CLOSE WINDOW

Q577: rmi lam mthong ba zhes bya ba'i gzungs
Wyliee-texts produced with BDRC’s OCR application

ཨེ་ལི་མི་ལ་མེ། ཅག་གི་སྡིག་ཀ་ཉུག་ཀ། དྷུདྷཱ་ར། པྲ་དྷར། ཨ་ལ་མ་པ་ལེ། པཱ་ལམ་པ་ལ། ཁྭ་ཁུ་མ་ཏི་ཀུམ་དུམ། ཁ་རི་ཁི་རི། སྱཱདྷ་སཱ་དྷ། སརྦ་བག་ཀཱ་ལེ། བན་དྷམ་པག་ཀྵ་ལེ། ཀུན ་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ནས་བདག་གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ཡང་བསྲུང་བ་དང་། ཡོངསུ ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངསུ་བསྐྱར་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱི་བཀས་གསོལ་པ་ཐོབ་ཤིག། འདི་ལྟ་སྟེ། རྒྱལ་བ་ཁྱུ་མཆོག་དང་། འབྲོག ་གནས་དང་། གངས་གནས་དང་། ལྔས་རྩེན་དང་། ནོར་བུ་བཟང་པོ་དང་། གྲགས་པ་བཟང་དང་། ལུས་ངན་གྱི་བུ་དང་། མཛེས་བྱེད་དང་། ཕྲེང་བ་མཛེས་དང་། རྒྱལ་པོ་ཆེན་པོ་ཆོས་སྐྱོང་རྣམ་ཐོས་ཀྱི་བུ་སྟེ། ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་བྱི་བཞིན་འབྲང་བར་གྱུར་ནས། བདག་ཉིད་ཀྱིས་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ན་ཡང་བསྲུང་བ་དང་། ཡོངས་སུ ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱི་བཀས་གསོལ་པ་ཐོབ་ཤིག། གསང་སྔགས་གཞི་འདི་རྣམས་གྲུབ ་པར་གྱུར་ཅིག་སྭཱཧཱ། ཏདྱ་ཐཱ། ས་ར་ས་ར་ནེ་སྭཱ་ཧཱ། དེ་ལཾ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་གཞི་རྣམས་ནི་འདི་དག་ཡིན་ཏེ། ཏདྱ་ཐཱ། ཨུ་ཀ་ཏེ། ཀེ་ཏ། ས་ཀ་ཏེ། ཨུད་དུ་ལེ། དྷ་དྷེ། ཏ་ཏེ། ཏ་བང ་ཏེ་སྭཱ་ཧཱ། ཙཙ། ཙི་ཁེ་ལ་ཚན་ན། བྷེ་དྷ་ན~ཾ། སརྦ་བིརྱ་ཚད་ནཾ། སརྦ་ཀྲི་ཏ་ཀ་ཁ་རྡ། བ་ར་ཀྲི་ཏ་ནཱ་ཤ་ནེ། དེ་ལ་རིག་སྔགས་ཀྱི་རྒྱལ་བ་ཆེན་པོ་ལགན་རྫོ་བཅུ་པོ་དེ་དག་གི་གསང་སྔགས་གཞི་དམ་པའང།། ་རྣམས་ཡིན་ནོ།། ཏདྱ་ཐཱ། ཨ་ལེ་ལཀྵ། པ་ཀེ་ལེ་ལ་ཀྵེ། ཨུ་ཀེ་བཀེ་ལ་ཀྵེ་སྭཱཧཱ། ཏདྱ་ཐཱ། དུ་ཏུ་ཧུ་ཏྲ། ཧུ་ཏུ་ཏྟ། བི་ཏུ་བི་ཏུ། བི་ཏུ་ཏུ། གཙྪ་ས་བ་ཏེ། བ་ཏ་ཧ་ཏ་ཡེ་སཱཏ། ན་མོ་བྷ་ག་བཱ་ཏེ་བུད་དྷ་སྱ་མ་སིད་དྷྱན་ཏུ་མན་ཏྲ ་ད་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ ་ཕབ་པོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཨོཾ་མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧཱ་ནི་སྭཱ་ཧཱ། དན་ཏི་རི་སྭཱ་ཧཱ།། ཆོ་ག་ནི་ཆུ ་ཁྱོར་བ་གང་ལ་བཟླས་པ་བྱས་ཏེ་འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་བསྟོན་པར་འགྱུར་རོ། ། རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་པ ་ཕྱག་འཚལ་ལོ། ། ཕྱག་ན་རྡོ་རྗེ་འགནོད་སྦྱིན་གྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས་རྡོ་རྗེ་གཞོན་ནུའི་རིག་སྔགས་བཤད་དོ།། དངོས་གྲུབ་ཐོབ་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཡོངས་སུ་སྐྱོབ ་པ། གདོན་ཐམས་ཅད་ཡོངས་སུ་འདུལ་བ། ཀུན་དུ་སྲུང་བ། སླར་ལོག་པ་འདི་ནི་རྡོ་རྗེ་འཛིན་པས་བཤད་དོ། ཏདྱ་ཐཱ། བཛྲེ་བཛྲེ། ས་ར་ས་ར། ཨ་མོ་གྷ་བཛྲ། བཛྲ་ཀ་ལ་ཀ་ལ་ཨཱ་ཙི་ཏ་བཛྲེ་ནི། རཀྵ་རཀྵ་ར། རྣམ་མཿ། ་