CLOSE WINDOW

Q53: dpal rdo rje 'jigs byed rnam par 'joms pa'i rgyud kyi rgyal po
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་བི་དཱ་རཏྣ་ཏན་ཏྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ།། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས ་གཅིག་ན། བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ་དང་།། རི་རབ་ཀྱི་སྟེང་དུ་བཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས།། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཐལ་མོ་སྦྱར་ནས ་འདི་སྐད་ཅེས་གསོལ་ཏོ། ། ཐུགས་རྗེ་ཆེ་ལྡན་བཅོམ་ལྡན་འདས།། རྡོ་རྗེ་གང་ལགས་འཇིགས་བྱེད་གང་།། འཇོམས་པ་གང་ལགས་ཆུང་གང་ལགས།། རྒྱལ་པོ་གང་ལགས་བཤད་དུ་གསོལ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ། རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ།། ཉོན་མོངས་བདུད་སོགས་འཇིགས་པར་བྱེད།། ཉོན་མོངས་དགྲ་སོགས་རྣམ་པར་འཇོམས།། རྒྱུ་ཡི་རྒྱུད་དང་འབྲས་བུའི་རྒྱུད།། མཐར་ཐུག་རྒྱུད་ནི་གང་ཡིན ་ལ། རྒྱལ་པོ་ཞེས་ནི་བསྟན་པ་ཡིན།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། རེ་རེའི་བྱེ་བྲག་མ་འཚལ་བས།། དེ་ཡི་དབྱེ་བ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་རྣམ་པ་གསུམ ་ཡིན་ཏེ། ། དོན་གྱི་རྡོ་རྗེ་དེ་ནས་རྟགས།། རྫས་ཀྱི་རྡོ་རྗེ་དང་ནི་གསུམ།། དེ་ནས་དོན་གྱི་རྡོ་རྗེ་བཤད།། གཟུང་འཛིན་རྟོག་པས་མི་བྱེད་ཕྱིར།། དོན་གྱི་རྡོ་རྗེ་བཤད་པའོ།། དབང་བཞི་རྡོ་རྗེ་རེ་རེ་སྟེ།། རྡོ་རྗེ་བཞི་རུ་བཤད་པ ་ཡིན། ། རྟགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ།། རྩེ་གསུམ་རྩེ་ལྔ་རྩེ་དགུ་པ།། རྩེ་གསུམ་སྐུ་གསུང་ཐུགས་ཀྱི་རྟགས།། རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས།། རྩེ་དགུ་ཁམས་གསུམས་དགུའི་རྟགས།། དོན་གྱི་རྡོ་རྗེ་བཞི་ཡིན། ་ཏེ།། བུམ་པའི་དབང་དང་འབྲེལ་བ་ཡི།། སྐུ་མདོག་ཕྱག་མཚན་ལ་སོགས་པ།། གཟུང་དང་འཛིན་པའི་རྣམ་རྟོག་ནི།། འཇིག་དང་འཇོམས་པས་རྡོ་རྗེའོ།། གསང་བའི་དབང་དང་འབྲེལ་བ་ཡི།། རྩ་དང་རླུང་དང་ཐིག། ་5།། ཀཱརྫྫ་དྷ། གས་གང་དགས། ག་ང་བངསས་པཔ་རྡོ་ག། ཤེས་དཔས་ཤེ་ག་ང་གིས་ད་ཏུགས་པ།། ཤཱ་ཎྱ་ནཔ་གནན། ་འཇིག་པར་འཇམས་པས་རྡོ་རྫ་ཡིན།། བཞི་པའི་དབང་དང་འབྲལ་བ་སྟེ།། རང་རིགསསས་སློང་ཅིང་།། གཏུ་འཛིན་གཉིས་སུ་གང་རྟོགས་པ།། འཇིག་པ་འཇོམས་པས་རྡོ་རྡི་། ན་པ་དགས ་ནི། ། སྡེ་གསུམ་སུ་གསུང་ཐུགས་སུ་བཤད།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། འཇིག་ཅིང་འཇོམས་པས་རྡོ་རྗེ་སྟེ།། རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས།། ང་རྒྱལ་ལ་སོགས་རྣམ་པ་ལྔ།། འཇིག་ཅིང་འཇོམས་པས ་རྡོ་རྗེའོ། ། དེ་ནས་རྫས་ཀྱི་རྡོ་རྗེ་ནི།། རྣམ་པ་བཞི་རུ་བསྟན་པ་སྟེ།། ཟུར་གསུམ་རྡོ་ལ་འབིགས་པ་དང་།། གྲུ་བཞི་དག་ནི་གསལ་བར་བྱེད།། ཟླུམ་པས་རྫས་རྣམས་འཛུམས་པར་བྱེད།། ཟུར་ལྔས་འདོད་བསྒྲུབ་རྫས་ཛ། ་དེ།། རྒྱུད་ཀྱི་དོན་ནི་རྣམ་པ་བཞི།། རྒྱུ་དང་འབྲས་བུ་གཉིས་ཀའི་རྒྱུད།། མཐར་བྲག་ཆུད་ནི་རྒྱལ་པོ་སྟེ།། དེ་རྣམས་ཀུན་ལ་དབང་བྱེད་པས།། ལོག་ལྟའི་རྒྱུད་སོགས་སྤོང་བར་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་པ་དང་། ། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་རྣམས་དགའ་ཞིང་མགུནས་རྗེས་སུ་ཡིད་རངས་ཏེ།། གཡས་ཕྱོགས་ནས་ལན་གསུམ་བསྐོང་ནས་སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར ་གྱུར་ཏོ། ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སྷོ།། །། པ། རྦྷེ་ཏཱ་ཐཱ་ས་དྷཱ་ར་རཱ་། ལ་ན་བ་དག་སློང་ཡེ་ཤེས་ཀྱིས་བསྒྱུར་བའོ།། ་