CLOSE WINDOW

Q55: dpal rdo rje grub pa dra ba'i sdom pa'i rgyud kyi rgyal po
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་སིད་དྷ་ཛྭ་ལ་སཾ་བ་ར་ཏ་ན་ཏྲ་རཱ་ཛཱ། བོད་སྐད་དུ།། དཔལ་རྡོ་རྗེ་གྲུབ་པ་དྲ་བའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ།། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་གྱི་གནས་རིན་པོ་ཆེའི་ཁང་བཟང་གི་ནང་ན་བྱང་ཆུབ་སེམས་དཔའ་བྱམས་པ་དང་། དགའ་བའི་འོད་དང་དྲི་མ་མེད་པའི་འོད་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མའི ་འཁོར་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུགས་པའི་དུས་སུ་རིགས་སྒྱུ་མའི་དབང་དུ་མཛད་དེ། ཐམས་ཅད་ཀྱི་ལྷའི་ཕྱི་ནང་གསང་བ་བླན་མེད་པའི་མཆོད ་བས་མཆོད་པའི་དུས་སུ་བྱང་ཆུབ་སེམས་དཔའ་བྱམས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་གསོལ་པ།། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། དེ་ཉིད་དོན་དམ་གང་ཡིན་པ།། ་དཔལ་དང་རྡོ་རྗེ་དོན་དང་ནི།། དྲ་བ་སྡོམ་པ་རྒྱུད་ཀྱི་དོན།། ངེས་བསྟན་དོན་ནི་གང་ཡིན་པ།། དེ་ཉིད་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱམས་པ་ལ་སོགས་འཁོར་རྣམས་ཀུན།། ཕྱི་རོལ ་དོན་ལ་གཡེང་བའི་སེམས། ། ནང་དུ་སྡུས་ལ་རྩེ་གཅིག་ཉོན།། དཔལ་ནི་གཉིས་མེད་ཡེ་ཤེས་ཏེ།། དེ་ཉིད་མཆོད་པའི་འོས་ཡིན་ལ།། གཉིས་མེད་བདེ་བས་མཆོད་པར་བྱ།། རྡོ་རྗེ་ཞེས་བྱ་ཡེ་ཤེས་ལྔ།། གཟུང་འཛིན་རྟོག ་པས་མི་ཕྱེད་ཕྱིར། ། རྡོ་རྗེ་ཞེས་ནི་བསྟན་པ་ཡིན།། དེ་ཉིད་དོན་ལ་རྩེ་གཅིག་པས།། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི།། ས་ནི་ངེས་པར་ཐོབ་པའོ།། དྲ་བ་ཞེས་པ་མང་པོའི་དོན།། ཀུན་རྫོབ་གཞན་རིག་ཏུ་བསྟན་པ།། གྲངས་མེད ་རྒྱ་ཆེར་བསྟན་པ་ནི། ། ནམ་མཁའ་དང་མཚུངས་སྡོམ་པའི་དོན།། ནམ་མཁའ་དང་མཚུངས་རང་རིག་ནི།། སེམས་ཀྱི་དེ་ཉིད་སྟོང་པའི་རོ།། སྐད་ཅིག་དེའི་རྒྱུན་ཉིད་ལ།། རྒྱུད་ཅེས་བྱ་བར་བསྟན་པ་ཡིན།། དཔལ་རྡོ་རྗེ་གྲུབ་པ ་དྲ་བའི་སྡོམ་པའི་རྒྱུད་ལས་མཚན་གྱི་སྡོམ་པའི་ལེའུ་སྟེ་དང་པོའོ། ། །། དེ་ནས་གཞན་ཡང་ང་ཡིས་བཤད།། ཡེ་ཤེས་སྐྱེ་བའི་རྒྱུ་དང་གནས།། རྐྱེན་དང་དེ་བཞིན་དམིགས་པའི་ཡུལ།། བྱེ་བྲག་མིང་གི ་ནམ་གྲངས་དང་། ། དོན་གྱི་རྣམ་གྲངས་གང་ཡིན་དང་།། ཕན་ཡོན་དང་ནི་འབྲས་བུ་དང་།། དོན་དམ་དེ་ཉིད་ཆོས་ཀྱི་དབྱིངས།། དེ་ཉིད་འདིར་ནི་བཤད་པར་བྱ།། རྒྱུ་ནི་རང་རིག་ཡེ་ཤེས་ཏེ།། རྒྱུ་མེད་རྒྱུ་ཡི་རང་བཞིན་ཅན།། ་རང་རིག་སྒྱུ་མར་བྱུང་བ་ནི།། བདེ་ཆེན་འཁོར་ལོ་ནས་བརྩམས་ཏེ།། འཁོར་ལོ་བཞི་འམ་བརྒྱད་གཉིས་བཤད།། དེ་བཞིན་ཉི་ཤུ་རྩ་བཞི་སྟེ།། ཡེ་ཤེས་སྐྱེ་བའི་རྟེན་ཡིན་ལ།། གནས་ནི་དེ་དང་མཉམ་པའི་རྩ།། གྲོགས ་ནི་ཡེ་ཤེས་རླུང་ཡིན་ཏེ། ། ཡེ་ཤེས་རླུང་གི་བཞོན་པ་ལ།། ཞོན་ནས་དེ་ཉིད་འབྱུང་བ་ཡིན།། གྲངས་ནི་སྔ་མ་ལྟར་ཤེས་བྱ།། ངོ་བོ་ཐིག་ལེ་ཉིད་ཡིན་ཏེ།། ཐིག་ལེ་མདུད་པའི་གྲངས་སུ་ཤེས།། དེ་ཡི་ཕན་ཡོན་གང་ཡིན་པ།། ་བཟུང་འཛིན་རྣམ་པར་རྟོག་པ་ཡིས།། ཕྱིན་ཅི་ལོག་ཏུ་བརྟགས་པ་ཡི།། རྣམ་པར་རྟོག་པ་སྤོང་བ་ཡིན།། འབྲས་བུ་རྡོ་རྗེ་འཆང་ཆེན་པོའི།། ས་ནི་ངེས་པར་ཐོབ་པའོ།། དཔལ་རྡོ་རྗེ་དྲ་བའི་སྡོམ་པའི་རྒྱུད་ལས་ཡེ་ཤེས་ཀྱི་རྒྱུ་དང ་གནས་ལ་སོགས་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། འཁོར་ལོ་རྣམས་ཀྱི་དབྱེ་བ་ནི།། བདེ་ཆེན་འཁོར་ལོའི་འདབ་མ་ནི།། སུམ་བཅུ་རྩ་གཉིས་གྲངས་ཡིན་ནོ།། དེ་ནས་ལོངས་སྤྱོད་འཁོད ་ལོ་ནི། ། འདབ་མ་བཅུ་དྲུག་དག་ཏུ་བསྟན།། ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད།། སྤྲུལ་པའི་འཁོར་ལོ་འདབ་མ་ནི།། དྲུག་བཅུ་རྩ་བཞི་དག་ཡིན་ནོ།། བདེ་ཆེན་འཁོར་ལོ་སོར་བཞི་སྟེ།། ལོངས་སྤྱོད་འཁོར་ལོ་སོར་བཅུ་དྲུག། ་ཆོས་ཀྱི་འཁོར་ལོ་སོར་བཅུ་གཉིས།། སྤྲུལ་པའི་འཁོར་ལོ་སོར་བཅུ་དྲུག། བདེ་ཆེན་འཁོར་ལོའི་ལྟེ་བ་རུ།། ཧཾ་ནི་དཀར་པོ་ཐུར་བལྟས་སམ།། ལོངས་སྤྱོད་འཁོར་ལོའི་ལྟེ་དབུས་སུ།། ཨོཾ་ནི་དམར་པོ་གྱེན་བལྟས ་བསམ། ། ཆོས་ཀྱི་འཁོར་ལོའི་ལྟེ་དབུས་སུ།། ཧཱུ~ཾ་ནི་སྔོན་པ་མཐུར་བལྟས་ས་པ།། སྤྲུལ་པའི་འཁོར་ལོའི་སྟེ་དབུས་སུ།། མཾ་ནི་དཔར་པོ་གྱེན་བལྟས་ས་པ།། དང་པའི་འཁོར་ལོའི་འདབམ་ལ།། དབྱངས་ཏུ ་ཡི་གེ་བཅུ་དྲུག་ནི། ། ལུགས་འབྱུང་ལུགས་མིན་དགོད་པར་བྱ།། ལོངས་སྤྱོད་འཁོར་ལོའི་འདབ་མ་ལ།། དབྱངས་ཡིག་བཅུ་དྲུག་རིམས་བཞིན་དགོད།། ཆོས་ཀྱི་འཁོར་ལོའི་འདབ་མ་ལ།། ལཾ་མ་པཾ་ཏཾ།། ཡི་གེ་འདི་རྣམས ་གཡོན་ནས་དགོད། ། ཨོཾ་ཏྲཾ་ཏྲི་ཨ།། མཚམས་ནས་གཡས་སུ་དགོད་པར་བྱ།། སྤྲུལ་པའི་འདབ་མ་བཞི་རྩིབས་ལ།། གསལ་བྱེད་ཡིག་གེ་སུམ་བཅུ་གཉིས།། ལུགས་འབྱུང་ལུགས་ལས་བཟློག་ཚུལ་དགོད།། སྐུ་གསུང ་ཐུགས་ཀྱི་རྩ་གསུམ་ནི། ། དབུས་ནས་དྲང་པོར་གནས་པ་སྟེ།། དྷཱུ་ནི་དཀར་པོར་ཐུར་བལྟས་པ།། མར་གྱི་རྩེ་ལ་ཐུག་པར་དགོད།། གཡས་ན་ཐབས་ཀྱི་རྩ་གནས་ཏེ།། ཀཱ་ལི་སུམ་བཅུ་རྩ་གཉིས་ནི།། ཐབས་ལ་ལ་ནག་ཏུ ་བསྐོར་བྱས་ནས། ། ལུགས་འབྱུང་འོག་ཏུ་ཁ་བལྟས་དགོད།། གཡོན་ན་ཤེས་རབ་རྩ་གནས་ལ།། མ་མོ་དབྱངས་ཡིག་བཅུ་དྲུག་ནི།། གྱེན་ལ་བལྟས་པ་དགོད་པར་བྱ།། རྒལ་ཚིགས་ལ་གནས་སྲོག་ལ་རྟེན།། ་གསུམ་འདྲས་པའི་གནས་དེར་ནི།། རིན་ཆེན་དང་འདྲ་མདུད་པ་ནི།། དགུ་པོར་གནས་པ་བྱ་གདོང་ཚུལ།། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ།། བདེ་བ་རེག་སྟེར་མ་ནི་བཞུགས།། གཞན་ཡང་རྐྱེན་གྱི་འཁོར་ལོ ་གཉིས། ། གྲུ་གསུམ་གནས་སུ་ཡི་གེ་རཾ།། དེ་ནི་ཡོངས་སུ་གྱུར་པ་ལས།། མེ་ཡི་འཁོར་ལོ་གྲུ་གསུམ་པ།། ཚད་ནི་སོར་གསུམ་ཉིད་ཡིན་ཏེ།། ལྟེ་བར་ར་ནི་དམར་པོ་བསམ།། འདབ་མ་གསུམ་ལ་ཨོཾ་ཨཱཿ ་ཧཱུཾ། ། གྲུ་གསུམ་ཟུར་ལ་དགོད་བྱ་བ།། རྡོ་རྗེ་རྩེ་གསུམ་བསམ་པར་བྱ།། རླུང་གི་གནས་སུ་ཡི་གེ་ཡཾ།། དེ་ཉིད་ཡོངས་སུ་གྱུར་པ་ལས།། མདོག་ནག་གཞུ་ཡི་དབྱིབས་འདྲ་ལ།། ཚད་ནི་སོར་བཞི་ཉིད་ཡིན་ནོ།། ་དབུས་སུ་འདབ་མ་ལྔ་ཡིན་ཏེ།། ལྟེ་བར་ཡང་ནི་ནག་པོ་བསམ།། འདབམ་ལྔ་ལ་དྷ་ལྔ་དགོད།། བ་དན་ལྔ་ཡིས་མཚན་པའོ།། རླུང་གི་དམ་ཚིག་མེ་སྦར་བས།། དམ་ཚིག་མེ་ཡིས་གཏུམ་མོ་བསྐུལ།། འཁོར་ལོ་གསུམ་བསྲེག ་རྙིང་པ་ཙམ། ། ཡི་གེ་ཧ་ནི་བསྲོས་པ་ཡིས།། ཧཾ་བའུ་བདུད་རྩིའི་ཆར་ཡང་བབ།། ལྟེ་བའི་གནས་སུ་ཐིག་ལེར་གྱུར།། རྒྱུན་ཏུ་འབར་བར་གྱུར་པ་ཡིས།། རིན་ཆེན་དབྱིབས་འདྲའི་ནང་སླེབས་ནས།། རང་བཞིན་དགའ ་བཉབས་པྱོད་པས། ། རང་གི་སེམས་ཀྱི་སྙིང་པོའི་རོ།། བཞི་པའི་དཔལ་ལྡན་ཧེ་རུཀ། དེ་ཉིད་རྟོགས་པར་གྱུར་པ་ཡིས།། ཆོས་སུ་རྡོ་རྗེ་འཆང་ཆེན་པོའི།། ས་ནི་ངེས་པར་ཐོབ་པའོ།། དཔལ་རྡོ་རྗེ་གྲུབ་པདྲ་བའི ་སྡོམ་པའི་རྒྱུད་ལས་འཁོར་ལོ་བཞི་བསྟན་པའི་ལེའུ་སྟེ་གསུམ་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། ཡིད་བཞིན་ནོར་བུ་དང་མཚུངས་པའི།། ངེས་དོན་དུ་ནི་ང་ཡིས་གསུངས།། དེ་ཡི་དོན་ལ་ཁྱེད ་རྣམས་ཀྱིས། ། རྩེ་གཅིག་སེམས་ཀྱིས་ཡིད་ལ་ཟུང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱམས་པ་དང་། དགའ་བའི་འོད་དང་། དྲི་མ་མེད་པའི་འོད་ལ་སོགས་པ་དཔའ་བོ་དང་། རྣལ་འབྱོར ་མའི་འཁོར་དཔག་ཏུ་མེད་པ་ཐམས་ཅད་དགའ་ཞིང་མགུནས་རྗེས་སུ་ཡིད་རང་ནས། ལྷའི་མཆོད་པ་རྣམ་པ་དུ་མས་མཆོད་པ་ནི་ནམ་མ་ཁཱ་ལ་རིན་པོ་ཆེའི་ཆར་དང་། སྒེག་པ་དང་། རྒོད་པ་དང་། དགའ་བའི་མཆོད ་པའི་རྣམ་པ་དང་། པ་ཏ་ཊ་ལ་སོགས་པའི་མཆོད་པ་དང་། གཞན་ཡང་ལྷའི་མེ་ཏོག་དང་། སྤོས་དང་། མང་མེ་དང་། ཞལ་ཟས་ཀྱི་མཆོད་པ་རོ་བརྒྱ་པ་དང་། བཏུང་བའི་མཆོད་པས་མཆོད་དེ།། གཞན་ཡང་ནང་དང་། ་གསང་བ་དང་། གསང་བའི་གསང་བ་བླ་ན་མེད་པའི་མཆོད་པ་ཆེན་པོ་རྨད་དུ་བྱུང་བས་མཆོད་ནས་ལན་གསུམ་བསྐོར་བ་བྱས་ཏེ། སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏེ།། དཔལ་རྡོ་རྗེ་གྲུབ་པ་དྲ་བ ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྫོག་སྷོ། ། རྒྱ་གར་གྱི་མཁན་པོ་གཱ་ཡ་དྷ་ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་སྒྱུར་ཅིང་ཞུས་པའོ།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་བ་ལ་ཛྙཱ་ན་རཱ་ཛ་ཏན་ཏྲ་རཱ་ཛཱ། བོད་སྐད ་