| Wylie | e-texts produced with BDRC’s OCR application |
@།། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨེ་ཀ་ད་ཤ་མུ་ཁ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རིགས་སྔག་འཆང་དུ་མས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན ་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྙིང་པོ་གདོང་བཅུ་གཅིག་པ་ཞེས་བགྱི་བ ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཅིག་གིས་གཟུངས་པ་ལགས་ཏེ། དེ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། ཟོ་ཐམས་ཅད་ལ་རབ་ཏུ་ཞི་བར་བགྱིད་པ་དང་། སྡིག་པ་དང་བཀྲ་མི་ཤིས་པ་དང ་རྨི་ལ་མ་ངན་པ་ཐམས་ཅད་ཟློག་པར་བགྱི་བ་དང་། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱི་བ་དང་། མཞུགས་པ་རྣམས་དད་པར་བགྱི་བ་དང་། བགེགས་དང་ལོག་འདྲེན་རྣམས་རབ་ཏུ་ཞི་བར་བགྱི་པའི་སླད་དུ་བཤད་པར ་བགྱིའོ། ། བཅོམ་ལྡན་འདས་སྙིང་པོ་འདིས་བསྲུང་བར་བགྱི་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བར་བགྱིས་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིས་པ་དང་། ཆད་པ་སྤངས་པ་དང་། མཚོན ་ཆ་སྤངས་པ་དང་དུག་གཞིལ་བ་བགྱིས་པ་དང་། གང་ལ་ལ་ཞིག་འགལ་བར་བགྱིད་པ་དེ་མ་མཆིས་ཏེ། དེ་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས ་པན་བདག་གྲིམ་མཐོང་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་ལགས་སོ།། སྙིང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསྟོད་ཅིང་དགོངས་པ་ལགས་སོ།། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཐུགས་རངས་པར་མཛད་ལགས་སོ། ། བཅོམ་ལྡན་འདས་བདག་གིས་དྲན་ལགས་ཏེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔ་རོལ་ན། དེ་བཞིན་གཤེགས་པ་པད་མ་བརྒྱའི་སྤྱན ་གཙུག་གིས་ཆགས་པའི་དུས་འཇོམས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བགྱི་བ་གྱུར་སྟེ། བདག་དྲང་སྲོང་དུ་གྱུར་པས་དེ་བཞིན་གཤེགས་པ་དེ་ལས་འདི་མནོས་ལགས་ཏེ། ཐོས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས ་པ་ཐམས་ཅད་མངོན་དུ་གྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་སྟེ། དེ་ལྟར་བདག་གིས་སྙིང་པོ་འདི་ནི་གཅེས་སྤྲས་བགྱིད་པ་ལགས་སོ།། དེ་ལ། ལགས་པས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དང ་པ་དང་ལྡན་པས་གུས་པར་བགྱིས་ལ་སྙིང་པོ་འདི་བརྗོད་པར་བྱའོ། ། གཞན་ཡིད་ལ་མི་བགྱིད་པར་རྟག་ཏུ་བརྗོད་པར་བགྱིའོ།། ནང་པར་ལངས་ནས་བརྒྱ་རྩ་བརྒྱད་སྟོན་ན་ཚེ་འདི་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར ་འགྱུར་ཏེ། བཅུག་ཞེ་ན། བློན་དམ་མཆིས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་བ་དང་། དེས་བསྒྲིམ་མི་འཚལ་བ་ནོར་དང་འབྲུ་དང་དབྱིག་ནམས་རྙེད་པར ་འགྱུར་བ་དང་། དགྲ་ཐམས་ཅད་ཁུགས་ཤིང་ཐུལ་བར་འགྱུར་བ་དང་། རྒྱལ་པོའི་ཚོགཔ་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང་། ལུས་ལ་དུག་གིས་མི་ཚུགས་པ་དང་། དབྱིག་དུག་གིས་མི་ཚུགས་པ ་དང་། རིམས་ཀྱིས་མི་ཚུགས་པར་འགྱུར་བ་དང་། མཚོན་ཆས་མི་ཚུགས་པར་འགྱུར་བ་དང་། ཆབ་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། ཞུགས་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུས ་མ་ལགས་པར་འགུམ་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་ལགས་སོ། ། གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། འགྲུས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང་།། ་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཡང་བ་མ་སྤངས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལགས་སོ།། བཅོམ ་ལྡན་འདས་བདག་གིས་དྲན་ལགས་ཏེ། འདི་ནས་བསྐལ་པ་གང་གའི་ཀླུང་བཅུའི་བྱེ་མ་སྙེད་དག་གིས་ཡང་ཆེས་སྔ་རོལ་ན་དེ་བཞིན་གཤེགས་པ་མན་དཱ་ར་བའི་གསུང་ཞེས་བགྱི་བ་བྱུང་སྟེ། དེ་ནས་བདག་ཁྱིམ་པར་གྱུར ་པས་འདི་བཟུང་ནས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ལགས་སོ། ། བདག་གིས་སྙིང་པོ་འདི་བཏོན་པས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་འཇུག་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས ་བགྱི་བ་ཐོབ་ལགས་སོ། ། གང་དག་བཅིང་བས་བཅིངས་པ་རྣམས་དང་། གང་དག་བཅིང་བ་ལ་ཐུག་པ་རྣམས་དང་། ཆ་བ་དང་ཞུགས་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཉེན་པའི་སེམས་ཅན་ཐམས་ཅད་ལ ་བདག་གཏང་པ་ས་གནས་པ་དང་། བསྒྲུབ་པ་དང་བསྒྲུབས་པ་དང་བྱུང་གཏན་བཀྲོལ།། གནོད་ཀུན་དང་སྦྱིན་པོ་སྣང་བ་རྣམས་ཀྱ་མིང་པོ་འདིས་བཅུ། མབྱམས་པའི་སེམས་ད་། རྗེའི་སེམས་ས ་བསྟི་སྟེ། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱིར།། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ལགས་སོ།། ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ ་བཞི་པ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་རྔ་པོ་དག་ཀྱང་སསྦས་པར་འབྱུང་བར་འགྱུར་ན། དིག་བསྟན་པ་བཞིན་དུ་ནན་ཏན་བགྱིད་པ་ལ་ཐོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན་བཟླས་བརྗོད་བགྱིད་པ་དང་། སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ ་རྫོགས་པར་བགྱིའོ། ། སུ་ཞིག་བདག་གི་སླད་དུ་ཚེ་ས་བཅུ་བཞིའམ་བཅཝ་ལྔ་ལ་སྤྱད་པ་བགྱིས་ན། དེ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་བདག་གིས ་མིང་འཛིན་པ་ནི་དོན་མཆིས་ཏེ། སངས་རྒྱས་བྱེ་བ་ཁྲག་འབུམ་གྱི་བས་ལྷག་ལགས་སོ།། བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར། བྲོ་ནད་ཐམས ་ཅད་ལས་ཡོངས་སུ་ཐར་བར་འགྱུར། བསྒྲིབ་པ་ཐམས་ཅད་དང་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་ལགས་སོ།། གང་ལ་ལ་ཞིག་ཆོ་ག་བཞིན་དུ ་སྦྱོར་བ་བགྱིས་ན་དེ་དག་གི་སུག་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོག་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སེམས་ཅན་ཐམས་ཅད་ལ་དེ་ལྟར་སྙིང་རྗེ་ཆེ་བ་ལེགས་སོ་ལེགས་སོ།། ་རིགས་ཀྱི་བུ་ཐབས་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་ནུས་ཏེ།། དེས་ཀྱང་སྙིང་པོ་འདི་བཟུང་ཞིང་རྗེས་སུ་མི་དང་རྒྱས་ཀྱིས་རིགས་ཀྱི་བུ་ཁྱོད་སྨོས་ཤིག། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་དུ་གཟར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྙིང་པོ ་འདི་སྨྲས་སོ། ། ན་མོ་རང་ན་ཏྲ་ཡ་ཡ། ན་མ་ཨཱརྱཱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷུ་ཧཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་ར་ཧད་བྷཱུ།། སཾ་མྱཀ་སཾ་བུདྷེ་བྷཱ། ན་མ་ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས ་ཏྲཱ་ཡ། མ་ཧཱ་ཀཱ་རུ་ནི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིད་ཏེ་བད་དེ། ཙ་ལཾ་ཙ་ལེ། པྲ་ཙ་ལཾ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་པཽ་རེ། ཨཱི་ལི་མི་ལི། ཙི་ད་ཏི་ཛྭ་ལ། མ་པཽ་ན་ཡེ་སྭཱ་ཧཱ།། འདིའི་ཆོ་ག་ནི་བསྒྲུབ་མི་དགོས་པེར་ལས་ཐམས། ་ཅང་བྱེད་དེ།། རིམས་ཉནི་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། འདྲེ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། ལྔ་པ་དང་། འབྲས་ཀྱི་ཕྲེང་བ་དང་། བས་པལྡགས ་ལ་སོགས་པ་དང་། དུག་དང་། བོ་ལ་མིག་དང་། གཡན་པ་ལ་སོགས་པ་ལ་འཇིམ་པ་ལ་སྔགས་ཏེ་བསྐུའོ།། ལན་བདུན་བཟླས་བརྗོད་བགྱིས་ན་ལས་ཀྱི་སྒྲིབ་པ་སྐྱོང་བར་བགྱིད་དོ།། བྱིས་པ་གདོན་གྱིས་ཟིན་པ་ལ་ནི་འབྲུ་མར་པོ།། བ་བྲོ ་འཚལ་བ་ལ་ནི་རྒྱ་དང་འབྲུམ་རོ། ། རྒྱུབ་ཐོ་འཚལ་བ་ལ་ཐོབ་བཏགས་ན་དེས་ཞི་བར་འབྱུད་དོ།། ན་དཐམས་ཅད་ལ་ཡང་སྣང་བར་བགྱི་སྟེ། གླགས་པས་འགྲུབ་བོ།། ཕགས་པ་སྤྱན་ས་གཟིགས་དབང་ཕྱག་གཞལ་བཙུག་། ་པ་ཞེས་བྱ་བའི་ག་ཟུང་ས་རྫོགས་སྷོ།། ཕྱག་ག་དང་། མར+འུ་བ་མོ་ཀ་ཏ་ཤྭ་རཱ་ཡ་ན་མ་སཎྜ་ཏ་ཀན། བདན་དཔ། འཕགས་པ་སྟན་ས་གཟིགས་དབང་ཕྱུག་གི་མཚན་ཅལ་ཡི་ལགསངས་རྒྱས་དེ་བྱང་ཆུབ་སེམས ་