CLOSE WINDOW

Q62: dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

འོད་ཟེར་གྱིས་བསྒྱུར་བའོ། ། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀྲོ་དྷ་ནཱ་ཐ་ར་ཧ་སྱ་སིད་དྷི་བྷ་བ་ཏན་ཏྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གས་རབ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད།། དཔལ་ཧེ་རུ་ཀ་ལ ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་ཀུན་མཁྱེན་པའི།། ཡེ་ཤེས་མངོན་པར་མཁྱེན་པ་ཡིས།། བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད་པ།། བཀའ་ཡི་འཁོར་ལོ་བཤད་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོགས་པ་མེད་ཅིང་གདོན ་མི་ཟབ་བདེ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། ། ཇི་སྲིད་འཁོར་བའི་གནས་སུ་ནི།། ཀུན་མཁྱེན་བདེ་གཤེགས་བཞུགས་གྱུར་པ།། མྱ་ངན་འདའ་བར་མི་མཛད་ཅིང་།། དེ་སྲིད་མཚུངས་མེད་སམ ་ཅན་དོར། རྒྱུན་མི་འཆད་པར་འགྲོ་བ་ཀུན།། སྲིད་པའི་ཞགས་པས་འཇིགས་མེད་པར།། བྱམས་པའི་ཐུགས་ཀྱི་བརྩོན་འགྲུས་ཀྱིས།། རྟག་ཏུ་སེམས་ཅན་དོན་རྣམས་མཛད།། ནམ་མཁའི་ཁམས་ཀྱི་མཐའ་ཐུག་པར།། སྨོན་ལམ་རྣམ་པར་སྦྱོར་བྱེས ་ཅི་། ཏིང་རྗེས་དོར་བརྩོན་སེམས་ཀྱིས་ནི།། དཔའ་བོས་སྲིད་པ་སྦྱང་བར་མཛད།། སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན།། འདི་ནི་རྒྱུད་རྣམས་ཀུན་ཏུ་ཡང་།། ཀླཀློའི་སྐད་ཀྱིས་སྦས་པ་སྟེ།། འཁོར་བའི་སྡུག་བསྔལ་འཇོམས་པའོ།། རྡོ་རྗེ་སེམས ་དཔའ་མཉམ་གྱུར་པའི། ། རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ།། མྱུར་དུ་དངོས་གྲུབ་སྟེར་བྱེད་པ།། འབྲལ་དུ་ཡང་དག་ཡིད་ཆེས་བྱེད།། བསམ་པ་གང་དང་གང་དག་གིས།། མི་རྣམས་སེམས་དང་མཐུན་པར་འཇུག། དདང་དེ་ཡི་གཟུགས་སྤྲུལ་དེ།། སྣ་ཚོགས ་གཡོགས་ཏེ་བདེ་བར་བཞུགས། ། དེ་ཕྱིར་འབད་པ་དུ་མ་ཡིས།། སྣ་ཚོགས་ཚུལ་གྱིས་འཐུན་པར་བྱ།། བདག་ཉིད་སངས་རྒྱས་ཧེ་རུ་ཀ། དཔའ་བོ་རྣལ་འབྱོར་མ་ཚོགས་ཅན།། རང་གི་ལྷ་ཡི་རབ་སྦྱོར་བས།། བདག་ཉིད་ཡེ་ཤེས་མཆོག་འགྲུབ་འགྱུར།། ་འདི་ཡིས་རྒྱལ་བ་རྒྱ་མཚོ་དང་། དཀྱིལ་འཁོར་བ་དང་ཞིང་སྐྱོང་ཚོགས།། གདོད་ནས་གྲུབ་པའི་དུར་ཁྲོད་གནས།། མཁའ་འགྲོའི་དབང་ཕྱུག་མགོན་པ་ཆེ།། སྐུ་གསུང་ཐུགས་དང་ཕྲིན་ལས་ཚོགས།། ཡེ་ཤེས་ཡོན་ཏན་རིགས་ཀྱི་ལྷ།། ནག ་པོ་ཆེན་པོ་འཁོར་དང་བཅས། ལྷ་མོ་ཆེན་མོ་བཀའ་འབངས་བཅས། རྡོ་རྗེ་འཛིན་པས་དུས་ཀུན་དུ།། སྦྲུམ་ལྟ་བུའི་ཏིང་འཛིན་གྱིས།། བྱིནང་གསང་བའི་མགོན་པ་ཆེ།། བདེ་བ་ཆེན་པོའི་རོལ་པ་ཡིས།། ཡེ་ཤེས་གསང་བ་བསམ་མི་གྭ་ག། ཚེ་འདི་ཉིད ་དུ་འགྲུབ་འགྱུར་ཞེས། ། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། དམ་མཁའ་ལ་ནི་མཚན་ཉིད་མེད།། ཁམས་གསུམ་པོ་ནམ་ལུས་པ།། འགྲོ་ཀུན་སྣུམ་ག་བུ་ཡིན།། བརྟན་པ་དང་ནི་གཡོ་བ་ཡི།། འགྲོ་བ་དམིརྦ ་སུ་མེད་པ་སྟེ། ། མཐོང་བ་དང་ནི་ཐོས་ལ་སོགས།། ཐམས་ཅད་སྒྱུ་མ་ལྟ་བུར་འཆར།། གང་གིས་སྐྱེ་བོ་འཆིང་གྱུར་པ།། དེ་ཉིད་ཡོངས་ཤེས་རྣམ་པར་གྲོལ།། ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི།། ས་གསུམ་བདེ་བ་ཆེན་པོར་བསྒྱུར།། ཉོན་མོངས་མེད་ན ་ཡེ་ཤེས་མེད། ། ཉན་རང་བྱང་ཆུབ་ལ་མ་ལས་རིང་།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། འབྱུང་བ་བཞི་ལ་སོགས་པ་རྣམས།། ཐམས་ཅད་གདོད་ནས་དག་པ་ཡི།། ཡེ་ཤེས་ཆེན་པོའི་བྱིན་བརླབས་ཀྱིས།། དངོས་པོ་དུ་མ་གསལ་བར་སྣང་།། ཡེ་ཤེས། ་མེད་པར་སྐྱེ་མི་འགྱུར།། སངས་རྒྱས་ཡེ་ཤེས་ཀྱིས་རབ་བསྐུལ།། དེ་བས་བླ་མེད་རྒྱུད་འདི་རུ།། འབད་དེ་དད་པ་སྐྱེ་བར་བྱ།། གསང་བའི་སྡོམ་པ་བླ་ན་མེད།། དང་པོ་བླ་མའི་དམ་ཚིག་དག། ཐོབ་པས་རྒྱུ་དང་འབྲས་བུ་འབྱུང་།། སྐུ་གསུང་ཐུགས་ཀྱི་རང ་བཞིན་ཏེ། བརྟན་བདག་ནི་ལོངས་སྤྱོད་ཡིན།། ངེས་པར་བརྟན་པ་མྱ་ངན་འདའ།། རྣལ་འབྱོར་གྱི་ནི་དམ་ཚིག་གནས།། བརྡ་ཡི་སྦྱོར་བ་གསང་བ་དང་།། དབང་བསྐུར་བས་ནི་དངོས་གྲུབ་སྟེ།། བླ་མ་དེ་བཞིན་གཤེགས་པ་དང་།། རྒྱལ་བ་བྱང་ཆུབ་སེམས་ད ་བཅས། ། དཀྱིལ་འཁོར་བདག་པོ་བླ་ན་མེད།། སྔགས་པ་གསང་བ་འདིར་ཞུགས་གང་།། ཡང་དག་བླ་མ་བསྟེན་པར་བྱ།། འདིར་ནི་བྱང་ཆུབ་སེམས་ཀྱིས་ནི།། བསྙེན་པ་ཉེ་བར་བསྙེན་པ་དང་།། བསྒྲུབ་པ་བསྒྲུབ་པ་ཆེན་པོ་ཡི།། ཁྱད་པར་རིམ་པ་རྟགས་དང་། ་དུས།། ལས་ལ་སྦྱར་བ་ཤེས་པར་བྱ།། ཇི་སྲིད་ལས་ཀྱི་སྦྱོར་བ་ཡིས།། མགོན་པོ་འཁོར་བཅས་མཉེས་གྱུར་ན།། ལས་དང་དངོས་གྲུབ་སྣ་ཚོགས་པ།། མྱུར་དུ་འགྲུབ་པར་ཐེ་ཚོམ་མེད།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི ་རྒྱུད་ལས་གསང་བ་མངོན་པར་བྱང་ཆུབ་པའི་ལེའུ་སྟེ་དང་པོའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་གསུང་རྨི་ལམ ་ལྟ་བུར་ཉེ་བར་རགསན་ཏེ། ། གསུང་རྡོ་རྗེའི་ཚིག་འདི་གསུངས་སོ།། རྡོ་རྗེ་འཛིན་པ་གང་ཞིག་གིས།། སྒྱུ་མ་བྲག་ཆའི་སྒྲ་བརྙན་ལྟར།། ཡིད་འོད་དབེན་པའི་གནས་དག་ཏུ།། དངོས་གྲུབ་ཐམས་ཅད་བསྡུས་བསྒྲུབ།། བསྐལ་པ་བཟང་པོ་འདི་ལ་ནི།། ་བྱུང་བའི་མགོན་པོ་མ་ལུས་པ།། ཀུན་གྱི་སྙིང་པོར་གྱུར་པ་ནི།། གསང་བཞིར་སྐྱོང་མགོན་པོ་ཆེ།། སངས་རྒྱས་ཀུན་གྱི་མགོན་པོ་འདིས།། བསྟན་པ་བསྲུང་བར་མཛད་པ་ཡིན།། ཞེས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དང་། རྡོ་རྗེ་འཛིན་པ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསུངས་སོ།། གང་དུ་རྡོ་རྗེའི་ཐེག་པ་ཆེ།། གསང་བ་བསྡུས་པའི་ཡང་དག་ལ་མ།། སངས་རྒྱས་བསྟན་པ་བསྲུང་བྱེད་པའི།། སྙིང་པོ ་འབྲས་བུ་ལམ་བྱེད་པ། ། སྙིགས་མ་ལྔ་ལྡན་དུས་ཉིད་དུ།། འདྲེན་པ་ཡེ་ཤེས་བསྟན་པ་བསྲུང་།། འདི་ཉིད་གསང་བའི་སྒྲུབ་པ་གང་།། རྡོ་རྗེའི་ཐེག་པ་འདིར་བསྟན་གསོལ།། དེ་སྐད་ཅེས་གསོལ་པ་དང་།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས ་བཀའ་སྩལ་པ། ། ཤེས་རབ་སྙིང་རྗེ་ཟུང་འཇུག་པ།། ཏིང་འཛིན་གང་དུ་སྒོམ་གྱུར་པ།། བླ་མེད་དཀོན་མཆོག་བསྟན་པ་སྟེ།། རྒོལ་བ་ངན་པཟློག་པར་མཛད།། ཐུབ་པ་མཆོག་གི་བསྟན་པ་ལ།། འཛིན་དང་སྐྱོད་དང་སྲུང་བ་གསུམ།། ལྔ་བརྒྱ ་དུས་ཀྱི་སྙིགས་མ་ལ། ། བདག་ཏུ་འཛིན་པ་སྤོང་བར་མཛད།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་པར།། གས་བ་གཅིག་པུ་བསྒྲུབ་པར་བྱ་ཞེས་བཀའ་སྩལ་ཏོ།། གསང་བའི་བདེ་བ་ཆེན་པོ་དབྱིངས་ལ་རབ་ཏུ་བཞུགས་པ་བཅོམ་ལྡན་འདས ་ད་པལ་ཧེ་རུ་ཀ་རྡོ་རྗེ་རང་རིག་པའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་ལྷུན་གྱིས་གྲུབ་པའི་གནས་གསང་བར་དབྱང་བླ་ན་མེད་པའི་རྡོ་རྗེ་རབ་ཏུ་རྒྱལ་བའི་སྙིང་པོ་མི་བྱེད་པའི་རྡོ་རྗེལ ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་ཆོས་མི་ཟད་པ་ཡང་དག་པར་འབྱུང་བ་ཞེས་བྱ་བ་སྟོན་པར ་མཛད་དོ། ། རྡོ་རྗེ་བཞི་ལ་གནས་པའི་ཚེ།། གཏེར་གྱི་བུམ་པ་ཁ་ཁྱེ་ར་ལྡན།། དུས་ཀྱི་རྒྱལ་པོ་འོད་གསལ་བ།། ཆུ་འཛིན་ཕྱོགས་ཙམ་ཕྱེད་ལྡན་ཉིད།། སྒྲ་དང་སྒྲ་ལས་ཁྱབ་པ་སྟེ།། དུ་མ་མ་ཡིན་གནས་པའི་ཡུལ།། དམ་ཚིག་གས་རབ་འབྱུང ་བ་ལས། ། རྒྱལ་བ་རིན་ཆེན་འབར་བའི་གཙོ།། ཕྱོགས་དུས་མེད་པར་རང་བྱུང་བ།། ཆོས་འབྱུང་པོ་བྲང་དཀྱིལ་འཁོར་དུ།། རིགས་ཀྱི་ཡོན་ཏན་ལྡན་པར་ནི།། ནམ་མཁའི་རྒྱ་མཚོ་འབྲས་ལྡན་པ།། ཕུན་སུམ་ཚོགས་པ་ལྷུན་གྱིས་འགྲུབ།། ་མི་བྱེད་ལྷན་ཅིག་སྐྱེས་པ་རྒྱལ།། ཕོ་བྲང་གསང་བའི་གཞལ་ཡས་ཁང་།། དཀྱིལ་འཁོར་རིན་ཆེན་འོད་འཁྲུག་པ།། གེ་སར་པད་མའི་དབུས་སུ་ནི།། ཀུན་ནས་ཟླུམ་པོར་འཁོར་བ་ནི།། ཚད་མེད་ཕྲེང་བས་བརྒྱན་པ་ནི།། བཀོད་པ་དཔག་མེད ་རིམ་པར་ལྡན། ། རི་རབ་ལྷུན་པོ་མཆོག་བྱུང་བའི།། དེ་ཉིད་ཀུན་ནས་ཡོངས་བསྐོར་བའི།། རྒྱ་མཚོ་དང་ནི་རི་རྣམས་ཏེ།། ཤིན་ཏུ་མཉམ་ཞིང་མཚུངས་པར་འཁོར།། དེ་ཉིད་རིམ་པ་ཡོངས་སུ་བསྟན།། བྱེ་བྲག་མཚུངས་མེད་དམར ་ཆེན་མཚོ། ། རིམ་པས་ཆུ་གཏེར་འོ་མའི་གནས།། འབྱུང་བ་བསྡུས་པ་མི་ལུས་ཀྱི།། ཕུང་པོ་རུས་པའི་རི་བོ་ལ།། ཕྱི་ནང་མཉམ་པའི་ཚད་ཅན་གྱི།། ལྷུན་གྱིས་གྲུབ་པར་བསྟན་པ་ཡིན།། དེ་ལས་དངོས་པོ་སྣ་ཚོགས་ཀྱིས།། ཐ་དད་སྣང་བ ་ཡེ་ཤེས་གཟུགས། ། རང་བྱུང་བདེ་བ་ཆེན་པོ་ཉིད།། མཉམ་པ་མེད་པ་ཀུན་ཏུ་འབྱུང་།། དུས་གསུམ་དེ་བཞིན་གཤེགས་པ་ཡི།། འབྱུང་གནས་སྙིང་པོ་རྡོ་རྗེའི་གདན།། རྡོ་རྗེ་དཀྱིལ་དཀྲུང་མི་ཕྱེད་ལས།། ཐོག་མཐའ་མེད་པའི་རང་བཞིན་ཅན།། ་གསང་བ་ཆེན་པོའི་རིགས་དག་པའི།། འདོད་ཆགས་རྡོ་རྗེའི་སྐུར་ལྡན་པ།། ལྷོ་ཕྱོགས་བྱ་རྐང་རི་དང་ནེ།། དཔལ་གྱི་རིལ་མདུན་ཕྱོགས་པ།། དྷ་ན་ཀ་ཐ་པར་པ་ཏ།། པད་མ་གེ་སར་རྒྱས་པའི་དབུས།། ཆོས་ཀྱི ་འབྱུང་གནས་རྟག་པར་གནས། ། དཔལ་ལྡན་དགའ་བའི་ཁང་པ་བརྩེགས།། གསང་བ་སྔགས་ཀྱི་རྒྱ་མཚོ་ཡི།། མ་ལུས་རྒྱལ་བ་བགྲོད་པའི་ཡུལ།། གསང་བ་ཆོས་ཀྱི་དབྱིངས་ཆེན་པོ།། དཔལ་ལྡན་རྒྱུསྐར་དཀྱིལ་འཁོར་དུ།། ་ཀླ་ཀློའི་ཡུལ་གྱི་མི་རྣམས་དང་།། ལྷ་དང་ལྷ་མིན་དྲི་ཟར་བཅས།། གསང་ཆེན་ཡོངས་སུ་རྫོགས་པ་ཡི།། རང་བྱུང་ཡེ་ཤེས་ཕོ་བྲང་དུ།། ཚངས་དབང་ཁྱབ་འཇུག་དབང་ཕྱུག་བདག། དཀྱིལ་འཁོར ་བཞིར་བཅུག་ནས་ཀྱང་། ། སྐྱེ་བོ་ཚིགས་ཅན་རབ་འདུལ་ཕྱིར།། མཆོག་ཏུ་གྱུར་པའི་སྙིང་པོ་གསུངས།། ཕྱོགས་བཅུར་གནས་ཀྱི་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་།། དཔའ་བོ ་རྣལ་འབྱོར་དབང་ཕྱུག་ཚོགས། ། གང་གཱ་ཀླུང་གི་བྱེ་སྙེད་ཀྱི།། ཁྲག་ཁྲིག་རི་རབ་རྡུལ་མཉམ་པ།། དེ་དབུས་སེང་གེའི་ཁྲི་བཞུགས་པའི།། ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས།། རྡོ་རྗེ་འཛིན་པ་ཆེན ་པོ་ལ། ། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ།། བླ་གོས་ཕྲག་པ་གཅིག་གཟར་ཏེ།། པུས་མོའི་ལྷ་ང་ས་ལ་བཙུགས།། ཐལ་མོ་སྦྱར་ཏེ་འདི་དོན་ཞུས།། གསང་ཆེན་ཁྱད་པར་འཕགས་པ་ཡི།། ལྷུན་གྱིས་གྲུབ ་པའི་ཕྱག་རྒྱ་ཆེ། ། མི་འགྱུར་རྡོ་རྗེ་ཐེག་པའི་ལམ།། དུས་དང་གནས་དང་གང་ཟག་སྟེ།། སྤྱོད་ཡུལ་བསྟན་པའི་ཁྱད་པར་ནི།། གྲུབ་དང་སྒྲུབ་པ་ཕྲིན་ལས་ཚོགས།། ཐབས་དང་སྟོབས་དང་འཇུག ་པ་སྟེ། ། རིམ་པ་མངོན་བྱེད་རྒྱུར་ལྡན་པ།། དེ་ཉིད་བཅོམ་ལྡན་གསུང་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་རྡོ་རྗེ་འཛིན་པས་བཀའ་སྩལ་པ།། བླ་མ་སངས་རྒྱས་བསྟན་པ་ལ།། དགལ ་ཞིང་མགུལ་རབ་དད་པའི། ། སེམས་དཔའ་ཆེན་པོས་གསང་བའི་དོན།། རབ་ཏུ་ཞུས་པ་ལེགས་སོ་ལེགས།། ཤིན་དུ་རྨད་དུ་བྱུང་བ་ཡི།། གདུལ་དཀའ་མ་ལུས་གདུལ་དོན་དུ།། བྱང་ཆུབ་སེམས་ཀྱིས ་ཤེས་མཛོད། ། ཁྱོད་ལ་ཡང་དག་བསྟན་པར་བྱ།། དེ་ནས་དངོས་གྲུབ་ཐམས་ཅད་ཀྱི།། གྲུབ་པ་རབ་ཏུ་སྟེར་བྱེད་པ།། རྒྱལ་བ་ཀུན་གྱི་སྙིང་པོ་སྟེ།། གསང་བ་ལས་ཀྱི་རིམ་པ་ཉིད།། དུས་གསུམ་སངས་རྒྱས ་ཐམས་ཅད་ཀྱི། ། བསྟན་པ་བསྲུང་ཞིང་བཀའ་ལ་གནས།། དམ་ཚིག་འཛིན་པའི་ཞིང་སྐྱོང་ལ།། མགོན་པོས་བཅུའི་དབང་ཕྱུག་གཙོ།། དཔལ་ལྡན་རིགས་འཛིན་ཐམས་ཅད་ལ།། མཆོག་ཏུ་གྱུར་པའི ་ལས་སྒྲུབ་པ། ། དཔལ་ལྡན་ནག་པོ་ཆེན་པོ་ནི།། འདིས་ནི་ལྷ་མིན་འདུས་པ་ཡི།། གཡུལ་ལས་རྒྱལ་བར་བྱེད་པ་ཡིན།། ལྷ་སྲིན་སྡེ་བརྒྱད་མ་ལུས་པས།། མཆོད་པས་གཙོ་བོར་གྱུར་པ་ཡིན།། དཔལ་ལྡན་ལྷ་མོ ་ཆེན་པོ་དང་། ། ནག་མོ་རེ་མ་ཏིར་གྱུར་པས།། ལྡུམ་དྲལ་གྱུར་པས་བསྟན་པ་བསྲུང་།། སྐུ་དང་གསུང་དང་ཐུགས་གསང་བ།། ཕྱི་ནང་དེ་ཉིད་ཁོ་ནའི་དོན།། ཡོན་ཏན་ཕྲིན་ལས་དབང་ཕྱུག་དུ།། དམ་ཚིག་མགོན་པ ་ཞིང་སྐྱོང་ང། ། ཉི་ཤུ་རྩ་བཞིའི་གཙོ་བོ་སྟེ།། གཞན་ཡང་དུས་གསུམ་དབང་བྱེད་པའོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུ་ལས་གསང་བ་སྤྱིལ་དགོངས་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་གསང་བ་བཤད་བྱ་བ།། འདི་ནི་བླ་མེད་སྒྲུབ་པ་པོ།། འཁོར་བའི་རྒྱ་མཚོར་ལྟུང་བ་ཡི།། སེམས་ཅན་དུ་ཁ་གཟིགས་ནས་ནི།། ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ།། དེ་དང་དེ་ཡི་ཐབས་སྟོན་མཛད།། དུས་ནི་བསྐལ ་བ་བཟང་པོ་ཡི། ། རྫོགས་ལྡན་ཐ་མར་གྱུར་པ་ཡི།། དཔག་མེད་དུས་ལས་འདས་ནས་ནི།། གཉིས་ལྡན་དང་ནི་གསུམ་ལྡན་ལས།། རྩོད་པའི་དུས་ཀྱི་རིམ་པ་ལ།། བཅོམ་ལྡན་ཚེ་ལོ་བརྒྱ་པའི་དུས།། དེ་ཉིད་བསྟན ་པའི་སྙིགས་མ་ཡི། ། རྫ་བརྒྱ་པ་ཡི་དུས་ཀྱི་མཐར།། ཤིན་ཏུ་གདུག་ཅིང་རྩུབ་པ་ཡི།། མི་སྲུན་པ་ཡི་དུས་ཀྱི་ཆེ།། དེ་ཚེ་མགོན་པོའི་བསྟན་པ་འབྱུང་། གང་ཟག་ལ་ཡང་གཉིས་སུ་བཤད།། བསྒྲལ་བར ་བྱ་བའི་གང་ཟག་དང་། ། སྒྲོལ་བར་བྱེད་པའི་སྒྲུབ་བོ་སྟེ།། དང་པོ་བསྟན་པ་འཇིག་བྱེད་ཅིང་།། དཀོན་མཆོག་གསུམ་པོ་སྨོད་པ་དང་།། ཐ་མལ་སྡང་བདག་ལ་སྤོད།། དེ་དག་ལ་སོགས་བྱ་བར་བཤད།། སྒྲུབ་པ་བོན ་རྣམ་པ་གསུམ། ། ཧེ་རུ་ཀ་དཔལ་རྣལ་འབྱོར་མ།། དག་ཅིང་སྦྱངས་ཏེ་ཏིང་འཛིན་གསལ།། རིམ་པ་གོ་འཕང་ཐོབ་པ་སྟེ།། ཐུན་མོང་སྤྱི་དང་བྱེ་བྲག་ཏུ།། དམ་ཚིག་གནས་པའི་རྡོ་རྗེ་འཛིན།། གནས་ཀྱི་ཁྱད་པར ་འབྱུང་བ་ཡང་། ། བསྙེན་པའི་དུས་དང་བསྒྲུབ་པ་དང་།། ལས་ལ་སྦྱར་བའི་དུས་ཤེས་པས།། ཡིད་འོང་དབེན་དང་དུར་ཁྲོད་སོགས།། བསམ་གཏན་འཕེལ་དང་ཁྱད་པར་རོའོ།། ཡུལ་དང་དབང་པོའི་སྤྱོད་ཡུལ་དུ།། ་མཐོང་བ་དང་ནི་ཐས་པ་དང་།། རེག་པ་དང་ནི་དྲན་པ་ཡིས།། དཀྱིལ་འཁོར་བ་ཡི་སྣང་བ་དང་།། མ་ལུས་དངོ་པོ་གང་ཤར་བ།། བདེ་བ་ཅན་དུ་ཤེས་པར་བྱ།། བསྟན་པ་ཀུན་ལས་བསྡུས་པ་ནི།། བྱང་ཆུབ་སེམས ་དཔའི་ལམ་ལས་ཀྱང་། ། གསང་བ་འབྲས་བུ་ལམ་བྱེད་པ།། རྡོ་རྗེ་ཐེག་པ་འདི་ཉིད་དེ།། བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ།། འདི་ནི་ཁྱད་པར་བསྲུང་བ་ཡིན།། གྲུབ་པ་བསྙེན་པའི་ཏིང་འཛིན་དང་།། ཉེ་བར ་བསྙེན་པའི་ཏིང་འཛིན་དང་། ། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ།། རྣམ་དག་མཚན་ཉིད་ཀུན་གྲུབ་པ།། བདེ་བའི་བསོད་ནམས་རྒྱུན་གནས་པ།། རྣམ་དག་སྟོབས་ནི་རྒྱས་པར་བྱེད།། བསྙེན་པའི་དུས་སུ་རང་ལྷ ་ཡི། ཧེ་རུ་ཀར་ནི་གནས་པ་ཡི།། མདུན་དུ་བཀའ་སྡོད་དམ་ཚིག་གི། མགོན་པོ་ཕྱག་བཞི་བསྒོམ་པར་བྱ།། དེ་ནས་ཐུགས་ཁའི་རང་སྔགས་ལས།། འོད་འཕྲོས་འཁོར་བའི་བཟླས་པ་ལས།། ཁྱད་པར ་དུ་ནི་སྒྲ་བཅས་དང་། ། ཤིན་དུ་དལ་བར་བཟླས་པ་བྱ།། ཉེ་བར་བསྙེན་པའི་དུས་སུ་ནི།། བདག་ཉིད་ཧེ་རུ་ཀ་ལུས་ནི།། ཧཱུཾ་ཕྱུང་མདུན་དུ་འོད་འཕྲོས་པས།། བསྐྱེད་ཅིང་མཐར་ནི་ཉེ་བར་བསྡུ།། བསྒྲུབ་པའི་དུས་སུ ་མགོན་པོ་ཡིས། ། རྒྱས་འདེབས་སྤྱི་བོར་ཧེ་རུ་ཀ། དེ་ཉིད་གསང་སྔགས་ཕྱོགས་བཅས་པ།། དེ་ཉིད་སེམས་དཔའ་སུམ་བརྩེག་བསམ།། གསང་བཞིར་སྐྱོང་རྒྱལ་པོ་ཆེ།། ཆོ་ག་གསུམ་གྱིས་སྒྲུབ་པའི ་ཚུལ། འཇིག་རྟེན་འཇིག་རྟེན་འདས་པའི་བདག། ཐམས་ཅད་བདེ་ཆེན་གནས་པ་ལ།། དུས་གསུམ་འཁོར་ལོ་གསུམ་དུ་གནས།། བརྟུལ་ཞུགས་འཛིན་པས་འཐོབ་པར་འགྱུར།། སྒྲུབ་པ་ཆེན་པོ་བླ་ནི་མེད།། ་ཡེ་ཤེས་མགོན་པོ་ཆེན་པོ་ཉིད།། ཁ་གདོང་ལ་སོགས་ལྷ་མོ་བརྒྱད།། རིམ་པ་བཞིན་དུ་ཡོངས་སུ་བསྐོར།། དཀྱིལ་འཁོར་ཕོ་བྲང་དབུས་སུ་ཡང་།། དུར་ཁྲོད་དུ་ནི་མགོན་པོ་རོལ།། འཇིག་རྟེན་གསུམ ་ད་རྙེད་དཀའ་བ། ། དམ་ཚིག་སྤྱོད་པའི་རང་བཞིན་ནི།། རྟག་ཏུ་རང་སྔགས་སྦས་པ་སྟེ།། རབ་ཏུ་འབད་དེ་གསང་བར་བྱའོ།། ཕྲིན་ལས་ཁྱད་པར་གང་ཡིན་པ།། ལས་ལ་སྦྱོར་བ་རིམ་ཤེས་བྱ།། རེངས་པར ་བྱེད་དང་སྐྲོད་པ་དང་། ། རྨུགས་པར་བྱེད་དང་རྒྱལ་དུ་འཇུག། རྣམ་པར་རྨོངས་དང་ལྐུགས་པར་བྱེད།། དུག་གིས་འཛིན་དང་འོན་ལོང་དང་།། རང་ཤ་རང་གིས་ཟ་བྱེད་ཅིང་།། བཤིས་ངན་དུག་དང ་ཁྲག་དུ་སྐྲག། འདི་དག་དུས་མིན་འཆི་བྱེད་པ།། ལས་ཀྱི་ཁྱད་པར་ཡོངས་སུ་བསྟན།། ཆར་དབབ་པ་དང་སྤྲིན་དྲལ་དང་།། ཐོག་དང་སེར་བ་དབབ་པ་དང་།། རང་ཕྱོགས་སུ་ནི་བཟློག་ཅིང་བསྲུང་།། བྱད་ཀ ་བཟློག་དང་ངག་བཅིང་དང་། ། ནུས་པ་གཞོམ་དང་ཆོ་འཕྲུལ་དང་།། ཕྲན་ཚེགས་ལས་ཀྱི་གསང་བའོ།། ཐབས་ནི་ལས་ཀྱི་རིམ་པ་སྟེ།། རྟེན་གྱི་གང་ཟག་འགའ་ཞིག་གིས།། དང་པོར་བླ་མ་མཉེས་པར་བྱ།། ་གཉིས་པར་དབང་བཞི་ཐོབ་པ་དང་།། གསུམ་པར་བྱིན་གྱིས་བརླབས་ནས་ནི།། བཀའ་སྒོའི་རྗེས་གནང་ཚུལ་བཞིན་དུ།། མནོར་འཇུག་པའི་གོར་མི་ཤེས།། རྟེན་ཚུལ་ཁྱད་པར་ཤེས་པར་བྱ།། ་སྟོབས་ནི་ཆོས་རྣམས་ཐམས་ཅད་ལ།། སྒྱུ་མ་ལྟ་བུར་ཤེས་པ་དང་།། ཡང་དག་བདེན་པའི་སྟོབས་ཀྱིས་ནི།། རང་བཞིན་མེད་པར་རྟོགས་པས་འབྱུང་།། འཇུག་པ་ཐུན་མོང་མ་ཡིན་པ།། བྱམས་པ་སྙིང་རྗེ་བང་། ་ཆུབ་སེམས།། ཚད་མེད་བཞི་དང་ལྡན་པ་ཡིས།། འགྲོ་བའི་དོན་ལ་སེམས་པ་བོ།། མངོན་དུ་བྱེད་པ་ཉེར་སྒྲུབ་སྟེ།། དུས་དང་གྲངས་དང་མཚན་མ་སྟེ།། དང་པོ་བར་དང་ཐ་མར་ཡང་།། གཙོ་བོ་དང་ནི་འཁོར ་རྣམས་ཀྱི། ། གང་གྲུབ་རབ་འབྲིང་ཐ་མ་རུ།། རྟགས་ཀྱི་དབྱེ་བ་བསྟན་པ་ཡིན།། རྒྱུ་ནི་ཐོགས་པ་མེད་པ་ཡི།། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ།། མངོན་སུམ་དུ་ནི་འབྱུང་བ་ལ།། གང་གིས་དགག་པར ་ནུས་པ། ། དེ་ལས་འབྲས་བུ་ཕུན་སུམ་ཚོགས།། སྙིང་པོ་སྨིན་པ་བཞིན་དུ་འབྱུང་།། གང་དུ་ཐོགས་མེད་རྡོ་རྗེ་ཡི།། སྙིང་པོ་ཟད་པ་མེད་པའི་དོན།། ཡང་དག་ཡེ་ཤེས་སྣང་བ་བོ།། ཐ་མའི་དྲིན་ལས་ཐོ ་པར་འགྱུར། ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བའི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་དབང་ལྡན་བདུད་འཇོམས་པའི།། བསྒྲུབ ་པ་ཡང་དག་རབ་ཏུ་བཤད། ། གསང་བའི་མགོན་པོ་ཆེན་པོ་ཡི།། སྦས་པའི་ཡུམ་དང་བཅས་པ་ཡི།། གསང་བ་མཁའ་འགྲོ་མ་བཞི་དང་།། ལྷན་ཅིག་ཏུ་ནི་དགྱེས་པར་རོལ།། ཞལ་གཅིག་པ་ལ་ཕྱག ་བཞི་པ། ། གདུལ་དཀའ་འདུལ་བའི་དཔའ་བོ་ནི།། ཞལ་གཅིག་པ་ལ་སྤྱན་གསུམ་པ།། མི་ཐུང་ཁྲོས་པ་ཨུ་དཔལ་མདོག། མགོ་སྐྱེས་གྱེན་འགྲེང་རྔམ་པའི་སྐུ།། རོ་ཡི་གདན་ལ་བཞུགས་མཛད ་ཀླུབརྒྱད་རྒྱན་གྱིས་བརྒྱན་པ་འོ། ། ཁྲོས་པས་ཆར་སྨིན་ནག་པོ་ལྟར།། མེ་སྟག་ཕུང་པོ་ལྟ་བུ་ཡི།། སྤྱན་གསུམ་དྲག་པོའི་ལྟ་བ་གཟིགས།། གླང་པོའི་ཚུལ་ཅན་སྟབས་ལྡན་པ།། རྒྱུ་མའི་དེ་ཤལ་སྦྱངས།། ་པ་ཡི།། མི་མགོ་རློན་པའི་ཕྲེང་བས་ཀླུབས།། ཤིན་དུ་མི་སྲུན་སྒེག་པའི་སྐུ།། བདུད་འདུལ་ཆེན་པོ་ལྷ་ཡི་ལྷ།། ཉམས་ལྡན་གཟི་བརྗིད་ཕུན་སུམ་ཚོགས།། མ་རིག་མུན་སེལ་སྒེག་པའི་ཉམས།། རྨད་བྱུང ་ཆོས་སྒྲོགས་བཞད་པར་སྟོན། ། བརྟུལ་ཞུགས་སྤྱོད་པ་དཔའ་བོ་སྟེ།། གདུག་པ་འདུལ་མཛད་འཇིགས་པར་སྟོན།། ལོགས་ལྟ་སྤོང་བྱེད་བརྩིགས་པའི་ཉམས།། གདུག་པ་ཚར་གཅོད་སྙིང་རྗེས ་འཁྲོས། ། ངོ་མཚར་ཉོན་མོངས་འཇོམས་མཛད་ཅིང་།། ཁྲོ་ཆགས་མི་གཡོ་ཞི་བའི་ཐུགས།། གཡས་ཀྱི་དང་པོས་གྲི་གུག་བསྣམས།། གཡོན་གྱི་དང་པོས་ཐོད་ཁྲག་འཛིན།། གཡས་ཀྱིས་གཉིས་པས ་རལ་གྲི་འདེབས། ། གཡོན་པ་ཁ་ཊྭཱཾ་འཛིན་པར་མཛད།། གསུང་གིས་ཧ་ཧ་ཞེས་སྒྲོགས་པ།། ལོག་པར་ལྟ་བ་འཇོམས་པར་མཛད།། སྟག་གི་ལྤགས་པའི་ཤམ་ཐབས་ཅན།། སྣ་ཚོགས་ཆུ་སྐྱེས ་ཉི་མར་བཅས། ། རང་བྱུང་རོལ་བའི་སྟབས་ཀྱིས་གནས།། དེ་ཡི་མདུན་དུ་གཏུམ་པ་མོ།། ལྷ་སོ་ཞལ་གཅིག་ཕྱག་གཉིས་མ།། མུན་པའི་མདོག་ཅན་ཞལ་ཅིགས།། ཕྱག་གཉིས་སྤྱན ་གསུམ་ཁྲོ་ཚུལ་ཅན། ། གྲི་གུག་ཐོད་པ་སྣམས་པར་མཛད།། ཡབ་ལ་ཕྱག་རྒྱ་དྲུག་གིས་བརྒྱན།། ཡུམ་ལ་ལྔ་ཡིས་རྒྱས་བཏབ་གནས།། སྐུ་དང་གཉིས་མེད་འཁྲིལ་བར་བཞུགས།། ་མེ་འོད་ཕྲེང་བས་ཡོངས་སུ་བསྐོར།། ཡེ་ཤེས་རྒྱ་མཚོའི་འཁོར་སྲུངས་མ།། ཤར་ཕྱོགས་མཁའ་འགྲོ་འཕྲོག་མ་དང་།། ལྷོ་ཕྱོགས་གླང་སྣ་མ་ཞེས་བྱ།། ནུབ་ཀྱི་སྲིན་མོ་རལ་པ་ཅན།། བྱང་དུས ་ཡེ་གཙུག་ཡིན་ནོ། ། གང་དུ་རྒྱ་མཚོ་ཆུ་ངོགས་དང་།། ནག་པའི་ཆུ་དང་འདྲ་བའི་སྐུ།། མ་རུངས་འཇོམས་བྱེད་ནག་པ་ཆེ།། འབད་པས་སྙིང་རྗེ་བསྐྱེད་པ་ཉིད།། གསད་པར་བྱ་བ་བརྗོད་པ་ཉིད།། ་སྙིང་རྗེ་མེད་ན་མི་འགྲུབ་པས།། དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ།། མཚམས་མེད་ལྔ་ནི་བྱེད་པ་དང་།། སངས་རྒྱས་བསྟན་པ་འཁྲུག་བྱེད་པ།། ཞེ་སྡང་རིགས་ཀྱི་ཏིང་ངེ་འཛིན་གྱིས།། རེ་ཤིག་ཙམ་དུ་གསང་པར ་བྱ། ། གཟས་པའི་ཤལ་རྟག་ཏུ་རོལ།། ཀུན་ཏུ་གཏུམ་པའི་ཤུགས་འཆང་བ།། ཡུལ་དང་ཡུལ་དུ་རོལ་བྱེད་པས།། ཤིང་རྣམས་ལ་ནི་གནས་ནས་ཀྱང་།། དཀྱིལ་འཁོར་ཞིང་རྣམས་སྦྱོང་བར་བྱེད།། དུར་ཁྲོད་གནས ་ཀྱིས་ཡོངས་སུ་བསྐོར། ། མ་མོའི་གནས་སོགས་ཁྱད་པར་བྱེད།། ཀླུ་ཡིས་མཆོད་པའི་ཞིང་སྐྱོང་བ།། མེ་ཡི་ཕྱེ་མས་ཡོངས་སུ་བསྐོར།། སྒོ་དང་མིག་གིས་ཁྱད་པར་འགྱུར།། གཙོ་བོའི་སྔགས་ཀྱིས་ལུས ་ཅན་ཏེ། ། སྒྲུབ་པ་པོ་ཡི་ལུས་ལ་གནས།། དེ་དག་རིམ་པར་དུས་བསྟན་པ།། དམ་ཚིག་ལྡན་པའི་སྔགས་པ་ཡིས།། སྒྲུབ་པའི་རྫས་རྣམས་ཁྱད་པར་ལས།། འབྲུ་ནག་གཏོར་མ་རབ་ཏུ་ཤིས།། ཤ་ཆེན་གྱིས་ནི།། ་བརྒྱན་པ་ཡི།། ཚོགས་རྫས་བུ་ཙ་གུས་པས་དབུལ།། ཕྱི་ནང་གསང་བ་ཁྱད་པར་ལས།། བསྟན་པའི་ཚུལ་གྱིས་ཕྲིནི་ལས་ལས།། བྱེ་བྲག་རྒྱུན་དང་གནས་སྐབས་པས། གྲུབ་དང་སྒྲུབ་པས་མངོན་དུ་འགྱུར། ་དུས་རྣམས་ཀུན་དུ་ཞེ་སྡང་གིས།། རྣམ་པ་ཀུན་ཏུ་གཞོམ་མི་བྱ།། ཡུལ་མིན་པ་ལགས་དཔྱན།། རྣལ་འབྱོར་དམ་ཚིག་ལས་ཉམས་ཕྱིར།། གྲུབ་པ་ནམ་ཡང་ཡོད་མི་སྲིད།། ཁྱད་པར་ཡེ་ཤེས་བླ་མེད་པ ་དམ་ཚིག་མགོན་པོ་སྒྲུབ་པ་ཡི། ། དམ་ཚིག་འདི་ནི་རྨང་པོ་ཆེ།། བདེ་བར་གཤེགས་པའི་ལམ་སྦྱོར་མཛད།། བྱང་ཆུབ་སེམས་ཀྱི་ཟླ་བ་འདི།། ཡར་ངོ་མར་ངོ་རབ་ཏུ་གནས།། ཡར་ངོ་ཡིས་ནི་སྐྱེད་བྱེད་ལ། ་མ་ང་ལ་ནི་འགྲིབ་པར་བྱེད།། ཡང་ང་ཡ་ནི་བཅཝ་ལྔལ།། བྱང་ཆུབ་སེམས་ཀྱི་མཁའ་འགྲཡང་།། བད་བ་ཆེན་པར་འདྲ་བ་མཛད།། འདོ་ནི་ངས་པ་འདོན་དུགསུངས།། དཀྱིལ་ལ་ཁང་མ་ཉིང་ཡུམ་ཉི་ས།། ན་། ་དང་དཀྱིལ་འཁོར་ནི།། བཙལ་ཡང་རྙེད་པར་མི་འགྱུར་ཞེས།། འདྲེན་པ་དཔའ་བོས་བརྟག་ཏུ་གསུངས།། སྐུ་གསུང་ཐུགས་ཀྱི་གསང་བ་ལ།། དྲག་པོ་ཀུན་གྱི་སྲོག་གྱུར་པ།། ཡོན་ཏན་འཕྲིན་ལས་དབང་ཕྱུག་གི། ་བྱི་ནང་གསང་བའི་བདག་པོ་ཡིན།། སྟོན་པ་གནས་པའི་རང་བཞིན་ལས།། འཁོར་ལོ་དགུག་བྱ་གཉིས་མེད་བསྟིམ།། དངས་སྙིགས་ལས་ནི་རྒྱུ་འབྲས་དང་།། གནས་པ་ཁྱད་པར་ཏན་འབྲེལ་ཏེ།། འཁྲུལ་དང ་འཁྲུལ་བ་མ་ཡིན་པར། ། ཁམས་གསུམ་ཀུན་ལ་དབང་བྱེད་པས།། འཇིག་རྟེན་ལས་དང་ཡེ་ཤེས་ཀྱི།། མགོན་པོའི་ཁྱད་པར་མངོན་དུ་འབྱུང་།། གདགས་པ་ཐ་སྙད་ཁྱབ་པ་བོ།། ཐུན་མོང་བར་ནི་བསྟན་པ་ཡིན།། ་འདི་དག་ལས་དང་སྐྱེ་བོ་ལས།། སྒྲིབ་པ་ཐུན་མོང་ལྷ་ཡི་ཆ།། དངོས་དང་བརྒྱུད་པས་ལུང་བསྟན་པ།། སྲོག་དང་སྲོག་མ་ཡིན་པ་སྟེ།། རྒྱུ་དང་རྐྱེན་དང་བསྐུལ་བ་ཡིས།། གསང་སྔགས་བཟླས་པ་མངོན་པར་ཕྱེ།། འདི ་ནི་མངོན་དུ་འབྱུང་བའོ། ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་མངོན་པར་འབྱུང་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཧེ་རུ་ཀ་དཔལ་མགོན་ཉིད་ཀྱི།། ་གསང་བའི་སྤྲུལ་པ་ནག་པོ་ཆེ།། འདི་ཡི་སྒྲུབ་རིམ་བཤད་པར་བྱ།། གསང་བའི་སྒྲུབ་པའི་ཐབས་མཆོག་སྟེ།། སྐལ་པ་ཅན་ལ་སྦྱིན་པར་བྱ།། གང་དུ་སྒྲུབ་པའི་ས་ཕྱོགས་སུ།། མི་མཐུན་གཡེང་བ་སྤང་བྱས་ནས ་དེ་ནས་ནག་པ་སྒྲུབ་པར་བྱ། ། འགྲོ་བ་ཀུན་ལ་རབ་བལྟས་ནས།། ཚད་མེད་བྱང་ཆུབ་སེམས་ཀྱིས་བློས།། སྙིང་རྗེ་ཆེན་པོ་བསྐྱེད་བྱས་ནས།། བདེ་བའི་སྟན་ལ་འདུག་ནས་ནི།། ལྷོར་བལྟས་སྐྲ་གྲོལ་གཅེར་བུ ་ཡིས། ། དང་པོར་སྐད་ཅིག་ཙམ་གྱིས་ནི།། རང་ལྷར་བསྐྱེད་པའི་སྙིང་ཁ་རུ།། ཨ་ལས་ཟླ་བའི་དཀྱིལ་འཁོར་ཡང་།། གསལ་ཞིང་འོད་དང་བཅས་པ་བསམ།། དེའི་སྟེང་རཾ་ལས་ཉིད་ཀྱི་སོར།། རྟ་བདུན་འོད་ཟེར་ཆ ་བདང་། ། མེ་ཡི་རང་བཞིན་འགྲོ་བ་བསམ།། དེ་དབུས་ཡི་གེ་ཧཱུཾ་ནག་པོ།། ཡེ་ཤེས་ལྔ་ཡི་རང་བཞིན་ཅན།། དེ་ཡི་འོད་ཀྱིས་སྣང་བ་ལས།། དཔག་མེད་ཁ་དོག་བཞི་བཅས་བསམ།། རང་བཞིན་གནས་སུ་འཕྲོས་པ་ལས།། ་བླ་མ་དང་ནི་ལྷག་པའི་ལྷ།། དཀྱིལ་འཁོར་འཁོར་ལོ་བཅས་པ་དང་།། ནག་པོ་ཆེན་པོ་འཁོར་དང་བཅས།། མདུན་གྱི་ནམ་མཁར་བཞུགས་པ་ལ།། སྐྱབས་སུ་འགྲོ་དང་མཆོད་པ་དབུལ།། སྡིག་པ་བཤགས་པ་ལ ་སོགས་བྱ། ། བཟོད་པར་གསོལ་ནས་གཤེགས་སུ་གསོལ།། དེ་རྗེས་དངོས་པོ་ཐམས་ཅད་ཀུན།། མ་ལུས་སྟོང་པ་ཉིད་གཞུག་ཅིང་།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུད་དྷོ་ཧཾ། ཨོཾ་བཛྲ་ཤུད་དྷཿསརྦ་དྷརྨ་སྲཥྚ ་པ་ཤུད་དྷོ་ཨུ0f7f། ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨ་སཱ་བྷཱ་བ་ཤུད་དྷོ་ཏེ།། ཞེས་བརྗོད་པར་བྱའོ།། ཕྱི་དང་ནང་གི་དངོས་པོ་ཀུན།། གདོད་ནས་དག་པའི་ངང་དུ་བསམ།། དེ་ཉིད་ཧཱུཾ་དང་བཅས་པ་ཡང་།། ནཱད་ཙམ་དུ་གནས་པ་ལས། ་ནམ་མཁའ་ལྟ་བུའི་ངང་ལས་ནི།། ཚངས་པའི་གནས་བཞི་ཁྱབ་པར་བྱ།། དེ་ལས་ས་བོན་འདི་དག་ནི།། འཆང་བཞིན་པ་ལས་རིམ་པས་བསམ།། ཡཾ་ལས་རླུང་གི་དཀྱིལ་འཁོར་དང་།། རཾ་ལས་མེ་ཡི་དཀྱིལ་འཁོར ་དང་། ། བཻང་ཀར་ཆུ་ཡི་དཀྱིལ་འཁོར་ཏེ།། ལཾ་ལས་གསེར་གྱི་ས་གཞི་ཉིད།། དེ་སྟེང་བྲུཾ་ལས་རིང་རབ་འབྱུང།། དེ་དག་ཕྱི་ནང་ངོ་བོ་ཉིད།། དེ་དག་སྟེང་གི་ཆ་ལ་ཡང་།། དབུས་སུ་པཾ་ལས་པད་མ་ནི།། སྣ་ཚོགས་པད་མ་རྒྱ་ཆེ་བ།། ་ལྟེ་བ་གེ་སར་བཅས་དབུས་སུ།། ཧ་ལས་སྣ་ཚོགས་རྡོ་རྗེ་ནི།། ཁ་དོག་ལྔ་དང་ལྡན་པར་བསམ།། དེ་དབུས་རཾ་ལས་ཉི་མ་ཡི།། ཧཱུཾ་ཡིག་ས་བོན་ལས་བྱུང་བ།། ས་གཞི་མ་ལུས་རྡོ་རྗེར་གྱུར།། སྟེང་འོག་ཕྱོགས་མཚམས ་རྡོརྗེ་དང་། ། རལ་གྲི་འཁོར་ལོ་མདའ་དང་ནི།། ཕུར་བུ་གྲི་གུག་ཁ་ཊྭཱཾ་ག། རྡོ་རྗེ་རྩེ་གཅིག་པ་དང་ནི།། རྩེ་གསུམ་ཉི་ཤུ་རྩ་ལྔའི་བར།། དུམ་རྣམ་པར་འཕྲོས་ནས་ནི།། ཤིན་དུ་རྒྱ་ཆེ་བསམ་པར་བྱ།། བླ་རེ་རབ་ལོགས་དང་། ་ནི།། གུར་གྱི་རྣམ་པར་མཚམས་བཅིང་བྱ།། མེ་འོང་འབར་བ་ཁྱབ་པར་འགྱུར།། འདི་དག་བསྲུང་བའི་ཁྱད་པར་རོ།། བྷྲཱུཾ་ལས་བྱུང་བའི་འཁོར་ལོ་ནི།། རྩབས་བཅུ་པ་ནི་ཡོངས་སུ་འཁོར།། དེ་སྟེངས་རཾ་ལས ་དཀྱིའ་འའོ། ། དེ་ཡི་དབུས་སུ་ཧཱུཾ་མཛད་དོ།། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ།། རིན་ཆེན་ཀླུ་དབང་རྒྱན་དང་ལྡན།། རོལ་པས་རྣམ་པར་སྒེག་པར་བསམ།། རཾ་ལས་ཉི་མའི་དཀྱིལ་འཁོར་དབུས།། དེ་སྟེངས་ཧཱུཾ་བཅུ་རྣམ་པར ་བསམ། ། དེ་ལས་ཁྲོ་བོའི་རྒྱལ་པོ་བཅུ།། ཞལ་ཕྱིར་གཟིགས་པ་རྣམ་པར་བསམ།། ཁྲོ་བོ་དེ་དག་རེ་རེ་ཞིང་།། ཕྱོགས་སྐྱོང་བཅུ་པོ་གདན་ལ་ནི།། བཀུག་ནས་གཉིས་མེད་བཞུགས་པར་བསམ།། དེ་ལས་གསང ་སྔགས་བརྗོད་ཙམ་གྱིས། ། ཕུར་བུས་གདབ་དང་བརྡུང་བར་བྱ།། དེས་ནི་བླ་མེད་མཆོག་དག་འགྱུར།། ཁྲོ་བོ་དེ་དག་རེ་རེ་ཞིང་།། བརྟན་པར་བྱ་ཕྱིར་གསང་སྔགས་བརྗོད།། ཨོཾ་དཀར་འཁོར་ལོ་དང་བཅས་པ། ་འོད་ལྡན་དེ་ལས་སྤྲོས་བསྡུས་པས།། བཅོམ་ལྡན་རང་བཞིན་ཡངས་ཤིང་ཁྱབ།། འོད་དུ་ཞུ་ནས་གཞལ་ཡས་ཁང་།། རིན་ཆེན་སྣ་ཚོགས་ལས་གྲུབ་པ།། གྲུ་བཞི་སྒོ་དང་རྟ་བབས་བཅས།། རྡོ་རྗེ་དང་ནི་ནོར་བུ་ཡི།། ་འོད་ཟེར་འཁྲུགས་པའི་རྣམ་པའོ།། ཕོ་བྲང་ནང་མ་ཟླུམ་པོ་ལ།། རེ་མིག་དགུ་པ་རྡོ་རྗེས་བསྐོར།། ཕྱི་ནི་པད་མ་མུ་ཁྱུད་བཅས།། དེ་ཡི་ནང་ན་ཨེ་ཡི་དབྱིབས།། དྲག་པོའི་གནས་སུ་བསམ་པར་བྱ།། དབུས་མའི་ནང་དུ ་བཾ་ལས་ནི། ། པད་མ་ཉ་ཟླར་བཅས་པ་བསམ།། ཨཱ་ལི་ཀཱ་ལི་འདས་པ་ལས།། དེ་ལས་ནམ་མཁའི་ས་བོན་ཏེ།། ནམ་མཁའ་ལས་ནི་ཧཱུཾ་བྱུང་སྟེ།། གཉིས་མེང་ཞུགས་ལས་འོད་དུ་ཞུ།། དེ་ལ་རྡོ་རྗེ་གྲི་གུག་བསམ།། ་འོད་ཀྱི་སྣང་བས་ཁྱབ་པ་ལས།། སྐད་ཅིག་གིས་ནི་སྐུ་རྫོགས་པ།། ནག་པོ་ཆེན་པོ་བསམ་པར་བྱ།། ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས།། དཔའ་བོ་ཆེན་པོ་རོལ་པས་བཞུགས། ་ཡུམ་གཉིས་སུ་མེད་པར་བསམ།། དེ་ལྟར་ཡབ་ཡུམ་རྫོགས་བསྐྱེད་ནས།། མཁའ་གསང་བྱིན་གྱིས་བརླབ་བྱ་སྟེ།། སྔགས་བརྗོད་པས་ནི་དགྱེས་པ་བསྐྱེད།། དེ་ལས་དཀྱིལ་འཁོར་ལྷ་ཚོགས་རྣམས།། ཡབ་ཡུམ་སྙོམས་པར ་ཞུགས་པ་ལས། ། ཡུམ་གྱི་མཁའ་དབྱིངས་བདེ་ཆེན་དུ།། སོ་སོར་ཚོགས་བསྐྱེད་བྱས་ལ།། ཕྱི་རོལ་དུ་ནི་རིམས་ཀྱིས་དབྱུང་།། དང་པོར་གཙོ་བོའི་རྒྱན་དང་བཅས།། རྫོགས་པར་བྱུང་སྟེ་དྷུ་ཏཱི་ནས།། གྱེན་དུ་ཐུགས་ཁའི ་པད་མ་ལས། ། འཐོན་ཏེ་འགྲོ་བའི་དོན་བྱས་ལ།། སླར་འདུས་རང་ལ་ཐིམ་གྱུར་པ།། དཔལ་ལྡན་སྙིང་རྗེའི་སྟོབས་སུ་གནས།། དེ་ལས་རིམ་པ་ཇི་བཞིན་དུ།། ཕྱུང་ནས་སོ་སོའི་གདན་ལ་བཞུགས།། གཙོ་བོའི་ཕྱོགས་བཞིར ་མཁའ་འགྲོ་བཞི། ། ཞལ་གཅིག་ཕྱག་ནི་བཞི་པ་སྟེ།། གར་སྟབས་ལྡན་པའི་ལྷ་མོ་ནི།། གཡས་བརྐྱང་བ་ནི་རྣམ་པར་འགྱིད།། དཔའ་བོ་བདེ་བའི་སྐུར་བསྐྱེད་པའོ།། མཚམས་བཞིར་ཐོད་པ་བདུད་རྩིས་བཀང་།། སྣ་ཚོགས ་པདའ་དཔལ་གནས་པ། ། ཉི་མ་ལ་གནས་མགོན་པོ་ནི།། ཤར་དུ་སྐུ་ཡི་མགོན་པོ་དང་།། ལྷོ་རུ་ཡོན་ཏན་མགོན་པོ་དང་།། ནུབ་དུ་གསུང་གི་མགོན་པོ་དང་།། བྱང་དུ་ལས་ཀྱི་མགོན་པོ་སྟེ།། ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ ་གྲི་གུག་ཐོད་པ་བསྣམས་པའོ། ། སོ་སོའི་གཡོན་དུ་ཡུམ་རེ་རེ།། གཏུམ་མོ་དང་ནི་དྲག་མོ་དང་།། ཟློག་བྱེད་མ་དང་དཔའ་མོ་སྟེ།། ཞལ་གཅིག་ཕྱག་གཉིས་བརྒྱན་དང་བཅས།། དེ་ཡི་ཕྱི་ཡི་གྲུ་ཆད་ལ།། བེང་འཛིན་པ་དང་ཁ་ཊྭཱཾ་ག ་གཎ་ཌཱི་འཛིན་དང་རྒྱལ་མཚན་འཛིན། ། སོ་སོའི་ཡུམ་དང་བཅས་པ་སྟེ།། ཞལ་གཅིག་ཕྱག་གཉིས་འབར་བའོ།། དེ་ཡི་ཕྱི་རོལ་སྒོ་དང་གྲཝར།། ལྷ་མོ་བརྒྱད་པོ་གར་གྱིས་རོལ།། ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ།། ་ཀར་སྟབས་ལྡན་པས་བཞུགས་པའོ།། དཀྱིལ་འཁོར་ལྷ་རྣ་མས་རྫོགས་པ་དང་།། དེ་ནས་གཙོ་བོ་ཡབ་སུམ་དག། སྙོམས་པར་ཞུགས་པས་འོད་དུབུ།། དེ་ནས་ལྷ་མོ་བཞི་ཡིས་ནི།། རྡོ་རྗེ་ཆད་མེད་དབྱངས་ཀྱིས་བསྐུལ།། ་ཨེ་བཾ་སི་ཏ་ཨུ་ཙུན་ནཱི་པཱ། ཛ་ཏི་དྷ་མ་དྷ་མ་གྷ་མ་ཨ་ད་ཀ་མ། དྷ་དྷ་ཤ་རི་དྷ་ར།། ས་ནི་ས་ས་ས་ནི་གམ་ས་ས་ས། རིག་མོ་བུ་མ་ཏེ་སཾ་རི་ས་ར་ས་རི་རི་ས་ནི་ཤ། མ་ཧཱ་མ་ཨ་དྷ་མ་ས་ས།། ཤྲུ་ཏྲ་ནི་སཱ་ས་སཱ། ས་ན~ཾ་ས་རི་ཏ་བྷཱུ་མ ་ཨ་གྣེ། ཨ་ཏ་མ་ཏ་ཡ། ས་སཱ་པ་ག། མ་ཡ་ཨ་བ་ས་དྷེ་ན་མ་ཨ་ཨ།། དེ་ལྟར་བསྐུལ་བར་འགྱུར་བ་ལས།། དེ་ལྟར་ཉེ་བར་གས་ན་ནས་ནི།། ཐུགས་རྗེའི་ངང་ལས་བཞེངས་མཛད་དེ།། ནག་པ་གསང་བའི་བུ་དང་བཅས།། ་ཤིན་ཏུ་འཇིགས་ཤིང་འབར་བའི་སྐུ།། བདུད་འདུལ་ཆེན་པོ་རྒྱན་དང་བཅས།། སྤྲོ་བ་དང་ནི་བསྡུ་བར་མཛད།། དེ་ཉིད་བརྟན་དང་མཉེས་པར་མཛད།། སྐུ་གསུང་ཐུགས་ནི་རྒྱས་གདབ་ཅིང་།། ཡེ་ཤེས་གཞུག་དང་དབང ་བསྐུར་དང་། ། བྱིན་གྱིས་བརླབས་དང་མཆོད་པ་དང་།། སྔགས་ཀྱིས་བརྟན་ཕྱེད་བཟླས་པ་བྱ།། བདུད་རྩི་མྱང་དང་སྟོད་ཅིང་བསྐུལ།། ཏིང་འཛིན་དོན་བསམ་ཉེར་བསྡུ་བྱ།། དེ་ནས་ལྡང་བར་གྱུར་པ་ན།། གཉིས་པ་ལྷ ་རྣམས་ཐམས་ཅད་ཀུན། ། སྐད་ཅིག་གིས་ནི་རྫོགས་བྱ་སྟེ།། དེ་ཡི་དཔལ་ཏིང་ངེ་འཛིན།། གསང་བ་ཁྱད་པར་རྫོགས་པར་བྱ།། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ།། རྟོག་པ་དག་པའི་ཐབས་མཆོག་ལྡན།། རྣམ ་རྟོག་རང་བཞིན་ཡོངས་ཤེས་ན། ། དེ་ཉིད་ཐོབ་དུ་མེད་པ་སྟེ།། བདེ་བ་ཆེན་པོ་ཡང་དག་འབྱུང་།། ཆགས་པ་མེད་པས་ཀུན་དུ་སྤྱད།། འདི་དེའི་རང་བཞིན་རྣལ་འབྱོར་པ།། རིག་མ་རྣམས་ལ་རོལ་བྱེད་ནའང་།། དེ་ཉིད་ཤེས་ལ ་བཅིང་མེད་དེ། ། རྣམ་པར་རོལ་པའི་ཚུལ་མཆོག་གོ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་ལྷའི་གནས་མངོན་པར་འབྱུང་བའི་ལེའུ་སྟེ་ལྔ་པའོ།། དེ་ནས་ཡང་དག་བཤད་བྱ་བ།། གང་དུ་སྔགས ་ཀྱི་ཡི་གེ་དང་། ། བཟང་པོའི་སྔགས་ཀྱི་ཕྲེང་བ་འདི། རྔརྔ་བཅིང་བ་ལས་ཤེས་བྱ།། རི་མིག་བདུན་པའི་གྲངས་ཀྱིས་ནི།། ཀུན་ནས་མཉམ་པར་དགོད་པར་བྱ།། མཁས་པས་དབྱངས་དང་གསལ་བྱེད་ནི།། སྡེ་ཅན་རིམ ་བས་ཕྱེ་བ་ཉིད། ། ཀུན་ནས་བསྐོར་བའི་ཚུལ་གྱིས་ནི།། རིམ་པ་བཞིན་དུ་བཏུ་བར་བྱ།། སྡེ་ཚན་དྲུག་པའི་ལྔ་པ་ནི།། ཧ་ཡི་འོག་ནས་གནས་པ་བླང་།། ཨུ་སྭ་ཤ་ཡཾ་བཞི་པ་ཉིད།། ཝ་འོག་གནས་པ་དེ་ཉིད་དེ།། སྡེ་ཅན་གཉིས ་པའི་དང་པོ་སྟེ། ། པ་ཡི་སྟེང་ན་གནས་པ་བླང་།། ཨན་ཏ་ས་ཐ་ཡི་གསུམ་པ་སྟེ།། ཡ་ཡི་སྟེང་མ་ཡང་དག་བླང་།། སྡེ་ཚན་བརྒྱད་པའི་བཞི་པ་ནི།། མ་ཡི་སྟེང་ངན་གནས་པ་ལ།། སྡེ་ཚན་དང་པོའི་གཉིས་པ་ཉིད།། ཉ་ཡི་འོག་ན་ག ་པསྒྱུར། ། སྡེ་ཚན་དང་པོའོ་ལྔ་པ་སྟེ།། ཊ་ཡི་འོག་ན་གནས་པ་སྦྱར།། སྡེ་ཚན་དང་པོའི་བཅོ་ལྔ་པ།། དྷ་ཡི་སྟེང་ན་གནས་པ་ཡི།། ཟླ་ཚེས་ཐིག་ལེས་བརྒྱན་པར་བྱ།། སྡེ་ཚན་དང་པོའི་བཅུ་བཞི་པ།། དེཡི་འོག་མའི་ཡི ་གེ་ལ། ། དབྱངས་ཀྱི་བཅཝ་ལྔ་པ་ཡིན་སྟེ།། དྷ་ཡི་འོག་མས་བརྒྱན་པར་བྱ།། དེ་ཉིད་ཐོག་མར་སྦྱིན་བྱ་ཡིན།། སྡེ་ཚན་དྲུག་པའི་གཉིས་པ་ཉིད།། ན་ཡི་འོག་ན་གནས་པ་སྟེ།། བཞི་པ་ཡི་ནི་ཐོག་མ་གང་།། ར་ཡི་འོགས ་སྦྱར་བྱས་སྟེ། ཐག་མར་འབྱུང་བའི་དྲུག་པོ་སྟེ།། འདི་ནི་ཡིད་སྦྱིན་ནོར་བུ་སྟེར།། ཚ་ཡི་སྟེང་ན་གནས་པ་གང་།། བྷ་ཡི་འོག་མ་རྣམ་པར་བླང་།། ཊ་ཡི་སྟེད་མས་བརྒྱན་པར་བྱ།། ཧ་ཡི་འོག་ན་གནས་པ་དང་།། ཝ་ཡི་འོག་མ་བཟུང ་བར་བྱ། ། བ་ཡི་སྟེང་མ་ཉིད་བཏུ་བྱ།། ཡ་ཡི་སྟེང་ན་གནས་པ་ལས།། ཉ་ཡི་སྟེང་མས་ལས་ཀུན་བྱེད།། མ་ཡི་སྟེང་གནས་ཡི་གེ་ཉིད། རྀ་རཱི་ཡི་འོག་མ་སྦྱར་བྱས་ལ།། ཉིས་འགྱུར་དྷ་ཡི་སྟེང་མས་བརྒྱན།། ཙ་ཡི་སྟེང་ན་གན། ་པལ།། མི་ཡི་སྟེང་མ་དྲུང་དུ་བཞག། འདི་ནི་དངོས་གྲུབ་འབྱུང་བའི་གནས།། ད་ཡི་སྟེང་མའི་ཡི་གེ་ལ།། དྷ་ཡི་སྟེང་མས་ཡང་དག་བརྒྱན།། རིག་བྱེད་མངོན་སུམ་དང་པོར་གནས།། མ་ལུས་ཡེ་ཤེས་གྱུར་གྱུར་པའོ།། ཥ་ཡི་འོག་ན་གནས་པ ་ག་དང་། ། མ་འགྲན་པ་རབ་སྦྱིད་དང་།། མ་ཐགས་ཡང་དག་ཟང་། ཁའ་ནལགཏན་དུཥྚ།། མས་པ་གནས་པག་དང་།། ས་སྟངས་བདག་པ་སྟེ།། ས་མ་བང་དགནས་པ་བཟུང་།། དང་མ་ཡང་། ་པཎ་ལི་འོགས་ཉ་སྟེངས་ལྡན།། མ་ཡི་སྟེང་གནས་རི་འོག་སྦྱར།། ཐིག་ལེས་བརྒྱན་པ་ཉིས་འགྱུར་སྦྱར།། ཙ་ཡི་སྟེང་ན་གནས་པ་ལ།། ཨི་ཡི་སྟེངས་ས་བརྒྱན་བདྲུང་།། འདི་ནི་སྦས་པའི་སྙིང་པོ་སྟེ།། རང་སྲོག་ཡི་ནེ་། ་དའི་སྟེང་མའི་ཡིག་ལ།། དྷ་ཡི་སྟེང་མས་བརྒྱན་པར་བྱ།། སངས་ཀྱིས་ཀུན་གྱི་ཡེ་ཤེས་ཆེ།། སྐྱེང་པོ་བཟླས་པའི་རིག་པ་སྟེ།། བཀྲ་ཤིས་པ་ན་ཐིག་མར་སྦྱར།། ན་མེ་སྟེང་མས་ཡང་དག་རྒྱལ།། ང་ཡི་གོངས་དུ་སྟེངས་སྦྱར། ་ལ་བར་གནས་ཊ་སྟེངས་སྦྱར།། ཐིག་ལེ་ནཱ་དས་བརྒྱན་པར་བྱ།། ཎ་འོག་དྷ་སྟེངས་མགོ་བོར་སྦྱིན།། འདི་ལསས་སྟེངས་རི་འོག་ལྡན།། ཐིག་ལེ་ཟླ་ཚེས་དག་གིས་མཚན།། ཙ་ཡི་སྟེང་ན་གནས་པ་ལ།། ར་ཡི་འོག་མདུ ་དུ་སྟིན། སྟེངས་གནས་པ་ལ་འོག་སྦྱར།། ཉ་ཡི་འོག་མ་ཡང་དག་ལྡན།། ཤེས་པར་གནས་ཉ་འོག་སྦྱར།། འདི་ནི་གསང་བའི་བཟླས་པ་སྟེ།། བྱ་བ་སྟོབས་ལྡན་ཉིད་ཡིན་ནོ།། གང་དུ་མངོན་པར་ཕྱོགས་པ། ་ཡཽ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། གསང་སྔགས་མཆོག་ཏུ་གྱུར་པ་འདིས།། སྟོང་དང་བརྒྱ་པོ་བཅུར་འགྱུར་གྱིས།། རིགས་ནི་དམ་པའི་ས་ལ་གནས།། ཐོབ་པ་ཡུལ་དང་ཡུལ་དུ་གནས།། པ ་མ་འོགས་དང་ཟེར་ཐབ། པ་འི་འོག་ས་ཐང་བྱས་ལ།། ཐ་མི་སྟེང་མ་སྦྱིན་པར་བྱ།། ཨོཾ་སྟེ་མ་དྲུང་ཉིད་དུ།། གཡོ་བོགསས་བསྟེན་པར་བྱ།། པ་མི་སྐྱེ་ས་བརྒྱབ་། ལ་མི་སྙིང་མ་ཡིགས།། རྗེ་མ་གྱིངས་པ ་སྱཱ། ཉམི་སྟེང་མ་ཉིས་འགྱུར་ལ།། བྱེ་མ་ཉ་ཡི་འོག་མས་བརྒྱན། ཨེ་ཡི་འོག་གྱུར་བཏུས་པ་ལ།། ཤ་ཡི་སྟེང་མ་དྲུང་དུ་སྦྱར། ལ་ཡི་འོགས་བརྒྱན་དུ་བྱས།། ཉ་ཡི་འོག་གིས་སྦྱིན་བདུ།། མོ་ཡི་འོན་ན་གནས་པ་ལ།། ཉ་ཡི་འོག ་མས་བརྒྱན་པར་བྱ། ། ད་ཡི་འོག་མར་གནས་པ་ལ།། ཐིག་ལ་ནཱ་ད་དག་གིས་བརྒྱན།། ང་ཡི་འོག་མའི་ཡི་གེ་ལ།། ཨུ་ཡི་སྟེང་མ་སྦྱིན་པར་བྱ།། ཚ་ཡི་སྟེང་ན་གནས་པ་གང་།། བྷ་ཡི་འོག་མ་རྣམ་པར་བླངས།། ཏ་ཡི་སྟེང་མས་བརྒྱན ་པར་བྱ། ལི་འོགས་གནས་པ་དང་།། ལ་ཡི་འོགས་གཟུང་བར་བྱ།། ས་ཡི་སྟེང་མ་ཉིད་བཏུས་བྱ།། ཡ་ཡི་སྟེང་ན་གནས་པ་ལས།། ཉ་ཡི་འོག་མས་དེ་ལ་བརྒྱན།། ཉ་ཡི་འོག་མཀུན་གྱི་རྟེན།། ས་ཡི་སྟེང་མབླང་བར་བྱ།། བྷ་ལི་སྟེང་ན་གནས་པ་ལ། ལ ་འོག་མས་བརྒྱན་པར་བྱ། ། པ་ཡི་སྟེང་མ་ཉིད་དེ་བླང་།། ཛྷ་ཡི་འོག་མར་སྟེང་དང་།། བ་ཡི་སྟེང་ན་གནས་པ་ལ།། ཨུ་ཡི་སྟེང་མ་ཡང་དག་བླང་།། ཨེ་ཡི་འོག་གནས་ཡི་གེ་ལ།། ཏྱ་ཡི་སྟེང་མ་མགོ་བོར་སྦྱིན།། ལ་ཐབར་གནས་པ་ལ་ཡང་། ་སྟེངམས་བརྒྱན་པར་བྱ།། མ་སྟེངས་ཐིག་ལེ་ནཱ་དས་བརྒྱན་རྟ་འོག་གནས་པའི་ཡི་གེ་ལ།། ད་སྟེངས་ས་ཡི་སྟེང་མ་དང་།། པ་འོག་ཏ་ཡི་འོག་མས་བརྒྱན།། ཛྷ་ཡི་གོང་ན་གནས་པ་དང་།། མ་ཡི་སྟེང་མ་སྟེངས་གནས།། མ་ཡི་སྟེང་མ་ཉིད་དང ་ལྡན། ། དྷ་འོག་ཉ་ཡི་སྟེང་མ་ལ། དྷ་ཡི་སྟེང་མས་མགོ་བོར་བརྒྱན།། ཊ་ཡི་འོག་མ་ཤ་སྟེང་ལྡན།། ཐིག་ལེ་ནཱ་རཱས་བརྒྱན་པའོ།། ཊ་ཡི་སྟེང་མཚ་ཉིད་དུ།། ཤ་ཡི་ཐོག་མས་བརྟེན་པར་བྱ།། བ་ཡི་སྟེད་མ་བཏུ་བར་བྱ།། ལ་སྟེངས་གནས་པ ་སྟེངས་སྦྱར། ། ཡི་སྟེང་དུ་ཉིས་འགྱུར་བས།། ཕྱི་མའི་ཉ་ཡི་འོག་མས་བརྒྱན།། དབྱངས་ཡིག་དང་པོ་ཀ་འོག་ཅན།། ས་སྟེངས་གནས་པ་ཉིད་དང་ཡང་།། མུ་སྟེང་གནས་པ་ཡང་དག་བཅས།། ས་སྟེངས་གནས་པ་ཐིག་ལེས་བརྫུན།། ་ཏ་མི་སྟེང་མའི་གནས་པ་ལ།། མཾ་ཡི་འོག་གནས་གམདུན་གནས།། ཊ་ལི་འོག་ས་མགོ་བོར་སྦྱི།། སྟེང་གནས་པརྟ་འོག་སྦྱར།། ལ་སྟེང་གནས་པཊ་འོག་བཅས།། ཁ་འོག་ཟུར་གནས་སྦྱར་བར་བྱ།། ཡི་འོག་མའི་མི་གེ་ལ།། མ་སྟེང། ་གནས་བསྟན་དུ་བྱས།། ཤའི་འོག་རྔ་མི་སྟེང་མར་སྦྱར།། འོག་གནས་པ་ཉིད་དྲུང་སྟེ།། བ་སྟེངས་གནས་པའི་འོག་མས་བརྒྱན།། ཤི་སྟེ་དྲུང་དུ་སྦྱིན་པར་བྱ།། ལ་སྟེང་ཤ་ཡི་ཐོག་མ་ལ།། ཁྱི་མ་ཏ་འོག་གནས་པས་མཛོས། སྲོགག ་བརྒྱན། ། ཐོག་རི་དིའི་འོག་མས་བརྒྱན།། ཐོག་ལ་སྟེང་གནས་པ་སྦྱར།། དེ་ལ་ཉ་འོག་སྦྱིན་པར་བྱ།། བསྟེང་གནས་པ་ལ་འོག་ལྡན།། ཉ་འོག་དག་གིས་ཡང་དག་མཛེས།། ཀ་ག་པར་གནས་པ་ཉིད་ལ།། ཉིས་འགྱུར་དུ་ནི་བསྡུ་བར་བྱ།། སྒྲ་སྟེང་། ་གནས་པ་དེ་ཉིད་ལ། ཉ་འོག་བརྒྱན་པ་ཉིད་དུ་བྱ།། མ་ཡི་ཐོག་མཊ་འོག་བཅས།། གྷ་སྟེང་གནས་པ་ཉིད་དང་ནི།། ཝ་འོག་གནས་པ་ཐ་འོག་སྦྱིན།། ཎ་འོག་ཎ་ཡི་འོག་མར་ལྡན།། དེ་ཡི་ཉིས་འགྱུར་ཤེས་པར་བྱ།། ཁ་འོག་མ་ཡི་ཡི་གེ་ལ།། མུ་རིབ ་གནས་སྦྱར་བར་བྱ། ། མ་སྟེང་བ་འོག་འོག་ཏུ་སྦྱིན།། དེ་ནི་ཉིས་འགྱུར་སྦྱར་བར་བྱ།། ཚ་ཡི་སྟེང་མ་ཕ་ཐོག་དྲུང་།། ཥ་ཡི་ཐོག་མ་དྲུང་དུ་གནས།། དེ་ནི་ཟུང་དུ་སྦྱར་བར་བྱ།། མ་སྟེངས་གནས་པ་ས་ཐོག་དྲུང་།། ཉིས་འགྱུར་རིམ་པར་ཤེས་པར་བྱ།། ་ཤ་ཐོག་གནས་པ་ཝ་ཐོག་དྲུང་།། ལན་གཉིས་སུ་ནི་བརྗོད་པར་བྱ།། ཀ་འོག་གནས་པ་ཕ་སྟན་པ།། བ་འོག་སྟན་དུ་བྱ་བ་ཉིད།། ཉིས་འགྱུར་རྟག་ཏུ་ཤེས་པར་བྱ།། བྷ་སྟེངས་གནས་པཊ་སྟེང་དྲུང་།། ཥ་ཡི་འོག་མ་སྟན་དུ་བྱས།། ཤའི་སྟེང་ཊ ་ཡི་འོགམས་བརྒྱད། ། འོག་མི་ཐོག་སན་དུ་སྦྱར།། བ་ཡི་སྟེང་མདྲང་དུ་བཞག།། ཧ་ཡི་འོག་མཎ་འོག་ལྡན།། ཐོག་དྲག་པོར་འགྱུར་བའོ།། ཤ་སྟེངས་ཐ་ཡི་འོགམས་བརྒྱན། འདི་ཉིད་རིམ་པ་མངོན་སྤྱོད་པའི།། མ་ར་ཡ་ཡི་ཐོག་མ ་སྦྱར། ། མ་ཡི་སྟེང་གནས་རི་འོག་སྦྱར།། ཉིས་འགྱུར་ཐིག་ལེ་ནཱ་དས་བརྒྱན།། ཙ་ཡི་སྟེང་ན་གནས་པ་ལ།། ཨི་ཡི་སྟེང་མ་བརྒྱན་པ་དྲུང་།། བྷ་ཐོག་ཐ་ཐོག་གནས་པ་སྦྱར།། དེ་ལ་ཉ་ཡི་འོག་མས་བརྒྱན།། མ་སྟེངས་གནས་པ་ཉེ་འོག་ནི།། ཡང་དག ་སྟན་དུ་བྱ་བའོ། ། འདི་ནི་དྲི་མེད་བདེ་བའི་གཏེར།། སྙིང་པོ་གསང་སྔགས་འདི་ཉིད་ནི།། གང་དུ་གནས་པའི་ས་ཕྱོགས་སུ།། ནག་པོ་ཆེན་པོ་འཁོར་དང་བཅས།། མ་ལུས་ཞིང་སྐྱོང་འཁོར་དང་བཅས།། དུར་ཁྲོད་རོལ་ལྕེ་སྦྱང་དང་།། ཤ་ཟའི་ཚོགས ་ནམས་འདྲ་བ་བཞིན། ། ངེས་པར་འདུ་བར་བྱེད་པ་སྟེ།། བསྟན་པ་རྒྱ་མཚོ་སུང་བྱེད་པའོ།། དཔག་ཚད་བརྒྱད་ཁྲི་བར་དུ་ནི།། དེ་ཡི་བགེགས་རྣམས་མ་ལུས་པ། ཏི་ལ་འབྲུ་ཙམ་དུ་བྱེད་པར་མཛད།། སྙིང་པོ་འདི་ནི་ཟློས་བྱེད་ཅིང་།། གང ་རྒྱས་གཅག་ཏུ་ཡང། ཆད་མངོན་པར་སམས་དཔའ་ས། ཎ་དྲཀ་དཔལ་ནལ་འགྱུར་ལ།། འདགས་པ་ཀུན་ལས་བསྲུང་བ་དང་།། བ་དངན་རྒྱས་པ་དང་།། བཞོན་དཔ་དང་མངོན་སྤྱོད་པ།། ཐོགས་པ་མེད་པར་འགབ་བར། ་འགྱུར། ཇི་སྲིད་མཚན་མས་བྱུང་གི། བར་དུ་འབད་དེ་བསྒྲུབ་པར་བྱ། མཚན་མབྱུང་ནས་བླ་མ་ཡི།། མན་ངག་བཞིན་དུ་ལས་ལ་སྦྱར།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། ་དེནས་གཞན་ཡང་བཤད་བྱ་བ།། ཡང་དག་ཡེ་ཤེས་བསྐྱེད་པ་པོ།། གདུག་པ་མ་ལུས་འདུལ་མཛད་པ།། གཏུམ་བོད་ཡི་གསང་བའི་ཡུམ།། ལྷ་མོ་བཞི་དང་བཅས་པ་ཡི།། གསང་སྔགས་བཏུ་བར་བཤད་པར་བྱ།། དབྱངས་ཡིག་བཅུ་བཞི་པད། ་ལ། ཐིག་ལེ་ནཱ་ངས་རྣམ་པར་བརྒྱན།། རིག་བྱེད་མངོན་སུམ་དང་པོར་གནས།། དྲུག་པ་ཡི་ནི་ལྔ་པ་དང་།། མཐར་གནས་པ་ཡི་བཞི་པ་དང་།། བདུན་པ་ཡི་ནི་དང་པོ་ཉིད།། ཨན་ཏསྠ་ཡི་གསུམ་པ་སྟེ།། དང་པོའི་གསུམ་པ་ཐོག་ཏུ་སྦྱིན།། ལྔ ་པའི་ལྔ་པ་གསུམ་པས་བརྒྱན། ། གཉིས་པ་ཡི་ནི་དང་པོ་ལ།། ཨན་ཏསྠ་ཡི་གསུམ་པས་བསྟན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དྲུག་པ་ཡི་ནི་དང་པོ་དང་།། དབྱངས་ཀྱི་དགུ་པ་གནས་དེར་སྦྱར།། གཉིས་པ་ཡི་ནི་དང་པོ་དང་།། ་ཨན་ཏ་ས་ཐ་ཡི་གསུམ་པ་དང་།། དེ་ཉིད་ཀྱིས་ནི་གཉིས་པ་དང་།། ལྔ་པ་ཡི་ནི་དང་པོ་ལ།། དབྱངས་ཀྱི་བདུན་པས་སྟེང་འོག་སྦྱིན།། ལྔ་པ་ཡི་ནི་ལྔ་པ་ལ།། དབྱངས་ཀྱི་གསུམ་པ་མགོ་བོར་སྦྱིན།། གསུམ་པ་ཡི་ནི་དང་པོ་ལ།། དྲུང་དུ་ལྔ་པའི་ལྔ་པ ་སྦྱར། ལྔ་པའི་བཞི་པ་དག་དང་སྦྱར།། དང་པོའི་དང་པོའི་དྲུང་དུ་ནི།། གཉིས་པའི་གསུམ་པ་སྦྱར་བ་དང་།། མཐར་གནས་ལས་ཀྱང་ཕྱི་མ་ཡི།། དེ་ལ་དབྱངས་ཀྱི་གསུམ་པས་བརྒྱན།། ཨན་ཏས་ཐ་ཡི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག ་པ་ཡིས་བརྒྱན། བརྒྱད་པ་ཡིན་བཞི་པ་ལ།། དབྱངས་ཡིག་དྲུག་པ་དག་གིས་བརྒྱན།། ཐིག་ལོ་ནཱ་དས་མཛེས་པའོ།། དྲུག་པ་ཡིནི་གཉིས་པ་ཉིད།། བཞི་པ་ཡི་ནི་ཐོག་མར་སྦྱར། དི་ནི་གསང་བའི་གཏུམ་པ་མོ།། དྲག་ཅིང་ཤིན་ཏུ་ཆར ་འཇིགས་བྱེད། ། ཡིད་བཞིན་ནོར་བུའི་རིགས་འཛིན་གཏེར།། བཀྲ་ཤིས་པ་ནི་ཐོག་མར་སྦྱར།། མཐར་གནས་པ་ཡི་བཞི་པ་ལ།། དབྱངས་ཡིག་བདུན་པ་སྟེང་འོག་སྦྱར།། ཐིག་ལེ་ནཱ་དས་མཛེས་པ་ཡིན།། ཨུ་སྨ་ཤ་ཡི་བཞི་པ་ལ།། དབྱངས་ཡིག། ་དྲུག་པ་དང་སྦྱར་བ།། ཨན་ཏ་སྒྲ་ཡི་གཉིས་པ་སྦྱར།། དེ་ཉིད་ཐིག་ལེས་མཛེས་པར་བྱས།། གཉིས་པའི་དང་པོ་བླང་བྱས་ལ།། དབྱངས་ཀྱི་དགུ་པ་བླང་བ་ཉིད།། དྲུག་པ་ཡི་ནི་ལྔ་པ་ལ།། ཨུ་སྥ་ཤ་ཡི་བཞི་པ་དང་།། གཉིས་པ་ཡི་ནི་དང་པོ་དང་།། དབྱངས་ཡིག། ་བཅུ་པ་སྦྱར་བར་བྱ།། བདུན་པ་ཡི་ནི་གཉིས་པ་དང་།། གཉིས་པ་ཡི་ནི་དང་པོ་དང་།། ལྔ་པའི་དང་པོ་བཏུ་བར་བྱ།། དྲུག་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་བཅཝོ་ལྔ་པ་ཡིས་བརྒྱན།། གཉིས་པའི་ལྔ་པར་གནས་པའོ།། མཐར་གནས་པ་ཡི་གསུམ་པ ་དང་། ལྔ་པ་ཡི་ནི་ལྔ་པ་དང་།། དྲུག་པ་ཡི་ནི་བཞི་པ་དང་།། ཕྱི་མའི་ཡང་ནི་བཞི་པ་ལ།། ལྔ་པ་ཡི་ཡང་ལྔ་པ་ལ།། དབྱངས་ཀྱི་གསུམ་པས་བརྒྱན་པར་བྱ།། དང་པོ་ཡིན་དང་པོ་དང་།། དྲུག་པ་ཡི་ནི་ལྔ་པ་ལ།། དབྱངས་ཀྱི་ལྔ་བས་བརྒྱན་པར་བྱ།། གཉིས ་པ་ཡི་ནི་དང་པོ་དང་། ། མཐར་གནས་པ་ཡི་གསུམ་པ་ལ། ཨནྟ་སྠ་ཡི་དང་པོ་སྦྱར།། མཐར་གནས་པ་ཡི་གསུམ་པ་དང་།། བདུན་པ་ཡི་ནི་ལྔ་པ་དང་།། དྲུག་པ་ཡི་ནི་བཞི་པ་སྦྱར།། ལྔ་པ་ཡི་ནི་ལྔ་པ་དང་།། དབྱངས་ཀྱི་དགུ་པའི་ཡི་གེ་ལ།། ལྔ་པའི ་གསུམ་པ་གདགས་པར་བྱ། ། ཨུ་སྥ་ཤ་ཡི་གསུམ་པ་ལ།། ལྔ་པའི་དང་པོ་སྦྱར་བར་བྱ།། ཐིག་ལེ་ནཱ་དས་ཡང་དག་བརྒྱན།། དྲུག་པ་ཡི་ནི་གསུམ་པ་དྲུང་།། ཨནྟ་སྠ་ཡི་དང་པོ་སྟེ།། ཡི་གེ་གསུམ་གྱི་བདག་ཉིད་ཀྱིས།། ཉིས་འགྱུར་དག་ཏུ་སྦྱར ་བར་བྱ། ། ཨུ་སྨ་ཤ་ཡི་བཞི་པ་ལ།། དང་པོའི་དྲུག་པ་དང་སྦྱར་བ།། ཨནྟེ་སྠ་ཡི་གཉིས་པ་སྦྱར།། ཐིག་ལེ་ནཱ་དས་བརྒྱན་པར་བྱ།། འདི་ནི་གསང་བའི་ཡུམ་དག་གིས།། སྙིང་པོ་སྦས་པ་མཆོག་གྱུར་པ།། ལྷ་མོ་ནག་མོ་ཡེ་ཤེས་ཆེ།། ་སྔག་ས་ནི་དྲུག་པང་བྱུང་པའོ།། དེ་ནས་ཡེ་ཤེས་ལྔ་ལྡན་པའི། ག་བྱེད་དེན་སུས་དང་པོར་གཞག། དྲག་པ་མིན་ལྔ་པ་དང་།། ཐར་གནས་པ་འི་བཞི་པ་ལ། གཉིས་པ་ཡིནི་དང་པོ་ཉིད། ཨོཾནྟ་མྦ་མོ་གསུམ་པ་ཏེ།། ་གསུམ་པ་ཐོག་ཏུ་སྦྱི།། དང་པོའི་བཅུ་དྲུག་པ་མཐའ་བྱ།། མཐར་རི་ཧཱུ~ཾ་ཕཊ་སྦྱར་བར་བྱ།། སྡེ་ཅན་གཉིས་པའི་དང་པོ་ལ། ཨརྠ་མྲ་ཡི་གཉིས་པ་སྦྱར།། དང་པོའི་དགུ་པབླང་བ་ཉིད།། དྲུག་པ་ཡི་ནི་ལྔ་པ་ལ། ཐིག་ལེ་ནཱ་ངས་@ ་པའོ། ། གཉིས་པ་ཡི་ནི་དང་པོ་ལ།། དྲུང་ངུ་དེ་ཉིད་ལྔ་བ་སྦྱང། གཉིས་པའི་དང་པོ་དེ་ཉིད་དང་།། བྱངས་ཀྱི་དགུ་བ་སྒྱུར་བར་བྱ།། མ་བར་གནས་པ་ལེ་བའི་པ་ལ།། བདུན་པ་ཡི་ནི་གཉིས་བསྣད།། དེ་ལ་ཅིག་ལེ་རྣངས་བརྒྱན།། གཉིས་པ་ཡི་ནི ་པོལ། ། ཨནྡྲ་སྠ་ཡི་གསུམ་པ་དང་།། བདུན་པ་ཡི་ནི་གཉིས་བ་སྦྱར།། ལྔ་པའི་དང་པོ་ཉིད་ལའང་།། དབྱངས་ཀྱི་བདུན་པ་སྟེང་འོག་སྦྱར།། བདུན་པ་ཡིན་གཉིས་པ་ལ།། ཐིག་ལེ་ནཱ་ངས་མཛེས་བྱས་པའོ།། འདི་དག་ཀུན་གྱི་ཐོག་མ་དང་།། ཐ་མར ་ཡང་དག་བརྟེན་པར་བྱ། ། འདི་ནི་ཌཱ་ཀི་བཞི་དག་གི།། སྙིང་པོ་སྦས་པ་མཆོག་ཏུ་གསུངས།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་སྔགས་རིམ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། ་དེ་ནས་གཞན་ཡང་བཤད་པར་བྱ།། གསང་བ་སྔགས་ཀྱི་འཁོར་ལོ་ལས།། ལྷ་ཡི་འཁོར་ལོ་རྒྱ་མ་ཚོ་ཉིད།། ལན་ཚྭ་ནུ་རྒྱུན་འབབ་པོའི་ང།། གངས་ཀྱི་ཐིགས་པ་བདུད་རྩིའི་ཆུ།། མེ་ཏོག་མདངས་གསལ་སྙིང་པོ་ཡི། གེསར་ཟེ ་ལྡན་པ་ལ། ། འདབ་རྒྱས་ཡེ་ཤེས་ཉི་ཤར་བས།། རང་གྲོལ་མདངས་འབར་རབ་ཏུ་རྒྱས།། རྡོ་རྗེ་རིན་ཆེན་རལ་གྲི་དང་།། འཁོར་ལོ་འབར་བའི་རྩིབས་དག་ལས།། འཁོར་བའི་རྒྱུན་ལས་འོད་ཟེར་འཕྲོ།། སྟེང་འོག་དག་ལས་རིམ་པ་ནི།། འཁྲུག་ཅིང་གཅོད ་པའི་གྲི་གུག་གིས། ། ལས་དང་པྲིན་ལས་རང་བྱུང་དུ།། བྱེད་ཅིང་བསྐུལ་བའི་ལས་གྲུབ་པ།། བྱི་རང་གསང་པའི་རིམ་བཞིན་དུ།། དབ་བ་དང་སྔགས་པ་ཟློག་པ་ཏེ།། རྦ་བ་ཡན་ལགལས་བཞིར་འགྱུར།། དང་པོ་ཐུན་མོང་དགུ་པ་སྟེ།། གཉིས་པབྱེ་བྲག་བྱེ། ་དང་། སྐྱེད་པའི་ཡེ་ཤེས་མི་རློག་པ།། བླངས་སུཾ་ཆུ་པ་བྱག་རྒྱ།། སྙིང་པོ་གཅིག་ལ་དུས་གསུམ་དུ།། འགྱུར་མེད་དེ་ད་བྱེ་བ་ཉིད།། གཅིག་ལས་དུམ་བ་ཅན། འཇིག་རྟེན་པ་དང་ཡེ་ཤེས་ཏེ།། མིའི་གྱུར་པ་དང་འཐུགས་པ་དང་། ལས ་བྱེད་པའི་སྲོག་གྱུར་པ། གས་སྔགས་འཁོར་ལོ་འདི་དག་ནི།། བྱེ་བྲག་རྣལ་འབྱོར་པས་ཤེས་བྱ།། ཨོཾ་པ་ཧཱ་ཀཱ་ལ་རྦུ་དྷུ་པཊ། ཨོཾ་བཛྲམ་ཧཱཀཱ་ལ་ཧཱུཾ་པཊ།། ཨོཾ་བཛྲཀའུ་ཝམཧཱ་ཀཱ་ལཱ་ཡ་ཛྙཱ་ཕཊ།། ན་མོ་རད་ན་ཏྲ་ཡཱ་ཡ། ཏདྱཥྛ། ཨོཾ་ཤྲི་མ་ཏཱ་ཀཱ་ལཱ་ཡ། ཐཱསན་རྦ་རྦཱ་ཤི་ཀེ། ་ཨབ་ཤྩི། མ་ཧཱ་ཀཱ་ལ་ཨ་ཡ། ཨི་དེ་ར་ད་ན་ཏྲ་ཡཱ་ཡ། ཨ་བཀ་རི་ཏཱཾ། ཡ་ཏཾ་པྲ་ཏིག་ཏྲཱ་ས་ར་སི་ཏདྱ། ཨིད་དུཥྚ་སཏྭ། ཁ་ཁ་ཁཱ་ཏི་ཁཱ་ཏི། ཡར་མར་ཀླེ་གྲྀ་བན་དྷ་བན་དྷ། ཏན་ཏ་ན། དཧ་དང། བརྒྱ་བནྡྷ། སརྦ་པྲཱ། ན། ཏིན་མེ་ཀན་ན་ཧཱུ་དྷཱ་ཕཊ་སྭཱ་ཧཱ། ཨ་མ་ཧཱཀཱ ་ལི་ནི་ཀྲོདྷ་ས་ཀི་ལ་རཀྵི་ནིཙཎ་ཊ་ཨཀྵི་ཡེ་དྷ་ཕཊ། ཨོཾ་ཏྲིངྐུ་ཀཱ་ལི་མ་ཧཱ་ཀཱ་ལི་རག་ཏ་མཱཾ་སེན། བྷཀྵ་ནི་ཨ་ནུ་ཀ་ས་ཡ། སརྦ་ལཾ་སྟཾ་བྷ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿམ་ཏྲྀ་ར་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཀ་ར་ལི་མ་དྷུ་ཕཊ། ཨོ་ཀད་ཀ་ལ་ཧྲི་ཧཱུཾ་ཕཊ། ཨོ་ཀཱ་ལ་ར་ཏྲཻ་རོ་དྷ་ཕཊ། ་དེ་ལས་དངོས་དང་ཉམས་སུ་ཡང་།། ནག་པོ་ཆེན་པོའི་ཞལ་སྟོན་དང་།། ཐ་མ་རྨི་ལམ་ལུང་སྟོན་པ།། མི་ནག་བོད་ཐུང་སུས་འཕྱད་དང་།། བྱ་ནག་ཁྭ་ཏ་ལ་སོགས་འོད།། དེ་ཡང་རབ་འབྲིང་ཐ་མ་ཡི།། བྱེ་བྲག་རྟགས་སུ་འཆར་བར་འགྱུར།། གྲངས་ནི་བདུན ་འབུམ་དག་དང་ནི། ། མངོན་སུམ་གསལ་བའི་ངེས་པ་འཆར།། ཁྲི་ཕྲག་བདུན་དང་ཁྲི་ཕྲག་དགུ།། སྟོང་ཕྲག་བདུན་གྱི་ཉེ་བར་འགྱུར།། ཐབས་དང་ཤེས་རབ་བཅས་པ་ཡི།། སྔགས་ཀྱི་སྟོང་ཕྲག་བཅུ་དག་ནི།། དུས་ནི་ཟླ་དྲུག་ཞག་བདུན་པར།། རྣལ་འབྱོར ་སྒྲུབ་བཅད་དེ་བཟླས། མི་ཚི་གི་པར་མཆོད་པ་ཡི།། གསང་སྔགས་ཕྲིན་ལས་ངེས་པར་འགྲབ།། ཐུན་མཚམས་མཆོད་དང་གཏོར་མ་དང་།། བསྟོད་དང་བཅོལ་བསྐུལ་ལས་ལ་འབད།། རང་ཉིད་ཧེ་རུ་ཀར་གསལ་བ།། རི་རབ་སྟེང་དུ་ཡུམ་བཅས་བསམ།། ་དེམདུན་ནག་པོ་ཆེན་པོ་ཉིད།། གསལ་བབསྐྱེད་ཚུལ་དབྱེ་བ་ཡིས།། རྒྱན་དང་ཆ་ལུགས་རྫོགས་པ་ནི།། མངོན་སུམ་ལྟ་བུར་བལྟ་བར་བྱ།། བདག་དང་མདུན་གྱི་མགོར་པེལ།། ཟུགས་ཀའི་ས་བོན་རང་སྔགས་ལས།། དེ་ལྟར་སྤྲོ་བསྡུས་ཏིང་འཛིན་བས་པ།། ་ལྟར་དུས་དང་གཞན་དུ་ཡང་།། རྟེན་བཅས་དཀྱིལ་འཁོར་བཞེངས་པ་དང་།། རྟེན་བཙུགས་རྟེན་བྱེད་དེ་ཉིད་བསྙེན།། དེ་ནས་རྟེན་བཅས་ཙམ་གྱིས་ནི།། ངེས་པར་དེ་ཡི་མདུན་སོང་བ།། མཆོད་དང་གཏོར་མ་བཤམ་པར་བྱ།། ཤ་ཆེན་བསྲེག་སྤོས་ཕུལ ་ནས་ནི། དམིགས་པ་གཏོང་བར་བྱེད་པ་དང་། གང་ལ་བྱ་བའི་སྒྲུབ་བྱ་སྟེ།། དམིགས་པས་བཀུག་ཅིང་བསྟན་པ་དང་།། གཏོར་མར་དབུལ་ཞིང་བཀའ་སྒོ་བྱ།། ལྷ་དང་བྲལ་ཞིང་ཉེས་པ་བསྒོ།། དེ་ནས་མཉེས་ཉེས་པ་སྒྲགས།། དབང་བཙུགས་ལས ་ལ་བཅོལ་བསྐུལ་བྱ། ། དེ་ཡིས་ངེས་པར་འགྲུབ་པར་འགྱུར།། དེ་ལས་བྱང་བར་ཕྲིན་ལས་ན།། ལྷ་སྦྱིན་དང་ནི་མཆོད་སྦྱིན་སོགས།། བསྒྲལ་བའི་ཞིང་དེ་གང་ཡིན་པ།། དེ་མི་ཟག་པའི་རྫས་རྣམས་དང་། བྲང་ཤུལས་དང་གཡུལ་སྦྲང་བ། གྲོག་མཁར་ས་ལ། ་སོགས་པ་རྣམས།། བདང་ཆད་ས་ལ་བོང་བུའི་ཆུས།། སྦྲུས་ཏེ་ལིངག་སྟ་གོན་བྱ།། དེ་ནས་དབེན་པར་སོང་ནས་ནི།། མར་ངོ་ཡནི་ཆེས་བརྒྱད་དམ།། བཅུ་བཞི་ལ་སོགས་སྒྲུབ་དུས་ལ།། གཟའ་སྐར་ཤིན་དུ་དྲག་པོ་ལ།། དེ་ནས་འཁོར་ལོ་བྲི་བར་བྱ།། རྒྱུ་ནི་རོ ་རས་ཤིང་ཤུན་དང་། ། ཞིང་ལྤགས་དག་ལ་དྲུག་སྣ་དང་།། ཁྲག་དང་དྲུག་གི་མེ་ཏོག་གི། དུབ་མཚན་ངན་ཐོད་ཆགས་ལ།། མཆོག་པུར་བསྟོད་པའི་སྣག་ཚས་བྲི།། རྒྱ་སྐྱེགས་དག་གིས་བསྲེས་ལ་བྲི།། ཚད་དང་ལྡན་པའི་མུ་ཁྲུད་ནི།། རིམ་པ་བཞི་དང་ལྡན་པ ་ལ། ། ནང་དུ་འང་ཚེ་དགུ་པ་བྱ།། ཕྱོགས་བཞི་དབུས་དང་ལྔ་པོར་ནི།། གྲུ་གསུམ་ནག་པོ་ས་བོན་བཅས།། ལས་རྣམས་བྱེད་པ་རླུང་ཡིག་དང་།། མ་ཧཱ་ཀཱ་ལ་འབྲུ་བཞི་དང་།། སྟེང་ནོན་ཨོཾ་དང་བཛྲ་སྟེ།། དེ་ཡི་ཕྱིར་མཆི་བས་བརྒྱད་ལ།། ཨ་མུ་ཀཾ་དང་བ་ཡི་ནི། ཡི་གེ། ་བཅུ་གསུམ་གཉིས་གཉིས་པ།། གཡས་བསྐོར་དག་ཏུ་དགོད་པར་བྱ།། དེ་ཡི་ཕྱི་རིམ་པད་འདབ་བརྒྱད།། སྒོ་མཚམས་ལྷ་མོའི་འཁོར་ལོའི་སྔགས།། མིང་སྤེལ་བཅས་པ་དགོད་པར་བྱ།། དེ་ཡི་ནང་གི་གྲུ་ཆད་བཞིར།། ཧཱུཾ་གཉིས་ཕཊ་དང་བཅས་པ་ལ།། ་མིང་སྤེལ་བཅུག་ལ་བྲི་བར་བྱ།། ཁྱད་པར་སྦས་པའི་འཁོར་ལོ་ནི།། དབུས་སུ་རླུང་གི་ས་བོན་ཉིད།། ཕྱོགས་བཞིར་མཁའ་འགྲོ་མ་བཞི་གནས།། ཕྱོགས་བཞིར་སྔགས་ཀྱི་ཕྲེང་བ་ལས།། ཕྱི་རོལ་རྩིབས་ལ་སྤྱོད་པའི་སྔགས།། འདབ་བརྒྱད་ཆལ་ཙན ་ཌི་ཀ། མཐའ་རྟེན་སྔ་མ་དག་དང་མཚུངས།། ཡང་ན་རིམ་པ་གསུམ་པ་ཡི།། གསང་སྔགས་མ་ཧཱ་ཀ་ལ་ཡི།། ཕྲིན་ལས་ཁྱད་པར་དགོད་པར་བྱ།། འདིས་ནི་ཤིན་དུ་མངོན་སྤྱོད་སྲུར།། ཐབས་དང་ཤེས་རབ་ཁྱད་པར་དང་། སྟེང་འོག་པར་གྱི་དབྱེ་བ་ཡིས།། ང། ་དང་ལྕགས་ཀྱི་གྲི་གུག་གིས།། བླ་དང་ཚེ་སྲོག་དོན་སྙིང་ལ།། མྱུར་དུ་འཁོར་བས་གཅོད་པར་བྱེད།། སྡུད་བྱེད་འཕྲོག་ཅིང་ལེན་པའི་སྲོག། བསྒྲལ་བ་རྡོ་རྗེ་རིགས་ཀྱི་ལས།། ཐུན་མོང་དུ་ནི་བྱ་བ་ཡིན།། ཁྱད་པར་འཁོར་ལོ་དྲིལ་བྱ་སྟེ།། དུས་ཀྱི་རིམ་པས་ལས་ལ ་སྦྱར། ། འདི་རི་ཀུན་དུ་བནན་པ་སྟེ།། ལས་ཀྱི་གཤིན་རྗེའི་གནས་སུ་གཏད།། འཁོར་ལོ་ལ་ཡང་བསྙེན་པ་དང་།། བསྒྲུབ་པ་གོ་རིམ་ནོར་མི་བྱ།། འདིས་ནི་བྱ་བ་མི་འགྲུབ་མེད།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་སྔགས་དང་འཁོར ་ལོ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། རྣལ་འབྱོར་ཏིང་འཛིན་ལ་ཞུགས་ཏེ།། མངོན་པར་སྤྱོད་པ་བརྩམ་པར་བྱ།། ཁྱད་པར་དུར་ཁྲོད་པ་ཡི་ཤིང་།། ལྷ་འདྲེ་གཏུམ་པོ་གནས་པ་ལ། ་མམོའི་བྱེ་བྲག་བརྟགས་པ་ལས།། བཅད་པ་མགོ་མཇུག་མ་ནོར་བར།། གཉིས་བཤགས་དེ་ནས་སྔགས་བྲིས་ལ།། བསྡམས་ཏེ་ཟླ་བ་མིག་གིས་ནི།། ཕྱེ་བའི་བདུན་ཕྲག་གསུམ་པ་ལ།། ལེགས་པར་གཞན་ཏེ་ཚད་དུ་བྱ།། དཀྱིལ་འཁོར་གྲུ་གསུམ ་བ་ལ་གཟུགས། ། གཞན་ཡང་བསྒྲུབ་བྱའི་གཟུགས་དག་ནི།། ཟུར་གསུམ་ཚུང་བ་སྔགས་དང་བཅས།། མིང་སྤེལ་བསྐུལ་ཚིག་ལྡན་པ་ནི།། གྲངས་ནི་རབ་འབྲིང་ཐ་མ་སྟེ།། ཅི་རིགས་པར་ནི་བྱ་བར་གསུངས།། ཡང་ན་རོ་སྒྲོམ་གང་ལ་ཡང་།། བྱང་བུ་བྱས ་ལ་ལིང་ག་བྲི། ། གཞན་དུ་མགོན་པོ་ཡབ་ཡུམ་གྱི།། འཁོར་ལོ་ལེགས་པར་བྲིས་པ་དང་།། སྒྲུབ་བྱ་སྲོག་གི་འཁོར་ལོ་ནི།། གྲི་གུག་ལྔ་པ་འཁོར་བ་དག། དེ་དག་བར་དུ་བཅུག་པ་དང་།། ཡང་ན་མགོན་པོའི་འཁོར་ལོ་དང་།། བསྒྲུབ་བྱ་དུ་ཡོད་ལད་ཁ་ནམ།། ་དེ་ཡི་ནང་དུ་དྲིལ་བར་བྱ།། འཁོར་ལོ་མཚན་སྐུད་རྣམ་ལྔས་དཀྲི།། དེ་ཡི་ཕྱི་རོལ་ཀུ་ཤ་ཡི།། རྩ་ཡི་མི་གཟུགས་བྱས་ནས་ཀྱང་།། རང་མདུན་གྲུ་གསུམ་ནག་པོ་ཡི།། ནང་དུ་གཟུགས་དེ་གཞུག་པར་བྱ།། དེ་ལ་ལྷ་དང་དབྱེ་བ་དང་།། ཉེས་པ་བསྒོ། ་ཞིང་བསྒྲག་པར་བྱ།། དེ་ནས་བདག་ཉིད་ལྷ་དང་ནི།། མདུན་དུ་ནག་པོ་ཆེན་པོ་ནི།། ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས།། ཡུམ་དང་བཅས་པ་བསྐྱེད་པ་དང་།། སྤྱན་དྲང་མཆོད་ཅིང་བསྟིམ་པར་བྱ།། ལས་མགོན་རྣམས་དང་མ་མོ་བཞི། ་མ།། རྒྱལ་ཆེན་པཞི་དེང་ཕྱོགས་སྐྱོང་བཅུ།། ལྷ་སྲིན་སྡེ་བརྐྱང་མ་ལུས་དང་།། གཞན་ཡང་དྲུང་ཁྲོད་ཤབ་དང་།། མ་མོ་རོ་ལངས་ལྡེ་སྲུང་དང་།། སྐྲག་དང་དྲེ་དང་བྱག་ཅན་སོགས།། བྱ་། ཁྭ་ཏལ་ལོག་པ་པ།། ཡོངས་སུ་བསྐོར་ཅིང ་ཕྲིན་ལས་བྱེད། ། དེ་ནས་རང་དང་མགོན་པོ་དང་།། ལྷ་མོ་བཞི་ལ་སོགས་པ་ཡི།། ས་བོན་ལས་ནི་འོད་ཟེར་ཡང་།། ལུགས་ཀྱུ་ལྟ་བུ་དཔག་མེད་པས།། བསྒྲུབ་བྱེད་དག་མ་ལུས་པ།། སྙིང་གི་སྲོག་རྩ་ནས་གྲངས་ཏེ།། རང་དབང་མེད་པར་རླུང་གིས་བཏེ། ་མྱུར་དུ་འོངས་པ་མདོག་ཉམས་པ།། རི་ཅིང་སྐྲ་འཛིངས་ཤིན་ཏུ་འདར།། ཡེད་ཡེད་སྡང་ཞིང་སྐྲག་པ་དེ།། ཞགས་པས་བཅིངས་དང་བསྡམས་པ་དང་།། དྲིལ་བུ་ལ་སོགས་སྒྲ་ཡིས་ནི།། ཤིན་ཏུ་དབང་པོ་མྱོས་གྱུར་ཏེ།། དེ་ཡི་རྣམ་པར་ཤེས་པ་ནི།། ་མིང་དང་བཅས་པའི་གཟུགས་ལ་སྟིམ།། དེ་ཡི་དུསུ་གསང་སྔགས་ནི།། འཕྲིན་ལས་སྔགས་རིངས་མཐའ་རུ་ནི།། ཨཱ་ཀར་ཥ་ཡ་ཛཿཞེས་བརྗོད།། མགོན་པོ་ནག་པོ་ཡབ་ཡུམ་གྱི།། ལྟེ་བར་གྲུ་གསུཔ་ལྕགས་ཁང་ནི།། བཙོན་དོང་མུན་ཁང་གནས་པ ་བསམ། ། དེ་ལས་ཐར་དུས་མེད་པར་བྱ།། དེ་ནས་དོར་ཏེ་རོགཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན།། མཐའ་མར་ལས་སྦྱོར་དུས་སུ་ཡང་།། བསྒྲུབ་བྱའི་ཐེམ་པའམ་ལ་མ་དག་ཏུ།། མནནས་བྱས་ལ་ཕྲིན་ལས་བཅོལ།། གལ་ཏེ་དེ་ཉིད་སྦྱིན་སྲེག་གིས།། ལས ་སྦྱོར་བསྒྲུབ་བྱའི་ཆུ་རྗེས་སོགས། ། དྲི་མ་གོས་དང་སྐྲ་སོགས་དང་།། ཚ་བ་གསུམ་དང་དུག་སྣ་དང་།། ཁྲག་དང་སྐྱེ་ཚེ་ཤང་ཚེ་དང་།། ད་དྷུ་ར་དང་དེ་ལ་སོགས།། ས་སཱ་གཞན་དང་སྦྱར་བར་བྱ།། བོང་བུའི་ཆུ་དང་བསྲེས་ནས་ནི།། འཇིམ་པ་བྱས་པ་གཡོག ་པར་བྱ། ། དུག་ཚུ་རོ་སོལ་དག་གིས་ན།། དེ་ལ་བྱུག་ཅིང་གནས་ལྔ་རུ།། སེང་ལྡེང་ལུགས་པུ་བ་ཏབ་ལ་བཞག། དེ་ཡིས་ལུས་པ་ཐམས་ཅད་ལ།། སྤྲ་ཚིལ་གྱིས་ནི་བྱུག་པར་བྱ།། དེ་ལ་དྲག་པོའི་ཤིང་གིས་ནི།། ཆེར་མ་སྣ་ཚོགས་བཅུགས་ལ ་གཞག། གྲུ་གསུམ་ཨེ་ཡ་ནང་དྲ་ནི།། དེ་གཟུགས་བྱི་ནང་དག་ཏུ་གཞག། ཁ་ནང་དུང་ཁྲོད་ཐལ་བས་བརྗོད།། དེ་ནས་དང་ཁ་བཅད་ལ་བཞག། དེ་ལཐུན་བཞིར་བྱ་བའམ།། དུས་དྲུག་དག་ཏུ་བྱ་བ་ནི།། རྣལ་འབྱོར་པ་ཡིས་སྟོར་བལྟས་པ།། ་ན་མདམ་ན་མེད་ས། 5་དུས་པ་ལ་གྱུ། རྣམས་། ཅག་གཟུག་པ་ས་ཅག་པ་།། ན་པང་བས་ན།། ། ཌཱུ་ན་གགས་ས་ས་། ་ལ་སྔགས་བཟླས་ཤིང་།། དུས་དུས་དག་ཏུ་བརྡེག་པར་བྱ།། སྐབས་སྐབས་དྲུག་གི་ཆུ་ཡིས་བརྡེག། གལ་ཏེ་གུ་གུལ་ནག་པོ་དག། གཆེན་དག་གིས་བདུག་པར་བྱ།། ཡང་ན་འབྲས་བྲམ་ལ་ན།། ཅོཾ་ལམ་ཡ་དྲ་བསྲོ།། དེ་ན ་སྔགས་ཀྱིས་བརྡེག་པར་བྱ། ། འདིས་ནི་ཉེ་བར་འགྲུབ་པར་འགྱུར།། དེ་ལྟར་ཆོ་གའི་ཐབས་འདི་ཡིས།། དགྲ་ཡི་ཁང་པར་བྱ་རོག་དག། མང་པོ་འབའ་ཞིག་སྐད་འདོན་དང་།། ལུས་ལ་ཚབས་ཐེབས་ལ་སོགས།། དུ་མའི་ཚེ་འཕྲུལ་འབྱུང ་བར་འགྱུར། ། དང་པོར་ནང་རྟགས་གསལ་བར་འཆར།། ཕྱི་རྟགས་རིམ་གྱིས་འབྱུང་བར་འགྱུར།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་དྲག་པོའི་མངོན་སྤྱོད་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་གདུག་པ་གདུལ་དོན་དུ། ་ནག་པོ་ཆེན་པོ་ཁྲོས་པ་ཡི།། བསྒྲུབ་པའི་རིམ་པ་མཆོག་གྱུར་པ།། གཞན་ཡང་རབ་ཏུ་བཤད་པར་བྱ།། རྗེ་བཙུན་ཧེ་རུ་ཀ་དཔལ་དང་།། ནག་པོ་ཆེན་པོའི་ལྷ་ཚོགས་རྣམས།། ནམ་མཁར་མངོན་པར་ལྟས་ནས་ནི།། བདུན་པོ་ཡོངས་སུ་དག་པར་བྱ། ་བཟོད་པར་གསོལ་ལ་གཤེགས་སུ་གསོལ།། དེ་རྗེས་སྟོང་པའི་ངང་ལས་ནི།། ཚད་མེད་བཞི་པོ་བསམ་པར་བྱ།། བྱང་ཆུབ་སེམས་ཀྱི་ང་ལས་ནི།། པད་མ་ཟླ་ཉིར་གནས་པ་ཡི།། ཏཱཾ་ཡིག་ནག་པོ་བསམ་པར་བྱ།། དེ་ཡི་འོད་ཀྱིས་ཁྱབ་པ་ལས ་བསྡུས་ཤིང་སྐད་ཅིག་ཡོངས་གྱུར་པ། ། དཔལ་ལྡན་ནག་པོ་ཆེན་པོ་ནི།། ཞལ་གཅིག་པ་ལ་སྤྱན་གསུམ་པ།། ཕྱག་གཉིས་སུ་མདོག་ཤིན་ཏུ་ནག། དབུ་ས་ཁམ་ནག་གྱེན་དུ་བཛེས།། གཡས་པ་གཤིན་རྗེའི་ལྕེ་འདྲ་བའི།། གྲི་གུག་ནོན ་བོ་འཛིན་པར་མཛད། ། གཡོན་བཐོད་པ་ཁྲག་དཀང་སྐམས།། བོད་པས་སྒྲ་མཚམས་བཅིངས་པ་དང་།། ཡན་ལགཟུང་ཤིང་རགས་པའི་གཟུགས།། མཆེ་གཙིགས་འཇིག་སུ་རུང་བ་སྟེ།། ལྟོས་འགྲོ་བརྒྱད་དང་རིན་ཆེན་བརྒྱད།། རྒྱུ་མའི་ག་ཤ ་སྐག་ལྤགས་ཅན། ། མི་མགོ་རློན་པའི་ཕྲེང་བ་འཕྱང་།། ཞལ་ནས་ཁྲག་འཛག་གད་རྒྱངས་ཅན།། ཕྱག་རྒྱ་དྲུག་གིས་སྐུ་ལ་སྤྲས།། དྲག་པོའི་ཉམས་དང་ལྡན་པ་སྟེ།། སྐད་ཅིག་ཙམ་གྱིས་བསྐྱེད་པར་བྱ།། དེ་ཡི་ཐུགས་ཀར་ཉི་མ་ལ། ་ཡེ་ཤེས་སེམས་དཔའ་གསལ་བར་དམིགས།། ཏིང་འཛིན་སེམས་དཔའ་དང་བཅས་པ།། རྟེན་དང་བརྟེན་པར་བཅས་པ་བསམ།། དེ་ལ་འདི་ཡི་གསང་སྔགས་བྱུང་།། ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུ~ཾ་ཕཊ།། ཛཾ་སྲིད་སྐྱོ་བར་མ་གྱུར་པ།། གསང་སྔགས ་ཕྲེང་བ་བཟླས་པར་བྱ། ། དེ་ནས་ཤ་ཆེན་སྤོས་བསྲེག་ཅིང་།། གཞན་ཡང་དུག་དང་ཁྲག་ལ་སོགས།། བདུག་པའི་དུ་བས་མཆོད་པར་བྱ།། མ་ཤ་འབྲས་དང་སོ་བ་དང་།། འབྲུ་ནག་མེ་ཏོག་བྱུག་པ་དང་།། སྒྲོན་མ་ལྔ་དང་མི་འཆི་ལྔ།། ཁུར་བ་ཆན་དང་ཆང ་ལ་སོགས། ། གཏོར་མ་ནག་པོ་ཆེ་ལ་དབུལ།། མཆོད་དང་བསྟོང་པ་ཚུལ་བཞིན་བྱ།། འདི་ཡི་ཉེ་བར་སྤྱད་པ་ནི།། བསྒྲུབ་བྱའི་ཟག་པའི་རྫས་རྣམས་དང་།། ཚ་བ་གསུམ་ལ་སོགས་པ་ལ།། གང་གི་མང་དང་བཅས་པའི་གཟུགས།། བྱས་ཏེ་དྲག་གི ་བྱུགས་ནས་ཀྱང་། ། ཚེརམས་བཀང་ཏེ། ཐབ་ཁྲང་དུ།། འབྲས་ཕུབ་མ་ལ་གདུང་འསོགས།། བྱ་བ་སྣ་ཚོགས་ལས་བྱས་ན།། གང་ཅིག་གིས་ནི་བརླག་པར་བྱེད།། རྡོ་རྗེ་སློབ་དཔོན་སློང་བྱེད་ཅིང་།། སངས་རྒྱས་བསྟན་པ་འཛིག་བྱེད་པ།། དཀོར་མཚོ། ་གསུམ་ལ་ལྡང་བ་དང་།། སེམས་ཅན་ཀུན་ལ་འཚེ་བ་རྣམས།། འདི་དགནག་པོ་ཆེན་པོས་བསྒྲལ།། ཡན་ལག་དག་གི་ཤཅོད་ལ།། མགོན་པོ་ནག་པོའི་ཞལ་དུ་གསོལ།། ཡང་ན་དེ་ཡི་སྦྱིནས་ནི།། ལ་ཙམ་དུན་མཛད་དུ་གསོལ།། ཁྲག་གི་རྦྷ། ་ཡང་འཐང་བར་མཛོད།། དེ་ལྟར་ཕྲིན་ལས་ལས་བཅོལ་བྱ།། དེ་ནས་སྦྱི་བ་སྲེག་བརྣམ་པར་བྱ།། པུང་ཤུལ་གཡུལ་སྤང་ལསོགས་པ།། དུང་ཁྲོད་སོལ་པས་བྱུག་བྱས་ཏེ།། གྲུགས་མ་རིམ་པ་ལ་སྦྱོར་ལྡན།། དེ་ཡིན་དུ་དྲག་པའི་ཤིང་།། ཚེར་མ ་ཅན་གྱིས་བརྩིགས་པར་བྱ། ། མཆོ་དང་སྲེག་རྫས་གཏོར་མ་དང་།། བསྒྲུབ་བྱའི་ལོང་གཤ་ཆ་དང་།། ལུང་ས་དཀར་བརྒྱས་པ་ཡོངས་སུ་བསྐོར།། སྔགས་པས་ལྷོར་བལྟས་ཏིང་འཛིན་ཞུགས།། མེ་ལྟ་བསྐྱེད་ཅིང་དགུག་གཞུག་བྱ།། ལིང་གཟུང། ་གསནས་རྣས་།། མ་སྣང་བམགས་། ། །། ག་ག་།། ས་བྱུ་། 5་གས་ག་མྱེད། ་གདབ་ཙལ་སཿ།། ཤིན། ཨུ་བར་རྟགས་རྣམས་འཕྲུལ།། ནན་པ་ཅན་པའི་བས་པའིམས།། མཐབ་ལནགས་མ་ཐུགས་པ་དང་།། སཐོས་འབྲོག་ཅིང་ཟུང་པས་འཐག།། པལ་མངོན་པན་པོ་ག་པ ་ངསས་ངག་པ་། བརྟེན་པའི་སེ་བནུཔ་འོ།། དེནས་དཀྱིལ་འམ་ན་པ།། ང་ཐོང་རྣམ་པ་ང་རྫོ་བ། ཉི་བ་བཞིའོན་ས།། དག་པཔ་བཤང་བ་བྱ། གས ་དྲུག་བཅུ་རྩ་བའིའི་འཕྲིན་ལས་དང་། ། འདི་ཉིང་གསང་བའི་མགོན་པ་ཡི།། ཐབས་མཆོག་འཛིན་ཀུར་ཏུམས།། དཔལ་ལྡན་མགོན་པོ་རྡོ་རྗེ་ཅན།། ཁྲོ་བོ་བཞིན་གཤེགས་པའི་ས།། དཀྱིལ་འཁོར་དབུས་བཞུགས་པ་འབོར།། ཤི་ཏུ ་འཐོང་ཤིང་འབར་བའི། ། འང་མོང་གུ་བའི་དབུས་ས་ནི།། ས་ཚོགས་པ་མ་ཉིད་བུས་ལ།། དཔའ་བ་ཆེན་པོ་བྱེད་དབྱལ་ཚུལ།། འལ་ཅིག་པ་ལ་ཕྱག་བཞི་པ།། སྤྱན་གསམ་བྱར་ལལྟར་དམ།། བླ་མ་ངག་ཀུན་པ་འཇིགས་རྟེན་གོ།། ཁང ་ཕྲེང་བས་རྣམ་པར་བརྒྱད། ། ཕྱག་ཏུ་ལ་ལྡན་གང་གྱིས་རོལ།། དང་པོས་ཐེ་གྲག་བོང་བ་དང་།། གཉིས་པར་ས་ཁ་ཊྭཱཾག། ཐབ་ཏུང་རྒྱན་པ་ཕྲིན་ལས་ཅན།། དེ་ལ་ཐུགས་པར་གནས་པ་འི།། སབོན་སྒོ་དང་བསྡུ་བ་དིངས།། ཨོཾམ་ཧཱ ་ལ.་ཀར་ཨ་མ་མ་གསན་ལགས་མ་ཡ་སྟེ། ། ཐམས་ཅད་སྣད་ཅིང་བང་བྱེད་པ།། ཡང་ཅིག་ཙམ་གྱིས་པསྐྱེད་པེར་བྱ།། དེ་ཡི་ཤར་གྱི་འ་མ་ལ། དྲག་པ་ཤིན་ཏུ་འཇིགས་པ་སྟེ།། ཞལ་གཅིག་ཅག་པ་ནི་སྦྱིན་གསུམ་པ།། མཐིང་ན། ་རྔམ་པའི་ཚུལ་དུགནས།། དེ་ཡི་མདུན་དུ་རྐར་བྱེད་མ།། གཡས་སུ་མེ་སྡུག་དྲག་པོ་ཆེ།། གཡོན་དུ་འཇིགས་མ་གནས་པ་དང་།། དྷ་བ་དྲ་སྲ་མ་རྣམ་པར་རོལ།། ནག་ཟེ་། ཡེ་ཕྱོགས་སུཏེ། དྲག་པོ་ཆེན་པོ་དུ་བའི་མདོག། ཞལ་གཅིག་ཅ། ་བཞི་སྤྱན་གསུམ་པ།། ཐོང་ཕྲེང་གིས་བརྒྱར་གཙིགས་པའི་ཚུལ།། དེ་ཡི་མདུན་དུ་རྣམ་རྒྱལ་མ།། གཡ་སུ་རྣམ་པར་རྒྱལ་བམ།། རྒྱབ་དུ་མི་སྡུག་མ་གནས་ལ།། གཡོན་དུ་གཞན་གྱིས་མི་ཐུབ་མའོ།། ལྷ་གཏེར་མཉམ་གནས་ནུབ ་ཕྱོགས། ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ།། མདོག་སེར་རྒྱུ་མའི་ཕྲེང་བས་བཀྲིས།། ཤིན་དུ་བཞད་པའི་ཚུལ་དུ་གནས།། དེ་ཡི་མདུན་དུ་ནག་མོ་ཆེ།། གཡས་སུ་དྲག་ཆེན་དྲག་ཤུལ་ཅན།། རྒྱ་བདུན་གསོམ་མི་གནས།། གཡོན་དུ་བ ་མོ་མཆེ་བ་ཅན། ། ན་མ་ཁྱབ་བྱེད་བྱང་ཕྱོགས་སུ།། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ།། ཆར་སྤྲིན་ནག་པོའི་མདོག་འདྲ་བ།། ཤིན་ཏུ་གདངས་ཤིང་ལྗགས་འདྲིལ་བ།། དེ་ཡི་མདུན་དུ་དབང་མོ་སྟེ།། གཡས་སུ་ཟླ་བ་མོ་ཞེས་བྱ།། རྒྱབ་ཏུ་དྲག་ཏུ ་སྡང་བ་ལ། ། གཡོན་དུ་རྣ་བ་འཕྱང་བའོ།། གཙོ་བོ་ནག་པོ་ཆེན་པོ་ནི།། ཤར་ལྷོ་མཚམས་ཀྱི་གནས་བཞུགས་པ།། གཙིགས་པ་ཅན་ནི་ཤེལ་གྱི་མདོག། སྟག་ལྤགས་གོས་ཀྱིས་དཀྲིས་པའོ།། མདུན་དུ་ལྷ་མོ་འཕྲོག་བྱེད་མ།། གཡས་སུ ་འབར་བྱེད་ལ་གནས་ལ། ། དེ་ཡི་རྒྱབ་ཏུ་འཇིབ་བྱེད་མ།། གཡོན་དུ་ཡུལ་སྐྱོང་མ་གནས་སོ།། གཙོ་བོར་གྱུར་པའི་ཀླུ་ཡི་ནི།། ལྷོ་ནུབ་མཚམས་སུ་བཞུགས་པ་ནི།། མི་སྡུག་པ་ནི་དུ་ར་བའི་མདོག། ཤིན་ཏུ་མི་སྲུན་གཟུགས་འཆང་བ།། གཅིག ་གི་ཀོ་བ་རློན་པས་དཀྲིས། ། མདུན་དུ་འཇིགས་བྱེད་དྲག་མོ་ཆེ།། གཡས་སུ་གཟུགས་ཆེན་པོ་ཞེས་བྱ།། རྒྱབ་དུ་མཆེ་བ་གཙིགས་མ་སྟེ།། གཡོན་དུ་ཐོད་ཅན་མ་ཡིན་ནོ།། ནག་པོ་ཆེན་པོའི་སྐུ་ཡི་ནི།། ནུབ་བྱང་མཚམས་ཀྱི་གྲཝར ་བཞུགས་པ། ། དགའ་བར་ལྡན་པ་པད་མར་མདོག། གླང་པོའི་ལྤགས་པ་འཛིན་པའོ།། དེ་ཡི་མདུན་དུ་ཐོད་ཕྲེང་འཛིན།། གཡས་སུ་ཕྲེང་བ་འཛིན་མ་སྟེ།། རྒྱབ་ཏུ་ཏྲི་ཤཱུལ་འཛིན་མའོ།། གཡོན་དུ་ལྟོས་འགྲོ་བསྣམས་པའོ།། གཙོ་བོ་ནག་པོ ་ཆེན་པོ་ཡི། ། བྱང་ཤར་མཚམས་སུ་གནས་པིན།། ལོག་སྲེད་ཅན་གྱི་རྫ་གསེར་མདོག། སྤྲེའུའི་ལྤགས་པ་འཛིན་པ་མོ།། དེ་ཡི་མདུན་དུ་རལ་གྲི་མ།། གཡས་སུ་དགྲ་སྟ་འཛིན་མ་སྟེ།། རྒྱབ་ཏུ་རྡོ་རྗེ་མདའ་ཐོགས་མ།། གཡོན་དུ་རྡོ་རྗེ་གཞུ་མའོ།། ཁྲོ་བོའི ་ཕཉ་འདི་དག་ནི། ། ཞལ་གཅིག་ཕྱག་བཞི་གར་གྱི་ས་རོལ།། དང་པོ་གྲི་གུག་ཐོད་པ་འཛིན།། གཉིས་པས་ཌ་མ་རུ་དང་ནི།། ཏྲི་ཤཱུ་ལ་ནི་འཛིན་པར་མཛད།། ཕོ་ཉའི་རྣལ་འབྱོར་མ་འདི་དག། འདི་དག་ཕལ་ཆེར་ཞལ་གཅིག་ལ།། ཕྱག་གཉིས་གྲི་གུག ་བོང་བ་ཅན། ། ནག་པོ་སེར་མོ་དམར་ལྡང་སྟེ།། ཕྱག་རྒྱ་ལྔ་དང་ལྡན་པའོ།། དུར་ཁྲོད་གནས་སུ་རོལ་པར་མཛད།། ཕོ་བྲང་དེ་ཡོ་ཕྱི་རོལ་དུ།། ཞིང་སྐྱོང་རྣམས་ཀྱིས་ཡོངས་སུ་བསྐོར།། ཀ་ཊ་ཧེ་རེ་ཀ་ཏཾ་ཤིང་།། ཤན་ཏི་པ་ལ་ཡབ་ཡུམ་ཅན།། ཀཽཎ ་ཀིར་ནི་རོ་ཡི་ཤིང་། ། གྷན་དྲཱ་པཱ་ལ་ཡུམ་དང་ལྡན།། དྷཱ་བར་ཏ་བ་ཡི་ཤིང་།། ཨཾ་གི་པཱ་ལ་ཡབ་ཡུམ་སྦྱོར།། ཀོ་ཊར་དྷཱི་བ་དྷི་ཤིང་།། ཛྭ་ལ་པཱ་ལ་ཡབ་ཡུམ་སྦྱོར།། བྷ་རི་ཙི་ར་ཏ་ཨ་འབྲའི་ཤིང་། ཤྭ་ར་དྷས་གཉིས་མེད་གནས།། ཨོཊ་དབྱངས་ཅན་ཀ ་ནཀའི། ། ཀ་བཱ་ལ་ཡཾལ་སྲུ་བ་བྱེད།། སཊ་བཱ་རུ་ཛཱ་དིའི་འབྲས།། གྷན་སྟོང་དེ་བསྟན་ཅིག་སྦྱོར།། ཨོཾ་ལ་བུ་རི་རག་ཏེ་བ་ཡིན་པ་ཅན།། རྐ་ན་མེན་ཡབ་ཡུར་སྦྱོར།། མི་བར་རྩ་བའི་སྡོང་།། ཙན་དུས་ནི་གོ་སའི་བདག། མ་རི། ཡ་ཐང་སྤོར་ཤིང་།། ་བྱིན་བཀྵེ་ཏྲ་བ་ལར་ལྡན།། ནཱ་ག་པ་ར་རས་ཤིང་ཅན།། ཀེང་རུས་ལྡན་པ་རོལ་བར་འགྱུར།། སུ་རྒེ་པར་རི་ཛྭ་ལུའི་ཤིང་།། བུ་མེ་རྐང་པ་རྟག་ཏུ་རོལ།། ཛ་ལ་དྷ་རར་ཁང་བརྩེགས་ཤིང་།། བྲམ་པ་ཅན་དེ་བདེ་བར་རོལ།། ཟླསྲ་གུ་བར་དྲུག་ན ་འཁྲུག། དྲབ་ཏྲིབ་མཉམ་པར་གནས།། སོས་པར་ནདྲིལ་ཤའི་ཤིང་།། སྐྲག་ཅན་སྒྲོགས་པའི་ཡུམ་དང་བཅས།། ཙར་བའི་ཀར་ན་ཅར།། མཛེས་པ་ཤག་ཏི་ཅན་སུམ་ལྡན།། ཨོཿཡ་བར་ཨ་ཤོགསྟེ།། ཤིན་ཏུ་སྐྲགཅན་གས་སོར་བས ་གང་འཛིདམས་དཀཀོའོ། ། སྲེད་པར་དང་འབོད་བར་ཕྱུག་བཅས།། ཀྵི་ཀེ་བ.རས་ལ་ཤིང་།། ལྷུན་པོའབར་བདབང་བྱུག་བཅས།། རིགསངས་ལ་ཤིང་།། ཐུན་པོ་འབར་བརྟ་ཅིག་ཅས།། ཡང་མ་འབྲར་ཁྲུང་པོའི་ཤིང། ་སྟོབས་ཆེན་འཇིགས་པ་གནས་བྱེད་པའོ།། བུ་ཊ་ནར་ནི་དྷ་པྲའི།། ཨ་བྷ་ཀེ་བ་བརྟུལ་ཞུགས་འཛིན།། རཱ་ཛ་གྷི་ཧ་ར་ཛ་བ་ན།། སྣ་ཆེན་ཇི་ལི་སྒྲགཅན་ནོ།། བདེ་བ་ཅན་དུ་རང་བྱུང་བྲག། ཐུབ་དཀའ་རྒྱལ་མཚན་འཛིན་མར་བཅས།། མ་ཧཱ་ཏཱ ་ཡེར་ཙན་དན་ཤིང་། ། སྣ་ཚོགས་དབང་ཕྱུག་དབང་བསྐུར་བཅས།། འདི་དག་ཀྵེ་ཏྲ་པཱ་ལ་ནི།། ཞིང་སྐྱོང་ཞལ་གཅིག་ཕྱག་བཞི་པ།། གྲི་གུག་ཅང་ཏེ་གཡས་པ་ན།། གཡོན་པ་ཐོད་ཁྲག་ཅི་གསུམ་ཅན།། ཡུམ་ནི་སོ་སོའི་ཕྱག་མ ་ལྡན། ། སྐྱེ་གནས་ལས་བྱུང་སྣ་སྒྲོགས་མཛད།། རྟག་ཏུ་སྒྲུབ་པ་པོ་རྣམས་ཀྱིས།། ལུས་ལ་ཡང་དག་གནས་ནས་ནི།། དངོས་གྲུབ་སྟེར་བྱེད་སྟོབས་མཆོག་བྱེད།། འདི་དག་ཞིང་སྐྱོང་ཐུགས་བརྩེབས།། རྟག་པར་མཚན་མོ་འདྲ་བར་མཛད།། འདྲ ་དགས་གསུམ་ཁྱབ་པ་སྟེ། སྣ་ཚོགས་མདོག་ཅན་འབར་བའོ།། ཨོཾ་ཤཱན་ཏི་ཀྵེ་བ་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ་སྨྲྀ་ཏི་ཧཱ་ཕཊ། ཨོཾ་བྷ་ལན་བཱ་ཧཱུཾ་ཕཊ། ཨོཾ་ཤང་ཀ་རི་ཧཱུཾ་ཕཊ། ཨོཾ་ཀ་ལ་དྷི་བ་ཧཱུ~ཾ་ཕཊ། ཨོཾ་ཛ་ཡ་བྷ་ལན་ཧཱུ~ཾ་ཕཊ། ཨོཾ་བེ་སུ་བྷ་ག་ཧཱུ~ཾ་ཕཊ། ཨོཾ་བརྞ་སན ་ཨོཾཀྵ་ཏྲ་པ། ཨོཾ་ཀཱི་ལོ་ཀཱི་ལི་བེམ་བེས་པ་ཕཊ། ཀྵ.ེ+ེ་ཀྵ་ཎཱ~ཾ་ཀ་ཏ་ཀཎ། ཝ~ཾ། བཙ་བ་ཙ། ཧཱ་ཧཱུཾ་ཊ་ཕཊ། ཧ་སཱ་ཏ་ཏཱ་རཱང་རཱི། ཀྲུ་ཀྲ་ཀྲ་ཀྲ། ཥ་ཁ་ཁ་ལ། རུ་རུ་རུ།། ཀ། ་ལགས་པསས་པ་ནས་པ་པ་། ཨོཾཀྵེཀྵ། ས།། ཐལན་ཉི་བན་པ།། ག་པར་ན་ས་ག་ཅན།། སུགས་ཟུགས་ཀྱི་བར་མ་། ་གསུམ་རྣམ་པར་ཁྱབ་ནས་གནས།། འདི་དག་གསང་བའི་སྔགས་ཡིན་ཏོ།། གཞན་དུ་ནམ་ཡང་འཁྲུལ་བར་འགྱུར།། ཨོཾ་ཌཱ་ཀཱ་ནཱི། ཀ་ཀཀྵ་ཏ་ན། བྷ་བ་བན་དྷ་ན།། ཥ་ཁ་ཁཱ་ཧི་གན་དྷ་ན། སརྦ་དུཥྚ་ནཾ། ཧ་ན་ཧ་ན། གྷགྷ། གྷཱ་ཏ་ཡགྷཱ་ཏ་ཡ། ཨ་མྲ། ་གསྱ་ཤཱི་ཏ~ཾ་ཀུ་རུ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ།། འདི་དག་གྲུབ་པའི་རྣལ་འབྱོར་མ།། དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད།། འདི་ཉིད་དཀྱིལ་འཁོར་དགོད་པ་ཡིས།། སྣ་ཚོགས་ཕྲིན་ལས་བྱེད་པ་སྟེ།། དུར་ཁྲོད་བརྒྱད་ཀྱི་བདག་པོ་མཆོག། པ་ཉ་ལེགས་བརྟེན ་འཁོར་ལོ་ཡིན། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་དུར་ཁྲོད་ཀྱི་བདག་མོ་རྣམས་དང་། ཕོ་ཉ་བ་ཁྱད་པར་བ་རྣམས་དང་། མ་མོ་དང་ཞིང་སྐྱོང་གི་ཕྲིན་ལས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གཞན་ཡང ་ཉེ་ཤུ་བའི། ། གསང་བའི་མགོན་པོ་འདི་ཉིད་ཀྱིས།། དཀྱིལ་འཁོར་པོ་བྲང་གནས་པའོ།། མཁའ་འགྲོའི་གསང་སྔགས་བསྟན་པར་བྱ།། པོ་ཉ་ལེགས་སྐྱེས་རྣལ་འབྱོར་མ།། དྷ་མཚོ་དང་ནི་རོ་ཡིས་ནི།། ལྟེ་བའི་རྡོ་རྗེ་ནོར་བུ་དང་།། བད་མ་རལ་གྲིའི་རིགས་པ ་དས་ཚིག་ཡེ་ཤེས་པདེ་གཤེགས་ཀྱིས། ། སྣ་ཚོགས་ཤཟའ་མ་མོ་རྣམས།། གནས་སྐྱེས་ཡུལ་དང་གྲོང་གནས་པ།། ཀླུ་ཡིས་མཚོན་པས་ཅན་ཏུ་བྱེ། ཨ་བྷིར་འི་ནི་སྲཱ་ལཱ་ཊྚཱ་ཏྲིནི། ཤཀར་ཡི་ནི་དྲི་ལ་མུ་ཁི་ནི། བཱ་ཡུ་བེག་ནི། བྲན་ཎི་མི་རུ ་རཱ.་ཀྵི་སི་མནྟྲ་ཎ་སེ་ནི། ཨ་སཾ་ནི་ཡ་མ་ནི། ཀ་རི་ཏི་ནི་ལམྦྷི་ནི། བི་ཛ་ཡ་ནི། བཱི་དཱར་ཡེ། ཤཱི་ཛ་ཡ་ཀར་ནི། ཤཱི་བཛྲི་ནི། ཀཾ་ཀ་ལི་ནི། ཀཱ་ལ་རཱ་ཏྲི་ནི། པྲ་ཀྲོ་དྷ་མཱ་ལ~ཾ་ནི། ཀ་ལི་དི་དྷ་ནི། གར་ལི་ནི། ཁཛྲ་བྷྲེ་བཱ་ཀ་ནི། དྷཱ་རུ་སི་ནི། ཡ་ནི་མ་ན་མཾ་ཀ་རི་ནི། ་པྲི་ཀ་རས་ཏི་སཱ་ནི། རང་ན་མཱ་ལི་ནི། སུཿཀྵི་ནི། ཀུ་སུ་ལི་ནི། ཁད་ཏྲ་ནི། བཛྲ་པྲ་བྷ་ནི། བཛ་ཀཱ་ལ་ཡཻ་ནི། ས་མ་བཉྩ་ནི། ཀ་མ་ནི་བྷི། ཙི་ཏྲ་ལིག་ནི། ཤུ་ཀི་ནི། སརྦ་དྷི་ན། སུ་དཱ་རི་ནི། གྷ་ལས་ས་ནི། པད་མཱཀྵི་ནི། ཛ་ལ་ཛ་ལ་ཁ་ཎི་བྷ་བ་བྷཱུ་དྷི་ནི། ཤཱ ་ར་ནི། ། ཙན་དྲ་ལི་ཁིན། ཙཎ། མུ་ཁི་ནེ། ཧ་ས་ལྤ་ར་མི་ནི། ཝཱ་ག་མེ་ཤྭ་ར་ནི།། གྷི་ཏ་རུ་དྲ་ཡེ། ཀ་ར་ནི་སྲ་ཀ་བྷི་རུ་ས་ནི། མྲི་དྷ་ནི་དྷི། གྷ་རིན། ཤ་ཥོ་ནི། སུ་ཤི་གྷྣ་ན། བྷན་དུ་བྷ་ར་ནི། ཤྲཱི་མུ་ཁི་ནི། བ་ར་ཀ་ལེ་ནི། ཀ་ལི་ནི། ཧ་རི་ནི་ཐཱ་ཡེ། པད་མི་ནི། ན་གྲ་བ ་ཨཀྵི་ནི། བྷི་མ་ལ་ཙན་གྲི་ནི་སྭཱ་ཧཱ། བཀྵ་བཀྵ་སརྦ་ཡོ་གི་ནི་ཀེ་མི་ཤྭ་རི། སརྦ་དུཥྚ་གརྫ་གརྫ་གྲིཧྞ་གྲི་ཧྞ་ཧཱུཾ་ཕཊ།། ཚེས་བརྒྱད་དང་ནི་ཉ་བ་དང་།། ཉི་ཤུ་དགུ་དང་དགུ་སྟོང་དང་།། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི།། ལས་ནི་ཐེ་ཚོམ་མེད་འགྲུབ། ་པའོ།། དབྱུག་གུ་ག་པའི་པོ་ཉེ་དང་། ཆུ་ཚོད་ཀྱི་ནམ་མོ་དང་།། འཕོ་བ་གནོད་སྦྱིན་པ་ཕྲག་གཉིས།། ཐུན་ནི་པ་ཉི་ཏུ་དག་གོ།། དུས་སྦྱོར་བཅུ་གཉིས་གནས་པའི་ཡུལ།། ཉི་ཤུརྩ་བཞིདེ་ཡི་ཕྱེད།། རྦ་རླུང་ཡི་གེ་ཁམས་ལ་རྒྱུ།། འཆིང་གོ་ལ་ཆར་གཅོད། ་རྗེས་འཛིན་པའོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། བྱི་དང་ནད་གི་དངོས་པོ་ཕོ་ཉ་མོའི་ལས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ནག་པོ་ཆེན་པོ་གཏུམ་པོ་ནི།། ཞལ་གདངས་མཆེ་གཅིགས ་ལྗགས་འདྲིལ་ཅིང་། ། ཨལ་ལ་ཡི་སྒྲ་སྒྲོགས་པ།། རབ་འཇིགས་བཞེངས་པའི་སྐབས་ཀྱིས་ནི།། གསང་བ་མཆོད་བྱེད་ལྷ་མོ་བརྐྱད།། ཀུན་ནས་གར་གྱིས་རོལ་པ་སྟེ།། འདི་ཡིས་ཕྲིན་ལས་དབང་ཐོབ་བྱེད།། ཨོཾ་བཛྲ་ཀ་ལཱུ་པ ་པཉྫ་ཀཱ་ལི་ཡ་ཧཱ་ཧཱུ~ཾ་ཕཊ། ཨོཾ་གྲིདྡྷ་ས་གུ་ཡ་ཧཱ་ཧཱུ~ཾ་ཕཊ། ཨོཾ་བྷ་ག་བྱ་གྷ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷན་སུ་བ་ར་ཡེ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་སི་མ་ལ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷ་ན་ཤཱ་ཎ་སྱཻ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་ཀྲོ་ནེ་དྷ་ཀ་ར་སྱཻ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་ཨུ་ལུ་ཀ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ག་རུ ་ས་གུ་སྱཻ་ཧཱ་ཧཱུ~ཾ་ཕཊ། འདི་ནི་དཔལ་རག་པོ་ཆེན་པོ་འཁོར་ལྷ་མོ་བརྒྱད་དང་བཅས་པའི་སྔགས་ས།། མར་ནེ་བྱེད་དུས་ན་གཏོར་མ་འབུལ།། ཤ་ལྔ་དང་ནི་བདུད་རྩེ་ལྔ།། ཕྱིས་བྱེད་སྟོབས་དང་བཅས་པས་མཆོད།། གསང་བ་སྒྲུབ་པོའི་མཆོག་ཏུ་བཤད ་བསྙེན་པ་མངོན་དུ་སོང་བ་ཡིས། ། དབེན་པར་དུག་དང་ཚ་བ་དང་།། ས་ལ་དགྲ་བོའི་གཟུགས་བྱ་སྟེ།། གྲོ་གའམ་ནི་རོ་རས་ལ།། རྒྱ་སྐྱེགས་དུག་དང་ཁྲག་རྣམས་ཀྱིས།། བྱ་རོག་མོ་ཡི་རུས་པས་ནི།། གཟུགས་བྲིས་དེ་ཡི་སྙིང་ཁར་ན།། ཨེ་ཡི་རྣམ་པའི། ་འཁོར་ལོ་ལ།། མཱ་ར་ཡ་ཡི་མཐའ་ཅན་གྱི།། མན་ངག་བཞིན་དུ་བྲི་བར་བྱ།། དེ་ནས་རྐང་བ་ནས་བརྩམས་ཏེ།། དྲིལ་ལ་དུར་ཁྲོད་སྐྲ་ཡིས་དཀྲི།། སྔར་གྱི་གཟུགས་ཀྱི་སྙིང་ཁ་རུ།། བཅུག་སྟེ་ཚིགས་དང་ལྟེ་བ་སོགས།། དུག་དང་བཅས་པའི་ཚེར ་མ་གཟུགས། ། དེ་ནས་སྔགས་པའི་འདོད་ལྟ་ཡི།། ང་རྒྱལ་ཆེན་པོ་རབ་ལྡན་པས།། སྙིང་ཁའི་ཧཱུཾ་ལ་འོད་འཕྲོས་པས།། ལྷ་ལ་བཀའ་བསྒོ་རྣམ་ཤེས་ནི།། མན་ངགཅན་གྱིས་དགུག་པར་བྱ།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཆེ་གེ་མོ་ཨཱ་ཀ་ར་ཥ་ཛ་ཛཿཧཱུཾ ་ཧོས་དགུག་པ་དང་། གཞུག་དང་བཅིང་དང་མྱོས་པར་བྱ།། དེ་ནས་ཚ་བདུག་གིས་བྲབ།། དེ་བཞིན་བདུན་ཕྲག་ཉི་ཤུ་གསུམ།། ཟླ་བ་གཅིག་ཏུ་ལས་བསྒྲུབས་ལ།། དྲག་པོའི་ཐབ་ཏུ་ཚེར་མ་དང་།། བླ་མའི་མེ་ལ་བསྲོ་བར་བྱ།། དེ་ས་ཀྱང་འདུད ་པར་མི་བྱེད་ན། ། བསྟན་པ་བདེ་ལ་གནས་པའི་ཕྱིར།། སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ།། གྲི་ལྕགས་ལས་བྱས་མཚོན་གྱིས་ཉུག་ཁྲག་དང་དུག་དང་ཚ་བ་དང་།། ཚེ་རམ་ལིང་གར་བཅས་ཏེ་བསྲེགས།། ཐལ་བ་བླ་མའི་མནང་ག་ལྟར།། མནན ་དང་ཆུ་བོར་དོར་བར་བྱ། ། གཞན་ཡང་མི་ཤེས་ཐོད་པ་ལ།། དུག་གི་མྱུག་གུས་གཟུགས་བྲིས་ཏེ།། དེ་ཡི་ལྕེ་ལ་ཨུད་མ་ནི།། མིང་སྤེལ་བྲིས་ལ་ཐོད་པ་གཉིས།། ཁ་སྦྱར་སྐུད་པ་ནག་པོས་དཀྲི།། ནག་པོའི་གོས་ཀྱིས་བཏུམས་ནས་ནི།། པི་ཤིས ་ས་ཕྱོགས་དག་ཏུ་མནན། ། བསྙེན་དང་བསྒྲུབ་པས་མཉེས་གྱུར་ན་འཆི་དང་སྨྱོ་བར་འགྱུར་བར་ནི།། ཐེ་ཚོམ་ཡོད་པ་མ་ཡིན་ནོ།། ཡི་དགས་སམ་ནི་དགྲ་བོ་གང་།། གྲོ་ག་ལ་ནི་གཟུགས་བྲིས་ལ།། སྙིང་ཁར་སྔགས་འདིས་བསྐོར་བར་བྱ།། ཨོཾ ་བཛྲ་མ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་བྲིས་གཏོར་མར་བ་ཞུག། དེ་ནས་བསྒྲུབ་སྔགས་བཟླས་པར་བྱ།། དེ་ཡི་རྗེས་ལ་གཏོར་མ་དབུལ།། མགོན་པོ་ནག་པོ་འཁོར་བཅས་ལ།། ཤ་ཁྲག་རྐང་སོགས་བསྟབ་བྱས་ནཔ།། གཏོར་མས ་གསང་བས་བསྒྲལ་བྱ་སྟེ། ། དམིགས་པར་བྱ་བ་མྱུར་དུ་བརླག། གཞན་ཡང་གདུག་པ་ཕ་རོལ་ཏེ།། ནུས་པ་ཅུང་ཟད་ཡོད་གྱུར་ན།། རང་ཤེད་རང་ལ་དབབ་པའི་ཕྱིར།། ངག་མནན་སྦྱོར་བ་འདི་ལྟར་བྱ།། གྲོག་འམ་ནི་རོ་རས་ལ།། ཁྲག་དང་དུག་དང་བདུག་པ་ལྡི ་གཟུགས་ནི་ལྕེས་ཁེངས་སྔགས་བྲི་བ། ། སྟམ་བྷ་མང་སྤེལ་ལྡན་པ་བསྐོར།། ཕྱིན་ཅི་ལོག་དུ་དྲིལ་ལ་བཅིང་།། ཟག་པའི་རྫས་སོགས་ས་ལ་ནི།། ཚ་ཚ་བྱས་པའི་ནང་བཅུག་ལ།། བསྟིམ་ཞིང་མནན་ལ་མདུན་བྱས་ལ།། རྣལ་འབྱོར་སྤྲོ་བསྡུ་ཕྱག་རྒྱ་བཅིང་།། ་བུར་གྱིས་བྲབས་ལ་བཟླས་པ་བྱ།། ལས་བཅོལ་ཞག་བདུན་ཐུན་བཞིར་བྱ།། དེ་ལ་སྔར་བཞིན་བྱས་ནས་ནི།། གནོད་པའི་ས་ཕྱོགས་དག་ཏུ་མནན།། མྱུར་ཏུ་འགྲུབ་པར་ཐེ་ཚོམ་མེད།། ཐོད་པའམ་ནི་སྣོད་གཞན་དུ།། སྦྱིན་བསྲེག་བྱས་པའི་ཐལ་བ་དེ།། ་བུན་རྫས་ཀྱིས་བྲབ་ལིང་གར་བཅས།། ཡང་ན་དྲག་པོ་ཀཱ་ལ་གཏད།། གྲུ་གསུམ་དོང་བཅུག་བརྫེ་བར་བྱེད།། ཁ་གཅད་ནས་ནི་དྲག་པོ་ཡི།། ངེས་པར་ཐོབ་པར་ཐེ་ཚོམ་མེད།། དེ་ལྟར་ལས་ལ་སྤོར་དུས།། ཉེས་པ་བསྒོ་བའི་ཐབས་ཤེས་རྭ།། སྲུང་བྱེད་ཉེས་པ་འདི་ལྟར་བསྒྲག ་བསྟན་པ་འཇིག་པར་བྱེད་པ་ཡི། ། དགྲ་བོ་སྲུང་བྱེད་ལྷ་ཁྱོད་ཉོན།། གདུག་པའི་སེམས་ལྡན་དགྲ་འདི་ཡིས།། དཀོན་མཆོག་བླ་མ་ལ་སྨོད་ཅིང་།། རྣལ་འབྱོར་ལ་སྡང་སེམས་ཅན་འཚེ།། སྒྲུབ་པ་པོ་ལ་བརྙས་གྱུར་པས།། དཔག་ཚད་སྟོང་དུ་ལྟུང་བ་ཡི།། དམྱལ་བའི་སྡུག་བསྔལ་མྱོང་གྱུར་བས།། ་བདག་གིས་མཱ་ར་དུ་བསྒྲལ་ནས་ནི།། གཟུགས་ཀྱིས་ལྷ་རྣམས་མཆོད་པ་ཡིན།། ཁྱེད་ཀྱིས་སྲུང་བར་མ་བྱེད་པར།། སྡིག་ཅན་འདི་ནི་མྱུར་དུ་སྤོངས།། ཞེས་བརྗོད་པར་བྱའོ།། བསྟན།། ་པ་བསྲུང་བའི་བསམ་པ་དང་།། སྙིང་རྗེ་ན་པོ་ལྡན་པ་ཡིས།། ཡེངས་པ་མེད་པར་བྱས་གྱུར་ན།། ངེས་པར་འགྲུབ་པར་གདོན་མིཟ།། བརྒྱ་བྱིན་དག་གིས་སྲོག་ཀྱང་གཡོ།། སྡིག་ཅན་དགྲ་བགེགས་སྨོས་ཅི་དགོས། ་བྱང་ཆུབ་སེམས་དང་རབ་ལྡན་ན།། ངོ་བོ་ཉིད་ཀྱིས་འགྲུབ་པར་གྱུར།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ལྷ་མོའི་འཁོར་ལོ་དང་ལས་བསྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། གསང་བའི་ཆོ་ག་ཉམས་དགའ་བ།། དཔལ་ལྡན་ལཱམ་དྲལ་ཐམས་ཅད་ཀྱི།། སྒྲུབ་པ་རབ་ཏུ་ཉམས་དགའ་ནི།། མགོན་པོ་ཀུན་གྱི་གནས་འདི་ནི།། ཞལ་གཅིག་པ་ལ་ཕྱག་དྲུག་པ།། དང ་པོ་གྲི་གྲག་པོད་ཁྲག་འཛིན། ། སྤྱན་གསུམ་མཐིང་ནག་རྔམ་པ་ཡི།། གཡས་གཡོན་པར་མེས་ཕྲེང་བ་དང་།། ཌ་མ་རུ་ནི་འཛིན་ཅིང་རྡུང་།། ཐ་མ་གཉིས་ཀྱིས་ཁཊྭཱཾ་དང་།། སྡིགས་འཛུབ་ཞུགས་པ་འཆང་བར་མཛད། ་ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛག་ཞལ།། ས་བོན་རང་སྔགས་ཕྲེང་བ་ཅན།། རྒྱས་བཏབ་པས་ནི་བྱིན་བརླབས་ཤིང་།། རྡོ་རྗེ་སེམས་དཔའ་དབུ་རྒྱན་པ།། ནྱ་གྲོ་དྷ་ཡི་ཤིང་ལ་བརྟེན།། བི་ན་ཡ་ཀ་མནན་པར་བསམ། ་ཨོཾ་བཛྲ་མ་ཧཱ་ཀ་ལཱ་ཀཱིཀྵེ་དྲ་བི་གྷ་ནན་བི་ན་ཡ་ག་ནན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། ཤ་ཆེན་བསྲེགས་སྤོས་ཕུལ་ནས་ནི།། སྐྱོ་བར་གྱུར་ན་གསང་སྔགས་བཟླས།། དེ་ལ་གཏོར་མ་དབུལ་བར་བྱ།། ཁྱད་པར་བྱིན་བརླབས་གྱུར་པར ་བྱ། ། ཕྲིན་ལས་ཐོགས་པ་མེད་པ་འགྲུབ། ཨོཾ་བཛྲ་ཀྲོ་དྷི་ས~ཾ་མ་ཡེ་མ་ཧཱ་ཀ་ལཱ་ཡ་ཧཱུཾ་ཕཊ། སྐུའི་མགོན་པོའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལཱ་གུ་ཎ་ཧྲི་ད་ཧཱུ་ཕཊ། ཡོན་ཏན་གྱི་མགོན་པོའི་སྔགས་སོ།། ཨོཾ་བཛྲ་མ་ཧཱ་ཀཱ ་ལ་ར་ཀྵ་རུ་ཏྲི་བྷ་ཤ་ནི་ཧཱུཾ་ཕཊ། གསུང་གི་མགོན་པོའི་སྔགས་སོ།། ཨོཾ་བཛྲ་ཀྲིཥྞ་ཙཎྜཱ་མཱ་ར་ཡ་མ་ཧཱ་ཀ་ལ་ཙི་ཏ་ལ་ཧྲི་ཛཿ། ལས་ཀྱི་མགོན་པོའི་སྔགས་སོ།། ཨོཾ་མ་ཧཱ་ཀ་ལེ་ཧ་ན་བཛྲ་ཧཱུཾ་ཕཊ། ཡི་གེ་བཅུ་པའི་གསང་བའི ་མགོན་པོའི་སྔགས་སོ། ། ཨ་ཙཎ་རེ་ཤྭ་རི་ཡེ་སྭཱ་ཧཱ།། གཏུམ་པ་མོའི་སྔགས་སོ།། ཨོཾ་ཙཎ་ཌ་ཙ་ཀ་ཡེ་སྭཱ་ཧཱ། དྲག་མོའི་སྔགས་སོ།། ཨོཾ་ཀ་ལི་ཀ་ཡེ་སྭཱ་ཧཱ།། ཟློག་བྱེད་མའི་སྔགས་སོ།། ཨོཾ་ཀུ་ལྀ་ཤེཥ་རི་ཡེ་སྭཱ་ཧཱ། དཔ ་མོའི་སྔགས་སོ། ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎི་མཻ་ཏྲི་ཛཿབེང་འཛིན་མའི་སྔགས་སོ།། ཨོཾ་ར་དན་ཏི་མ་ཧཱ་ཀཱ་ལཱི་ཏྲི་ཤཱུ་ལ་སརྦ་ཤ་ཏྲཱུཾ་ཛཿརྩེ་གསུམ་འཛིན་པའི་སྔགས་སོ།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀོ་ཏྲི་གན་ཌེ་ས་ཡ་ཧཱུཾ་ཕཊ།། གན ་ཌེ་འཛིན་པའི་སྔགས་སོ། ། ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཏེ་ཙི་ཙོ་ཏ་ཀ་ར་མ་ར་ནཱཾ་ཧཱུཾ་ཕཊ། རྒྱལ་མཚན་འཛིན་པའི་སྔགས་སོ།། གསང་བ་བེང་འཛིན་མགོན་པོ་ཡིས།། ལྷ་མ་ཡིན་གྱི་གྲོང་ཁྱེར་ནི།། སུམ་བརྩེགས་ལ་སོགས་ཁང ་བཟངས་རྣམས། ། ཁྲོ་བོ་ཙན་དན་བེང་བསྣམས་ཀྱིས།། ལྷ་དམག་བྱེ་བ་དུང་ཕྱུར་རྣམས།། ཕྱུང་ནས་རླག་པར་མཛད་པ་ཡི།། གྲོང་ཁྱེར་འབུམ་ཕྲག་བརྒྱད་ཅུ་འམ།། རླག་བྱེད་བདུད་འདུལ་ཆེན་པོ་སྟེ།། འདི་ཉིད་གཡོན་ནས་ལྷ་མོ ་ནི། ། ཀུན་དུ་དགྱེས་ནས་གར་སྟབས་གནས།། ཨོཾ་ཤྲཱི་མ་ཧཱ་ཀ་ལ་དུ་བེད་ནི་ཛ་ཨ་མུ་ཀ་རི་མགོ་བོ་ལ་རུ་དྲ་ཧཱུཾ་བྷྱོ།། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཏྲ་ག་རཀྵཾ་རུ་བེད་ནི་ཛ་མུན་ནག་ཤིག་བྷྱོ། མུ་ཤི་དྡྷོ། ཆེ་གེ་མོ་མཱ་ར་ཡ་ཕཊ། ཨོཾ་བཛྲ ་མ་ཧཱ་ཀཱ་ལ་རཀྵ་ཏཱི་ཡཀྵ། རུདྲ་ས་མ་ཡ། སརྦ་ཤ་ཏྲུ་རུ་རུ་ཙ་བ་ལཱ་ཡ།། མ་རན་རྦད་རྦད། དྲི་རྦད་བུརྦ་དོ་བུ། ཚལ་བ་ཚལ་བ། ནི་ཤ་ཀུ་རུ་ས་མ་ཡ། ཆེ་གེ་མོ།། གཏུབས་གཏུབས་ཛ་ཛ། ཨོཾ་རུ་དུ་མ་མ་བྷྱོ། མ་མ ་ཤ་ཏྲུ། ཙི་ཏ་ལ་ཧྲི་ཏྲ། མ་ར་ཡ་རྦུང་དྲུང་། རེ་ཤཾ་གྷ་ཏ་ཡ་གྷ་ཏ་ཡ། ཀ་ལོ་ཡ་བཱ་ཤ་ནི་མ་ཧཱ་ཀཱ་ལ། ཡཀྵ་ས་ས་ན། ཨ་བ་ཀ་རི་དྷི་ན་མེ་གེ་ན་མེ་རུ་རུ་མ་མ་བྷྱོ།། ཙིཏྟ་ལ་ཏྲི་ཧྲི་རྦད། ཏྲི་རི་བྲི་ཏི་ཀ་ཧཾ་སྭཱ་ཧཱ། ཏི་ཀ་པ་ཏྲ་ཧཱུཾ། ་ཨཿཀཏ་མྲ་མ་ཤམ་སྣ། ཏིག་དྲུག་ཤིག། བུམ་ཅད་ཤིག་དྲུང་སོད།། གང་ཏེ་འཛིན་པའི་ཁྲོ་བན།། མ་རུངས་གྲད་པ་འགེམས་པར་བྱེད། ཙ་མུ་ན་ཌི་ལྡན་རོལ་པས། གདུག་པ་འདུལ་བའི་ལས་ལ་ཤི། ་ཁནྡྲ་རྩེ་གསུམ་འཛིན་པས་ནི། དགྲ་བགེགས་ལུས་ངག་ཡིད་ལ་འདེབས།། གཏུམ་པོ་ཐོགས་འབེབས་མིག་སྦྱར་མ།། སངས་རྒྱས་བསྟན་པ་སྐྱོང་བའོ།། གང་དུ་ཀེང་རུས་རྒྱལ་མཚན་བསྣམས།། བདུད་དང་བདུད་ཀྱི་ཕྱོགས ་སྲག་བྱེད། འདི་ཉིད་ལེགས་ལྡན་རྒྱལ་པོ་ཆེ།། རྡོ་རྗེ་བས་གདོང་སྣ་ཚོགས་གདོང།། དཀྱིལ་འཁོར་ལྷ་ཚོགས་འདི་དག་གིས།། གསང་སྔགས་རིམ་པ་བསྟན་པའོ།། ཐུན་མོང་ཁྱད་པར་བྱེ་བྲག་གིས།། ལུས་ཀྱི་མཚན་ཉིད་རྟགས་བཅས། ་གྲུབ་པ་ཀུན་དུ་བགྲོད་པའོ།། དཔལ་མགོན་པ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་དཀྱིལ་འཁོར་བའི་མགོན་པོ་དང་ཡུམ་དང་བཅས་པའི་གསང་སྔགས་དང་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བདེན ་པ་ཙམ་གྱིས་ནི། ། གྲུབ་པ་གྲོལ་བར་མཛད་པའོ།། དངོས་གྲུབ་འབྱུང་གནས་རིམ་པ་ནི།། ཡང་དག་ཉིད་དུ་བཤད་པར་བྱ།། བྱ་རོག་གཡང་བཞིས་བརྒྱན་པ་ཡི།། ནག་པོ་ཕྱག་བཞི་པ་ཡི་སྐུ།། གསང་ཞིང་དམ་ཚིག་ལྡན་པས་བྲི།། ་དེ་ནི་སྐུ་ཡི་བརྟེན་དུ་བཤད།། གསེར་དངུལ་ལ་སོགས་ཀྱིས་བྲིས་པའི།། ནག་པོ་ཆེན་པོའི་སྙིང་པོ་དང་། ཉེ་བའི་སྙིང་པོ་བྲིས་པ་རྣམས།། གསུང་གི་བརྟེན་དུ་འདོད་པའོ།། བྱ་རོག་སོགས་དང་རྟ་ནག་སྙིང་།། ཁྱི་ཡི་སྙིང་དང་མི་ཡི ་ན་ཆེན་ལྔ་དང་བཅས་པ་རྣམས། ། ཐུགས་ཀྱི་རྟེན་དུ་བཟུང་བར་བྱ།། ཉིད་ཀྱི་རྣམ་པ་ཐམས་ཅད་དང་།། ཉ་ཤ་ལས་སོགས་འབྲུ་ཡི་ཚན།། སྨན་གྱི་རྣམ་པ་ཐམས་ཅད་དང་།། བསྙེན་པའི་གཏོར་མ་བྱ་བ་ཡིན།། རྫས་དང་ཨུ0f7f ་གཏོར་སྟེང་དང་འོག། ། སྟེང་ནས་དར་ནག་གུར་གྱིས་དབུག། ཤ་ལྔ་སྨན་ལྔ་མྱོས་བྱེད་བཅས།། རྒྱུན་ཏུ་ཐུགས་དམ་བསྐུལ་ཕྱིར་མཆོད།། ཏ་ནག་ལུག་ནག་གཡག་རོག་ལ།། མགུལ་དུ་སྙིང་པོ་བྲིས་ལ་གདགས།། དེ་ཡི ་བོ་ལེགས་ཕུལ་ག། པྱཾ་ཡི་རྟེན་དུ་བྱ་བར་བཤད།། ནག་པོ་རས་སམ་དང་ལ་ཡང་།། རིན་ཆེན་ལྔ་དང་བཅས་པ་ཡིས།། ནག་པོ་ཞལ་གཅིག་ཕྱག་བཞི་པ།། བྲིས་པ་ཉིན་ཅིག་གིས་རྫོགས་ནས།། བར་ཆད་མེད་པར་རབ་གནས་བྱ།། གསང ་རྟེན་ལུས་ལ་བཅད་པ་འོ། ། སྣ་ཚོགས་འབྲུ་ནག་དཔལ་བྱས་པའི།། གཏོར་མ་མི་ཤེས་བརྒྱན་པ་དག། ཕོ་བྲང་བརྟེན་དང་བརྟན་པར་བྱས།། ནང་གི་རྟེན་དུ་སློབ་པའོ།། སྐྱེས་པ་ཀྲིར་ཤའི་ཐོད་ཕྲེང་ནི།། ཡོན་ཏན་ལྡན་ཕྱིར་རྟག ་དུསྭ། ། མི་གསོད་མཚོན་ལས་བྱས་པ་ཡི།། རྡོ་རྗེ་གྲི་གུག་ཧཱུཾ་བྲིས་པ།། ཕྲིན་ལས་བྱེད་པའི་ཁྱད་པར་རོ།། དམ་ཚིག་གནས་པའི་རྣལ་འབྱོར་པས།། ཉམས་དགའ་དབེན་པའི་གནས་ཉིད་དུ།། ལྷ་མོའི་རྟེན་ཡང་འདི་ལྟར་རོ།། རིགས ་མེད་ཀྱི་ནི་ཐོད་པ་ལ། ། གསང་སྔགས་ཡི་གེ་འདི་དག་ནི།། བྲིས་པ་ཙམ་གྱིས་ལས་འགྲུབ་བྱེད།། བསྒྲུབ་པ་མི་དགོས་ནུབ་པ་འབྱུང་།། དུར་ཁྲོད་སོལ་བས་སྔགས་འདི་བྲི། ཨོཾ་ཤྲཱི་དེ་ཝི་ཙ་མུཎ་ཌ~ཾ་ར་ཀ་ཏ་ཙ་མུཎི་ཌི་སེང་ག་མོར་དྷ་ཀེ་སིད་ཧ་སིཏ། མུ ་ཀ་ར་ཧ་ར། ཀཱི་ལ་ཀཱི་ལ། པྲེ་ཀྵ་ཏི་ཏ་ས་ན་ས་ཏ་བྲུཾ་བྲུཾ་ལ་ལ་ཏ་ཡ། ཀ་བཱ་ལ་མཱ་ལཱ་ཧ་ར་ནི་ཧཱ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ཐོད་པའི་ནང་དུ་འཁོར་བར་བྲི།། ཕྱི་ཡི་རྟེན་དུ་བཤད་པ་ཡིན།། བོང་བུ་ནག་མོའི་ཐོད་པ་ལ།། རྟན་པ་ལྷ་མོའི་སྐུ་བྲིས་པ། ་ནང་གི་རྟེན་དུ་བཤད་པ་ཡིན།། ནེལ་གྲིའི་སྙིང་ནི་མ་ཉམས་པ།། མཚོན་གྱི་རྩེ་ལ་བཀོན་ལ་བཞག། གསང་བའི་རྟེན་དུ་གཟུགས་པར་བྱ།། བུ་མོའི་ཐོད་པ་ཛ་རིལ་དང་།། གྲི་གུག་དར་གྱིས་བཏུམས་པ་དང་།། དྲི་བཟང་མཚོན་གྱིས ་བདུག་པར་བྱ། ། དེ་ཁོ་ན་ཉིད་ཀྱི་རྟེན་དུ་བཤད།། དེ་ནས་ནུབ་ཕྱོགས་དག་ནས་ནི།། གསུམ་གྱིས་ཁུར་ནས་འོངས་པའི་རྡོ།། མིནག་གསུམ་གྱིས་འདི་སྐད་བརྗོད།། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན།། རྡོ་རྗེ་མགོན་པོ ་འཁོར་བཅས་པ། ། རང་བཞིན་གནས་ནས་སྐུ་བཞེངས་ལ།། འདིར་ནི་བསྟན་སྲུང་བཞུགས་སུ་གསོལ།། ལན་གསུམ་བརྗོད་ནས་བཞུགས་པར་བྱ།། རོལ་མོའི་སྒྲ་དང་སྤོས་དུད་དང་།། སྣ་ཚོགས་རོལ་མོས་བསུ་ནས་ཀྱང་།། ་ཕྲིན་ལས་གང་འགྲུབ་རིམ་ཤེས་བྱ།། འདི་ནི་རང་བཞིན་རྟེན་ཡིན་ནོད་པ་ལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ཕྱི་ནང་གསང་བ་དང་སྐུ་གསུང་ཐུགས་ཀྱི་རྟེན་གཟུགས་པའི་ལེའུ ་སྟེ་བཅཝ་ལྔ་པའོ། ། །། དེ་ནས་གཞན་ཡང་བཤད་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བཀའ་ཡི་ཚོགས་ཀྱིས་འཁོར་གྱུར་པ།། འདི་ནི་ཀུན་དུ་ཤེས་པར་བྱ།། ལས་ཀྱི་མགོན་པོ་རྣམས་དང་ནི།། ལྷ་མོ་ཆེན་མོ ་འཁོར་དང་བཅས། ། ལྷ་སྲིན་སྡེ་བརྒྱད་མ་ལུས་པ།། ཕོ་ཉ་མངག་གཞུག་ལས་བྱེད་པ།། གཞན་ཡང་ཕྱོགས་སྐྱོང་བཅུ་དང་ནི།། ཀླུ་ཆེན་བརྒྱད་དང་ལྷ་ཆེན་བརྒྱད།། གཟའ་ཆེན་བརྒྱད་དང་རྒྱལ་ཆེན་བཞི།། རྒྱུ་སྐར་ཉི་ཤུ་རྩ ་བརྒྱད་དེ། ། གནོད་སྦྱིན་བརྒྱད་དང་འཕྲོག་མའི་བུ།། ཤ་ཟ་དང་ནི་མ་མོ་དང་།། འཇིག་རྟེན་པ་དང་དམ་ཚིག་གནས།། ཞིང་སྐྱོང་མ་ལུས་འཁོར་དང་བཅས།། འདི་དག་ལས་ཀུན་བྱེད་པ་ཡི།། འཇིག་རྟེན་སྐྱོང་བ་བཞི་བཅས་པས།། ། ་གྲུབ་པ་རབ་ཏུ་སྩོལ་མཛད་པ།། ལྷ་དང་ལྷ་མིན་མི་འམ་ཅི།། ལྟོ་འཕྱེ་གྲུལ་བུམ་སྲུལ་པོ་དང་།། ལུས་སྲུལ་གྲིབ་གནོན་སེམ་བྱེད་སོགས།། ནམ་མཁའ་ལྡིང་དང་དྲི་ཟ་དང་།། འབྱུང་པོ་མ་ལུས་འདུས་པ་ཀུན།། འདི་དག ་སྒྲུབ་ལ་གྲོགས་བྱེད་ཅིང་། ། མཐུ་སྟོབས་དཔུང་དང་ནུས་པ་ཡིས།། སྲུང་ཞིང་བར་ཆད་ངེས་པར་སེལ།། སྒྲ་གཅན་འཛིན་པའི་ར་ཧུ་ལ།། འདི་ལ་སོགས་པ་ཐམས་ཅད་ལ།། ཚོགས་ཀྱི་གཏོར་མས་ཆེར་མཆེད་ན།། ་དཔལ་དང་རྫུ་འཕྲུལ་མྱུར་དུ་སྟེར།། འདི་དག་འཁོར་དང་བཅས་པ་ཡི།། ཉེ་དང་ཉེ་བའི་མཚན་མ་དང་།། རྟགས་དང་ཆོ་འཕྲུལ་དུམ་འབྱུང་།། སྐུ་གསུང་ཐུགས་ཀྱི་རྟགས་དང་ནི།། ཕྱི་ནང་གསང་བའི་རྟགས་གྱུར་པ།། དངོས་དང ་ཉམས་སྣང་རྨི་ལམ་དང་། ། སྤྲུལ་པའི་ཕྲིན་ལས་ངེས་འབྱུང་བ།། གཙོ་བོ་ཉིད་དང་འཁོར་རྣམས་ཀྱི།། རིམ་པ་རྗེས་སུ་འབྲེལ་བར་འབྱུང་།། རྟགས་བྱུང་ནས་ནི་ལས་ལ་བསྐུལ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་ཁྲུང ་བའི་བྱེད་ལས་གཙོ་བོ་དང་འཁོར་དུ་བཅས་པ་མཆོད་པར་བསྟན་པའི་ལེ་སླེ་བཅུ་དྲུག་པའོ། ། ། དེ་ནས་གཞན་ཡང་བཤད་བྱ་བ།། དཔལ་ལྡན་ན་གཟོ་ཆེ་པོ་ཡི།། ཐར་པའི་གྲོང་ཁྱེར་ཉམས་དགའ་བར། དབང་བསུར་སོག་པ་ང ་པར་བྱ། ། འདིས་ནི་བདུད་དང་བདུད་ཀྱི་ཕྱོགས།། དེ་ལས་རྒྱལ་བར་བྱེད་པ་ཡི།། ཆོ་ག་བཟང་པོ་བླ་ན་མེད།། དཀྱིལ་འཁོར་བཟང་པོ་བཞེངས་པར་བྱ།། ཕུན་སུམ་ཚོགས་པའི་གནས་དག་དྷ།། རྒྱུད་ཤེས་ཡང་དག་བླ་མ་ལ།། སྣོད་ལྡན ་དག་པའི་སློབ་མ་ཡིས། ། གསོལ་བ་ལན་གསུམ་གདབ་བྱས་ལ།། མ་ཎྜ་ལ་མེ་ཏོག་སྔོན་འགྲོ་ཡིན།། རྡོ་རྗེ་འཛིན་པ་མ་ལུས་དང་།། རྒྱལ་བ་མགོན་པོ་མ་ལུས་དང་།། དབང་ཕྱུག་དམ་པའི་དཀྱིལ་འཁར་དང་།། དབང་བསྐུར་གནང་བར ་མཛད་དུ་གསོལ། ། ལན་གསུམ་བརྗོད་ནས་གནང་གྱུར་པས།། དང་པོ་བསྙེན་པ་བརྩམ་པར་བྱ།། མཚན་མཉེའམ་ཚུལ་ཤེས་ནས།། དེ་ནས་སྔོན་འགྲོ་བརྩམ་པར་བྱ།། དང་པོ་བགེགས་རྣམས་ཉེར་ཞི་ཡི།། པྲིར་ལས་མཆོད་པ ་གཏོར་མ་ཡི། ། ཡེ་ཤེས་ལྷ་རྣམས་མཆོད་པ་དང་།། ལུས་དང་ངག་དང་ཡིད་ཀྱིས་ནི།། སྡིག་པ་བྲལ་ཞིང་བགེགས་དབྱུང་བའི།། སྔགས་དང་བཅས་པའི་ཡུངས་ཀར་གྱིས།། མེ་སྦར་བསྲེག་དང་བྲལ་བར་བྱ།། དེ་རྗེས་ས་ཕྱོགས་བཙང་མ ་ལས། ས་བརྟག་པ་དང་སྦྱང་བར་བྱ།། ས་བླངས་ནས་ནི་བཀའ་ཐོབ་པས།། བགོ་ཞིང་རོ་ལྔ་བསལ་བར་བྱ།། དེ་ནས་བསྲུང་ཞིང་བཅག་པར་བྱ།། རྡོ་རྗེ་འཛིན་པ་བཞེངས་ནས་ནི།། རྡོ་རྗེ་གོས་ག་སྐབས་ཀྱིས།། ཧཱ་བྲཱ་དྲག་པོའི་ང ་བརྗོད་པས། ཕྱོགས་ཀུན་བཅིང་བར་བྱས་ནས་ནི།། བགེགས་ལ་བཀའ་བསྒོ་གཏོར་མ་སྦྱིན།། སློབ་མ་ཀུན་ལ་བསྲུང་བྱས་ལ།། རྡོ་རྗེ་མགོན་པ་ཆེན་པོ་ཡི།། ཏིང་ངེ་འཛིན་དུ་གནས་པ་ལ།། གསོལ་བ་བཏབ་པས་གནད་པ་ཀྱི། ་ཁྱད་པར་བདུད་རྩི་འཁྱིལ་པས་བསྲུང་།། ཡང་དག་ཡེ་ཤེས་སེམས་དཔའ་ཆེ།། འཁོར་བའི་གཡུལ་ལས་རྒྱལ་བྱེད་པ།། རྒྱལ་བ་མ་ལུས་བསྟན་སྐྱོང་ཆེ།། དེ་ནས་ལྷག་པར་གནས་པ་བརྩམ།། ས་འཛིན་ལྷ་མོ་ཉིད་མཆོད་པས ་6། བཀའ་བྱིན་ནས་ནི་ཐིམ་པར་བལྟ།། བུམ་པ་བཀྲ་ཤིས་ཡང་དག་ལྡན།། མཉམས་མཚན་ཉིད་ལྡན་པ་ལྔ།། འཚར་མ་ཉམས་རམ་ཟུང་དགི།། སྙིང་པོ་སྨན་དང་འབྲུ་ལྔ་སོགས།། སྤོས་དང་རིན་ཆེན་དག་གིས་དག ་ཝཱར་འབབ་ཆུ་ཡིས་གང་བ་དང་། ། འབྲས་ལྡན་ཤིང་གིས་ཁ་བརྒྱན་པའོ།། དེ་ནས་བསྲུང་བའི་འཁོར་ལོ་ཡི།། བཀའ་ཡི་ཁྲོ་བོ་རྣམ་པར་བསྒོམ།། དཀྱིལ་འཁོར་དྲི་ཡི་ཐིག་ལེ་ལ།། མེ་ཏོག་བཅལ་བཀྲམ་ལྷ་རྣམས་ནི།། སྐྱེད ་ཚོང་མཆོད་ལ་གཉིས་མེད་བསྟིམ། ། སོ་ཤིང་དོར་དང་ལྷས་བརྟག་པ།། བསྲུང་སྐད་ཀུ་ཤ་སྦྱིན་པར་བྱ།། དེ་ནས་སེམས་བསྐྱེད་སྡོམ་གནས་པས།། དམ་ཚིག་གསང་བ་སྦྱིན་པར་བྱ།། ཁྱད་པར་ལྷ་ལ་གསོལ་བཏབ་ནས།། རྡུལ་ཚིམ ་དཀྱིལ་འཁོར་ཐིག་གད་བ་བྱ། ། དང་པོར་ཡེ་ཤེས་ཐིག་གདབ་ཅིང་།། ཕྱི་ནད་དམ་ཚིག་ངེས་པར།། རབ།། གོ་རིམས་མ་ནོར་ངེས་པའི་ཚུལ།། སྲད་བུ་ཤེས་རབ་ཅན་ཐིག་གང་བ།། ཚེ་ན་ནི་བྱིན་གྱིས་བརླབས་ནས་ཀྱང་།། སྤ་བརྟག་རྡུལ་ཚོན ་རིམ་པར་དགྱེ། ། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པ་ཡིས།། ཟླུམ་སྐོར་ཕོ་བྲངའི། ཙེ་དགུ།། དབུས་མ་ཨེ་དབྱིབས་དྲག་པོ་ཉིད།། ཕྱི་རོལ་པད་མ་འདབ་བརྒྱད་པ།། ལྷ་ཁྱམས་བཅས་པའི་དཀྱིལ་འཁོར་མཆོག། ་འདོད་ཡོན་རིན་ཆེན་སྲེད་པར་དང་།། དྲ་ཕྱེད་བ་ཀུ་ལི་ཡི་ཕྲེང་།། ཡང་ན་ཁ་བངར་མཛེས་པའི་རྒྱན།། ཆོས་འཁོར་རི་དགས་གདུགས་དང་བཅས།། ཐོད་སྐམ་པད་མའི་ཕྲེང་བར་ལྡན།། དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར།། རྡོ་རྗེ་མེའོ་འབར ་བས་འཁྲིགས། ། དམ་ཚིག་ཡེ་ཤེས་གཉིས་མེད་པའི།། གསང་སྔགས་ཉེས་པ་སྔགས་པར་གནས།། བརྟན་ཞིང་མཆོད་ལ་གསོལ་བ་བདབ།། ཉེ་བར་བརྒྱན་ཅིང་ཡོངས་སུ་བསྐོར།། དེ་ནས་སློབ་དཔོན་བདག་འཇུག་བྱ།། སྦྱིན་བསྲེགས ་ལས་ནི་རབ་ཏུ་ཤིས། ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་ཆེན་པོའི་དཀྱིལ་འཁོར་གསལ་བར་བྱེད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་གཞན་ཡང་རྣམ་བཤར་བྱ།། ཡང་ནའི་ཚེ ་ལྡན་པའི། པད་མ་འདབ་བརྒྱད་ཕྱི་རོལ་ཏུ།། རྩཝ་ཁྱུད་འཁོར་ལོ་རིམ་གསུམ་ལ།། ཨེ་དབྱིབས་ཞིང་སྐྱོང་རིམ་པ་དགོད།། ལྷ་དང་ས་བོན་ཕྱག་མཚན་ནི།། སྐུ་གསུང་ཐུགས་ཀྱི་བྱག་རྒྱས་མཚན།། སློབ་མ་ཁྲུས་བྱས་རྒྱན་བརྟགས་ཏེ། མ ་ཌལ་མེ་ཏོག་ཕྱག་བྱ་ཞིང་། ། རས་ཀྱི་མིག་ནི་བཀབ་ནས་སུ།། དང་པོར་མེ་ཏོག་དེར་བར་བྱ།། མཚན་མ་མཐོང་བས་ལེགས་པར་དྲང་།། སྒོ་བཞི་ནས་ནི་ནང་འཇུག་ཅིང་།། གུ་གུལ་བདུག་ཅིང་ཏིང་འཛིན་གྱིས།། ནག་པོ་ཆེན་པོའི་ལྷ་ཚོགས ་ཀྱང་། ངེས་པར་སྤྱན་དྲང་བསྟིམ་པར་བྱ།། དེ་ལས་ངེས་པར་བརྟགས་རྣམས་བྱུང་།། ཡང་ན་སོ་སོའི་མགོན་པོར་བསྐྱེད།། ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབ།། བླ་མ་དཀྱིལ་འཁོར་གཙོ་བཅས་ལས།། འོད་འཕྲོས་རང་བྱིན་བརླབས ་བར་འགྱུར། ། མཐོང་བ་དྲི་དང་བདུད་རྩིས་གཏོར།། གདོད་གཡོགས་བཀྲོལ་ཞིང་ལྷ་ངོ་བསྟན།། དེ་ནས་དབང་པོའི་བྱེ་བྲག་གིས།། ངེས་པར་རིམ་པས་དབང་བསྐུར་ཏེ།། བསྟན་པ་འཛིན་ཅིང་བསྟན་པ་སྐྱོང་།། བསྟན་པ་སྲུང་བར་བྱེད་པ་ཡི།། ་སངས་རྒྱས་བསྟན་པ་འཕེལ་མཛད་པ།། སྐུ་ཡི་མགོན་པོ་འཁོར་བཅས་ཀྱིས།། བླ་མེད་དངོས་གྲུབ་སྦྱིན་པའི་ཕྱིར།། ཡང་དག་ཡེ་ཤེས་དབང་སྐུར་རོ།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ཕྲིན་ལས་ལྷ་ཡི་ཁྱད་པར་རོ།། མེ་ལོང་ཡེ་ཤེས ་དབང་ཉིད་ཅན། ། རྡོ་རྗེ་རིགས་ཀྱིས་མགོན་པོ་ཡིས།། དཀྱིལ་འཁོར་ཆེན་པོའི་ནང་དུ་ནི།། ཞེ་སྡང་དག་པས་དབང་བསྐུར་རོ།། མཉམ་ཉིད་སོ་སོར་རྟོག་པ་དང་།། བྱ་བ་ནན་ཏན་ཆོས་ཀྱི་དབྱིངས།། ཡེ་ཤེས་ལྔ་ཡི་རིགས་ཀྱི་གཙང་།། ་ངེས་པར་དབང་བསྲུང་བ་སྟན་པར་བྱ།། ཕྲིན་ལས་བཞི་ཡི་དབང་ཡང་བསྐུར།། ལྷ་མོ་བརྒྱད་ཀྱིས་ལས་རྣམས་འགྲུབ།། བུམ་པ་སྤྱི་བོར་བྱིན་པ་དང་།། ཐོད་པའི་བདུད་རྩི་བླུགས་པ་ཡིས།། གསང་བ་བདེ་ཆེན་ཡེ་ཤེས་ཉིད།། རང་ཟུང ་དྲི་མེད་དབང་བསྐུར་བའོ། ། དེ་རྗེས་བྷ་ལིང་གཏང་བ་ཡིས་ནུས་པ་ཐོགས་མེད་སྦྱིན་བྱེད་ཡིན།། སྐུ་གསུང་ཐུགས་ཀྱི་གསང་བ་མཆོག། ལྷ་དང་སྔགས་ཀྱི་ཟབ་པའི་ཆོས།། ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཆེ།། འདི་ཉིད་དངོས་གྲུབ་ཀུན ་གྱི་གཏེར། ། ཟབ་ཅིང་རྒྱ་ཆེའི་དོན་གྲུབ་པ།། སྐལ་པ་ཅན་ལ་སྦྱིན་པར་འོས།། ཧེ་རུ་ཀ་དང་ནག་པོ་ཆེ།། བླ་མ་ཐ་དད་མེད་པ་ལ།། ཚོགས་ཀྱི་འཁོར་ལོས་ལེགས་མཆོད་ཅིང་།། ཞབས་ལ་གཏུགས་ལ་སྨོན་ལམ་གདག།། ་འདི་ནི་ཐོབ་པར་ཐེ་ཚོམ་མེད།། ཕྲིན་ལས་ཀུན་ཏུ་གྲུབ་སྟེར་བྱེད།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅཝ་བརྒྱད་པའོ།། །། དེ་ནས་གཞན་ཡང ་བཤད་བྱ་བ། ། དཔལ་ལྡན་མགོན་པོ་དེ་ཉིད་ཀྱི།། ཕྱོགས་བཞི་ཡོངས་སུ་སྤྱོད་པ་ཡི།། རྒྱལ་པོ་ཆེན་པོ་རྣམ་པ་བཞི།། ཤར་ཕྱོགས་ནས་ནི་ཡུལ་འཁོར་བསྲུང་།། ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ།། ནུབ་ཕྱོགས་ནས་ནི་སྤྱན ་མི་བཟང། བྱང་ཕྱོགས་ནས་ནི་རྣམ་ཐོས་སྲས།། སངས་རྒྱས་བསྟན་པ་སྲུང་བྱེད་པ།། འདི་ཉིད་གྲུབ་པ་སྟེར་བྱེད་པའོ།། རབ་ཏུ་དབེན་ཞིང་གཙང་བ་དང་།། བབ་ཤེས་ཉམས་དགའ་ས་ཕྱོགས་ས།། རྣམ་ཐོས་སྲས་ནི་བསྒྲུབ་པར་བྱ།། ་སགཞི་པ་ཡི་ལྕིབས་བྱུག། དྲི་བཟང་ཙན་དན་དཀར་དམར་དང་།། ཨ་ག་རུ་དང་དུ་རུ་ཀ། ཁ་ཆེ་གཱི་ཧང་སྣ་ཚོགས་སྨན།། བསྲེག་ཅིང་ཚོགས་པའི་སྨན་དུ་བྱ།། མཎ་ཌ་ལ་གྲུ་བཞི་མདའ་གང་བ།། དཀྱིལ་འཁོར་སྒོ་བཞིཏ ་བབས་དང་། ། རིན་ཆེན་ཁང་པ་ཡིད་འོང་བ།། ཕོ་བྲང་རིན་ཆེན་ལས་གྲུབ་པ།། སྣ་ཚོགས་པད་མ་རིན་ཆེན་གླིང་།། གཏེར་དང་དཔག་བསམ་ལྗོན་ཤིང་བཅས།། ཀ་པ་སྟོང་ཕྲག་དུ་མ་ཡིས།། རབ་ཏུ་རྒྱས་ཤིང་ཡོངས་སུ་བསྐོར།། ་ལྟེ་བ་རིན་ཆེན་མུ་ཁྱུད་ལ།། ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར།། བང་མ་ལྷ་ཁྱམས་མཛེས་པ་ལ།། གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་བསྐོར།། ཕྱི་མ་རབསྐོར་བ་ལ།། ཀླུ་ཆེན་བརྒྱད་ཀྱིས་ཡོངས་སུ་བསྐོར།། སྒོ་བཞི ་གནོད་སྦྱིན་བཞི་བཀོད་པ། ། དབུས་སུ་རིན་ཆེན་སེ་གེ་ལ་ཁྲི། སྣ་ཚོགས་པ་དམ་གེས་རབ་ཅས།། དེ་དབུས་ཟླ་བ་དར་གྱི་གདན།། དེ་ལ་སྐུ་གསུང་ཐུགས་ཀྱི་གནས།། ས་བིན་ཕྱག་མཚན་སུ་དགོད་བྱ།། སྣ་ཚོགས་མན ་པས་ཡོངས་བསྐོར་ཏེ། ། འབྲས་དང་གྲོ་དང་འབྲུ་སྣ་ལ།། གཏོར་མ་ཤིན་ཏུ་བཟང་བར་བཤམ།། ཁྱད་པར་མེ་ཏོག་སྣ་ཚོགས་ནི།། ན་ག་གེ་སར་ཀུ་མུ་ཏ།། པུན་ཏ་ཀེ་བ་བ་ཀུ་ལི།། པ་ཤི་ཀ་དང་ཙམ་པ་ཀ། དྷ་ནུ་ཀ་རིམ་ལ ་སུ་ཏི་ཀ་དང་ཨུད་པ་ལ། ། པད་མ་མན་དྷ་ར་བ་དང་།། དེ་དོད་པ་ལ་སོགས་པའོ།། སྣ་ཚོགས་ཆུ་དང་བསྲེག་སྤོས་ཚོགས།། གུ་གུལ་ཁྱད་པར་བསྲེགས་པར་བྱ།། ཀ་ར་བུ་རམ་སྦྲང་རྩི་དང་།། ཁུར་བ་འབྲས་ཆེན་ཞུན ་མང་དང་། ། ཞལ་ཟས་བྱེ་བྲག་ཐམས་ཅད་དང་།། སྣང་གསལ་མར་མེ་བྱུག་པ་དང་།། སྒྲ་སྟན་སྣ་ཚོགས་མཆོད་པའི་རྫས།། གདུགས་དང་རྒྱལ་མཚན་བ་དན་དང་།། འཕན་དང་བླ་རེ་ལ་སོགས་པ།། སྣ་ཚོགས ་དར་གྱི་ལྔ་ལྡི་དང་། ། དེ་ལྟར་བཀོད་པ་ལེགས་བརྒྱན་ནས།། བདེ་བའི་སྟན་ལ་འདུག་ནས་ཀྱང་།། རང་ལྷར་བསྐྱེད་པའི་ས་བོན་ལས།། འོད་འཕྲོས་མདུན་གྱི་དཀྱིལ་འཁོར་ལ།། རབ་ཏུ་འཕྲོས་པས་འོད་དུ་འབར།། དེ་ལས ་དབུས་སུ་རྒྱལ་ཆེན་ནི། ། སྐུ་མདོག་གུར་ཀུམ་མདོག་འདྲ་བ།། རིན་ཆེན་སྣ་ཚོགས་བརྒྱན་གྱིས་རྒྱན།། སེང་གེའི་ཁྲི་ལ་ལེགས་བཞུགས་པའི།། ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ།། རིན་ཆེར་འབར་བའི་རྒྱལ་མཚན ་ཅན། ། གཡོན་པ་ནེའུ་ལེའི་སྡེད་ཅན་ལས།། ཁ་ནས་རིན་ཆེན་སྐྲག་པར་བསམ།། གནོད་གནས་དབང་པོ་གང་བ་བཟང་།། ནོར་བུ་བཟང་དང་རྟ་ཡི་བདག། ཡང་དག་ཤེས་དང་འབྲོག་གནས་དང་།། ལྔ་རྩེན་པི་ཙི་ཀུ་ཎ་ཌ་ལི།། ་སྣ་ཚོགས་ཅན་དང་ཕྱག་མཚན་བཅས།། རེ་རེའང་དུམས་ཡོངས་བསྐོར་ནས།། ཤིན་དུགསལ་ཞིང་བརྟན་པར་བསམ།། དེ་ནས་ས་བོན་ལས་འཕྲོས་ཏེ།། དེ་བཞིན་གནས་ནས་སྤྱན་དྲངས་ལ།། མཆོད་ཅིང་བསྟོད ་གཉིས་མེད་པ་སྟོད། ། ཁྱད་པར་གསོལ་པ་གདབ་པར་བྱ།། རྒྱལ་བ་མགོན་པ་འཁོར་བཅས་པའི།། ཡིད་འོད་ཁང་བཟངས་པོ་ཟང་འདི།། ཡིད་བཞིན་ནོར་བུའི་ཆར་འབེབས་པའི།། རིན་ཆེན་གཏེར་གྱི་དངོས་གྲུབ་གསོལ། ་མཿ9། ཨབྷ་ས་མཱཿ།། ཨེ་དམྱལ་ལ་སྭཱ་ཧཱ།། ཨོཾ་ཨུ0f89ུ0f4། བྷརྦ་ཡེ་སྭཱ་ཧཱ། ཨོཾ་ཝཾ་བེ་མེ་སྭཱ་།། ཨོཾ་སཾ་པྲངས་སསན།། ཨོཾ་རྦ་མ་ཏན་ཡེ་སྭཱཿ། མ~ཾ་པཎ་ཙཀ་ཡེ་སྭཱ་ཧཱ།། ཨོཾ་ཀ ་ཨུརྐ་ར་ལི་ཡེ་སྭཱ་ཧཱ། ། དང་པོ་ལྕགས་ཀྱུའི་ཕྱག་རྒྱ་སྟེ།། གཉིས་པ་རིན་ཆེན་འབར་བ་ཉིད།། གསུམ་པ་ཀུན་ནས་བསྟོད་པར་བྱ།། དེ་ནས་གཏོར་མ་དབུལ་བར་བྱ།། གསོལ་བ་བཏབ་ནས་ཕྲིན་ལས་བཅོལ།། དེ་ནས་ཡེ་ཤེས ་གཤེགས་སུ་གསོལ། ། དེར་གནས་པ་ནི་བཞུགས་པར་བྱ།། བཾ་རྟེན་ནང་རྟེན་ཁྱད་པར་བྱ།། རིམ་པ་འཁོར་ལོ་སྔགས་དང་བཅས།། བྲི་མི་མཐོང་བར་སྦས་ཏེ་བཅད།། ཁྱད་པར་རྟགས་རིགསལ་བར་འབྱུང་།། ཉེ་བའི་མཚན་མ། ་ངེས་མཐོང་ནས།། དངོས་གྲུབ་བླང་ཞིང་གཏོར་མ་དབུལ།། སྦྱིན་བསྲེགས་ལས་ཀྱིས་མྱུར་དུ་འགྲུབ།། གསང་སྔགས་འབུམ་ཕྲག་བཅུ་ཡིས་ནི།། འབྲས་བུ་ཡིད་ལ་འདོད་ཀུན་འགྲུབ།། བསྐོར་མེ་ཡི་མཆོད་པར་བྱ།། གཏོར ་མ་ཆེན་པོ་དང་བཅས་པ། ། ལན་བདུན་ཉེ་བར་བསྙེན་པས་འགྲུབ།། འདི་ནི་ལྷ་རྣམས་ཀུན་གྱི་གཏེར།། སྒྲུབ་པ་པོ་ལ་སྩོལ་བར་མཛད།། དཔལ་མགོན་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ཁྱད་པར་དུ་འཕགས་པ ་ནམ་ཐོས་སྲས་གནོད་སྦྱིན་ཆེན་པོ་བརྒྱད་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། འཕགས་པ་ཆེན་པོ་དེ་ཉིད་ལ།། ཀླུ་ཆེན་བརྒྱད་ཀྱིས་ཡོངས་བསྐོར་བ།། ་རིམ་པ་འདི་ནི་བསྟན་པར་བྱ།། ཁྱད་པར་ས་བཅུའི་དབང་ཕྱུག་ཆེ།། དཔལ་ལྡན་ཐུགས་རྗེའི་བདག་པོ་ཉིད།། ཞལ་གཅིག་ཕྱག་ནི་གཉིས་པ་ཉིད།། སྤྱན་གསུམ་ཅུང་ཟད་ཁྲོ་བོའི་ཚུལ།། སྐུ་མདོག་དམར་མ་དང་ལྡང ་ཁུའི་མདོག། རིན་ཆེན་འབར་བའི་དབུ་རྒྱན་ཅན།། སྐུ་ལ་ངར་བེར་སུམ་རིམ་ལ།། ། སྣ་ཚོགས་གཅོད་པན་རྒྱན་གྱིས་སྤྲས།། ཕྱག་རྒྱ་རིན་ཆེན་འབར་བ་བསྣམས།། ལྷའི་བ་དན་མཛེས་པ་འཕྱར།། ་གཡོད་པ་མཆོད་རྟེན་སུ་གདུང་བསྡམས།། ནེའུ་ལེའི་རྒྱལ་བ་ནོར་སྣག་འཆང་།། འཁོར་དུ་ཁྱད་པར་ཀླུ་ཆེན་བརྒྱད།། སྐུ་ལུས་མི་ཡི་རྣམ་པ་ལ།། སྦྲུལ་མགོ་བདུན་པའི་གདེངས་ཀ་ཅན།། ཕག་གཉིས ་ཐལ་མོ་སྦྱར་བ་ནས། ། ཡིད་བཞིན་ནོར་བུ་ལེགས་སྣམས་པ།། སེམས་དཔའི་འདུག་སྟངས་ཕྱེད་དཀྱིལ་ཅན།། ཐམས་ཅད་གཅིལ་འདུད་པར་བྱེད།། ནོར་རྒྱས་པད་མ་ཉིད་དང་ནི།། སྟོབས་ཀྱི་རྒྱུ་དང་འཇོག་པོ་ཉིད།། པ ་ཆེ་དང་ཧུ་ལུ་མེ། དུང་སྐྱོང་རིགས་ལྡན་བརྒྱད་པོ་ཉིད།། རྒྱ་མཚོ་ཆེན་པོའི་ནང་དག་གི། པད་མ་ལ་ནི་གནས་བཅས་ཏེ།། དེ་ལྟར་བསྐྱེད་ལ་ཡེ་ཤེས་པ།། སྤྱན་དྲངས་མཆོད་ལ་གཉིས་མེད་བསྟིམ།། དགྱེས་པའི་ཚུལ ་གྱིས་རྣལ་འབྱོར་ལ། ། ཡིད་འོང་དངོས་གྲུབ་སྩོལ་བར་འགྱུར།། ཨོཾ་ཤྲཱི་བཛྲ་ཡཀྵ་བྷེ་ཤྭ་ར་བ་ན་ཡེ་ཧཱུཾ་ཕཊ། ཨོཾ་བ་རུ་ཎ་ཡེ་སྭཱ་ཧཱ། ཨོཾ་ཨ་ནན་ཏ་ཡེ་སྭཱ་ཧཱ།། ཨོཾ་ཏཀྵ་ཀ་ཡ་སྭཱ་ཧཱ། ཨོཾ་ཤཾ་ཀ་པཱ་ལ་ཡ་སྭཱ་ཧཱ།། ཨོཾ ་ཀར་ཀོ་ཊ་ཡེ་སྭཱ་ཧཱ། ། ཨོཾ་པད་མ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡེ་སྭཱ་ཧཱ། ཨོཾ་ཀུ་ལི་ཀ་ཡཱ་སཱ་ཧཱ།། དེར་ནི་གསང་སྔགས་བཟླས་པ་ཡ་སི།། སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་བྱ།། དེ་ནས་ཀླུ་རྣམས་ཐམས་ཅད་ལ།། ཡིད་འོར་གཏོར་མ། ་འབུལ་བར་བྱ། ནེག་གེ་སར་བུས་པ་དང་།། རྒྱ་མཚོ་ཝུབ་ཨ་རུ་པ། ཛ་ཏ་བལ་གུར་ཀུམ་དང་།། ཙན་དན་དཀར་དམར་བུ་ཤེལ་ཙེ།། དབང་པོ་ལག་དང་སྙིང་ཤོ་ཤ། ཚྭ་སྲིན་སྡེར་མོ་ལེ་བརྒན་དང་།། འགྲོན་བུ་དུང་དང་མུ་ཏིག་དང་། ་ཉབྱས་བླ་གོང་ཞོ་ཤ་དང་།། མཁལ་མ་ཞོ་ཤམ་པའི་མདོངས།། ཏ་རུ་རྒུན་འབྲུམ་མངར་གསུམ་དང་།། གསེར་གྱི་བྱེ་མ་རས་སྲུང་དང་།། འོ་མ་དང་ནི་འབྲུས་ལྔ།། རིན་ཆེན་སྣ་ཚོགས་མ་ལུས་པ།། ཁྱད་པར་དུ་ནི་འབུལ་བ ་བྱ། ། དེ་ནས་མཆོད་ཅིང་བསྟོད་བྱ་སྟེ། དངོས་གྲུབ་གང་འདོད་སྩལ་བར་བསམ།། དེ་ནས་ཞི་བའི་སྦྱིན་བསྲེག་བྱ།། གསང་སྔགས་ཁྲི་ཕྲག་བཅུ་བཟླས་ནས།། རྟགས་བྱུང་ནས་ནི་དངོས་གྲུབ་བླང་།། དཔལ་མགོན་ཆེན་པོ་དངོ་ས ་གྲུབ་འབྱུང་བའི་རྒྱུད་ལས་རྒྱལ་པོ་རྣམ་ཐོས་སྲས་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལེའུ་སྟེ་ཉི་ཤུ་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། དྲང་སྲོང་སྲས་མཆོག་དེ་ཉིད་ལ།། ལྷ་མོ ་བརྒྱད་ཀྱིས་ཡོངས་བསྐོར་བའི། ། ཐབས་ཉིད་རྣལ་འབྱོར་པས་ཤེས་བྱ།། རིན་ཆེན་བདུན་པའི་ཁང་བཟངས་སུ།། ནོར་བུ་སྣ་ཚོགས་གདན་བཞུགས་པའི།། འཕགས་པ་སྐུ་མདོག་བཻ་དཱུ་རྱ།། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ།། ་རིན་ཆེན་སྣ་ཚོགས་དུ་མས་སྤྲས།། གདུག་པ་ཀླུ་ཡིས་ཉེར་བརྒྱན་ཅིང་།། གཡས་ཀྱི་དང་པོ་རྒྱལ་མཚན་འཛིན།། གཡོན་གྱི་དང་པོར་རིན་ཆེན་སྣོད།། བར་མ་གཉིས་ནི་རྡོ་རྗེ་དང་།། པད་མ་འབར་བ་བསྡམས་པ་དང་།། ཐམས ་ཞགས་པ་ཟོ་བ་འཕྱར། ། སྟག་གི་པགས་པའི་ཤམ་ཐབས་ཅན།། དར་གྱི་ཅོད་པན་དག་གིས་མཛེས།། སྐད་ཅིག་གིས་ནི་བསམ་པར་བྱ།། ཨོཾ་བཛྲ་བི་རུ་ཀ། ཀུ་བེ་ར་ཨད་མ་ཀ། མ་ཧཱ་ཡཀྵ་རཱ་ཛ་རང་ན་སིད་དྷི་ཧཱུཾ་སྭཱ་ཧཱ། ་གསང་སྔགས་འདི་ནི་བརྗོད་པ་ཡིས།། གནོད་སྦྱིན་མོ་རྣམས་འདུན་དུ་འགུགས།། ཨོཾ་ཙན་དྲ་ཀཱ་ན་ཏྱཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་དད་ཏ་ཡེ་སྭཱ་ཧཱ། ཨོཾ་གུ་ཧྱ་ཡེ་སྭཱ་ཧཱ། ཨོཾ་སུ་ཏད་ཏ་ཡེ་སྭཱ་ཧཱ། ཨོཾ་དེ་བི་སྭཱ་ཧཱ། ་ཨོཾ་ཨཱརྱ་ཡེ་སྭཱ་ཧཱ། ཨོཾ་ས་ར་ས་ཏྱེ་སྭཱ་ཧཱ། ཟླ་འོད་ཅན་མ་རབ་བཟང་མོ།། སྦྱིན་བྱེད་མ་དང་གསང་བ་མ།། རབ་སྦྱིན་མ་དང་དཔལ་ལྷ་མོ།། འཕགས་མ་དང་ནི་དབྱངས་ལྡན་ཏེ།། ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ།། ་ཀུན་ཏུ་རྒྱལ་བ་འདི་འཕྲོ་མ།། གདུ་བུ་དཔུང་རྒྱན་མགུལ་རྒྱན་དང་།། ཞབས་གདུབ་དོ་ཤལ་ལེགས་བརྒྱན་ཅིང་།། དར་དང་ནོར་བུས་རྣམ་པར་མཛེས།། དཀར་དང་སེར་དང་དཱུར་བའི་འོད།། གསེར་འོད་པད་མར ་གདང་། ། ཨུ་དཔལ་པད་མ་རཱ་ག་དང་།། ཨུད་པལ་པུན་ད་རི་ཀ་དང་།། པ་ལ་ཤ་ཡི་མདོག་མཚུངས་པ།། འོད་ཀྱི་ཕྲེང་བས་འཁྲིགས་པའི་ནང་།། རིན་ཆེན་སྒྲོམ་བུ་གཏེར་གྱི་སྣོད།། རིན་ཆེན་གཞོང་པ ་རོས་དང་། བཅུ་དང་ནོར་བུམེ།། དབལ་བེ་བ་ན་མ་ཡིག་སྟེ།། གཡོན་པ་ཀུན་དུ་པ་དམ་བསྣམས།། སྒེག་ཅིང་འགྱིང་དང་ལྡན་པར་བས་པ།། གཙོ་བས་ལྷ་མོ་བརྒྱད་པོ་བསྐུལ།། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱིས། ་རིན་ཆེན་མ་རབ་ས་པ་ས་ནི།། བཀའ་བཞིན་བགྱིད་པ་རྣམ་པར་བསམ།། མགོན་པོ་མྱུར་དུ་བསྐུལ་བའི་ཚེ།། གཙོ་བོས་མི་འཇིགས་སེང་གེ་ཆིབས།། ཐུན་མོང་གི་ནི་ལས་བྱེད་པའོ།། སྟོབས་ལྡན་གླང་ཆེན་རབ་བརྟན ་ཆིབས། ། ཁྱད་པར་སྒྲུབ་པའི་ལས་རྣམས་བྱེད།། ག་རུའི་འབྲུག་སྔོན་པོ་ཆིབས་ནས་ནི།། སྣང་སྲིང་མ་ལུས་དབང་དུ་སྡུང་།། དབང་དུ་བྱེད་པའི་ལུས་རྣམས་དང་།། ཁྱད་པར་སྦྱིན་བསྲེག་དྲག་པ་ནི།། བཤད་དང་རྔམ་པའི ་ཚུལ་གྱིས་ནི། ། མྱུར་དུ་ལས་ལ་འགྲོ་བ་ཡིན།། ཕྱི་ནས་གསང་བའི་རིམ་ཤེས་པའི།། སྟོང་ཕྲག་བཅུ་ཡིས་འགྲུབ་པ་སྟེ།། འདི་ནི་རིན་ཆེན་གའུའི་ནད།། རིན་ཆེན་འབར་བའི་འཁོར་ལོ་ལ།། གསང་སྔགས་ཡི་གེའི ་ཕྲེང་བ་ཅན། ། ས་བོན་སྤྲོ་བསྡུ་ཏིང་འཛིན་བསྒོམ།། ན་མོ་བྷེ་ཤར་མན་བཛྲ་མུ་ས་ལ། མུ་སུ་ནསྟི། ཏྲི་ཤཱུ་ལ་ཨཾ་གུ་ཤ། བཱ་ཤ་པ་རི་ཤུ། བན་དྷ་མུད་ག་ར་ལཱ་ལང་ཀྲི་ད། ཧསྟ་སྱ། ན་མོ་ན་མཿསརྦ་དེ་ཝ་ཏ་སུ་ཙི ་ཏ། ཀྲི་ཏ་ཊ་སྱ། མ་ཧཱ་ཀཱི་ལ་ཀཱི་ལཱ་ཡ། སརྦ་གྲི་ཧཱ། ཨ་ཀ་རི་ཤ་ནི་ཡ་བི་ཛ་ཡཱ། ཛ་ཡན་དུ། བྷ་ག་བཱ་ན། ན་ད་ཀུ་བེ་རཱ། ཀྵ་ཏི་ས་ཏི་ཙཀྲ་ཏི་ནི། ཀ་ལ་ཀ་ལ། ན་ང་ཀུ་བེ་ར་ཀི་རི་ཀི་ལྀ། ན་ད་ཀུ་བེ་ར། ཀྵ་ཏི་པ་ཏི ་ཙཀྲ་ཏི་ནི་། བྷྲྀ་ཛི་མ་ཧཱ་བྷ་ག་བ་ཏི། ན་དཀུ་བེ་ར། བྷིཀྲ་ཏ། དྲང་སྲོང་ཀར་ལ། བྷན་དྷ་ན། རེའུ་ཏྲ། དྷིདྷས། གུཿ། ཀ་ནག་ན་བ་རི་བྲིདཱ། བྷེ་ཤར་བ་ན། བྷ་ནེ་བྷ་ནེ། བྷི་བ་ན་བ་སི་ཏི། ཀྲུདི་ཀུཏཱི། ཀུ་བེ་ར། ནད ་ཀུ་བེ་ར། ན་མ་སྟུ་ཏེ་སྭཱ་ཧཱ།། འདི་ནི་ཁྱད་པར་སྒྲུབ་པ་སྟེ།། གསང་སྔགས་གནོད་སྦྱིན་སྟོང་སྡེའི་ཚོགས།། མ་ལུས་འདི་ཡིས་སྐུལ་བར་བྱེད།། གར་མཁན་མཆོག་ཅེས་བྱ་བ་ཡི།། ལྷ་ནི་དུ་མས་ཡོངས ་བསྐོར་བའི། ། འདི་ནི་བསྐྱེད་ཅིང་སྤྱན་དྲང་བ།། སྤྱན་དྲང་མཆོད་ཅིང་བསྟོད་པ་དང་།། གང་སྒྲུབ་ལས་ལ་བསྐུལ་བར་བྱ།། འདི་ཡིས་རྣལ་འབྱོར་དགོས་པ་སྒྲུབ།། ཞིབས་ནད་གདོན་མ་ལུས་ལ།། ་དབང་གིས་ཁམས་གསུམ་མ་ལུས་བསྒྱུར།། རྒྱས་པས་ནོར་དང་འབྲུ་སོགས་འཕེལ།། མངོན་སྤྱོད་ཀྱིས་ནི་གདུག་པ་འདུལ།། ནོར་བུ་བཟང་པོས་གཏེར་ལ་སྤྱོད།། ཡང་དག་ཤེས་ཀྱིས་དུས་གསུམ་མཐོང་།། གང ་བབཟང་པོས་ལོངས་སྤྱོད་འཕེལ། ། གཙུག་ན་འཁྱིལ་བས་ཚེ་དཔལ་སྟེར།། འབྲོག་གནས་རྒྱལ་བས་དུད་འགྲོ་སྤེ་ལ།། གནོད་སྦྱིན་ལྔ་པོ་འདི་དག་གིས།། ས་གསུམ་གཡོ་བར་བྱེད་པ་སྟེ། འདི་དག་སྒྲུབ་པོས་མཆོད ་གྱུར་ན། ། ཕུན་སུམ་ཚོགས་པའི་དཔལ་རྣམས་སྟེར།། རང་ཉིད་ལྷག་པའི་ལྷ་ཡིས་ནི།། ས་བོན་ལས་འཕྲོས་ལྤགས་ཀྱུས་ནི།། འདི་དག་སྲོག་གི་དབང་པོ་ལ།། དབང་བྱེད་ལས་བྱེད་མི་ཟློག་འགྱུར།། གནོད་སྦྱིན་རྣམ ་ལ་ཤིང་ཐོག་དང་། ། ཀླུ་རྣམས་གཏོར་མས་ཀུན་དུ་མཆོད།། ལྷ་མོ་ཨ་རུ་ར་ཡི་འབྲུ།། མ་ལུས་མྱུར་དུ་མཆོད་པའོ།། གང་པོ་དང་ནི་མཛེས་མ་དག། ཁྱད་པར་མ་ངག་བཞུག་གྱུར་པའོ།། དཔལ་མགོན་པོ་ཆེན་པོ་དངོས ་གྲུབ་འབྱུང་བའི་རྒྱུད་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། འཁོར ་བའི་སྲིད་པ་ཇི་སྲིད་པར། ། བྱང་ཆུབ་སེམས་ཀྱི་ཆོས་རྣམས་སྟོན།། རི་བོའི་རྩེ་དང་ནགས་ཚལ་བྲག། རྒྱ་མཚོའི་འགྲམ་དང་ཤིང་གཅིགས།། གདོང་ནས་གྲུབ་པའི་དུར་ཁྲོད་དེ།། ། གནས་འདི་དག་ཏུ་བསམ ་གཏན་བསྒོམ། ། ལས་ཀྱི་མགོན་པོ་འཇིགས་པའི་གཟུགས།། གྲུ་གསུམ་ཕོ་བྲང་ལ་གནས་པ།། དུར་ཁྲོད་གཞལ་ཡས་འབར་བ་ནི།། མེ་དཔུང་འབར་བ་འཕྲོ་བའི་དབུས།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། ་སུ་མདོག་ནག་ཅིང་མཆེ་བརྡོ།། ཡན་ལགཟུང་ཞིང་གསུས་པ་འཕྱང་།། ཐོད་པ་སྐམ་པོའི་དབུ་རྒྱན་བྱས།། སྤྱན་གསུམ་སྔང་མིག་ཁྲོ་ཚུལ་སྟོན།། བཞིན་བསྒྱུར་མི་སྡུག་ལུས་ཅན་ནི།། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱ ་གཡོན་པར་མཉམས་སྙིང་ཁྲག་གིས། ། ཐོད་པ་བཀང་ནས་གསོལ་བར་མཛད།། དུག་སྤྲུལ་གདུག་པས་ལྷ་ཚིགས་བརྒྱན།། དབུ་སྲད་མར་སེར་གྱེན་དུ་བརྫེས།། མི་ཐོད་རློན་པའི་དོ་ཤལ་བྱས།། རོ་ཡི་གདན་ལ ་བརྫིས་ནས་ཀྱང་། ། དྲག་པོའི་ང་རེ་སྒྲོགས་པའི་གནས།། སྐུ་གསུང་ཐུགས་ཀྱི་མགོན་པོ་ནི།། གསོད་བྱེད་རྔམ་བྱེད་སྒྲོལ་བྱེད་ཆེ།། བསྒྲུབ་བྱ་ངེས་པར་བསྒྲོལ་བའི་ཚེ།། སྐུ་ཡི་མགོན་པོས་དམ་ཉམས་ཀྱི།། ལྟེ་བའི་སྲོག ་རྩ་གཅོད་པར་བྱེད། ། གསུང་གི་མགོན་པོས་དམ་ཉམས་ཀྱི།། མགྲིན་པ་ནས་ནི་ཁྲག་རྣམས་འདྲེན།། རྡོ་རྗེ་ཐུགས་ཀྱི་མགོན་པོ་ཡིས།། སྙིང་གི་དཀར་ནག་མཚམས་སུ་ཡང་།། བྱ་རོག་མཆུ་ནི་བཙུགས་ནས་ཀྱང་། ་སྲོག་ཅ་མཱར་དུ་གཅོད་པར་བྱེད།། ཕོ་ཉ་ཤ་ཟའི་གདོང་ཅན་གྱིས།། སྤྱི་གཙུག་ནས་ནི་རྩལ་འཇིབ།། ལས་བྱེད་མ་མོ་ཙཎ་ཌི་ཀས།། གསང་བའི་འདོམས་སོར་དངས་མཇུག།། རྩ་འཇིབ་མ་དང་ཁྲག་མཐུང་མ། ་སྲོག་འཕྲོག་མས་ནི་ལས་ལ་སྦྱོར།། ཉིན་མཚན་དུས་ལས་འདའ་མི་བྱེད།། འདི་དག་གསང་སྔགས་མ་ཡེངས་བཟླས།། དུས་གསུམ་དག་ཏུ་ཏིང་འཛིན་འབད།། རྩ་བའི་སྔགས་ནི་སྲོག་ཡིན་ཏེ།། གསུང་གི ་དངོས་གྲུབ་སྙིང་པོ་ཡིན། ། ཉེ་བའི་སྙིང་པོས་ཐུགས་བསྐུལ་བའོ།། ཡེ་ཤེས་ས་བོན་མི་ཤིགས་པ།། དངས་མའི་གནས་པར་དེ་བཤད་དོ།། སྐུ་གསུང་ཐུགས་དང་ཡོན་ཏན་ལ་ས།། རིམ་པར་གནས་པས ་བསམ་གཏན་འགྲུབ། ། རྟགས་རྣམས་ཉེ་བར་མ་བྱང་ན།། འབད་པས་བསྟེན་ཅིང་མཆོད་པར་བྱ།། གཞན་དུ་འགྲུབ་པར་མི་འགྱུར་རོ།། ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལཱ་ཏྲ་ག་ཤད་ཛེ། ་མ་ཧཱ་ཀཱ་ལ་སི་ཏི་ཡཱ་རུ་ཛཿཱ་ལཱི་ཀཱ་ལི་མཉམ་ལྡན་པ་འི།། རྩ་བརྒྱད་ཕྲེང་བ་རབ་ཏུ་བསྒྲགས།། རིམ་པར་བྱིན་བརླབས་ལྡན་བྱའི་ཕྱིར།། བཟླས་པ་བརྒྱ་རྩ་བརྒྱད་དུ་བྱ།། བགྲང་ཕྲེང་ནུས་པར་ལྡན ་པ་ཡིས། ། ལས་ནི་མྱུར་བར་ཤིས་པ་ཡིན།། ཤེལ་གྱིས་ཞི་བ་ཆེན་པོ་འགྲུབ།། མུ་ཏིག་གིས་ནི་རྒྱས་པ་ལ།། དྲད་པོའི་སོ་ཡིས་གསང་བ་འགྲུབ།། དེ་གཉིས་འགྱུར་བ་བོང་བུའི་སོ།། སྡང་དང་སྐུད་པ་རྔ་མོའོ་སོ།། ་ཀ་སོགས་རྣམ་དག་ཡུམ་བཅུ་དྲུག། བྱིས་པ་འཚོ་བྱེད་དབང་སོགས་ལ།། དབྱངས་དང་གསལ་བྱེད་རྣམས་བསྲེས་པས།། བཞི་ཡིས་ལྷག་པའི་བད་འབྲས་ཤིང་།། ལུང་དང་དམར་པོ་བདུན་གཅིག་དྲུག། ཡང་། ་ཙན་ངན་འབྲུ་དགུ་འམ།། རྒྱུ་སྐར་ཕྱེད་པོས་གྲངས་མཉམ་པས།། ལུང་ཐང་ནག་པོས་རྨོངས་བྱེད་ནུས།། དབྱངས་དང་གསལ་བྱེད་ཕྱེད་སྦྱངས་པས།། རུ་ར་བཱ་ཥ་ནི་མངོན་སྤྱོད་ལ།། དེ་ལྟའི་ཆོ་ག་ཤེས་པ་ཡཱི། ་ཚར་གཙང་ཕན་གདགས་ལས་རྣམས་སྤྱད།། གསང་སྔགས་ཡི་གེའི་འཁོར་ལོ་ནི།། མགལ་མེ་བཞིན་དུ་བསྐོར་བར་བྱ།། དེ་ལྟར་དུས་བཞིར་བསྒྲུབ་པར་བྱ།། དེས་ནི་ཉེ་བར་འགྲུབ་པར་འགྱུར།། དེས་ཀྱང ་གྲུབ་པར་མ་གྱུར་ན། ། རང་ཉིད་ཡེ་ཤེས་ནག་པོ་ཡིས།། གདུག་པ་འདུལ་བར་བསམས་ནས་ནི།། ལས་བྱེད་མགོན་པོའི་སྲོག་རྩ་འཕྲོག། དེ་ལྟར་བསྐུལ་བས་ལས་ལ་སྦྱོར།། གཟས་པ་པོ་དོ་སྒྲོལ་བར་བྱེད།། ་གལ་ཏེ་ལས་ལ་འགྱངས་པ་ན།། སྲོག་གི་ཐིགས་པ་བླང་བ་དང་།། གསང་སྔགས་སྙིང་པོ་གོ་བཟློག་ཅིང་།། ལྟེ་བ་དཀྲུགས་པའི་ལས་བྱས་ན།། ཤིས་བསྟན་པར་འགྱུར་བ་སྟེ།། སྲོག་ནི་དམར་ལེན་བྱེད་པར ་འགྱུར། ། མ་རུངས་འདུལ་བའི་ལས་འདི་དག། སངས་རྒྱས་བསྟན་པ་བསྲུང་བ་ལས།། གཞན་དུ་བྱས་ན་ཉེས་པར་འགྱུར།། སྦྱིན་སྲེག་དང་ནི་གནན་པ་དང་།། དེ་བཞིན་ཟོར་དགྱེ་ལས་བྱ་བ།། གསད་པ ་རང་གཤེད་གནད་ལ་དཔའ། ། དེ་ལས་མྱུར་བར་རྟགས་བྱུང་ཚེ།། ཐུགས་དམ་བསྐང་ཞིང་གཏོར་མ་འབུལ།། ཚོགས་ཀྱི་འཁོར་ལོའི་མཆོད་པ་དང་།། དེ་ཀན་ལ་མར་འབྲུ་བར་འགྱུར།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ ་འབྱུང་བའི་རྒྱུད་ལས་ལས་ཉེ་བར་བ་སྒྲུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། ། །། དེ་ནས་གཞན་ཡང་བཤད་པར་བྱ།། དཔལ་ལྡན་ལྷ་མོ་འཁོར་དང་བཅས།། ནག་མོ་མངོན་པར་འབྱུང་བ་ཡི། ་ལས་ཀྱི་དངོས་གྲུབ་ཆོ་ག་བཤད།། དམ་ཚིག་གསང་བའི་སྔགས་པ་ཡིས།། བྲག་ནག་རྩེ་མོ་རྣོ་བ་ཡིས།། ཁ་ལྷོར་བལྟས་པའི་བྲག་ཕུག་གམ།། གཞན་ཡང་རི་བོའི་ཟོམ་མམ་རྩེ།། ཤིང་གཅིག་དུར་ཁྲོད་མ་མོའི་གནས།། རབ ་ཏུ་འཇིགས་པའི་གནས་མཆོག་ཏུ། ། མཎྜལ་དང་ནི་མཆོད་པ་དང་།། གཏོར་མ་ལེགས་པར་བཤམས་ནས་ནི།། ཤ་ཆེན་བསྲེགས་སྤོས་ཕུལ་ནས་ཀྱང་།། བར་ཆད་བགེགས་རྣམས་བསྐྲད་པར་བྱ།། གྲུགསུམ་ཁྲག་དང་དུག་གིས ་ཐུག། དུག་ཤིང་ཚེར་མ་ཅན་གྱིས་བརྩིག། གཞན་ཡང་ལིང་ག་བྱས་པ་ལ།། མི་གསང་ལྕགས་ཀྱུ་ཏྲི་ཤཱུ་ལ།། དེ་ཡི་ལུས་ལ་གདབ་པར་བྱ།། ཚིལ་ཆེན་མར་མེ་ཟུར་གསུམ་པ།། བཏང་ནས་བདག་ཉིད་ལྷར་བསྐྱེད་ལ།། དཀྱིལ་འཁོར ་གྲུ་གསུམ་ལེགས་གནས་པ། ། མ་ཧཱ་ཀཱ་ལ་ཕྱག་བཞི་པ།། མདོག་ནག་ཁྲག་འཛག་མེ་དཔུང་དབུས།། ཞལ་གཅིག་སྤྱན་གསུམ་འབར་བ་སྟེ།། གཡས་ཀྱི་དང་པོ་ཆུ་གྲི་དང་།། འོག་མ་ཏྲི་ཤུལ་རྩེ་གསུམ་པ།། གཡོན་གྱི་དང་། ་པོས་མདའ་གཞུ་དང་།། གཉིས་པས་མགེ་བོ་ཁྲག་འཛག་བསྣམ། དུར་ཁྲོད་ཀྱིས་བརྒྱན་ཤམ་ཐབས་ཅན།། དེའི་གཡས་དང་གཡོན་གཉིས་སུ།། ཤ་ཟ་གཉིས་ནི་གནས་པར་བསམ།། ལས་ཀུན་བྱེད་པའི་ཕོ་ཉར་བསྐུལ།། ་དང་པོ་ལྷ་མེ་ཚོན་མོ་ནི། ཨེ་དབུས་གསང་སྔགས་ལས་གྲུབ་པའི།། ཞལ་ཅིག་པ་ལ་ཕྱག་བཞི་པ།། སྤྱན་གསུམ་ཤིན་ཏུ་སྐུ་མདོག་ནག། ཤིན་ཏུ་རྔམ་ཞིང་སྒེག་པའི་སྐུ།། གཡས་ཀྱི་དང་པོ་རལ་གྲི་འཆང་།། འོག་མ ་ཤག་ཏི་འབར་བ་ཅན། ། གཡོན་གྱི་དང་པོར་ཐོད་ཁྲག་འཛིན།། འོག་མ་ཁ་ཊྭཱཾ་བསྡམས་པའོ།། རལ་པ་ཁམ་ནག་གྱེན་དུ་བརྫེས།། མཆེ་གཙིགས་ཐོད་པ་དྲུག་སྦྲུལ་བརྒྱན།། གླང་པོའི་སྟོང་གཡོགས་སྟག ་ཤམ་དང་། ། རེ་ལྡེ་ནག་པོའི་ཤམ་ཐབས་གསོལ།། བོང་བུ་ག་དམར་སྟེང་ནས་ནི།། ཕྱེད་དཀྲུང་འབར་བས་བཞུགས་པའོ།། ཡང་ན་ཞལ་ཅིག་ཕྱག་གཉིས་མ།། རལ་གྲི་ནེའུ་ལེའི་རྒྱལ་བ་འཛིན།། དམ་ཚིག་བསྐྱེད་ལ་ཡེ་ཤེས་དགག། ་ཕྲིན་ལས་བཅོལ་བར་བྱ་བའོ།། ཨོཾ་ཤྲཱི་ཡ་དེ་བི་ཀཱ་ལི་ཀྵ་ལི་མ་ཧཱ་ཀ་ལི་བྷོ་ཧཱཾ། ཨོཾ་རུ་རུ་རོ་རུ་བཻ་ཏིཥྛ་བ་སོ་ཙ་བ་ལ་ཨ་ཤུག་མེ་བྷྱོ་ཛ། མ་ཧཱ་ཀཱ་ལཱི་དེ་ཝི་ཀ་ར་ལ་བི་ཀྲི་ཏ་ཀ་རཱ་ལ་ཀྲི་ནི།། ཙཎ་ཌ་རཱ་བི་ནི་ཧཱུཾ་ཧཱུཾ་ཕཊ།། རག་མོ་ཙི ་ཏི་ཁ་རག་མ་ཧཱུཾ་བྷུ། ། ཨོཾ་མ་ཧཱ་ཀཱ་ལི་ད་ཝི་གྲིཧྞ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ་པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། ཁཱ་ཧི་ཧཱུཾ་ཕཊ།། བདུད་རྩི་ལྔ་དང་ཤ་ལྔ་དང་།། སྐྱེས་པ་གྲིར་ཤིའི་སྙིང་ཁྲག་གྲི། ་ནག་པོ་ཆེན་པོའི་གཏོར་མར་བླུགས།། མ་ཉམས་གྲི་ར་ཤིའི་བ་བླངས་ལ།། མ་ཧཱ་རུ་ཏྲ་བསྟིམས་ནས་ནི།། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན།། གན་བརྒྱལ་བཞག་ལ་བསྒྲལ ་བར་བྱ། ། དེ་ཡི་ཤ་དང་ཁྲག་དང་ནི།། ལྤགས་པ་ཚིལ་བུ་རྐང་མར་བཅས།། ཀླད་པ་ཀླང་རྒྱས་ཞག་དང་ནི།། དབང་པོ་ལྔ་དང་དོན་སྙིང་ལྔ།། རུས་པའི་བྱེ་བྲག་ཐམས་ཅད་ཀྱིས།། ཡེ་ཤེས་ནག་པོ་ཆེན་པོ་དང་།། དཔལ་ལྡན ་ནག་མོ་ར་མ་ཏི། ། ལས་ཀྱི་མགོན་པོ་འཁོར་དང་བཅས།། པོ་ཉ་བྲན་གཡོག་དུར་ཁྲོད་གནས།། ཌཱ་ཀིའི་ཚོགས་ཀྱི་ཐུགས་དམ་བསྐང་།། དེའི་ཤ་ཡི་ཚོགས་རྣམས་ཀྱིས།། ནག་པོ་སྟོང་གི་ཐུགས་དམ་བསྐངས།། དེའི་ཁྲག ་དང་ཆུ་སེར་གྱིས། ། མ་མོ་བྱེ་བའི་ཐུགས་དམ་བསྐར།། དེའི་ཆུ་རྒྱུས་རུས་པ་རྐང་།། ཤ་ཟ་འབུམ་གྱི་ཐུགས་དམ་པ་ཀང་།། མཁའ་འགྲོ་ལྔ་དང་ལྷ་མོ་བརྒྱད།། དེའི་འཕྲིན་ལས་མགོན་པོ་དང་། ཤ་ཟ་འཁོར་དང་བཀྲ ་ལ་འབུལ། ། ཕུང་པོ་བསྐལ་བའི་ཚོགས་ཀྱིས་མཆོད།། རྣམ་ཤེས་བསྒྲལ་བ་ཡེ་ཤེས་བསྒྱུར།། མི་བསྐྱོད་པ་ཡི་ནིང་ཁམས་སུ།། རྒྱལ་བའི་སྲས་བུ་བསྐྱེད་པ་ཡིན།། རྣལ་འབྱོར་འཆི་བ་བསླུ་བ་དང་།། བར་ཆད་ཐམས ་ཅད་བཟློག་པར་བྱེད། ། མ་རུངས་བསྟན་ལ་བསྡང་ཞིང་འཚེ།། བསྒྲུབ་ལ་གནོད་ན་ལས་འདི་བྱི།། གཞན་དུ་བྱས་ན་བརླག་པར་འགྱུར།། དེ་ཡི་ཤ་ལ་སྦྱིན་བསྲེག་བྱ།། ཚིལ་ནི་ཞུན་ཆེན་མར་མེ་བྱ།། ཀླང་རྒྱས་ཐོད་པའི་རྔ་ལྤགས ་བྱ། ། ལྤགས་པ་ཚོགས་ཀྱི་གདན་དུ་བྱ།། བསྲེགས་པའི་རུས་པ་ཚ་ཚ་བྱ།། འདིས་ནི་མགོན་པོ་འཁོར་བཅས་ཚོགས།། མཉེས་པར་འགྱུར་ཞིང་ཐུགས་དམ་བསྐད།། གཞན་ཡང་ཕྲན་ཚེགས་ལས་ཀྱི་གསང་རབ་ཏུ་བཤད ་བར་བྱའོ། ། དཀྱིལ་འཁོར་བའི་ལྷའི་ཕྲིན་ལས་ཀྱི་རྣལ་འབྱོར་དང་རབ་ཏུ་ལྡན་པས་ཞི་བའི་ལས་སྒྲུབ་པ་ལ་ནི་བིལ་བ་ལ་སོགས་པ་ལ་སྦྱིན་བསྲེག་བརྒྱ་རྩ་བརྒྱད་དུ་བྱའོ།། འབྲས་ལྡན་གྱི་ཤིང་གང་ལས་རྒྱས་པའི་ཝ ་བསྒྲུབ་ན་སྟོང་ཕྲག་གིས་བྱའོ། ། ཁཱི་ཌི་རིའི་ཤིང་དང་དམར་བའི་ཤིང་གིས་ནི་དབང་གི་ལས་སྒྲུབ་ན་ཁྲི་ཕྲག་གིས་བྱའོ།། ཤིན་ཏུ་རྩུབ་པའི་ཚེར་མ་དང་ལྡན་པའི་ཤིང་དག་གིས་ནི་མངོན་སྤྱོད་ལ་འབུམ་ཕྲག་གིས་བྱ་བར ་ཤིས་སོ། ། བསྐྲད་པ་ལ་ནི་ཤིང་གི་ལོ་མ་རླུང་དམར་བྱུང་བའི་ཚེ་ས་ལ་མ་ལྷུང་བར་བླངས་ཏེ་གཟུགས་བརྙན་བྲིས་ནས་ཡུལ་གཞན་གྱི་ཧོར་ཁྲ་ལ་བཏགས་ཏེ་བཏང་བར་བྱའོ།། གལ་ཏེ་བཟློག་པར་འདོན་ཞི་བའི་སྦྱིན་བསྲེག ་གི་ཐལ་བས་གཏོར་ཞིང་བསེར་སྐྱའི་འོམས་ལུས་བཀྲུས་ན་ཞི་བར་བྱེད་དོ། ། རུས་ཕྱེ་སྣ་ཚོགས་པ་ལ་ཁྲག་ཐུགས་ཏེ་གཟུགས་བརྟན་བྲིས་ལ་དགྲའ་དེའི་ཕྱོགས་སུ་གཏོར་བས་ནི་ཤན་ཆེན་པོས་འཛིན་པར་བྱེད་དོ།། ཡང ་ན་ལྕེ་སྦྱང་གི་ཤལ་སྦྱིན་བསྲེག་བྱས་ཏེ་དུར་ཁྲོད་དུ་ཐལ་བ་ཕྱར་ནས་ལྷག་མ་གཟས་པ་པོའི་སྒོ་ལ་གཏོར་ནས་གཏང་ན་དུར་ཁྲོད་ཀྱི་ལྕེ་སྤྱང་གི་ཚོགས་རབ་ཏུ་འདུ་ཞིང་དུལ་སྒོལ་སྡེར་མོས་འབྲང་བར་འགྱུར་རོ། ། ་དལྟ་བུ་ལན་གསུམ་བྱས་ར་ལྕེ་སྤྱང་གིས་ཟ་བར་འགྱུར་རོ།། གང་དུ་ཐོག་གིས་ཤི་བའི་རུས་པ་ལ་རབ་ཏུ་སྔགས་ཏེ་རི་བོང་གི་ཐོད་པར་བཅུག་སྟེ་ཤིང་རྐང་གཅིག་པའི་རྩེ་མོ་ལ་བཏགས་ནས་ཐོག་འབབ ་པས་འཆི་བར་འགྱུར་རོ། ། ཡང་ན་དེ་ཉིད་ཀྱི་གཟུགས་བྱས་ཏེ།། དེ་ཉིད་དང་རིགས་འཐུན་པའི་རུས་པ་རྙེད་ན་ཡུངས་ཀར་གྱིས་བརྡེག་ཅང་ཕམས་ཀྱི་དུར་ཁྲོད་དུ་གྲིབ་སོ་ལྷགས་པ་དང་སྦས་ཏེ་གཏོར་མས་མནན་ཅིང ་དོང་ཐུབ་པར་སྦས་ལ་རོ་བསྲེགས་པའི་གཡམ་པས་མནན་ན་རིགས་འཆང་བར་འགྱུར་རོ། ། གྲོག་མཁར་གྱིས་ལ་གཟུགས་བྱས་ལ།། དེ་ལ་དུག་དང་ཏི་ལ་མར་ཀྱིས་རྩུག་ལ་འབྲས་ཕུབ་ཀྱི་མེ་ལ་རབ་ཏུ་བསྒོ་ཞིང་སྔགས ་བརྡེགས་ན་རིམས་ཚ་བ་ཆེན་པོས་བཏབ་པར་འགྱུར་རོ། ། གཞན་པ་ལ་ནི་སྤྲ་ཚིལ་གྱིས་བྱུགས་ཤིང་ཚེར་མའི་རིགས་མང་པོ་བཏབ་པར་བྱས་ནས་དུས་མ་ཡིན་པའི་རླུང་ལ་ཕྱིར་ན་ཡུལ་གཞན་དུ་གཤིས་ངན་དུ ་འཆི་བར་བྱེད་དོ། ། མཚོ་ནང་གི་ཉེས་པ་བཟུང་ཏེ་གྲོག་ལ་ལི་ག་བྲིས་པ་དེ་བག་ཟན་གྱི་གཟུགས་དང་བཅས་པ་ལ་རབ་ཏུ་བསྔགས་ཏེ་སླར་བཏང་ན་ཆུ་གྲིར་མྱུར་དུ་འཆི་བར་བྱེད་དོ།། བས་ཤིང་ལ་ལིང་ག་བསྲེག ་ཏེསྒོ་ཁང་དུ་སྦས་ན་སྐྲངས་པ་ཆེན་པོས་བཏབ་པར་འགྱུར་རོ། ། གལ་ཏེ་གྲོག་མཁར་གྱི་ས་ལ་གཟུགས་བྱས་ཏེ་མཆོད་རྟེན་སྙིང་པའི་འོག་ཏུ་འབྱུང་པོའི་ཉི་མ་ལ་གནན་ནས་རོ་གཡམ་གྱི་ཁག་ཅད་ན་ནི་འཁོར་དང ་བཅས་པ་ནུས་པ་མེད་ཅིང་རབ་ཏུ་གནོན་པར་འགྱུར་རོ། ། དེ་ཉིད་ཀྱི་ཟག་པ་གང་ཡིན་པ་དང་ཕུང་ཤུལ་ནས་ས་ཟངས་ཏེ་གཟུགས་བརྙན་བྱས་ལ་གནས་ཀྱི་སར་རུས་པའི་ཕུར་བུས་གཏབ་ན་ནི་འོན་པ་དང་ལོང ་དང་ཡན་ལག་ཉམས་པ་དང་ལྐུགས་པར་འགྱུར་ཏེ། ། ཀླུ་གནས་པའི་ས་ར།། སྦས་ན་དབང་པོ་ཉམས་པ་ཉིད་བྱེད་དོ།། གལ་ཏེ་ས་ཕྱོགས་དེར་ཆར་མི་འབབ་པར་གྱུར་ན།། ཀ་ར་བི་རའི་ཤིང་བཙུགས་ལ་བ་དམར ་མེར་གྱིའོ་མ་གཏོར་བར་བྱས་པས་ཀླུ་གནས་པའི་སར་སོང་ནས་རང་ཏིང་ངེ་འཛིན་དུ་གནས་པས་བཀའ་བསྐོན་ཆར་ཆེན་པོ་འབབ་པར་བྱེད་དོ། ། ལོ་པོ་ས་དྲི་བ་ཤིང་དང་འཇུག་ཤིང་དུ་བཅས་པ་གལབ་ཅིང་ཀླགནང་ན། ་རའབབ་ཅིང་སྨིན་སད་པར་བྱེད་དེ།། གལ་ཏེ་སྤྲིན་དྲལ་བར་འདོད་ན་རླུང་ལྔའི་གཏོར་མ་བྱས་ལ་རླུང་གི་པར་ནགཡབ་པར་བྱའོ།། ཁྲག་པ་ཚོགས་པ་ཡུངས་ཀར་ཡུངས་ནག་ཏུ་སྟཱ་སྟེ། ཀླུ་གནས་པའི་ས་སྦྱི་སྲེག་ཏུ ་བྱས་ནས་བཟླས་པའི་ཐུན་པར་དྲུགཏོར་ན་སེ་རབ་མེད་ལ་འབབ་པར་འགྱུར་རོ། ། ཡུངས་ཀར་ཡུངས་ནག་ཐའ་ཆེན་ལ་རབ་ཏུ་བསྔགས་ནས་གཏོར་ནས་རབ་མོད་ལ་གཅོད་པར་བྱེད་དོ།། དུཙ་རའི་ཤིང་ལ་སྤྱན་བསྲེག་བྱ ་ན་སྨྱོ་བར་འགྱུར་རོ། ། ནིམ་པའི་ཤིང་གིས་ནི་རེངས་པར་བྱེད་དོ།། མེ་ཏོག་བན་དྷུ་རི་ཀ་དང་པླཀྵ་ཡིས་དགུག་པར་འགྱུར་རོ།། ཙན་དན་དཀར་པོའི་སྦྱིན་བསྲེག་བྱས་ན་གང་ལ་ཡང་གསོ་པར་བྱེད་དོ།། ཨ་རུ་རའི་སྦྱིན་བསྲེག་གི ་མྱུར་དུ་ཞི་བར་བྱེད་དོ། ། མ་ཧེའི་འོ་མས་བཀྲུས་ན་བཅིངས་པ་ཐམ་ཅད་གྲོ་ལོ།། ཨ་ཀ་རུའི་ཤིང་དང་འབྲས་བུ་དང་ལྡན་པའི་ཤིང་དང་གཅིག་ཏུ་བསྲེགས་ཏེ་མཚོར་དོར་ན་རྒྱས་པར་འགྱུར་རོ།། གླང་པོ་ཆེའི་རུས་པོ་ལ་གཏང ་དང་བཅས་པའི་གླང་སྣ་ཅན་གྱི་མེ་ཏོག་དང་སར་བའི་རིགས་ཀྱི་མེ་ཏོག་དང་བཅས་པ་ཀུན་དགའ་ར་བར་སྦྱིན་བསྲེག་བྱས་ན་འབྱོར་པ་ཕུན་སུམ་ཚོགས་པར་བྱེད་དོ། ། དེ་དག་ཐམས་ཅད་སྔགས་དང་བཅས་པའི་ནུས་པ ་འགྲུབ་གོ། ། དྲང་སྲོང་གི་རུས་པ་རི་བོའི་རྩེར་སྦས་ཏེ་འབྲུ་སྨྲས་མཆོད་པར་བྱས་ཏེ་ཆུ་བོ་རྒྱུན་དུ་འབབ་པ་མཐོང་བའི་སར་སྤྱོད་ཡུལ་དུ་འགྱུར་ན་རིགས་ཐམས་ཅད་རབ་ཏུ་འཕེལ་བར་བྱེད་དོ།། ཨོཾ་བྲའི་འབྲས་བུ ་ཤིང་ཐོག་ཇི་ཙིན་ཏ་ཀ་དང་ཛ་ལུ་དང་ཇི་བ་ཀ་རྣམས་ལ་སྣོད་དུ་བཀང་སྟེ་གཏོར་མ་བྱས་ནས་སྐུ་གཟུགས་ཀྱི་མདུན་དུ་ཕུལ་ན་ནི། ། གནོད་སྦྱིན་གྱིས་འབྱོར་པ་ཐམས་ཅད་སྤེལ་བར་འགྱུར་རོ།། པུར་བུས་གདས ་ཅིང་ཡུངས་ཀཱར་བལ་ཆེན་གྱིས་མཚམས་བཅད་པར་གྱུར་ན། ། གནོད་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་བརྒྱུད་ལས་སྣ་ཚོགས་པའི་ལས་ཀྱི་ཕ ་བྱེད་པ་བསྟན་པའི་ལེའུ་སྟེ་ཉི་ཤུརྩ་གསུམ་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། ཤིན་ཏུ་གསང་བ་བླ་ན་མེད།། ནག་པོ་མངོན་པར་འབྱུང་བ་ཡི།། ལས་ཀྱི་དངོས་གྲུབ་ཚིག་བཤད།། དཔལ་ནག་པོ་ཆེན་པོའི ་ཕྱོགས་ཀྱི་འཕྲིན་ལས་ཀྱི་ལྷ་མོ་ལ། ། ཤར་གྱི་ལྷ་མོ་འཕྲོག་མས་འགུགས་པའི་ལས་བྱེད་དོ།། ལྷོའི་ལྷ་མོ་གླང་སྣརུམས་འཆིང་བའི་ལས་བྱེད་དོ།། ནུབ་ཀྱི་ལྷ་མོ་རལ་པ་ཅན་གྱིས་སྡོམ་པའི་ལས་བྱེད་དོ།། བྱང་གིཿ ་མོ་སའི་གཙུག་གིས་མྱོས་ཤིང་དབང་དུ་བྱེད་པར་འགྱུར་རོ། ། ལྷ་མོ་བྱ་རྒོད་མགོ་བོ་ཅན་མས་རེངས་པའི་ལས་བྱེད་དོ།། སྟག་གི་མགོ་བོ་ཅན་མས་བསྐྲད་པའི་ལས་བྱེད་དོ།། ཕག་རྒོད་ཀྱི་མགོ་བོ་ཅན་མས་བསྐོར་འཇུག ་པའི་ལས་བྱེད་དོ། ། ལྕེ་སྤྱང་གི་གདོང་གིས་དབྱེ་བའི་ལས་བྱེད་དོ།། ཁྱི་གདོང་མས་ནི་རྣམ་པར་རྨོངས་པའི་ལས་བྱེད་དོ།། ཁྭའི་གདོང་གིས་རྣམ་པར་གནོན་པའི་ལས་བྱེད་དོ།། བུག་པའི་གདོང་གིས་ནི་ཁྲག་དྲང་བའི། ་ལས་བྱེད་དོ།། ཁྱུང་གི་གདོང་གིས་ནི་བརྒྱལ་བའི་ལས་བྱེད་དོ།། གཞན་ཡང་གྲོང་ཁྱེར་དཀྲུག་པའི་ལས་བྱ་བར་འདོད་ན་གྲོ་བ་འམ་ཤིང་ཤུན་ལ་དཔྱངས་དང་གསལ་བྱེད་སྤེལ་ཞིང་གོ་བཟློག་ཏུ་བྲིས་ལ་བསྣོལ་བར ་བྱས་ལ་རླུང་གི་ཤུགས་ཀྱིས་བསྒྲུ་བྱ་གང་གི་གཟུགས་དང་མི་སྤེལ་གྱིས་གནས་དེ་མྱུར་དུ་བསྐྱོད་པ་རླུང་དང་མ་དང་ཆུ་བསྣོལ་མ་རྣམ་པར་འཁྲུག་པར་བྱེད་དོ། ། དེ་ནས་ཡང་ཁ་སྦྱར་དབྱེ་བའི་ལས་དག་གིས་ཕ ་རོལ་གྱི་སྡེ་དག་གི་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་ཕྱག་རྒྱ་དང་གསང་སྔགས་དང་ཏིང་ངེ་འཛིན་གྱིས་བསྐུལ་ནས་ལན་བདུན་མྱུར་དུ་འགྲུབ་པར་འགྱུར་རོ། ། གལ་ཏེ་ཀླུའི་དུག་གིས་གཟས་པ་པོ ་འ་ཛིན་དུ་འཇུག་པར་འདོད་ནི་ཏེ་ཐ་ལའི་འབྲུ་ལ་བྱས་པའི་དུག་སྦྲུལ་གྱི་གཟུགས་མགོ་གསུམ་པ་ལྕེ་བརྐྱང་བ་འམ་ཅི་རིགས་སུ་བྱས་པ་དེའི་ཁའི་ནང་དུ་གང་ལ་དམིགས་པའི་རྫས་དེ་མིང་དང་བཅས་པས་ཀླུག་ན ་བའི་ས་ཕྱོགས་སུ་གཏང་ན་སྦལ་གྱིས་འཛིན་པའི་ལས་བྱེད་དོ། ། མ་དྲེ་དང་རྟའི་འཁྲུལ་འཁོར་འབྱུང་པོའི་ཉི་མ་ལས་ཏི་ཙའི་ཁུབས་བྲིས་ཏེ་དེ་ཉིད་ཀྱི་ཤ་ཁྲག་དང་བཅས་པས་བསྐུལ་བར་གྱུར་ན་ནི་ཤིན་དུ་བཁྲུག ་ཅིང་དབྱེ་བར་འགྱུར་རོ། ། ཡང་ན་བི་ཏ་ན་རོ་པ་ལ་ཏྲ་ཞེས་བྱ་བའི་ཆོ་གའི་འཐབས་ཀྱིས་བགེགས་ཆེན་པོ་བསྒྲལ་བའི་གཟུགས་ལ་བརྟེན་ནས་ཆོག་ཕྱག་མཚན་དག་བཙུགས་ཏེ་ལས་སུ་བྱ་བའོ།། ཡང་ནས་ནག་པོ་གྲུ་གསུམ། ་པ་ལ་ནག་པོའི་ཚོགས་ཁ་ཕྱིར་བལྟས་པ་དང་ནང་དུ་བལྟས་པ་དག་བཀོད་དེ།། ཕ་རོལ་རྒོལ་བའི་ཕྱོགས་སུ་བསྐྱལ་ན་ནི། མྱུར་དུ་ཡུལ་དང་བཅས་པ་བརླག་པར་བྱེད་དོ།། ཤཟ་ཆེན་པོའི་གཟུགས་ཤིན་ཏུ་འཇིགས་པ་ཁ ་གདངས་པ་ནག་པོ་གྲི་གུག་དང་ཞགས་པ་ཐོགས་པ་མདུན་དུ་དམིགས་ལ་པུར་བུས་གཏབ་པ་དང་བཅས་པའི་ཐབས་ཀྱིས་ཕ་རོལ་ཀྱི་དཔུང་གཡོས་པ་དང་བཅས་པ་ཟློག་པར་བྱེད་དོ། ། གཏོར་མ་ཆེན་པོ་བྱས་སྟེ་ཡང་གཏོར ་ན་གཡུལ་བཤམས་པ་ལས་རྣམ་པར་རྒྱལ་བར་བྱེད་དོ། ། རི་རབ་ཀྱི་གཟུགས་ལ་སྣ་ཚོགས་པའི་གཟུགས་བརྙན་བཀོད་དེ་འཕྲིན་ལས་སེམས་དཔའ་དང་བཅས་པའི་ཕྱག་རྒྱས་བཏབ་ནས་གཡུལ་ཆེན་པོ་ལས་རྒྱལ་བར ་བྱེད་དོ། ། དཔག་བསམ་གྱི་ཤིང་ལྗོན་པའི་ཚུལ་དུ་བྱ་བ་ལས་ཨ་ཤོ་ཀ་འམ་བི་ཌ་ཀཱའི་ཤིང་ལ་རྟེན་ནས་ཐབས་དང་ལྡན་པའི་ཡུལ་ཕྱོགས་དེ་ཡོངས་སུ་རྒྱས་པའི་གནས་ཐོབ་པར་བྱེད་དོ།། རྡོ་རྗེ་བྱ་ཁྱུང་གི་ཕྱག་རྒྱ ་བ་ཅས་ལ་དེས་ཀླུ་ནོན་པར་བྱས་ན་དེ་ཉིད་ཁ་དོག་དཀར་པོ་གྱུར་པའི་འཇམ་པའི་སྤྱོད་ཡུལ་གྱིས་འདུལ་བ་ལ་ནག་པོར་བསྒྱུར་བའི་བརྩུབ་པའི་ཐབས་ཀྱིས་དཀྲུགས་པས་ཀླུའི་གནས་ཐམས་ཅད་དུ་ལྟས་ཆེན་པོ ་དྲུག་བྱུང་བས་ཐམས་ཅད་འདར་ཤིང་མགོ་བོ་ཨ་ངགའི་དག་བ་བཞིན་དུ་འགས་པ་སྦྲུམ་བྱེད་ན་པ་མྱུར་བར་འོངས་ཏེ་བཀའ་ཉན་ཅིང་འཛམ་བུའི་གླིང་དུ་རྡར་གྱི་རྒྱུན་ཆེན་པོས་རབ་ཏུ་གང་བར་བྱེད་པར་། འགྱུར་རོ། ་། གང་དུ་སྐྱེས་པ་གཡུལ་ངོ་རབས་དཔའི་མགལ་དུས་དང་ལག་དར་གྱི་རུས་བལ་དཔལ་ནག་པོ་ཆེན་པོའི་གཟུགས་བརྙན་ཇི་ལྟ་བར་བྱས་ལ་བསྐྱེད་པ་དང་བསྟིམས་ཏེ་བཟླས་པར་བྱ།། དབེན་པར་ཀླས་ནས་གསོས ་བ་བཏབ་ན་གང་འདོད་པ་འབྱུང་བར་འགྱུར་ཏེ། ། ས་ཀུན་ལ་ཡང་བསྲུང་བར་འགྱུར་བ་དང་འདས་པ་ལ་སོགས་པའི་དོན་ཤེས་པ་དང་།། དེའི་མདུན་དུ་ཁྲུས་བྱས་ཏེ་ཉལ་ན་ལུང་སྟོན་པའམ་དགེ་མི་དགེ་གསལ་པོ་སྟེན་པར ་འགྱུར་རོ། ། ཡང་ན་དུར་ཁྲོད་ཀྱིས་རས་སམ་དར་ནག་པོ་ལ་ཡང་རུང་སྟེ།། དམ་ཚིག་དང་ལྡན་པས་བྲིས་ཏེ། མཆོད་པ་དང་གཏོར་མར་ལྡན་པས། རབ་ཏུ་གནས་པར་བྱས་ན་སྐུ་བྱིན་བརླབས་དང་ལྡན་པར་འགྱུར་རོ།། ་དེ་ཉིད་ཀྱང་རིན་པོ་ཆེ་ལས་བྱས་ནས་དེའི་མདུན་དུ་གསོལ་བ་གཏབ་ན་ཟླ་བ་དུག་གིས་ངེས་པར་ཡང་འགྲུབ་པར་འགྱུར་རོ།། ཡང་ན་ནག་པོ་ཆེན་པོའི་གསང་སྔགས་སྔོན་དུ་བྱས་ཏེ་ཤེས་རབ་ཡོངས་སུ་འཛིན་པ་ཁྲི ་ཕྲག་གཅིག་བཟླས་ན་ཐོས་པའི་གཟུངས་ཡོངས་སུ་འཛིན་པ་དང་བློ་ཡོངས་སུ་དག་པ་དང་མི་བརྗེད་པའི་གཟུངས་འཐོབ་པར་འགྱུར་རོ། ། སྲུང་བས་བསྲུང་ཞིང་བཅིངས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ།། གང་དུ་བསྒྲུབ་པ་པོ་ཕུན ་ས་ཨུམ་ཚོགས་པས་སུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་ལ་རབ་ཏུ་གནས་པ་མཚན་ཉིད་དང་ལྡན་པར་བྱས་ན་དངོས་གྲུབ་ཐམས་ཅད་འགྲུབ་པ་དང་བར་ཆད་ཐམས་ཅད་ལས་བཟློག་པར་འགྱུར ་ཡིན་ནོ། ། ཁྱད་པར་དུ་ཡང་གསང་བ་ཆེན་པོའི་དམ་ཚིག་ལ་ངེས་པར་གནས་པ་ཉིད་ཀྱིས་ཕྱོགས་དང་དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་ནག་པོ་ཆེན་པོས་རྗེས་སུ་སྐྱོང་བ་དང་རྒྱང་རིང་པོ་ནས་ཀྱང་ངེས་པར་གཟིགས་པར ་མཛད་དོ། ། འཇིགས་པ་ཐམས་ཅད་ལས་རབ་ཏུ་སྒྲོལ་བར་འགྱུར་རོ།། སྟོབས་དང་ཚེ་དང་དཔལ་རབ་ཏུ་གཏེར་ཅིང་མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་པ་དང་ཉམ་ང་བ་དང་བག་ཚ་བ་མེད་པར་སེང་གེའི་སྟོབས་ཀྱིས་རྒྱུ་ཞིང་བདུད་ཀྱི ་རིས་ཀྱི་ཕྱོགས་མ་ལུས་པ་པ་མཞིང་སྐྲག་སྟེ་མགོ་འགེས་པ་ཙམ་དུ་བྱེད་པར་འགྱུར་ཞིང་རྒྱ་མཚོ་ཆེན་པོའི་མཐར་ཐུག་པར་བྱེད་པར་འགྱུར་རོ། ། གང་གིས་གཏུམ་པ་དང་དཔའ་བ་དང་དྲག་པོའི་བརྟུལ་ཞུགས་ཀྱིས ་ཀུན་ཏུ་སྤྱོད་པ་རྡོ་རྗེའི་ཏིང་ངེ་འཛིན་མི་ཤིགས་པར་འགྱུར་བ་མེད་པའི་ཚུལ་གྱིས་ཁྱད་པར་རྒྱུ་བའོ། ། གནས་ཀྱི་མཁའ་འགྲོ་མ་དང་པོ་ཉའི་མཁའ་འགྲོ་མ་དང་འཇིག་རྟེན་གྱི་མཁའ་འགྲོ་མ་དང་དམ་ཚིག་གི་མཁའ་འགྲོ་མ ་དང་ཤ་ཟའི་མཁའ་འགྲོ་མའི་དབང་ཕྱུག་ཏུ་འགྱུར་རོ། ། རྡོ་རྗེ་རིགས་ཀྱི་མཁའ་འགྲེ་ཕོ་ཉ་མོ་དྲུག་བཅུ་རྩ་བཞིས་ཀྱང་འཕྲིན་ལས་ཐོགས་པ་མེད་པ་འགྲུབ་པར་བྱེད་དོ།། ཞིང་སྐྱོང་ཆེན་པོ་དང་ཉེ་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་པོ་དག ་གིས་ཀྱང་ཕྲིན་ལས་ཐོགས་པ་མེད་པ་སྒྲུབ་པར་བྱེད་པའོ། ། གདུལ་དཀའ་བ་མ་ལུས་པ་འདུལ་ཞིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པར་བྱེད།། གང་དུ་རྒྱུད་འདི་འཆང་བ་དང་ཀློག་པ་དང་འཛིན་པ་དང་སེམས་པ་དང་དེ ་བཞིན་ཉིད་དུ་གནས་པ་དང་། རྣལ་འབྱོར་དུ་གང་གནས་པ་ལ་ཉེ་བར་སྐྱོབ་པར་བྱེད་དོ།། ཉེ་བར་དགོངས་པས་མཁྱེན་པར་འགྱུར་རོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ས་གསུམ་དུ་བསྒྲུབ་པའི་དབང ་ཕྱུག་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པགོ། ། ། དེ་ནས་གཞན་ཡང་བཤད་བྱ་བ།། གས་བ་མངོན་པར་འབྱུང་བའི་གནས།། དྲང་སྲོང་ཐུབ་པས་ཡང་དག་བསྟན།། ངེས་པར་གསང་བ་འཛིན་གྱུར་པ།། རྒྱལ་བ ་ཡོན་ཏད་འབྱུང་བའི་གཏེར། ། ཡེ་ཤེས་མགོན་པོ་ཆེན་པོ་དང་།། ལས་ཀྱི་མགོན་པོ་དུ་མར་བཅས།། དཔལ་ལྡན་ལྷ་མོ་ནག་མེ་ནི།། འཁོར་བཅས་དཀྱིལ་འཁོར་བསྟན་པ་སྟེ།། སྐལ་ལྡན་ལམ་འདི་འཛིན་པ་གང་།། ང་ཡིས ་ལུང་བསྟན་གྱུར་པ་ཡིན། ། གདུག་པ་རྣམས་ནི་བཟུང་བའི་ཕྱིར།། མཁས་པས་སྙིང་རྗེ་བསྐྱེད་ནས་ནི།། ཆོ་ག་ཀུན་མཆོག་གིས་རབ་བསྒྲུབ།། བདག་ཉིད་ཇི་བཞིན་སེམས་ཅན་དེ།། དེ་བཞིན་བདག་དེ་དམ ་པའི་བདག། དཔལ་ཧེ་རུ་ཀའི་གོ་འཕང་གནས།། འདི་ལ་ཐེ་ཚོམ་མི་བྱ་སྟེ།། སུན་འབྱིན་པས་ནི་འགྲུབ་མི་འགྱུར།། རྣམ་དག་རྣམ་པ་ཅན་སེམས་ཀྱི།། རང་བཞིན་གྱིས་ནི་མྱ་ངན་འདས།། མ་རུངས་པ་ནི་གང་དག་གིས།། ་སྐྱེ་བོ་བཅིངས་པར་གྱུར་པ་གང་།། དེ་ཉིད་ཐབས་དང་བཅས་པ་ཡིས།། སྲིད་པའི་བཅིངས་ལས་གྲོལ་བར་འགྱུར།། དེ་ལྟར་གྲུབ་པའི་ལམ་བརྟེན་ཅིང་།། ཐུན་མོང་ཁྱད་པར་འགྲུབ་པར་འགྱུར།། དུས་བཞི་དག་ཏུ ་གཏོར་མ་འབུལ། ། བགེགས་མེད་བསོད་ནམས་འཕེལ་བྱེད་པའོ།། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྡུམ་དྲལ་འཁོར་དང་བཅས་པ་རྣམས་ལ་གཏོར་མ་དབུལ་བར ་བྱ་སྟེ། ། ཤ་ཆེན་པོ་དང་བཅས་པའི་གཏོར་མ་བཤམས་ལ།། ཨོཾ་བ་ལིངྒ་མ་ཎི་རཾ་ཧཱུཾ་ཛ་རཀྵ་ནི་རཀྵ་ནི་རཀྵ་མི། ཁ་ཋ་ཥཱཏི་གྲིཧྞ་གྲིཧྞ་བ་ལིང་། མ་ཧཱ་བི་ཤ་ནཾ། པྲ་སཱ་དྷ་ཡ་པྲ་སཱ་དྷ་ཡ། ཧུ་ལུ་ཧུ་ལུ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཙི། ་མ་ར་མ་ར། སརྦ་ཏ་ས་ན་ས་ཏྲཾ། ཝ་རི་ཧ་དྷི་ར་པྲ་ཡད་ཚན་དུ་སྭཱ་ཧཱ།། ཨོཾ་ཨཱཿཧཱུཾ་ཞེས་པས་མཚན་ཕྱེད་ན་གཏོར་མ་བསྲེག་སྤོས་དང་བཅས་པ་དབུལ་བར་བྱའོ།། ཨོཾ་ཧཱཿཀ་ཧ་ཀ་ཧ་མ་ལི་ནི་མུ་ཁེ་ལེ་ལཾ་སཱ་དྷཱ་ཡ ་མ་ཧཱ་ཀཱ་ལ་བུད་དྷ་ཛཾ། པྲ་ཏི་ཏོ་སི། ཀཱ་ར་ཡ་ཀཱ་ར་ཡ། པྲ་དུཥྚ་ན། གྲིཧྞ་གྲིཧྞ། མཱ་རཱ་མཱ་རཱ། ཁ་ཁ་ཁཱ་ཧི་ཥཱ་ཧི་ཙཱི། ཧ་ད་ཧ། པ་ཙ་པ་ཙ་ཧུ་ར་ཧུ་ར། མཾ་རཾ་ཧཱུཾ་ཕཊ། ཨི་དམ་བ་ལིང་གྲིཧྞ་གྲྀཧྞ། ་ཤྲཱི་སརྦ་ཨོཾ་ཨཱཿཧཱུཾ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་གྲུབ་པ་དང་གཏོར་མའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དཔལ་མགོན་པོ་ཆེན་པོ་འཁྲུས་པའི་མགོན་པོ་གས ་བ་མངོན་པར་འབྱུང་བའི་རྒྱུད་ཀུན་གྱི་རྩ་བར་གྱུར་པ་བསྟན་པ་འཛིན་པ། ། བསྟན་པ་སྐྱོང་བ། བསྟན་པ་བསྲུང་ངེས་པ། གསང་བ་བདུད་དཔུང་འདུལ་བར་བྱེད་པའོ།། ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ ་འབྱུང་བའི་རྒྱུ་དཀན་གྱི་སྙིང་པོར་གྱུར་པ་གདོང་ནས་གྲུབ་པའི་བླ་མ་ཡིན་ནོ། ། རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་མ་ཧཱ་བཎ་ཌིཏ་ཨུཥྚ་ཨཱ་ཀཱ་ར་གྷཱ་བ་ཏ་པཱ་ཏའི་ཞལ་སྔ་ནས་དང་། ་བོད་ཀྱི་ལོ་ཙྪ་བི་མཁས་པ་ཆེན་པོ་ཆུ་ནད་འཁོར་ལོ་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། ཡང་སྨད་ནས་མཁས་པ་ཆེན་པོ་སངས་རྒྱས་གྲགས་པའི་སྤྱན་སྔར་ཀེ་པོ་ཤེས་རབ་དཔལ་གྱིས་ཀྱང་འུ་ཏིག ་བགྱིས་པའོ། ། །། རྒྱ་གར་སྐད་དུ། ཤྲཱི་བུད་དྷ་ཀ་པཱ་ལ་ན་མ་ཡོ་གཏན་དྲ་རཱ་ཛཱ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱེར་མའི་རྒྱུད་ཀྱི་རྒྱལ་པོ།། དཔལ་སངས་རྒྱས་ཐོད་པ ་