CLOSE WINDOW

Q46: dpal gsang ba bdud rtsi'i rgyud kyi rgyal po
Wyliee-texts produced with BDRC’s OCR application

གྱུར་ཏོ། ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སྷོ།། པཎ་ཌི་ཏ་གཱ་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། @#།། རྒྱ་གར་སྐད་དུ། ཤྲཱི་ཨ་མྲི་ཏ་གུ་ཧྱ་ཏན་ཏྲ ་རཱ་ཛཱ། ། བོད་སྐད་དུ། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་གསོལ་པ།། དཀྱིལ་འཁོར་དབྱེ་བ་ཇི་ལྟ་བུ།། སྔགས་དང་གཏོར་མ་ཇི་ལྟ་བུ།། སྦྱིན ་བསྲེག་མཆོད་ལ་སོགས་ཇི་ལྟ་བུ། ། ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་དཀྱིལ་འཁོར་དབྱེ་བ་ཡང་།། ཕྱི་ལ་གཟུགས་བརྙན་དཀྱིལ་འཁོར་སྟེ་ནང་དུལུས ་ཀྱི་དཀྱིལ་འཁོར་རོ། ། གསང་བར་བྷ་གའི་དཀྱིལ་འཁོར་ཏེ།། བཞི་པརང་རིག་བྱང་ཆུབ་སེམས།། དེ་རྣམས་ལྷ་ཡི་མཚན་ཉིད་ཀྱང་།། སྐུ་མདོག་ཕྱག་མཚན་རགས་པའི་ལམ།། ཁྲོ་ཚུལ་དྲུག་བཅུ་རྩ་བཞི་དང་།། འབར་བའི་གར་དག ་རྒྱ་དྲུག། མཚན་ཉིད་སྒྱུ་མ་ལྟ་བུ་ཡིས།། ཐ་མལ་པ་ཡི་རྣམ་རྟོག་སྤོང་།། ལུས་ཀྱི་དྲི་འཁྲུ་ཞེ་སྡང་དག། ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པའོ།། འདི་དག་ཕྱི་ཡི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་དབུས་སུ་གང་གྱུར་པ།། དེ་ཉིད ་ཀྱི་ནི་དཀྱིལ་འཁོར་ཏེ། ། རྡོ་རྗེ་ཅན་དང་ཕན་པ་དང་།། དེ་བཞིན་རྡོ་རྗེ་གཟི་བརྗིད་དང་།། པད་མ་གར་གྱི་དབང་ཕྱུག་དང་།། དེ་བཞིན་རྟ་བདུན་རྡོ་རྗེ་སེམས།། སྙིང་པོ་ཡོངས་བཟུང་དཀྱིལ་འཁོར་ཏེ།། དེ་དག་ཕྱི་ཡི་དཀྱིལ་འཁོར་ཡི་ནི།། དེ་ནས་ནང ་གི་དཀྱིལ་འཁོར་ཡང་། ། རྣམ་གྲོལ་སྟེང་དུ་གདན་ཁྲི་རླུང་།། རང་གི་བདག་པོའི་ལྷ་ཡིན་ནོ།། དང་པོར་དེ་ཉིད་ཤེས་བྱ་སྟེ།། རགས་པ་དང་ནི་ཕྲ་བ་དང་།། ཟུང་འཇུག་སྒོ་གསུམ་ཉི་ཁྲི་དང་།། ཚིག་སྟོང་དྲུག་བརྒྱ་རྒྱུ་བ་ཙམ།། ལས་ནི་རགས་པའི་ལས ་འཇོམས་ཤིང་། ངག་གི་དྲི་འཁྲུ་གཏི་མུག་དག། སྤྲུལ་པའི་སྐུ་ཡི་རྒྱུར་གྱུར་པ། མཁའ་སྤྱོང་རླུང་དུ་ཤེས་པར་བྱ།། གང་ཞིག་སྣང་བ་བསྒོམ་པ་དང་།། དེ་བཞིན་མུན་པ་བསྒོམ་པ་དག། ཉིན་དང་མཚན་མོར་རབ་ཏུ་གྲགས།། གནོད་མཛེས་ལྷ ་སྟངས་དམན་པ་སྟེ། ། ཚུལ་དེ་དེ་ལས་བཟློག་པའོ།། དང་པོར་ཡོད་བཅིང་སྣ་རྩོར་བྱ།། དེ་བཞིན་སེམས་ཅིང་རླུང་བཅིང་ཡང་།། ནམ་མཁའ་སོར་བཞི་དེ་ནས་སྟོང་།། དེ་ནས་བར་དུ་ཐིག་ལེ་ཡང་།། ཡན་ལག་དང་བཅས་ཡན་ལག། ་མེ། ཤིན་དུ་ཡན་ལག་མེད་པ་སྟེ། ཡན་ལག་བཅས་པ་བཅུ་གསུམ་སྟེ།། ཐབས་ལ་ཐབས་ཀྱིས་སྦྱོར་བ་ནི།། བླ་མའི་ཞལ་ནས་ཤེས་པར་བྱ།། མ་ནིང་འདྲས་པའི་སྒོ་རུ་གསུངས།། དེ་ནས་འོག་སྒོ་ཙན་ཌ་ལི།། ཁ་སྦྱོར་དང་ནི ་སྨུག་པོ་སོགས། ། རྐྱེན་དང་བཅས་དང་རང་བཞིན་དང་།། བདག་སྦྱང་བ་དང་གཞན་སྦྱང་དང་།། གཏུམ་མོ་རང་བཞིན་སྤར་བ་དང་།། གཏུམ་མོ་གོ་བཟློག་སྦར་བ་དང་།། གཏུམ་མོ་རྐྱེན་གྱིས་སྦར་བ་དང་།། གཏུམ་མོ་ཞར་ལ་སྦ་རབ ་དང་། ། གཏུམ་མོ་བྱེ་བྲག་སྦར་བ་དང་།། སྤྱི་བོའི་གཏུམ་མོ་སྦར་བ་དང་།། གྲོལ་བའི་རོང་བཞིན་གཏུམ་མོ་དང་།། ཆག་པའི་རང་བཞིན་གཏུམ་མོ་སྟེ།། ནང་གི་ལྷ་ཡི་ངོ་བོ་སྟེ།། གསང་བའི་ལྷ་ཡི་རིང་བའི་རྒྱུ།། དེ་ནས་གསང་བའི ་དཀྱིལ་འཁོར་ཡང་། ། དབང་པོ་གཉིས་སྦྱོར་ཀུན་དུ་རུ།། དེ་ཡི་ཕྱིར་ན་བྷ་ག་ཡིན།། དགའ་བ་ལ་སོགས་སྒྱུ་མ་ཡིས།། ཕྲ་བའི་ལམ་སྤོང་ལས་ཡིན་ཏེ།། སེམས་ཀྱི་དྲི་འཁྲུད་འདོད་ཆགས་དག། རང་རིག་སེམས་ཀྱི་རྒྱལ་པོའི་བྷ།། དེ་ནས ་བཞི་པའི་དཀྱིལ་འཁོར་ནི། ། ཆོས་སྐུ་སྐྱེ་མེད་ནམ་མཁའ་བཞིན།། རང་རིག་སྟོང་པ་འོད་གསལ་ལ།། བསྒོམས་པས་ཉེས་པ་མ་ཡིན་ཏེ།། མ་སྒོམས་པས་ཀྱང་ཉེས་པ་མིན།། བསྒོམ་པ་ཉིད་ཀྱང་རྟོག་པ་སྟེ།། མི་སྒོམ་པ་ཡང་རྟོག་པ་ཉིད།། ་བསྒོམ་དུ་རྡུལ་ཙམ་མེད་པ་ལ།། ཡོངས་སུ་སྐད་ཅིག་མེད་པ་འདི།། ལྷ་ཡི་རྒྱལ་པོ་ཡིན་པར་འདོད།། དཀྱིལ་འཁོར་རྣམས་ཀྱི་མཆོག་གྱུར་པ།། རང་རིག་ཡེ་ཤེས་མི་བོ་ཆེ།། ཐམས་ཅད་འདི་ལ་གནས་པ་སྟེ།། དཔེར་ན་འཁོར་ལོས་སླུ་བའི་རྒྱལ་པོ ་ངག། ཡུལ་དང་གྲོང་ཁྱེར་དག་ཏུ་མི་འགྲོ་ཡང་།། ཡུལ་ན་འདོད་པ་ཐམས་ཅད་བསྡུར་བ་ལྟར།། མཆོད་དང་གཏོར་མ་ལ་སོགས་པའི།། ལས་དང་བྱ་བ་སྣ་ཚོགས་ཀུན།། སེམས་ཀྱི་དེ་ཉིད་ཤེས་གྱུར་ན།། ཐམས་ཅད་འདི་ལ་སྡུད་པར་ངེས།། ལས། ་ནི་ཟབ་པའི་ལམ་སྤོང་སྟེ།། སྒོ་གསུམ་རྣམ་དག་དུག་གསུམ་འཇོམས།། གཟུགས་སྐུ་གཉིས་ནི་འབྱུང་བའི་རྒྱུ།། སྦྱིན་བསྲེག་རྣམ་པ་བཞི་ཡིན་ཏེ།། སྤྱི་ཡི་ཐུན་མོང་ཡིན་པར་གསུངས།། དེ་ནས་ནང་གི་སྦྱིན་བསྲེག་ཀྱང་།། ལྟེ་བ་སྙིང་ཀ་སྤྱི་བོ་མགྲིན།། རིགས་ནི། ་ངེས་པའི་བབཟང་། རྦ་ནི་སུ~ཾ་བ་གསུང་མསྲིད་གཏིང་ག་ཐུགས་ཏེ་ཡོན་ཏན་དང་། ཕྲིན་ལས་གཏུམ་མི་གཉིས་སུ་ངས།། དྷ་དང་རྒྱ་དང་ཐིག་མེ་དང། ང་བཞིན་རྣས་པའི་སེཤེས་མེ་ས་དགཔས་བདག་པ་ན།། དུ་མདག་བྱན་མཚན་ནམ ་ཏོག་དག་གརྫས་བཅོག་ཉིམ་མཆོད་གཏབ་ཞི་བསྦྱིན་པ་དང་། རྣམ་ཏོག་ཐེག་ཕྱིང་སྦྱིན་བསྲེག་སྟེ། ང་ལུས་ཡེ་ཤེས་མེ་ཡིས་ནི། རྟོག་པའི་དྲེད་ཤིང་བསྲེག་བྱ་ན་བསྲེག་ཚད་མ་སྟེ། ཏིས་སོགས་རྫིག་པར་མ་པའམ། ཀྱི་ཉིད་མེ་ཀྱི ་བསྲེགས་པས་ངེས་པར་ཚིག་གམ་ཅི། ། བསྲེག་རྫས་རྟོག་པ་སྲེག་བྱེད་མེ།། དབང་པོས་སྤྱོད་ཡུལ་མ་ཡིན་ཏེ།། དེ་ཕྱིར་ལས་ཀྱི་མེ་ཉིད་ལ།། ཏིལ་སོགས་བསྲེག་པའི་ལས་བྱས་ཀྱང་།། ངེས་པར་སྡིག་པ་ཚིག་མི་འགྱུར།། ་མཆོད་པ་ལ་སོགས་དེ་བཞིན་ནོ།། བསྟན་པ་ཙམ་དུ་ངེས་པ་སྟེ།། རྒྱུད་ནི་དོན་དམ་མ་ཡིན་ཏེ།། དོན་དམ་རྟོགས་པས་བསྟན་པ་མེད།། དགང་གཟང་ཐུགས་གཟར་ལ་སོགས་པ།། བླ་མའི་ཞལ་ནས་ཤེས་པར་བྱ།། དེ་ནས་གསང་ཅི ་སྦྱིན་བསྲེག་ཀྱང་། ། ཐབ་ཁྲང་ལྟེ་བ་འམ་སཱ་རྩེ་སྟེ།། ཆགས་གྲོལ་གནས་ནི་ངེས་པ་དང་།། རང་བཞིན་དང་ནི་གསང་བ་ཡི།། གཏུམ་མོ་ཡེ་ཤེས་མེ་སྦར་ཏེ།། གཡས་གཡོན་དགང་གཟར་ཐུགས་གཟར་གྱིས།། ཤུཀྲ་རྩ་དང་དྲུང་། ་སྲོགས་ཀྱི།། ཕྲ་མོའི་རྟོག་པའི་བསྲེག་རྫས་བསྲེག། བདེ་བའི་མེ་ལྷ་མཆོད་པར་བྱ།། ཞི་རྒྱས་ལས་ཀྱི་རིམ་པ་དང་།། བཞི་པ་ཞལ་ནས་ཤེས་པར་བྱ།། དེ་ནས་སྔགས་ཀྱི་དབྱེ་བ་ཡང་།། ཕྱི་ཡི་སྔགས་ནི་ཨོཾ་ཨཱཿཧཱུ~ཾ། ནང་དུ་བདུད ་རྩི་མཚན་ཉིད་དེ། ། གསང་བར་མཆོག་ཆད་དབུས་ན་གནས།། མཐར་ཐུག་མཐའ་བྲལ་རང་རིག་གོ།། སྤོས་སོགས་ཕྱི་ཡི་མཆོད་པ་སྟེ།། བདུད་རྩི་ལ་སོགས་ནང་དུའོ།། གསང་བར་བདེ་བའི་རོ་ཡིས་མཆོད།། མཐར་ཐུག ་སྟོང་པའི་རོ་ཡིས་མཆོད། ། འབྲས་སོགས་ཕྱི་ཡི་གཏོར་མ་སྟེ།། དམན་པའི་བགེགས་སོགས་ཞི་བར་བྱེད།། ཨ་བ་དྷཱུ་ཏཱིའི་ཀཱ་པཱ་ལ་ར།། ཤ་སོགས་བདུད་རྩིའི་རང་བཞིན་གནས།། རྣམ་རྟོག་བགེགས་ཆེན་ཞི་བར་བྱེད།། ་བདེ་བ་ཆེན་པོའི་བདུད་རྩིའི་རོས།། ཕྲ་བའི་གདོན་ཆེན་ནི་བྱས་པ།། འདི་ནི་གསང་བའི་གཏོར་མར་གསུངས།། རང་རིག་སྟོང་པའི་བདུད་རྩིའི་རོས།། བདེ་ཆེན་གདོན་ནི་ཞི་བྱས་པ།། འདི་ནི་བཞི་པའི་གཏོར་མར་ངེས།། ཕྱག ་འཚལ་བསྐོར་བ་ལ་སོགས་དང་། ། སྦྱང་སོགས་བླ་མའི་ཞལ་ནས་ཤེས།། གང་གི་ཕྱིར་ན་སྦྱིན་བསྲེག་ན།། དངོས་གྲུབ་དམ་པ་སྟེང་བ་དང་།། རྣམ་རྟོག་སྲེག་ཕྱིར་སྦྱིན་བསྲེག་སྟེ།། ཤིང་སོགས་སྲེག་པ་སྦྱིན་བསྲེག་མིན་། ་མཉེས་པའི་དོན་གྱིས་མཆོད་པ་སྟེ།། སྤོས་སོགས་བྲལ་བས་མཉེས་པ་མེད།། རང་སེམས་ལས་སུ་རུང་བ་དག། མཉེས་པས་མཆོད་པ་ཆེན་པོ་སྟེ།། གདོན་དང་གནོད་པ་ཞི་བ་དང་།། བང་ཆད་ཞི་དང་དངོས་གྲུབ་དག། འབྱུང་བའི ་བྷིརིན་གཏོང་མ་སྟེ། ། འབྲས་སོགས་ཕྱི་ཡི་གཏོར་མ་ཡིས།། གདོན་སོགས་ཞི་བར་མི་འགྱུར་ཏེ།། རང་གི་སྒོ་གསུམ་རྣམ་རྟོག་དག། གདོན་ལ་སོགས་པར་སྣང་བ་སྟེ།། འཁྲུལ་པའི་རྣམ་རྟོག་མ་སྤངས་པར།། གདོན་མོག ་ཞི་བར་མི་འགྱུར་ཕྱིར། ། སྒོ་གསུམ་རྣམ་རྟོག་འཇོམས་པ་ཡི།། སེམས་ཀྱི་གཏོར་མ་གཏོར་མའི་མཆོག། གདོན་དང་གནོད་པ་ཞི་བ་དང་།། དམ་ཚིག་གསོ་དང་ལྷ་རྣམས་འགོ། དངོས་གྲུབ་ཐམས་ཅད་འབྱུང་བར ་འགྱུར། ། ཕྱི་ནང་གཏོར་མར་ངེས་པའོ།། རྒྱུད་རྣམས་ཉེ་བར་ཞི་བ་དང་།། ལུས་ལས་འབྱུང་ཕྱིར་ལྷ་ཡིན་ཏེ།། ཕྱི་ཡི་དཀྱིལ་འཁོར་ལྷ་མ་ཡིན།། ལུས་དང་ཡན་ལག་ཏུ་མ་ཡིན།། ཁ་མིག་ལ་སོགས་ལྷ་མ་ཡིན།། ལུས་ལ། ་མ་ཐུ་གཡེང་བའི་ཕྱིར།། དབང་པོ་སྒོ་གསུམ་གཡེང་བ་དགག། རང་གི་ལུས་ལ་རང་ལུས་འབྱུང་།། སྒོ་གསུམ་ཞི་ཕྱིར་ལྷ་ཞེས་བརྗོད།། ཡིད་སྐྱོབ་ཕྱིར་ན་སྔགས་ཡིན་ཏེ།། རང་སེམས་ལས་སུ་རུང་བ་དང་།། རྣམ་རྟོན ་གདོན་རྣམས་ལས་སྐྱོབ་ཕྱིར། ། འདི་ནི་སྔགས་ཀྱི་རྒྱལ་པོར་གསུངས།། གཞན་ཡང་དངོས་གྲུབ་འདོད་པ་ཡིས།། ཐམས་ཅད་བླ་མའི་ཞལ་ནས་བླང་།། རྗུད་འདི་གཏད་ཀྱིས་ནན་ཏན་གྱིས།། དེའི་ཚེ་འཁོར་འདུས་པ་ཐམས ་ཅད་རྒྱུད་ཀྱི་དོན་ལ་ཡིད་རང་བར་གྱུར་ཏོ། ། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་རྫོག་སྷོ།། །། རྒྱ་གར་གྱི་མཁན་པོ་གཱ་ཡ་དྷུར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྐུར་བའོ།། ། ་