CLOSE WINDOW

Q589: rdo rje mchu zhes bya ba klu'i dam tshig
Wyliee-texts produced with BDRC’s OCR application

བྱ་བའི་གཟུངས་རྫོག་སྷོ། ། ། གཎ་ཊི་ཏ་དྷ་མ་ཏ་ཤི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། 6།། རྒྱ་གར་སྐད་དུ། བཛྲ་དྲ་ནད་ནཱ་མ་ནཱག་ས་མ་ཡ། བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག་གོ།། ཐམས་ཅད་མཁྱེན ་བ་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་གཡོག་འདོར་ན་བཞུགས་ཏེ། འཁོར་འདུས་པ་ཆེན་པོ་འཇོག་པོ་ལ་སོགས་པ་ཀླུའི་འཁོར་དང་། ལྷ་དང་མིའི་ཚོགས་ཀྱི་འཁོར་ཆེན་པོ་ལ་སེམས་ཅན་རྣམས ་ཀྱི་དོན་ཆེན་པོའི་ཕྱིར་ཏེ། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་སྐོང་པ་བདེ་བར་བྱེད་པའི་ཆོས་སྟོན་ཏོ།། དེ་ནས་གྲོང་ཁྱེར་དེ་ན་བྲམ་ཟེའི་ཁྱེའུ་ཁྱབ་མ་སྤྱན་ཞེས་བྱ་བ་དྲུག་པ་ནོར་ཆེ་ག་ལོངས་སྤྱོད་རེ་བ། རྫས་དང་ཡོ་བྱད་མར ་བོ་ཕུན་སུམ་ཚོགས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་ཕྱིན་པ། སྔགས་ལ་འཇུག་པ། སྔགས་གྲུབ་པ་ཞིག་འདུག་སྟེ། དེ་ཡང་ཡང་དང་ཡང་དུ་ཀླུ་འགུགས་ཞིང་སོའི་སྦྱིན་སྲེག་བྱེད་དོ།། བྲམ་ཟེ་དེའི་ལོ ་ཏོག་སྨིན་ཀར་ཆར་ཆད་པར་གྱུར་ནས། དེས་ང་རྒྱལ་གྱི་སྐྲས་སྔགས་བརྗོད་པ་དང་འཐུན་པས་འདི་སྐད་ཅེས་བདག་གིས་ཅར་གྱི་རྒྱན་དབར་ཅིང་ཀླ་དགུག་པར་བྱའོ་ཞེས་སྨྲས་ཏེ། དེས་མེའི་སྦྱིན་བསྲེག་བྱ་བར་བཤམས་ནས་ཏིལ་དང་། ་འབྲས་ཡུངས་དཀར་རྣམས་འབྲུ་མར་ཚ་བ་དང་བསྲེགས་ཏེ་སྦྱིན་བསྲེག་བྱེད་དོ།། དེ་ནས་ཀླུ་མི་སྲུན་པ་ཞིག་གི་གཟུགས་བྱས་ཏེ། དེས་ལྕགས་ཀྱི་ཕུར་བུ་ལ་སྔགས་ནས་ཀླུའི་སྤྱི་བོར་བཏབ་པ་དང་། ཀླུའི་སྤྱི་བོགས་ནས་སྡུག ་བསྔལ་གྱི་ཚོར་བ་ཆེན་པོར་གྱུར་ཏོ། ། ཀླུ་དེ་ཡང་ཆེར་འཁྲུགས་ཏེ་ཁྲོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཀླུས་ཁྱབ་པར་བྱེད་པའི་ཤུགས་ཀྱིས་ཆེར་གནོད་ཅིང་རྡུལ་འབྱུང་བའི་འོད་ཟེར་ཆ་བ་རང་གི་ལུས་ལས་བཀྱེ་སྟེ་གནོད་པ་ཆེན་པོས ་ཁེབས་པར་བྱས་ནས་བྲམ་ཟེ་དེའི་ཞིང་ཚིག་པར་བྱས་སོ། ། དེ་ཡང་ལྕེ་འབབ་པའི་ཆར་གྱི་རྒྱུན་ཆེན་པོ་བྲམ་ཟེའི་ལུས་ལ་ཕབ་ནས་བྲམ་ཟེར་མགོན་མེད་སྐྱབས་མེད། དཔུང་གཉེན་མེད་དེ། མེའི་སྦྱིན་བསྲེག་བྱེད་པ་བཏང་ནས་དེ་བཅོམ་ལྡན ་འདས་ལ་མགོན་དང་སྐྱབས་དང་། དཔུང་གཉེན་བཙལ་ཏེ་འབྲོས་པར་བསམས་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་ཀླུ་ཁྲ་བོ་བདག་གི་སྲོག་མ་རུངས་པར་བགྱིད་པར་འཚལ་ཏེ་སྐྱབས་སུ་ཡང་མ་མཆིས་ན། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྐྱབ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ ་ཆེན་པོ་དབུགས་བྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྲམ་ཟེ་ཆེན་པོའི་འཇིགས་ཤིག། ངས་ཁྱེད་ཀྱི་མགོན་དང་། སྐྱབས་དང་། དཔུང་གཉེན་བྱའོ་ཞེས་བཀའ་སྩལ་ནས། ཅང་མི་གསུང་བར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས ་ལ་གནད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཟིགས་སུ་གསོལ།། མངོན་སུམ་དུ་གྱུར་བཞིན་དུ་ཡང་ཀླུ་མི་འགྲུངས་པས་ལ་ཏོག་མ་རུངས་པར་བགྱིད་ན། བཅོམ་ལྡན་འདས་ཁྱོད ་ཡོངསུ་མྱ་དམས་འདས་ཀྱིས་ན་ས་ད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་རྟེན་ནི་སུ་ལགས། ཇི་ལྟར་འགྱུར། བཅོམ་ལྡན་འདས་ལ་ཏོག་ཐམས་ཅད་ཀྱི་དོན་དུ། ལོ་ཏོག་རྣམས་ཚིམ་པར་འགྱུར་བ་དང་། ཀུན་དུ་བསྲུངས ་དང་། རབ་ཏུ་འཕེལ་བར་བགྱིད་པར་གྱུར་པ་ལོ་ཏོག་ཡོངས་སུ་སྐྱོང་ཞིང་ཀླུང་ཟློག་པ་དེ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ།། ལག་ན་རྡོ་རྗེས་ཀླུ་རབ་ཏུ་འགྲོ་བར་བྱེད་པའི་སྙིང ་པོ་སྦས་པ་རྡོ་རྗེ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པའི་སྙིང་པོ་དང་ག་རྒྱ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡོད་དེ་ངས་བཤད་པར་བྱའོ། ། དེས་མྱུར ་དུ་གནོད་པ་བཀག་པའི་ཕྱིར་ལོ་ཏོག་ཐམས་ཅད་མྱུར་དུ་བསྐྱང་བར་འགྱུར་རོ། ། ལེགས་པར་བསྲུངས་པར་འགྱུར་མའི་རི་སུལ་ཆེན་པོ་སོ་སོ་ཕྱོགས་བཅུ་ཀུན་ནས་ཀླུ་ཐམས་ཅད་ཀྱི་མཚམས་བཅད་པར་འགྱུར་རོ།། མེ་ལྕེ་འབར་བའི ་རིམ་པའི་སྤྲིན་ཆེན་པོ་ནམ་མཁའ་ལྡིང་འདབ་མ་གདེངས་པའི་ཤུགས་ཞེས་བྱ་བའི་སྤྲིན་གྱི་རིམ་པས་ནམ་མཁའ་ཁེབས་པར་བྱེད་དོ། ། ལོ་ཏོག་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་ཀུན་དུ་བསྲུང་སྟེ་གནས་པར་འགྱུར་རོ།། དེས ་ཀླུ་ལ་སོགས་པ་ཐམས་ཅད་ཀུན་ཏུ་རབ་ཏུ་འབར་བར་འགྱུར་རོ། ། ཀླུ་མི་འགྲུངས་པ་རྣམས་ཕུང་བར་འགྱུར་རོ།། འདུམ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་གཟུངས་ཆེན་པོ་འདིའི་སྔགས་ཀྱི་ཚིག་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་བཀའ་སྩལ་ཏོ།། ན་མོ་བྷ་ག་བཱ་ཏེ། སརྦ་བུད་དྷ ་ནཱན། ན་མོ་བྷ་ག་བཱ་ཏེ་ཤཱཀྱ་རཱ་ཛཱ་ཡ། ཨོཾ་ཛྭ་ལ་ཛྭ་ལ། གི་རཱི་བ་བྷ་ནི། ཎི་བ་ཏ་བེ་ག་མ་ཧཱ་བདེ་བྷ་ག་བཱ་ཏེ་མ་ཧཱ་ཙཎ་ཊ་ཧྲི་ད་ཡ་ས་ལ་ནི། ཙུ་རུ་ཙུ་རུ། ཧ་ར་ཧཱ་ར། ད་ཧད་ཧ། བ་ཙ་པ་ཙ། སརྦ་ས་སྱན་ཤ་ཡ། ནཱ་ག་ཀུལ་བ་ཤན་དྷ་ར་དྷ་ར་པྲ་ས་ར་ཎཿ། ་ཌ་བེ་ག་མ་ཧཱ་བ་ལ་བ་ར་ཀྲ་མ་སྥུ་རི་ཏ་རོ་དྲ་བག་དྲ། མ་ཐ་མ་ཐ། པྲ་ཛྭ་ལ་མཱ་ལ་དྷཱ་ར་ཎཱི། ཙཎ་ཌ་བེ་ག་བ་ཏི། པྲ་བ་ར་བི་མན་དྷཱ་ར་ཎཱི། ཧཱུ~ཾ་ཧཱུ~ཾ། བ་ལ་བ་ཏི། བེ་ག་བ་ཏི། ས་ར་ས་ར། བི་ས་ར་བི་ས་ར་ས་འན་ཏི། སརྦ་ས་དྲི་སྱན་ནཱ་མ་དྲི་བ་ན་ཡ་དྲི། བུ ་མབལ་པས། དྲས་ན་དཱར་ཊཱི། མ་བས་ཅན་དུས་ཅན་གཏོགས་ཐ་བཐཱབ་བྷན། པགཏ་ཐེག་པ་ཏིས་ཨུ0f88ུ0f90། དྷནྣ་པས་ནག་བསར་ན་པགརྡུལ་མཱ་མན་པས་ཇལ་མ་མ་ན་པ་གས་པན་བ་དུསྨྲ།། ཙམ་ལྡན་འད་ཀ ་ལུ་ཐམས་ཅད་དང་། ཀླུ་མི་བགྲངས་པ་ཐམས་ཅད་མ་རུངས་པར་བྱེད་པའི་རིག་པ་འདི་བཤད་མ་ཐག་ཏུ་ཀླུ་དང་ཀླུ་ཆེན་པོ་ཐམས་ཅད་གླད་པ་ན་པར་གྱུར། ལུས་རུལ་ཏེ་ལུས་རྣགས་ཤིང་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས ་ཀྱིས་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ནོངས་པ་བགྱིས་མི་དྲན་དུ་ལགས་ཀྱིས་ཀྱང་། བཅོམ་ལྡན ་འདས་རིག་འཛིན་གནོད་པ་བགྱིད་པས་བདག་ཅག་ལ་བརྙས་པ་དང་། རྡེག་པ་དང་འཆིང་བ་དང་། སྐྲོད་པ་དང་། གནོད་པ་དེའི་ཚེ་བཅོམ་ལྡན་འདས་ཀླུ་མི་བགྲངས་པ་རྣམས་འཁྲུགས་ཏེ། དེའི་ཚེ་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་མ་རུངས་པར ་བགྱིད། སེར་བ་འབབ་པར་བགྱིད། སར་དང་རླུང་གིས་འཁྲུག་པར་བགྱིད། ཧ་ཆང་ཆར་ཆེ་བ་དང་། ཆར་མི་འབབ་པ་དང་། དུས་མ་ལགས་པར་ཆར་འབབ་པར་བགྱིད་དོ།། བཅོམ་ལྡན་འདས་རིག་པ་འཛིན་པ་སྔགས་སྨྲ་བས་བྱམས ་བ་ལ་གནས་པར་བགྱི། བྱམས་པའི་གོ་བགོ་བར་བགྱི། བྱམས་པའི་རལ་གྲི་ལག་ན་ཐོགས་པར་བགྱི་སྟེ། བྱམས་པས་གནོད་པར་བགྱིད་པ་ཐམས་ཅད་ཞི་བར་བགྱིད་དོ།། བཅོམ་ལྡན་འདས་དེང་སླན་ཆད་དེ་བཞིན་གཤེགས ་བའི་སྤྱན་སྔར་བདག་ཅག་དམ་བཅའ་བར་འཚལ་ཏེ། གང་ན་རིག་པའི་རྒྱལ་མོ་འད་རབ་ཏུ་སྤྱོད་པ་དེར་བཅོམ་ལྡན་འདས་ཀླག་པར་མི་བགྱིད་དོ།། གངན་སྙིང་པོའི་གཟུང་ས་འདིས་སྲུང་བར་བགྱིས་པ་དང་། ཡོངས་སུ་བསྐྱབ་པ་དང་། ་ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱད་པར་བགྱིས་པ་དང་། སྲད་བུ་བྲོ་བ་དང་། མཚམས་དགུམ་པ་དང་། དཀྱིལ་འཁོར་གྱིས་རིས་བཅད་པར་བགྱིས་པ་དེར་བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་རྒྱུན་དུ་གནོད་པ ་ཐམས་ཅད་བཟློག་པར་བགྱི་འཚལ་ལོ། ། ལོ་ཏོག་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་ཀུན་ཏུ་བསྲུང་བར་འཚལ་ལོ།། ཡོངས་སུ་བསྐྱང་བར་འཚལ་ལོ།། ཐ་ན་རྐུན་པོ་དང་། གཡོ་ཅན་དང་། རི་དགས་དང་། བྱ་རྣམས་ཀྱང་ཀུན་དུ་བསྲུང་བར ་འཚལ་ཏེ། སླད་ཀྱིས་ཀྱང་མ་རུངས་པར་མི་བགྱིད་དེ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀླུའི་བདག་པོ་དག་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་དེ་ལྟར་གྱིས་ཤིག། ཁྱོད་ཀྱིས ་འཛམ་བུའི་གླིང་ལེགས་པར་བསྲུངས་པས་བསྲུང་བར་བགྱིས་ཤིག། དེ་ནས་དེའི་འོག་ཏུ་ཆོ་གར་བྱ་བ་ལས་ཐམས་ཅད་བྱེད་པ་དགེ་བར་བྱ་བ་བརྗོད་པར་བྱའོ།། ལོ་ཏོག་ལ་གནོད་པར་བྱེད་ན་དེའི་ཚེ་རིག་པ་འཛིན་པས་ཞིང་གིར་ལུས ་ས་མ་ཁང་སྟེང་དམ། གནས་མཐོན་པོར་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་ཕྱོགས་བཞིར་བུམ་པ་བཀང་བ་བཞི་གཞག་གོ། མེ་ཏོག་སིལ་མས་གཅལ་བཀྲམ་སྟེ་གཞག་གོ།། གཟུགས་འཁྱིལ་པ་བདུན་བྱའོ།། འབྲས་ལས་བྱས ་པའི་འཁྱིལ་པ་བདུན་བྱ་སྟེ། གཟུགས་རེ་རེ་ཞིང་ཡང་གཟུངས་ཉི་ཤུ་རྩ་རེ་བྱའོ།། འབྲས་དང་འོ་ཐུག་བསྲེས་པ་དང་ཞོ་དང་འོ་མ་གཞག་པར་བགྱིའོ།། ཕྱོགས་བཞིར་དྲིལ་བུ་གཞག་པར་བྱའོ།། པད་མ་ལྟ་བུར་ཟན་གྱི་གཏོར་མ་སྔ་མ ་བཞིན་གཞག་པར་བྱའོ། ། དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཆེན་པོ་གཞག་སྟེ་པ་ལས་བྱུང་བ་ལྔ་དང་། འོ་མ་དང་ཚུས་དགང་ངོ་།། ཡུངས་དཀར་དང་འབྲས་ཡོས་བླུགས་པར་བྱའོ།། སྔགས་ལན་དྲུག་བཅུར་ཡོངས་སུ་བཟླས ་པར་བྱའོ། ། སང་ལྡེང་གི་ཕུར་བུ་བཞི་དང་། ལྕགས་ཀྱི་ཕུར་བུ་གཅིག་བྱ་སྟེ། ཐམས་ཅད་སོར་བརྒྱད་ཀྱི་ཚད་དུ་བྱའོ།། བསེར་སྐྱའི་ལྕི་བ་འམ། བག་ཕྱེ་ལས་བྱས་པའི་ཀླུའི་གཟུགས་བཞི་བྱ་སྟེ། དཀྱིལ་འཁོར་གྱི་གྲཝ་བཞིར ་གཞག་པར་བྱའོ། ། སེང་ལྡེང་གི་ཕུར་བུ་དེ་དག་ཀྱང་སྙིང་ཁ་ར་ནུབ་པར་གཟུགས་སོ།། སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ།། ཤར་ཕྱོགས་སུ་ཀླུ་མགོ་བདུན་པ་གཞག་པར་བྱའོ།། ནུབ་ཕྱོགས་སུ་མགོ ་བརྒྱུད་པ་ག། སོ་ཕྱོགས་སུ་མགོ་ལྔ་པའོ།། ཁྱང་ཕྱོགས་སུ་མགོ་གསུམ་པའོ།། དཀྱིལ་འཁོར་གྱི་དབུས་སུ་མགོ་དགུ་པ་གཞག་པར་བྱའོ།། ཕོག་པར་རེ་རེ་སྟེ་ལྔ་གཞག་པར་བྱའོ།། ལུང་ས་དཀར་དང་བྲ་ལོས་སུ་བསྲེས་པ ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། ། ཕྱོགས་བཞིར་གཏོར་རོ།། གཟུངས་འདི་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་དཀྱིལ་འཁོར་གྱི་གྲཝ་བཞིར་གཟུགས་སོ།། ཞིང་གི་དབུས་སུ་ཡང་གཟུགས་སོ།། བསྐྱེད་མོས་ཚལ་གྱི ་དབུས་སུ་ཡང་གཟུགས་སོ། ། དེ་བཙུགས་མ་ཐག་དུ་ཕྱོགས་བཞི་ཀུན་ནས་རི་མུལ་ཆེན་པོ་ས་མཚམས་བཅད་པར་འགྱུར་རོ།། ཇི་སྲིད་དུ་ཐུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ།། ལོ་ཏོག་ཐམས་ཅད ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལེགས་པར་བསྲུངས་པར་འགྱུར་རོ།། ཐ་ན་འདབ་མ་གཅིག་ཀྱང་སྐམས་པར་མི་འགྱུར་ན། ཡལ་ག་དང་སྡོང་བུ་སྐམས་པར་འགྱུར་བ་ལྟ་ཅི་སྨོས།། སྲོག་ཆགས་ཀྱི་རིགས་རི་དགས་དང་བྱ་བ ་ཅད་ཀྱང་ཁ་བཅིངས་པར་འགྱུར་རོ། ། མ་རུངས་པར་བྱེད་ཀྱང་མི་ནུས་སོ།། གནས་དེར་རླུང་དང་། སྤྲིན་དང་སེར་བ་དང་སད་དང་། དུས་མ་ཡིན་པའི་རླུང་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ།། ཀླུའི་གནོད་པ་བྱས་ཀྱང་མ་རུང་བར་བྱེད ་མི་ནུས་སོ། ། མ་རུང་བ་ཞིག་ཏུ་གྱུར་ན་དེ་ཡང་སླར་རྟས་པར་འགྱུར་རོ།། ཡང་སྟོབས་དང་། རྟས་པ་དང་འོངས་ཡོད་པར་འགྱུར་རོ།། བུམ་པ་ཆེན་པོ་ནང་ན་ཡོད་པ་དེ་ཡང་ཞིང་དང་། ཀུན་དགའ་ར་བ་དང་། བསྐྱེད་མོས་ཚལ་གྱི་ཕྱོགས་བཞི ་ཀུན་དུ་གཏོར་བ་བྱས་ན་སྲོག་ཆགས་ཐམས་ཅད་མེད་པར་འགྱུར་རོ། ། སྦྲུལ་དང་། བྱི་བ་དང་། ནེའུ་ལེ་དང་། བྱི་དུར་དང་། དོམ་དང་། སྦལ་བ་དང་། ཤ་སྦྱང་དང་། སྦྲང་བུ་དང་། འདབ་ཆགས་རྣམས་མེད་པར་འགྱུར་རོ།། གྲོག་སྲུར ་ཐམས་ཅད་མེད་པར་འགྱུར་རོ། ། ཐ་ན་ཕྱེ་མ་ལེབ་ལ་སོགས་པ་ཡང་ནམ་ཡང་མི་འབྱུང་ངོ་རོ།། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པའི་བར་གྱིས་ཀྱང་མདུད་པར་བྱེད་མི་ནུས་སོ།། རླན་དང་མེ ་ཐོག་ལས་བྱས་པའི་སྲོག་ཆགས་ཀྱི་རྣམ་པ་དག་ཟུད་པར་བུམ་བྱུང་གི་བར་དྲན་མ་ཡང་མི་འབྱུང་ངོ་། ། བུང་བུམ་བྱུང་གི་བང་དུ་དུ་ཉིས་བརྣམ་པ་གམི་བུ་ཤིདིང་ཏུ་འབྱུང་བར་མི་འགྱུར་རོ།། ཁད་པ་དང་པོ་ལགས་པ་དང་། ་ལོ་ཏོག་དང་། མེ་ཏོག་དང་འབྲས་བུ་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ།། རོ་ཞིམ་པ་དང་འཇམ་པར་འགྱུར་རོ།། ཀླུ་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་བསྲུང་བ་དང་། སྐྱོབ་པ་དང་སྲེད་པ་བྱེད་པར་འགྱུར་རོ།། བྱེ་མ་ལ་ལན ་ཉི་ཤུ་རྩ་གཅིག་བཟླས་པར་བྱ་སྟེ། ལོ་ཏོག་དང་། མེ་ཏོག་དང་། འདབ་མ་དང་། ཤིང་ལྗོན་པ་རྣམས་ལ་གཏོར་ན་སྲོག་ཆགས་ཐམས་ཅད་ལུང་ཞིང་མོ་བར་འགྱུར་རོ།། སྲིན་བྲོ་ཏྲོམ་བུ་ཀ་དང་། ཧྲལ་ཏ་དང་། སྦྲུལ་གདུག་པ་དང་། རྐང ་བརྒྱད་པ་དང་། སྲོག་ཆགས་ཀྱི་རིགས་གཞན་དག་ཀྱང་ཕུར་བུ་མ་ཕྱུང་གི་བར་དུ་མེད་པར་འགྱུར་རོ།། མི་འབྱུང་བར་འགྱུར་རོ།། ཞིང་གི་ཕྱོགས་བཞི་ཞི་བའི་ལས་བྱ་སྟེ། ནས་དང་། གྲོ་དང་། ཏིལ་དང་ཡུངས་དཀར་དང་། འབྲས་དང་། ་མར་བསྲེས་ཏེ་སྦྱིན་བསྲེག་བྱས་ན་ཞི་བ་ཆེན་པོར་འགྱུར་རོ།། ཐན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དག་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ།། གཟུངས་འདི་དང་། ཆོ་གར་བྱ་བ་འབྱུང་བ་མཐའ་དག་བྲི་བར་བྱ་སྟེ། སངས་རྒྱས ་བཅོམ་ལྡན་འདས་དང་། དྲང་སྲོང་ཆེན་པོ་ཉེ་བ་འདོར་དང་། རྡོ་རྗེ་འཛིན་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གནས་མཐོན་པོར་གཟུགས་སོ།། གཏོར་མ་དང་། མེ་ཏོག་དང་། བདུག་པ་ཡང་དབུལ་ལོ།། སེང་ལྡེང་གི་ཕུར་བུ ་སོར་བརྒྱད་པ་ལ་ལན་སྟོང་ཡོངས་སུ་བཟླུམ་པ་བྱས་ཏེ་ཁང་སྟེང་དུ་བཙུགས་ན་རླུང་དང་། སང་དང་། སྤྲིན་དང་། སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ།། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་མ་རུངས་པར་བྱེད་པའི་སྲོག ་ཆགས་རྣམས་མེད་པར་འགྱུར་ཏེ། ཤ་སྦྲང་དང་། སྦྲང་བུ་དང་། བི་ཙི་ལི་ཀ་དང་། བྱི་བ་དང་། སྦྲང་མ་དང་། ཏྲེ་མ་བུ་ཀ་དང་། ཏྲཻལ་ཏ་དང་། བི་ཤ་ཀི་ཏ་ཀ་དང་། ཉ་ཕྱིས་ཆན་དང་། ཉ་དང་། ལོ་མེ་ཀ་དང་། སྦལ་བ་དང་། ནེའུ་ལེ་དང་། ཕག་དང་། ་ཀན་ཏི་ཀ་མ་དང་། སེང་གེ་དང་། རྐང་མངས་དང་། རྐང་གཅིག་པ་དང་རུ་སྦལ་དང་། གྲོག་མོ་དང་། སྦྲང་རྩིའི་སྦྲང་མ་དང་། ཐང་གི་སྦྲད་མ་དང་། བུང་བ་དང་། ནག་པོ་དང་། ཤང་ག་ནི་ཀ་དང་། སའི་འོག་ནས་བྱུང་བ་དང་། མ་ལུ་ཤི་ཀ ་དང་། འུག་པ་དང་། བྱི་བ་དང་། མཆུ་རིངས་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་མེད་པར་འགྱུར་རོ།། མི་འབྱུང་བར་འགྱུར་རོ།། ཐམས་ཅད་ཕུང་བར་འགྱུར་རོ།། བྱ་རོག་དང་། བྱེའུ་དང་། ཁུག་རྟ་དང་། ཕུག་རོན་དང་། མུ་རུ ་རིཀ་དང་། འུག་པ་དང་། བ་ན་ཛ་ན་ཀ་དང་། ནེའུ་ཚོ་དང་། རི་སྐེགས་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་རོ།། སྔགས་འདིས་ཕུར་བུ་ལ་ཡོངས་སུ་བཟླས་པར་བྱས་ཏེ་ཕྱོགས་བཅིང་ངོ་།། ན་མོ་བུད་དྷཱ་ཡ། ཨོཾ་ཀི་ལི་མི་ལི་ཙཎ་ཌེ། མེར ་ལི། ཙཎ་ཌ་ཙཎ་ཌེ་བ་ན་དྭེ་ཡ་སྭཱ་ཧཱ།། དེ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་བཅོམ་ལྡན་འདས་དང་ཧ་ཅང་ཡང་མི་རིང་བཞིག་ན་འདུག་པས་གཟུངས་འདི་ཐོས་ནས་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ ་གཟུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་སྲོག་ཆགས་ཀྱི་རིགས་གནོད་པར་སེམས་པ་རབ་ཏུ་གནོད་པར་སེམས་པ། དུག་འཆང་བ་ལོ་ཏོག་དང་། མེ་ཏོག་དང་འབྲས་བུ་དང་འདབ ་མདང་། སྡོད་བུ་དང་། རྩ་བ་མ་རུངས་པར་བགྱིད་པ་ཐམས་ཅད་ཀྱི་ལབཅིང་འང་བགྱིའོ།། བཟློག་པར་བགྱིའོ།། བསྡིགས་པར་བགྱིའོ།། ཕྱོགས་བཞི་ཀུན་ནས་དཔག་ཚད་དུ་མཚམས་བཅད་པ་ཆེན་པོ་བགྱིའོ།། ཀུན་དུ་བསྲུང་བར ་བགྱིའོ། ། བཅོམ་ལྡན་འདས་སླད་མའི་ཚེ་སྨད་པའི་དུས་ན་གནོད་པར་སེམས་པ། རབ་ཏུ་གནོད་པར་སེམས་ཅན་མས་ཅད་བཟློག་པར་བགྱིའོ།། སྔགས་ཀྱི་ཚིག་རྗེས་སུ་གསལ་བར་བགྱིའོ།། བཅོམ་ལྡན་འདས་སེམས་ཅན་ཐམས ་ཅད་ཀྱིདོན་དང་། བདག་ལ་ཐུགས་བཆེ་བའི་སླད་དུ་བྱིན་གྱིས་བརླབ་དྲུགསོལ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲང་སྲིད་ཆེན་པོ་དེས་བྱིན་གྱིས་བརླབས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དང་། མ ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་ཡོངས་སུ་བསྲུང་བའི་ཕྱིར་གཟུངས་ཀྱི་སྔགས་ཀྱི་ཚིག་སྨོས་ཤིག། དེ་ནས་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་སྨྲས་སོ།། ན་མོ་བྷ་ག ་བཱ་ཏེ་ཤཱཀྱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་ཀ་ཏཱ་ཡ། མ་ཧཱ་རི་ཥཱི་ཡ། ཏདྱ་ཐཱཀྵ་མི་ཙུ་ལི། ཙ་ལ་ཙ་ར་ཙ་ར། ཧོ་མི་ལི། བྷན་དྷ་ནི། ནཱ་ཤ་ནི། ད་ཧ་དཧ། སུ་མུ་རི་ཙ་རི། སརྦ་དུཥྚ་ན་བན་དྷ་ནི། དུ་ན་བན་དྷ་ནི། ས་ར་ས་ར་ཏི། ཌཱ་ཀྵ་ཀུ། མ་ནི་ཙུ ་བི་ས་ར་ས་ར། ཧུ་ལི་ཙུ་ལི། ཧུ་ཏི་ཧུ་ཏི། ས་ར་མ་ནི། ས་ར་ན་རུ། སརྦ་པཱ་པ་པཱ་ནཱ་ག་ཀྵ་དྷ་ལི་སྭཱ་ཧཱ།། དྲང་སྲོང་ཆེན་པོ་ཉེས་འདོར་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་འདི་སྨྲས་མ་ཐག་ཏུ་ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་གནོད་པར ་སེམས་པ་དེ་དག་ཐམས་ཅད་ཁས་བུབ་ཏུ་འགྱེལ་ནས་བཅོམ་ལྡན་འདས་ལ་སྐད་ཀྱི་གསད་མཐོན་པོས་སྨྲེ་སྔགས་འདོན་ཏེ། བཅོམ་ལྡན་འདས་བདག་ཅག་མ་རུང་ལགས་སོ།། དྲང་སྲོང་གི་དམོད་པ་བབ་པར་གྱུར་ཏོ།། བཅོམ་ལྡན་འདས ་བདག་ཅག་དྲང་སྲོང་གི་དམོད་པའི་མེས་ཚིག་གོ། ། ཀུན་དུ་ཚིག་གོ། བཅོམ་ལྡན་འདས་བདག་ཅག་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་མི་བགྱིད་དོ།། བཅོམ་ལྡན་འདས་བདག་ཅག་སླན་ཆད ་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་མ་རུངས་པར་མི་བགྱིད་དོ།། སྲོག་ཆགས་ཀྱི་རིགས་ཐམས་ཅད་བཟློག་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཀླུའི་བདག་པོ་དག་ཁྱེད་ཀྱིས་དེ་ལྟར ་གྱིས་ཤིག། འཛས་བུའི་གླིང་པའི་སེམས་ཅན་ཐམས་ཅད་ལེ་ཏོག་དང་། མེ་ཏོག་དང་འབྲས་བུ་དང་། འདབ་མ་དང་། ཡལ་ག་བདེ་བར་ཀུན་དུ་འཕེལ་བར་གྱུར་པ་རྗེས་སུ་སྲུངས་ཤིག། དེ་ནས་དྲང་སྲོང་ཆེན་པོ་དེས་ཆོ་གར་བྱ ་བསྨྲས་པ། བཅོམ་ལྡན་འདས་ཁ་ཤར་ཕྱོགས་སུ་བལྟས་ཏེ་མཆིས་ལ། རིག་པ་དྲང་སྲོང་ཆེན་པོའི་སྙིང་པོ་འདི་རིལ་བ་འབྲིང་པོ་ཆུས་བཀང་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱི་སྟེ། དྲང་སྲོང་གི་མི་སྨྲ་བས་ཕྱོགས ་བཞིར་གཏོར་བར་བགྱིའོ། ། ཨ་པ་ས་ར་ས་ར། ཤ་པ་ཏ་བ་དཱ་མ། ཧྲི་ད་ཡ་གྲོར། ཨ་བ་མུ་ཀ་བན་དྷཱ་ཡ། བྲན་ཙ་ར། སུ་མུ་རུ་ཙ་ལ་སྭཱ་ཧཱ། སྔགས་ནི་ལན་བདུན་སྟོང་བཟླས་པ་བགྱི་སྟེ། བཟླས་པ་ཙམ་གྱིས་ཀླུ་གནོད་པར་སེམས་པ ་ཐམས་ཅད་ཚབས་གདུངས་པར་འགྱུར་རོ། ། རྐང་གཉིས་པ་དང་། རྐང་བཞི་པའི་བར་གྱི་སྲོག་ཆགས་ཀྱི་རིགས་ཐམས་ཅད་དམོད་པས་གདུངས་པར་གྱུར་ཏེ་ཐམས་ཅད་འབྱེར་རོ།། སླར་ཡང་ཕྱོགས་དེར་ལོ་ཏོག་ལ་གནོད་པ་མི་བགྱིད་དོ།། ་སྲོག་ཆགས་ཀྱི་རིགས་ཐམས་ཅད་མ་མཆིས་པར་འགྱུར་རོ།། སྲོག་ཆགས་ཀྱི་རིགས་ཐམས་ཅད་བྱིས་ཀྱང་མ་མཆིས་པར་འགྱུར་རོ།། ཡང་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་མ་རུང་བར་མི་བགྱིད་དོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་དྲང་སྲོང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། དྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ལེགས་པར་བསྲུངས་པར་འགྱུར་བ་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད ་ལེགས་པར་བསྲུངས་པར་གྱུར་པ་དེ་ལྟར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། སླད་མའི་ཚེ་སླད་མའི་དུས་ན་རྗེས་སུ་སྲུང་བར་བགྱིད། ཡོངས་སུ་སྲུང་བར ་བགྱིད་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་དུ་གསོལ།། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ཡོངས་སུ་སྲུངས་ཤིག། ལོ་ཐོག་ལ་གནོད་པ་ནི་བར་བྱེད་པ་ཀླུའི་ཆོ་ག་རྫོག་སྷོ།། །། དེ་ནས་དེའི་འོག་ཏུ་བཅོམ ་ལྡན་འདས་ཞམ་རིང་ཆེན་པོ་དང་། འཁོར་འདུས་པ་ཆེན་པོ་དང་། བཀོད་པ་ཆེན་པོ་དང་། དོན་ཡོད་པའི་མཐུ་ཆེན་པོ་དང་། ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་གནས་སུ་གཤེགས་སོ།། དེ་ནས་བཅོམ་ལྡན ་འདས་རྣམ་ཐོས་ཀྱིས་བུའི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱོན་པ་དང་། ས་ཕྱོགས་དེ་ན་འབྲོག་གི་ནགས་ཉི་ཤུ་པ་ཞེས་བྱ་བ་ཞིག་ཡོད་དེ། ནགས་དེའི་མཐོངས་ན་རྫིང་བུ་ཞིག་ཡོད་ལ། རྫིང་བུ་དེའི་མཐུས་ལྕང་ལོ་ཅན་གྱི་ཕོ ་བྲ་འཁོར་གྱི་ཞིང་དང་། ཀུན་དགའ་ར་བ་དང་། ནགས་དང་འདབ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་ཀུན་དུ་ཚིམ་པར་གྱུར་ཏོ།། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བ་ལང་དང་། ཏ་དང་ཏ་རྒོད་མ་དང་། མཧེ་དང་གླང་པོ་ཆེ། ་དང་། བུང་བུ་དང་། སྐྱེ་བོའི་ཚོགས་ཐམས་ཅད་བདེབས་ཚིམ་པར་གྱུར་ཏོ།། རྫིང་བུ་དེ་ཡང་ཕྱོགས་བཞི་ཀུན་ཏུ་རྒྱར་དཔག་ཚད་གཉིས་ཀྱི་ཚད་དོ།། རྫིང་བུད་ཡང་མེ་ཏོག་ཨུཏྤལ་དང་། པད་མ་དང་། ཀུ་མྲ་ཏ་དང་། བྲན་ད་རི་ཀ་སྔ་ཚོགས ་ཀྱིས་ཀུན་དུ་ཁེབས་ཤིང་། ཉ་སྣ་ཚོགས་དང་། མུ་སྲིན་དང་། ཉ་མིང་དང་། ཆུ་སྲིན་བྱིས་པ་གསོད་དང་། བུང་བ་གཟུགས་སྣ་ཚོགས་ཅན་ནོ།། དེ་ནས་དེའི་འོག་ཏུ་ཐན་པ་བྱུང་བ་དེའི་ཚེ་ནགས་ཚལ་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་དང་། ་ཡལ་ག་ཐམས་ཅད་སྐམས་ཏེ་མེ་ཏོག་དེ་དག་སྙིངས་སོ།། ཉ་དང་། ཆུ་སྲིན་དང་། ཉ་མི་དང་། ཆུ་སྲིན་བྱས་པ་གསོད་དང་། བུང་པ་གཟུགས་སྣ་ཚོགས་པ་དེ་དག་ཀྱང་ཆུ་བྲི་སྟེ་ཆུ་ཅུང་ཟད་ཅིག་ལུས་པས་ཕྱོགས་བཅུར་རྒྱུག། ཀུན ་ཏུ་དྷག་རབ་ཏུ་རྨུག་སྟེ། སྲོག་འགགས་ལ་ཐུག། སྲོག་ཆད་ལ་ཐུག་པས་སྙིང་འཕར་ཞིང་ཆུག་གོ།། དེ་ནས་བཅོམ་ལྡན་འདས་ནས་རིང་བ་ཆེན་པོ་དང་རྫིང་བུ་དེར་བྱོན་པ་དང་། དེན་ཉ་དང་། ཆུ་སྲིན་དང་། ཆུ་སྲིན་བྱིས་པཾ་གསོད ་དང་། བུང་བ་བརྒྱ་སྟོང་དུ་མ་སྲོག་འགགས་ལ་ཐུག། སྲོག་ཆད་ལ་ཐུག་སྟེ་ཕྱོགས་བཅུར་རྒྱུག་ཅིང་སྙིང་རྗེ་རྗེ་ལྟར་གཟིགས་ནས། བཅོམ་ལྡན་འདས་ཀྱིས་བྱམས་པའི་དམིགས་པ་སྙིང་རྗེ་དབུགས་ཕྱུང་སྟེ་སེ་གོལ་གྱི་སྒྲས ་ཀླུ་རྣམས་འབོད་ཅིང་ལན་གཉིས་ལན་གསུམ་དུ་སེ་གོལ་རྡོབ་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་གྲག་པར་མཛད་དོ། ། སྔོན་ལས་ཀྱི་རྐྱེན་འགའ་ཞིག་གི་སྲོག་ཆགས་དེ་དག་ཀྱང་སྲེག་མ་ཆད་དོ།། ་ཆེན་པོ་དེ་དག་གིས་སྒྲ་དེ་ཡང་མཐོས། བཅོམ་ལྡན་འདས་ཀྱང་རྗེས་སུམ་དྲན་ནོ།། དེ་ནས་བདུད་ཀྱི་རིགས་ཀྱི་གནོད་སྦྱིན་རྣམ་པར་འཐོར་རླུང་ཞེས་བྱ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་བསྒྲགས་པ ་ཞག་འདུན་གྱི་ཉིན་པར་སྲོག་པའི་བསྐལ་པ་འབྱུང་སྟེ། འདི་ནི་སྲིད་པའི་རྩེ་མོ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་མནར་མེད་པ་ལ་ཐུག་པའི་བར་དག་ལས་གང་ཚིག་པར་མི་འགྱུར་བ་ཅུང་ཟད་ཀྱང་མི་སྲིད་དོ།། ་འཇིག་རྟེན་དུ་འཇིགས་པ་ཆེན་པོ་བྱུང་ཞེས་སྒྲ་གྲག་གོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱི་སྒྲ་དེ་ཐོས ་ནས་ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་མ་རུང་བར་གྱུར་ཏོ་ཞེས་དུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྐྱེན་གྱིས་འདི་མྱོང་བར་མཁྱེན་མོད་ཀྱི། འོན་ཀྱང་དགོངས་པ་མཛད་དེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད ་ཟེར་བྱུང་ནས། འོད་ཟེར་དེས་ཀླུའི་ཁྱིམ་ཐམས་ཅད་སྣང་བར་བྱས་ནས་ཀྱང་སླར་ལོག་སྟེ། སྤྱི་བོའི་གཙུག་ཏུ་ནུབ་པའི་གྱུར་ཏོ།། དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་ཞེས་བྱ་བས་ཀླུ་ཐམས་ཅད་བསྡུས་ནས ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཅིའི་ཕྱིར་འོད་ཟེར་བྱུང་ཞིང་རྐྱེན་གང་གིས་འཇིག་རྟེན་དུ་བྱུང་། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོས་བསམས་ནས། བཅོམ་ལྡན་འདས་ཀྱི་མཐུས་འོད་ཟེར་བྱུང་བར་མཐོང་ངོ་།། དེ་ནས་ཀླུ ་རྒྱལ་པོ་རྒྱ་མཚོ་དང་། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེ་བ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་ཟེར་རབ་དུབཀྱི་བའི་རྒྱུ་གང ་ལགས་རྐྱེན་གང་ལགས། འོད་ཟེར་རབ་ཏུ་བཀྱེ་སྟེ་ཁང་པ་ཐམས་ཅད་སྣང་བར་བགྱིས་ཏེ། སླར་ལྡོག་པར་བྱེད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་དག་སྲོག་ཆགས ་བརྒྱ་སྟོང་ཕྲག་མང་པོ་སྲོག་འགགས་པས་འགག་པར་འགྱུར་བའོ། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་སྐད་ཅིག་ཐང་ཙོག་ཡུད་ཙམ་དེ་ལ་རྫིང་བུ་ཆར་གྱི་རྒྱུན་གྱི་ཆུས་བཀང་ནས་བདེ་བས་ཚིམ་པར་བྱས་སོ།། དེ་ནས་ཕྱོགས་དེར་གོ ་སྐབས་ཆེན་པོ་བྱུང་བར་གྱུར་ནས་ས་ཕྱོགས་དེར་བཅོམ་ལྡན་འདས་འཁོར་ཆེན་པོས་ཀུན་ནས་བསྐོར་ཏེ་མདུན་དུ་འདར་བའི་དབུས་ན་བཞུགས་སོ། ། ཀླུའི་འཁོར་ཆེན་པོ་འདུས་པ་ནི་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སྟོང་ཕྲག་བརྒྱད་བཅུ ་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོལ་སོགས་པ་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ཟོས ་གཏུགས་ཏེ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས་མེ་ཏོག་དང་། བདུག་པ་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། རྒྱན་དང་། ལྷབ་ལྷུབ་དང་། ན་བཟའ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་དེ་བཅོམ་ལྡན་འདས ་ཀྱི་སྤྱན་སྔར་འདུག་གོ། ། དེ་ནས་རྒྱལ་པོ་བཞིས་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིགས་པ་ཆེན་པོ་མི་བཟད་པའི་ཇིག ་རྟེན་དུ་བྱུང་སྟེ། འདི་ལྟར་ཐན་པ་བྱུང་ཞིང་མུ་གེའི་དགོན་པར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་སྡུག་བསྔལ་འདིས་སེམས་ཅན་ཐམས་ཅད་མགོན་མ་མཆིས། སྐྱབས་མ་མཆིས། དཔུང་གཉེན་མ་མཆིས་པར་གྱུར་ན། བཅོམ ་ལྡན་འདས་ཀྱིས་དེ་ལྟ་བུ་དང་འཐུན་པའི་སྔགས་ཀྱི་ཚིག་བཤད་དུ་གསོལ། གང་གིས་སླད་མའི་ཚེ་སླད་མའི་དུས་ན་སྡུག་བསྔལ་སྣ་ཚོགས་སུ་ལྷུང་བའི་འཇིག་རྟེན་ཀུན་དུ་སྒྲོལ་བ་དང་། ཧ་ཆང་ཆར་ཆེ་བ་དང་། ཆར་མ་མཆིས་པ་དང་། ་དུས་མ་ལགས་པའི་ཆར་དང་། སེར་བ་དང་སད་དང་། ཚ་བ་མ་མཆིས་པར་བགྱིད་པ་དང་། མུ་གེའི་དགོན་པ་རབ་ཏུ་མ་མཆིས་པར་བགྱིད་པ་དང་། བཟློག་པ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་སྔགས་ཀྱི་ཚིག་བཤད་དུ་གསོལ ་དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན ་ངག་གྲིའི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་སྐུལ་མ་འདེབས་པ་ཀུན་ནས་འབར་བའི་གློག་ཅེས་བྱ་བ་ཡོད་དེ། དེ་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ཁྱིམ་དང་། ཀླུ་ཐམས་ཅད་ཀྱི་ལུས་འབར་བར་འགྱུར་རོ།། གླུ ་མི་བསྲུངས་པ་ཐམས་ཅད་ཀྱི་སྙིང་འབར་བར་འགྱུར་རོ། ། ཀླུ་ཐམས་ཅད་ཀྱི་མགོ་ཚལ་བ་བདུན་དུ་འགས་པར་འགྱུར་རོ།། མིག་དང་མགོ་རྣམས་གས་ནས་དུམ་བུ་དུམ་ཐུར་ཆད་ཅིང་འབྲུལ་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་དག ་ཀླུ་གནོད་པར་སེམས་པ་དང་། རབ་ཏུ་གནོད་པར་སེམས་པ་རྣམས་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཟུང་ཤིག། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་ཀླུའི་སྙིང་པོའི་སྔགས་ཀྱི་ཚིག་སྐུལ་མ་འདེབས་པ་ཀུན་ནས་འབར་བའི་གློག་ཅེས་བགྱི་བ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་ལྟ་སྟངས་དང་། དེ་བཞིན་གཤེགས་པའི ་གཟིགས་སྟངས་ཀྱིས་རྣམ་པར་གཟིགས་ནས་ཀླུའི་འཁོར་དུས་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀླུའི་བདག་པོ་དགང་ལས་གཟུངས་ཀྱི་ཚིག་གི་སྔགས་ཀྱི་ཚིག་ཉོན་ཅིག། ཏདྱཐཱ། ཨོཾ་བི་བུ་ལེ། པྲ་བ་རེ། ནཱ ་མ་ཧཱ་ནཱ་ག་ཧྲི་ད་ཡ། ཨ་བ་ར་ཏེ། ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲི་ད་ཡ་ནི། ཀི་མི་ཀི་མི། ནཱ་ག་ཀུ་ལ་བི་དྷཱ་ན་ས་ནི། ཧ་ན་ཧ་ན། སརྦ་ནཱ་ག་དུཥྚཱ་ན་ཧྲི་ད་ཡ་ནི། ཧ་ན་ཧ་ན། སརྦ་དུཥྚ་ན་ནཱ་ག་བ་བ་ན་ནི། བ་ཙ་བ་ཙ་བ་ཙ་ཡ། སརྦ་དུཥྚཱ་ན་ནཱ་ག་ནན། ་ཨ་ཀི་མ། ཨ་བྲིམ། ས་མུ་དྲཱ་སཱ་ག་ར། བི་མ་ལེ། བི་ཀྲ་མ། མ་ཧཱ་ནཱ་ག་ག་ཏེ། ཛ་བ་ར་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་ཀླུའི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་ད་གསུངས་པ་ཙམ་གྱིས་ཀླུ་དེ་དག་ཐམས་ཅད་འདྲར་ཞིང་ལུས་ས་པ ་རུལ་ཏེ་དྲི་མ་ཞིམ་པར་གྱུར་ཏོ། ། མ་འབར་བ་བཞིན་དུ་ལུས་ལ་དུ་བར་འཐུལ་ཞིང་འགྲོ་ལྡོག་གོ།། ཐམས་ཅད་སྐད་ཚེ་བཅོམ་ལྡན་འདས་ལ་ཞུ་ཞིང་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་སྔགས་ཀྱི་ཚིག་ཤིན་དུ་མི་བཟད་པ་དག་བཀའ་སྩལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཀྱི་སྙིང་ལ་གཡོ་མ་མཆིས་པར་འགྱུར་རོ།། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཚིག་སྟེ་མ་རུང་བར་གྱུར་ཏོ།། ་བཅོམ་ལྡན་འདས་དེང་སླན་ཆད་འཐུན་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡི་དམ་བགྱིད་དོ།། བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་ན་གནས་ཀྱི་བར་དུ་བཅོམ་ལྡན་འདས་ཡང་བདག་ཅག་འཛམ་བུའི ་གླིང་དུ་འཆེ་བ་མི་བགྱིད་དོ། ། མ་རུངས་པར་མི་བགྱིད་དོ།། མེ་ཏོག་དང་ཡལ་ག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པར་བགྱིད་དོ།། དུས་དུས་སུ་ཆར་གྱི་རྒྱུན་འབབ་པར་བགྱིད་དོ།། བདེ་བ་དང་ཡིད་བདེ་བར ་བགྱིད་དོ། ། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་འགྲུབ་པར་བགྱིད་དོ།། དེ་བཞིན་གཤེགས་པའི་བཀའ་རྗེས་སུ་བསྦྱང་བར་བགྱིད་དོ།། བདེན་པའི་དམ་ཚིག་ལ་གནས་པར་བགྱིད་དོ།། བུ་གཅིག་པ་ལ་བགྱི་བ་བཞིན་དུ ་སེམས་ཅན་ཐམས་ཅད་རྗེས་སུ་བསྐྱང་བར་བགྱིད་དོ། ། བཅོམ་ལྡན་འདས་ཕྱོགས་གང་དང་གང་ན་རིག་པའི་རྒྱལ་མོ་འདི་སྤྱོད་པ་དེར་བཅོམ་ལྡན་འདས་བདག་ཅག་འཐུན་པར་བགྱིད་དོ།། བཅོམ་ལྡན་འདས་རིག་པའི་རྒྱལ་མོ ་འདི་དྲན་པ་ཙམ་གྱིས་ཀྱང་བདག་ཅག་ཐམས་ཅད་ཀྱིས་ཆར་གྱི་རྒྱུན་འབབ་པར་བགྱིད་དོ། ། དྲན་པ་ཙམ་གྱིས་ཀྱང་ཧ་ཅང་ཆར་ཆེ་བཟློག་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་ལོག་པར་མི་བགྱིད་དོ།། ་བཅོམ་ལྡན་འདས་ཡང་མནས་བསྒག་པའི་སྔགས་ཀྱི་ཚིག་སྩལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུགས་ནས་འདི་སྐད་ཅེས་སྨྲས་སོ།། ཏདྱ་ཐཱ། ཨོཾ་ཙ་ཏ་ཙ་ཏ། བི་ཙ ་ཏ། ཤ་ཏ་ཤ་ཏ། པ་ཙ་ར་ཏི་སྭཱ་ཧཱ།། བཅོམ་ལྡན་འདས་གལ་ཏེ་རིག་པ་འཛིན་པས་གདུགས་ཞག་གཅིག་ཆོ་ག་བགྱིས་ལ། བདག་ཅག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བའི་དོན་དུ་མཛམ་བུའི་གླིང་ཐམས ་ཅད་དུ་ཆར་གྱི་རྒྱུན་མ་པབ་ན། བཅོམ་ལྡན་འདས་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་པ་འབྲས་པར་འགྱུར་རོ།། བདག་ཅག་ཀླུའི་སྐྱེ་གནས་ནས་འཆི་འཐོ་བར་གྱུར་དུ་ཡང་མཆི་སྟེ། བཅོམ་ལྡན་འདས ་དེའི་ཚེ་རིག་པ་འཛིན་པས་མནས་བསྐྲག་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་ཐོག་མ་ཉིད་དུ་ལན་བདུན་དུ་བརྗོད་པར་བགྱིའོ། ། དེའི་འོག་དུ་སྐེ་ཚེའི་ས་བོན་བརྒྱ་རྩ་བརྒྱད་གླུའི་ས་བོན་དུ་མཆེའུར་དོར་རོ།། བཅོམ་ལྡན་འདས་དེའི་ཚེ ་བདག་ཅག་ཐམས་ཅད་ཀྱི་ཁང་ཁྱིམ་མཐའ་དག་ཞུགས་འབར་བར་གྱུར། བདག་ཤི་རྐང་རུས་ཀྱི་ལྷག་མ་ཙམ་ཞིག་ལུས་ནས་ཡོངས་སུ་ཐར་པར་གྱུར་གྱི་བར་དུ་དུམ་བུ་དུམ་བུར་འཆང་བར་འགྱུར་རོ།། དེའི་ཚེ་བདག་ཅག་ཐམས ་ཅད་ཀྱིས་མྱུར་བར་ཆར་གྱི་རྒྱུན་འབབ་པར་བགྱིད་དོ། ། གལ་ཏེ་མྱུར་དུ་ཆར་གྱི་རྒྱུན་མ་ཕབ་ན། བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་འགུམ་པའི་དུས་ཀྱི་དབང་དུ་མཆིའོ།། བུ་དང་ཆ་བོར་བཅས་ཏེ་འགུམ་པར་མཆིའོ།། དེ ་ནས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀླུ་མ་ནས་བསྐྲག་པའི་སྔགས་ཀྱི་ཚིག་ཤིན་དུ་མི་བཟད་པ་དག་བཤད་དོ།། སྙིང་རྗེ་མ་མཆིས་པའི་མནས ་བསྐྲག་པ་དག་བཤད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་འགྲུངས་པ་མ་རུངས་པ་གཏུམ་པ་གནོད་པར་བྱེད་པ་དགའ་བྱུང་སྟེ། དེའི་ཚེ་མནའ་འདིས་འཇིགས་པར ་འགྱུར། སྐྲག་པར་འགྱུར། དུས་དུས་སུ་ཆར་གྱི་རྒྱུན་ནི་ལེགས་པར་འབེབས་སོ།། དུས་དུས་སུ་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་རྣམས་སྒྲུབ་བོ།། དེ་ནས་བཅོམ་ལྡན་འདས་ས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་ཚེ་ག་རྒྱ་ཆེར་བཀའ་སྩལ་ཏུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོ་ག་བཀའ་སྩལ་པ། ཆར་མི་འབབ་བིའི་དུས་ན་དེས་རིའམ། དགོན་པའི་གནས་སམ། གཙུག་ལག་ཁང་དམ། ཆུ་མིག་གས ་མཚེའུ་འམ། མཚོའམ། ལྟེང་ཀའམ། ཁྲོན་པའམ། ཀླུའི་གནས་ཀྱི་མཚེའུ་འམ། འཇམ་པ་དང་། ལྕི་བར་བསྲེས་པའི་དཀྱིལ་འཁོར་གྲུ་གསུམ་དུ་བྱ་སྟེ། དཀྱིལ་འཁོར་དབུས་ཟབས་ཁྲུ་གར་བརྐོས་ལ། ཁ་ཁྱེར་ཡང་ཁྲུ་ག་བར ་བྱའོ། ། ཤིན་དུ་འཇམ་པ་དང་། ཤིན་ཏུ་བྱི་བར་བྱའོ།། སྤོས་ཆུས་ཁོང་ཡུག་ཏུ་གཏོར་།། དེའི་དབུས་སུ་རྒྱལ་པོ་ཆེན་པོ་བཞི་བྱ་སྟེ། བསེར་སྐྱའི་ལྕི་བ་དང་། འཛེམ་པར་བསྲེས་པས་ཀླུའི་རྒྱལ་པོ་མགོ་དགུ་གདེངས་ཀ་ཅན་ལུས ་དབྱིབས་སྒྲུབ་པར་བྱ་སྟེ། ཐམས་ཅད་ཀྱི་མགོ་ལ་ཡང་ཡིད་བཞིན་གྱི་ནོར་བུ་བྱའོ།། ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་རྒྱ་མཚོ་བྱའོ།། ལྷོ་ཕྱོགས་སུ་ཀླུའི་རྒྱལ་པོ་གདུགས་བྱའོ།། ནུབ་ཕྱོགས་སུ་ཀླུའི་རྒྱལ་པོ་ཆུ་ལྟ་བྱའོ།། བྱང་ཕྱོགས ་སུ་ཀླུའི་རྒྱལ་པོ་ལམ་བུ་ཀར་བྱའོ། ། དེའི་གཡོག་འཁོར་བདུན་བདུན་མགོ་གསུམ་པ། མགོ་གཉིས་པ། མགོ་ལྔ་པར་བྱའོ།། ལུས་དག་ལ་སྤོས་སྣ་ཚོགས་ཀྱིས་བྱུག་པར་བྱའོ།། ཙན་དན་དཀར་དམར་དང་། སུར་བིན་ཙན་དན་དང་། ་ཤུག་པ་དང་། གུར་གུམ་རྣམས་བྱེ་མར་བྱས་ཏེ་གཏོར་བར་བྱའོ།། མེ་ཏོག་དང་མེ་ཏོག་འཕྲེང་བ་གདགས་སོ།། གནས་དེའི་དབུས་སུ་འབྲས་ཡོས་དང་། ཡུངས་དཀར་གྱིས་གཏོར་བར་བྱའོ།། གྲཝ་བཞིར་རྒྱལ་པོ་ཆེན་པོ་བཞི་གཞག་པར ་བྱའོ། ། ཕྱོགས་ཆེན་པོ་བཞིར་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གཟུགས་རིང་བསྲེལ་དང་བཅས་པ་དང་། མཆོད་རྟེན་རིང་བསྲེལ་དང་བཅས་པ་དག་གཞག་གོ།། དར་དང་བ་དན་གྱིས་བརྒྱན་པར་བྱའོ།། མཆོད་པ་ལྔས་མཆོད་དོ།། ཨ་ག་རུ་དང ་ཙན་དན་དང་། དུ་རུ་སྐས་བདུག་གོ།། རྩ་སྤོས་དང་། ནལ་དང་། ཀུན་དུ་རུ་དང་། ཡུངས་དཀར་དང་། གན་དྷ་ར་ས་དང་། སྲ་ཙིའི་བོག་དཀར་པོ་རྣམས་དང་སྦྲང་རྩི་དང་བསྲེས་ཏེ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཀླུ་ནམས་ལ་བདུག ་བར་བྱའོ། ། དཀྱིལ་འཁོར་གྱི་མཐའ་ཀུན་དུ་ནས་ཕྱེས་པད་མ་བྲི་བར་བྱའོ།། སྒོ་བཞི་གཏོང་ལ་དོས་བཞི་རེ་རེར་ཡང་གཏོར་མས་གཞོང་པ་བཀང་བ་བདུན་བདུན་གཞག་པར་བྱའོ།། གཏོར་མ་དཀར་པོ་དང་། ཅི་འབྱོར་པ ་རོ་རྣམ་པ་མང་པོ་གཞག་གོ། ། མེ་ཏོག་སིལ་མ་གཏོར་བར་བྱའོ།། བུམ་པ་བཀང་བ་བཞི་གཞག་གོ།། བུམ་པ་གཏེར་མས་བཀང་བ་བཞི་གཞག་གོ།། པོག་པོར་བཞི་ནས་གུ་གུལ་གྱི་བདུག་པས་བདུག་གོ། མར་མེཁ ་བརྒྱད་དུ་བུད་དོ། ། རིག་པ་འཛིན་པས་ཤར་གྱི་སྒོ་རུ་སྦྱིན་བསྲེག་བྱ་སྟེ། ཤིང་ཀ་ར་བི་ར་དང་། ཡུངས་དཀར་དང་ལྕེ་ཆ་དམར་པོ་བསྲེས་ཏེ་ལན་བརྒྱ་རྩ་བརྒྱད་དོར་ཏོ།། དོར་བ་བརྒྱ་རྩ་བརྒྱད་ཚང་བ་དང་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབབས ་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་ཕྱོགས་བཞི་ཀུན་ནས་ཆར་གྱི་རྒྱུན་འབེབས་སོ།། ཀླུ་དེ་དག་ཐམས་ཅད་འདིར་ཆར་འབེབས་སོ།། འདི་ནི་ཆོ་ག་དང་པོའོ།། །། ཡུངས་དཀར་དང་མར་དང་། སྦྲང་རྩི་དང་། ཤིང་ཀ་ར་བི་རའི་མེ་ཏོག་དང ་ནཱ་ག་གེ་སར་དང་བཏགས་པའི་རི་ལུ་བྱས་ལ། དེ་ནས་རི་ལུ་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། ཀླུའི་མཚོར་བོར་ན་པོར་མཐག་ཏུ་ཀླུ་ཐམས་ཅད་དགའ་བར་གྱུར་ཏེ། ཆར་གྱི་རྒྱུན་ཆེན་པོ་འབེབས་སོ།། གལ་ཏེ་དེ་མ ་ཟག་མ་པབ་ན་ཀླུ་དེ་དག་ཐམས་ཅད་ལུས་ཞིག་པར་འགྱུར་རོ། ། གླད་པ་ན་བར་འགྱུར།། སྡུག་བསྔལ་ཆེན་པོ་འབྱུང་བར་འགྱུར་རོ།། འདི་ནི་ཆོ་ག་གཉིས་པའོ།། སྦྱིན་སྲེག་བྱས་པའི་ཐལ་བ་དང་། ཅབ་མོ་དཀྲུགས་ལ་སྔགས ་ལན་དྲུག་བཅུ་བཟླས་པ་བྱས་ཏེ་ཁྱིམ་གྱི་ནང་དུ་པོན་པོ་མ་ཐག་ཏུ་ཀླུ་ཐམས་ཅད་འཁྲུགས་པར་གྱུར་ཏེ། དེའི་ཕྱིར་ཆར་གྱི་རྒྱུན་འབེབས་སོ།། གལ་ཏེ་དེ་མ་ཐག་ཏུ་མ་བ་བན་ཀླུ་ཐམས་ཅད་ཀྱི་ལུས་ལ་ཤ་བཀྲའ་བྱུང་ཞིང་མཛེས ་བཏབ་པར་འགྱུར་ལོང་བར་འགྱུར་རོ། ། འདི་ནི་ཆོ་ག་གསུམ་པའོ།། ། ཤུག་པ་དང་། ཨུ་ཏྤལ་སྔོན་པོ་དང་། བབ་ལ་དང་། ཟངས་བྱེ་དང་། ཡུངས་དཀར་དང་། ཨིན་དྲ་ཧ་སྟ་དང་། བེ་ལ་ཤ་བ་སྲེག་སྟེ་བུ་རམ་གྱི་ཁུབས་སྤྲས་ལ ་ཤེས་རབ་ཅན་གྱི་སྔགས་ལན་བརྒྱད་བཅུ་བཟླས་ཏེ། རི་ལུ་རྒྱ་ཤུག་གི་འབྲུ་ཙམ་དུ་བྱས་ལ་ཆར་མི་བབ་པའི་དུས་ན་རི་ལུ་བདུན་ཀླུའི་ཁྱིམ་དུ་བོར་ན་ཉིན་མཚན་བདུན་ཆར་འབེབས་སོ།། གལ་ཏེ་འབྲལ་དུ་མ་པ་བ། ་དེའི་ཕྱིར་ཀླུའི་ཁྱིམ་ཆུ་ཐམས་ཅད་སྐམས་པར་འགྱུར་རོ།། ཀླུའི་ཁྱིམ་ན་གནས་པ་ཐམས་ཅད་གཅེར་བུར་འགྱུར་རོ།། རི་ལུ་གཅིག་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཀླུའི་མཚོར་གཟུགས་སོ།། བ་དན་སྔོན་པོ་གདག ་སོ། ། སྔགས་འདི་བྲིས་ཏེ་དེར་གདགས་པ་བྱས་ན་ཇི་སྲིད་དུ་རྒྱལ་མཚན་མ་བསྡུས་པ་དེ་སྲིད་དུ་ཀླུ་ཐམས་ཅད་ཆར་འབེབས་སོ།། ཡང་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཁང་ཐོག་མཐོན་པོར་གཟུགས་སོ།། སེར་བ་འབབ ་བའི་དུས་ན་ཡང་ཀླུ་རྣམས་སེར་བ་འབེབས་ཀྱང་མི་ནུས་སོ། ། ཀླུ་རྣམས་ཀྱིས་གསེར་གྱི་ཁ་དོག་འདྲ་བ་དེ་འདྲ་བར་མཐོང་སྟེ། ཀླུ་ཐམས་ཅད་སྤངས་སྐྲག་ཅིང་གནས་དེར་འདོད་པ་བཞིན་ཆར་འབེབས་སོ།། ཨོཾ་སུ་པྲ ་ཏེ་བཛྲ་དུན་དེ་མི་མི་ལི་སྭཱ་ཧཱ། ། འདི་ནི་སྔགས་སོ།། བག་ཕྱེ་ལས་ཀླུ་མགོ་དགུ་པའི་གཟུགས་བྱས་ལ་ལུས་མཚལ་གྱིས་བསྐུ་བར་བྱའོ།། མགུལ་དུ་བ་དན་གདགས་སོ།། དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ་དབུས་སུ་ཀླུའི ་གཟུགས་བཞག་ལ་མེ་ཏོག་སིལ་མས་གཏོར་ཏོ། ། གཏོར་མ་དཀར་པོ་ཅི་འབྱོར་ཚད་སྦྱིན་ནོ།། མེ་ཏོག་དང་། བདུག་སྤོས་ཀྱང་སྦྱིན་ནོ།། བལ་པོ་སེའུ་ཤིང་གི་ལུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ། ་སྔགས་དང་བལ་པོ་སེའུ་ཤིང་གི་ལྕུག་མ་ལ་ཀླུའི་གཟུགས་ལ་ལན་བརྒྱ་རྩ་བརྒྱད་དུ་བྱ་བ་བྱས་ན་ཀླུ་གང་གི་མིང་བྲིས་པའི་ཀླུ་དེ་བཀུག་པར་འགྱུར་ཏེ། ཀླུ་དེ་ཡང་རང་གི་ཁྱིམ་ལ་དགའ་བར་མི་འགྱུར་རོ།། གལ་ཏེ་ཆར་གྱི ་རྒུན་ལེགས་པར་མ་པབ་ན་འབྲལ་དུ་སྲོག་མ་རུང་བར་འགྱུར་རོ། ། ཡུངས་དཀར་ལ་ལན་སྟོང་རྩ་བརྒྱད་རེ་རེ་ལ་ཡོངས་སུ་བཟླས་པ་བྱས་ཏེ། སྟོང་རྩ་བརྒྱད་དུ་ཚད་ན་ཀླུའི་གཟུགས་ཐམས་ཅད་འགྲོ་ཞིང་མགོ་གདེངས་ཀ་བྱེད་དོ།། ་དེའི་འོག་ཏུ་བལ་པོ་སེའུའི་ལྕུག་མས་བསྡིགས་ན་ལྡང་ཞིང་ལྕེ་སྟོན་པར་འགྱུར། ལུས་གྱི་བར་དུ་སྟོན་པར་འགྱུར། ཀླུ་ཐམས་ཅད་དབང་དུ་འགྱུར་ཏེ། གང་བསྒོ་བ་དེ་བཞིན་བྱེད་དོ།། ལོ་མ་དང་ཡུངས་དཀར་ལ་སྔགས ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ། གནས་ཐམས་ཅད་དུགཏོར་ན་ཐམས་ཅད་ལ་ཕྱིར་ལགས་པར་བྱས་པར་འགྱུར་རོ། འདན་ཆོག་པཞི་བའོ།། དེནས་བུའི་རྒྱལ་པོ་ཏ་པ་དང་། གཞན་ཡང་བུའི་བྱམ ་མཐུ་ཆེ་བཀྲུའི་རྒྱལ་པོ་བརྒྱད་སྟོང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་གདུགས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔགས་ཀྱི་ཆོག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ།། ལས ་སྒྲུབ་པ་ཤིན་དུ་མི་བཟད་པ་དག་བཀའ་སྩལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དེ་དང་འདྲ་བར་བཤད་པར་བགྱིའོ།། དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ།། སླན་ཆད་སེམས་ཅན་དག་ལ་རྣམ་པར་འཚེ་བར་མི་བགྱིད ་བཅོམ་ལྡན་འདས་བདག་ཅག་གིས་ཀླུ་མི་བགྲུངས་པ་རྣམ་པར་འཚེ་བར་བགྱིད་པ་རྣམས་ཀྱི་དོན་དུ་དམ་ཚིག་མ་འཚལ་བ་རྣམས་བཟློག་པའི་སྔགས་ཀྱི་ཚིག་བཤད་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས ་བརླབ་དུ་གསོལ། ། ཀླུའི་བདག་པོ་དགངས་དམ་ཚིག་གི་སྔགས་བྱིན་གྱིས་བརླབ་ཀྱིས་དེ་ཤོད་ཅིག། ན་མོ་བྷ་ག་བཱ་ཏེ་ཤཱཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། བྷུ་ཛེ་བྷུ་ཛེ། ས་མ་ཡ་བྷུ་ཛེ། ཏད་ཏྲ་བྷུ་ཛེ། པྲ་བྷ་ར་བྷ་ཛེ། ས་མན ་ཏ། ཨ་ཀ་ར་བཱ་ཛེ། དུ་རུ་རུ་རུ་སྭཱ་ཧཱ། ས་མ་ཡ་བ་ལ་ནེ་སྭཱ་ཧཱ། ནཱ་ག་མ་ར་ས་བ་ཙེ་ཏ་ནི་སྭཱ་ཧཱ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་ཀླུ་མི་བགྲུངས་པ་ཐམས་ཅད་སླར་བཟློག་པའི་སླད་དུ་བདག་ཅག་གིསེ་ཀླུའི་དམ ་ཚིག་གི་སྔགས་འདི་བཤད་དོ། ། ཧ་ཅང་ཆར་ཆེ་བའི་ཚེ་དང་། ཆར་དཀོན་པའི་ཚེ་དང་། སེར་དང་། སེར་བ་དང་། སེ་རབ་འབབ་པའི་ཚེ་སྔགས་འདི་དྲན་པར་བྱའོ།། བརྗོད་པར་བགྱིའོ།། དེ་ནས་ཀླུ་ཐམས་ཅད་བསྐུལ་བར་བགྱིའོ།། ་རིག་པ་འཛིན་པ་དེས་ཤིན་དུ་ཁྲུས་བགྱིས་ཏེ་གཙང་མར་བགྱིས་ལ། གོས་སར་པ་བགོས་ཏེ་ཀླུའི་གནས་སུ་མཆི་བར་བགྱིའོ།། ཀླུའི་གནས་སུ་ཅི་འབྱོར་པའི་སྤོས་ཀྱི་དཀྱིལ་འཁོར་བགྱི་སྟེ། བཅོམ་ལྡན་འདས་ཤཱ ་ཐུབ་པའི་སྐུ་གཟུགས་སམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་དཀྱིལ་འཁོར་དེའི་སྟེང་དུ་བཞག་སྟེ་སྤོས་ཆབ་ཀྱིས་བཀྲུ་བར་བགྱི། མེ་ཏོག་དང་། བདུག་པས་མཆོད་པར་བགྱི།། ཀླུ་ཀུན་ཡང་བཀྲུ་བར་བགྱིའོ།། སྒྲུབསིལ ་བའི་ཆབ་དེ་ལ་ལན་བརྒྱད་ཡོངས་སུ་བཟླས་པ་བགྱིས་ཏེ། དེའི་ནང་དུ་ཡུངས་དཀར་སྤྲུལ་ནས་མཆེའུ་དེའི་ནང་དུ་དབོ་ཞིང་ཕྱོགས་བཞི་ནས་བདུག་པས་བདུགས་ནས། དེ་བོ་མ་ཐག་ཏུ་སྐད་ཅིག་དེ་ལ་ཀླུའི་གནས་འགུལ ་ཞིང་དུ་བ་ལྟ་བུ་བྱུང་ནས་སྤྲིན་གྱི་དཀྱིལ་འཁོར་ཆེན་པོར་གྱུར་ཏེ། ནམ་མཁའི་དཀྱིལ་དེ་ཁེབས་པར་ཆར་གྱི་རྒྱུན་འབེབས་སོ།། སེར་བ་འབབ་པའི་དུས་སུ་ཡུངས་དཀར་དང་། ཏིལ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས ་བ་བགྱིས་ཏེ་ཕྱོགས་བཞིར་བཅིང་བར་བྱའོ། ། ཀླུའི་ཕྱོགས་སུ་གཏོར་བར་བགྱིའོ།། སེར་བ་མི་འབབ་པ་དང་། ཀླུ་ཐམས་ཅད་ཀྱང་གཅོད་པར་འགྱུར་རོ།། སང་དང་སེར་བ་དང་། དུས་མ་ཡིན་པའི་རླུང་རབ་ཏུ་ཞི་བར་འགྱུར་རོ།། ཀླུའི ་མཚོ་འགྲམ་འམ་ཁྲོན་པ་འམ། ལྟེང་ཀ་འམ། རྫིང་བུའི་འགྲམ་འམ། རིའི་རྩེ་མོར་ཤིང་ཨརྒད།། ཞུན་མར་དང་། ཡུངས་མར་དང་། ཤིང་ཀ་ར་བི་རའི་མེ་ཏོག་གིས་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་ཐམས་ཅད་འགྲུབ་པར ་འགྱུར་རོ། ། སྦྱིན་བསྲེག་བྱས་མ་ཐག་ཏུ་ཆར་གྱི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ།། ཧ་ཅང་ཡང་ཆར་ཆེ་བའི་དུས་ན། འབྲས་ཡོས་དང་། ཡུངས་དཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ནམ་མཁའ་ལ་གཏོར་ན་ཆར་ཆེན་པོ ་བཟློག་པར་འགྱུར་རོ། ། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དགུང་གསུམ་གྱིས་ཆར་གྱི་རྒྱུན་མ་ཕབ་ན། བཅོམ་ལྡན་འདས་དེའི་ཚེ་ཤ་བཀྲ་འབྱུང་བར་འགྱུར་ལགས་སོ།། ལོང་བ་དང་ལུས་དྲི་མི་ཞིམ་པར་འགྱུར་ལགས ་སོ། ། སངས་རྒྱས་དང་། ཆོས་དང་། དགེ་འདུན་སླུ་བར་བགྱིད་པ་ལགས་སོ།། འཇིག་རྟེན་གསུམ་སླུ་བར་བགྱིད་པ་ལགས་སོ།། བདག་ཅག་ཀླུའི་སྐྱེ་གནས་འཕོ་བར་གྱུར་ཅིག། བཅོམ་ལྡན་འདས་གཞན་ཐམས་ཅད་ལ་ཡང་སྦྱོར ་བར་བགྱིད་ན་ཐམས་ཅད་རུང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་དག་དབུགས་ཕྱུང་དམ་ཚིག་ལ་བཀོད་ནས་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་ཡོངས་སུ་གཏད་དེ། རྗེས་སུ་གཏད་ནས་ས་ཕྱོགས ་དེ་ནས་གཤེགས་སོ། ། རྣམ་ཐོས་ཀྱི་བུ་ནི་བཞི་ལ་བཞུགས་སོ།། ཀླུའི་དམ་ཚིག་ཅེས་བྱ་བ་ཆར་འབེབས་པའི་སྐབས་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ཚངས་པའི་ཁང་པ་བརྩེགས་པར་ཞུགས་པ་དང་། ལྷའི ་ཚོགས་དུམ་ལྷགས། བྱང་ཆུབ་སེམས་དཔའ་འཁོར་ཆེན་པོ་ཡང་ལྷགས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཀླུའི་དབང་པོ་མཐུ་ཆེ་བ་ཐམས་ཅད་ཀྱང་ལྷགས ་ནམ་མཁའ་ལྡིང་གི་དབང་པོ་དང་། རྒྱལ་པོ་ཆེན་པོ་གསེར་མིག་གི་འདབ་མ་ཅན།། རྡོ་རྗེའི་མཆུ་ཅན། བདག་ཉིད་ཆེན་པོ་ལུས་འབར་ཞིང་ཁྲོ་བ། འཇིགས་སུ་རུང་བའི་རྩལ་ཅན། རིན་པོ་ཆེ་ཐ་དད་པ་སྣ་ཚོགས་དང་། མུ་ཏིག་དང་། ་གསེར་གྱིས་སྤྲས་པའི་ཅོད་པན་མགོ་ལ་ཐོགས་པ། གསེར་གྱིས་ཀླུབས་པ། དྲག་པོའི་གཟུགས་ཅན། འགྱིང་བར་ལྟ་བ། ཀླུའི་དབང་པོ་གདན་དུ་གཏིང་བ། གཡོག་འཁོར་མང་པོ་ཐམས་ཅད་དང་ལྷགས་སོ།། གནོད་སྦྱིན ་གྱི་དབང་པོ་ལག་ན་རྡོ་རྗེ་གནོད་སྦྱིན་བྱེ་བ་དང་། རྡོ་རྗེ་འཛིན་གཡོག་འཁོར་རིག་འཛིན་སྟོང་ལྷགས་ཏེ། བཅོམ་ལྡན་འདས་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། མུ་ཏིག་དམར་པོ་ཐ་དད་པ་མང་པོས་བརྒྱན་པའི་སེང་གེའི ་ཁྲི་ལ་བཞུགས་པ། ཁང་པ་བརྩེགས་པ་ན་ཞམ་རིང་ཆེན་པོ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཆེན་པོས་བྱིན་གྱིས་བརླབས་པ་དང་ལྡན་པས་བཞུགས་ཏེ། བཅོམ་ལྡན་འདས་ནི་འོད་ཟེར་སྣ་ཚོགས་བྱེ་བ་ཁྲག ་ཁྲིག་བརྒྱ་སྟོང་གིས་སྐུ་ནི་ཤིན་ཏུ་བརྒྱན། གསེར་གྱི་མཆོད་སྡོང་ལྟར་ནི་འབར། ཉི་མ་ལྟར་ནི་སྣང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་མདའ་བ། འོད་འདོམ་གང་བས་ནི་སྐུ་ལེགས་པར་བརྒྱན ་དེ་བཞིན་གཤེགས་པའི་སྐུ་ནི་ཤིན་དུ་རྣམ་པར་དག་ཅིང་ཤིན་ཏུ་དྲི་མ་དང་སྐྱོན་མེད་པའི་འོད་ནི་གསལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཆེན་པོ་འདུས་པར་མཁྱེན་ནས་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱུང་སྟེ། འོད་ཟེར ་གྱི་སྣང་བ་དེས་ཕྱོགས་བཅུ་ཀུན་དུ་ཁྱབ་པར་མཛད་དོ། ། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པའི་འོད་ཟེར་ལ་བལྟས་ནས་འཇམ་བུའི་གླིང་ན་ཀླུ་མི་བསྲུངས་པས་སིད་དང་སེར་བ ་དང་། རླུང་དང་སེར་སྤྲིན་ཕབ་སྟེ། མེ་ཏོག་དང་། འབྲས་བུ་ཐམས་ཅད་དང་། ལོ་ཏོག་ཐམས་ཅད་དང་། ཤིང་དང་། རྩ་དང་། ཤིང་གེལ་བ་དང་། སྨན་དང་ནགས་ཚལ་དང་། སྨན་གྱི་བར་བསྲེགས་ཏེ་མ་རུང་བར་བྱས་ནས། ཡལ་ག་ཡང ་འཛམ་བུའི་གླིང་ན་མེད་པར་བྱས་ཏེ་མ་རུང་བར་བྱས་ན། དེ་ནས་སེམས་ཅན་དེ་དག་སྡུག་བསྔལ་ཆེན་པོས་གཟིར་ཅིང་ཉམ་ཐག་པའི་སྐད་བྱུང་བ་ཐོས་སོ།། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀླུ་གནོད་པར་སེམས་པ་གཏུམ་པོ་རྣམས་ཀྱིས་འཛམ་བུའི་གླིང་རྣམ་པར་བཤིག་སྟེ། ཐམས་ཅད་མ་རུངས་པར ་བགྱིས་ན་སེམས་ཅན་རྣམས་སྡུག་བསྔལ་མི་བཟད་པ་ཆེན་པོ་མྱོང་ངོ་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷའི་དབང་པོ་དག་འདི་ནི་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པའི་བྱིན་རླབས་དང་། སངས ་རྒྱུས་ཀཱི་ཡེ་ཤེས་ཟབ་མོ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཁྱད་པར་གྱི་བྱིན་གྱིས་རླངས་ལ་ལྟོས་ཤིག། དེ་ནས་བཅོམ་ལྡན་འདས་ནམ་མཁའ་ལྡིང་བསྒྱིངས་པས་རྣམ་པར་བལྟས་པ་ཞེས་བྱ་བ་ཀུན་ནས་མེ་ལྕེ་འབར ་བའི་འཕྲེང་བ་ཅན་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་སྐུ་ཕྲག་པ་གཉིས་རབ་ཏུ་འབར་ཏེ། འབར་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རབ་ཏུ་འབར་བར་གྱུར་ཏོ།། དེ་ནས ་ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་གདུགས་ཀྱིས་རྣམ་པར་བསྐོར་བས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལ་ཚིག་ལགས་སོ།། བདེ་བར་གཤེགས་པ་ཚིག ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་ནས་སྟེང་དུ་རྣམ་པར་གཟིགས་ཏེ་ཕྱོགས་བཅུ་ཀུ་ན་དུ་ཡང་གཟིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞེས་ཏེ་ནམ་མཁའ་ལྡིང་གི་ཤུགས་ཆེན ་པོས་ཀུན་ཏུ་འབར་བ་ནམ་མཁའ་ལྡིང་གི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་འཁོར་འདི་རྗེས་སུ་དགོངས་སོ། ། ཨོཾ་བཛྲ་བ་ཏི་ག་རུ་ཌ་བེ་ཀེ་ཧཱ་ཧཱུཾ། ཙ་རཾ་སྲི་ཛ་ཧཱུ~ཾ་ཕཊ། དེ་ནས་ཀླུ་མི་སྲུན་པ་དེ་དག་ཡུར་ཡུར་པོར་གྱུར་ནས། བཅོམ་ལྡན་འདས ་ཀྱི་སྤྱན་སྔར་འདུག་སྟེ་འདར་ཡིད་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་མེ་ལྕེ་འབར་བ་ཞེས་བྱ་བའི་སྙིང་པོ་ཆེན་པོ་བཀའ་སྩལ་པ། ན་མོ་བྷ་ག་བཱ་ཏེ། ཤཱཀྱ་མུ་ནེ་ཡ་ཏ་ཐཱ་ག་ཏཱ་ཡ། ཨ་བཿ ་ཛྭལ་ཛྭལ། པྲཏྤ་ལ། ཧན་ཙན། སརྦ་དྷ་གརྗིད་ཡ་དྷ་ར་ཛཱི། ཧར་ཏར། སརྦ་ཀན་ནན་པ་ལ་བཱིརྱ་བྲ་ཀྲ་མན། ད་ཧེད་ཏ། སརྦ་ནཱ་གཏ། ཤཱི་རན། བཅ་བ་མས་རྦ་ནཱ་ག་རྨད། གརུ་ཎི་བི་ག་པག་ཤིན་པ་ཏི། ནད་པ་ཏམ་བཏ་གས་རྦ་རྦཱཿ ་པ་བ་ན་ནི། ཨ་མ་ཏ་མ་ཏ། མ་ཧཱ་བི་ཙི་དྲ་མ་ནི་མོ་བུ་ལི་དར་ཧ་མ་ཧཱ་རུ་ཏ་བེ་ག་ཧ་ར་བི་ཙིདྲ། ཨ་བ་ར་ཎ་བི་པྲ་ཊུ་ཤི་ཏ་ཀཱ་ཡ། སརྦ་ནཱ་ག་ནན། ཀ་ར་ཀ་ར། སྥ་ར་སྥ་ར། བོ་གྷ་རུ་ཊེན་པར་ཐ་གན་བན་ཏྲ་ན་ཤཱཀྱ་མུ་ནེ་པྲ་ཙན་མ་རུ་བཱ་ལ་ཡ ་ཡཱརཱ་གད་ན། བ་ག་ཤཱ་ཡ། དུཉྫན་པྲ་མ་ཧཱ་ཡ། བ་ཡུ་བེ་ཛག་པན། སྱོཏཡ། མུ་ཏ་ནན་ཤོ་བཱ་ཡ། བི་དུ་ཛྭ་ལ་ན། ཧྲཱི་ཧཱུཾ། ཕཊ་ཕཊ། པྲམ་ཏ་སརྦ་བ་ཏ་ཨ་ཤིན་ནེ་མེ་ཀས་ན་ག་ཡན་ཤ་ཡ། སརྦ་ག་ན་བ་ལན་བ་ཏར། བཅང ་ན། ཨཱ་ག་ར་བཱ་ཡ། སུ་ཤ་ནཱ་ག་ནེ། གརྫ་གརྫ་མ་ཧཱ་ག་རུ་ཌ་བྷེ་ག་ན་ཧཱུཾ་ཧཱུཾ། ཕཊ་ཕཊ། སྟམ་བྷ་ཡ་ནི་ཤི་ཏ་བ་ལ་ཧ་ཀ་ན། ས་མ་བཀྵ་ཡ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྟ་མ་བྷ་ཡ། ཤི་ཏ་བ་ཡུ། མེ་གྷ་ན། སརྦ་ནཱ་ག་བྷི་ཧི་རི་ནི། ཧཱུཾ་ཧཱུཾ། ཕཊ་པ! ་བྷོནྟ་ག་པི་ཏི་པི་ཏི། མུན་ཙ་ཏྲི་བཀྵ་བུ་ཡུན་ག་རུ་ཊ་གྲོ་ཏ་མ་ཧཱ་བེ་ག་བན་དྷཱ་ཡ། བུ་ཡུ་བ་ལ་ཧ་ཀན་ཏི་ཏི། ཊི་ཊི་ཊི། ཧཱཾ་ཧཱུཾ། ཕཊ་ཕཊ། བྷ་ཤ་ཡ། བ་ཏ་ཤི་ཏ་ཨ་ཤི་ནི་ན། ན་ཤ་ཡ། ཙི་ཏི་ཙི་ཏི། ཕཊ་ཕཊ། སྭཱ་ཧཱ། ཨ་ཤ་ཡཱ། ནཱ་ག་ནན། བནདྷཱ་ཡ། ་བཛྲ་བྷ་ན་དེ་ན་ཏ་ཐཱ་ག་ཏ་ས་མན་ཏན། ས་ཏེ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཏི་ཏི་ཏི་ཏི། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། ཛ་ལ་མ་བ་དུ། སརྦ་ཡ་ཤན་ཏ་ཐཱ་ག་ཏ། ཨ་དྷིཥྛ་ནེ་ན་ཧཱུཾ་ཕཊ། ཨ་མྲི་ཏེ་མ་བྷཱ་བ་ཏྲེ། སརྦ་ཤི་ཏ་བ་ཡུན་ག་ཨ་ཤ་ནི། ་ཧཱུཾ་ཧཱུཾ། ཕཊ་ཕཊ། མ་ཏྲི་གྲ་མ་སྥོ་ཏ་ཡ། ནཱ་ག་མི་ཏྲཾ་གྲ་མ་མ་ཏེ་མུར་ཧ་ན་ན། ཡ་ཏི་ཤི་ཏི། ཧུ་རུ་ཧུ་རུ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། བ་ར་ཏཱ་ཡ་སྭཱ་ཧཱ། ནཱ་ག་སྥོ་ཏཱ་ཡ་སྭཱ་ཧཱ། ནཱ་ག་བི་ཏི་རཱ་ཡ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། སརྦ་སྭཱཧཱ། བུ་བ་སཱ་ཧཱ། ཏ་ཐཱ་ག ་ཏ་ས་མ་ཡ་སྭཱ་ཧཱ། ཏྲཻ་ལོ་ཀྱ་པཱུ་ཙི་ཏ་ཏཱ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཀླུའི་བདག་པོ་དག་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་གི་འབར་བའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ཀླུ་མི་སྲུན་པ་ཐམས ་ཅད་ཟློག་པར་བྱེད་དོ། ། སྤྲིན་དང་། ལྷགས་པ་དང་། རླུང་དང་སེར་བ་ཐམས་ཅད་འཇིག་པའོ།། ཟློག་པའོ།། ལོ་ཏོག་ཡོངས་སུ་སྐྱོང་བའོ།། མེ་ཏོག་དང་། འབྲས་བུ་དང་། ནགས་ཚལ་ཡོངས་སུ་སྐྱོང་བའོ།། བདུད་རྩིའི་འབྲས་བུ་ཡོངས་སུ ་འགྲུབ་པར་བྱེད་པའོ། ། དེ་བས་བཏབས་པ་འཕེལ་བར་བྱེད་པའོ།། ཀྱེ་ཀླུའི་བདག་པོ་དག་འདི་དྲན་མ་ཐག་པ་ཙམ་གྱིས་ཀླུའི་དཀྱིལ་འཁོར་བྱེད་པ། བུ་དང་ཆུང་མར་བཅས་པ་དང་། བློན་པོར་བཅས་པ་དང་། མངག་གཞུག ་པར་བཅས་པ་དང་། འཁོང་དང་བཅས་པ་ལྷགས་པའི་སྟོབས་བྱེད་པ། རླུང་གི་སྟོབས་བྱེད་པ། སྡུད་ལ་སྟོབས་བྱེད་པ་ཀུན་ཐམས་ཅད་འཐུན་པ་དེ་བཞིན་གཤེགས་པའི་བཀའ་གནང་བ་དང་། དེ་བཞིན་གཤེགས ་པའི་དམ་ཚིག་གི་བྱིན་གྱི་རླབས་ཀྱིས་ཕྱི་མའི་ཚེ་ཕྱི་མིའི་དུས་ན་འཛམ་བུའི་གླིང་འདིར་ལོ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་དང་། རྫས་དང་། ཤིང་དང་། སྨན་ཐམས་ཅད་ཀུན་ཏུ་བསྲུང་བགྱིས་ཤིག། ་རུས་དུས་སུ་ཆར་གྱི་རྐུན་པོ་བ་ཤིག།། བདག་གི་སྲོག་ཇིལ་པ་དེ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་གས་པར་བྱེད་གས་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམ་པ་ཡོངས་སུ་སྤྱོང་བ་ཤོག། གལ་ཏ་གཞན ་དུ་འགྱུར་ཏེ་དེ་བཞིན་གཤེགས་པའི་བཀའ་ལུང་དགེ་བ་ལྟར་མ་བྱས་ན་དེའི་ཚེ་ཀླུ་ཐམས་ཅད་ཀྱི་ཁྱིམ་ཀུན་དུ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་ཅིག། ཀླུ་ལ་མུ་གེ་ཆེན་པོ་འབྱུང་བར ་གྱུར་ཅིག། སྟོབས་བྲི་ཞིང་བརྩོན་འགྲུས་མ་རུངས་པར་གྱུར་ཅིག། ཆུ་སྐམས་པར་གྱུར་ཅིག། ཁྱིམ་སྐམས་པར་གྱུར་ཅིག། ལུས་རྩུབ་པར་གྱུར་ཅིག། འདབ་བཟངས་ཀྱིས་འཇིགས་པ་དང་། མེ་དང་བྱེ་མ་ཡིས་འཇིགས་པ ་དང་། རྟག་ཏུ་བཀྲེས་པ་དང་། སྐོམ་པ་ཡི་འཇིགས་པ་ཅན་དུ་གྱུར་ཅིག། པར་རྒྱུག་ཚུར་ཆུག་ཅིང་ལུས་ཀུན་དུ་ཚིག་པ་དང་། ཉི་མའི་གདུགས་ཀྱིས་ཡོངས་སུ་གདུངས་པས་ལུས་ཚིག་པར་གྱུར་ཅིག། ནད་དང་། ན་བ་དང་། གནོད ་པ་དང་། ནད་འགོ་བ་སྣ་ཚོགས་པ་འདུས་པར་གྱུར་ཅིག། དེ་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་སྲུན་པ། ཀླུ་གཏུམ་པ། རབ་ཏུ་གཏུམ་པ་རྣམས་གལ་ཏེ་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་འབར་བ་ཞེས་བྱ་བའི་སྙིང་པོའི ་གཟུངས་འདི་ལས་འགལ་བར་བྱེད་ན་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་ཏེ། ཀླུའི་བདག་པོ་དག་དེའི་ཕྱིར་བདེན་པའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམ་ཚིག་གི་རྗེས་སུ་བསྲུང་བར་བྱའོ།། འཛམ་བུའི་གླིང་གི ་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བྱའོ། ། བསྲུང་བར་བྱའོ།། བསྒྲུབ་པར་བྱའོ།། དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ ་ཆེན་པོ་དགའ་བོ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་ཆེན་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་ཆེན་པོ་ཧུ་ལུ་ཀ་དང་ཀླུའི་རྒྱལ་པོ་ཆེན་པོ་ཆུ་ལྷ་དང་། ཀླུའི་རྒྱལ་པོ་ཆེན་པོ་འབར་བ་ཀུན་ཏུ་འཛིན་པ་ཁ་བྱེ་རབ་དུ་དགའ ་བའི་གཙུག་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཚངས་པའི་མགོ་དང་། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་གྲགས་པའི་རྒྱལ་མཚན་དང་། ཀླུའི་རྒྱལ་པོ་ཆེན་པོ་དབང་ཕྱུག་འོད་དང་། ཀླུའི་རྒྱལ་པོ་ཆེན་པོ་འོད་རྣམ་པར ་གྲགས་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྒྱལ་མཚན་གྱི་རྣམ་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ནོར་བུ་མགོ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གནས་པ་ཚངས་པའི་གཙུག་དང་། ཀླུའི་རྒྱལ་པོ་ཆེན ་བོ་གཙུག་གི་ནོར་བུ་འབར་དང་། ཀླུའི་རྒྱལ་པོ་ཆེན་པོ་མཚོ་ཆེན་པོ་གནོན་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་དུ་ལྟ་བའི་མིག་དང་། ཀླུའི་རྒྱལ་པོ་ཆེན་པོ་ཁྱབ་འཇུག་ཁོར་ཡུག་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྣམ་པར ་བྲལ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་དགའ་བས་ཆར་འབེབས་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་དག་རབ་དགའ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གཏོར་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་གློག་འབར་དང་། ཀླུའི་རྒྱལ་པོ་ཆེན་པོ ་ས་སྲུང་གི་བུ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཆུ་འབེབས་སྣ་ཚོགས་དང་། ཀླུའི་རྒྱལ་པོ་ཆེན་པོ་བཏང་བཟུང་སྟོབས་དང་། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་རབ་ཏུ་ཆར་འབེབས་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་ཐོས ་བུ་སྣ་ཚོགས་དང་། དེ་ལ་སོགས་པ་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཀླུའི་རྒྱལ་པོ་ཆེན་པོ་རེ་རེ་ཡང་གཡོག་འཁོར་ཀླུའི་རིགས་སྟོང་ཕྲག་བདུན་བཅུ་རྩ་བདུན་ཡོད་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས ་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། མཆོད་པ་ཆེན་པོས་མཆོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས ་སྔགས་ཀྱི་ཚིག་ཤིན་དུ་མི་བཟད་པ་དྲག་པོ་ཆེན་པོ་ལྟ་དགའ་བ་ཆེན་པོ་དག་བཀའ་སྩལ་བས། བཅོམ་ལྡན་འདས་བདག་ཅག་ནི་བུང་ངོ་།། ཚིག་གོ།། ལུས་རབ་ཏུ་འདར་རོ།། སྤུ་ཟིད་ཞེས་བགྱིད་དོ།། བཅོམ་ལྡན་འདས་བདག ་ཅག་བས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔན་མངོན་སུམ་དུ་གྱུར་པར་གནས་པ་ལགས་ཏེ། འདི་ལྟར་འཇིགས་སྐྲག། བ་སྤུའི་བུ་གནས་སྤྱི་བུང་ཞེས་བགྱིད་ཅིང་། འཇིགས་པ་མི་བཟང་བ་ཆེན་པོ་སྐྱེས་ཏེ། བས་པར་ཡང་། ་སྒྱིད་ལུག་ཅིང་མཆིས་སོ།། བཅོམ་ལྡན་འདས་སླང་མའི་ཚེ་སླང་མའི་དུས་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་དགེ་སློང་དྲག་ཤུལ་བགྱིད་པ་ནོར་ལ་བརྐམ་པ་དག་མཆིས་པ་ལ། སད་དང་། ་རླུང་དང་། སེར་བཟློག་པའི་སླད་དུ་གསོལ་བ་བཏབ་པར་གྱུར་ནས། བཅོམ་ལྡན་འདས་དེ་ལ་ཀླུ་མི་བགྲུངས་པ་དེ་དག་གིས་ཇི་ལྟར་ནན་ཏན་དུ་བགྱི། དེ་དག་གི་སྲོག་སླར་ཞིང་ཇི་ལྟར་འགྱུར། བཅོམ་ལྡན་འདས་བདག་ཅག་གི་བུ ་དང་། ཚ་བོ་ཇི་ལྟ་བུ་མང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱམས་པ་ལ་གནས་པར་བྱའོ།། དེ་བཞིན་གཤེགས་པའི་དམ ་ཚིག་དང་འཐུན་པར་བྱའོ། ། དུས་དུས་སུ་ཆར་གྱི་རྐུན་པོ་བཅིག། དུས་དུས་སུ་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་བསྒྲུབས་ཤིག། རླུང་དང་སྤྲིན་དང་། སེར་བ་ཐམས་ཅད་ཟློག་ཤིག། ཆུད་ཟ་བར་མ་བྱེད་ཅིག། ཀླུའི་བདག་པོ་དག་དེའི་ཕྱིར ་ཁྱེད་ཕྱི་མའི་ཚེ་ཕྱི་མའི་དུས་ན་གནོད་པ་མེད་པར་གནས་པར་གྱིས་ཤིག། ཀླུའི་བདག་པོ་དག་གལ་ཏེ་ཡང་དག་པར་དམ་ཚིག་མ་བསྲུངས་ན་དེའི་ཕྱིར་ཀླུའི་བདག་པོ་དག་ཁྱེད་ལ་ཉེས་པ་ཆེན་པོར་འགྱུར་རོ་ཞེས་སྨྲའོ།། ཐོག་མར ་ཀླུ་བསྐུལ་བའི་རིག་པ་རྫོགས་སྷོ། ། །། དེ་ནས་དེའི་འོག་ཏུ་རྩ་བའི་རིག་པའི་ཆོ་ག་ཀླུ་རྣམས་ཀྱི་ཁྲོས་པ་ཞི་བར་བྱེད་པ་ནམ་མཁའ་ལྡིང་འབར་བའི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་འཁོར་འདི་བརྗོད་པར་བྱའོ།། ཐོག་མ་ཁོ་ནར ་གནམ་དུ་བལྟས་ཏེ། ཡུངས་དཀར་དང་ཆུ་བསྲེས་པ་ཕྱོགས་བཞིར་གཏོར་ན། སང་དང་། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ།། བཅིངས་པར་འགྱུར་རོ།། ཀླུ་ཐམས་ཅད་འདར་ཡེད་ཡོད་ཅིང་འཁོད ་བར་འགྱུར་རོ། ། ཐལ་པ་དང་ནུར་བསྲེས་ལ་ལནན་ཤུ་རྩ་གཅིག་བཟླས་པ་བྱས་ཏེ། དབང་བསྐུར་ན་བ་དག་བསྲུང་བ་བྱས་པར་འགྱུར་རོ།། འབྲུག་ཟེར་བའི་ཚེ་ཡུངས་དཀར་ལ་ལན་ཉི་ཤུ་རྩ་བདུན་ཡོངས་སུ་བཟླས་པ་བྱས་པ། རྡུལ ་ལན་བདུན་དུ་ཡོངས་སུ་བཟླས་པ་བྱས་ཏེ་གནམ་ལ་སྦྱིན་བཅིང་བར་བྱའོ། ། དེ་ནས་སྤྲིན་ལ་བལྟས་ཏེ། ཡུངས་དཀར་གནམ་དུ་གཏོར་ན་མེ་ཏོག་དང་། འབྲས་བུ་ཐམས་ཅད་བསྡུས་ནས་སའི་སྟེང་དུ་ལྟུང་ངོ་།། སྔགས་ཀྱང ་བརྗོད་ཅིང་ཁྲོས་པས་ཕཊ་ཅེས་བྱ་བ་བརྗོད་པར་བྱས་ཏེ། ཕཊ་ཅེས་བྱ་བ་ལན་གསུམ་གྱིས་ཀླུ་ཕྲུ་གུ་རྣམས་ཀྱང་ལྷུང་བར་འགྱུར། ཀླུ་རྣམས་ཀྱི་ལུས་ཀྱང་ཞིག་སྟེ་ཐང་ལ་ལྡང་བར་འགྱུར་རོ།། བལ་པོ་སཽ་རུའི་ལྕུག་མ་ལ་ལནཿ ་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ། འཁོར་ལོའི་ཚུལ་དུ་ལན་བདུན་བསྐོར་ན། ཀླུ་མི་བགྲངས་པ་ཐམས་ཅད་སད་དང་། སྤྲིན་དང་། རླུང་དང་། སེར་བ་ཐམས་ཅད་ས་ལ་མི་འབེབས་སོ།། མགོ་ཚལ་བ་བདུན་དུ་འགས་སོ།། ་རིག་འཐུང་ངོ་།། ཁྲོས་པས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ན། ཀླུ་རྣམས་རིགས་དང་། སྦྱིན་དང་། གཡོག་འཁོར་ཀུན་དང་བཅས་ཏེ་སའི་སྟེང་དུ་ལྷུང་ངོ་།། ཀླུའི་ཁྱིམ་དང་། གཞལ་ལས་ཁང་དང་། མཐའ་དག་དང་། ་དང་། ཤིང་དང་ནགས་ཚལ་དུ་བཅས་པ་མེ་ལྕེ་འབར་བ་གཅིག་ཏུ་འགྱུར་རོ།། ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་བ་མཐུ་ཆེ་བ་ཐམས་ཅད་ཀྱང་གླད་ནད་དྲག་པོས་བཏབ་པར་འགྱུར་རོ།། གལ་ཏེ་རིག་པ་འཛིན་པས་མྱུར་དུམ ་བསྒྲུབས་ན་རིགས་ཐམས་ཅད་པུང་བར་འགྱུར་རོ། ། བུ་དང་། ཚ་བོ་དང་། འཁོར་དུ་བཅས་པ་དང་། གཞོན་པར་བཅས་ཏེ་རྣམ་པར་མེད་པར་འགྱུར། མིག་མེད་པར་འགྱུར་རོ།། ཆར་མེད་པའི་དུས་ན་ཡུངས་དཀར་ལ་ལན ་སྟོང་བཟླས་ཏེ། ཁྱིམ་ལ་གཏོར་ན། ཀླུ་ཐམས་ཅད་འདར་ཡིད་ཡོད་ཅིང་། ཁྱིམ་དང་མཚོ་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏེ། འདོད་པ་བཞིན་དུ་མྱུར་དུ་ཆར་གྱི་རྒྱུན་འབེབས་སོ།། ཡང་བདེ་ཡང་ཆར་གྱི་རྒྱུན་འབེབས་སོ།། ་གང་གི་ཚེ་ཆར་དགོས་པ་དེའི་ཚེ་རིག་པ་འཛིན་པས་ཆུ་དང་ཡུངས་དཀར་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ། གནས་མཐོན་བོར་སོད་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ཆུ་སྙིམ་པ་བདུན་ལ་སྔས ་ལན་བདུན་བདུན་དུ་ཡོངས་སུ་བཟླས་ཏེ། ཤར་ཕྱོགས་སུ་གཏོར་ན་ཀླུའི་རྒྱལ་པོ་ཐམས་ཅད་འབྲལ་དུ་གཅིག་ཏུ་འདུས་ཏེ་ཆར་གྱི་རྒྱུན་འབེབས་སོ།། སྐྱེ་རེ་ཤར་བའི་དུས་ན་ཡུངས་དཀར་དང་། གུར་གུམ་དང་ཆུར་བསྲེས་ལ ་ལན་བདུན་བཟླས་པ་བྱས་ཏེ་ཕྱོགས་བཞིར་གཏོར་ཞིང་སྟེང་དང་འོག་དུ་ཡང་གཏོར་ན་སད་དང་། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ལ་ཀུན་ནས་དཔག་ཚད་ཚུན་ཆད་དུ་མཚམས་བཅད་པར་འགྱུར་རོ།། ཀླུ་མི་སྲུན་པ ་ཐམས་ཅད་བཅིངས་པར་འགྱུར་རོ། ། ཀླུ་ཐམས་ཅད་མི་གདའ་བར་འགྱུར་རོ།། བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བར་བླངས་པ་དང་། དེ་ཉིད་ཀྱི་མར་དང་། འོ་མ་དང་། གཅིན་བླངས་ལ་སབ་ཏ་བྱི་ས་ཀ་དང་། བག་ཕྱེ་དང་། ཐམས་ཅད་བསྲེས ་ལལན་དགུ་བཅུ་རྩ་གཉིས་བཟླས་པ་བྱས་ཏེ། དེ་ནས་ཀླུ་མགོ་ལྔ་པ་བྱའོ།། མགོ་གདེངས་ཀ་ཅན་གྱི་དཀྱིལ་མོ་དཀྲུང་བྱས་པ། ལུས་བཅུས་པ་བྱས་ཏེ། ཙན་དན་དཀར་པོ་དང་། གུར་གུམ་གྱིས་ལུས་བཀྲུ་བར་བྱའོ།། སྟན་གཙང་མའི ་སྟེང་དུ་གཞག་གོ། དར་གྱི་ཅོད་པན་གྱི་དབང་བསྐུར་རོ།། མེ་ཏོག་ཕྲེང་བ་གདགས་སོ།། དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། མེ་ཏོག་སིལ་མ་གཏོར། བུམ་པ་གང་བ་བཞི་གཞག་གོ།། མངའ་བཞི་བཙུགས་ཏེ། དར་གྱི་བ་དན་དཀར་པོ ་བཞི་གདགས་སོ། ། དཀྱིལ་འཁོར་གྱི་དབུས་སུ་གཏོར་ས་གཞག་གོ།། དཀྱིལ་འཁོར་གྱི་གྲཝ་བཞིར་སེང་ལྡེང་གི་ཕུར་བུ་བཞི་གཟུགས་སོ།། ཚོན་ལྔ་ལྔའི་སྐུད་པས་ལན་ལྔ་བསྐོར་རོ།། ཀུན་ལ་ཡང་ལན་ཉི་ཤུ་རྩ་གཅིག་བཟླས ་ལས་བྱའོ། ། བུམ་པའི་མགུལ་དར་གྱིས་བཅིང་ངོ་།། ནལ་དང་། སྲ་ཅི་པོག་དང་། རྒྱ་སྤོས་དང་། ཀུན་དུ་ར་དང་། སེན་མོ་དང་། ནཱ་ག་སྤུས་པ་དང་། ཡུངས་དཀར་དཀར་པོ་དང་། ཤ་ཀ་ར་དང་བསྲེས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་བདུག ་བར་བྱའོ། ། བདུག་པ་འདི་སྦྱར་ལ། དེ་ནས་རིག་པ་འཛིན་པས་ཤིན་ཏུ་ཁྲུས་བྱ་སྟེ། གོས་གཙང་མ་གྱོན་ལ་སྔགས་འདི་ཉིད་ཀྱི་ཉེ་རེག་དང་། བྲག་བཅིང་བ་དང་། མཚམས་བཅིང་བ་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། ་གོས་གདེག་པ་དང་། བདག་བསྲུང་བ་དང་། ཁྲུས་བྱ་བ་རྣམས་བྱའོ།། ཀླུ་ཁ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ། རིག་པ་འཛིན་པ་ཀླུ་ལ་བལྟས་ཏེ། དཀྱིལ་མོ་དཀྲུད་དུ་འདུག་ལ། སྔགས་འདི་ཉིད་ཀྱིས་དགུག་པ་དང་། གཏོར་མ ་དང་། བདུག་པས་སླར་གཏང་བར་བྱའོ།། དེ་ནས་རིག་པ་འཛིན་པས་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་དཀར་རེ་རེ་ལ་བཟླས་ལ་ཀླུའི་གཟུགས་ལ་བསྣུན་པར་བྱའོ།། མར་མེཁ་བཞི་བུད་དོ།། ཀླུའི་མིང་བྲིའོ།། གང་བོས་པ་དེ་འགྲེང ་པར་འགྱུར་རོ། ། བཟླས་པ་སྟོང་རྩ་བརྒྱད་ཚད་བར་བྱས་ན་ཀླུའི་རྒྱལ་པོ་ཆེན་པོ་ཐམས་ཅད་དབང་དུ་འགྱུར་རོ།། ཐམས་ཅད་སྟོན་པར་འགྱུར་རོ།། ཅི་བསམས་པ་དེ་ཐམས་ཅད་སྦྱིན་པར་འགྱུར་རོ།། དབང་ཐམས་ཅད་བཟློག ་པར་འགྱུར་རོ། ། རང་གི་སྐྱེ་བོ་དང་། འཁོར་དུ་བཅས་པ་དང་། བུ་དང་ཚ་བོར་བཅས་པ་ཐམས་ཅད་དབང་དུ་འགྱུར་རོ།། ལས་ཐམས་ཅད་བྱེད་པར་འགྱུར་རོ།། རང་གི་ཁྱིམ་བཞིན་དུ་ཡོངས་སུ་སྐྱོང་བར་འགྱུར་རོ།། ཀླུའི་གཟུགས་དེ ་གནས་དབེན་པར་གཞག་ལ། མེ་ཏོག་དང་བདུག་པ་སྦྱིན་ནོ།། ལང་ལོང་མེད་པར་བཞག་ཅིང་མི་མཐོང་བར་བྱ་སྟེ། སུ་ལ་ཡང་མི་བསྟན་ནོ།། གོས་གཙང་མས་དགབ་བོ།། ནམ་དགོས་པ་ཡོད་པ་དེའི་ཚེ་ཡུངས་དཀར་ལ་ལ་ན་བརྒྱ ་རྩ་བརྒྱད་བཟླས་པ་བྱས་ཏེ། བསྣུན་ན་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ།། གར་བཏང་བ་དེར་འགྲོ་ནིང་སླར་ཡང་འོད་དོ།། རྨི་ལམ་དུ་དགོས་པ་ཐམས་ཅད་སྟོན་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཀླུའི་མདག་གཞུག ་པ་ཞེས་བྱའོ། ། གང་གི་ཚེ་དུས་མ་ཡིན་པའི་སྤྲིན་དང་། རླུང་དང་། སེར་བ་དང་། སར་བྱུང་བ་དེའི་ཚེ་སྐྱེ་ཚེའི་འབྲུ་དང་། ཡུངས་དཀར་དུ་བསྲེས་ལ་ལན་བརྒྱ་རྩ་གཅིག་བཟླས་པ་བྱས་ཏེ། ཁྲོས་པས་ཀླུའི་གཟུགས་ལ་བསྣུན་ན་སྐད་ཅིག ་དེ་ལ་རླུང་དང་། སེར་བ་དང་། སྤྲིན་མེད་པར་འགྱུར་ཏེ་ཐམས་ཅད་བཅིང་བར་འགྱུར་རོ།། ན་འབྱུང་བ་དེའི་ཚེ་ཡི་གེར་བྲིས་ལ་སྐུང་པ་དམར་པོས་དཀྲིས་ལ་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ། ཀླུའི་མགུལ་དུ་བཏགས ་ལཀླུའི་སྤྱི་བོར་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ན་སྐད་ཅིག་དེ་ལ་ཆར་གྱི་རྒྱུན་འབེབས་ཏེ། སྒྲུབ་པ་པོ་ཇི་ལྟར་འདོད་པ་བཞིན་ཆར་འབེབས་སོ།། ཧ་ཅང་ཆར་ཚོན་སྐུད་པ་སྔོན་པོ་ལ་ལན་བདུན་བཟླས་པ་བྱས་ཏེ། མདུད་པ་བདུན ་བོར་ན་ཆར་ཆེན་པོ་འཆད་པར་འགྱུར་རོ། ། ཆོ་ག་དང་རིག་པ་སྒྲུབ་པ་གཞན་ཐམས་ཅད་ལ་ཡང་སྔགས་འདི་ཐོག་མ་ཁོ་ནར་ལན་བདུན་བརྗོད་དོ།། འདི་ཀུན་ཏུ་སྦྱོར་བ་སྟེ། བརྗོད་པ་བསྒྲུབ་པ་འགྲུབ་བོ།། ནམ་མཁའ་ལྡིང་ཆེན་པོ། ་རྡོ་རྗེ་ཤུགས་འབ་ར་བ་ནམ་མཁའ་ལྡིང་གི་སྙིང་པོ་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་རྫོག་སྟེ།། །། དེ་ནས་དེའི་འོག་ཏུ་རྩ་བའི་སྙིང་པོའི་ཆོ་ག་བསྟན་ཏོ།། གཟུངས་བཏོན་མ་ཐག་པ་ཙམཾ་གྱིས་ཀླུ་ཐམས་ཅད་འདང་མེད་མེད་དོ།། ལ་པོས་འཞི། ་གི་ལྐུག་མ་དང་། ཤིང་ཀ་ར་བི་རའི་ལྕག་མས་རླུང་དང་། སྤྲིན་བཟློག་པར་བྱའོ།། བའི་ལྕི་པ་སལ་མ་ལྷུང་བས་ཁང་སྟེང་དུ་དཀྱིལ་འཁོར་གྲཝ་བཞི་པ་ཤིན་ཏུ་རྣམ་པར་ཕྱེ་བ་རེའུ་ཆ་ལེགས་པར་བྱས་པ་བྱ་སྟེ། སེར་ལྡེང་གི་ཕུར་བུ་སོར་བརྒྱད་པ ་བརྒྱད་ཕྱོགས་མཚམས་སུ་གཟུགས་སོ། ། མདའ་ལྔ་གཟུགས་སོ།། རྩེ་གསུམ་པ་གཟུགས་སོ།། མངའ་བཞི་ལ་ཚོན་སྣ་ལྔའི་སྐུད་པ་བཞི་འཁོར་བར་བསྐོར་རོ།། བུམ་པ་གང་བ་བཞི་དང་། པོག་པོར་དང་། གཏོར་མའི་བུམ ་བ་བཞི་གཞག་གོ། ། གཏོར་མ་དཀར་པོས་བཀང་བ་བཞི་དཀྱིལ་འཁོར་གྱི་དབུས་སུ་གཞག། མེ་ཏོག་སིལ་མས་གང་བར་གཏོར། འབྲས་ཡོས་དང་། ཡུངས་དཀར་གྱིས་གཏོར་རོ།། ཐམས་ཅད་ལ་ལན་བདུན་བདུན་གྱིས་བཟླས ་བ་བྱས་ཏེ། གཟུགས་སོ།། ཡུངས་དཀར་དང་ཆུབ་སྲས་ལ་བཟླས་པ་བྱས་པས་ཕྱོགས་བཞིར་མཚམས་གཅད་དོ།། དེ་ནས་དཔག་ཚད་ཚུན་ཆད་ཀུན་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ།། དེ་ཀླུ་མི་སྲུན་པ་རྣམས ་འབྲོག་མི་ནུས་སོ། ། ཀླུ་ཆེན་པོ་རྣམས་ཀྱང་རྟག་ཏུ་དུས་མ་ཡིན་པའི་རླུང་དང་། སྤྲིན་དང་། སེ་རབ་འབེབས་མི་ནུས་སོ།། མེ་ཏོག་དང་འབྲས་བུ་ཐམས་ཅད་འཚེ་ཡང་མི་ནུས། ལན་འགའ་ཡང་རྩཝའི་ལོ་མ་ཡང་འཚེ་མི་ནུས། བཅིང་བ་ལྔས ་བསྡམས་ཏེ་ཐམས་ཅད་བཅིངས་པར་འགྱུར་རོ། ། འདི་ཟླབ་བརྒྱད་དུ་མཚམས་བཅིངས་པར་འགྱུར།། གནོད་སྦྱིན་དང་འབྱུང་པོ་དང་། སྲིན་པོ་དང་། ཡི་དགས་དང་། གྲུལ་བུམ་དང་། གསང་བ་འོད་ཟེར་གྱི་སྣང་བ་དེ་རྣམས་གནས་འདི ་ལས་མི་འངའོ། ། དེ་ནས་རིག་པ་འཛིན་པ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། བལ་པོ་སེའུ་ཡི་ཤིང་གི་ལྕུག་མ་ལ་ལན་བདུན་བཟླས་པས་ཀླུ་བཟློག་པར་བྱའོ།། ཤིན་དུ་ཁྲོ་བས་བཟློག་པར་བྱ་བ་ནི་མ་ཡིན་ནོ།། ཀླུའི་དཀྱིལ་མོ་དཀྲུང་གི ་ཕྱག་རྒྱ་བཅིང་བར་བྱ་སྟེ། འཛུབ་མོ་གཉིས་མགོ་བོ་གདེངས་ཀ་ལྟར་བྱས་ལ་མཐེའུ་ཆུང་གཉིས་བརྐྱང་ངོ་།། འདི་ནི་ཀླུ་ཐམས་ཅད་ཀྱི་ཕྱག་རྒྱའོ།། བརྗོད་མ་ཐག་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་དག་ལ་གནོད་པར་འགྱུར་རོ།། ་གལ་ཏེ་ཀླུ་དག་ཕྱོགས་དེ་མ་རུང་བར་བྱ་བར་འདོད་ན་དེའི་ཚེ་བྱེ་ཚན་མགོ་ལ་དབབ་བོ།། མགོ་དང་། མཇུག་མ་དང་། ཁེག་པ་ཇི་ཙམ་པར་དེ་ཙམ་དུ་ལུས་ལ་རལ་གྲིའི་ཆར་གྱི་རྒྱུན་དབབ་པར་འགྱུར་རོ།། དེ་ནས་ཀླུ་ཐམས་ཅད་སྔངས ་སྐྲག་པར་གནས་པར་འགྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་དུ་དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ།། ཀླུ་མི་བསྲུངས་པ་ཐམས་ཅད་དབང་དུ་འགྱུར་རོ།། ཁང་སྟེང་དུ་དཀྱིལ་འཁོར་གྲཝ་བཞི་པ་བྱས་ཏེ། མེ་ཏོག་སིལ་མས ་གང་བར་གཏོར་ལ་བདུག་པས་བདུགས་ཏེ། བུམ་པ་ཆུས་གང་བ་ཐམས་ཅད་ལ་ལན་བདུན་དུ་བཟླས་པར་བྱའོ།། གཏོར་མ་གཞག་གོ། སེང་ལྡེང་གི་ཕུར་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེང་ལྡེང་གི་ཕུར་བུ་དཀྱིལ ་འཁོར་གྱི་དབུས་སུ་བཙུགས་ན་རླུང་དང་། སྤྲིན་དང་། སེར་བ་དང་། སད་ཀྱི་ཉེས་པ་ཐམས་ཅད་བཅིངས་པར་འགྱུར་ཏེ། ཕུར་བུ་མ་བྱུང་གི་བར་དུ་ཐུབ་པར་འགྱུར་རོ།། ཡུངས་དཀར་ལ་ལན་བདུན་བཟླས་ལ་སྤྲིན་ལ ་བལྟས་ཏེ་གཏོར་ན། སེར་བ་ཐམས་ཅད་འཆང་བར་འགྱུར་རོ།། ཤིང་ཀ་ར་བི་རའི་ལྷག་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གདུ་བུར་བྱས་ན་ཐམས་ཅད་དུ་སེར་བ་ཆོད་པར་འགྱུར་རོ།། ཤིང་ཀ་ར་བི་ར་དམར་པོའི། ་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གློག་འབྱུང་བའི་ཚེ་ན་ནམ་མཁའ་ལ་འཕངས་ན་ནམ་མཁའ་ཉིད་དུ་འདུག་སྟེ། བཅིངས་པར་འགྱུར་རོ།། ཚུལ་ལན་འདུན་བཟླས་ཏེ་གཏོར་ན་གྲོལ་བར་འགྱུར་རོ།། འབྲུག་ཟེར་བའི ་ཚེ་རྩ་གསུམ་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཙུགས་ན་རྩེ་གསུམ་པ་མ་བྱུང་གི་བར་དུ་འབྲུག་ཟེར་ཏེ་སྤྲིན་བཅིངས་པར་འགྱུར་རོ།། ཕྱུང་ནས་གྲོལ་བར་འགྱུར་རོ།། རལ་གྲི་ལ་ལན ་བདུན་བཟླས་ཏེ། ཀླུའི་ཕྱག་རྒྱ་དཀྱིལ་མོ་དཀྲུང་གིས་བཟུང་ལ་སྤྲིན་ལ་བལྟས་ཏེ་འདུག་ན་བཟུང་མ་ཐག་ཏུ་མཐའ་དག་འབར་བར་འགྱུར་ཏེ། ཀླུ་ཐམས་ཅད་ལྐུག་པར་འགྱུར་རོ།། རལ་གྲི་ཐོགས་ལ་ལན་བརྒྱ་རྩ་བརྒྱད ་བཟླས་ཏེ། གུར་གུམ་གྱིས་དེའི་སྟེང་དུ་ནམ་མཁའ་ལྡིང་བྲིས་ནས་ཇི་ལྟ་ཇི་ལྟ་བུར་བསྐོར་བ་དེ་ལྟ་བུར་ནམ་མཁའ་ལྡིང་གི་འདབག་ཤོག་ཀླུའི་ལུས་ལ་འབབ་པར་འགྱུར་ཏེ། ཀླུ་ཐམས་ཅད་སྐྲག་ཅིང་ཕྱོགས་བཅུར ་འབྲོས་པར་འགྱུར་ཏེ། ཕྱིས་རླུང་དང་སེར་བ་འབེབས་མི་ནུས་སོ།། ཤིང་ཀ་ར་པི་རའི་མེ་ཏོག་དང་ཡུངས་དཀར་བསྲེས་ཏེ། དཀྱིལ་འཁོར་དུ་ལན་དྲུག་བཅུ་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་གྲང་བའི་སྟོབས་བྱེད་པ་དང་། ་སེར་བ་དང་ཁ་བའི་བར་ལ་སོགས་པ་ཐུབ་པར་འགྱུར་རོ།། གང་གི་ཚེ་ཆར་དགོས་པར་འགྱུར་བ་དེའི་ཚེ་ཆར་འབེབས་སོ།། སྤྱི་ཚིལ་ལ་ཀྭའི་གཟུགས་ཚར་སོར་བཞི་པ་མགོ་ལྔ་པ་བྱས་ཏེ། གསེར་གྱིས་གཡོགས་ལ་སྟེང ་གོས་དཀར་པོས་གཡོགས་ཏེ། རྩ་བའི་སྔགས་ལན་སྟོང་བཟླས་པ་བྱས་ལ། བུམ་པ་སར་པ་མ་སྤྱད་པའི་ནང་དུ་བཅུག་སྟེ། ལུས་གོས་ཀྱིས་དཀྲིའོ།། རྒྱས་གདབ་བོ།། པའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ ་བྲ་པོས་དང་ཡུངས་དཀར་གྱིས་གཏོར་ལ་བདུག་པས་བདུག་སྟེ། སྔགས་འདི་བརྗོད་པར་བྱའོ།། བལ་པོ་སེའུ་ཤིང་གི་ལྷག་མ་ལ་ལན་འདུན་བཟླས་ཏེ། བུམ་པ་ལ་དལ་བུ་དལ་བུས་གཞུས་ན་སེར་བ་ཐམས་ཅད་བུམ་པའི་ནང་དུ ་འཕོའོ། ། ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། ཀླུའི་རྒྱལ་པོའི་གཟུགས་སྒྲ་ཚིལ་ལ་བྱས་པ་ལ་ཀླུ་ཐམས་ཅད་ཀྱི་མིང་བྲིས་ན་གང་གི་མིང་གིས་རིགས་བརྗོད་པས་ཀླུང་དབང་དུ་འགྱུར་ཏེ། འཁོར་དང་བཅས་པ་བྲམ་ཟེའི་གཟུགས ་ཀྱི་མདུན་ན་འདུག་ཅིང་ཅི་བསྒོ་བ་དེ་ཐམས་ཅད་བྱེད་དོ། ། ཀླུའི་རྒྱལ་པོ་ཆོས་ཅན་མ་ཡིན་པ་ཡུལ་ཡོངས་སུ་མི་སྐྱོང་བ། ལོ་ཏོག་དང་འབྲས་བུ་ཆུད་གཟོན་པའི་ཀླུའི་ཁྱིམ་དུ་སོང་སྟེ། ཤིན་ཏུ་ཁྲུས་བྱས་ལ་གོས་དཀར་པོ ་གཙང་མ་བགོས་ཏེ། རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ན། ཀླུའི་ཁྱིམ་དེ་ནས་བུད་མེད་རྒན་མོ་དགའ་བྱུང་ཞིང་། རིག་པ་འཛིན་པ་ཅི་ཚོལ་ཞེས་ཟེར་བ་དང་། ལན་མི་གདབ་པར་རྡོ་རྗེ་ས་ལ་བརྡབ་པར་བྱའོ།། ཕཊ་ཞེས་བྱ་བ། ་བརྗོད་པར་བྱའོ།། ཀྲ་རྒན་མོ་དེ་དྲས་ནས་ཤིའོ་ཤིའོ་ཞེས་ཟེར་ཞིང་ཁྱིམ་དུ་འཇུག་གོ།། དེ་ནས་ཀླུ་རྣམས་འདུས་ཏེ་སྔངས་སྐྲག་སྟེ། ཁྱེའུ་ཡི་གཟུགས་སུ་བསྒྱུར་ནས་རིག་པ་འཛིན་པའི་མདུན་དུ་འདུག་སྟེ། ཀྱེ་རིག ་པ་འཛིན་པ་ཅི་ཞིག་ཚོལ། རིག་པ་འཛིན་པས་སྔར་སྔགས་བརྗོད་ལ། ཁྲོས་པས་བལ་པོ་སེའུ་ཤིང་གི་ལྷག་མ་ས་ལ་བརྡབས་པ་དང་། ཁྱེའུ་ཡི་གཟུགས་ཅན་དེས་ལ་འགྲེ་ལྡོག་ཅིང་། ཀྱེ་རིག་པ་འཛིན་པ་ཅི་ཞིག་ཚོལ ་ཞེས་སྨྲའོ། ། རིག་པ་འཛིན་པས་སྙིང་རྗེ་མེད་པར་བྱ་སྟེ། བསྒྱེལ་པའི་ཚུལ་གྱིས་བསྒྱེལ་བ་དང་། འདི་སྐད་ཅེས་ཀྱི་རིག་པ་འཛིན་པ་བསྒོ་བ་ཐམས་ཅད་བགྱིད་དོ་ཞེས་སྨྲའོ།། དེ་ནས་རིག་པ་འཛིན་པས་འདི་སྐད་ཅེས་བརྗོད་དོ།། ་དེ་བཞིན་གཤེགས་པའི་དམ་ཚིག་བསྲུངས་ཤིག། བསྲུང་ངོ་།། རིག་པ་འཛིན་པས་ཡང་འདི་སྐད་ཅེས་བརྗོད་དོ།། དགེ་བ་བཅུ་ཟུང་ཤིག། འཛིན་ཏོ།། རིག་པ་འཛིན་པས་ཡང་གསུམ་ལ་སྐབས་སུ་གསོལ། གཏང་ངོ་།། རྗེས ་སུ་འཛིན་ཏོ། ། རིག་པ་འཛིན་པ་ཕུར་བུ་དབྱུང་དུ་གསོལ། མི་དབྱུང་ངོ་།། འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པའི་དམ་ཚིག་བཟླས་པ་རྗེས་སུ་ཟུང་ཤིག། གདོད་པུར་བུ་དབྱུང་ངོ་ཞེས་བྱའོ།། འོན་དང་ཀླུ་དེ ་འཁོར་དང་བཅས་ཏེ་རྐང་པ་གཉིས་ལ་གཏུག་གོ། གསུམ་ལ་སྐྱབས་སུ་འགྲོ་བར་བྱ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྗེས་སུ་སྦྱིན་པར་བྱའོ།། དམ་ཚིག་རྗེས་སུ་འཛིན་དུ་གཞུག་གོ།། དེ་ནས་གདོང་ཕུར་བུ་ཕྱུང་ལ་དེ་ཉིད་དུ ་ཁ་ཟས་ཀྱང་བྱིན་དང་། ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། རང་གི་ཁྱིམ་དུ་འཇུག་པ་བཞིན་དུ་ཞུགས་ཤིག། ལས་སུ་བྱ་བ་རྣམས་ཅི་འདོད་པ་བཞིན་དུ་བྱ་བ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ།། གང་དུ་གཏང་བ་དེར ་འགྲོའོ། ། བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ།། ཀླུའི་ཁྱིམ་དེར་ཕྱིས་ཀླུ་མི་སྲུན་པ་མི་འབྱུང་ངོ་།། དུས་དུས་སུ་ཆར་གྱིས་རྒྱུན་འབེབས་སོ།། དུས་དུས་སུ་ལེ་ཏོག་སྒྲུབ་བོ།། དེར་མེ་ཏོག་དང་། འབྲས་བུ་དང་། ལོ་མ་རྣམས་སྒྲུབ་པོ།། ་ཕྱིས་གནོད་པ་བྱེད་པར་མི་འགྱུར་རོ།། བླགས་པས་འགྲུབ་པའི་གཟུངས་ཆེན་པོ་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། ལས་ཐམས་ཅད་འགྲུབ་མཆོག་འགྲུབ་པ། བླ་ན་མེད་པའོ།། རྩ་བའི་སྔགས་ཀྱི་བྱ་བའི་ཆོ་ག་དང་བཅས་པ་རྫོག་སྷོ།། ་དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་དེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀླུ་ཐམས་ཅད་ཀྱི་སྙིང་འབར་བར ་བགྱིད་པ། དུས་མ་ལེགས་པའི་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་བཟློག་པ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་སྒྲུབ་པ། སའི་རྡུལ་དང་། སྙིང་པོ་དང་། བྱིན་འཕེལ་བར་བགྱིད་པ། རྡོ་རྗེའི་མཆུ་གློག་འབར་བ་ཞེས ་བྱ་བའི་གཟུངས་བརྗོད་པར་བགྱི་ན། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་བསྐྲད་པའི་སླད་དུ། བཅོམ་ལྡན་འདས་དེ་བྱིན་གྱིས་བརླབ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི ་དབང་པོ་ལ་འདི་སྐ་ཅེས་བཀའ་སྩལ་ཏོ། ། རྣམ་མཁའ་ལྡིང་དྲི་བདག་པ་རྡོ་རྫམརྠ་ཞེས་བྱ་བའི་གཟུངས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་དགྲ་བཙམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང ་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་ཀྱང་བྱིན་གྱིས་བརླབས་ཀྱིས་ནམ་མཁའ་ལྡིང་གི་བདག་པོ་ཀླུ་མི་སྲུན་པ་རྣམས་ཚར་གཅད་པའི་ཕྱིར་སྨོས་ཤིག། དེ་ནས་ནམ་མཁའ་ལྡིང་གི་བདག་པོས་རྡོ་རྗེ་མཆུ་ཞེས་བྱ་བའི ་གཟུངས་འདི་སྨྲས་སོ། ། ན་མོ་རད་ན་ཏ་ཡཱ་ཡ། ན་མ་ཤྩ་ཎ་ཊ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་སཱི་ལ་ཀྱཻ་ཨ་དྷི་པ་ཏ་ཡེ། ན་མཿཙ་ཏུ་ར་ནཱ་མ་ཧཱ་རཱ་ཛ་ནཱ་ན། ཨོཾ་བཛྲ་དུན་ཏེ་དུན་ཏ། མ་ཧཱ་དྲན་ཏ། དུ་ཏི་དྱ་ཏི། བཛྲ་ཤི་ཁ་ར་དྲན ་ཏེ། མ་ནི་ཀ་ན་ཀ་བི་ཙི་ཏ། ཨ་བ་ར་ཎ་བི་བ་ཤི་ཏ་ཤི་རི་རེ། དྷྲྀ་ཧཱུཾ་བྷྲཱུཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། ནཱ་ག་རཱ་ཛ་བི་དྲ་བ་ནི་ཧྲིད་ཡན། སྥོ་ཏ་ཡ་བཛྲ་དུན་ཏ་ན། བྷྲྀ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཛྭ་ལ་ཏི་བཛྲ་དུན་ཏེ་ན། ཧ་ནཧཱ་ན། ག་རུ་ཊ་བཀྵ་ནི་བ་ཏེ་ན ་བཝི། ཀུ་དྲ་ཀུ་རུ་ཀུ་རུ་ཀུ་རུ་ཀུ་རུ་དུཥྚཱ་ནཱ་ག་ནཱན། ཧཱུ~ཾནྨཱ་ཙྪི་ནཱ~ཾ་ཙྪ། ཕཊ་ཕཊ་ཕཊ་བཊན་བྷྱོ་བྷོ་བན་ཊཱིག་ན་ཕྲུ་ཆུ་ཧྲུ་དན་ཙ་ནཱག་ས་སྨ་ནི་པོ་དྷརྞ་ཛམ་ཧཱ་བ་ལ་བ་རཀས། ཛྭ་ལ་ཛྭ་ལ། པྲཛྭ་ལ། དྷུདྷཱཪྠ་ཏྲཱཾ་ཏྲཱཾ། བཊ་ཕཊ་ཕཊ། ་ཕཊ་ཕཊ། ཟློག་དྲཊ་རྔ་རྔ་བཛྲ་དུན་ཏེ། སུ་བ་ན་བཀྵ་མ་ཧཱ་བ་ལ། མཧཱ་ཀ་ན་ཀ་ཋི་ཙི་ཛེམ་ངྐུ་དང། བཉྫ་ཡ་ཨུཥྚ་ནཱ་ག་ན། བི་བདུ་བྷྱོ་བ་ཆུབ་ལ་ཏ་ཀན་ཏྲཱ~ཾ་ཏྲ~ཾ། ཕཊ་ཕཊ། གོ་ཤས་ཤི་ཏ་བ་ལ་ཧག་ག་དྲ་ཊ་ཨུ་སྭེ་ན། ཛྫ་ཛྫཛྫཧཱུཾ། ་ཕཊ་ཕཊ་ཕཊ་ཕཊ། བྷ་བྷོ་བཛྲ་དུན་ཏ་པི་ཙུ་ཧྱ་ན། བིད་དུ་ཛྭ་ལ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བན་ཛ་ཡ། སརྦེ་ཤ་ར་ནི་མ་ཏི་ཀྲ་མ་སི་མན། བྷོ་བ་ན་ནཱ་གེན་དྲམ་ཏེ། བཛྲ་དུན་ཏེ། ན་མཱུ་ར་ནན། སྭ་ཏ་ཡཱ་མི། ཧ་ར་ཧ་ར། པྲ་ཧ་ར་ཧཱུཾ་ཕཊ། ་མ་ཏ་མ་ཏ། སརྦ་ནཱ་ག་ནན་ཧཱུཾ་ཧཱུཾ་ཕཊ། ཏ་ཐཱ་ག་ཏ་བ་ཙ་ན་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཕཊ། བཛྲ་པཱ་ཎི་ས་མ་ཡ། མ་ནུ་པཱ་ལ་ཡ། ཧཱུཾ་ཧཱུ~ཾ་ཕཊ། ཏྲཻ་ལོ་ཀྱ་ཨ་དྷི་པ་ད་ར་པཱ་ཙ་ན་མ་ནུ་པཱ་ལཱ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ། ས་རཱ་ས་རཱ། སཱ་རཱ་སྥ་རཱ། ས་མ་ཡ། མནྱ ་ཛྭལ་ལ། དྲི་ངནས་རྐྱེན། དྷཱ་ཏྲ~ཾཊྚ། བཊ་ཕཊ། ཐི་བཛ་དུན་ཏཱ་ས་རྦ་ཐཱ་ག་བིདྲི་ན་ཀར་ཧཱུ~ཾ་དྷ་པཊྚ་སྱཱ། དྲི་དན་སརྠ་ཛྭ་ལཱ་ལ། ཏྲཱ~ཾཥྚ་ཧཱུཾ་བཊྚ། ཐ་ས་དན་ཏ་ཧ་དས་ཎྱེ་ཧཱུ~ཾ་བྷ~ཾ་ཕཊ་སྭཱཿ། བི་ནི་ཙག་ཏཏ། ཏྲཱ~ཾ་ཏྲཱ~ཾ་ཧཱུ~ཾ་ཕཊཿ ་མ་ཧེ་ཤཱ་ར་ཏྲི་ཤཱུ་ལ་ཧསྟཱ་ཡ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱཧཱ། ག་རུ་ཌ་ཏེ་ཛ་ཧ་ཏཱ་ཡ་ཧཱུཾ་བྷྲཱུཾ་ཕཊ་དྷྭརྠ། ག་ར་ཌ་བི་ཀྲ་སཱ་ཡ་ཧཱུ~ཾ་དྷཱི་ཧཱུ~ཾ་ཕཊ་ཏྲཱརྠ། ཥཱ་ག་ཀུལ་ན་ཤ་ནཱ་ཡ་ཧཱུཾ་ཧཱུ~ཾ་ཕཊ་སཱཏྨ། ག་ར་ཎ་སརྦ་ཨ་ཤ་ནི་བ་བཱ་ན་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། སརྦ་བཱ་ཙ ་བ་ཡུ་སུ་བཀྵ་ནཱ་ཡ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཨརྦ་ཨ་ཀ་ལ་བ་ཏ་སེ་གྷ་ཨ་ཤྭ་ནི་བ་ར་ནཱ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། མརྡྷ་བཛྲ་ཛྭ་ལ་སྭཱ་ཧཱ། སརྦ་དུཥྚཱ་ནནྡ་ག་བི་ན་ཤ་ཀཱ་ཡ་སྭཱ་ཧཱ། ག་རུ་ཌ་ཏྲི་ད་ཡ་སྭཱ་ཧཱ། ག་རུ་ཌ་དུ་ན་ཏཱ་ཡ་སྭཱ་ཧཱ། སརྦ་ན་ཤ་ནཱ་ཡ ་སྭཱ་ཧཱ། ཨོཾ་དུ་རུ་དུ་རུ་སྭཱ་ཧཱ། མུ་རུ་མུ་རུ་སྭཱ་ཧཱ། ཏུ་རུ་ཏུ་རུ་སྭཱ་ཧཱ། དི་རི་དི་རི། རུ་རུ་རུ་རུ་རུ་རུ་རུ་རུ་རུ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། ནམ་མཁའ་ལྡིང་གི་དབང་པོས་རྡོ་རྗེ་མཆུའི་གཟུངས་འདི་བརྗོད་མ་ཐག ་ཏུ་ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་ཁས་བུབ་དུ་འགྱེལ་ནས་ལུས་རྡུལ་བྱུང་ཞིང་ལུས་རབ་ཏུ་འདར་ཏེ་བརྒྱལ་ནས་སེལ་འགྲེ་ལྡོག་གོ། ཀྱེ་མའོ་གཟུངས་ཆེན་པོ་སྔགས་ཀྱི་ཚིག་མི་བཟང་བ་དག་སྨྲས་སོ ་ཞེས་འཛེར་ཞིང་། ཐམས་ཅད་ལུས་འདར་ཡང་ཡེང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱབ་དུ་གསོལ། བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ། བཅོམ ་ལྡན་འདས་བདག་ཅག་སླན་ཆད་འཛམ་བུའི་གླིང་དུ་མ་རུང་བར་མི་བགྱིད་དོ། ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་མ་རུང་བར་མི་བགྱིད་དོ།། བཅོམ་ལྡན་འདས་ས་ཕྱོགས་འདི་མཆོད་རྟེན་དང་འདྲ་བར་འཛིན་ཏེ། གང་ན་ཆོ་གའི ་རྒྱལ་པོ་ཆེན་པོ་འདི་སྤྱོད་པ་དང་། གང་ན་གནས་པས་སྤྱོད་པ་དེར་བཅོམ་ལྡན་འདས་བདག་ཅག་གིས་རྒྱུན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་དང་འདྲ་བར་འཛིན་ཏོ།། ཡུལ་ལམ། གྲོང་ཁྱེར་རམ། ལྗོངས་སམ། རི་བྲགས ་ཁམ། གྲོང་དམ། གཙུག་ལག་ཁང་སྟེ་རྟག་པར་རྐུན་དུ་བསྲུང་བ་དང་། བསྐྱང་བ་དང་། སྦ་བར་བགྱིའོ།། སང་དང་། རླུང་དང་། སེར་བ་དང་། དུས་མ་ལགས་པའི་སྤྲིན་ཐམས་ཅད་སྦམ་པ་དང་། མངར་བ་དང་ཡིད་དུ་འོང་བ་དང་། རོ་ན ་བ་དང་། སྙི་བ་དང་། རོ་བྲོ་བའི་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་བསྒྲུབ་པར་བགྱིའོ།། འཐབ་པ་དང་། སྡིག་པ་ཐམས་ཅད་བྱང་བ་དང་། ལྟས་ངན་པ་ཐམས་ཅད་བསལ་བར་བགྱིའོ།། དུས་དུས་སུ་ཆར་གྱི་རྒྱན་དབབ་པར ་བགྱིའོ། ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམས་ཡང་དག་པར་འགྲུབ་པར་བགྱི། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། བྱི་བ་དང་། སྦྲུལ་དང་། སྦལ་བ་དང་། ཏྲེ་མ་བུ་ཀ་དང་། མ་ཀྵི་ཀ་དང་། ཏྲེ་ལ་ཏ་དང་། ཤ་ཏ་པ་ད་དང་། བུང་བུ ་དང་། ནེ་ཙེ་དང་། རི་སྐེགས་ཀྱིས་འཇིགས་པ་ཐམས་ཅད་མེད་པར་བགྱི། རྣམ་པར་འཇིག་པར་བགྱི། ཡམས་ཀྱི་ནད་དང་འགྲོ་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། བཟློག་པར་བགྱིའོ།། བཅོམ་ལྡན་འདས་སླན་ཆད་སྡིག་པའི་ལས ་ཀུན་དུ་སྤྱོད་པའི་ཚུལ་མི་སྤྱོད་པར་བགྱི། ཆར་གནོད་པར་འབབ་པ་དང་། དུས་མ་ལགས་པའི་ཆར་ཐམས་ཅད་མ་མཆིས་པར་བགྱིའོ།། བཅོམ་ལྡན་འདས་རང་གི་མནའི་ཡི་དམ་གྱིས་གནས་པར་བགྱིའོ།། བཅོམ་ལྡན་འདས ་དཀོན་མཆོག་གསུམ་གྱི་དགོངས་པ་བསླབ་པའི་སྡོམ་པ་ཡོངས་སུ་བསྐྱང་པར་བགྱིའོ། ། བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད། བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་པར ་བགྱིད་དོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བཀའ་ལུང་བཞིན་དུ་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བགྱིའོ།། ཀུན་དུ་འཛིན་པར་བགྱིའོ།། དགེ་བ་དང་། བདེ་བ་དང་། ལོ་ལེགས ་པ་ཀུན་དུ་བསྒྲུབ་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ལ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་རྒྱལ་པོ་དག་དེ་ལྟར་གྱིས་ཤིག། ཡལ་བར་མ་གཏང་ཤིག། དེ་ནས་དེའི་འོག་ཏུ ་ཆོག་བྱ་བ་བརྗོད་པར་བྱ་སྟེ། སྔགས་འདི་དཔའ་བ་གཅིག་པུ་ནི་ལས་ཀུན་བྱེད་པ་དགེ་བ་སྟེ།། ཤེས་རབ་ཅན་གྱིས་ལན་ཅིག་དྲན།། དགོས་པ་ཐམས་ཅད་བྱེད་པར་འགྱུར།། མཐོན་པོའི་གནས་སུ་མཁས་པ་ཡིས།། སྒྲ་སྐད་ཆེན ་པོ་བརྗོད་པར་བྱའོ། ། གནས་གང་དང་གང་དུ་སྒྲ་བསྒྲགས་པ་དེ་དང་དེར་དུས་མ་ཡིན་པའི་རླུང་དང་། སད་དང་། སྤྲིན་དང་། སེརབ་དང་། གློག་ཐམས་ཅད་ཀྱིས་མི་ཚུགས་སོ།། སུས་ཀྱང་བྱིན་འཕྲག་པར་མི་ནུས་སོ།། གཙེ་པར་མི་ནུས་སོ།། ་གནས་མཐོན་པོའི་རིར་མ། དགོན་པའི་གནས་སམ། གྲོང་དམ། གཙུག་ལག་ཁང་ངམ། གནས་ཁང་ཤིན་དུ་མཐོ་བ་དེར་རིག་པ་འཛིན་པ་གཙང་མར་བྱས་ཏེ། གོས་གཙད་མ་དཀར་པོ་བགོས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བའི་རྒྱུ ་པ་དང་འཇིམ་པ་བསྲེས་པས་དཀྱིལ་འཁོར་འཁྲུ་གང་གྲུ་བཞི་པ་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་མདའ་གང་ཙམ་པ་ཅིག་བཙུགས་ཏེ། སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། དཀྱིལ་འཁོར་གྱི་གྲཝ་བཞིར་སེང་ལྡེང་གི ་པུར་བུ་སོར་བརྒྱད་པ་གཙུགས་ཏེ། སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ལ། ཚོན་སྣ་ལྔ་པའི་སྐུད་པས་ལན་གསུམ་འཁྲིས་པར་བསྐོར་རོ།། དཀྱིལ་འཁོར་གྱི་དབུས་སུ་བོག་བོར་བཞག་ལ་ལན་བདུན་བཟླས་པའི་བདུག ་པས་བདུག་གོ། ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ལ་ཡུངས་དཀར་གྱིས་གཏོར་རོ།། མེ་ཏོག་སིལ་མས་གང་བར་གཏོར་རོ།། ཕྱོགས་བཞིར་གཏོར་མའི་བུམ་པ་བཞི་གཞག་གོ། དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་གཞག་པར་བྱ ་སྟེ། ཞོ་དང་འོ་མ་དང་། འབྲས་བཙོས་པ་དང་། བུ་རམ་དང་། ཤ་ཀ་རས་གདབ་པོ།། ཆུ་དང་ཡུངས་དཀ་ར་ལ་སྔགས་ལན་ལྔ་བརྗོད་དེ། ཕྱོགས་བཞིར་མཚམས་གཅད་པར་བགྱི། ཟླ་བ་ཉལ་སྦྱོར་བ་བྱའོ།། སྐད་ཆེར་བཀླགས་ལ་ཕྱོགས ་བཞིར་དང་། སྟེང་དང་འོག་ཏུ་ཡུངས་དཀར་གཏོར་ཞིང་། ཀླུ་ཐམས་ཅད་ཀྱི་སོ་སོའི་མིང་ནས་བརྗོད་ན། ཆོ་ག་འདི་བྱས་མ་ཐག་ཏུ་དུས་མ་ཡིན་པའི་རླུང་དང་། སྤྲིན་དང་། སེར་བ་དང་། ཀླུ་མི་སྲུན་པ་ཐམས་ཅད་བཅིངས་པར་འགྱུར། ཐུབ་པ ་འགྱུར་རོ། ། ལྟས་ངན་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་དང་། གདོན་འབྱུང་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་རྒྱད་རིང་དུ་སྤངས་པར་འགྱུར་རོ།། དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་མཚམ ་བཅད་པར་འགྱུར་རོ། ། ད་ཐམས་ཅད་དང་། ན་བ་ཐམས་ཅད་དང་། གནོད་པར་སེམས་པ་དང་། རབ་ཏུ་གནོད་པར་སེམས་པ་དང་། ཕྱིར་རྒོལ་བ་དང་། ཕྱིར་གནོད་པར་བྱེད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། མེ་ཏོག་དང ་འབྲས་བུ་དང་། ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་འགྲུབ་པར་འགྱུར།། ལེགས་པར་ཡོངས་སུ་སྨིན་པ་དང་། རོ་ཞིམ་པར་འགྱུར་རོ།། ས་བོན་ལགས་པར་བཏབ་པ་ཐམས་ཅད་ལེགས་པར་འཐུངས་པར་འགྱུར་རོ།། ་གཤེད་བྱེད་དང་། ལས་དང་། བྱ་སྟེ་མ་ཐམས་ཅད་རྣམ་པར་འཇིག་པར་འགྱུར། མི་ཚུགས་པར་འགྱུར་རོ།། ཇི་སྲིད་དུ་ཕུར་བུ་མ་བྱུང་བ་དེ་སྲིད་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ།། དེ་སྲིད་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན ་འབེབས་སོ། ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་རྒྱས་པར་འགྲུབ་པར་འགྱུར་རོ།། གང་དང་གང་དུ་དགོས་པར་འགྱུར་བ་ཐམས་ཅད་ལན་ཅིག་དྲན་པར་བྱས་ན་འགྲུབ་པར་འགྱུར། སྤྲ་ཚལ ་ལས་ནམ་མཁའ་ལྡིང་གི་གཟུགས་སོར་བརྒྱད་པ་དཀྱིལ་མོ་དཀྲུང་བཅས་པ། མདབ་མ་བརྒྱད་པ། ཀླུ་རྒྱལ་གདན་དུ་བཏིང་བ། མགོ་དགུ་པ་མགོ་རྒྱན་དུ་ཐོགས་པ། ཀླུ་མགོ་གསུམ་པ་ལག་པ་གཡས་ན་ཐོགས་པ། ནོར་བུ་རིན་པོ་ཆེ ་འབར་བ་ལག་པ་གཡོན་ན་ཐོགས་པ། གསེར་གྱི་གཡོགས་པ་བྱས་ཏེ། ཆོ་ག་བཞིན་དུ་ཚོན་གྱིས་རི་མོ་བྲིས་ལ། སྟན་སྣ་ཚོགས་ཀྱི་སྟེང་དུ་བཞག་ལ། ཉིན་ཞག་གཅིག་ལ་སྔགས་སྟོང་བརྗོད་དོ།། ན་མ་ལུས་ཀྱིས་མི་ཐུབ་པའི་ཆ ་ཁ་ཟས་དཀར་པོ་བཟའ་བར་བྱ་སྟེ། ཡང་ཁྲུས་བྱས་ལ་བསྒྲུབ་པར་བྱའོ།། གུ་གུལ་གྱིས་བདུག་གོ། མེ་ཏོག་དང་། བདུག་པ་དང་། གཏོར་མ་ཅི་འབྱོར་པ་སྦྱར་རོ།། མར་མེ་བཏང་ལ། དེའི་མདུན་དུ་ཉལ་ན་སྟོན་པར་འགྱུར་ཞིང ་ལས་ཐམས་ཅད་བརྗོད་པར་འགྱུར་རོ། ། མཆོག་ཐམས་ཅད་སྦྱིན་པར་འགྱུ་རོ།། ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཅི་བསྒོ་བ་བྱེད་པར་འགྱུར་རོ།། ལང་ལོང་མེད་པའི་གནས་སུ་བཞག་ལ། ནམ་ཐན་པ་བྱུང་བའི་ཚེ།། རིག ་པའཛིན་པས་བླངས་ཏེ། ཀླུའི་གནས་སུ་བཀུར་བར་བྱ།། ཀླུའི་གནས་མཚོར་བཞག་ལ། མེ་ཏོག་དང་། བདུག་པ་བྱིན་ལ། ཡུངས་དཀར་ལ་སྔགས་ལན་གསུམ་བཟླས་ཏེ་གནས་སུ་གཏོར་ན་འཕྲལ་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན ་འབེབས་སོ། ། གལ་ཏེ་འཕྲལ་དུ་ཆར་གྱི་རྒྱུན་མི་འབེབས་ན། དེའི་ཕྱིར་ཀླུ་གནས་ཀུན་དུ་ནམ་མཁའ་ལྡིང་གིས་གང་བར་མཐོང་བར་འགྱུར། གནས་མེ་ལྕེ་གཅིག་ཏུ་འབར་བར་འགྱུར། བྱེ་ཚན་མགོ་ལ་འབབ་པར་འགྱུར། ཆུ་སྐམས ་པར་འགྱུར་རོ། ། ཐན་པ་བྱུང་བའི་ཚེ་སྤྲིན་ལ་བསྟན་ན་ཆར་འབེབས་པར་འགྱུར་རོ།། རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། ཆར་སྤྲིན་ལ་བསྟན་ན་སྐད་ཅིག་ཏུ་མེད་པར་འགྱུར་རོ།། དཔག་ཚད་བདུན་གྱི་ནང་དུ་ཕྱོགས་བཞི་ཀུན ་དུ་སེར་པ་མི་འབབ་ཅིང་། སད་དང་དུས་མ་ཡིན་པར་རླུང་གིས་མི་ཚུགས་པར་འགྱུར་ཏེ། ཐམས་ཅད་ཐུབ་པར་འགྱུར། རླུང་འཁྲུགས་པའི་ཚེ་ལམ་གྱི་བཞི་མདོར་བཞག་གོ།། ཡང་ན་གྲོང་ཁྱེར་གྱི་སྒོར་རོ།། ཡང་ན་རྒྱལ་པོའི་སྒོར ་གཞག་གོ། ། དེས་རླུང་ཐམས་ཅད་ཆོད་པར་འགྱུར་རོ།། རླུང་ཆེན་པོ་རྣམ་པར་འཐོར་རླུང་ཡང་ཆོད་པར་འགྱུར་རོ།། བྱིས་ལྡད་མི་ནུས་སོ།། བསྟན་མ་ཐག་ཏུ་ཀླུ་ཐམས་ཅད་འབྲོས་པར་འགྱུར་རོ།། རྡོ་རྗེ་མཆུའི་གཟུངས་ལས་ཐམས ་ཅད་བྱེད་པ་ནམ་མཁའ་ལྡིང་ཀླགས་པས་གྲུབ་པ་མཆོག་ཏུ་འགྲུབ་བོ། ། དེ་ནས་ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཚོགས་པས་ཀྱང་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བགྱི་བའི་གཟུངས་བརྗོད་པར་བྱ་སྟེ། ཀླུ ་ཐམས་ཅད་ཀྱི་སྙིང་འཕྲོག་པ། སྙིང་འགེམས་པ། ཀླུ་མ་སྲུན་པའི་རིགས་ཕུང་བར་བགྱིད་པ། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་སེལ་ག་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་སྒྲུབ་པ་འབུལ་ན། སེམས་ཅན ་ཐམས་ཅད་ལ་སྨན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོད།། རྒྱལ་པོ་ཆེན་པོ་བཞི་དག་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་རས་བྱིན་གྱིས་བརླབས་ཀྱིས་བརྗོད་ཅིག། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་གཟུངས་འདི་སྨྲས་སོ།། ན་མོ་རང་ན་ཏྲ་ཡཱ་ཡ། ན་མོ་བྷ་ག་བཱ་ཏེ། ཤཱཀྱ་མུ་ནི་སེ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་ས་མྱག་ས~ཾ་བུད་དྷཱ་ཡ། ན་མ་ཤྩ་ན་ཏ་བཛྲ་དྷ་རཱ་ཡ། མ་ཧཱ་བ་ལ་བ་ར་ཀྲ་མཱ་ཡ། ་ནེ་མསྟེ་ལོ་ཀྱ་མཱུར་ཏ་ཡེ། ན་མ་ཤུ་ཏུ་ར་ནཱན། མ་ཧཱ་པཱུ་ཛ་ནཱན། ན་མཿབཛྲ་ཤ་ནི་ཛྭ་ལི་ཏ་རོ་ཏད་ཏ་ཧ་སཱ་ཡ། ཛ་ཡ་མ་ཧཱ་བ་ལ་བཱིརྱ་བ་ར་ཀྲ་མ་ཀྲོ་དྷ་རཱ་ཛ་བྲཧྨ་སུ་བྲཧྨ་བྲཧྣི་སྭ་ར་བྷོ་བྷོ་ནཱ་ག་ཨ་དྷི་བ་ཏི་བི་ས་ར་ད་བི་ས་ར། མ་རེ་བྲཧྨ་དན ་ཏེན་མཱུར་དྷནཱ་ན~ཾ། པྲཏཱ་ཡ་ཏྲཱུཾ་ཧཱུ~ཾ་ཕཊ། བྷ་ར་བྷཱ་ར། བིཀྵཱ་ཙཀྲ་ཧ་ཏན་པོ་ཤཱ་ནཱ་གན་དུ་མ་ཏི་བིཥྛ་ཙཀྲ་ཤཱི་ཙཱན་ད་མི། ཏྲ་ཏེ་དྱ་ཏཾ། ལི་ལི་ལྀ་ལི། ཏྲཱ~ཾ་ཧཱུ~ཾ་ཕཊ། མྲི་ཏྲ་མུ་ཧུ་མཱ་དྷན་ཏུ་སརྦ་དུཥྚཱ་ནཱ་གན། སོ་ཊ་ལ་ཧྲཱིད་ཡན་མ་ཧེ་ཤཱ་ར་དྷ ་ཏཏྲི་ཤཱུ་ལ་དྷ་ར། ཧ་ན་ཧན་ཧཱུ~ཾ་ཧཱུ~ཾ་ཕཊ། མུ་ཙི་མུཿ། ཏུ་ཏི་ཏྱེ་ཏི། བྷ་བ་བྷ་བ། ཀྵི་ནརྀ་ཀྵི་ནཀླྀ་ནི། ཙ་ཏུར་ནན། མ་རི་ཙན་ན། ཛྭ་ལ་ཏ་ཤ་ཀ་ཏི་དྷ་ར་དྷ་ར་དྡེ་ཧཱུཾ་ཕཊ། སྥུ་ར་སྥུར། ཁི་སྥུར་བི་སྲུར། ན། དུཥྚཱ་ན་ནཱ་ག་ཧྲྀ་ད་ཡན། སོཏ་མེ་ཧཱུཾ་ཧཱུཾ ་ཕཊ། ས་པ་ར་སཾ་ཧ་ར། རུཥཱ་ན་ཡ་ཤ་ནི། ཁ་ཏི་ནཱ་ག་ན་ཤི་ཏ་བི་དྷུ་ཛྭ་ལ་བྷསྨིཾ་ཀུ་རུ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨར་བྷོ་ནཱ་ག་ཨ་དྷི་བ་ཏེ་བཛྲི་པཱ་ཡ་བྷོ་བྷོ་ཏུ་ཏི་ཏུ་ཏི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨ་ཤ་ནི་ན་ན་ཤཱ་ཡ་ཧཱུཾ་པ་ཊ ་སཱཿ། སདུན་གཟུང་མ། ཁ་ཅོཾ་ཊ་ལ་དྷི་བཛྲ་བྷཱུརྠ། བང་དུ་བལ་ག། མ་ཐཱཏྨ། བསྒྲས་སྭཱ། བཀྵ་མུ་ཐཱཿ། མ་ཧེ་ཤཱར་རྫ་གས་ས་ཨཱ། ཙཅུར་མདུན་རྣམམ་པ་རྟན་པ་སྭཱ་། བྷང་གཱ་མ་སྭཱ། ག ་ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། ཨོཾ་དྷི་རི་དྷི་རི་སྭཱ་ཧཱ། ཛྭལ་ཏེ་བག་ཏཱ་ཡ་སྭཱ་ཧཱ། རོ་མ་ཧཱ་ར་ན་ཤཱ་ཡ་སྭཱ་ཧཱ། ཛུ་ཏི་ཛྲ་ཏི་ཛྲ་ཏེ་སཱ་ཧཱ། ཕཊ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། དེ་ནས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བྱ་བའི་གཟུངས་འདི་བརྗོད་མ་ཐག ་ཏུ་ཀླུ་མི་སྲུན་པ་ཐམས་ཅད་ལུས་རུལ་ཏེ་དྲི་མི་ཞིམ་པར་གྱུར་ཏོ། ། ལུས་ཤིག་ཤིག་པོར་གྱུར་ཅིང་། ཤ་བཀྲེས་བཏབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱབ ་དུ་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པར་གྱུར་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་བརླག་གོ། བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚོ་བར་མི་བགྱིད་དོ།། གནོད་པར ་མི་བགྱིད་དོ། ། བཅོམ་ལྡན་འདས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུའི་གཟུངས་འདི་བརྗོད་པ་དེར། བཅོམ་ལྡན་འདས་ཀླུ་ཐམས་ཅད་གནོད་པར་སེམས་ཤིང་མི་མཆི་སྟེ། ཐན་ལྟ་བར་ཡང་མི་བགྱིད་ན་འཇུག་པ་ལྟ་སྨོས་ཀྱང་ཅི་འཚལ། ་དེ་ནས་འདིའི་ཆོ་ག་བརྗོད་དེ། གཟུངས་འདི་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ལུས་དུམ་བུ་དུམ་བུར་འཕྲུལ་ལོ།། ལུས་དྲི་མི་ཞིམ་པར་འགྱུར་རོ།། ཡུངས་དཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་གཏོར་ན་ཀླུ་ཐམས་ཅད་བཅིང ་པར་འགྱུར་རོ། ། དཔག་ཚད་བདུན་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར་རོ།། རྡོ་རྗེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱས་ཏེ། ཀླུ་བཟློག་པར་བྱའོ།། ལན་ཅིག་བརྗོད་ན་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ལྡོག་གོ།། ཐམས ་ཅད་མེད་པར་འགྱུར་རོ། ། དྲན་པ་ཙམ་གྱི་སེར་བ་ཐམས་ཅད་སྐད་ཅིག་ཏུ་མེད་པར་འགྱུར་རོ།། གལ་ཏེ་འབབ་ན་ཡང་ཡུད་ཙམ་གྱིས་ཆུར་འགྱུར་རོ།། སེར་བ་འབབ་པའི་དུས་ན་རྡོ་རྗེ་བསྐོར་ན་ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འདྲིས ་པབར་འགྱུར་ཏེ། ཕྱོགས་དེར་སེར་བ་མི་འབབ་པར་འགྱུར་རོ།། ནང་པར་དབེན་པར་སོང་སྟེ། ནང་དུ་ཡང་དགའ་ཇོག་ཏུ་ཞུགས་ལ། དཀྱིལ་མོ་དཀྲུང་གི་ཕྱག་རྒྱ་བཅིངས་ཏེ། སྔགས་འདི་ལན་སུམ་བཅུ་རྩ་གཉིས་བརྗོད་དེ་བརྗོད་མཐག་ཏུ་རླུང ་དང་། སྤྲིན་དང་། སེར་བ་ཐམས་ཅད་མེད་པར་འགྱུར་རོ།། རླུང་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། མི་འབྱུང་བར་འགྱུར་རོ།། ཡུངས་དཀས་ཕྱོགས་བཞིར་གཏེར་ན་ལོ་གཅིག་ཁྲུང་དཀོར་དུ་མཚམས་ག་ད་པར་འགྱུར་འོ།། ང་གི་སྨད་དང་། ་སེ་བ་ཐམས་ས་ད་མི་ང་པར་ཡུང་རོ། མམས་ཅད་དབང་དུ་གྱུར་རོ།། བུ་དང་ཚ་བ་འཁོར་དང་བཅས་པརྒྱུན་དུ་རྐུན་མི་འཆད་པར་བྱི་བཞིན་འབྲང་བར་འགྱུར་རོ།། ལས་ཐམས་ཅད་བྱེད་པར་འགྱུར་རོ།། དེ་ལ་བུལ་ལན་ཉི་ཤུ་རྩ་གཅིག་བཟླས ་ཏེ། སེར་བ་འབབ་པའི་དུས་ན་དཀྲོལ་ན་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་གླད་པ་འགས་པར་འགྱུར་རོ།། ནམ་མཁའ་ལས་ས་ལ་ལྟུང་བར་འགྱུར་ཏེ། ལས་ཐམས་ཅད་བྱེད་པར་འགྱུར་རོ།། གཟུངས་འདི་ནི་ཐམས་ཅད་དུ་ཐོགས་པ་མེད་པར ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནད་སྟེ། ཚངས་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ་བདེ་བ་དང་། ཀླུ་མི་སུན་པ། སྙིང་རྗེ་མེད་པ། འཚེ་བ་རྣམས་གདུལ་བ་དང་། ཚར་གཅད་པ་དང་། ཆད་པས་གཅད་པའི་ཕྱིར་ཁྱོད་ཀྱིས་རིག་པ་ཆེན་པོའི་གཟུངས་སྔགས་ཀྱི་ཚིག་འདི་བརྗོད་ནས། འཛམ་བུའི་གླིང་དུ་བཞག་པ ་ལེགས་སོ་ལེགས་སོ། ། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་པར་ཀུན་ནས་བསྐོར་བ་དང་། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དང་། གཞན་ཡང་ཀླུ་མི་སྲུན་པ ་བྱེ་བ་བྲག་དུ་མ་དག་བཅོམ་ལྡན་འདས་གལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅིག་འཁོད ་དང་བཅས་པས་སླད་མའི་ཚེ་སླད་མའི་དུས་ན་འཛམ་བུའི་གླིང་ཐམས་ཅད་ཀྱི་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ལོ་མ་དང་། ཡལ་ག་རྣམས་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱང་བར་བགྱིའོ།། རླུང་དང་། སྤྲིན་དང་སེར་བ་དང་། སད་དང་། ཚད་པ་ཐམས་ཅད ་བཟློག་པར་བགྱིད་དོ། ། དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་འཚལ་ལོ།། ང་གི་མནའི་ཡིད་མ་གྱིས་དེ་བཞིན་གཤེགས་པའི་དང་ཚིག་བསྐྱང་བར་འཚལ་ལོ།། སེམས་ཅན་ཐམས་ཅད་ཀྱི་རིབ་ཡོངས་སུ་རྫོགས་ཤིང་བས་མ་བཐུབ་པར་འཚལ་ལོ།། མི་ཚེ་བར་འཚལ་ལོ།། སོམ། ་འདས་གལ་ཏེ་ཆོ་གའི་རྒྱལ་པོ་འདི་ལས་གོང་དུ་སྔགས་དང་། གཟུངས་ཇི་སྐད་བཤད་པའི་ཡོན་ཏན་གྱི་ཁྱད་པར་རྣམས་དང་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་གྱུར་ཅིག། འདི་ནི་བྲོ་བོར་བ་སྟེ། ཏདྱ་ཐཱ། བ་ཀི་ཙི་ཏི། ཤུ་ལི་ཤུ་མུ་ལི། ཤ་ཤ་ཤུ་ཤུ། ཏི་ཏི་བི་རི་ཏི ་གུ་ཡུཧུ་ཊ། ཊརི་ཏི་སྱཱརྠ། བཅོམ་ལྡན་འདས་འདི་ནི་ཀླུའི་མནའ་ལགས་ཏེ། སྨད་མའི་ཚེ་སྨད་མའི་དུས་ན་ཀླུ་མི་སུན་པ་རྣམས་འཇིགས་པར་བགྱིད་དོ།། བྲན་པ་དང་། ཐན་པ་ཆེ་བ་དང་། དུས་མ་ལགས་པའི་ཆར་དང་། རླུང་དང་། སྤྲིན་དང་། སིར་བ་དང་། སད་དང་། དུས་མ་ལགས་སི་ངྐུ་དང་ཀློ་སྲུང་། ་རི་མཁང་པ་མཐོན་པོའི་སྟེང་དུ་རིག་པ་འཛིན་པ། ཁ་ཤར་ཕྱོགས་སུ་བལྟས་ཏེ། མནའ་འདི་དག་གིས་བསྟོད་དེ་ལན་བདུན་བརྗོད་ལ། ཆུ་དང་ཡུངས་དཀར་བསྲེས་པས་ཕྱོགས་བཞིར་གཏོར་བར་བྱའོ།། གཏོར་ཅིང་དྲན་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རྣམས་དུམ་བུ་བརྒྱར་འཆད་པར་འགྱུར་རོ།། ་གྱེས་པར་འགྱུར་རོ།། འགུགས་པར་འགྱུར་ཏེ། དེའི་སླད་དུ་ཆར་གྱི་རྒྱུན་འབེབས་སོ།། བཅོམ་ལྡན་འདས་ཀྱིས་བཀྱེའ་སྩལ་པ། ཀླུའི་རྒྱལ་པོ་ཁྱོད་ཀྱིས་དེ་ལྟར་བྱོས་ཤིག།། རྡོ་རྗེ་མ་ཆུའི་ཆོ་ག་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱདྱ་བཛྭ་ལོ་ཧ་དུརྡྷ་ནཱ་མ་དྷ་ནི། བོད་སྐད་དུ ་