CLOSE WINDOW

Q549: 'phags pa gser can zhes bya ba'i gzungs
Wyliee-texts produced with BDRC’s OCR application

ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨརྱ་ཀན་ཀ་བ་ཏི་ནཱ་མ་དྷཱ་ར་ནི། བོད་སྐད་དུ། འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྷས་མ་ལྟ་བུན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས ་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གཡུལ་དོར་མཆིས ་ཏེགཡུལ་འགྱེད་པ་ན། ལཱ་མ་ཡིན་གྱི་སྒྱུ་དང་། རིག་སྔགས་རྣམས་དང་། གསང་སྔགས་དང་། སྨན་དག་གིས་ཕམ་པར་གྱུར་པ་མཁྱེན་ལགས་སམ། བཅོམ་ལྡན་འདས་བདག་ཅག་རྗེས་སུ་བཟུང་བ་དང་། བདག་ཅག་ལ་ཐུགས་བརྩེ ་བདང་། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང་། རིག་སྔགས་དང་། གསང་སྔགས་དང་། སྨན་རབ་ཏུ་གཞོམ་པ་དང་། རབ་ཏུ་གཞིག་པའི་སླད་དུ་རྣམ་པར་རྒྱལ་བ་ཆེན་པོའི་གསང་སྔགས་ཆེན་པོ་ལེགས་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན ་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདིས་ཅེས་བཀའ་སྩལ་ཏོ། ། ཀཽ་ཤི་ཀ་དེ་དེ་བཞིན་ནོ།། ལྷ་མ་ཡིན་དང་གཡུལ་སྤང་བན་རིག་སྔགས་རྣམས་དང་། གསང་སྔགས་རྣམས་དང་། སྨན་རྣམས་ཀྱིས་ཕམ་པ་དེ་དེ་བཞིན་ཏེ། ཀེ ་ཀ་སྙིང་བརྩེ་བའི་ཕྱིར་འདིར་རིག་སྔགས་བརྗོད་པར་བྱ་སྟེ། སྒྱུ་ཐམས་ཅད་རེངས་པར་བྱེད་པ། རིག་སྔགས་ཐམས་ཅད་ཟློག་པ། གེསང་སྔགས་ཐམས་ཅད་རེངེས་པར་བྱེད་པ། འཐབ་པ་དང་། རྩོད་པ་དང་། མཚང་འབྲུ་བ་དང་། ཐབ་མ ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། གསང་སྔགས་དང་། སྨན་ཐམས་ཅད་གཅོད་པའི་རིག་སྔགས་བཤད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རེག་སྔགས་ཆེན་པོ་གསེར་ཅན་བཀའ་སྩལ་པ། གང་བསྐལ ་བགྲངས་མེད་པ་གསུམ་དུ་གཞན་མུ་སྟོག་ཅན་སྤྱོད་པ་པ་དེ། ཀུན་ཏུ་རྒྱུ་བ་དང་། གཅེར་བུ་པ་རྣམས་ཀྱིས་དེན་དུ་བསམས་ཤིང་བར་ཆད་དུ་བྱས་པ་ལས། ངས་དེ་ཚུན་ཆད་སྒྲ་དང་ལྡན་པ་རྣམས་ཀྱི་རིག་སྔགས་ཐམས་ཅད་བཟློག་ནས ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱ་བ་དག་གཅེར་བུ་པ་དང་། འཚེ་བ་རྣམས་ཀྱི་སྒྱུ་དང་། རིག་སྔགས་དང་། གས་དེ་སྔགས་དང་། སྨན་དང་། བདུད་ཀྱི་སྡེ་ཐམས་ཅད་རབ ་ཏུ་འཇོམས་པའི་རིག་པ་ཆེན་མོ་དངས་བཤད་པར་བྱས། ཀཽ་ཤི་ཀ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་གསང་སྔག་ས་ཆེན་མོ་རྣམ་པར་རྒྱལ་བ་ཆེན་མོ་ཟུང་ཤིག། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས ་གསོལ་ཏེ་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་སྔགས་ཆེན་མོ་གསེར་ཅན་འདི་དག་བཀའ་སྩལ་ཏོ།། ཏདྱ་ཐཱ། ཨོཾ་ཧི་ནི་ཧི་ནི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི ་ལི། ལི་ལི་མི་ལི། ནི་ཧི་ནི་ཙི། ནེནཻ་ཧི་ངི་བི་ནི། ཀཱཉྩ་ནཱ་པ་ཏཱི། ལོ་ཀ་མཱ་ཏེ་བྷུ་ཏེ་པཱུ་ཀུཏ་མན་ཏྲ། ཨ་བྷི་ཀྲེ་ཏེ། བེ་དེ་བེ་དེ་བེ་ཏེ་མན་ཏྲ་ཨ་དྷི་ཀྲྀ་ཏི། ཧ་ན་ཧ་ན། ཧ་ས་ཧ་ས། ཚིད་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། བྷ་ག་བཱ་ཏི། ཛ་ཡེ་བི་ཛ་ཡེ། ཛམ ་བྷ་ནི་སྠཱམ་བྷ་ནི། བན་དྷ་ནི་མོ་ཧ་ནི་ཨ་མོ་ག་ཤག་ཏི་དྷ་ར་ནཱི། གྲི་ཏ་གྲི་ཎཱ། ཀ་ཌ་མ་མཱ་ནཱ་སི། ཛམ་བྷ་ཡ་ཛ་མ་བྷཱ་ཡ། བྷཉྩ་ཡ་བྷཉྫ་ཡ། སྟྭམ་བྷ་ཡ་སྱཱམ་བྷ་ཡ། བྷན་དྷ་ཡ་བྷན་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ།། ལྷའི་སྒྲ་དང་། ཀྐུ ་སྠཱ་དང་། གནོད་སྦྱིར་གྱི་སྒྲ་དང་། སྲིན་པའི་སྒྲ་དང་། ནམ་མཁའ་ལྡིང་ཀྱི་སྐུ་དང་། ཇི་ཟའི་སྒྲ་དང་། ལུ་མ་ཡིན་གྱི་རྒྱུ་དང་། མི་འམ་ཚོའི་སྒྲ་དང་། འཕྱེ་ཆེན་པོའི་སྒྲ་དང་། རིག་སྔགས་འཆང་གི་སྒྱུ་དང་། རིག་སྔགས་འཆང་གྲུབ་པའི་རྒྱལ་པོ་ནི ་སྟྲཱི་དང་། དྲང་སོང་གི་སྒྲ་དང་། སེམས་ཅན་དང་། རིག་སྔགས་འཚང་ཐམས་ཅད་ཀྱི་སྒྲ་དང་། འབྲུད་པོའི་སྒྲ་དང་། སྣརུ་བམས་ཅད། ར་ལ་ལ། རང་རྡོ་རུངང་། དྲུས་དྷུས་དྷཱ་དྷཱས། རཱ་པ~ཾ་རཱ་ག། རཱ་བན། ཙ་བྲན་ཏན། གླན་ཥཱནྟི། ཥཱ་དཱ་ན། ་སརྦ་བིདྱཱ། ཤརྠཱ་ནཱཾ། སྟཾ་བྷ་ཡ། བྷ་ཡུན་སྟཾ་བྷ་ཡ། སཱུ་རྱཱཎྜ་སྟཾ་བྷ་ཡ། སོ་ན་མ་སྟཾ་བྷཱ་ཡ། བ་རུ་ཎ་ན་སྟེ་བྷ་ཡཾ། ཨ་ག་ནི་ད་སྟཾ་བྷཱ་ཡ། ཨུད་དཀན་དྷིཏིཎྜིཎི། དྷཱ་ར་ཛཱི་པཱ་ཤ་ཙི་སྟེ། པེཥྚ་ཡ་བཱ་ཤ་ནེ། གང་དག་བདག་ལེ་ཕྱིར་ནོལ ་བ་རྣམས་དང་། དགྲ་རྣམས་དང་། སྡང་བ་དང་། རབ་ཏུ་སྡ་པོའི་སེམས་དང་ལྡན་པ་རྣམས་དང་། འཐབ་པ་དང་། རབ་ཏུ་འཐབ་པ་དང་། མི་ཕན་པར་འདོད་པ་ཐམས་ཅད་། ཧ་ན་ཧ་ན། ད་ཧེ་ད་ཧ། པ་ཙ་པ་ཙ། བྷཉྩ་ཡ་བྷཉྩ་ཡ། ཛཾ་བྷཱ་ཡ ་ཛ་བྷཱ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། བྷཱན་དྷཱ་ཡ་བྷན་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ། མ་ཧ་མོ་ཧཱ་ནི། བྷ་ག་པ་ཏི་སྭཱ་ཧཱ།། བདག་འཇིགས་པ་དང་། གནོད་པ་དང་། ནད་འགྲོ་བ་ཐམས་ཅད་ལས་སྲུངས་ཤིག། སྲུངས་ཤིག་ཕཊ་སྭཱ་དཱ།། ་ཤཾ་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། རྒྱལ་པོའི་བློན་པོ་ཆེན་པོ་གང་པ་ཞིག་གསེར་ཅན་གྱི་རིག་སྔགས་འདི་རྗེས་སུ་དྲན་པར་བྱེད།། དེ་ལ་ཕ་རོལ་གྱི་འཇིགས་པ་མི་འབྱུང་ངོ་།། དེའི་སྡེ་ལ་ཕ་རོལ ་གྱི་དམག་ཚོགས་ཀྱིས་མི་ཚུགས་སོ། ། ལྷས་མ་ཡིན། ཀླུས་མ་ཡིན། གནོད་སྦྱིན་གྱིས་མ་ཡིན། སྲིན་པོས་མ་ཡིན། དྲི་ཟས་མ་ཡིན། ལྷ་མ་ཡིན་གྱིས་མ་ཡིན། ནམ་མཁའ་ལྡིང་གིས་མ་ཡིན།། མིའམ་ཅི་ཡིས། ་མ་ཡིན། རིག་སྔགས་འཆང་གིས་མ་ཡིན། མཁའ་འགྲོམས་མ་ཡིན། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར། རིག་སྔགས་དང་། གསང་སྔགས་དང་སྨན་རྣམས་ཀྱིས་མི་ཚུགས། དམ་ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས ་ཕ་རོལ་གྱི་དམགེ་ཚོགས་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར། ལུས་ལ་མཚོན་གྱིས་མི་ཚུགས། ལུས་ལ་མེ་དང་། ཆུ་དང་། དྲུག་དང་། རིག་སྔགས་དང་།། གསང་སྔགས་དང་། སྨན་རྣམས་ཀྱིས་མི་ཚུགས་སོ།། གང་ག ་སྡིག་པ་བྱས་པ་དང་། བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་དེ་ཉིད་སླར་འབབ་པར་འགྱུར། དེ་ཉིད་དུ་སླར་འགྲོ་བར་འགྱུར་རོ།། ཀཽ་ཤི་ཀ་དེ་ལྟ་བས་ན་དད་པའི་དགེ་སློང་ངམ། དགེ་སློང་མའམ་དགེ་བསྙེན་ནམ། དགེ་བསྙེན་མའམ། ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་རིག་སྔགས་འདིས། ཆུ་ལ་ལན་བདུན་བཟླས་ཏེ་བདག་གི་ལུས་ལ་ཐུགས་ན་བདག་གི་ལུས་སྲུངས་པར་འགྱུར་རོ།། འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ཡམས ་ཀྱི་ནད་དང་། ནད་འགོ་བ་ཐམས་ཅད་དང་། རིག་སྔགས་ཐམས་ཅད་དང་། གསང་སྔགས་དང་སྨན་ཐམས་ཅད་དང་། བྱད་ཐམས་ཅད་ལས་ཤིན་ཏུ་འདའ་བར་འདོད་པས་གསེར་ཅན་གྱི་རིག་སྔགས་འདི་དྲན་པར་བྱའོ།། རྒྱལ ་པོའམ། རྒྱལ་པོའི་བློན་པོ་ཕ་རོལ་གྱི་དམག་ཚོགས་གཞོམ་པ་དང་། ཕ་རོལ་གྱི་དམག་ཚོགས་འདུལ་བར་འདོད་པས་གསེར་ཅན་གྱི་རིག་སྔགས་འདི་དྲན་པར་བྱའོ།། ལན་བདུན་བཟླས་ཏེ་བདུད་པ་བདུན་བོར་བའི ་སྲད་བུ་གདགས་པར་བྱ་བ་འམ། ཆུ་ལ་ལན་བདུན་བཟླས་པས་བདག་སྲུང་བར་བྱའོ།། འཇིགས་པ་ཐམས་ཅད་ལ་ཐོགས་པ་མེད་པའི་གཟུངས་ཡི་གེར་བྲིས་ཏེ། བཅང་བར་བྱ། མགུལ་དུ་གདགས་པར་བྱའོ།། ཡི་གེར། ་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་དུ་ཞུགས་ན་དགེ་བ་དང་བདེ་བར་ཐར་པར་འགྱུར་རོ།། རིག་སྔགས་འདིའི་སྟོབས་ཀྱིས་ནང་མི་དང་། གཡོག་འཁོར་དང་། སྡེ་དང་བཅས་ཏེ་དགེ་བ་དང་བདེ་བར་རྒལ་བར ་འགྱུར་རོ། ། མ་གྲུབ་པ་རྣམས་ཀྱང་གྲུབ་པར་འགྱུར་རོ།། རིག་སྔགས་རེངས་པར་བྱེད་པར་འདོད་པས་སྲད་བུ་དཀར་པོ་ལ་ལན་བདུན་བཟླས་ཏེ་མདུད་པ་བདུན་པོར་ན་བཅིང་བ་དང་རེངས་པར་བྱས་པར་འགྱུར་རོ།། ་སྐྱ་རེངས་པར་བྱེད་པར་འདོད་པས་དུར་ཁྲོད་ཀྱི་ས་ལ་ལན་བདུན་བཟླས་ཏེ། གཏོར་ན་སྣ་རེངས་པར་བྱས་པར་འགྱུར་རོ།། འགྱེད་པའི་ཚིག་ཁ་ལྐུག་པར་བྱེད་པར་འདོད་པས་ཟིན་ཐིག་ལེ་ལ་ལན་བདུན་བཟླས་ཏེ། འཆོས ་ནི་སྨྲ་བ་ཐམས་ཅད་ཀྱི་ལན་ཐེབས་པར་འགྱུར་རོ། ། ཀླག་པ་བྱ།། ། ཁ་ཏོན་དུ་བྱ། བརྗོད་པར་བྱ་སྟེ། བརྗོད་པ་ཙམ་གྱིས་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གང་གིས་བྱས་པར་གྱུར་པ་དང་། གང་གིས ་བསམས་པར་གྱུར་པ་དེ་ཉིད་ལ་སླར་འགྲོའོ། ། སྲད་བུ་བཏགས་སམ། ཆུས་བདག་བསྲུང་བ་བྱས་ན་དེའི་ལུས་ལ་རིག་སྔགས་དང་། གམང་སྔགས་དང་། སྨན་ཐམས་ཅད་ཀྱིས་མི་ཚུགས་སོ།། མ་གྲུབ་པ་རྣམས་གྲུབ ་པར་འགྱུར་རོ། ། དེའི་དོན་ཐམས་ཅད་ཀྱང་མཐུན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་སྟོད་དོ། ། འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་འཛིན་ན་མི་ཏྲ་དང་། དན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བྷ་བ་ན་དེ་ཡེ་ཤེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས ་ནས་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨརྱ་སརྦ་ཨ་བྷ་ཡ་ཏ་པྲད་ན་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ ་