བོ་རློན་པོའི ་ཕྲེང་བ་ཅན། ། མཆོད་ཕྱིར་ཐོད་པ་འཆང་བ་པོ།། ཐོད་པ་གཏི་མུག་རྣམ་དག་པ།། ཕྲེང་བ་བརྒྱུས་པས་བརྒྱན་པའི་ལྷ།། མགུལ་དོ་དང་ནི་འཁོར་ལོ་དང་། རྐང་གདུབ་དང་ནི་དཔུང་རྒྱན་དང་།། གདུ་བུ་རྐེད་པའི་སྐ་རགས་དང་། ་དཔའ་བོ་རྣ་ཆ་མཆོག་གིས་བརྒྱན།། འདི་འདྲའི་གཟུགས་ཅན་གཙོ་བོ་ནི།། ཧཱུཾ་ཞེས་ཟློས་པར་བྱེད་པའོ།། དེ་ནས་བྱུང་བའི་རྣལ་འབྱོར་མ།། ཉི་ཤུ་རྩ་བཞིའི་བདག་ཉིད་རྣམས།། སྐུ་མདོག་སྔོན་མོ་གྲགས་ཆེན་མོ།། ་ཤིན་ཏུ་འཇིགས་པའི་གཟུགས་ཅན་མ།། ཞལ་ཅིག་ཕྱག་གཉིས་ཐོད་པ་འཆང་།། སོ་སོ་ཡི་ནི་མིང་ཇི་བཞིན།། དེ་རྣམས་མིང་ནི་རབ་ཏུ་བཤད།། ཕྲེང་བཟངས་མ་འོད་ཅན་མ། འཇིགས་མ། ཐུབ་དཀའ་མ།། ་དགེ་བའི་སྐ་རགས་ཅན་མ། གཟུགས་ཅན་མ། རྣམ་རྒྱལ་མ། འབྱུང་གནས་མ། ཐོད་ཅན་མ། མཚོན་ཆེན་མ། བྱེད་མ། གསོད་མ། སྒྲོལ་མ། འཇིགས་མ། མཐོང་མ། མི་ཕ་མ་མ། དགེ་མ། འཛུར ་བྱེད་མ། ། དུས་མཚོན་མ། གྲགས་ཆེན་མ། མཛེས་སྡུག་མ།། ནོར་འཛིན་མ། སྐལ་བཟང་མ། གྲགས་མཐོང་མའོ།། འདི་ལྟ་བུ་ཡིས་དཀྱིལ་འཁོར་མཆོག། ཁ་དོག་རྣམ་པ་ལྔ་ཡིས་བརྒྱན།། དེ་ཡི་དབུས ་གནས་ལྷ་མོ་ནི། ། ཧེ་རུ་ཀ་ལ་བདེ་སྟེར་མ།། དཀྱིལ་དཀྲུང་བྱེད་པའི་གར་བྱེད་པ།། མི་ཡི་རུས་པའི་ཕྲེང་བས་བརྒྱན།། ལྷ་མོ་འོད་ཟེར་དཔག་དཀའ་ཞིང་།། སྐྲ་སེར་གྱེན་དུ་འབར་བ་སྟེ།། ཧཱུཾ་གི་བདག་ཉིད་ལས ་སྐྱེས་འཇིགས། ། ཞལ་ནས་ཁྲག་ནི་འཐོར་བྱེད་མ།། དཀར་མོ་ནག་མོ་ལྗང་ཁུ་མ།། ཐམས་ཅད་ཁུ་བ་ལྡན་གྱུར་མ།། ལྷ་ཡི་དཀྱིལ་འཁོར་བསྐྱེད་པ་ནི།། ཉི་ཤུ་རྩ་བཞིའི་བདག་ཉིད་གསུངས།། བདག་ཉིད་ཧེ་རུ ་ཀ་གཟུགས་ལ། ། ཉི་ཤུ་རྩ་བཞིའི་ལྷ་མོས་མཆོད།། ཐོད་པ་བདུད་རྩི་ལྔས་བཀང་བ།། ཧེ་རུ་ཀ་ཡིས་བཏུང་བར་བྱ།། དེ་ཡིས་འཐུངས་པ་ཙམ་གྱིས་ནི།། འགྲོ་བའི་བླ་མ་བདག་ཉིད་ཆེ།། གཙོ་བོ་ལས ་གཞན་ཐ་དད་གཟུགས། ། རྣལ་འབྱོར་མ་ཀུན་དེ་དང་འདྲ།། དེ་ལྟར་ཧེ་རུ་ཀ་མགོན་པོས།། རྣལ་འབྱོར་མ་ཀུན་སྤྱད་པར་བྱ།། ཐམས་ཅད་སྤྱད་པས་ཞུ་གྱུར་ཏེ།། ཉི་མའི་དཀྱིལ་འཁོར་རྣམ་པར་གནས།། ་དེ་ནི་ཞུ་བར་མཐོང་ནས་ནི།། ཤིན་དུ་སྲིད་པ་བསྒྲུབ་པའི་ཕྱིར།། སྒོ་ཡི་རྣལ་འབྱོར་མ་ཡིས་བསྐུལ།། ཅི་སྟེ་འཇིག་རྟེན་སྙན་མནན་ན།། ཅི་ཕྱིར་ཁྱོད་ནི་མི་དགྱེས་གྱུར།། གལ་ཏེ་ཁྱོད་བདག་ཚིག་གསན་ན།། ་མི་དགྱེས་གྱུར་པ་མཐའ་དག་ཐོད།། སྲིད་འཇིགས་སྐྱེ་བོ་ཀུན་ལྷུང་བས།། སྟོང་པའི་ཐུགས་ནི་མ་མཛད་པར།། ཉིད་ཀྱིས་དགོངས་པ་ཀུན་བསྒྲུབས་ཀྱི།། རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས།། གལ་ཏེ་སྤྱོད ་གཙོ་ཚིག་གསན་ན། ། འབྲས་བུ་ཡལ་བར་མདོར་ཅིག། ཁྱོད་མི་སྣང་བར་འགྲོ་བ་ཡི།། སྐྱེ་བོ་མཐའ་དག་གདུང་བས་ནོན།། ལོག་པའི་ང་རྒྱལ་མི་མཛད་པར།། སྟོང་པའི་རང་བཞིན་སྤངས་ནས་ནི།། ཁྱོད་ཀྱིས ་དངོས་མེད་ཀུན་ཐོང་ལ། ། རྣལ་འབྱོར་མ་ཡིས་ཚོགས་ལ་སྤྱོད།། རྣལ་འབྱོར་མ་ནི་བཞི་པོ་ཡིས།། འདི་ལྟ་བུ་ཡི་གླུ་ཡིས་བསྐུལ།། སྔོན་བཞིན་མདོག་དང་མཚན་སོགས་ལྡན། ་ཀུན་ནས་རྣལ་འབྱོར་མ་རྣམས་བསྐོར།། འཇིགས་པ་འཁོར་བ་སྒྲོལ་བྱེད་པའོ།། དཔའ་བོ་ཆེན་པོ་འདི་བཞེངས་སོ།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང ་ཤིན་ཏུ་གསང་བ་ལས་དཀྱིལ་འཁོར་དང་ཧེ་རུ་ཀ་བསྐྱེད་པ་དང་བསྒོམ་པའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་ཡང་དག་རབ་བཤད་བྱ།། སྦྱིན་བསྲེག་དཀྱིལ་འཁོར་མཆོག་བཟང་པོ།། ཞི་བ་དང་ནི་རྒྱས ་པ་དང་། ། དེ་བཞིན་དབང་དང་མངོན་སྤྱོད་དེ།། སྦྱིན་བསྲེག་རྣམ་པ་བཞི་རུ་གསུངས།། ཤིང་གི་སྦྱིན་བསྲེག་མི་བྱ་ཞིང་།། འབྲས་དང་འབྲུ་རྣམས་ཀྱིས་ཀྱང་མིན།། བློ་ལྡན་གལ་ཏེ་ཞི་འདོད་ན།། མེ་ཏོག་གིས་ནི་སྦྱིན ་བསྲེག་བྱ། ། མེ་ཏོག་ལྔ་པོ་མཆོག་ཆེན་དང་།། འོ་མར་ཡང་དག་ལྡན་པས་བྱ།། གལ་ཏེ་ཞི་བའི་སྦྱིན་བསྲེག་འདོད།། ཞི་བའི་གཟུགས་སོགས་ལྡན་པ་ཡིས།། ཞི་བའི་ཐབ་ཁུང་གྲུ་བཞི་པ།། ཟབས་དང་རྒྱར་ནི་མཐོགང ་བ། ཁ་ལ་རྡོ་རྗེ་རྩེ་ལྔ་པ།། དཀར་པོ་རྩེ་མོ་འདུས་པ་བྲི།། རྡོ་རྗེ་རྗེ་གསུམ་སྔོན་པོ་ནི།། ཞི་བ་ཧཱུཾ་བདག་འཁོར་བར་ནི།། དེ་ཡི་དབུས་སུ་འཁོར་ལོ་ལ།། གྲུ་གསུམ་པ་ཡི་ཡི་གེས་བརྒྱན།། ཨེ་བཾ་མ་ཡ་མཆོག་ཆེན་གྱི།། ལྟེ ་བ་རུ་ནི་བསྐྱེད་པར་གསུངས། ། རྩེ་གསུམ་འཇིགས་པའི་རྡོ་རྗེས་བསྐོར།། རྡོ་རྗེའི་ནང་དུ་པད་མ་སྟེ།། པད་མའི་དབུས་སུ་ཉི་མ་བསམ།། ཉི་མའི་དབུས་སུ་ཡི་གེ་ཧཱུཾ།། ཁ་དོག་དམར་པོའི་འོད་ཆེན་པོ།། མཚམས་དང ་མཚམས་སུ་རྡོ་རྗེ་ནི། ། རྩེ་དགུ་སེར་པོ་བྲི་བར་བྱ།། བདག་ཉིད་ཧེ་རུ་ཀར་བལྟ་སྟེ།། ཕྱིས་ནི་སྦྱིན་བསྲེག་ཡང་དག་བཙམ།། ཤེས་རབ་ཅན་གྱིས་མེ་ཡི་ལྷ།། སྔགས་འདི་ཡིས་ནི་སྤྱན་དྲང་ངོ་།། ཨོཾ་སརྦ་དེ་ཏྲ ་སྱཱཏ་པྲ་དྷི་ནི་ཨཾ་བི་ཀ་ལ་སུ་ད་ཧ་དག་དེད་ད། ཛྭ་ལ་ཛྭ་ལ།། པྲ་ས་ར་པྲ་ས་ར། ཨཱ་གཙྪ་ཨཱ་གཙྪ། ཡ་ཏཱི་ཀུན་ནེ་ཨ་ཏིཥྛ་ཡ། ཨ་ཏིཥྛ་ཡ། ཏིཥྛ་ཏིཥྛ། ཀི་ལ་ཀཱི་ལ། ཧ་ཧེ་ཧོ་ཧ་ཧྲ། ཧྲི་ཧཱུཾ་སྭཱ་ཧཱ།། མེ་ལྷ་སྤྱན་དྲང་བའི་སྔག ་སོ། ། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། ཤེས་རབ་ཅན་སྔགས་ལན་བདུན་བཟླས།། སངས་རྒྱས་ཀུན་གྱི་བྱིན་བརླབས་ཤིང་།། མདོག་དཀར་དུ་བ་དང་བྲལ་བའི།། མེ་ལྷ་རྒྱལ་དབང་བྱིན་ནས་ཀྱང་།། ཐོབ་ཁུང་གི་ནི་དབུས། ་སུ་བཞུགས།། དེ་ནས་བློ་ལྡན་སྦྱིན་བསྲེག་བྱ།། དེ་རུ་སོལ་བ་བཞུགས་བྱ་བ།། ཨ་ཤཱ་ཏ་དང་ནྱ་གྲོ་དང་། ཨུ་དུམ་བ་ར་ར་ཀ་ཏི།། བ་ལ་ཤསྟེ་ཤིང་ལྔ་ལས།། སོལ་བྱས་དུ་མེད་འབར་བའི་མེ།། བློ་ལྡན་ཐབ་ཁུང་དབུས ་སུ་གཞུག། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། པད་མ་བརྒྱ་ནི་རྩ་བརྒྱད་དང་།། དེ་བཞིན་ཨུད་པལ་ཉིད་དང་།། ཀུ་མུ་ཏ་དམར་དྲི་ཞིམ་འདྲ།། ཀ་ར་བི་ར་གཞན་ཉིས་འགྱུར།། བྱས་ཏེ་བསྲེགས་པས་ཞི་བར་གསུངས།། ་སྦྱིན་བདག་མདུན་ན་འདུག་པ་ལ།། དེ་ཚེ་དུབ་དབབ་པར་བྱ།། མཁས་པས་གསང་སྔགས་འདི་བཏོན་ཞིང་།། པ་ད་མ་མར་སྦགས་བསྲེག་པར་བྱ།། ཨོཾ་པད་མ་རཱ་ཛེ་ཨ་ག་ནི་པྲ་ནི་ཡ་ཨ་མུ་ཀ་སྱ་ཤཱན་ཏིང་ཀུ་རུ ་སྭཱ་ཧཱ། ། མཁས་པ་ཡིས་ནི་སྔགས་བཟླས་ཏེ། ཨུ་དཔལ་འོ་མས་སྦྱིན་བསྲེག་བྱ།། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་ཏེ་ཛོ་རཱ་ཛ་བི་ནཱ་ཡ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ།། མཁས་པ་བདེ་གཤེགས་ཀུན་བདག་གིས།། གུ་ར་ཀུ་མ་ཀུ་མུ་ཏ ་སྔགས་བསྲེག། ཨོཾ་སུ་པུཥྤེ་སུ་ཀ་ར་ཙ་ལེ་ཛྭ་ལ་ནི་ཡེ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ།། གསང་སྔགས་རྒྱལ་པོ་འདི་ཡིས་ནི།། དྲི་ཞིམ་ཙན་དན་སྦྱིན་སྲེག་བྱ།། ཨོཾ་དྷ་མེ་མངྒ་མེ་རཱ་ཛེ་ད་ཧ་ད་ཧ་སརྦ་བི་གྷ་ན་ཤན་ཏིང་ཀུ་རུ ་སྭཱ་ཧཱ། ཀ་ར་བི་ར་དྲི་ཞིམ་མ་ར།། མཁས་པ་སྔགས་རྒྱལ་བཟླས་ཏེ་བསྲག། ཨོཾ་ཀ་ལི་སུ་ཀ་ལི་ཀ་ར་ལ་ར་ཏྲི་སརྦ་བཱ་པཾ་ད་ཧ་ད་ཧ་ཤཱ་ན་ཏིང་ཀུ་རུ་སྭཱ་ཧཱ།། མེ་ཏོག་རེ་རེ་རེ་རེ་ལ།། གསང་སྔགས་རྒྱལ་པོ་ལན་རེ་བཟླ། ་ཞི་བའི་སྦྱིན་སྲེག་བླ་མེད་པ།། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། མེ་ནི་འོ་མས་ཞི་བར་བྱ།། དེ་ནས་གཞན་ཡང་རྒྱས་པ་ཡི།། སྦྱིན་སྲེག་ཁྱད་པར་བཤད་པར་བྱ།། རྒྱས་ལ་ཐབ་ཁུང་ཟླུམ་པོ་སྟེ ་ཆུ་ཡི་དཀྱིལ་འཁོར་ལྟར་སྣང་བ། ། ཟབས་དང་རྒྱར་ནི་མཐོ་གསུམ་སྟེ།། ཁ་དོག་སེར་པོར་རྣམ་པར་བསམ།། དེ་དབུས་རྡོ་རྗེ་རྩེ་དགུ་པ།། སྔོ་བྲོ་དོ་སྟེང་པད་འདབ་བརྒྱད།། བདག་ཉིད་ཧེ་རུ་ཀ་རྣམ་པ།། ཁྲོ་བའི ་སེམས་ཀྱིས་བདག་ཉིད་ཀྱིས། ། ཤིང་བསྲེག་པ་ཡི་སྦྱིན་སྲེག་བྱ།། གལ་ཏེ་རྒྱས་པ་མཆོག་འདོད་ན།། ཨ་མྲ་ཀན་ཐ་པ་ལ་དང་།། ཨརྒ་བལ་བ་དུ་དུ་ར།། ཤིན་ཏུ་རྙེད་དཀའི་ཤིང་ལྔ་ལས།། སོར་བཅུ་གཉི ་ཀྱི་ཚད་ཙམ་དུ། ། སློབ་དཔོན་གྱིས་ནི་གཟུང་བར་བྱ།། མ་གསམ་སྐམས་མ་བཅད་ཅིང་།། བུ་ག་ཅན་གྱི་ཤིང་སྤང་ངོ་།། དེ་ཡི་དབུས་སུ་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ།། རེ་རེ ་ལ་ནི་བརྒྱ་རྩ་བརྒྱད། ། བགྲངས་ཏེ་དེ་ནས་སྦྱིན་སྲེག་བྱ།། བདག་ཉིད་ཧེ་རུ་ཀ་ཡི་ཚུལ།། སྐུ་མདོག་ནག་པོ་འོད་ཆེན་པོས།། མར་དང་ཡམ་ཤིང་ཐམས་ཅད་ནི།། སྔགས་བསྲེགས་འདིར་ནི་ཐེ་ཚོམ་མེད།། ཨོཾ་ག ་ག་ནི་ག་ག་ན་བི་ལོ་ཀ་ནེ་ཧཱུཾ་ཕཊ། ཏེ་ཛོ་རཱ་ཛ་པུ་བྷི་ཀུ་རུ་སྭཱ་ཧཱ།། ཤིང་རྣམས་ཀུན་གྱིས་སྔགས་འདི་ཡིས།། རེ་རེ་བཞིན་དུ་སྦྱིན་སྲེག་བྱ།། ཕྱིས་ནི་སེར་པོའི་ཆུས་ཞི་བྱ།། འདི་ལྟའི་རྒྱས་པའི་སྦྱིན་བསྲེག་ནི ་འཇིག་རྟེན་གསུམ་ན་རྙེད་པར་དཀའ། ། རྒྱུད་གཞན་རྣམས་སུ་སྦས་པ་ནི།། རྒྱུད་འདི་རུ་ནི་གསལ་བར་བྱས།། དེ་ནས་ཡང་དག་རབ་བཤད་པ།། དབང་དུ་བྱ་བའི་སྦྱིན་སྲེག་མཆོག། ཐབ་ཁུང་གྲོ་གསུམ་དམར ་པོ་ལ། ཐབས་དང་རྒྱར་ནི་སོར་མོ་བརྒྱད།། དེ་དབུས་པད་མ་འདབ་བརྒྱད་དམར།། ཟླ་བ་དམར་ལ་སོགས་པས་བརྒྱན།། གྲ་གཱ་རུ་ནི་རྡོ་རྗེ་དམར།། བདག་ཉིད་ཧེ་རུ་ཀར་བསམ་པ།། དམར་པོ་ལྟར་སྣང་ཆགས ་པའི་བདག། རྡོ་རྗེ་དམར་པོཟོད་པ་བསྣམས།། ཡོངས་སུ་གང་བའི་ཁྲག་ཉིད་ཀྱིས།། ཁམས་གསུམ་པ་ལ་རྗེས་སུ་ཆགས།། ཨ་ཤོ་ཀ་ཡི་ཡམ་ཤིང་དང་།། གོ་རོ་ཙནར་ལྡན་པ་ནི།། བློ་ལྡན་བརྒྱ་རྩ་བརྒྱད་བསྲེགས་ཏེ། ་ཤིན་ཏུ་མཉམ་གཞག་སྔགས་ནི་འདོན།། ཨོཾ་ཨ་ཤོ་ཀི་ནི་སུ་ར་ཀེ་ཨ་ནུ་རཱ་ག་ཡ་ཏྲཻ་ལོག་ཀྱབ་ཤཾ་ཀ་རཱི་ཏྲཻ་ལོ་ཀྱ་བཱཾ་ཤཱ་མཱ་ནཱ་ཡཱ་ཧཱི་སྭཱ་ཧཱ། ཉིན་བདུན་སྦྱིན་སྲེག་བྱས་ཙམ་གྱིས།། ཁམས་གསུམ་དབང་དུ་འགྱུར་བ་ཡིན། ་ཆུ་ནི་དམར་པོ་མེ་ཞི་བྱ།། དེ་ནས་ཡང་དག་རབ་བཤད་པ།། མངོན་སྤྱོད་དང་ནི་གསང་བ་མཆོག། ཟླ་བ་ཕྱེད་པའི་ཆ་འདྲའི་ཐིབ།། ཟབས་དང་རྒྱར་ནི་ཁྲུ་གང་ཆད།། འཇིགས་ཆེན་མདོག་ནི་ལྗང་ཁུའོ།། གྲཱ་གྲཱ་རུ་ནི་རྡོ་རྗེ་བྲི། ་དབུས་ཀྱིས་བཞི་སྟོང་པ་རུ།། བློ་ལྡན་ཤ་ལྔས་སྦྱིན་བསྲེག་བྱ།། གསོད་པ་ཡི་ནི་སྦྱིན་བསྲེག་མཆོག། མངོན་སྤྱོད་གསོད་པ་རུ་ནི་གསུངས།། དགྲ་ཀུན་སྣུན་ཅིང་ཟློག་པར་བྱེད།། དགྲ་བོ་ཐུར་དུ་ཁ་བལྟས་ཤིང་།། ཁ་ནས ་ཁྲག་ནི་སྐྱུག་པ་ཉིད། ། ཤ་ཡི་དབུས་སུ་བསམ་པར་བྱ།། སེང་ལྡེང་སོལ་བས་མེ་བྱ་སྟེ།། མེད་ན་འབའ་འབོ་ལ་ཉིད་ཀྱི།། འབའ་འབོ་ཚེར་མས་ཤ་ཕུག་སྟེ།། བརྒྱ་རྩ་བརྒྱད་དུ་སྔགས་ཀྱིས་བསྲེག། ཨོཾ་མཱ་ར་ཡ་མཱ ་ར་ཡ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་ན་ཤ་ཡ་ཧཱུཾ་ཕཊ། ། བདག་ཉིད་ཧེ་རུ་ཀར་གྱུར་ཅིང་།། སྐུ་མདོག་སྔོན་པོ་ཐུགས་འཁྲུགས་པས།། དགྲ་རྣམས་ཐམས་ཅད་རླག་པར་ནི།། སྐད་ཅིག་དེ་ལ་ཐེ་ཚོམ་མེད།། ཕྲེང ་མཛད་འཇིགས་ཤིང་འཇིགས་པར་བྱེད། ། ཧ་ཧ་ཞེས་མཛད་འཇིགས་པར་མཛད།། གདུག་པ་ཐམས་ཅད་གསོད་པར་ནི།། སྦྱིན་སྲེག་ཙམ་གྱིས་ཐེ་ཚོམ་མེད།། འདི་ལྟའི་གསང་བའི་སྦྱིན་བསྲེག་དང་།། མངོན་སྤྱོད་ཀྱང ་ནི་རྙེད་དཀའ་བ། ། རྣལ་འབྱོར་ལྷ་མོས་རྟོགས་མིན་ན།། སྔགས་སྐྱེས་ཕལ་ལྟ་སྨོས་ཅི་དགོས།། དེ་ཕྱིར་སངས་རྒྱས་ཐོད་པ་ཡི།། རྣལ་འབྱོར་ང་རྒྱལ་དང་བྲལ་བས།། ཤིན་ཏུ་མཉམ་པར་བཞག་པའི་སེམས།། ་ལྷརྣམས་ཀྱིས་ཀྱང་རྙེ་པ་དཀ།། ང་ཁྲུབ་རྣམས་མེ་ཨུ0f7f།། གང་གིས་བསྒྲགས་ཤིང་གང་ཞིག་བཀྲུགས།། གང་གནགག་ཤིག།། གདགིས་རྣམ་ཇུག་ཅན་པཅམ་པ།། དམས་སམ ་ནི་མགུ་བར་བྱེད། ། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པའི་གསང་བའི་ཡང་ཤིན་དུ་གསང་བ་ལས།། སྤྱན་བསྲེག་གི་ཆོ་གའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་དག ་བཤད་པ། ། སྤྱོད་ལེའུ་ཤིན་ཏུ་རྙེད་དཀའ་བ།། བུད་མེད་ཤིན་ཏུ་མཆོག་གྱུར་དང་།། རྣལ་འབྱོར་གང་གིས་སྤྱོད་ཀུན་བྱེད།། དངོས་གྲུབ་བརྒྱད་དང་ཡང་དག་ལྡན།། དེ་ནས་སྤྱོད་པ་ཡང་དག་བརྩམ།། སེམས་ཅན་དངོས ་གྲུབ་གང་གང་འདོད། ། དེ་དེའི་དངོས་གྲུབ་རྟག་ཏུ་སྟེར།། ལག་པས་ཐོད་པ་བཟུང་བྱས་སྟེ། གཅེར་བུ་སྟ་གྲོལ་གྱུར་པ་ཡི།། བརྟུལ་ཞུགས་ཅན་གྱིས་སྤྱོད་པས་འཁྱམ།། གང་དདགང་ཆེད་དེ་ཆེ་དེར།། རྟག་ཏུ་སྤྱོད་པ ་ཐམས་ཅད་བྱ། ། རྒྱན་རྣམས་ཀུན་ལབ་རྣམ་གྲོལ་ཞིང་།། ནམ་མཁའ་དང་མཚུངས་གྱུར་པ་ཡི།། ཤེས་རབ་ཅན་གྱིས་ཁྱིམ་ཁྱིམ་དུ།། སློངས་མོ་བྱ་བར་ཐེ་ཚོམ་མེད།། ཡིད་དང་འཐུན་པ་ཀུན་བླངས་ན།། བསམ ་གཏན་གནས་སུ་ཐེ་ཚོམ་མེད། ། དགའ་བའི་སེམས་ཀྱིས་བསམས་ནས་ནི།། རྣལ་འབྱོར་པ་ཡི་སློངས་མོ་བསླང་།། ཆོས་ལ་གཞོལ་བའི་རྣལ་འབྱོར་པས།། ཐོད་པའི་སྟེང་དུ་གཞག་པ་ཡི།། རྫས་ནི་དེ་ནས་བཟའ་བར ་བྱ། ། རྫས་ནི་ཟོས་མ་ཐག་ཏུ་ཡང་།། ཁྱིམ་གྱི་མཐལ་ཕུང་ཤིང་དྲུང་དང་།། གང་དུ་གང་ཚེ་དེར་དེའི་ཚེ།། གང་གིས་དགའ་བའི་སེམས་དེ་ཡིས།། བློ་གྲོས་ཆེན་པོ་གཉིད་ལོག་འཕྲེང་།། འདི་ལྟའི་སྤྱོད་པའི་སྦྱོར་བ་ཡིས།། ་ཕྱག་རྒྱ་ཆེན་པོ་ངེས་པར་ཐོབ།། དེ་ལྟར་ཡང་རྒྱུད་ལས་གསུངས་པ།། གང་དུ་ཇི་ལྟར་དེར་དེ་ལྟར།། གང་གིས་དེ་ཡིས་སངས་རྒྱས་ཏེ།། རང་གི་རྣམ་རྟོག་དག་གིས་ཉམས།། མཐའ་དག་རང་བཞིན་རྣམ་པར ་དག། སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་དག་རབ་བཤད་པ།། གཅིག་ཏུ་སེམས་ཅན་དོན་རབ་ངེས།། གསེར ་དྲ་ངེས་པར་བྱེད་པའི་ལེའུ། ། སློབ་དཔོན་ལ་ནི་རབ་དང་བས།། མུ་ཏིག་དང་ནི་ཉ་ཕྱིས་དང་།། དངུལ་ཆུ་དང་ནི་བྱི་རུ་ཡིས།། གང་གིས་སེམས་ཅན་ནོར་ལྡན་འགྱུར།། འདི་ནི་ཕྱི་ཡི་སྨན་མིན་ཏེ། ཤུན་ལྤགས་ལོ་མ་མ་ཡིན་ཞིང་།། ་དངུལ་ཆུ་བཅུད་ལེན་མ་ཡིན་ཏེ།། མུ་ཟི་ལྷ་ཚེར་མ་ཡིན་ཞིང་།། ལྕགས་དང་ཞ་ཉེ་ཟངས་མ་ཡིན།། ལྕགས་གཞན་དང་ནི་མ་ཡིན་ཏེ།། གྲུབ་པའི་སྨན་གྱི་མཆོག་ཡིན་ནོ།། འདི་ལྟ་བུའི་ཚིག་ཐོས་ནས།། ཕྱག་ན་རྡོ་རྗེ་སྟོབས ་པོ་ཆེས། ། ཞབས་ཀྱི་རྡུལ་གྱི་ཆ་བཏུད་ནས།། སེམས་དཔའ་གཅིག་ཏུ་དད་བརྟན་པས།། ལྷ་མོ་ལེགས་སོ་ཞེས་ནི་སྨྲ།། སྨན་གྱི་མཆོག་ནི་གང་ཡིན་ཞིང་།། དངོས་གྲུབ་ཀྱང་ནི་ཇི་ལྟ་བུ།། གུས་པ་ཡིས་ནི་ཉན་པར་འཚལ།། ་ལྷ་མཆེན་མོ་ཁྱོད་ཀྱིས་གསུངས།། གྲུབ་པའི་སྨན་གྱི་མཆོག་གང་ལགས།། གང་གིས་སེམས་ཅན་ནོར་ལྡན་འགྱུར།། ཚེ་འཕེལ་བ་ལ་བརྩོན་པ་གང་།། སྔོན་བསྙེན་ལྟོས་པ་མེད་པ་ཡིས།། སྨན་ཆེན་གྲགས་པས ་འགྲུབ་པ་གང་། ། གང་གིས་རྫས་རྣམས་མང་པོར་འགྱུར།། མོ་ཤམ་བུ་དང་ལྡན་འགྱུར་གང་།། ཡང་དང་ཡང་དུ་མི་འཆི་ཞིང་།། ཤི་ནས་ཡང་དག་འཚེར་འགྱུར་བ།། ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས།། བཀའ ་སྦལ་པ། ། ཁྱིམ་འདི་ཉིད་དུ་གནས་པ་ཡི།། སྨན་ཆེན་པོ་ཡིས་འགྲུབ་པ་སྟེ།། དེ་ཡང་སྣོད་བཟང་མཆོག་ལ་འགྲུབ།། བྱིས་པ་རྨོངས་པས་མི་ཤེས་སོ།། བདག་དོན་གཅིག་ཕུ་ལ་འབད་ཅིང་།། ཀྱེ་མ་གཅིག་ཏུ་དཀའ་འབང ་པས། ། ཇི་ལྟང་སེམས་ཅན་དོན་འགྲུབ་འགྱུར།། སྣོད་བཟང་ལ་ནི་གནས་པའི་བཅུད།། ཟེའུ་འབྲུགསང་བའི་སྤྱོད་ཡུལ་ཏེ།། རོ་བཅུད་རྩ་ཡི་ནང་གནས་པའི།། སྨན་ཆེན་རོ་བཅུད་མ་རུ་བརྗོད།། གང་གིས་ལྕགས་ནི ་གསེར་འགྱུར་བ། ། གཅིག་གིས་ཀྱང་ནི་གྲངས་མེད་འགྱུར།། འདི་ལྟ་བུ་ཡི་སྨན་ཆེན་མཆོག། རོ་བཅུད་མ་ནི་དེ་བཞིན་གནས།། རབ་འབྱོར་ཆོ་ག་སྔོན་འགྲོ་བས།། སྨན་གྱི་མཆོག་ནི་འགྲུབ་པར་འགྱུར།། ་དེར་ནི་ཡང་དག་སྦྱོར་བ་བཤད།། དད་པ་བརྟན་པ་ཡིས་ནི་ཉོན།། མེ་ཏོག་ལྡན་པའི་བུད་མེད་གང་།། གཞོན་ནུ་ཁ་དོག་ནག་པོ་སྟེ།། རྒྱུད་འདི་ཐོས་པ་དང་ལྡན་ཞིང་།། ངོ་ཚ་མེད་ཅིང་ལྟོས་མེད་མ།། འདོད་པ་ཆུང་ཞིང་སེམ ་ཅན་བརྩེ། ། དེ་བཞིན་གཤེགས་པ་རྣམས་སྟེན་ཅིང་།། རྟག་ཏུ་རབ་སྦས་བརྩོག་མེད་མ།། འདི་ལྟའི་བུད་མེད་རབ་བླངས་ཏེ།། སྨན་ཚོན་མཆོག་ནི་ཡང་དག་བརྩམ།། སྐྱེས་བུ་ཤིན་དུ་ཆགས་ཆེ་ཞིང་།། མྱུར་དུ་བྱང ་ཆུབ་སེམས་འབབ་པ། ། གང་ཡིན་དེ་ལ་དངོས་གྲུབ་མེད།། འདི་ལྟ་བུ་ཡི་སྨན་ཆེན་པོ།། སངས་རྒྱས་ཀྱིས་ཀྱང་རབ་རྙེད་དཀའ།། ཤིན་ཏུ་བརྟན་པའི་སེམས་ཀྱིས་ནི།། བློ་ལྡན་བུད་མེད་དེ་རྣམས་བསྟེན།། དེ་ལྟར་ཡང་དག ་གསུངས་པ་དེ། རབ་ཏུ་བསྟན་པ་གཙོ་བོའི་གནས།། ཞེས་ནི་སྒྲུབ་པ་པོ་རྣམས་སྨྲ།། དེ་ཕྱིར་བརྟན་པའི་སེམས་ཀྱིས་ནི།། སྣོད་བཟང་འབྲས་བུ་བསྐུལ་བར་བྱ།། དེར་ནི་མེ་ཏོག་ལྡན་བུད་མེད།། གསེར་གྱི་སྦྱོར་བ་རྙེད་དཀའ ་རྩམ། ། གྲུབ་པའི་བཅུད་ཀྱིས་བྱུགས་པ་ཡི།། ཟླ་བ་རང་གི་སྙིང་ཁར་བསམ།། སྔོན་དུ་རི་ཡི་རྒྱལ་པོས་བརྒྱན།། དེར་ནི་ཡི་གེ་ཧྲི་ས་བོན།། སེམས་ཅན་དོན་ལ་གཅིག་ཏུ་འབད།། བློ་ལྡན་དགོས་པ་ཡང་དག་བརྩམ།། ཟཿ ་མའི་དངོས་པོ་སྲང་གཅིག་བཅས། ། ཟླུམ་པོ་སྣོད་བཟང་ལ་བཅུག་སྟེ།། གཡོན་པ་བསྐུམ་པའི་གཡས་ཟུར་གཞག། མེད་ན་ལྕགས་ཀྱང་བྱ་བ་ཡིན།། བརྟན་པའི་སྦྱོར་བའི་སེམས་ཀྱིས་ནི།། དེ་ནས་བློ་ལྡན་ལས་རྣམས ་བརྩམ། ། རི་རབ་ཟླབས་བོན་རྒྱལ།། ནུ་གྱུར་ཐེ་ཚོམི་མེད་པ་ཡིན།། སྣོད་བཟང་དེར་ནི་ངལ་གསོས་པས།། འཕོ་བའི་སྦྱོར་བས་འཛག་པ་ཉིད།། བཟང་པོར་མྱུར་དུ་རབ་བླངས་ཏེ།། མཁས་པ་ཡིས་ནི་བྱུག་པར་བྱ། ་རྡོག་པོ་བྱུགས་པ་ཙམ་གྱིས་ནི།། མེ་ཡི་ནང་དུ་གཞུག་བྱ་ཞིང་།། དེ་ནས་ཤེས་རབ་ཅན་བལྟས་ན།། གསེར་དུ་འགྱུར་བར་ཐེ་ཚོམ་མེད།། དེ་ཡི་མ་ཤ་གཅིག་གིས་ནི།། སྲད་བརྒྱ་རུ་ནི་འགྱུར་བ་ཡིན།། དེ་ལྟར་གས། ་གྱི་སྦྱོར་བ་མཆོག། འཇིག་རྟེན་གསུམ་ནའང་རྙེད་པར་དཀའ།། གལ་ཏེ་སྨན་ཆེན་ཚད་མིན་ན།། དེ་ཚེ་སངས་རྒྱས་ཚད་མ་མིན།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར།། དངོས་པོ་གང་དང་གང་གསུངས་པ། ་སངས་རྒྱས་ཐོད་པའི་སྦྱོར་བ་ཡིས།། དེ་དག་ཐམས་ཅད་བདེན་པར་འགྱུར།། གང་ཞིག་འདི་ཚད་མིན་སྨྲ་བའི།། བློ་གྲོས་ཆེན་པོ་ཐོས་ལྡན་པ།། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། དེ་དག་ཐམས་ཅད ་དམྱལ་བར་འགྲོ། ། སྨན་འདི་ཙམ་གྱིས་མ་གྲུབ་ན།། ཆོས་ཕུར་བརྒྱད་ཁྲི་བཞི་སྟོང་དང་།། བླ་མེད་རྣལ་འབྱོར་མ་རྣམས་ཀྱི།། དེ་དག་ཐམས་ཅད་བརྫུན་པར་འགྱུར།། མཚམས་མེད་ལྔ་ནི་བྱེད་པ་དང་།། སེམས ་ཅན་སངས་རྒྱས་ཆོས་ལ་འཚེ། ། སྨན་གྱི་མཆོག་ནི་འགྲུབ་འགྱུར་བ།། སྐད་ཅིག་དེ་ལ་ཐེ་ཚོམ་མེད།། སེམས་ཅན་དོན་ལ་ཅིག་ཏུ་འབད།། སྒོམ་ལྡན་འགྲུབ་པ་ལྟ་ཅི་སྨོས།། སྨན་མཆོག་གསེར་དང ་དངུལ་དུ་འགྱུར། ། ཇི་སྲིད་སངས་རྒྱས་ཡེ་ཤེས་ཡོད།། མི་ནི་བསྐལ་པ་བྱེ་བར་འཚོ།། དེ་ནས་ཡང་དག་རབ་བཤད་པ།། མོ་ཤམ་རྣམས་ཀྱི་བུ་མེད་པ།། ཡང་དག་སྦྱོར་བས་བཀྲུས་ཙམ་གྱིས།། སྐད ་ཅིག་དེ་ལ་བུ་ལྡན་འགྱུར། ། སྔོན་གྱི་གཙོ་བོས་ཇི་སྐད་གསུངས།། ཁྲུས་ཀྱི་ཆོ་ག་རབ་ཏུ་བཤད།། ཁ་དོག་ལྔ་ཡི་རྡུལ་ཚོན་ནམ།། ཡང་ན་རྡུལ་ཚོན་དཀར་པོ་ཡིས།། དཔག་དཀའ་སྐྲག་པར་བྱེད་པ་ཡི།། དཀྱིལ ་འཁོར་འཇིགས་པ་བྲི་བར་བྱ། ། དེར་ནི་བུམ་པ་ལྟོ་ཆེ་བ།། ཟླུམ་པོ་བཞི་ནི་བཞག་པར་བྱ།། ཤེས་རབ་ཅན་གྱི་ཆུ་ཡིས་དགང་།། རས་ཀྱིས་ཀྱང་ནི་དཀྲི་བར་བྱ།། རང་གི་ཁྲག་གིས་མཚན་མ་བྲི།། བུད་མེད་མོ་ཤ་མ་དེ་ཡི ་ཁམས་ཀྱི་གཙོ་བོ་བླངས་ནས་ནི། ། མཁས་པས་བུམ་པའི་ཁ་ལ་བྱུག། དེ་ནས་ཁྲག་འཐུང་གོ་འཕང་ལ།། གནས་པ་བསྒོམ་པའི་མཆོག་ལྡན་པས།། ནག་པོ་དམར་པོ་འཇིགས་ཆེན་པོ།། རྡོ་རྗེ་ཧཱུ~ཾ་ལས ་ཡང་དག་བྱུང་། ། འཇིགས་པའི་མེ་ལྟར་འཇིགས་བྱེད་པ།། ཞལ་གཅིག་པ་ལ་ཕྱག་བཞི་པ།། བླ་མ་འཇིགས་པའི་གར་བྱེད་ཅིང་།། མཁས་པས་ཧཱུཾ་ནི་སྒྲོགས་བཞིན་པ།། བློ་ལྡན་བུམ་པའི་ནང་དུ་བས་མོ།། དེ་ན ་རལ་གྲི་འཛིན་པ་ཡི། ། སྐྱེས་པ་བཞི་པོ་གྲགས་ཆེན་པོ།། ཁྲོ་བོ་གཞན་གྱི་སེམས་དང་ལྡན།། འཇིགས་ཆེན་སྐྱེས་བུ་དེ་རྣམས་ཀྱིས།། རལ་གྲིས་ནམ་མཁར་བསྣུན་ཅིག་གསོད།། སངས་རྒྱས་ཐོད་པའི ་སྦྱོར་བ་དང་། ། འདི་ལྟ་བུ་ཡི་སྦྱོར་ལྡན་པས།། དེ་བཞིན་དུ་ནི་བུད་མེད་བཀྲུ།། སྐད་ཅིག་དེ་ལ་བཀྲུས་ཙམ་གྱིས།། བུད་མེད་བུ་དང་ལྡན་པར་འགྱུར།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན ་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྨན་ཆེན་པོ་ཁྱད་པར་ཅན་དང་། མོ་ཤམ་གྱི་ཁྲུས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང་དག་རབ་བཤད་པ།། མཁའ་ལྡིང་སྦྱོར་ལ ་བྱུང་བའི་ལེའུ། ། སྔོན་དུ་གསུངས་པའི་ཆོ་ག་ཡིས།། མཁས་པས་དཀྱིལ་འཁོར་བྲི་བར་བྱ།། བློ་ལྡན་ཧེ་རུ་ཀ་དང་ནི།། ཀུན་ནས་རྣལ་འབྱོར་མ་བརྒྱད་བསྐྱེད།། མཚན་མ་ཕྱག་སོགས་སྔོན་གསུངས་བཞིན།། ཁ ་དོག་དཀར་པོ་འབའ་ཤིག་ཉིད། ། ཕྱོགས་ཀྱི་རྣལ་འབྱོར་མ་དཀར་ཞིང་།། མཚམས་ཀྱི་དམར་པོ་ཉིད་ཡིན་ནོ།། སྔོན་དུ་གསུངས་པའི་ཆོ་ག་ཡིས།། མཁས་པས་དཀྱིལ་འཁོར་བྱིན་གྱིས་བརླབ།། བུམ་པ་རྣམ་པ ་བཞི་པོ་ལ། ། སྔོན་གསུངས་ཕྱག་མཚན་བྲི་བར་བྱ།། རིག་པ་འཛིན་པའི་སྦྱོར་བ་ཡིས།། ཕྱིས་ནི་སློབ་མ་རྗེས་སུ་གཟུང་།། སྔོན་གྱི་ཆོ་གས་གསོལ་བཏབ་སྟེ།། སྦྱིན་དང་ཚོགས་ཀྱི་འཁོར་ལོ་དང་།། དེ་ནས ་དཀྱིལ་འཁོར་མཆོད་པར་བྱ། སླར་ཡང་གསང་སྔགས་འདཡས་ནོ།། སློབ་མ་རྗེས་སུ་བཟུང་བར་བྱ། ས་སྦྱངས་ན་ནི་དུས་ཟིན་ལ།། ཐུང་ཟད་གསོ་པར་མེ་ནུས་ཏེ།། ནམ་མཁའ་ལྡིང་ཅན་གྱིས་གཏང་ཞིང་།། དུས ་སུ་ཟིན་ཅེས་སྨྲ་བ་ནི། ། སངས་རྒྱས་ཐོད་པའི་རྣལ་འབྱོར་པ།། བློ་ལྡན་དེ་ནས་ལས་བཅས་མོ།། བདག་ཉིད་ཧེ་རུ་ཀར་གྱུར་ཅིང་།། ཀུན་ནས་རྣལ་འབྱོར་མ་རྒྱད་དེ།། དེ་ཀུན་སྐུ་ནི་དཀར་པོ་རུ།། ཆོ་ག་བཞིན་དུ་སྦྱར ་བར་བྱ། ། འབྲས་བཏགྲ་རང་བཞིན་བླངས་ནས་ནི། རིག་པ་འཛིན་པ་གཉིས་བྱའོ།། ཤིན་ཏུ་མཉམ་པར་བཞག་པ་ཡིས།། དེ་ཡི་ལག་པར་རལ་གྲི་སྦྱིན།། དེ་ཡི་སྙིང་ཁར་སྔགས་བཞུགས་པ།། འདབ་མ་གང་དང་གང ་དེ་ལ། ། པར་ཁུ་ཆེ་བྱིས་སྣག་ཆ་དང་།། མཁས་པས་སྔགས་ནི་བྲི་བར་བྱ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་ཛི།། ཨོཾ་ཀ་པ་ལི་ནི་བཛྲི་ཎི་ཨ།། བི་དྷ་ན་ས་ཡ་སརྦ་ནཱ་ག་ནཱ། ཨུ་ད་བ་ཡ་དྱ་དྷ་ར་ཎི། བི་བྷ་བ་ཡ་ཀ་ལ་ད་ཤ་ན། ་བྷོ་བྷོ་ཨུ0f7fག་བ་ཏི་བུད་དྷ་ཀ་པཱ་ལ་ནཱི། སརྦ་ན་ཎ་ཀྵ་ཡཾ་ཀ་རཱི་ཧ་ཧ་ཏ་སྭཱ་ཧཱ།། རིག་པ་འཛིན་པའི་སྔགས་སོ།། དེ་ལྟར་ཡོངས་སུ་རྫོགས་ནས་ནི།། འདྲབ་མ་སྙིང་ཁར་གཞུག་པར་ག་གསང་སྔགས་འདི་དང་ལྕུག་མ་ཡིས ་ལན་བདུན་པར་དུ་སྤྱན་དྲང་ངོ་པོ། ། ཨོཾ་བྷུད་དྷ་ཀ་པཱ་ལི་ནི་གྷ་ཊ་གྷ་ཌཱ། གྷ་ཌ་གྷ་ཌ་ཧཱི་ཧཱིཿཧེཿཧེ་ཧཱཾ།། ལན་བདུན་བསྔགས་པ་ཙམ་གྱིས་ནི།། རིག་པ་འཛིན་པ་རྣམ་པ་གཉིས།། བར་སྣང་དུ་ནི་ལྡིང་འགྱུར་ཏེ། ་གཅིག་ནི་དྲ་བུ་དུ་མ་བུ་རུ།། ས་ལ་ལྟུང་བ་དྲ་ནི་འགྱུར།། དུས་ཟིན་འདིར་ལངས་ཐེ་ཚོམ་མེད།། གཞན་ཡང་སྦྱོར་བ་རྙེད་དཀའ་གང་།། པད་བཏེག་ལ་སོགས་བཅཝ་ལྔ་པོ།། གླེགས་བམ་ལ་ནི་བྲི་མ་བྱས།། བླ་མའི ་དྲིན་ལས་ཤེས་པར་བྱ། ། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད། རྣལ་འབྱོར་མའི་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་རིག་པ་འཛིན་པའི་སྦྱོར་བའི་མན་ངག་ངེས་པའི་ལེའུ་སྟེ་བཅུ་གཅིག་བག། ་དེ་ནས་ཕྱག་ན་རྡོ་རྗེས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཡང་དང་ཡང་དུ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ།། རྣལ་འབྱོར་མ་ཡི་གཙོར་གྱུར་པ།། ཤེས་རབ་ཆེན་པོའི་ལྷ་མོ་ལེགས།། ་ཁྱོད་ཀྱིས་གསུངས་པའི་སྦྱོར་བ་གང་།། འཇིག་རྟེན་ནའང་རྙེད་པར་དཀའ།། བདག་གིས་རྒྱུད་ཀུན་མཐོང་མོད་ཀྱི།། སྦྱོར་བ་འདི་དག་རྙེད་པར་དཀའ།། རྒྱུད་འདིར་ཁྱོད་ཀྱིས་གང་གསུངས་པ།། སངས་རྒྱ ་ཀུན་གྱིས་མ་བཤད་དོ། ། ཨེ་མའོ་སེམས་ཅན་དོན་ལ་བརྩོན།། ཨེ་མའོ་སངས་རྒྱས་ཀུན་སྐྱེད་མ།། ཨེ་མའོ་ཕྱག་རྒྱ་ཆེ་ལ་བརྩོན།། སྔགས་རྣམས་ཀུན་གྱི་རབ་སྦྱོར་བ།། ཤིན་ཏུ་རྙེད་དཀའ་གང་ཡིན་དེས། ་རྣལ་འབྱོར་པ་གང་ངོ་མཚར་བ།། སྣ་ཚོགས་བྱེད་འགྱུར་ལྷ་མོ་གསུངས།། དང་པོའི་ལེའུ་གདགང་གསུངས།། སྦྱོར་དེ་ལྷ་མོ་བདག་ལ་ཤོད།། འདི་ལྟ་བུ་ཡི་ཚིག་གསན་ནས།། རྣལ་འབྱོར་མ་ནི་སྣ་ཚོགས་སྡེ།། ་བཞད་ཅིང་ཤིན་དུ་བཞད་པ་ཡིས།། ལྷ་རྣམས་ཐམས་ཅད་སྐྲག་པ་དང་།། བདུད་སྡེ་ཐམས་ཅད་འབྲོས་པ་དང་།། བགེགས་རྣམས་ཐམས་ཅད་འཛགས་པར་འགྱུར།། ཨེ་མའོ་བཞད་པའི་ངེས་པ་ཡིས།། རྒྱལ ་བའི་མཆོག་ཀུན་ངོ་མཚར་རོ། ། གསུངས་པ་རྒྱལ་མཚན་འཆང་བ་བླང་བྱས་ལ།། དེ་ཡི་ཤ་ཡང་བླང་བྱ་ཞིང་།། དེ་ཡི་རྐེད་ཆའི་རུས་པ་ནི།། བླངས་ནས་ཐབ་ཁུང་དུ་ནི་བྱ།། དེ་ཡི་ཐོད་པའི་རྗེས་བཟུང་སྟེ།། རྒྱུས ་པ་སྡོང་བུར་བྱས་ཏེ་བཞག། དེ་ཡི་མིར་ལུས་དགང་བྱ་ཞིང་།། ཐབ་ཁུང་གྲུ་གསུམ་སྟེང་དུ་བཞག། གཞན་ཡང་རུང་པ་འབེབས་པ་དང་།། ཇི་སྲིད་དུང་པ་ཆགས་ཀྱི་བར།། སངས་རྒྱས་ཐོད་པའི་རྣལ་འབྱོར་པས།། ་གསང་སྔགས་འདི་ནི་བཟླས་པར་བྱ།། ཨོཾ་བུད་དྷ་ཀ་པཱ་ལི་ནི་བྷ་ར་དྷ་ར། དྷ་དྷ་ར། དྷ་དྷ་ར། དྷ་ར་པ་ཡ། དྷ་ར་པ་ཡ། ཤོ་ཤ་ཡ། ཤོ་ཤ་ཡ། ཏ་པ་ཡ་ཏ་པ་ཡ། ཏཱཾ་ཏཱཾ་ཨོཾ་མེ་སཾ་ར་དྷཾ་ཀུ་རུ་ཀུ་རུ་བྷོ་བྷ་ག་བ་ཏི་བུད་དྷ ་ཀ་བཱ་ལ་སྱ་ཛྙཱ་མ་ལཾ་གཱ་ཡ་ཤི་གྷྲ~ཾ་ཀ་ཛ་ལ་བ་ཏེ། པ་ཏ་ཡ་པ་ཏ་ཡ། ཏྲཾ་ཏྲཾ་ཨ་ཧཱུཾ་སྟ~ཾ་བྷཱ་ཡ་བྷོ་བ་ག་ཏི་ཧཱུཾ་ཨཾ་ཕཊ།། འདི་ལྟར་སྔགས་ཀྱི་རྒྱལ་པོ་ཡིས།། འཇིག་རྟེན་གསུམ་ཡང་སེམས་པར་བྱེད།། འབྱུང་པོར ་ལངས་མཁའ་འགྲོ་མ། ། སྲིན་པོ་ཤེ་བ་ལ་སོགས་དང་།། གཞན་ཡང་རུང་ཏེ་བགེགས་དེ་རྣམས།། ཐོས་པ་ཙམ་གྱིས་འབྲོས་པར་འགྱུར།། ཇི་སྲིད་དྲུད་པམ་བབས་པ།། དེ་སྲིད་སྔགས་ནི་བཟླ་བར་བྱ།། རུད་པ་བབས ་མཐག་ཏུ་ནི། ། ལག་པ་གཉི་གས་གཟུང་བར་བྱ།། དེ་ནས་བློ་ཆེ་རྣལ་འབྱོར་པས།། རོལ་རྩེར་ཕྲེང་བ་བཏུང་བར་བྱ།། བུ་མོ་ལོ་ནི་བཅུ་དྲུག་མ།། ལང་ཚོའི་གཟུགས་ལ་བརྩེ་བ་ཅན།། འདི་ནི་རྣལ་འབྱོར་པ་ཡིས་སྤྱད།། གཅིག ་ཏྲཾ་སེམས་ཅན་དོན་འབད་པ། ། གཅེར་བུ་སྐྲ་གྲོལ་གྱུར་པ་ཡི།། མཁས་པས་ཧི་ཧིའི་སྔགས་བཏོན་ཏེ།། རོལ་ཅེ་དཕྲེང་བ་བཏུང་བར་བྱ།། དེ་ཡི་རྗེས་ལ་རྩེ་འཇོ་བརྩམ།། ཤིན་ཏུ་བཞད་གྱུར་པད་མཛད་པའི།། 6 ་བ་ཆེན་པོའི་ལག་གཡོན་དུ། ། དུད་ཆེན་མཆོག་ནི་གཞག་པར་བྱ།། སྦྱོར་བ་ལ་ནི་མཁས་པ་ཡིས།། ཕྱིས་ནི་བབས་ཀྱིས་བྱ་བ་བྱ།། པད་མ་ལས་བྱུང་རྫས་གང་ཞིག། དེ་ཉིད་ཀྱིས་ནི་དུད་པ་མཉེ།། མིང་མེད་མཐེ་བོས་མ ་ཏོག་སྦྱིན། ། དེལ་བུ་བརྒྱ་དང་རྩ་བརྒྱད་བྱ།། རིལ་བུ་རེ་རེ་རེ་རེ་ལ།། གསང་སྔགས་བརྒྱ་དང་རྩ་བརྒྱད་བཟླ།། ཨོཾ་བུད་དྷ་ཀ་པཱ་ལི་ནི་ཏྲཱ་ཧྲིཿཧཱུཾ་ཕཊ།། འཇིག་རྟེན་གསུམ་ན་རྙེད་དཀའ་ཞིང་།། རྒྱུད་རྣམས་ཀུན་ཏུ་རྙེད་དཀའ ་བ། ། རྣལ་འབྱོར་མས་ཀྱང་རྙེད་དཀའ་བའི།། སྔགས་འདི་ཡིས་ནི་དུད་པ་བསྒྲུབ།། སྲིན་ལག་གི་ནི་སོར་མོ་ཡིས།། མིག་ལ་རུད་པེ་བྱུགས་ཙམ་གྱིས།། སྟོང་གསུམ་རྡུལ་ཕྲན་ལྟ་བུ་ཡི།། སངས་རྒྱས་ཐམས་ཅད ་མཐོང་བར་འགྱུར། ། དཔག་ཚད་འབུམ་ཕྲག་བརྒྱད་བཅུ་ཡི།། སྟེང་དང་འོག་ནི་མཐོང་བར་འགྱུར།། ལག་པ་གཡོན་པས་མཉེས་ཙམ་གྱིས།། སྐད་ཅིག་དེ་ལ་རྣལ་མར་འགྱུར།། འཛུབ་མོས་བྱུགས་པ་ཙམ ་གྱིས་ནི། ། རྒྱུ་དང་མི་རྒྱུ་མཐོང་འགྱུར་ཏེ།། འབྱུང་པོ་ཡི་དགས་ཤ་ཟ་དང་།། གཞན་ཡང་གྲུབ་པ་རྣམས་དང་ནི།། དཔག་ཚད་བྱེ་བ་སྟོང་ཕྲག་གི། སྟེང་དང་འོག་ནི་མཐོང་བར་འགྱུར།། ལག་པ་གཡོན ་པས་མཉེས་ཙམ་གྱིས། ། ནལ་སར་འགྱུར་བར་ཐེ་ཚོམ་མེད།། གུང་མོས་བྱུགས་པ་ཙམ་གྱིས་ནི།། ཤིན་དུ་ངོ་མཚར་བྱེད་འགྱུར་ཏེ།། བག་བརྡབས་བདུན་གྱི་སྒྲ་ཚད་དུ།། ནག་པོ་འབར་བྱེད་རྩེ་མོ་ཡིས།། ་སྤྲིན་རྣམས་ཐམས་ཅད་འཐོར་བར་འགྱུར།། འདི་ལྟའི་དྲུང་པ་རྙེད་པར་དཀའ།། ལག་པ་གཡོན་པས་མཉེས་ཙམ་གྱིས།། སྐད་ཅིག་དེ་ལ་མི་རུ་འགྱུར།། མཐེ་བོང་གིས་ནི་དུད་པ་ཡི།། བདག་ཉིད་ཆེན་པོ ་བྱུགས་ཙམ་གྱིས། ། གཟུགས་བརྙན་མཚན་མ་རི་དང་ཤིང་།། གཞན་དག་གང་ཡང་རུང་བ་རྣམས།། ཁྲོ་བོའི་ལྟ་བ་བལྟས་ཙམ་གྱིས།། དུམ་བུ་སྟོང་དུ་འགྱུར་བ་ཡིན།། གཡོན་པས་མཉེས་པ་ཙམ་གྱིས་ནི།། རྣལ ་མར་འགྱུར་བར་ཐེ་ཚོམ་མེད། ། མཐེའུ་ཆུང་གིས་ནི་མིག་རྟགས་ན།། སྐད་ཅིག་དེ་ལ་མི་སྣང་འགྱུར།། སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར།། སྐད་ཅིག་སུམ་བཅུ་གསུམ་དུ་འཁོར།། མཛོད་དང་བུད་མེད་རྫས ་ཉིད་ད་། དངོས་པོ་གང་དང་གང་འདོད་པ།། དུང་པའི་བདག་ཉིད་ཆེན་པོ་ཡིས།། སྐད་ཅིག་དེ་ལ་འཕྲོག་པར་འགྱུར།། འདི་ལྟ་བུ་ཡི་རུང་མཆོག་གི། སྦྱོར་བ་སྣ་ཚོགས་ལེགས་པར་བཤད།། དེ་ནི་མིག་ལ་བླུགས་ཙམ་གྱིས།། ་རང་གི་གཟུགས་ནི་སྦྱར་བར་བྱེད།། རུང་བ་འདི་ནི་བླུགས་ཙམ་གྱིས།། རིག་པ་འཛིན་པའི་གཙོ་བོར་འགྱུར།། བྱ་རོག་འུག་པ་བྱ་རྒོད་དང་།། སྦྲུལ་དང་ཁྱི་དང་ལྕེ་སྤྱང་དང་།། སྟག་དང་གུང་དང་བྱི་ལ་དང་།། སྦྲང་བུ་གླང་པོ་བོང་བུ་རུ།། ་དེ་ལྟར་དུད་པ་ཆེན་པོ་ཡས།། སྣ་ཚོགས་པ་ཡིས་ལས་བྱེད་པའོ།། ཀུན་ལ་ལས་ཀུན་ཡོད་མོད་ཀྱི།། སྦྱོར་བ་འབའ་ཤིག་རྙེད་པར་དཀའ།། སྦྱོར་བ་གླེགས་བམ་ལ་མ་བྲིས།། བླ་མའི་ཞལ་ནས་ཤེས་པར་བྱ།། དེ་ནས་ཡང་དག ་ར་བཤད་དེ། སྦྱོར་བ་ཤིན་ཏུ་རྙེ་དཀའ་བ།། སྔགས་དང་རུས་པའི་སྦྱོར་བ་ཡིས།། རྟག་ཏུ་སྣ་ཚོགས་ལས་བྱེད་དོ།། གླང་པོའི་རུས་པས་གསང་བའི་སྦྱོར་བ་བྱའོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་ཏྲི་ཧཱུ~ཾ། རྟ་ཡི་རུས་པས་བསྐྲད་པ་རྙེད་པར ་དཀའ་བ་བྱའོ། ། ཨོཾ་འང་ནཀཱ་པཱ་ལི་ནི་ཁ་ཧྲི་ཧཱུཾ་ཕཊྚ། བ་ལང་གི་དྲས་པས་དགྲའི་སྙིང་ཁར་བུར་བུ་གདབ་པར་བྱའོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་ཏྲཾ་ཧྲི།། ཁྱི་ཡི་རུས་པས་རེངས་པ་ཆེན་པོ་བྱ་བར་གསུངས་སོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱ་ཨཧཱུཾ ་པཊ། རུས་པ་ཆེན་པོས་ནི་དགུག་པར་བྱའོ།། ཨོཾ་བུད་དྷཀ་པཱ་ལི་ནཱི་ཧྲི་བི་ཤད།། བོང་བུའི་རུས་པས་རྨོངས་པར་བྱའོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱ་བྲུ་ཧཱུཾ། འུག་པའི་རུས་པས་དབང་དུ་བྱའོ།། ཨོཾ་བུད་དྷ་ཀ་བཱ་ལི་ནཱི་ཏྲཾ་ཧྲིཿཧཱུཾ།། བྱ་རྒོད ་ཀྱི་རུས་པས་དབྱེ་བར་བྱའོ། ། ཨོཾ་བུད་དྷ་ཀ་པཱ་ལི་ནཱ་ཧཱཿཕཊ་ཧཱུཾ། བོང་བུའི་རུས་པས་རེངས་པར་བྱའོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱ་བཛྲི་པྲ། ལྕེ་སྤང་གི་རུས་པས་གཡུལ་ལས་རྒྱལ་བར་བྱེད་དོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་བྷ་ག་བ་ཏི་དྷ་ར། ་དྷུ་ར་ཧ་ཧེ་ཧོ་ཧ་ཧ།། མ་ཧེའི་རུས་པས་དགའ་ཞིང་རྩིབས་ལོ་བཅུ་གཉིས་སུ་ཉིན་དང་མཚན་དུ་དེའི་བྱང་ཆུབ་སེམས་མི་ལྷུང་ངོ་།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་ར་མ་ར་མ་ཀྲྀཊེ་ཀྲི་ཊ་ཧ་ཨུ0f7f། སྦྲུལ་གྱི་རུས་པས་ཤིང་རྩད་ནས་འདོན། ་ཨོཾ་བུད་དྷ་ཀ་པཱ་ལི་ནཱི་ཏ་ཌ་ཏ་ཊ། ཏྲ་ཏ་ཡ་ཏྲ་ཏ་ཡ། མ་ཏ་སྥོ་ཊ་ཡ་སྥོ་ཊ་ཡ་ཨུད་པ་ཊ་ཡ་ཧཱུཾ་ཕཊ། སྟག་གི་རུས་པས་རི་འདེགས་པར་བྱེད་དོ།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི། གྷ་ར་གྷ་ར། མ་ཊ་མ་ཌ་ཏྲ་ཊ་ཡ་ཏྲཊ་ཡ་བྷཊ་བ་ཡ་གྷཱ ་ཊ་པ་ཡ། སྥོ་ཊ་སྥོ་ཊ་མོ་ཊ་མོ་ཊ་ཡ་ས~ཾ་ཀྲ་མ་ཡ་ཧིཿཧཱུཾ་ཏྲཾ་ཕཊ། ལྕགས་ཀྱུས་ནི་ནགས་སྟུག་པོ་སྟོང་པར་བྱེད་དོ།། ཨོཾ་བུད་དྷ་ཀ་པཱ་ལི་རཱི་བཛྲེ་ན་ཤ་ཡཱ་མ་རཱ་ཡེ་གྷུ་ཊི་གྷུ་ཊི་ནི་སརྦ་བི་ན་ཡ་ཏིན་ཏྲི་ཡེ་ཡཻ་ཏ་ཌ་ཡ་བྷི་ཏྲ་པ་@ ་ཙམ་ཙམ། ། བྷ་མ་ཡ་བྷ་མ་ཡ། བྷོ་བྷ་ག་བ་ཏི་ཨ་ཨ་ཏཊ་ཧཱུཾ་ཕཊ། སེམས་གཅིག་དྲི་མེད་མེ་ལོང་བཞིན།། གང་བསམས་དེ་ཡང་གཟུགས་བརྙན་དང་།། རྨི་ལམ་ལྟེ་བར་ཤེས་མོད་ཀྱི།། འོན་ཀྱང་རྣམ་པར་རྟོག་པས ་བཟུང་། ། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པའི་གསང་བའི་ཡང་ཤིན་ཏུ་གསང་བ་ལས། སྔགས་སྣ་ཚོགས་ཀྱི་རབ་ཏུ་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས ་ཡང་དག་རབ་བཤད་པ། ། རྣམ་པར་དག་ལེའུ་རབ་རྙེད་དཀའ།། ནེ་ནེ་མོ་དང་ཚ་མ་དང་།། མ་དང་བུ་མོ་ཆུང་མ་ཉིད།། གལ་ཏེ་ཕྱག་རྒྱ་ཆེ་འདོད་ན།། ཤེས་རབ་ཅན་གྱིས་འདི་དག་སུང།། གཡུང་མོ་དང་ནི་གར་མཁན་མ།། ཁྲུས་མཁན་མ ་དང་གཏུམ་མོ་ཡི། ། བུ་མོ་ཀོ་བ་བྱེད་པར་གསུངས།། བློ་དང་ལྡན་པས་འདི་དག་སྤྱད།། དེ་ལྡརྣལ་འབྱོར་མ་ཡི་མཆོག། དེ་ནས་ཡང་དག་རབ་བཤད་པ།། མ་དག་པ་ཡི་སེམས་སྦྱང་ཕྱིར།། མིག་ནི་སྲིང་མོར་གྱུར་པ་སྟེ།། རྣ་བ་ཚ་མོ་ཉིད ་ཡིན་ནོ། ། སཱ་ནི་མ་རུ་འགྱུར་བ་སྟེ།། ལྕེ་ནི་བུ་མོ་ཉིད་ཡིན་ནོ།། ཡིད་ནི་ཆུང་མར་འགྱུར་བ་སྟེ།། ལྔ་པོ་དེ་རྣམས་མཆོག་ལྷ་མོ།། ཕྱག་རྒྱ་ཆེན་པོ་རབ་སྟེར་མའོ།། གཏི་མུག་གར་མཁན་མ་རུ་འགྱུར།། ཞེ་སྡང་གཡུང་མེ་ཉིད་ཡིན་ནོ།། ་འདོད་ཆགས་ཁྲུས་མཁན་མ་ཡིན་ཏེ།། ང་རྒྱལ་གཏུམ་མོ་ཉིད་ཡིན་ནོ།། ཕྲག་དོག་ཀོ་བ་བྱེད་མའོ།། ལྔ་པོ་དེ་རྣམས་བུད་མེད་མཆོག། གཟུགས་ལས་གཏི་མུག་སྐྱེ་བ་སྟེ།། སྒྲ་ལས་ཞེ་སྡང་སྐྱེ་བ་ཡིན།། དྲི་ལས་ལོངས་སྤྱོད་པས ་འདོད་ཆགས། ། རོ་ལོངས་ང་རྒྱལ་ཉིད་ཡིན་ཏེ།། རེག་བྱ་ལས་ནི་ཕྲག་དོག་སྐྱེ།། སེམས་ཀྱི་དག་པ་ཉིད་ཡིན་ནོ།། དེ་ཕྱིར་རྣལ་འབྱོར་བློ་ཆེན་གྱིས།། ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི།། སྐྱེས་འདིར་དངོས་གྲུབ་མ་ཐོབ་ཀྱང་།། ་གཞན་སྲིད་པར་དངོས་གྲུབ་ཐོབ།། ཇི་ལྟར་དངོས་པོ་མེད་པར་བསྒོམ།། ཇི་ལྟར་དངོས་པོ་བསྒོམ་པར་བྱ།། དངོས་པོ་སྒོམ་བྱ་ཇི་ལྟར་འགྱུར།། སྲིང་མོའི་གཟུགས་ནི་ཇི་ལྟར་ཡིན།། དཀར་མོ་ལྡང་ཁུ་སྔོན་མོའི་མདོག། འདི་ལྟའི། ་གཟུགས་དང་ལྡན་པར་ནི།། དག་པའི་སེམས་ཀྱིས་བལྟ་མི་བྱ།། ཚ་མོས་ཇི་ལྟར་སྒྲ་ཐོས་པའི།། སྒྲ་གྲག་པ་ནི་རྣམ་གསུམ་ཉིད།། འདི་ལྟའི་སྦྱོར་དང་ལྡན་པར་ནི།། དག་པའི་སེམས་ཀྱིས་མཉན་མི་བྱ།། རབ་སྦས་སྐྱེད ་མ་གང་ཡིད་ངེས། ། དྲི་རི་རྣམ་པ་གསུམ་བཀས་པ།། ལྷ་མིན་ཡིད་དང་ལྡན་པ་ལ།། ཇི་ལྟར་འདོད་ཆགས་སྐྱེ་བར་འགྱུར།། ལྕེ་དང་ལྷན་ཅིག་ལོངས་སྤྱོད་རྫས།། རོ་དྲུག་སྦྱངས་པ་ཅི་འདྲུ་ག།། མྱངས་པས་ལོངས་སྟོད་ལྡན ་པ་ཡི། མྱངས་པའི་གཟུགས་ནི་ཇི་ལྟ་བུ།། ཡིད་ཀྱི་ལོངས་སྤྱོད་དགའ་བ་ཉིད།། ཡིད་ཀྱིས་གཉི་ག་སྤྱད་པས་བདེ།། དེར་ནི་རྟག་པ་ཡོད་མ་ཡིན།། དངོས་པོ་ལས་ནི་དངོས་མེད་པ་དངོས་མེད་ལ་ཡང་དངོས་པོ་ཉིད།། དངོས ་དང་དངོས་མེད་གཉི་ག་སྟོང་། ། འདི་དག་སེམས་ཀྱི་དག་པ་ཉིད།། དེ་ནས་གཞན་ཡང་རབ་བཤད་པ།། ཕྱི་ཡི་ལུས་ནི་སྦྱང་ཕྱིར་རོ།། ལྷ་དང་ལྡན་པ་སྙིང་རྗེ་སྟེ།། འཁྱུད་པ་བྱམས་པར་འགྱུར་བའོ།། དྲུད་པའི་སྦྱོར་བའི་བདག ་ཉིད་ནི། ། དགའ་བ་ཡན་ལག་མ་ཡི་མཆོག། གཉི་ག་འདུས་ལས་གང་འཛག་པ།། དེ་ནི་བདག་གིས་བཏང་སྙོམས་གསུངས།། དེ་ལྟར་དངོས་པོའི་སྦྱོར་ལྡན་པ།། ཇི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར།། མཐོང་བ་ལས། ་ནི་འདོད་ཆགས་སྐྱེ།། འཁྱུད་ལས་འབྲས་བུ་ཅུང་ཟད་ཙམ།། དྲུང་པ་ལས་ནི་དགའ་བ་སྐྱེ།། ཀུན་གྱི་མཐའ་མར་དགའ་བྲལ་ལོ།། དེ་ལྟར་དགའ་དང་དགའ་བྲལ་འབྲས།། ཁམས་གསུམ་པ་ལས་སྐྱེ་བར་འགྱུར།། རབ ་དགའ་སེམས་ཀྱི་སྦྱོར་བ་ཡིས། ། དངོས་པོ་གསུམ་གྱིས་འཆིང་མི་འགྱུར།། བཟའ་དང་བཏུང་བའི་གང་ཅིའང་རུང་།། བདེ་བ་འབབ་པའི་ཁ་ཟས་རྣམས།། དེ་ཀུན་བཤད་དང་གཅི་སོགས་སུ།། རྣལ་འབྱོར་རིག་པས་རྟག་ཏུ ་བཏག། གང་ཅི་རུང་བའི་དགའ་རྩེ་འཇོ།། འཁྱུད་པ་དང་ནི་འོ་བྱེད་དང་།། ཉེད་དང་འཆིར་བ་ཉིད་ཀྱིས་ནི།། ཕྱག་རྒྱ་ཆེན་པོའང་མཐོང་བར་འགྱུར།། འདི་ལྟའི་བསྒོམ་དང་ལྡན་པས་ནི།། འདི་རུ་འགྲུབ་པར་ཐེ་ཚོམ་མེད།། ་རྣལ་འབྱོར་མ་ལྔས་སངས་རྒྱས་ཀྱི།། དཔལ་དང་ཕྱག་རྒྱ་ཆེར་སྟེར་བྱེད།། རྣལ་འབྱོར་པ་ཡིས་དེ་མཆོད་ན།། འདོད་པ་རྣམས་ཀྱིས་གོས་མི་འགྱུར།། ཕྲག་དོག་ལ་སོགས་ཀྱིས་སྦགས་ཀྱང་།། དེ་ལ་ཉེས་པས ་གནོད་པ་མེད། ། རྣལ་འབྱོར་པ་ལ་མཆོག་དེ་ཉིད།། སྲིད་པའི་ཉེས་པས་གོས་མ་འགྱུར།། ཇི་སྲིད་ཁམ་ནི་ཚེ་མི་གསོར།། སངས་རྒྱས་སུ་སྲིད་སྡིག་དང་བྲལ།། བྱང་ཆུབ་སེམས་ནི་འཇིག་མེད་པ།། གང་ཆོ ་ཕུན་སུམ་ཚོགས་པའི་ཤིང་། ། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སེམས་རྣམ་པར་དག་པའི་ལེའུ་སྟེ།། བཅུ་གསུམ་པའོ།། །། དེ་ནས ་ཡང་དག་རབ་བཤད་པ། ། སྣ་ཚོགས་སྡེམས་བསྔགས་པའི་ལེའུ།། དེ་ལྟར་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་།། རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དང་།། མཚུངས་པའི་རྣལ་འབྱོར་མ་རྣམས། ་སྤྱན་དྲངས་ཤིང་མགུ་བའི་སེམས་ཀྱིས་སྣ་ཚོགས་སྡེ་མ་ལ་བཏུད་ཏེ་བསྟོད་པ།། ཨེ་མའོ་བཅོམ་ལྡན་འདས་ལྷ་མོ།། སངས་རྒྱས་ཐམས་ཅད་སྐྱེད་བྱེད་མ།། དཔལ་དང་གྲགས་པ་ཆེ་ཞིང་འཇིགས།། སེམས་ཅན་ཀུན། ་ལ་ཕན་མཛད་མ།། ལྷ་མོ་སྙིང་རྗེ་ཆེ་ལྡན་མ།། ཕྱག་རྒྱ་ཆེན་པོ་བློ་ཆེན་མ།། དོན་ཆེན་འབྲས་བུ་སྟོན་མཛད་མ།། སངས་རྒྱས་ཐོད་པ་ཡི་ནི་རྒྱུད།། རྡོ་རྗེ་འཆང་གིས་སྦས་པ་དང་།། སངས་རྒྱས་རྣམས་ཀྱིས་མ་གསུང་།། ་ཤིང་།། བྱང་ཆུབ་སེམས་དཔའི་ཡུལ་མིན་པ།། གསུང་ཅིག་གིས་ནི་གསལ་མཛད་དེ།། དེ་ནི་ལྷ་མོ་ཁྱོད་ཀྱིས་གསུངས། ཨེ་མའོ་སྣོད་ཆེན་ལྷ་མོ་ཁྱོད།། རྣལ་འབྱོར་མ་ཀུན་བསྡུས་བྱས་པ།། དེ་བཞིན་གཤེགས་ཀུན ་ཡུལ་མིན་པ། ། རྙད་དཀའ་དངོས་གྲུབ་གང་ཡིན་པ།། དེ་ནི་ལྷ་མོས་གསལ་བར་མཛོད།། གསུངས་པ། རྣལ་འབྱོར་མ་ནི་ཐམས་ཅད་ཉོན།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། འདོད་ཆགས་བྲལ་དང་བདག་ཆེན ་ཉོན། ། སངས་རྒྱས་དེ་བཞིན་གཤེགས་པ་ཉོན།། ཀླུ་དང་ལྟར་བཅས་མི་རྣམས་ཉོན།། རྒྱུད་རྒྱལ་འདི་ནི་གླེགས་ཙམ་གྱིས།། བསོད་ནམས་གང་ཡིན་དེ་ཀུན་གྱི།། བསོད་ནམས་རྗེས་རང་ཡོངས་སུ་བཟོ།། ཕྱག་རྒྱ་ཆེན་པོའི་དོན་དུ། ་ནི། སངས་རྒྱས་ཡོན་ཏན་རྣམ་པ་དབུལ།། སྔགས་དོན་བབ་མོ་རྣམས་དང་ནི།། སྦྱོར་བ་ཤིན་དུ་རྙེད་དཀའ་བ།། གང་ཞིག་གས་ལ་བྱས་བདག་བཟོད་མཛོད།། ཤིན་དུ་སྦས་པའི་ཡུལ་དེ་ཡང་།། སེམས་ཅན་དོ ་གསལ་བྱས་པས། ། རྒྱལ་བའི་མཆོག་རྣམས་བདག་བཟོད་མཛོད།། དེ་ནས་ཡང་དག་རབ་བཤད་པ།། སྔགས་ཀྱི་བཟླས་པ་སྟོབས་པོ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། སངས་རྒྱས་བོད་སྦྱོར་བབང་པོ་བཀྲ།། ཨོཾ་ཛིཿ ་དྷཱ་ཏྲཱཾ། དཱ་ལི་ནཱི་ཨཱཿའཇུག་པ་ལ་ཨོཾ།། འབྱུང་ང་ལ་རྩི།། གནས་པ་ལ་བད་།། བདེ་བ་ལ་ཧཱུཾ། ནུབ་པ་ལ་ཀ་པཱ་ལི་ནཱི། ལྡང་བ་ལ་ཨཱཿའོ།། དེ་ལྟར་བཟླས་པ་རབ་རྙེད་དགལ། སངས་རྒྱས་བོད་པའི་སྦྱོར་ཆུང་བ།། མྱུར། ་ཡིད་ཀྱི་བཟླས་ལྡན་པས།། དངོས་གྲུབ་འཐོབ་པར་ཐེ་ཚོམ་མེད།། ཨོཾ་བུད་དྷ་ཀ་པཱ་ལི་ནཱི་ཨཱཿཧྲཱིཿཧེཿཧཱུཾ་ཕཊ།། སྙིང་པོའི་སྔགས་སོ།། ཨོཾ་ཀ་པཱ་ལི་བཛྲི་ནི་ཧོ་ཧཱུཾ། ཨ་རུ་ར་ལ་ཧེ་ཧཱུཾ་ཕཊ།། ཉེ་བའི་སྙིང་པོའི་སྔགས་སོ།། ་དེ་ནས་ཡང་དག་རབ་བཤད་པ།། དབང་དུས་ཆོག་ཇི་བཞིན་དུ།། སློབ་མ་དང་བརྟན་གང་ཞིག་གིས།། ཤེས་རབ་མ་ལ་གསོལ་བ་གདག། དྲི་ཞིམ་པ་ཡི་དངོས་པོ་ཡིས།། མཎ་ཌ་ལ་རྣམ་པ་ལྔ་བྱས་ཏེ།། སངས་རྒྱས ་ཀུན་གྱིས་བརྒྱན་བྱས་པ། ། ལྷ་མོ་ཆེ་ལ་གསོལ་བ་གང་ག།། ཞལ་དུ་བཟའ་བའི་རྫས་མཆོག་བསྟག། རྫས་དེ་རྣམས་ནི་གསོལ་བ་དང་།། ཡིད་ནི་ཚིམ་ཞིང་ཐུགས་དགྱེས་སོ།། ལྷ་མོ་དགྱེས་པར་མཐོང་ནས་ནི། ཚིག་འདི། ་ངག་གིས་སྨྲ་བར་བྱེད།། རྣམ་པར་རྟོག་པ་མང་པོ་ཡིས།། གཡོགས་པའི་བག་ཆགས་རབ་ལྡན་པ།། འཁོར་བའི་འདམ་དུ་བྱིང་བ་བདག། མཛེས་མ་ཁྱོད་ཀྱིས་སྐྱོབ་པར་མཛོད།། གྲགས་ཆེན་སྙིང་རྗེ་ལྡན་པ་ཡི།། ་ལྷ་མེ་དེ་ན་ཞི་བར་མཛོད།། དེར་ནི་རྒྱན་རྣམས་ཐམས་ཅད་དང་། ལྷ་བ་ལྦ་བརྒྱན་རྣམས་དཔྲལ་བར་བྱ།། དད་པ་བརྟན་པའི་སེམས་ཀྱིས་ནི།། དེ་ནས་བདག་ཉིད་དབུལ་བར་བྱ།། སྣ་ཚོགས་ཟས་དང་སྣ་ཚོགས་བཏུང་།། དེ་ཡི ་ས་ཅན་དུ་དངུལ་བར་བྱ། ། གང་གིས་ཤེས་རབ་མ་གཉིས་པ།། སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད།། འདི་ཉིད་ལ་ནི་སངས་རྒྱས་བཞུགས།། གཞན་ཡང་དངོས་གྲུབ་གཙོ་བོ་དང་།། སྙིང་རྗེ་ལྡན་པ་གཞན་གང་། ་མཁའ་འགྲོམ་ཀུན་འདི་ལ་བཞུགས།། གང་དུ་དབང་པོ་འགགས་གྱུར་པ།། བདག་རྟོགས་རང་བཞིན་ཉམས་པ་སྟེ།། ཀྱེ་དེ་ལྷན་ཅིག་སྐྱེས་དགར་གྱུར།། བླ་མའི་ཞལ་སྔར་གསལ་བར་ཟླ་ས།། གང་ཞིག་འཆར་དུས་ཆེན་དབང ་པོ་དང་། ། ཡུལ་མཉམ་ནུ་བགྱུར་དེ་ལ་ཕྱག་འཚལ་ལོ།། མཁས་པས་རྣམས་ཀྱི་སྙིང་སྦས་སུ་སད་པ།། ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླན་མེད་པ ་གས་པའི་ཡང་ཤིན་ཏུ་གསང་བ་ལས་སྔགས་ཀྱི་བཟླས་པ་དང་། ། ཤེས་རབ་མ་ལ་གསོལ་བ་གདབ་པ་དང་།། རྒྱུད་ཐམས་ཅད་ཀྱི་གླེང་བཞིའི་ལེའུ་སྟེ་བཅུ་བཞི་པའོ།། འདི་གསུངས་ནས་སྣ་ཚོགས་སྡེ་མ་ལ་སོགས་པའི ་རྣལ་འབྱོར་མ་ཐམས་ཅད་དང་། ། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་གནས་ན་འདུག་སྟེ། ཅིའང་མི་གསུང་བར་བཞུགས་སོ།། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད་རྣལ་འབྱོར་མ་ཆེན་མོས ་གསུངས་པ་མཆོག་ཏུ་གསང་བ་རྡོག་སྷོ། ། །། རྒྱ་གར་གྱི་མཁན་པེ་ཤྲཱི་གཱ་ཡ་དྷདྷཱ་ར་དང་།། བོད་ཀྱི་ལོ་ཙྪ་བ་གྱི་རྡོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ཏན་ཏྲ་ནཱ་མ ་