CLOSE WINDOW

Q605: 'phags pa rten cing 'brel bar 'byung ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

གར་ཡུལ་ནས་རྙེད་པ་སྟེ། ། འགྲོ་བ་ཀུན་གྱི་དཔལ་དུ་ཤར།། འཕགས་པརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་རྫོག་སྷོ།། །། 6།། རྒྱ་གར་སྐད་དུ། ཨཱརྱ་པྲ་ཏཱི་ཏྱ་ས་མུད་པཱ་ད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད ་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་སུམ ་བཅུ་རྩ་གསུམ་ལྷའི་གནས་ན་ཨ་ར་མོ་ནི་ག་ལྟ་བུའི་རྡོ་ལེབ་ལ། ཚེ་དང་ལྡན་པ་རྟ་ཐུལ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་དང་། འཕགས་པ་བྱམས་པ་དང་། འཕགས་པ་སྤྱན་རས་གཟིགས་དཔང་དྲུག་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། ་ལྷའི་དབང་པོ་བརྒྱ་བྱིན་དང་མིའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པ་དང་། ཐབས་གཅིག་ཏུ་གཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག ་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷང་རི་རབ་ཀྱི་རྩེ་མོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ལྷ་འདི་དག་ནི་མཆོད་རྟེན་བགྱིད་པར་འཚལ་བ་ཤ་སྟག་སྟེ། འཁོར་གྱི་དཀྱིལ་འཁོར་འདིར་མཆིས་ན། ཅི་ནས་ཚངས་པ་རི་བསོད་ནམས་འཕེལ་བ་དང་། ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས ་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་བསོད་ནམས་ཤིན་དུ་མང་དུ་འཕེལ་བར་འགྱུར་བ་དེ་ལྟ་དེ་ལྟར་བཅོམ་ལྡན་འདས ་ཀྱིས་དེ་དག་ལ་ཆོས་བསྟན་དུ་གསོལ་ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིགས་སུ་བཅད་པ་བཀའ་སྩལ་པ།། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱ་ཏ་ཐཱ་ཀ་ཏོ་ཧྱ་བ་ད་ཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ ་བ་བཱ་རཱི་མནྡ་ཤྲ་མ་ཎཿ། ། ཆོས་གང་རྒྱུས་འབྱུང་དེ་དག་གིས།། རྒྱུ་དང་དེ་འགོག་གང་ཡིན་པ།། དེ་བཞིན་གཤེགས་པས་བཀའ་སྩལ་ཏེ།། དགེ་སྦྱོང་ཆེན་པོས་དེ་སྐད་གསུངས།། སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ། ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་།། སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུ ་འམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བ་གུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང ་བའ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེས་ཚངས་པའི་བསོད་ནམས་སྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོག་སྷོ།། །། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། ཆོས་གང་རྒྱུས ་