| Wylie | e-texts produced with BDRC’s OCR application |
དང་གྲེལ་ལ་བྷཱུ་པ་མངོན་པར་སྒྲུབ་པ་རྣམས་ཉེ་བར་སྒྲུབ་པ་འདི་དག་ནི་སངས་རྒྱས་ཀྱི་ཕྲིན་ལས་ཡང་དག་ཕུལ་གྱི་ཆོས་བཅུ་པ་ཞེས་བྱའོ། ། ཀྱེ་རྒྱལ་བའི་སྲས་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས། ་ཀྱི་ཕྲིན་ལས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རང་བྱུང་གི་ཕྲིན་ལས་གཞན་གྱི་དྲིང་འཇོག་པ་མེད་པར་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བ་དག་གོ། ལྷའི་རྒྱལ་པོ་དབང་ཆེན་མཆོག་སྦྱིན་གཙོ།། དཔའ་བོ་འཇིགས་མེད་འཇིག ་རྟེན་ཀུན་ལ་གྲགས། ། ཤེས་རབ་འོད་གསལ་ཟླ་བ་ཉེ་བའི་ཞལ།། སྐྱེས་མཆོག་སྨོན་ལམ་ཟིན་ལས་གཅིག་པའི་མཆེད།། ཚངས་པ་བརྒྱ་བྱིན་འཇིག་རྟེན་སྐྱོང་ལ་སོགས།། རྡོ་རྗེ་ཏིང་འཛིན་རི་རབ་སྲུབ་ཤིང་དང་།། སྙིང་རྗེ་བརྩོན་འགྲུས ་ཀླུ་ཡི་སྲུབ་ཐག་གིས། ། ཤེས་རབ་ཆེན་པོའི་རྒྱ་མཚོ་བསྲུབས་པའི་བཅུད།། དམ་ཚེས་བདུད་རྩིའི་འགྲོན་དུ་གཤེགས་ཀུན་ལ།། ཆོས་བསྒྲགས་བསོད་ནམས་དབྱིག་ཀྱང་སྤྱིར་འབུལ་གྱིས།། སྲིན་དམག་ལྷ་མིན་གཡུལ་ལས་རྒྱལ ་བ་དང་། ལྷ་ཡི་རྒྱལ་སྲིད་དབུ་ཆོག་བཙན་པར་བསྔོ།། གཟི་བྱིན་གཡོག་འཁོར་ལོངས་སྤྱོད་འཕེལ་བ་དང་།། མཐུ་རྩལ་གོ་འཕངས་ཁྱད་པར་ཐོབ་པར་བསྔོ།། རྫུ་འཕྲུལ་མངོན་ཤེས་ཕ་རོལ་ཕྱིན་ལ་སོགས།། རྣམ་པར་ཐར་པའི་སྒོ ་ཀུན་རྫོགས་པ་དང་། ། དགེ་བའི་ཕྲིན་ལས་དགོངས་དགུ་གྲུབ་པར་བསྔོ།། དམ་ཆོས་བདུད་རྩིའི་བདེ་བས་ལུས་ཁྱབ་སྟེ།། སྡུག་བསྔལ་གནོད་པའི་རྒྱུད་ལས་གྲོལ་བར་བསྔོ།། དགེ་བའི་བཤེས་གཉེན་བཀའ་དྲིན་བྱམས་པའི་གཉེན།། བདག ་ཅག་ཉོན་མོངས་མཚོན་གྱིས་རྨས་པ་རྣམས། ། ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་བསྐྱང་བ་དང་།། གང་གིས་གང་ལ་སྤྱི་བོས་མཐུ་སྐྱེད་ཅིང་།། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་གསོལ།། མ་འོས་འཁྲུལ་པའི་ནོངས་པ་མཆིས ་སོ་འཚལ། ། དུས་རིག་རྒྱུད་མཁྱེན་ཀུན་ལ་བཟོད་པར་གསོལ།། ལྷ་ཚོགས་ཆོས་ཀྱི་སྦྱིན་པའི་བཀྲ་ཤིས་ཀྱིས།། ཕུན་སུམ་ཚོགས་འཛིན་དམ་ཆོས་རྒྱས་པར་སྨོན།། རྒྱུད་གསུམ་པ་རྫོགས་སྷོ།། ། རྒྱུད་གསུམ་པ།། ། ཚངས་པ་བརྒྱ ་བྱིན་ཏུལ་ཆེན་ལྷ་དང་བླ། ། གནོད་བྱིན་དྲི་བ་ལྟོ་བྱེད་ལྷམ་ཡིན།། གསེང་འདབ་ཧྲུལ་བུམ་མིའམ་ཅི་ལ་སོགས།། སེམས་ཅན་གང་དག་བདེ་གཤེགས་ཟས་རྣམས་དང་།། ནོར་བདུན་ཕུན་སུམ་དཔལ་བཞིད་ཀུན་གསོན་ཅག། སམ ་རྒྱམ་བཅོམ་ལྡན་ཡོན་ཏན་བསམ་མི་ཁྱབ། ། དམ་པའ་ཆོས་ཀྱི་ཡོན་ཏན་བས་མ་མ་བྱུག།། འཕགས་པའི་དག་འདུན་ཡོན་ཏན་བས་མ་མི་ཐུག།། དཀོན་མཆོག་པསམ་མི་ཁྱབ་པ་མངོ། དད་བའི།། རྣམ་མི་པ ་པའང་བསམ་མི་ཁྱབ། ། བསྐལ་པ་བྱེ་བ་ཁྲག་ཁྲིག་བགྲང་བར་ཡང་།། དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་བས།། བརྒྱ་ལམ་ལན་ཅིག་ཁོམ་ལྡན་ལུས་རྙེད་རྣམས།། རྫུ་འཕྲུལ་དང་བའི་ཤུགས་ཀྱིས་འདིར་གཤེགས་ཏེ།། ་རྣམ་པར་གྲོལ་བའི་ངན་ཆེན་སྣ་ཚོགས་གླིང་།། ཟབ་མོ་རྒྱལ་བའི་བཀའ་ལ་ཀུན་གསོན་ཅིག། བསྔོ་བ་གང་དག་དམ་ཆོས་ལྷུར་ལེན་འདིར་འདུས་པ།། ལྷ་གྲུ་གནོད་སྦྱིན་ལ་སོགས་མཐུ་ཆེན་རྣམས།། ཆོས་ཀྱི་བསོད་ནམས་ཤེས ་ཀྱང་ཁྱེད་བཞེས་ཏེ། ། གཟི་བྱིན་འཁོར་འཕེལ་དགོངས་པ་གྲུབ་པར་བསྔོ།། གསུང་རབ་བདུད་རྩིའི་རྗེས་སུ་སྦུབས་མཛོད་ལ།། གང་ལ་ཅི་རིགས་སོ་སོར་དཔལ་བསྐྱེད་ཅིང་།། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་གསོལ།། ་རྒྱུད་གསུམ་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་རད་ནོ་ལ་ཀ་ནཱམཱ་དྷཱ་ར་ཎཱཾ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་ཏ་ལ་འའི་གཟུངས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། ཁྱོད་ཀྱི་ཕུང་པོའི་རིལ་དགེ་སློང་སྟོང་དུ་ཚང་བ་ཐམས་ཅད་ཀྱང་དཀར་པོའི་ཆོས་ཡོངས་སུ་རྫོགས་པ། ས ་གེའི་སྒྲ་ཆེན་པོ་སྒྲོག་པ། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཚོལ་བ་ལ་མཁས་པ་ཤ་སྟག་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ ་