| Wylie | e-texts produced with BDRC’s OCR application |
རྒྱག་མང་ང། ཌཱའི་ནིས་ཆེན་མ་མ་ཨ་ཅིན་ཀྱང་དག་ཛ་འད་འི་ཡ་ཧྲིཿ་ཏན་མནས། བོད་ག་དདུ། མཁརའ་འགྲོམ་ཐམས་ཅད་ཀྱི་ཟུགས་གཉིས་སུ་མེད་པ་བམམ་ཀྱིས་མི་བྱུ་ཎྜཱི་ཡེ་ཤེས ་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། མགོན་པོ་དཔའ་བོ་འཇིགས་བྱེད་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་བཱི་དུས་གཅིག་ན། ཕྱི་དང་ནང་དང་གསང་བའི་དྲར ་ཁྲོད་ཆེན་པོའི་གནས་མཆོག་ཏུ་གྱུར་པ་ན། བཅོམ་ལྡན་འདས་ཞེ་སྡང་འཇོམས་པའི་ཧེ་རུ་ཀ་དང་། གཏི་མུག་འཇོམས་པའི་ཧེ་རུ་ཀ་དང་། ང་རྒྱལ་འཇོམས་པའི་ཧེ་རུ་ཀ་དང་། འདོད་ཆགས་འཇོམས་པའི་ཧེ་རུ་ཀ ་དང་། ཕྲག་དོག་འཇོམས་པའི་ཧེ་རུ་ཀ་དང་། ཡུམ་སངས་རྒྱས་སྤྱན་དང་། ཡུམ་མཱ་མ་ཀི་དང་། ཡུམ་གོས་དཀར་མོ་དང་། ཡུམ་དམ་ཚིག་སྒྲོལ་མ་དང་། ཡུམ་ཀུན་དུ་བཟང་མོ་དང་། དེ་རྣམས་ཀྱི་བྷ་ག་ལ་ལྷན་ཅིག་སྐྱེས། ་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་བཞུགས་སོ།། དེའི་ཚེ་དེའི་དུས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུར་ཁྲོད་ཀྱི་བདག་མོ་དང་། ཁྲོས་མ་ནག་མོ་དང་། བདེ་ཆེན་དཀར་མོ་དང་། སེར་མོ་དོན་གྲུབ་མ་དང་། དམར་མོ་སྒྲ་སྒྲོག་མ།། ་དང་། སྣ་ཚོགས་མཐར་ཕྱིན་མ་དང་། ལས་ཀྱི་གཙོ་མོ་ལ་སོགས་པའི་ཡེ་ཤེས་དང་། ལས་ལ་གྲུབ་པའི་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་བཛྲ་ཌཱ་ཀི་ནཱི་དང་། རད་ན་ཌཱ་ཀི་ནཱི་དང་། པད་མ་ཌཱ་ཀི་ནི་དང་། ཀརྦ་ཌཱ་ཀི་ནཱི། ་དང་། ས་མ་ཡ་ཌཱ་ཀི་ནཱི་དང་། བི་ཥ་ཌཱ་ཀི་ནཱི་དང་། སརྦ་ཌཱ་ཀི་ནཱི་དང་། ལོ་ཀ་ཌཱ་ཀི་ནཱི་ལ་སོགས་པ་དྲར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་དང་། དཔའ་བོ་དང་དཔའ་མེའི་ཚོགས་དཔག་ཏུ་མེད་པ་དང་གཞན་ཡང་འཇིག་རྟེན་པའི་མེས་པོ་ཚངས་པ ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་རྒྱལ་པོ་ཆེན་པོ་བཞི་པོ་རང་གི་འཁོར་དང་བཅས་པ་དང་། ཕྱོགས་སྐྱོང་བ་བཅུ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། འཁོར་དཔག་ཏུ་མེད་པ་དང་ཐབས ་གཅིག་པའི་ཚུལ་གྱིས་གནས་སོ། ། ཡང་དེའི་ཚེ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུར་ཁྲོད་ཀྱི་བདག་མོ་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས་མགོན་པོ་དཔའ་བོ་འཇིགས་བྱེད་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ ་མགོན་པོ་བདག་ལ་གསོན། ། ཁྱེད་ཀྱི་འཁོར་དུ་འདུས་པ་ཡི།། སྐལ་དང་ལྡན་པ་འདི་རྣམས་ལ།། ལམ་ལོག་མུ་སྟེགས་མ་ལགས་པའི།། དམན་པ་ཉན་ཐོས་མ་ལགས་པའི།། མ་སྨིན་མཚན་ཉིད་མ་ལགས ་པའི། ། བསམ་གྱིས་མི་ཁྱབ་ཆོས་གཅིག་ཞུ།། ཕྱོགས་རིས་མེད་པ་ལྟ་བའི་མཆོག། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། དགག་སྒྲུབ་མེད་པ་སྤྱོད་པའི་མཆོག། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། བར་ཆོད། ་སེལ་བ་བ་དེ་ཡི་མཆོག། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། སྨིན་པར་བྱེད་པ་དབང་གི་མཆོག། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། སངས་རྒྱས་ཐོབ་བྱེད་འབྲས་བུའི་མཆོག། ཡེ་ཤེས་ལྔའི་གཟུགས་བརྙན ་དེ། ། བསམ་གྱིས་མི་ཁྱབ་བཤད་དུ་གསེལ།། རྣམ་རྟོག་སེལ་བྱེད་རྣམ་རྒྱལ་ལྔ།། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ ་ཕག་མོ་མངོན་པར་འབྱུང་བ་ཞེས་བྱ་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་མགོན་པོ་དེས་སྤྱན་ཕྱོགས་མཚམས་ཀུན་ལ་གཟིགས་ནས་ཞལ་རྡོ་རྗེའི་མགུར་འཛུམ ་པ་མཛད་ནས་བཀའ་སྩལ་པ་ནི། ཨེ་མ་ཧོ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད།། དུས་འདིར་ཚོགས་པའི་འཁོར་རྣམས་ལ།། མངོན་པར་འབྱུང་བའི་རྒྱུད་བཤད་ཀྱིས།། ཁ་སྦུབ་ཞབས་རྡོལ་དྲི་མ་ཅན།། སྣོད་སྐྱོན ་གསུམ་པོ་སྤང་བྱས་ལ། ། རྩེ་གཅིག་སེམས་ཀྱིས་མཉན་པར་གྱིས།། ཕྱོགས་རིས་མེད་པའི་ལྟ་བ་དེ།། གཉུག་མའི་སེམས་ཀྱིས་ལྔ་བར་གྱིས།། དམིགས་གཏད་མེད་པའི་སྒོམ་པ་ནི།། གཉུག་མའི་ཡིད ་ཀྱིས་སྐོམ་པར་བྱ། ། དགག་སྒྲུབ་མེད་པ་སྤྱོད་པའི་མཆོག། གཉུག་མའི་ཡིད་ཀྱིས་སྤང་བར་བྱ།། བར་ཆོད་སེལ་བ་བརྡ་ཡི་ཆོས།། གཉུག་མའི་ཡིད་ཀྱིས་གསལ་བར་བྱ།། སྨིན་པར་བྱེད་པ་དབང ་གི་མཆོག། གཉུག་མའི་སེམས་ཀྱིས་བསྐུར་བར་བྱ།། ཚེ་གཅིག་འབྲས་བུ་སངས་རྒྱས་དེ།། གཉུག་མའི་སེམས་ཀྱིས་བསྒྲུབ་པར་བྱ།། ཡེ་ཤེས་ལྔ་ཡི་གཟུགས་བརྙན་དེ།། མ་བཅོས་སེམས་ཀྱིས་བསྒྲུབ ་པར་བྱ། ། རྣམ་རྟོག་སེལ་བྱེད་རྣམ་རྒྱལ་ལྔ།། མ་བཅོས་སེམས་ཀྱིས་བཅད་པར་བྱ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལས་ཕག་མོ་མངོན་པར་འབྱུང་བའི ་རྒྱུད་ལས་སྟོན་པས་ཞལ་གྱིས་བཞེས་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་སྟོན་པས་བཀའ་སྩལ་པ། ཚེ་གཅིག་སངས་རྒྱས་ཐོབ་འདོད་པས།། དང་པོ་གདེང ་ཆེན་ལྟ་བ་གཅེས། ། དེས་ན་ལྟ་བ་དང་པོར་བསྟན།། ཕྱོགས་རིས་མེད་པ་ལྟ་བའི་མཆོག། ནམ་མཁའ་ལྟ་བུ་ཤེས་པར་གྱིས།། ཐམས་ཅད་འདེགས་པ་ལྟ་བའི་མཆོག། ས་གཞི་ལྟ་བུར་ཤེས་པར་གྱིས།། ཐམས ་ཅད་བསྡུད་པ་ལྟ་བའི་མཆོག། འབྱུང་བ་ཆུ་ལྟར་ཤེས་པོར་གྱིས།། ཉོན་མོངས་བསྲེག་པལྟ་བའི་མཆོག། འབྱུང་བ་མེ་ལྟར་ཤེས་པར་གྱིས།། ངོས་བཟུང་མེད་པལྟ་བའི་མཆོག། འབྱུང་བ་རླུང་ལྟར་ཤེས་པར་གྱིས།། ་དེ་ནས་ཡང་སྟོན་པས་གསུངས་པ། འཕོ་འགྱུར་མེད་པ་ལྟ་བའི་མཆོག། རི་བོ་ལྟ་བུར་ཤེས་པར་གྱིས།། གཡོ་འགུལ་མེད་པ་ལྟ་བའི་མཆོག། རྒྱ་མཚོ་ལྟ་བུར་ཤེས་པར་བྱ།། གསལ་བ་མ་འདྲེས་ལྟ ་བའི་མཆོག། འཇའ་ཚོན་ལྟ་བུར་ཤེས་པར་གྱིས།། གཉིས་སུ་མེད་བལྟ་བའི་མཆོག། ག་བུར་ལྟ་བུར་ཤེས་པར་བྱ།། དེ་ནས་ཡང་གས་རབས་ཚིག་འདི་གསུངས་ཏེ། ཟིལ་གྱིས་གནོན་པ་ལྟ་བའི་མཆོག ་སེང་གེ་ལྟ་བུར་ཤེས་པར་བྱ། ། ཉམ་ང་མེད་པ་ལྟ་བའི་མཆོག། གླང་ཆེན་ལྟ་བུར་ཤེས་པར་བྱ།། སྟོབས་དང་ལྡན་པ་ལྟ་བའི་མཆོག། རྟ་མཆོག་ལྟ་བུར་ཤེས་པར་བྱ།། ཀུན་དུ་རྒྱུག་པ་ལྟ ་པའི་མཆོག། སྟག་མོ་ལྟ་བུར་ཤེས་པར་བྱ།། འཇིགས་པ་མེད་པ་ལྟ་བའི་མཆོག། དོམ་བུ་ལྟ་བུར་ཤེས་པར་བྱ།། དེ་ནས་ཡང་གསང་བའི་ཚིག་འདི་གསུངས་ཏེ། སྐྱོན་གྱིས། ་མགོས་ལྟ་བའི་མཆོག། བྱང་ཆུབ་སེམས་དེ་དཀར་པོར་སྣང་།། དུས་གསུམ་མི་འགྱུར་ལྟ་བའི་མཆོག། བྱང་ཆུབ་སེམས་དེ་ནག་པོར་སྣང་།། ཡོན་ཏན་རྒྱས་པ་ལྟ་བའི་མཆོག། བྱང་ཆུབ་སེམས ་དེ་སེར་པོར་སྣང་། ། ཀུན་ལ་ཁྱབ་པ་ལྟ་བའི་མཆོག། བྱང་ཆུབ་སེམས་དེ་དམར་པོར་སྣང་།། ཕྲིན་ལས་རྫོགས་པ་ལྟ་བའི་མཆོག། བྱང་ཆུབ་སེམས་དེ་ལྗང་ཁུར་ཤར།། དེ་ནས་ཡང་གསང་བའི་ཚིག ་གསུངས་ཏེ། དུས་གསུམ་སྣང་བ་ལྟ་བའི་མཆོག། རྣམ་པར་སྣང་མཛད་ལྟ་བུར་ཤར།། ཆོས་ཉིད་དོན་ལ་རྟག་སེམས་པས།། རྡོ་རྗེ་སེམས་དཔའ་ལྟ་བུར་ཤར།། ཐམས་ཅད་མཉམ་པ་ཉིད་རྟོགས ་པས། ། རིན་ཆེན་འབྱུང་ལྡན་ལྟ་བུར་ཤར།། ཆོས་ཅན་སོ་སོར་མ་འདྲེས་པས།། སྣང་བ་མཐའ་ཡས་ལྟ་བུར་ཤར།། སྣ་ཚོགས་སྣང་ལ་མ་འདྲེས་པས།། དོན་ཡོད་གྲུབ་པ་ལྟ་བུར་ཤར་ཞེས་པ ་གསུངས་སོ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་དུར་ཁྲོད་པདག་མོ་དེས།། སྟོན་པ་ལ་ནི་འདི་སྐད་ཞུས།། རྟོགས་པ་ལྟ་བའི་རྗེས་ཐོགས་པ།། བསྒོམ ་ངའི་གོ་རིམས་ཇི་ལྟ་བུ། ། ཞེས་ཞུས་པས། དེ་ནས་སྟོན་པས་བཀའ་སྩལ་པ། སངས་རྒྱས་ཐོབ་པར་འདོད་པ་ཡིས།། རྟོགས་པའི་དོན་གོ་བསྒོམས་ལས་བྱུང་།། གཞན་དུ་འབྲས་བུ་འབྱུང་མི་འགྱུར།། སྣ ་ཚོགས་སྣང་བའི་ཆོས་རྣམས་ཀུན། ། ཡེ་ནས་སྤྲོས་དང་བྲལ་བ་ལ།། རྟག་པར་འཛིན་པ་སྒོམ་པའི་སྐྱོན།། ཕྱི་དང་ནང་གི་ཆོས་ཉིད་ལ།། ཆད་པར་འཛིན་པ་སྒོམ་པའི་སྦྱོར།། འོན་ཇི་ལྟར་བསྒོམ་ཞེས་ན།། ལམ་མེད ་ལམ་གོ་ལ་དམན་པའི་ལམ། ། འདི་རྣམས་སྤངས་ཏེ་བསྒོམ་པར་བྱ།། དང་པོ་བྱང་ཆུབ་སེམས་བསྐྱེད་དོ།། སྨོན་འཇུག་གཉིས་པོ་སྔོན་དུགཅེས།། གཟུང་བ་ཡུལ་མེད་བསྒོམ་པའི་མཆོག། ཆོས་ཀྱི་བདག་མེད་རྟོགས ་བར་བྱ། ། འཛིན་པའི་སེམས་མེད་བསྒོམ་པའི་མཆོག། གང་ཟག་བདག་མེད་རྟོགས་པར་བྱ།། ཆོས་རྣམས་གང་ཡིན་མི་འགེགས་པས།། ཐབས་ཀྱི་ལམ་དུ་ཤེས་པར་བྱ།། ངོ་བོ་ཅི་ཡང་མ་གྲུབ་པས།། ཤེས་རབ ་ལམ་དུ་ཤེས་པར་བྱ། ། ཆོས་རྣམས་རྒྱུ་མེད་བསྒོམ་པའི་མཆོག། སྟོང་པ་ཉིད་ཀྱི་རྣམ་ཐར་ཡིན།། འབྲས་བུ་སྟོང་པ་བསྒོམ་པའི་མཆོག། མཚན་མེད་པ་ཡི་རྣམ་ཐར་ཡིན།། རྒྱུ་འབྲས་དབྱེར་མེད་བསྒོམ་པའི་མཆོག། ་སྨོན་པ་མེད་པའི་རྣམ་ཐར་ཡིན།། ཀུན་ལ་བྱམས་པ་བསྒོམ་པའི་མཆོག། བྱམས་པ་ཚད་མེད་རང་བཞིན་ཡིན།། ཀུན་ལ་བརྩེ་བ་བསྒོམ་པའི་མཆོག། སྙིང་རྗེ་ཚད་མེད་ངོ་བོ་ཉིད།། ཀུན་ལ་ཕན་པ་བསྒོམ་པའི་མཆོག། ་དགའ་བ་ཚད་མེད་ངོ་བོ་ཉིད།། ཀུན་ལ་ཁྱབ་པ་བསྒོམ་པའི་མཆོག། བཏང་སྙོམས་ཚད་མེད་ངོ་བོ་ཉིད།། བསོད་ནམས་ཚོགས་སོག་བསྒོམ་པའི་མཆོག། བཞི་གསུམ་བཅུ་གཉིས་བདག་ཉིད་ཅན།། ལམ་ལ་བསྒོམས ་བ་བསྒོམ་པའི་མཆོག། ངེས་འབྱེད་བཞིའི་བདག་ཉིད་ཅན།། ཡེ་ཤེས་མཐོང་བ་བསྒོམ་པའི་མཆོག། བྱང་ཆུབ་ཡན་ལག་རྣམ་བདུན་ཡིན།། གོམས་པར་བྱེད་པ་བསྒོམ་པའི་ལམ།། འཕགས་ལམ་བརྒྱད་ཀྱི ་བདག་ཉིད་ཅན། ། གོམས་པ་མཐར་ཕྱིན་པསྒོམ་པའི་མཆོག་བཅུ་པ་ལ་ནི་ཡོངས་སུ་གྲོལ།། སངས་རྒྱས་པ་ཡི་རྣམ་ཐར་ཡིན། ཆགས་སེམས་བྲལ་བ་བསྒོམ་པའི་མཆོག་སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། རང་སེམས་དག་པ་བསྒོམ་པའི་མཆོག ་རྡུལ་ཁྲིབས་པར་ལ་བྱིན་པ་ཡིན། ། ཛ་མ་སྙས་པ་པསྒོམ་པའི་མཆོག། བབང་པའི་བར་བྱོན་པ་ཡད།། ག་སྦྱོར་བབསྐམ་པ་མཆོག། བརྩོན་འགྲུས་པ་མ་སྦྱན་པ་།། གསང་མེ་པ་སྒོམ་པ་ན། ་བབས་པན་པ་རིས་བྱིན་པ་ཡི།། འཁོར་འད་ཤེས་པ་བསྒོས་པར་འཆོག། ཤེས་རཔ་པར་མ་བྱིན་པ་ཡིན།། ན་མོངས་མི་སྤོང་བརྣས་པའི་ཅོག། ཐབས་ཀྱི་པ་མ་བྱེད་པ་ཡིན།། མམ་ཀྱིལ་གནོད་པསྒྲུམ་། ་ཀྱི་ཕ་རོས་ཕྱིན་པ་ཡིན།། ཅི་བསམས་འགྲུབ་པ་བསྒོམ་པའི་མཆོག། སྨོན་ལམ་ཕ་རོལ་ཕྱིན་པ་ཡིན།། ཇི་སྙེད་མཁྱེན་བྱ་བ་སྒོམ་པའི་མཆོག། ཡེ་ཤེས་ཕ་རོལ་ཕྱིན་པ་ཡིན།། ས་དབྱིངས་ཡེ་ཤེས་བསྒོམ་པའི་མཆོག། སྤྲོས་པ་མེད་པའི ་རང་བཞིན་ཡིན། ། མེ་ལོང་ཡེ་ཤེས་བསྒོམ་པའི་མཆོག། ཐམས་ཅད་གཟུགས་བརྙན་ལྟར་ཤེས་ཡིན།། མཉམ་ཉིད་ཡེ་ཤེས་བསྒོམ་པའི་མཆོག། ཀུན་ལ་སྙོམས་པའི་བདག་ཉིད་ཡིན།། ཀུན་རྟོགས་ཡེ་ཤེས་བསྒོམ་པའི་མཆོག ་མ་འདྲེས་གསལ་བའི་ངོ་བོ་ཉིད། ། བྱ་གྲུབ་ཡེ་ཤེས་བསྒོམ་པའི་མཆོག། ཕྲིན་ལས་ཐམས་ཅད་དུས་གཅིག་རྫོགས།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན ་པར་འབྱུང་བའི་རྒྱུད་ཅེས་བྱ་བ་ལས་བསྒོམ་པའི་ལེའུ་སྟེ་བཞི་པའོ། ། །། དེ་ནས་དུར་ཁྲོད་བདག་མོ་དེས།། ཧེ་རུ་ཀ་ལ་འདི་སྐད་གསོལ།། གེ་མོས་པར་བྱ་བའི་རྗེས་ཐོབ་ལ།། སྤྱོད་པའི་གོ་རིམས་ཇི་ལྟར་བགྱི།། དེ་ནས་སྟོན་པས ་གསང་བའི་ཚིག་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཅུང་ཟད་དྲོད་ནི་ཐོབ་པ་དང་།། དེ་ཚེ་སྤྱོད་པ་སྤྱད་པར་བྱ།། དང་པོ་གསང་པའི་སྤྱོད་པབྱ།། བྱང་ཆུབ་སེམས་ནི་དྲོ་པོབ་ནས།། རིགཔ་བརྟུལ་ཞུགས་སྤྱོད་པར་བྱ།། ལྷན་ཅིག་རྒྱས ་དྲོད་ཐོབ་ནས། ། མ་དང་ཟློག་པའི་སྤྱོད་པ་བྱ།། ཆུ་ཚོད་ལྟ་བུའི་དྲོད་ཐོབ་ནས།། ཚོགས་ཀྱི་སྤྱོད་པ་ཅི་བདེར་སྤྱད།། སྨྱོན་པ་ལྟ་བུའི་སེམས་ཐོབ་ནས།། ཕྱོགས་མེད་རྣམ་རྒྱལ་སྤྱོད་པ་བྱ།། དེ་ཡི་དབྱེ་བ་གཞན་ན་གསལ།། གནས ་དང་ཐོབ་པ་དང་དུས་དང་ཟས། ། ལེ་འུ་གཞན་ནས་ཤེས་པར་བྱ།། ཀུན་གྱིས་བསྐུར་བཔྱོད་པའི་མཆོག། རྒལ་བ་ས་བུའི་སྟོད་པབྷ།། དེ་ཚོགས་པ་སྤྱོད་པའི་མཆོག། རྡེ་གས་། ངའི་སྣོད་པ་བྱ།། ནགས་བྱུང་ལརྠ ་བསྐྱེད་པའི་མཆོག། བྲམ་ཟེ་ལྟ་བུའི་སྤྱོད་པ་བྱ།། སྲིད་དང་བྲལ་བ་སྤྱོད་པའི་མཆོག། དམངས་རིགས་ལྟ་བུའི་སྤྱོད་པ་བྱ།། དམསས་འཛིན་པ་སྤྱོད་པའི་མཆོག། གདོལ་པལྟ་བུའི་སྤྱོད་པ་བྱ།། དེ་ནས་གན་ཡང་བགང་བྱ་སྟེས་ཐོས་པའི ་བསྤྱོད་པའི་མཆོག། སེང་གེ་ལྟ་བུའི་སྤྱོད་པ་བྱ།། ཉམ་ང་མེད་པ་སྤྱོད་པའི་མཆོག། གླང་ཆེན་ལྟ་བུའི་སྤྱོད་པ་བྱ།། ཤུགས་དང་ལྡན་པ་སྤྱོད་པའི་མཆོག། ཏ་མཆོག་ལྟ་བུའི་སྤྱོད་པ་བྱ།། རྣམ་རྟོག་གསོད་པ་སྤྱོད་པའི་མཆོག ་སྤྱང་ཀི་ལྟ་བུའི་སྤྱོད་པ་བྱ། ། དྲག་ཤུལ་ལྟ་བྱེད་སྤྱོད་པའི་མཆོག། དྲེང་མོ་ལྟ་བུའི་སྤྱོད་པ་བྱ།། དེ་ནས་གཞན་ཡང་བཤད་བྱ་སྟེ།། གཟའ་གཏད་མེད་པ་སྤྱོད་པའི་མཆོག། རི་དགས་ལྟ་བུའི་སྤྱོད་པ་བྱ།། ངོ་ཚ་ཐལ་བ་སྤྱོད་པའི་མཆོག། ་ལངས་ལྟ་བུའི་སྤྱོད་པ་བྱ།། རོ་དང་འགྲོགས་པ་སྤྱོད་པའི་མཆོག། རིགས་ངན་ལྟ་བུའི་སྤྱོད་པ་བྱ།། དུར་ཁྲོད་གནས་པ་སྤྱོད་པའི་མཆོག། ལྕེ་སྤྱང་ལྟ་བའི་སྤྱོད་པ་བྱ།། བག་ཡོ་རྫམ་པ་སྤྱོད་པའི་མཆོག། ཝ་མོ་ལྟ་བུའི་སྤྱོད་པ་བྱ།། དེ་ཝ ་གཞན་ཡང་བཤད་པར་བྱ། ། ཟུང་དུ་འབྲེལ་བ་སྤྱོད་པའི་མཆོག། ངུར་བ་ལྟ་བུའི་སྤྱོད་པ་བྱ།། གཞན་གྱིས་མི་མཐོང་སྤྱོད་པའི་མཆོག། ཁྭ་ཏ་ལྟ་བུར་སྤྱོད་པ་བྱ།། དུག་ལྔ་སྤྱོད་པ་སྤྱོད་པའི་མཆོག། རྨ་བྱལྟ་བུའི་སྤྱོད་པ་བྱ།། དུས ་ཚོད་འཛིན་པ་སྤྱོད་པའི་མཆོག། ཁུ་ཟུག་ལྔ་བྲིའི་སྤྱོད་པ་བྱ།། ཉེས་པས་མགོས་སྤྱོད་པའི་མཆོག། བྱ་རྒོད་ལྟ་བུའི་སྤྱོད་པ་བྱ།། དེ་ནས་གཞན་ཡང་བཤད་བྱསྟེ།། རིས་ཀྱིས་འཇིག་པ་སྤྱོད་པའི་མཆོག། སྤེའུ་ལྟ་བུའི་སྲི ་འཇིགས་པ་མེད་པ་སྤྱོད་པའི་མཆོག། དོམ་བུ་ལྟ་བུའི་སྤྱོད་པ་བྱ།། མཚན་མ་གྲུབ་སྤྱོད་པའི་མཆོག། ཞག་མིགཅན་གྱི་སྤྱོད་པ་བྱ།། གང་ལ་མི་གནས་སྤྱོད་པའི་མཆོག། བུང་བ་ལྟ་བུའི་སྤྱོད་པ་བྱ།། སྣང་བ་ལྟ་བ་སྤྱོད་པར ་མཆོག། འབར་བལྟ་བའི་སྤྱོད་བུབྱ།། དེ་ལས་གཞད་ཡང་བཤང་བྱེ།། དགོས་འདོད་འབྱུང་བ་སྤྱོད་པའི་མཆོག་ནོ་བུས་པ་སྤྱོད་པབྱ།། སྨན་དྲུག་གཉིས་མེད་སྤྱོད་པའི་མཆོག། ག་བུར་ལྟ་བུར་ཤེས་པར་བྱ།། ཅིས ་ཀྱང་མི་ཚུགས་སྤྱོད་པའི་མཆོག། རྡོ་རྗེ་ལྟ་བུར་ཤེས་པར་བྱ།། མི་མཐུན་གཅོད་པ་སྤྱོད་པའི་མཆོག། རལ་གྲི་ལྟ་བུར་ཤེས་པར་བྱ།། དེ་ནས་གཞན་ཡང་བཤད་བྱསྟེ།། ཐབས་དང་ཤེས་རབ་སྤྱོད་པའི་མཆོག། མདའ་གའུ་ལྟ་བུར་ཤེས་པར ་བྱ། ། སྟོང་པའི་ཁ་འབྱེད། སྤྱོད་པའི་མཆོག། ཤཀ་ཏི་ལྟ་བུར་ཤེས་པར་བྱ།། འབིགས་པར་བྱེད་པ་སྤྱོད་པའི་མཆོག། མདུང་ཐུང་ལྟ་བུར་ཤེས་པར་བྱ།། ར་བདག་གསོད་པ་སྤྱོད་པའི་མཆོག། སཱ་རི་ལྟ་བུར་ཤེས་པར་བྱ།། གདུལ་བྱ ་འདྲེན་པ་སྤྱོད་པའི་མཆོག། ལྕགས་ཀྱུ་ལྟ་བུར་ཤེས་པར་བྱ།། དགོན་པའི་གནས་དང་དུར་ཁྲོད་དང་།། གྲོང་ཁྱེར་དག་ཏུ་རྣལ་འབྱོར་རྒྱུ་བའི་ཚེ།། དེ་འདྲའི་སྐྱེས་བུས་ཕྱག་རྒྱ་ཆེར་རྟོགས་བྱེད།། དེ་ཉིད་སེམས་ཀྱི་ཁྱད་པར་མཐོང་གྱུར་ན།། ་བརྟུལ་ཞུགས་མེད་ཀྱང་སངས་རྒྱས་སལ་འགྲོ།། སེམས་ཉིད་གཉིས་ཀྱི་གནང་དང་མ་བྲལ་ན།། བརྟུལ་ཞུགས་སྤྱད་ཀྱང་སྡུག་བསྔལ་སྣ་ཚོགས་སྐྱེ།། བསམ་གྱིས་མི་ཁྱབ་བརྟུལ་ཞུགས་རབ་ལྡན་ན།། རྒྱལ་པོ་རྒྱལ་རིགས་སྤྱི་སྡེ ་དབང་བསྐུར་ལྟར། ། ཐོགས་པ་མེད་པ་ཕྱག་རྒྱ་ཆེན་པོ་དེ།། སྐྱེ་བ་འདི་ལ་སངས་རྒྱས་ས་ལ་རེག་ཅེས་གསུངས་སོ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན ་བཔར་འཐུང་བའི་རྒྱུད་ལས་སྤྱོད་པའི་རབ་ཏུ་དབྱེ་བའི་ལེའུ་སྟེ་ལྔ་པའོ། ། །། དེ་ནས་དུར་ཁྲོད་བདག་མེདེས།། སྟོན་པ་ལ་ནི་འདི་སྐད་གསོལ།། ཡང་དག་བརྡ་ནི་བརྡའ་ཆེན་པོ།། ཀུན་གྱིས་མི་ཏོག་སྨྲས་པའི་དོན།། བར་ཆད ་སེལ་བ་བརྡའི་ཆོས། ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། དེ་ན་ས་སྟོན་པས་བཀའ་སྩལ་པ།། སྣང་བ་ཐམས་ཅད་ལུས་ཀྱི་བརྡ།། ཚིག་ནི་ཇི་སྙེད་དག་གི་བརྡ།། དེ་ལ་བསམ་གྱིས་མི་ཁྱབ་གནས།། དོན་གྱི་བརྡ་རུ་ཤེས་པར་བྱ། ་དེ་ནས་དུར་ཁྲོད་བདག་མོས་ཡང་ཞུས་པ།། གང་ཟག་འཇུག་པའི་རིམ་པ་དང་།། དཔའ་བོ་བརྟག་པའི་རིམ་པ་དང་།། ཕྱག་རྒྱ་མོ་ཡི་བརྟག་པ་དང་།། མཆོག་དང་ཐུན་མོང་དངོས་གྲུབ་དང་།། ཚོགས་ཀྱི་འཁོར་ལོའི་དུས་དག་དང་།། ་རྣལ་འབྱོར་པག་མེ་རྫོགས་བྱེད་དང་།། བཛྲ་ཡི་བྱེ་བྲག་ཇི་སྙེད་པ།། འགྲོ་མགོན་ཁྱེད་ཀྱིས་བཤད་དུ་གསོལ།། མགོན་པོ་དཔའ་བོས་བཀའ་སྩལ་པ།། ཐམས་ཅད་ཀུན་གྱི་བརྡ་ཆེན་པོ།། སྦས་པའི་བརྡ་ནི་བཤད་བྱ་བ།། གཡས ་པ་ཐབས་ཀྱི་རང་བཞིན་དང་། ། གཡོན་པ་ཤེས་རབ་རང་བཞིན་དང་།། ལུས་ཀྱིས་བརྡ་རྣམས་རྫོགས་པར་བྱ།། མི་རྟོག་སྒོམ་པ་སྟོན་པ་ལ།། ལག་པ་གཡོན་པ་བརྟན་པ་ནི།། ས་རོ་ཞེས་ནི་བརྗོད་པར་བྱ།། རྐང་པ་གྲོང་ཁྱེར་ས ་བགྲོད་པས། ། སྤྱོད་པ་ཉམས་མྱོང་གིས་འགྲོ་བ།། གོ་བའི་ཕྱིར་ནས་བརྐང་བསྟན་ཏེ།། ཨ་གྣ་ལ་ཞེས་བརྗོད་པར་བྱ།། སྲིན་ལག་མཁའ་འགྲོ་མ་ཡི་ན།། དེ་ཡི་ཕྱིར་ན་དེ་བསྟན་ཏེ།། ཤེས་རབ་ཆེན་པོར་གོ་བྱའི་ཕྱིར།། བྷ་ཏ་རི་ཞེས ་བརྗོད་པར་བྱ། ། ལྕེ་ཡིས་ཟས་ཀྱི་རོ་མྱོང་ལྟར།། སྟོང་པས་བདེ་བ་མྱོང་བསྟན་ཕྱིར།། ལྕེ་བསྟན་ཙརྱ་གྷ་ཞེས་བརྗོད།། སྐལ་པར་ལྡན་པའི་བདག་ཉིད་ནི།། ཡུལ་ལ་རིག་པར་བྱ་བའི་ཕྱིར།། ལྟོ་བ་ཟས་ཀྱི་སྣོད་བསྟན་པ། ཨན ་དྷ་ལི་ཉེས་བརྗོད་པར་བྱ། ། ལྟོ་བ་ཟས་ཀྱི་སྣོད་ཡིན་ཕྱིར།། དེ་བཞིན་སྣོད་ནི་བསྟན་པར་བྱ།། བླ་མའི་བརྒྱད་པ་གོ་ཆའི་ཕྱིར།། པཾ་ཀ་ཏ་ཞེས་བརྗོད་པར་བྱ།། སོར་མོ་ལྔའི་ནི་རྒྱུད་གཅིག་ལྟར།། ལྔ་ཡི་རྩ་བ་ཨེ་བཾ་རུ།། བསྡུས ་ཕྱིར་སོར་མོ་ལྔ་བསྟ་དོ་ལ། ། ཚན་དྲོན་ཞེས་བརྗོད་པར་བྱ།། སོའི་སྟོབས་ཀྱིས་ཟས་འདུལ་ལྟར།། ཨེ་བི་ཇི་བཞིན་རྟོགས་པར་བྱེད།། གང་གིས་སོ་ནི་བསྟན་བྱས་པས།། ཙི་ལ་ནི་ཞེས་བརྗོད་པར་བྱ།། བྱིན་པས་ལུས་ཀྱི་སྟོབས། ་སྐྱེད་ལྟར།། གོམས་པས་འབྲས་བུ་སྐྱེད་པའི་ཕྱིར།། གོ་ཕྱིན་པ་ནི་བསྟན་བྱས་ལ།། མིག་བ་ཞེས་བརྗོད་པར་བྱ།། ས་བཞི་འགྲོ་བ་ཀུན་འདེགས་ལྟར།། འབྲས་བུ་དམ་ཚིག་གིས་བསྟེན་ལྟར།། ས་བའི་གྲུ་བི་ནང ་བསྟན་བྱས་ལ། ། མཎ་ཌལ་ཞེས་སུ་བརྗོད་པར་བྱ།། སོར་མོ་ལྔ་ནི་རྒྱུ་མཐུན་ཕྱིར།། ཕུང་ལྔ་རིགས་ལྔར་རྒྱས་བཏབ་པས།། གཡས་པའི་སོར་མོ་ལྔ་བསྟན་པ།། སྦ་ར་ན་ཞེས་བརྗོད་པར་བྱ།། མི ་བསྐྱོད་པ་དང་རྡོ་རྗེ་འཆང་། ། རྒྱས་གདབ་གཉིས་ན་གོ་བྱའི་ཕྱིར།། དབུགས་ནི་ལིནི་དབྱུང་བར་བྱ།། དཔལ་ཀུན་ཤམ་ཞེས་བརྗོད་པར་བྱ།། སོ་འཆའ་བའི་ཞེ་སྡང་གིས།། འབྲས་བུའི་རྟགས་ནི་ཡིན་པའི་ཕྱིར།། ག ་སྡང་གཅོད་ཕྱིར་སོ་འཆའ་བས། ། མ་ཏ་ཁྭ་ཞེས་བརྗོད་པར་བྱ།། ཤ་ནི་སྲོག་ཆགས་ཐམས་ཅད་ལས།། འབྱུང་ཞིང་ཆོས་རྣམས་ཐམས་ཅད་ནི།། སེམས་ཡིན་ཕྱིར་ནས་ཤ་བསྟན་པས།། ར་ཙན་ཞེས་བརྗོད་པར་བྱ།། ཟླ ་གཉེར་ཁྲོས་པའི་རྟགས་ཡིན་པས། ། བྱ་བ་ཐམས་ཅད་སྡུག་བསྔལ་གྱི།། རྟགས་ཡིན་ཕྱིར་ན་ཁྲོ་གཉེར་བསྟན།། ནི་རི་ཧ་ཞེས་བརྗོད་པར་བྱ།། བསྡུམས་པས་དབྱེ་བ་མེད་པལྷུར།། འཁོར་འདས་དབྱེར་མི་བྱེད་པ་ལྟ ་བྷ་ག་ནི་ཞེས་བརྗོད་པར་བྱ། ། དཔེ་ཡིས་མཚོན་པའི་དོན་དུ་ནི།། དྲི་མ་ཀུན་ལས་གྲོལ་བའི་ཕྱིར།། བསྡམས་པ་བཀྲོལ་ནས་ཀྲེན་ན་བརྗོད།། བྱིན་གྱིས་བརླབས་པའི་གཏོར་མ་ཡིན།། ཐམས་ཅད་ཚིམ་པར་བྱེད་པ་ལྟར།། ་སྣ་ཚོགས་སྣང་བའི་ཆོས་ཀུན་ལ།། བདེ་བ་ཆེན་པོའི་རོས་ཚིམ་ཕྱིར།། གཏོར་མ་གཏང་ལ་ཧི་ཀི་ཀ་བརྗོད།། ལྟོ་བ་ཟས་ཀྱི་སྣོད་ཡིན་ལྟར།། སེམས་ཅན་སངས་རྒྱས་སྣོད་ཡིན་པས།། དོན་དུ་ལྟེ་བ་བསྟན་ནས་ནི།། ་ནི་གར་མ་ཞེས་བརྗོད་པར་བྱ།། དེ་རྣམས་ཕན་ཡོན་དཔག་མེད་པས།། སྙིང་པོ་རྒྱུད་དུ་གསལ་བར་བསྟན།། བརྡ་དང་ལྡན་པའི་རྣལ་འབྱོར་པས།། བདུད་རྩི་རྣམ་པ་ལྔ་པོ་ལ།། ལོངས་སྤྱོད་པ་ནི་ཐབས་ཀྱི་མཆོག། བྱིན་གྱིས་བརླབས ་དང་ས་བོན་དང་། ། རང་བཞིན་བདུད་རྩི་ལ་འབད་བས།། དཔག་མེད་རིམས་ཀྱིས་ཕན་ཡོན་འབྱུང་།། དེ་ནས་གཞན་ཡང་བཤད་བྱ་སྟེ།། ལྔ་བསྡུས་རྩེ་མོ་མནན་པ་ནི།། བུམ་པའི་དབང་སྟེ་ལུས་ཀྱི་བརྡ།། མཐེབ་སྲིན་ཨེའི་དྲང་རོ ་གཅིག། གསང་བའི་དབང་སྟེ་ལུས་ཀྱི་བརྡ།། བྱང་ཆུབ་མཆོག་གི་ཕྱག་བརྒྱ་ནི།། གསུམ་པ་ཤེས་རབ་ཡེ་ཤེས་ཡིན།། སྐྱེས་དང་མ་སྐྱེས་གཉིས་མེད་པས།། བཞི་པ་ཡིན་སྟེ་ལུས་ཀྱི་བརྡ།། དེ་ཡི་ངག་གི་བརྡ་སྨྲས་པ།། ཀ་ལ་ཤ ་ཡི་བུམ་པའི་དབང་། ། ཡ་ར་ལ་ཝ་གསང་བའི་བརྡའོ།། ཨེ་བ་མ་ཡ་གསུམ་པའི་བརྡའོ།། ཨེ་ཧཱཾ་ཨོཾ་ཨ་བཞི་པའོ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན ་པར་འབྱུང་བའི་རྒྱུད་ལས་བརྡའི་ལེའུ་སྟེ་དྲུག་པའོ། ། །། དེ་ནས་དུར་ཁྲོད་བདག་མོ་དེས།། སྟོན་པ་མཚན་ཉིད་བཞི་དང་ལྡན་པ་དེ་ལ་ཕྱིའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། ནང་གི་མཆོད་པའི ་ཚོགས་དཔག་ཏུ་མེད་པ་དང་། གསང་བའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་།། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ནས་འདི་སྐད་ཞུས་སོ།། བླ་མེད་སྟོན་པ་ཧེ་རུ་ཀ། འཁོར་བའི་སེམས་ཅན་འདྲེན་མཛད་པ།། ་ཐུགས་རྗེ་ཚེ་དང་ལྡན་པ་ཁྱོད།། ནད་པ་ལྟ་བུའི་སེམས་ཅན་ལ། ཆོས་ཀྱི་སྨན་མཆོག་བསྟན་དུ་གསོལ།། ལོང་བ་ལྟ་བུའི་སེམས་ཅན་ལ།། ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ།། རྒྱལ་པོ་ལྟ་བུའི་སྟོན་པ ་ཁྱོད། ། ཀུན་ལ་བྱམས་པ་མཛད་དུ་གསོལ།། བློན་པོ་ལྟ་བུའི་སྟོན་པ་ཁྱོད།། ཀུན་ལ་ཕན་པར་མཛད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སྟོན་པ་འཇིགས་བྱེད་ཧེ་རུ་ཀ་དེ་ཐུགས་རབ་ཏུ་དགྱེས་ཏེ། སྐྲའི་སྒོ་ནས ་མཛེས་གར་རྣམ་པ་གསུམ་མཛད། ། གསུང་གི་སྒོ་ནས་རྡོ་རྗེའི་ཚིག་རྣམ་པ་གསུམ་མཛད།། ཐུགས་ཀྱི་སྒོ་ནས་ཁྱད་པར་གྱི་ཡེ་ཤེས་རྣམ་པ་གསུམ་བསྐྱེད་ནས།། འཁོར་རྣམས་ལ་སྤྱན་གཟིགས་ནས་ཚངས་པའི་གསུ ་གིས་རྡོ་རྗེའི་ཚིག་འདི་བཀའ་སྩལ་ཏོ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད།། འཁོར་བའི་སེམས་ཅན་ཐམས་ཅད་ལ།། མ་རིག་པའི་མུན་པས་བསྒྲིབས།། འཁོར་བའི་རྒྱ་མཚོ་ཆེན་པོར་ལྟུང་།། ཉོན་མོངས་འདམ་དུ་བྱིང་བ་སྲི། ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་།། བཞི་སྟོང་གི་ནི་གྲངས་སྙེད་ཀུན།། ཉོན་མོངས་པ་ཡི་གཉེན་པོར་བསྟན།། དབང་པོ་རབ་འབྲིང་དང་སྦྱར་ནས།། ཐུན་མོང ་ཐེག་པ་རིམ་གྱིས་བསྟན། ། མདོ་སྡེ་འདུལ་བ་མངོན་པ་གསུམ།། བསྟན་པ་ཀུན་གྱི་རྩ་བ་ཡིན།། བདེ་གཤེགས་ཐུགས་རྗེ་བསམ་མི་ཁྱབ།། སེམས་ཅན་རྣམས་ལ་དེ་ལྟར་བསྟན།། དེ་ནས་དུར་ཁྲོད་བདག ་དེས་ཡང་འདི་སྐད་ཅེས་གསོལ་ཏོ། ། བླ་མེད་སྟོན་པ་ཧེ་རུ་ཀ། ཐུན་མོང་ཐེག་པ་དེ་ལྟར་བསྟན།། ཁྱད་པར་གསང་སྔགས་ཇི་ལྟར་ལགས།། རྒྱུད་སྡེ་རྣམས་ཀྱི་དབྱེ་བ་ཞུ།། སྨིན་པའི་ལམ་ནི་ཇི་ལྟར་ལགས།། གྲོལ་བའི་ལམ ་ནི་གང་ལ་བགྱི། ། དཔའ་བོ་ཆེན་པོས་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སྟོན་པ་ཧེ་རུ་ཀས།། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད།། སྐལ་བར་ལྡན་པའི་གང་ཟག་ལ།། གསང་སྔགས་རྒྱུད་སྡེ་ངས་བཤད་ཀྱིས།། སྣོད ་སྐྱོན་གསུམ་པོ་སྤོངས་ལ་ཉོན། ། བྱ་བ་གཙོ་བོར་བྱེད་པ་ལ།། ཀི་མའི་རྒྱུད་སྡེ་རྣམ་ལྔ་བསྟན།། སྤྱོད་པ་གཙོ་བོར་བྱེད་པ་ལ།། གཉིས་པའི་རྒྱུད་སྡེ་རྣམ་ལྔ་བསྟན།། སེམས་ཉིད་གཙོ་བོར་བྱེད་པ་ལ།། རྣལ་འབྱོར་རྒྱུད་སྔ ་རྣམ་ལྔ་བསྟན། ། བདེ་སྟོང་གཙོ་བོར་བྱེད་པ་ལ།། བླ་ན་མེད་པའི་རྒྱུད་ལྔ་བསྟེན།། ཡིད་ལ་བྱེད་པ་མེད་རྣམས་ལ།། གོང་ན་མེད་པའི་རྒྱུད་ལྔ་བསྟན།། དེའི་ཕྱིར་རྒྱུད་སྡེ་རྣམ་པ་ལྔ།། གསང་སྔགས་རྒྱུད་ཅེས་བྱ་བར་གྲགས། ་རི་དེ་ལ་ཡང་ལྔ་ལྔ་སྟེ།། སྐད་ཆེན་ཉི་ཤུ་རྩ་ལྡན།། མཐུང་འཐུང་བར་མི་འགྱུར་རོ།། ཞེས་གསུངས་སོ།། དེ་ནས་ཡང་དུར་ཁྲོད་བདག་མེ་ངེས་ཡང་ཞུས་པ།། རྒྱུད་ཀྱི་དབྱེ་བ་ཇི་ལྟར་ན།། སྤྲིན་ཞེས་འགྱི་བ་ཇི་ལྟར་ལགས། ལམ ་ཞེས་བགྱི་བ་གང་ལ་བགྱི། ། དེ་ཡི་དབྱེ་བ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད།། འཁོར་བའི་སེམས་ཅན་ཐམས་ཅད་ལ།། དེ་ཉིད་ཡོད་དེ་སྨིན་ལམ་མེད།། དེས་ན་འབྲས་བུ ་ཐོབ་མི་འགྱུར། ། ལམ་ལོག་མུ་སྟེགས་བྱེད་རྣམས་ལ།། དེ་ཉིད་ཡོད་དེ་སྨིད་ལམ་མེད།། དེས་ན་འབྲས་བུ་ཐོབ་མི་འགྱུར།། དམན་པ་ཉན་ཐོས་རང་རྒྱལ་ལ།། དེ་ཉིད་ཡོད་དེ་སྤྲིན་ལམ་མེད།། དེ་ཕྱིར་སྐལ་བ་གྲངས་མེད་དུ།། དཀའ ་ཐུབ་སྤྱོད་པ་ཉོན་རི་མོངས། ། མ་སྨིན་མདོ་སྡེར་ཞུགས་རྣམས་ལ།། དེ་ཉིད་ཡོད་དེ་སྤྲིན་ལམ་མེད།། དེས་ན་ཚེ་གཅིག་སངས་རྒྱས་དཀའ་ཞེས་སོ།། དེ་ནས་དུར་ཁྲོད་བདག་མོ་དེས་ཡང་ཞུས་པ།། སྤྲིན་ཞེས་བྱ་བ་གང་ལ་བགྱི།། ་ལམ་ཞེས་བྱ་བ་ཇི་ལྟར་ལགས།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད།། སྨིན་ཞེས་བྱ་བ་ནི་སད་དྷའི་སྒྲ་ལས་ཤེས་པར་བྱའོ།། ལམ་ཞེས་བྱ་བའི་སྒྲ་ནི་ཨ་ཐ་མི་ཐིའི་སྒྲ་ལས་ཤེས ་བར་བྱ། ། འཇིག་རྟེན་པའི་ལམ་དང་སྦྱར་རོ།། ལུས་དང་ངག་དང་སེམས་དང་གསུམ།། མ་སྨིན་སྨིན་པར་བྱེད་པའི་ཐབས།། དབང་བསྐུར་ཆོ་ག་ཇི་སྙེད་བསྟན།། དང་པོ་བསྙེན་པ་བྱ་བ་གཅེས།། གྲངས་དང་དུས་དང་མཚན་མ་ཡི།། བསྙེན་པ་རྣམ།། སུམ ་རྫོགས་བྱས་ནས། ། ས་ཆོ་ག་སྟ་གོན་ཚུལ་བཞིན་བྱ།། དང་པོ་ས་གཞི་ཡོངས་སུ་བཟུང་།། གཉིས་པ་སྟ་གོན་གནས་པ་སྟེ།། ནུབ་གསུམ་པ་ལ་འཇུག་པར་བྱ།། རྒྱུད་རྣམས་གཞན་དུ་ཤེས་པར་བྱ།། ་དེ་ནས་དཀྱིལ་འཁོར་ཤར་གྱི་སྒོར།། བའི་རྣམ་ལྔའི་མཎ་ཌ་ལ་བྲི།། སྐལ་ལྡན་སློབ་མ་དེར་བཞག་ལ།། བུམ་པའི་དབང་རྣམས་རྫོགས་པར་བསྐུར།། དཀྱིལ་འཁོར་དེ་ཡི་ལྷའི་སྒོ་རུ།། བདུད་རྩི་ལྔ་ཡི་མཎ་ཌ་ལ་བྱ།། ་སྐལ་ལྡན་སློབ་མ་དེར་བཞག་ལ།། གསང་བའི་དབང་རྣམས་རྫོགས་པར་བསྐུར།། དཀྱིལ་འཁོར་དེ་ཡི་ནུབསྒོ་རུ།། དལ་གྱི་ཆོས་འབྱུང་ཨེ་དབྱིབས་བྲི།། སྐལ་ལྡན་སློབ་མ་དེར་བཞག་ལ།། ཤེས་རབ་ཡེ་ཤེས ་དབང་བསྐུར་ཏེ། ། གསུམ་པའི་དབང་རྣམས་རྫོགས་པར་བསྐུར།། དཀྱིལ་འཁོར་དེ་ཡི་བྱང་སྒོ་རུ།། ཕྲིན་ལས་རྣམ་བཞིའི་མཎ། ལ་བྲི།། སྐལ་ལྡན་སློབ་མ་དེར་བཞག་ལ།། བཞི་པའི་དབང་རྣམས་རྫོགས་པར ་བསྐུ་དཀྱིལ་འཁོར་དེ་ཡི་ཕོ་བྲང་དུ། ། སེང་ཆེན་བསྣོལ་བའི་ཁྲི་སྟེངས་སུ།། བསྐལ་ལྡན་སློབ་མ་དེར་བཞག་ལ།། རྡོ་རྗེ་སློབ་དཔོན་བྱེད་པའི་དབང་།། ཆོ་ག་ཐམས་ཅད་རྫོགས་པར་བསྐུར།། སྐུ་གསུང་ཐུགས་ཀྱི་དབང་གསུམ་པོ།། ཐོག་མ ་ཉིད་དུ་བསྐུར་བར་བྱ། ། དེ་ནས་དུར་ཁྲོད་བརྒྱད་རྣམས་ཀྱིས།། དབང་ནི་རྣམ་པ་བརྒྱད་པོ་བསྐུར།། དེ་ནས་ཟས་རྣམས་བདུད་རྩིའི་དབང་།། ཇི་ལྟ་བར་ནི་བསྐུར་བར་བྱ།། དེ་ནས་ཕྱག་མཚན་རྣམས་ཀྱི་དབང་།། གོ་རིམས་བཞིན་དུ་བསྐུར་བར་བྱ།། དེ་ནས ་ཉན་པའི་དབང་རྣམས་བསྐུར། ། དེ་ནས་བཤད་པའི་དབང་རྣམས་བསྐུར།། དེ་ནས་སྐལ་ལྡན་གང་ཟག་ལ།། མདའ་གསོལ་སུམ་བཅུ་རྩ་ལྔ་བྱ།། དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱིས།། དབང་རྣམས་མ་ལུས་རྫོགས་པར་བསྐུར།། དེ་ནས་དབང ་རྫོགས་གང་ཟག་དེ། ། བདེར་གཤེགས་རྣམས་ཀྱི་སྲས་ཡིན་ཏེ།། མཁྱེན་རབས་བདེ་གཤེགས་རྣམས་དང་མཉམ།། མཐུ་སྟོབས་ཁྲོ་རྒྱལ་རྣམས་དང་མཉམ།། ཚེ་ཚད་ཉི་ཟླ་གཉིས་དང་མཉམ།། དང་པོ་ལས་ཅན་སྦྱོར་བ་ཡིས།། ས ་བརྒྱད་པ་ལ་རབ་ཏུ་གནས། ། དབང་སྐུར་གནང་བ་མ་ཐོབ་ན།། རིག་པ་ཤེས་རབ་རྩལ་རྫོགས་ཀྱང་།། སློབ་དཔོན་བྱ་བ་ཡོད་མི་ནུས།། དབང་བསྐུར་གནང་བ་མ་མཐོང་ན།། གཞན་གྱི་ཡོན་ཏན་ཀུན་འཆད་ཡང་།། འཁོར་ལོ་སྲོག་ཤིང་མེད ་པ་འདྲ། ། དབང་མ་ཐོབ་པར་ལས་བརྩེམ་དང་། སྒྱིད་མ་མ་རྟས་ཁལ་འགེལ་བ།། འདི་དག་ཕུང་བའི་རྒྱུ་ཡིན་ནོ།། སློབ་དཔོན་མཉེས་པར་མ་བྱས་ཤིང་།། དབང་རྣམས་ཐོབ་པར་མ་བྱས་ན།། ཉན་པ་ལ་སོགས་རྩོམ་པ་ནི།། འབྲས་བུ་མེད་ཅིང ་བརླག་པར་འགྱུར། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་དུར་ཁྲོད་ཕག་མོ་དེས ་ཧེ་རུ་ཀ་ལ་འདི་སྐད་ཞུས། ། སངས་རྒྱས་ཐོབ་བྱེད་འབྲས་བུ་ཆོས།། བསམ་གྱིས་མི་ཁྱབ་བཤད་དུ་གསོལ།། དབང་པོ་རབ་འབྲིང་ཐ་མ་གསུམ།། གང་དང་གང་གིས་གྲོལ་བ་ལགས།། དུག་ལྔ་སྤྱོད་པའི་གང་ཟག་ལྔ།། གང་དང་གང་གིས་འཇོམས་པར ་བྱེད་དེ་ནས་སྟེན་པས་བཀའ་སྩལ་ཏེ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱེད།། དབང་པོ་རབ་ཀྱི་གང་ཟག་ལ།། རང་བཞིན་རྣམ་དག་པག་མོ་བསྟན།། དབང་པོ་འབྲིང་གི་གང་ཟག་ལ།། བརྗོད་པ་སཱ་ཡི་ཕག་མོ་བསྟན།། དབང་པོ་ཐ་མའི་གང་ཟག་ལ།། ་མཚན་པ་བརྡ་ཡི་ཕག་མོ་བསྟན།། ཞེས་བཀའ་སྩལ་ཏོ།། དེ་ནས་དུར་ཁྲོད་བདག་མོ་དེས།། སྟོན་པ་ལ་ནི་ཚིག་འདི་གསོལ།། རང་བཞིན་རྣམ་པར་དག་པ་ཡི།། རྡོ་རྗེ་ཕག་མོ་ཛལ་བུ།། སྒྲ་ཡི་ཕག་མོ་ཇི་ལྟ་བུ།། དབྱིབས་ཀྱི་ཕག་མོ ་ལྟ་བུ། ། ཞེས་པ་ལ་སོགས་པ་ཞུས་སོ།། ཉོན་གཅིག་དུར་ཁྲོད་བདག་མོ་ཁྱད།། རང་བཞིན་ཉིད་ནས་དག་པ་སྟེ།། ཆོས་ཀྱི་སྐུ་ལ་བ་ཉིད།། སྐད་ཅིག་དྲུག་གིས་རྫོགས་སངས་རྒྱས།། གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད།། རྗོ ་བསྒྲ་ལ་བག་སོད། ། ལོངས་སྤྱད་སྒྲ་ཡོ་ངོ་བ་ཉིད།། ལོངས་སྤྱོད་རྫོགས་སུ་འང་བོ་ཉིད།། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས།། འགྲུབ་འགྱུར་འདི་ལ་ཁྲི་ཚམ་མེད།། མཚོན་པ་བརྡ་ཡི་ཕག་མེ་དེ།། སྤྲུལ་པ་སྐུ་མང་ཟ་ཉིད།། ་ན་དྲུག་གམས་པའི་སྦྱོར་བ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཙམ་མེད།། ཅེས་བཀའ་སྩལ་ཏེ།། དེ་ནས་དུར་ཁྲོད་བདག་མ་དེས།། དཔའ་བ་ཆེལ་ཡང་ཞུས་པ།། གང་ཟག་རིགས་ལ་ལྔ་ཡོད་དེ།། གཏི་མུག་ཅིན་གྱི་གང་ཟག་དང་།། ཞེ ་ད་ཀྱི་གང་ཟག་དང་། ། དོད་པ་གཙོར་བྱེད་གང་ཟག་དང་། རྒྱལ་ཅན་གྱི་གང་ཟག་དང་།། བྲག་དག་ཅན་གྱི་གང་ཟག་ས།། དེ་རྣམས་གང་དང་གང་གིས་གྲོལ།། ཞེས་ཐུས་སོ།། དེ་ནས་ན་པས་བཀ་འདུལ་ཏེ། ཏི་མུག་ཅན་གྱི་གང་ཟན ་ས~ཾ་པགས་དཀརས་བསྟན། ། གཏི་མུག་རྒྱལ་གྱིས་གཏི་མུག་འཇམས།། འདོད་པ་གཅ་བྱེད་སྐྱེས་བུལ།། གསུང་གི་པག་མོ་དམར་མོ་བསྟན་། འོདག། ཚུལ་གྱིས་འདིད་ཆགས་འཇོམས།། ན་རྫ་ཅན་གྱི་གང་ཟག་ལ།། ་ཐུགས་པག་ས་དག་པ་བརྟན།། དྲང་ཚུས་གྱིས་ང་འཇོམས།། རྒྱལ་ཅན་ཅི་གང་ཐུགཔ།། ན་ཏད་ན་ཀྱ་གམ་པརྟན། རྒྱམ་ཆུས་ཀྱིས་ཀྱ་འཇོམས། གདོག་ཅན་ཅིགང་གལ། ལྲྀ་ས་པག་རྗོང་ཆུབ་ན། ་ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས།། དེ་ནས་དུར་ཁྲོད་བདག་མོ་དེས།། ཧེ་རུ་ཀ་ལ་རིག་འདི་གསོལ།། དུག་ལྔ་ཤས་ཆེ་གང་ཟག་ལྔ།། འབྲས་བུ་སྐུ་ལྔ་ཇི་ལྟར་ཐོབ།། ཡེ་ཤེས་ལྡིནི་ཇི་ལྟར་སྣང་།། རིགས་ལྔ་ཞེས་ནི་གང་ལ་བགྱི།། ་ཁྲོལ་ལྡན་ཇི་ལྟར་བསྒོམ།། འཁོར་ལོ་ལྔ་ནི་ཇི་ལྟར་གནས།། སྙིང་པོ་ལྡནི་ཇི་ལྟར་བཟླས།། དམ་ཚིག་ལྡན་ཇི་ལྟར་བསྲུང་།། ཉམས་མྱོང་ལྡནི་ཇི་ལྟར་འབྱུང་།། ཉིན་མོངས་ལྗིན་ཇི་ལྟར་འབྱུང་།། ཡེ་ཤེས་ལྡནི་ཇི་ལྟར་འཕེལ།། གྲངས་ཀྱི་ཚད་ནི ་ཇི་ལྟར་བཟླས། ། མཚན་མའི་རྟགས་ནི་ཇི་ལྟར་འབྱུང་།། དུས་ཀྱི་ཚད་ནི་ཇི་ལྟར་ལགས།། ལས་ཚོགས་རྣམས་ནི་ཇི་ལྟར་འགྲུབ།། ཅེས་ཞུས་སོ།། དེ་ནས་དཔའ་བོ་ཧེ་རུ་ཀས།། ཐུགས་རབ་ཏུ་དགྱེས་ཏེ། བརྡའི་ཚིག་འདི་བཀའ་སྩལ་ཏོ།། ཉོན ་ཅིག་དུར་ཁྲོད་བདག་མོ་ཁྱོད། ། དུག་ལྔ་སྤྱོད་པའི་གང་ཟག་ལྔ།། འབྲས་བུ་རྣམ་པ་ལྔ་ཐོབ་སྟེ།། ཀུན་ལ་ཁྱབ་པ་ཆོས་སྐུ་དང་།། ཐེག་ཆེན་སྤྱོད་པ་ལོངས་སྐུ་དང་།། གང་ལ་གང་འདུལ་སྤྲུལ་སྐུ་དང་།། ཅིས་ཀྱང་མི་ཤིགས་རྡོ་རྗེའི་སྐུ།། ངོ་བོ་ཉིད་ཀྱི ་སྐུ་མཆོག་དང་། ། སྐྱེ་བ་གཅིག་གིས་ཐོབ་པར་འགྱུར།། རྟོགས་པའི་དོན་ལ་གོམས་པར་བྱེད།། ཚེ་འདི་ཉིད་ལ་སངས་རྒྱས་འཐོབ།། རྫོགས་སངས་རྒྱས་ཀྱིས་རྒྱུད་ཏུ་བཤད།། ཐོབ་བྱའི་ཡེ་ཤེས་རྣམ་ལྔ་ཡང་།། སྤྲོས་བྲལ་ཆོས་དབྱིངས ་ཡེ་ཤེས་དང་། ། མེ་ལོང་ཡེ་ཤེས་གཟུགས་བརྙན་ལྟར།། བདག་གཞན་གཉིས་མེད་མཉམ་པ་ཉིད།། གསལ་ལ་མ་འདྲེས་སོ་སོར་རྟོག། ཕྲིན་ལས་མཐར་ཕྱིན་བྱ་བ་གྲུབ།། ཡེ་ཤེས་ལྔ་ནི་དེ་ལྟར་སྐྱེ།། གཞན་ནས་མ་ཡིན་རང་ཉིད ་ལའོ། ། དུག་ལྔ་སྤྱོད་པའི་གང་ཟག་ལྔ།། རིགས་ནི་རྣམ་པ་ལྔ་ཐོབ་སྟེ།། སྤྲོས་མེད་དེ་བཞིན་གཤེགས་པའི་རིགས།། དགོས་འདོད་འབྱུང་བ་རིན་ཆེན་རིགས།། སྐྱོན་གྱིས་མ་གོས་པད་མའི་རིགས།། སེམས་ཅན་དོན་གྲུབ་ལས་ཀྱི་རིགས།། གཞན ་ནས་མ་ཡིན་རང་ཉིད་ལ། ། དུག་ལྔ་སྤྱོད་པའི་གང་ཟག་དེ།། ཡེ་ཤེས་ཁྲོ་མོ་ལྔ་བསྒོམས་ནས།། བདེ་བ་སྐྱེ་བ་སྐུ་ཡིན་པས།། བདེ་ཆེན་དཀར་མོ་བསྒོམ་པར་བྱ།། ནུས་པ་འབྱུང་བ་གསུང་ཡིན་པས།། དམར་མོ་སྒྲ་སྒྲོགས་བསྒོམ་པར་བྱ།། རྟོགས་ཚད ་འཆར་བ་ཐུགས་ཡིན་པས། ། ཁྲོས་མ་ནག་མོ་བསྒོམ་པར་བྱ།། བརྟན་པར་བྱེད་པ་ཡོན་ཏན་ཏེ།། སེར་མོ་དོར་གྲུབ་བསྒོམ་པར་བྱ།། བར་ཆད་སེལ་བ་འཕྲིན་ལས་སྟེ།། སྣ་ཚོགས་མཐར་ཕྱིན་བསྒོམ་པར་བྱ།། རིམས་ཀྱིས་མ་ཡིན་ཅིག་ཅར་ཡིན།། རྒྱ་དང ་འབུར་གྱི་ཚུལ་དུ་བྱ། ། ཡིག་འབྲུ་རྣམས་ཀྱི་གནས་ལུགསི་ན།། སྤྱི་གཙུག་བདེ་ཆེན་འཁོར་ལོ་ན།། བདེ་བྱེད་སྐུའི་ཡི་གེ་བཞི།། རང་བཞིན་རྩའི་གཟུགས་ཅན་ནོ།། མགྲིན་པ་ལོངས་སྤྱོད་འཁོར་ལོན།། གསུང་མཆོག་ཡི་གེ་རྣམ་བཞི་ནི།། རང ་བཞིན་རྩ་ཡི་ཚུལ་དུ་གནས། ། སྙིང་ཁ་ཆོས་ཀྱི་འཁོར་ལོན།། ཐུགས་མཆོག་ཡི་གེ་རྣམ་བཞིན།། རྩ་ཡི་དབྱིབས་དང་འཐུན་པར་གནས།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། བརྟན་བྱེད་ཡོན་ཏན་ཡི་གེ་བཞི།། དེ་ཡི་རང་བཞིན་རྩ་ཡི་དབྱིབས།། ཕྲིན ་ལས་ཡི་གེ་རྣམ་བཞི་ནི། ། འི་རྒྱས་དབང་དྲག་ཡི་གེ་བཞི།། ལས་དང་རྗེས་འཐུན་གཟུགས་སུ་གནས།། སྙིང་པོ་ལྔའི་བཟླས་ཐབས་ནི།། ཕྱི་དང་ནང་དང་གསང་བ་དང་།། འཕྲིན་ལས་བཞི་ཡི་ཚུལ་དུ་བཟླས།། དམ་ཚིག་ལྔའི་བསྲུང་ཚུལ་ནི།། བདེ་ཆེན ་དཀར་མོའི་དམ་ཚིག་ཏུ། ། སེམས་ཅན་ཀུན་ལ་བྱམས་པ་བསྒོམས།། ཁྲོས་མ་ནག་པོའི་དམ་ཚིག་ཏུ།། དྲག་ཅིང་རྩུབ་པའི་སྤྱོད་པ་བྱ།། སེར་མོ་དོན་གྲུབ་དམ་ཚིག་ཏུ།། དངོས་པོ་ཀུན་ལ་ཆགས་མེད་བྱ།། དམར་མོ་སྒྲ་སྒྲོག་དམ་ཚིག་ཏུ།། སྨྲ་ཞིང ་བུད་མེད་བརྟེན་པར་བྱ། ། སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ།། རྒྱུག་ཅིང་མཆོད་པའི་སྤྱོད་པ་བྱ།། མཁའ་འགྲོ་སྤྱིའི་དམ་ཚིག་ཏུ།། བདུད་རྩི་ལྔ་དང་ཤ་ལྔ་ལ།། རྟག་ཏུ་ལོངས་སྤྱོད་བྱ་བ་ནི།། བཟའ་བའི་དམ་ཚིག་རྣམ་ལྔ་སྟེ།། གསང་སྔགས ་སྤྱོད་པས་བསྟེན་པར་བྱ། ། དེ་ནས་ཉམས་དང་བྱིན་བརླབས་ནི།། གོ་རིམས་སྐྱེ་ཚུལ་འདི་ལྟ་སྟེ།། དམིགས་པ་མེད་པའི་སྙིང་རྗེ་སྐྱེ།། སངས་རྒྱས་མཁའ་འགྲོའི་ཉམས་མྱོང་ཡིན།། ཆོས་རྣམས་གཟུགས་བརྙན་ལྟར་མཐོང་བ།། རྡོ་རྗེ་མཁའ་འགྲེའི་ཉམས་མྱོང ་ཡིན། ། ཐམས་ཅད་མཉམ་པ་ཉིད་སྐྱེ་བ།། རིན་ཆེན་མཁའ་འགྲོའི་ཉམས་མྱོང་ཡིན།། ཆོས་རྣམས་མ་འདྲེས་སོ་སོར་གསལ།། པད་མ་མཁའ་འགྲོའི་ཉམས་མྱོང་ཡིན།། དངོས་པོ་གང་ལའང་ཐོགས་མེད་མ།། ལས་ཀྱི་མཁའ་འགྲོའི་ཉམས་མྱོང་ཡིན།། ཉོན་མོངས ་ལྔ་ཡི་འགྱུར་ལུགས་ནི། གཏི་མུག་ཆོས་ཀྱི་དབྱིངས་སུ་འགྱུར།། ཞེ་སྡང་མེ་ལོང་ཡེ་ཤེས་འགྱུར།། རྒྱལ་མཉམ་པ་ཉིད་ཀྱིར་འགྱུར།། འདོད་ཆགས་སོ་སོར་རྟོག་པར་འགྱུར།། ཕྲག་དོག་བྱ་བ་ནན་ཏན་འགྱུར།། དེ་ནས་འགྱུར་བ་ལམ་དུ ་བྱེད། དེ་ནས་གཞན་ཡང་བཤད་བྱ་སྟེ།། སྐུ་ཡཾ་ཡིགེ་རྣམ་བཞི་ཡིས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཕེལ།། གསུང་གཡོ་ག་རྣམ་པཞི་ཡིས།། ས་སོར་རྟོག་པའི་ཡེ་ཤེས་འཕེལ།། ཐུགས་ཀྱི་ཡི་ག་རྣམ་བཞི་ཡིས།། མེ་ལིང་ལྟ་བུའི་ཡེ་ཤེས་འཕེལ།། ་ཡོན་ཏན་ཡི་གེ་རྣམ་བཞི་ཡིས།། མཉམ་པ་ཉིད་ཀྱི་ཡེ་ཤེས་འཕེལ།། ཕྲིན་ལས་ཡི་གེ་རྣམ་བཞི་ཡིས།། བྱ་བ་གྲུབ་པའི་ཡེ་ཤེས་འཕེལ།། ཨཱ་ལི་དིང་ནི་ཀཱ་ལི་ཡིས།། སྒྲ་དོན་དག་གིས་རྟོགས་པར་འགྱུར་ཞེས་སོ།། དེ་ནས་གསང་བ་བཤད་བྱ་སྟེ།། གྲངས་ཀྱི་ཚད་ནི ་འདི་ལྟ་སྟེ། ། འབུམ་ཕྲག་གཅིག་གིས་བགེགས་རྣམས་སྤྲོད།། འབུམ་ཕྲག་གཉིས་ཀྱིས་གྲོང་ཁྱེར་སློད།། འབུམ་ཕྲག་གསུམ་གྱིས་རྒྱལ་པོ་འཇོམས།། འབུམ་ཕྲག་བཞི་པས་བུད་མེད་འགུགས།། འབུམ་ཕྲག་ལྔ་ཡིས་ཕྱོགས་རྣམས་བསྲེག། འབུམ ་ཕྲག་དྲུག་གིས་འབྱུང་བ་བཟློག། འབུམ་ཕྲག་བདུན་གྱིས་གནས་ཁང་ག་ཡོ།། འབུམ་ཕྲག་བརྒྱད་ཀྱིས་མངོན་ཤེས་འཆར།། འབུམ་ཕྲག་དགུ་ཡིས་ཟས་ནོར་འདྲ།། འབུམ་ཕྲག་བཅུ་ཡིས་གང་འདོད་འགྲུབ།། དེ་ནས་གསང་བ་བཤད་བྱ་སྟེ།། ་མཚན་ལྟས་རབ་འབྲིང་ཐ་མ་གསུམ།། སྐལ་དང་ལྡན་པའི་གང་ཟག་ལ།། ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ།། མངོན་སུམ་དག་ཏུ་མཐོང་བར་འགྱུར།། དབང་པོ་རབ་ཀྱི་སྣང་བ་སྟེ།། ལས་འགྲོ་ཅན་གྱི་སྣང་བ་ཡིན།། སྐལ་པ་འབྲིང་གི་གང་ཟག་ལ།། ཡེ་ཤེས་ཁྲོ ་མོརྣམ་པ་ལྔ། ། རང་གི་ལས་དང་གང་འཐུན་པར།། རྨི་ལམ་དག་ཏུ་མཆོ་ག་དུགས་ལ།། སྐལ་པ་འབྲིང་གི་མཚན་ལྷས་ཡིན།། སྐལ་པ་དམན་པའི་གང་ཟག་ལ།། ཚུལ་བཞིན་བྲིས་པའི་ཐང་སྐུ་སྟེ།། འོད་དང་སྒྲ་དང་འཛུམ་པ་དང་།། མཁའ་འགྲོའི་ལུང ་བསྟན་འབྱུང་བ་དང་། ། སྐྱེ་བ་འདི་ལ་ངེས་པར་འགྲུབ།། སྦྱོར་བ་དམན་པའི་གང་ཟག་ལ།། བར་མདོ་ནས་ལམ་སྣ་འདྲེན།། མཁས་སྤྱོད་གནས་སུ་འཁྲིད་པར་བྱེད།། དུས་ཀྱི་ཚད་ནི་རྣམ་གསུམ་ཏེ།། རབ་ལ་སྐད་ཅིག་རྣམ་དྲུག་ཡིན།། འབྲིང་ལ་ཟླ་བ ་དྲུག་གིས་གྲོལ། ། ཐ་མ་ལོ་དྲུག་སྦྱར་བའོ།། ཕྱི་དང་ནང་དང་གསང་བ་གསུམ།། རྣམ་པ་གསུམ་དུ་ཤེས་པར་བྱ།། ལས་ཚོགས་རང་བཞིན་དབྱེ་བ་ནི།། རྒྱས་དང་བསྡུས་པ་ཤིན་ཏུ་རྒྱས།། རྣམ་པ་གསུམ་དུ་ཤེས་པར་བྱ།། བསྡུས་པ་ཚར་གཅད་རྗེས ་གཟུང་གཉིས། ། རྒྱས་པ་ཕྲིན་ལས་རྣམ་པ་བཞི།། ཤིན་ཏུ་རྒྱས་པ་ཐུན་མོང་བརྒྱད།། དེ་ལས་འཕྲོས་པ་ཉི་ཤུ་ལྔ།། བདེ་ཆེན་དཀར་མོའི་ཏིང་འཛིན་གྱིས།། ཞི་བའི་ལས་ཚོགས་རྣམ་ལྔ་འགྲུབ།། སེར་མོ་དན་གྲུབ་ཏིང་འཛིན་གྱིས།། རྒྱས ་པའི་ལས་ཆགས་རྣམ་ལྔ་འགྲུབ། ། དམར་མོ་སྒྲ་སྒྲགས་ཏིང་འཛིན་གྱིས།། དབང་གི་ལས་ཚོགས་རྣམ་ལྔ་འགྲུབ།། ཁྲོས་མ་ནག་མོའི་ཏིང་འཛིན་གྱིས།། དྲག་པོའི་ལས་ཚོགས་རྣམ་ལྔ་འགྲུབ།། སྣ་ཚོགས་མཐར་ཕྱིན་ཏིང་འཛིན་གྱིས།། ཕྲིན ་ལས་བཞི་ཡི་ཡིས་རྣམས་འགྲུབ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཐག་མོ་མངོན་པར་འབྱུང་བའི་རྒྱུད་ལས་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་དུར་ཁྲོད་བདག་མོ་དེས ་སྟོན་པ་མཚན་ཉིད་བཞི་ལྡན་ལ། ། ཕྱི་ནང་གསང་བའི་མཆོད་པ་འདི་ཕུལ་ནས་འདི་སྐད་ཞུས་ཏེ། སྐལ་པར་ལྡན་པའི་གང་ཟག་གིས།། བདག་དང་གཞན་ལ་ཕན་གདགས་ཕྱིར།། སྐུ་དང་མཆོད་རྟེན་ཇི་ལྟར་བགྱི།། དེ་ཡི་གེ་རིམས་བཤད་དུ་གསོལ།། ་ཞེས་ཞུས་པའོ།། དེ་ནས་སྟོན་པས་བཀའ་སྩལ་ཏེ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད།། རིགས་ཅན་ལྔའི་གང་ཟག་དེས།། བདག་དོན་གཞན་དོན་བྱེད་འདོད་པས།། སྐུ་ལྔ་གདུང་ལྔ་མཆོད་རྟེན་ལྔ།། རྒྱུ་ལྔ་སྔགས་ལྔ་ལས་རིམས་ལྔ།། ལྔ་ཚན་ལྔ་རུ ་ཤེས་པར་བྱ། ། དེ་ཡི་བྱ་བའི་རིམ་པ་ནི།། དེ་ཉིད་གསུམ་དང་ལྡན་པར་བྱ།། དང་བ་བདག་གི་དེ་ཉིད་དང་།། ཉིས་བཅུ་ཡི་དེ་ཉིད་དང་།། གསུམ་པ་འབྲས་བུ་འདི་ཉིད་དོ།། དང་པོ་བདག་གི་དེ་ཉིད་ནི།། དེ་བཞིན་རིགས་ཀྱི་གང་ཟག་དེ།། དེང་དང་རྗེན ་འགྲུས་རབ་ལྡན་པས། ། སྐུ་དང་མཆོད་རྟེན་འདབས་དུས་སུ།། འདུ་ཤེས་གསུམ་དང་ལྡན་པར་བྱ།། གཉིས་པ་རྒྱུ་ཡི་དེ་ཉིད་ནི།། རྣམ་པ་ལྔ་རུ་ཤེས་པར་བྱ།། ས་བཞི་དཀར་ཞིང་སྣུམ་པ་ལ།། རིན་ཆེན་སྣ་ལྔ་ལ་སོགས་པའི།། ལྔ་ཚན་ལྔ་ནི་ལེས ་བྷུ་། ། ལུས་དག་ཡིང་གསུམ་སྦྱོར་བ་ཡིས།། ཀླུ་དང་མཆོད་རྟེན་ན་རིགས་གདཔ།། འོགཅིན་གནས་ནས་སྨ་དངས་ལ།། རབ་ཏུ་གནས་པ་གཟུང་བཞིན་བྱ།། དེ་ནས་མང་གསོལ་ན་བཟའ་གསོལ།། དེལ་མཛ་དང་བཀོད་པ་།། ག ་སུ་གསོལ་བའི་རིམ་པ་ནི། ། དམ་ཆོས་གཞན་དང་མཐུན་པར་བྱ།། ཞི་བའི་ལས་རྣམས་འགྲུབ་པར་འགྱུར།། དང་པོ་བདག་གི་དེ་ཉིད་ནི། རིན་ཆེན་རིགས་ཀྱི་གང་ཟག་དེས།། དད་དང་བརྩོན་འགྲུས་རབ་ལྡན་པས།། སྐུ་འམ་མཆོད་རྟེན་འདེབས་དུས་སུ།། ་འདུ་ཤེས་གསུམ་དང་ལྡན་པར་བྱ།། གཉིས་པ་རྒྱུ་ཡི་དེ་ཉིད་ནི།། རྣམ་པ་ལྔ་རུ་ཤེས་པར་བྱ།། ས་བཞི་སར་ལ་མཚེར་བ་ལ།། གོང་དུ་བསྟན་པ་ཇི་ལྟ་བར།། སྐུ་དང་མཆོད་རྟེན་ཅི་རིགས་གདབ།། འོག་མིན་གནས་ནས་སྤྱན་དྲངས་ནས།། རབ་ཏུ་གནས་པ ་གཞུང་བཞིན་བྱ། ། དེ་ལ་མངའ་གསོལ་ན་བཟའ་གསོལ།། མཆོད་དང་བསྟོད་པ་བཞུགས་པ་རྣམས།། དམ་ཆོས་གཞན་དང་འཐུན་པར་བྱ།། རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར།། དང་པོ་བདག་གི་དེ་ཉིད་ནི།། པད་མ་རིགས་ཀྱི་གང་ཟག་དེ།། དད ་དང་བརྩོན་འགྲུས་རབ་ལྡན་པས། ། སྐུ་དང་མཆོད་རྟེན་བྱེད་དུས་སུ།། འདུ་ཤེས་གསུམ་དང་ལྡན་པར་བྱ།། གཉིས་པ་རྒྱུ་ཡི་དེ་ཉིད་ནི།། རྣམ་པ་ལྔ་རུ་ཤེས་པར་བྱ།། ས་གཞི་དམར་ལ་གཏང་བ་ལ།། ལྔ་ཚན་ལྔ་དང་ལེགས་སྦྱར་ཏེ།། ལུས་ངག་ཡིད་གསུམ།། ་སྦྱོར་བ་ཡིས།། སྐྲ་དང་མཆོད་རྟེན་ཅི་རིགས་གདབ།། འོག་མིནི་གནས་ནས་སྤྱན་དྲངས་ལ།། རབ་ཏུ་གནས་པ་གཞུང་བཞིན་བྱ།། དེ་ལ་མངའ་གསོལ་ན་བཟའ་གསོལ།། མཆོད་དང་བསྟོད་དང་བཞུགས་པ་ཀུན།། དམ་ཆོས་གཞན་དང་འཐུན་པར་བྱ།། དབང ་གེ་ལས་རྣམས་འགྲུབ་པར་འགྱུར། ། དང་པོ་བདག་གི་དེ་ཉིད་ནི།། རྡོ་རྗེ་རིགས་ཀྱི་གང་ཟག་དེ།། དད་དང་བརྩོན་འགྲུས་རབ་ལྡན་པས།། སྐུ་དང་མཆོད་རྟེན་འདེབས་དུས་སུ།། འདུ་ཤེས་གསུམ་དང་ལྡན་པར་བྱ།། གཉིས་པ་རྒྱུ་ཡི་དེ་ཉིད་ནི།། རྣམ་པ ་ལྔ་རུ་ཤེས་པར་བྱ། ། ས་གཞི་གནག་ཅིང་རྩུབ་པ་ལ།། ཁྲག་དང་དུག་དང་ཚེར་མ་དང་།། ཡུངས་དཀར་ཉུངས་ནག་སྐྱེ་ཚེ་དང་།། ལྔ་ཚན་ལྔ་དང་བཅས་པ་ལ།། ལུས་ངག་ཡིད་གསུམ་སྦྱོར་བ་ཡིས།། སྐུ་དང་མཆོད་རྟེན་ཅི་རིགས་གདབ།། འོག་མ་ནི་གནས ་ནས་སྤྱར་དྲངས་ལ། ། རབ་ཏུ་གནས་པ་གཞུང་བཞིན་བྱ།། དེ་ལ་མདའ་གསོལ་ན་བཟའ་གསོལ།། མཆོད་དང་བསྟོད་པ་བཞུགས་པ་ཀུན།། དམ་ཆོས་གཞན་དང་འཐུན་པར་བྱ།། དྲག་པོའི་ལས་རྣམས་འགྲུབ་པར་བྱེད།། དང་པོ་བདག་གི་དེ་ཉིད་ནི། ་ལས་ཀྱི་རིགས་ཀྱི་གང་ཟག་དེ་དང་དང་བརྩོན་འགྲུས་རབ་ལྡན་པས།། སྐུ་དང་མཆོད་རྟེན་འདེབས་དུས་སུ།། འདུ་ཤེས་གསུམ་དང་ལྡན་པར་བྱ།། གཉིས་བརྒྱུ་ཡི་དེ་ཉིད་ནི།། རྣམ་པ་ལྔ་རུ་ཤེས་པར་བྱ།། ས་གའི་ལྡང་ཞིང་ཁ་དོག་སེར།། གོང ་དུ་ལྔ་ཚན་ལྔ་དང་སྦྱར། ། དེ་ལ་སྐྲ་དང་མཆོད་རྟེན་རྣམས།། ཇི་ལྟར་ནུས་པ་བཞིན་དུ་གདབ།། འོག་མིན་གནས་ནས་སྤྱན་དྲངས་ལ།། རབ་ཏུ་གནས་པ་གཞུང་བཞིན་བྱ།། དེ་ལ་མངའ་གསོལ་ན་བཟའ་གསོལ།། མཆོད་དང་བསྟོད་པ་བཞུགས། ་པ་རྣམས།། དམ་ཆོས་གཞན་དང་འཐུན་པར་བྱ།། དྲག་པོའི་ལས་རྣམས་འགྲུབ་པར་འགྱུར།། བསྟོད་པ་ལྔ་ནི་སོ་སོར་བསྟོད།། མཁའ་འགྲེ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན ་པར་འབྱུང་བའི་རྒྱུད་ལས་སྐུ་དང་མཆོད་རྟེན་གདབ་པའི་ལེའུ་སྟེ་དགུ་པའོ། ། །། དེ་ནས་དུར་ཁྲོད་བདག་མོ་དེས།། སྟོན་པ་མཚན་ཉིད་བཞི་ལྡན་ལ་ཕྱི་ནང་གསང་བའི་མཆོད་པ་གསུམ་ཕུལ་ནས་འདི་སྐད་ཞུས་སོ།། ཀྱེ་ཀྱེ ་མགོན་པོ་བདག་ལ་གསོན། ། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།། ཉོན་མོངས་བརྒྱད་ཁྲི་བའི་སྟོང་དང་།། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གིས།། དུས་གསུམ་ཀུན་དུ་སྡུག་བསྔལ་བསྐྱེད།། དེཡི་གཉེན་པོ་བཤད་དུ ་གསོལ། ། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།། རྒྱུ་ནི་མ་རིག་པ་ཡིས་བསྐྱེད།། རྐྱེན་ནི་རྣམ་པར་རྟོག་པ་སྟེ།། དེ་རྣམས་རྣམ་རྟོག་ཇི་ལྟར་གསལ།། ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ།། དེ་ཡི་རྟོག་པ་གཅད་པར་ཞུ།། ལེགས་ཉེས ་ཀུན་གྱིས་སྟང་མ་གཅོད་པའི། ། མནའ་དང་གལ་གྱིས་འཇིགས་པ་ལ།། དེ་ཡི་རྟོག་པ་གཅད་པར་བུ།། ཉོན་མོངས་ནད་ཀྱིས་ཉེན་པ་ལ།། དེ་ལས་ཐར་པའི་ཐབས་གཅིག་འུ།། བདག་གཞན་གཉིས་པོ་རྩོད་དུས་སུ།། དེ་ལས་རྒྱལ་བའི་ཐིབས་གཅིག་ཏུ། ་ལུས་སེམས་གཉིས་པོ་འབྲེལ་དུས་དེར།། དེ་ལས་ཐར་པའི་ཐབས་གཅིག་ཞུ།། དེ་ནས་སྟོན་པས་ཚིག་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱུ་འབྲས་ཀུན་དུ་སྡུག་བསྔལ་བ།། མ་ལུས་དབྱེར་མེད་ཤེས་གྱུར་ན།། སྡུག་བསྔལ་མ། ་ལུས་བདེ་བར་འགྱུར།། གཞན་ཡང་ཐུན་མོང་འདི་ལྟ་སྟེ།། ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ།། ཕྱོགས་ལས་རྣམ་པར་རྒྱལ་བར་བྱ།། ཉེས་ལེགས་ཀུན་གྱི་སྟ་མ་གཅོད་པ།། མནའ་འམ་གལ་གྱིས་འཇིག་པ་ལ།། མནའ་ལས་རྣམ་པར་རྒྱལ་བར ་བྱ། ། ནད་དང་གདོན་གྱིས་ཉེས་པ་ལ།། བགེགས་ལས་རྣམ་པར་རྒྱལ་བར་བྱ།། བདག་གཞན་གཉིས་པོ་རྩོད་པ་ལ།། ངག་ལས་རྣམ་པར་རྒྱལ་བར་བྱ།། ལུས་སེམས་གཉིས་པོ་འབྲལ་དུས་དེར།། རླུང་ལས་རྣམ་པར་རྒྱལ་བར་བྱ།། མཁའ་འགྲོ་མ ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བག་མོ་མངོན་པར་འཐུང་བའི་རྒྱུད་ལས་རྣམ་པར་རྒྱལ་བ་རྣམ་པ་ལྔའི་ལེའུ་སྟེ་བཅུ་པའོ། ། །། དེ་ནས་མགོན་པོ་ཧོ་རུ་ཀས་འཁོར་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་པ ་དང་། གསང་སྔགས་ཀྱི་སྡང་བ་མོ་རབ་ཏུ་དགའ་སྟེ།། འཁོར་རྣམས་འདུས་པའི་ཚོགས་ཀྱིས་ཀྱང་དེ་ལྟར་དགའ་མགུ་ཡི་རངས་ཏེ།། ཕྱི་ནང་གསང་བའི་མཆོད་པ་ཕུལ་ནས།། མགོན་པོ་ཐུགས་རྗེ་དང་ལྡན་པས།། བདག་དང་འདུས་པའི་འཁོར ་རྣམས་དང་། འཁོར་བའི་སེམས་ཅན་ཐམས་ཅད་ལ།། ཐུགས་རྗེས་གནང་བ་བཀའ་དྲིན་ལགས།། ཞེས་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས ་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་རྫོགས་སྷོ། ། །། དུར་ཁྲོད་བདག་མོས་གསོལ་པ།། ལྷ་མོ་རྣམས་ཀྱི་སྐུ་མདོག་ནི།། ཇི་ལྟར་ཤེས ་