CLOSE WINDOW

Q61: mkha' 'gro ma thams cad kyi thugs gnyis su med pa bsam gyis mi khyab pa'i ye shes rdo rje phag mo mngon par 'byung ba'i rgyud kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་རྫོགས་སྷོ། ། །། དུར་ཁྲོད་བདག་མོས་གསོལ་པ།། ལྷ་མོ་རྣམས་ཀྱི་སྐུ་མདོག་ནི།། ཇི་ལྟར་ཤེས ་ན་གྲོལ་བར་འགྱུར། ། པག་མོ་ཞེས་བྱ་གང་ལ་བྱ།། ཡི་གེའི་དོན་ནི་གང་ལ་བསྐྱལ།། བསྐྱེད་རྫོགས་ངོ་བོ་གང་ལ་བྱ།། དཔའ་བོ་ཧོ་རུ་ཀས་བཀའ་སྩལ་པ།། ཉོན་ཅིག་དུར་ཁྲོད་ཕག་མོ་ཁྱོད།། ཉེས་པའི་སྐྱོན་གྱིས་མ་གོས་པ།། དཀར་ཞིང་སྤྲོས་བྲལ་ཞི་བར ་བྱེད། མ་ཆགས་སྐྱོན་གྱིས་མགོས་པ།། དམར་ལ་གདང་པ་སྒྲ་སྒྲོགས་ཡུམ།། སྐྱེན་མེད་སེམས་ཉིད་རང་དབང་འདུས།། གཉེན་པོ་གཅིག་ཀྱང་མི་འགྱུར་བས།། ཟོས་མ་ནམ་མཁའི་ཁ་དོག་བཞིན།། མི་འགྱུར་རང་སེམས་དབྱིངས་སུ་གྲོལ།། ཆེ་བ་ཡེ ་ཤེས་ལྔ་རྒྱས་པ། ། སེར་མེ་སྐྱོན་མེད་དོ་ན་གྲུབ་མ།། དེ་བོ་རྒྱལ་ལ་གཡོ་དང་བྲལ།། སྣ་ཚོགས་སྐྱོན་གྱིས་མ་གོས་པས།། ཨ་ན་དྲ་ནི་ལའི་མཐར་ཕྱིན་མ།། སྣ་ཚོགས་ངོ་བོ་གཅིག་ཏུ་འདུས།། རྣམ་པ་གང་ཡང་འགྱུར་བ་མེད།། ཆོས་ཀྱི་དབྱིངས་ལས ་འགྱུར་བ་མེད། ། རྣམ་རྟོག་ཅེས་ཀྱང་མ་གོས་པས།། ཕོག་ཅེས་བྱ་བ་རྟོག་མེད་ཡིན།། དབྱི་ངོས་ཉིད་རྟོག་པ་སྤྲོས་བྲལ་བས།། མོ་ཞེས་བྱ་བ་དབྱིངས་སུ་ཐིམ།། དེ་ལ་ཕྱེ་ན་རྣམ་པ་གསུམ།། དམ་ཆོས་སྐྱེ་མེད་པག་མོན།། སྐྱེ་འགག་མེད་པས་ཆོས ་སྭཱ་ཡ་ནི། ། བརྗོད་པ་སྨ་ཡི་ཕག་མོ་ནི།། ཕག་ནི་ཀཱ་ལི་ཐབས་ཡིན་ལ།། མོ་ནི་ཨཱ་ལི་ལོངས་སྐུར་འདོད།། མཚོན་པ་དབྱིངས་ཀྱི་ཕག་མོ་ནི།། སྟོང་ཉིད་མཚོན་པའི་སྐུ་མདོག་ལ།། རྟོག་མེད་སྙིང་རྗེ་ཕག་གི་གདོང་།། ཐབས་དང་ཤེས་རབ་པག ་མོ་ལོལ། ། བདེ་སྟོང་སྐྱོན་བྲལ་གཅེར་བུ་ནི།། རྟོག་པ་མེད་པས་སྤྲུལ་སྐུའོ།། ཡིག་འབྲུ་གསལ་ལ་མི་རྟོག་པས།། ཐ་མི་པ་ན་ཡང་ཅང་ཏེ་བུ།། སྣང་སྟོང་མཐའ་དང་བྲལ་བའོ།། བསྐྱེད་རྫོགས་ངོ་བོ་དབྱེར་མེད་པས།། མཚོན་པ་སྣང་བ་སྟོང་པའི་དང་། ་དེ་ཉིད་སྣང་བའི་ངོ་བོ་ཉིད།། དབྱེར་མེད་གཟང་འཇུག་ཁས་ལེན་བྲལ།། གཅིག་ལ་གཅིག་རྒྱས་གདབ་པར་བྱ།། གྲོལ་འགྱུར་འདི་ལ་ཐེ་ཚམ་མེད་ཅེས་གསུངས་སོ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས ་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་ཕྱི་མའི་སྐྱེད་རིམས་བསྟན་པའི་ལེའུ་སྟེ་དང་པོའོ། ། །། དེ་ནས་དུར་ཁྲོད་བདག་མེ་དེས་དཔའ་བོ་ཆེན་པོ་ལ་འཛུམ་པ་དང་བཅས་ནས་ཞུས་པ།། གསང་སྔགས་རྣམ ་ཀྱི་སྔགས་ནི་གང་། ། བཟླས་པར་བྱ་བའི་ཡི་གེ་གང་།། འཁོར་ལོ་རྣམ་བཞི་དགོད་པ་གང་།། ཞེས་ཞུས་པས།། ཧེ་རུ་ཀས་བཀའ་སྩལ་པ།། དུར་ཁྲོད་བདག་མོས་གུས་པར་གྱིས།། གསང་སྔགས་རྣམས་ཀྱི་ཡི་གེ་ནི།། ཐམས་ཅད་བྱེད་པ་ཡི་གེ། ་ཨོ།། དགྱེས་པ་སྐུ་ཡི་ཡི་གེ་ནི།། བཛྲ་བཱ་ར་ཧི་ཞེས་འབྱུང་།། ནུས་པ་འབྱུང་བ་གསུང་གི་ཀྲོ་ཏཱ་ཀའི།། རྟོགས་པ་ཐུགས་ནི་ཧེ་རི་ས།། ཡོན་ཏན་འབྱུང་བ་ཨ་བེ་ཤ་ཡ།། འཕྲིན་ལས་མཛད་པ་ཨེ་བཾ་མ་ཡ།། དེ་ལས་གཞན་ཡང་འདི ་ལྷ་སྟེ། ། འཁོར་ལོ་ལྔ་ཡི་དབུས་ཉིད་དུ།། ཡི་གེ་བཞི་པས་རྒྱས་བཏབ་ནས།། བཟླས་པ་ཕྱི་ནང་གསང་བ་གསུམ།། ཞི་བ་ཕྱི་ཡི་བཟླས་པ་ནི།། ཡིག་འབྲུ་རྣམས་ནི་ཁ་དོག་དཀར།། དེ་ལས་འོད་ཟེར་དཀར་པོ་འཕྲོས།། ཉོན་མོངས་ཤེས་བྱའི་སྒྲིབ་པ ་ཀུན། ། བསྐུའི་སྒོ་ནས་བསྟན་པ་ཡིས།། སེམས་ཅན་ཀུན་ལ་ཕོག་པས་ཀྱང་།། སྒྲིབ་པ་ཐམས་ཅད་དག་པར་བསམ།། དེ་བཞིན་གཤེགས་ལ་ཕོག་པས་ཀྱང་།། མཉེས་པའི་མཆོད་པ་ཕུལ་བས་སོ།། བདག་ལ་སླར་ཐིམ་ཞི་བ་འགྲུབ།། རྒྱས་པ་སེར ་པོ་འཕྲོ་འདུ་ཡིས། ། གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ།། དམར་པོ་དབང་གི་འཕྲོ་འདུ་བྱ།། དྲག་པོ་ནག་པོའི་འཕྲོ་འདུ་བྱ།། སྣ་ཚོགས་འཕྲོས་པས་ཕྲིན་ལས་བཞིའི།། དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན།། ནང་དང་གསང་བའི་བཟླས་པ་ཡང་།། ་གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ།། དུར་ཁྲོད་ཕག་མོས་ཡང་གསོལ་བ།། ཟད་ཅིང་འཕེལ་བར་བྱེད་པ་གང་།། མཐར་ཐུག་པ་ཡི་ཡི་གེ་གང་། ཞེས་ཞུས་སོ།། དཔའ་བོ་ཆེན་པོས་ཡང་གསུངས་པ།། གཏི་མུག་ཟད་བྱེད་ཨ་ཡིན་ཏེ།། ཧ་ས་ནི་ཞེ ་སྡང་ཟད་པར་བྱེད། ། ང་རྒྱལ་ཟད་བྱེད་རི་ཡིན་ཏེ།། ནི་ཡིས་འདོད་ཆགས་ཟད་པར་བྱེད།། ཕྲག་དོག་ཟད་བྱེད་ས་ཡིན་ནོ།། ཨ་ནི་ཆོས་དབྱིངས་ཡེ་ཤེས་འཕེལ།། ཧ་ནི་མེ་ལོང་ཡེ་ཤེས་འཕེལ།། རི་ཡིས་མཉམ་ཉིད་ཡེ་ཤེས་འབེལ།། ནི་ཡིས ་སོ་སོར་རྟོག་བྱེད་འཕེལ། ། ས་ཡིས་བྱ་གྲུབ་ཡེ་ཤེས་འཕེལ།། ཨ་ནི་སངས་རྒྱས་མཁའ་འགྲོར་སྣང་།། ཧ་ནི་རྡོ་རྗེ་མཁའ་འགྲོར་སྣང་།། ན་ནི་ཆེན་མཔ་འ་འགྲོར་དང་། ནི་རིས་བདྲས་པར་འགྲོར་སྔགས་ཡིས་ལ་ཀྱིས་པ་འཐོར་སྣང་།། ཨས་ནི་དེ་བཞིན ་རིགས་ཐོབ་སྟེ། ། ཧ་ས་ནི་རྡོ་རྗེ་རིགས་ཆེན་ཐོབ།། རི་ནི་རིན་ཆེན་རིགས་ཐོབ་སྟེ།། ནི་ཡིས་པད་མའི་རིགས་ཐོབ་བོ།། ས་ནི་ལས་ཀྱི་རིགས་ཆེན་ཐོབ།། ཆོས་སྐུའི་མཐར་ཐུག་ཨ་ཡིན་ཏེ།། ལོངས་སྐུའི་རྣམ་པ་ཡི་གེ་ཧ།། སྤྲུལ་པ་སྐུ་ནི་རི་ཡིན།། ་དེ་བོ་ཉིད་སྐུའི་ཡི་གེ་ནི།། རྡོ་རྗེ་སྐུ་ནི་ཡི་གེས།། ཞེས་གསུངས་སོ།། དུར་ཁྲོད་བདག་མོས་ཡང་ཞུས་པ།། དབང་པོ་རབ་འབྲིང་རིམ་པ་ཡིས།། ཇི་ལྟར་ཤེས་ན་གྲོལ་བར་འགྱུར།། དབང་པོ་ཆེན་པོས་ཡང་གསུངས་པ།། དབང་པོ་རབ་འབྲིང་གསུམ ་ཡིན་ཏེ། ། དབང་པོ་རབ་ཀྱི་གང་ཟག་ལ།། སྐད་ཅིག་དྲུག་གི་གདམ་ངག་བསྟན།། ཡེ་ཤེས་སྐད་ཅིག་དང་པོ་ཡིས།། གཟུང་བའི་རྣམ་པར་རྟོག་པ་གཅད།། སྐད་ཅིག་གཉིས་པའི་ཡེ་ཤེས་ཀྱིས།། འཛིན་པའི་རྣམ་པར་རྟོག་པ་གཅད།། སྐད་ཅིག། ་གསུམ་པའི་ཡེ་ཤེས་ཀྱིས།། གཟུང་འཛིན་གཉིས་ཀྱི་རྟོག་པ་གཅད།། སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས།། ཉམས་ལ་ཞེན་པའི་རྣམ་ཏོག་གཅད།། སྐད་ཅིག་ལྔ་པའི་ཡེ་ཤེས་ཀྱིས།། ཉམས་མྱོངས་བདེ་བའི་རྣམ་རྟོག་གཅད།། སྐད་ཅིག་དྲུག་པའི ་ཡེ་ཤེས་ཀྱིས། ། ཡིད་ལ་བྱེད་པའི་རྣམ་རྟོག་གཅད།། གྲོལ་འགྱུར་རབ་ལ་ཐེ་ཚོམ་མེད།། དབང་པོ་འབྲིང་པོའི་གང་ཟག་ལ།། རླུང་དྲུག་མན་ངག་བསྟན་པ་ནི།། ལྷན་ཅིག་སྐྱེས་པའི་རླུང་གོམས་པས།། རང་བཞིན་སྒྲིབ་པ་སེལ་བར་བྱེད། ཟད ་ཀར་འབྱུང་བའི་རླུང་གོམས་པས། ། མཚན་མོ་ལྟ་བུའི་སྒྲིབ་པ་སེལ།། རང་ལས་སྐྱེས་པའི་རླུང་གོམས་པས།། ཆོད་པའི་སྒྲིབ་པ་སེལ་བར་བྱེད།། སྤོང་བྱེད་རླུང་ལ་གོམས་པ་ཡིས།། སྔོན་དུ་རྒྱུ་བའི་སྒྲིབ་པ་སེལ།། སྦྱོར་བྱེད་རླུང་ལ་གོམས་པ་ཡི།། ་ཤེས་བྱའི་སྒྲིབ་པ་སེལ་བར་བྱེད།། རྫོགས་བྱེད་རླུང་ལ་གོམས་པ་ཡིས།། ས་རྣམས་རིམས་ཀྱིས་གནོན་པར་བྱེད།། ཡེ་ཤེས་རྣམས་ནི་དུས་གཅིག་འཆར།། ཤེས་བྱ་ཐམས་ཅད་དུས་གཅིག་ཆོད།། རླུང་དྲུག་མ་ཡིན་ཡེ་ཤེས་ཡིན།། མུན་པ ་རྣམས་ནི་བསྒྲིབས་པ་ཡིས། ། ཡེ་ཤེས་རིམས་ཀྱིས་སྐྱེ་བ་དང་།། སྒྲིབ་པ་རིམས་ཀྱིས་སེལ་བར་བྱེད།། གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད།། དབང་པོ་ཐ་མའི་གང་ཟག་ལ།། ཡུལ་ནི་དག་པའི་སངས་རྒྱས་ཞིང་།། ལུས་ངག་པ་ནི་དཀྱིལ་འཁོར་ཡིན།། རང་སེམས ་དག་པ་ཕག་མེའི་སྐུ། ། ངག་དག་པ་ནི་སྔགས་སུ་གསུངས།། ལྷ་བསྒོམ་དག་པ་དངོས་གྲུབ་ཡིན།། དཔེ་དོན་གཉིས་སུ་མེད་པ་གང་།། སྐལ་མེད་དངོས་གྲུབ་མི་འབྱུང་བས།། ལོ་དྲུག་བསྒོམས་ན་ཐེ་ཙོམ་མེད།། ཅེས་གསུངས་སོ།། མཁའ་འགྲོ་མ་ཐམས་ཅད་ཀྱི། ་ཞུག་པ་གཉིས་སུ་མེད་པའི་ཡེ་ཤེས་བས་མ་གྱིས་མི་ཁྱབ་པ་པག་པོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་བྱིམ་རྫོགས་རིམས་བསྟན་པའི་ལེའུ་སྟེ་གཉིས་པ་རྫོགས་སྷོ།། ། བཎ་ཌི་ཏ་གཱ་ཡ་ངྒ་རིའི་ཞལ་སྟནས།། ལོ་ཙཱ་བ་ཀྱི་རྔོནཔ ་འོད་ཟེར་གྱིས་བསྒྱུར་བའོ། ། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀྲོ་དྷ་ནཱ་ཐ་ར་ཧ་སྱ་སིད་དྷི་བྷ་བ་ཏན་ཏྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གས་རབ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད།། དཔལ་ཧེ་རུ་ཀ་ལ ་