| Wylie | e-texts produced with BDRC’s OCR application |
ཙམ་མེད། ། གསང་བའི་སྙིང་པོར་ཁོ་ན་ཉིད་ངེས་པ་ལས་ཆོས་ཉིད་ཀུན་ཏུ་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བརྒྱད་བཅུ་པའོ།། ། རྫོགས་སྷོ།། 6།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོའི་ཕྲེང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ ་ཕྱག་འཚལ་ལོ། ། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་གི་དོན་བསྡུས་པ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རིག་པའི་བྱིན་རླབས་ལས་བྱུང་བའི ་མཆོད་པ་རྒྱ་ཡོངས་སུ་མ་ཆད་པའི་གཞལ་ཡས་ཁང་དང་། བླ་བྲེ་དང་། རྒྱལ་མཚན་དང་། བ་དན་དང་། གདུགས་དང་། སྒེག་མོ་ལ་སོགས་པ་ནང་གི་མཆོད་པ་བཞི་དང་། བདུག་སྤོས་ལ་སོགས་པ་ཕྱིའི་མཆོད་པ་བཞིས ་མཆོད་དེ། ལན་གསུམ་དུ་བསྐོར་བ་བྱས་ནས་སོ་སོ་མ་ཡིན་པའི་རིག་པའི་འདྲད་པས་ཕྱག་འཚལ་ཏེ་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས ་བ་ཅོམ་ལྡན་འདས་ཀྱིས་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཉན་ཐོས་དང་ཐུན་མོང་མ་ལགས་པ་ཐབས་གང་གིས་རྟོགས་པ་དེ་ཚེ་འདི་ཉིད་པ་ཐམས་ཅད་མཁྱེན་པའི་གོ་འབངར་ཐོབ་པའི་དོན་དུ་བཤད ་དུ་གསོལ། ། དེ་སྐད་ཅེས་གསོལ་པ་དང་། ཅང་མི་གསུང་བར་འཛུམ་པ་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་ཉོན་ཅིག། དོན་འདི་དང་ཕྱི་ནང་གི་ཆོས་ཐམས་ཅད་འདྲ་སྟེ་བདེན་པ་གཉིས་སུ་འདུས་སོ། ་བདེན་པ་གཉིས་ལ་ཡང་ཚུལ་འདི་ལྟར་ཤེས་པར་བྱའོ།། བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ།། དེ་བཞིན་ཉིད་ལ་གནས་བཅས་ན།། ཕྱི་ནང་སྣོད་བཅུང་རྣམ་པར་དག། བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་གྱུར།། ཕ་རོལ་ཕྱིན ་བཅུ་རྫོགས་པ་སྟེ། ། ས་བཅུ་རིམ་གྱིས་བསྐྱོད་པ་ལ།། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས།། ས་རྣམས་མཉས་པ་ཉིད་དུ་སྦྱོར།། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས།། ཆོས་ཀུན་སྐུ་མར་རིག་པའི་ཕྱིར།། དངོས་དང་དངོས་མེད་པག་ཆགས ་བསྲེགས། ། ཡང་ན་ཡེ་ཤེས་མེ་ཞེས་བྱ།། རྒྱུ་དང་འབྲས་བུའི་རྣམ་སྨིན་ནི།། མེད་མིན་རྒྱུ་འབྲས་འཐུན་པས་འགྲུབ།། དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས།། ཚིག་པས་ཚོགས་སུ་འགྱུར་བས་སོ།། ལམ་གྱི་ནང་ན་ཉེ་ལམ་བརྡ ་རྫོགས་པ། ། ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ།། བསྒྲུབས་ན་ཚེ་འདིས་སངས་རྒྱས་ཆེ་བ་ཡང་།། བླང་དོར་མེད་པའི་སྐུ་གསུང་རྡོ་རྗེ་ཐོབ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་བདེན་པ་གཉིས་བསྟན་པའི ་ལེའུ་སྟེ་དང་པོའོ། ། སེམས་དཔའ་ཆེན་པོ་དམ་ཚིག་འདི་དག་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ངས་བཤད་དོ།། གཏི་མུག་ཞེ་སྡང་ང་རྒྱལ་དང་།། འདོད་ཆགས་ཕྲག་དོག་ཆེན་པོ་ནི།། བསྲུང་བ་མེད་པའི་སྡོམ་པ ་ཅན། དེ་ནི་དམ་ཚིག་རྡོ་རྗེ་ཡིན།། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་ཕྲེང་བ་ལས་དམ་ཚིག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། སེམས་དཔའ་ཆེན་པོ་དབང་འདི་དག་ནི། རང་རིག་པའི་རྩལ་གྱིས་འཐོབ ་པོ། ཐབས་དང་ཤེས་རབ་དབང་ཆེན་ཏེ།། རྡོ་རྗེ་དྲིལ་བུ་རིག་པས་འཛིན།། མྱ་ངན་འདས་དང་འཁོར་བ་ཡིས།། ཆོས་ལ་འདོད་བཞིན་དབང་བྱེད་དོ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་ཕྲེང་ལས་དབང་གི་ལེའུ་ས ་གསུས་པའོ། ། ། སེམས་དཔའ་ཆེན་པོ་མཆོད་པ་མཆོག་ནི་འདི་ལྟར་རིག་པར་བྱའོ།། བདག་མཆོད་ཀུན་མཉེས་ཐམས་ཅད་འདྲངས།། ཀུན་ལ་ཕན་པའི་སྨན་ཡིན་ཏེ།། རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས།། ཐམས་ཅད ་བཟའ་ཞིང་བརྒྱན་པར་བྱ། ། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་མཆོད་པའི་ལེའུ་སྟེ་བཞི་པའོ།། །། ཀུན་དུ་འོད་ཀྱིས་ལས་འདས།། པད་མའི་སྨན་དུ་གྱུར་པ་ན།། རིག་པའི་བྱིན་རླབས་ཆེན་པོ་ལས།། རང ་འབྱུང་དཀྱིལ་དུ་འཕྲོ་ཡི་ཚུལ། ། ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ།། མཚན་དང་དཔེ་བྱད་ཀུན་ལས་གྲོལ།། རྔམ་ཞིང་གཏུམ་པའི་གཟུགས་ཅན་དང་།། མགྱོགས་མ་མགྱོགས་མའི་བོ་ཉར་ལྡན།། དེ་ནི་ཐིག་ལེ་རྡོ་རྗེ་ཡིན།། འདི ་ས་གང་ཟག་བདག་མེད་པར། ། རྟོགས་པར་བྱ་བྱར་ངས་བཤད་དེ།། མཁས་པས་དེ་ལ་འབྱོར་བར་གྱིས།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལའུ་སྟེ་ལྔ་པའོ།། ། དན།། ་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་རིག་པར་བྱའོ།། ཆེན་པོ་ལྔ་ཡང་དེ་བཞིན་གཤེགས།། གཅིག་ལའང་ལྔ་ལྔར་རིག་པར་གྱིས།། ཁམས་གསུམ་བདག་ཉིད་ཡིན་པ་སྟེ།། སྐུ་གསུམ་ཞེས་ཀྱང་དེ་ལ་བྱ།། ། ་ཡེ་ཤེས་ལྔ་དང་འགྲོ་བ་ལྔ།། མཉམ་པས་སོ་སོ་དབྱེར་མེད་དེ།། སྔགས་དང་ཕྱག་རྒྱ་དབང་སྒྱུར་ན།། སྤྱོད་ཡུལ་ཀུན་ཏུ་མཎ་ཌ་ལ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་ཐེ་བ་ལས་གཟུག་བ་རྙན་བྱེ་དཀྱིལ་འཛི ་གྱི་ལེའུ་སྟེ་དྲུག་པའོ། ། །། སེམས་དཔའ་ཆེན་པོ་ཞེས་རྡོ་རྗེ་སེམས་དཔའ་བྲོས་ནས་བཤད་དོ།། རྒྱལ་བའི་རྒྱལ་པོ་རྣམས་ཀྱི་སྐུ།། སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི།། ཀུན་དུ་རིན་ཆེན་ལྟ་བུ་སྟེ།། དོན་དང་ལས་ཡིན ་བསྒོམས་པས་འགྲུབ། ། དབུ་མིག་རྣ་བ་སྣ་ལྕེ་ལ།། ཨོཾ་ཞེས་བྱ་བ་ལྔ་བཞག་སྟེ།། གཙོ་བོ་ལྔ་དང་གཅོམ་ལྔ།། སྤྱོད་པའི་ཚུལ་དུ་སྒོམ་པར་བྱ།། ལག་པ་གཡས་པའི་སོར་མོ་ལ།། ཧཱུཾ་ཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔའ ་ལྔ་དང་སེམས་མ་ལྔ། ། སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ།། ལག་པ་གཡོན་པའི་སོར་མོ་ལ།། དྲྀ་ཞེས་བྱ་བ་ལྔ་བཞོག་སྟེ།། སེམས་དཔའ་ལྔ་དང་སེམས་མ་ལྔ།། སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ།། རྐང་པ་གཡོན་པའི་སོར ་མོ་ལ། ། ཧྲཱིཿཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔའ་ལྔ་དང་སེམས་མ་ལྔ།། སྦྱོར་བའི་ཚུལ་དུ་སྒོམ་པར་བྱ།། རྐང་པ་གཡས་པའི་སོར་མོ་ལ།། ཨ་ཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔལ་ལྔ་དང་སེམས་མ་ལྔ།། ་སྦྱོར་བའི་ཚུལ་དུ་སྒོམ་པར་བྱ།། འཕགས་པ་ཐབས་ཀྱི་ནགས་པ་པད་མོ་ཕྲེང་ལས་ལྷའི་མཚན་ཉིད་དང་དཀྱིལ་འཁོར་དགོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། སེམས་དཔའ་ཆེན་པོ་ཉོན་ཅིག། ་ཅེས་རྡོ་རྗེ་སེམས་དཔའ་ལ་ཁོས་ནས་བཤད་དོ།། རྣལ་འབྱོར་རིག་འཛིན་མར་ལྡན་པས།། ལྔ་ཞིང་ལྔ་དང་འབྱོར་པ་ཡིས།། ཚེམ་བུ་ལྔ་ཡི་ལྷ་སྒོམས་ན།། ཐམས་ཅད་བདག་ཉིད་ཆེན་པོར་འགྱུར།། རིན་ཆེན་པད་མའི ་དཀྱིལ་འཇམ་འདི། ། འཛུམ་པའི་འདདས་ཀྱིས་འཕྲུལ་ལགས་ཀྱིས།། དགྱེས་པ་རྡོ་རྗེ་རབ་གསོལ་ནས།། བྱང་ཆུབ་སེམས་སྤྲིན་དབབ་པར་གསོལ།། རྡོ་རྗེ་གསོར་བའི་དགའ་མཆོག་འདི།། འཛུལ་ཞིང་འཁྱིལ་བའི་གནས ་སུ་གསོལ། ། མི་དམིགས་བདེ་དང་འཕྲོ་བ་ནི།། རྡོ་རྗེ་འཛིན་མར་ལྡན་ལས་བྱུང་།། རྣལ་འབྱོར་རིག་འཛིན་མར་ལྡན་པས།། ན་བཟའ་དང་ནི་ཞལ་ཟས་རྣམས།། གྲུབ་པའི་རྗེས་སུ་དབང་བསྐུར་ནས།། གསོལ། ་ན་དངོས་གྲུབ་མཆོག་ཏུ་འགྱུར།། རྣལ་འབྱོར་རིག་འཛིན་མར་ལྡན་པས།། གླུ་དང་ཚིག་གི་སྒྲ་རྣམས་ཡིན།། གསུང་གི་ངོ་བོར་བྱིན་རླབས་ཏེ།། བསྒྲགས་ན་དངོས་གྲུབ་མཆོག་ཏུ་འགྱུར།། རྣལ་འབྱོར་རིག ་འཛིན་མར་ལྡན་པས། ། བྲོ་དང་གར་གྱིས་བསྐྱོད་བྱས་ཏེ།། འོད་ཀྱི་འདུལ་འབྲོ་བྱིན་གྱིས་བརླབ།། དངོས་གྲུབ་མཆོག་ཀྱང་ཐོབ་པར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དངོས་གྲུབ་སྒྲུབ་པའི་ལེའུ ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་བྱུང་ངོ་།། ཨོཾ་བཛྲ་བྷཻ་རོ་ཙ་ན་ཨོཾ། ཨོཾ་སཏྭ་བཛྲ་ཧཱུཾ། ཨོཾ་རད་ན་བཛྲ་ཏྲཾ། ཨོཾ་དྷརྨ་བཛྲ་ཥྚྲྀཿ། ཨོཾ་ཀརྨ་བཛྲ་ཨ། ཨོཾ་བཛྲ་ཨཱ་ཀྵེ་བྷུཾ་ཧཱུཾ། ་ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཧཱུ~ཾ། ཨོཾ་བཛྲ་རཱ་ག་ཧཱུཾ། ཨོཾ་བཛྲ་སཱ་དྷ་ཧཱུ~ཾ། ཨོཾ་བཛྲ་ན་རད་ན་སམ་བྷ་བ་ཏྲཾ། ཨོཾ་བཛྲ་ར་དན་ཏྲཾ། ཨོཾ་བཛྲ་སཱུརྱ་ཏྲཾ། ཨོཾ་བཛྲ་དྷ་ཛ་ཏྲཾ། ཨོཾ་བཛྲ་ཧཱ་ས་ཏྲཾ། ཨོཾ་བཛྲ་ཨ་མ~ཾ་ཏཱ་བྷཱ་ཧྲི། ཨོཾ་བཛྲ་ཏིཀྵྞ་ཧཱུཾ། ཨོཾ་བཛྲ ་ཧཱི། ཨོཾ་བཛྲ་པ་ཤ་ཧྲཱི། ཨོཾ་བཛྲ་ཨ་མོ་གྷ་སིད་དྷི་ཧ། ཨོཾ་བཛྲ་ཀརྨ་ཧ། ཨོཾ་བཛྲ་རཀྵ་ཧ། ཨོཾ་བཛྲ་ཡཀྵ་ཧ། ཨོཾ་བཛྲ་མུཥྚི་ཧ། ཧོ་བཛྲ་ཤྭ་ར་དྷ་ཏུ་ཨོཾ། ཨོཾ་བཛྲ་བུད་དྷ་ལོ་ཙན་ཧཱུ~ཾ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཾ། ཨོཾ་བཛྲ་བན་དྷ་ར་བ་སི་ནི་ཧ། ཨོཾ་བཛྲ་ས ་མ་ཡ་ཏཱ་རཱ་ཧ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨ་ཀུ་ཤ་ཧཱཾ། ཨོཾ་བཛྲ་དེ་ཤྭ་ར་བྷ་དེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་པཱ་ཤ་ཏྲེ། ཨོཾ་བཛྲ་རད་ན་ར་ཏི་ཏྲཾ། ཨོཾ་བཛྲ་གརྦྷེ་ཧྲཱི། ཨོཾ་བཛྲ་ཨ་ལེ་ཀེ་ཧྲིཿ། ཨོཾ་བཛྲ ་སྥོ་ཏ་ཧྲཱི། ཨོཾ་བཛྲ་ནརི་ཏྱཻ་ཧ། ཨོཾ་བཛྲ་ག་ན་དྷེ་ཧ། ཨོཾ་བཛྲ་གྷན་ཌ་ཧ། ཨོཾ་བཛྲ་ར་ཏི་ཧ། ཨོཾ་བཛྲ་མུཾཥྚི་ཧཱུཾ། ཨོཾ་བཛྲ་མུཥྚི་ཏྲཾ། ཨོཾ་བཛྲ་མུཥྚི་ཧྲཱི། ཨོཾ་བཛྲ་མུཥྚི་ཧ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་སྔགས་ཀྱི ་ལེའུ་སྟེ་དགུ་པའོ། ། །། སེམས་དཔའ་ཆེན་པོ་ཉོན་ཅིག་ཅེས་རྡོ་རྗེ་སེམས་དཔའ་ལ་བོས་ནས་བཤད་དོ།། ལྷ་དང་ལྷ་མོའི་ངང་ཉིད་དུའོ།། ཡན་ལག་ལྔ་ལ་འབྱོར་པས་ན།། བསྐྱོད་པ་ཐམས་ཅད་ཕྱག་རྒྱ་ཡིན། ་དེ་སྐད་དཔའ་བོས་བཀའ་སྩལ་ཏོ།། དེ་ལ་དྲུབ་ཏུ་མཚན་དེ་ཉིད་ནི།། ཐབས་དང་ཤྭ་རབ་དང་ཉིད་དུ།། ལག་གི་འདུ་བྱེད་བསྒོམས་ནས་ནི།། ཐལ་མོ་དམ་སྦྱར་རྩེ་སྣོལ་གཤིབས།། རྡོ་རྗེ་ཐལ་མོར་བཀའ་སྩལ་ཏོ།། སོར་མོ་ནང་དུ ་བསྣོལ་ནས་བཀན། ། གུང་འཛུབ་མཐེ་བོ་མཐེ་ཆུང་རྣམས།། སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ།། སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ།། རྐང་སོར་གཡས་ཀྱིས་གཡོན་པ་གནན།། ལཀ་ཟིལ་གཡས་ཀྱིས་གཡོན་པ ་མནན། ། མཐེ་བོང་རྩེ་སྤྲད་དབང་དུ་བླང་།། རྣམ་པར་སྣང་མཛད་རྒྱ་ཆེན་ཡིན།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། གཡས་ཀྱི་འཛུབ་མོ་གཡོན་གྱིས་གཟུང་།། ཚོགས་པས་གཅིག་ལ་གཅིག་གཟུང་བ།། འདི་ནི ་སྦྱོར་བའི་རྒྱ་མཆོག་གོ། མཐེ་བོང་གཉིས་དང་མཐེ་བོང་ཆུང་གཉིས།། སོ་སོར་རྩེ་སྦྲང་ཟླུམ་པོ་ལྟེ།། ལྷག་མ་འོད་འཕྲོ་རྟིང་ཕྱེ་བ།། མི་བསྐྱོད་པ་ཡི་ཕྱག་རྒྱ་ཡིན།། ཏིང་སྤྲ་དགུང་མོ་རྩེ་སྦྱར་ཏེ།། འཛུབ་མོ་ཚོགས ་བཅག་གུང་ལ་སྦྱར། ། སྲིན་མཐེབ་རྩེ་སྤྲད་མཐེ་ཆུང་སྦ།། རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིན།། གུང་འཛུབ་སྲིན་ལག་རྩེ་སྤྲད་དེ།། མཐེ་ཆུང་ངོས་ལ་སྦྱར་བར་བྱ།། མཐེ་བོང་རྩེ་སྤྲད་ཟླུམ་པོ་སྟེ།། སྣང་བ་མཐའ ་ཡས་ཕྱག་རྒྱ་ཡིན། ། ཐལ་མོ་སྦྱར་ནས་སོ་སོར་བགྲད།། བསྐྱོད་ནས་འཁོར་ལོ་ལྟར་བྱས་ཏེ།། ཀློག་གི་ཕྲེང་བས་འཁོར་བར་བྱ།། དོན་ཡོད་གྲུབ་པའི་ཕྱག་རྒྱ་ཡིན།། ཕྱག་རྒྱའི་རྒྱལ་པོ་འདི་དག་ནི།། ཐུགས ་ཀར་བཅིང་ཞིང་ཉིད་དུ་མོས། ། འདུ་འགྲོ་སྒྲོལ་ཞིང་མཁའ་ལ་དགྲོལ།། ལས་དང་ཐུན་མོང་ཉིད་དུ་བཤད།། རྡོ་རྗེ་དྲིལ་བུ་བཟུང་ནས་ནི།། ཐུགས་ཀར་རང་ནི་བཀུར་བརྟེན་ནས།། བཅུ་ཐབས་ཟུར་གྱིས་ལྟ་བ་ནི།། ་སེམས་པའི་རྒྱ་ཆེན་ཡིན།། ལག་པ་སྣོལ་ནས་ཁུ་ཚུར་བཅད།། གུང་མོ་གཉིས་ཅི་བརྒྱད་པར་བྱ།། འཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ།། རྡོ་རྗེ་རྒྱལ་པོ་རྒྱ་ཆེན་ཡིན།། ལག་པ་ཁུ་ཚུར་བཅངས་པ་ལས།། གཡོན་གྱི་འཐེབ ་འཛུབ་རྩེ་སྤྲད་དེ། ། གཡས་ཀྱི་གུང་མོ་བརྐྱང་ནས་གདེང་།། རྡོ་རྗེ་འདོད་པའི་རྒྱ་ཆེན་ཡིན།། ལག་པ་གཉིས་ཀྱིས་སོར་མོ་རྣམས།། སོ་སོའི་གུང་མོ་ཚིགས་དང་པོར།། ངོས་བཞི་ནས་ནི་རྩེ་མོ་གཟུགས།། རྡོ་རྗེ་ལེགས་པའི་རྒྱ་ཆེན ་ཡིན། ། ཏིང་སྦྱར་གུང་མོའི་རྩེ་སྤྲད་ཏེ།། འཐེབ་འཛུབ་སྲིན་ལག་ཚིགས་བཅག་སྟེ།། དྲུག་ཆར་རྩེ་སྤྲད་མཐེ་ཆུང་བས།། རྡོ་རྗེ་རིན་ཆེན་རྒྱ་ཆེན་ཡིན། མཐེ་བོ་མཐེ་ཆུང་རྩེ་སྤྲད་ནས།། ལུ་གུ་རྒྱུད་དུ་སྦྲེལ་བར་བྱ།། ལྷག་མ ་འོད་ལྟར་བྱས་ན་ནི། ། རྡོ་རྗེ་ཉི་མའི་རྒྱ་ཆེན་ཡིན།། ལག་ངར་གཡོན་པ་སྒྲེང་ནས་ནི།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། གཡས་པ་གྲུ་མོར་བཟུང་བར་བྱ།། རྡོ་རྗེ་རྒྱལ་མཚན་རྒྱ་ཆེན་ཡིན།། གཡོན་གྱི་སྟེང ་དུ་གཡས་གཞག་ནས། ། སོར་མོའི་ཚིགས་བཅག་སྤྲད་བྱས་ཏེ།། ཁ་ཡི་ཐད་ཀར་བཟུང་བར་བྱ།། རྡོ་རྗེ་གཞད་པའི་རྒྱ་ཆེན་ཡིན།། གཡོན་གྱི་སོར་མོའི་རྩེ་རྣམས་ཡིན།། མ་ཕྲད་ཙམ་དུ་བསྡུས་པ་ལས།། ་གཡས་ཀྱིས་འབྱེད་པ་ལྟར་བྱས་པ།། རྡོ་རྗེ་ཆོས་ཀྱི་རྒྱ་ཆེན་ཡིན།། གཡས་ཀྱི་ལག་དར་སྦྲེང་བ་ལ།། མཐེ་བོ་མཐེ་ཆུང་རྩེ་སྤྲད་དེ།། ལྷག་མ་གསུམ་ཡང་སྦེང་བར་བྱ།། གཡོན་པའི་ཁུ་ཚུང ་དཀུར་བསྟུན་པ། ། རྡོ་རྗེ་རྣོན་པོའི་རྒྱ་ཆེན་ཡིན།། ལག་པ་རྒྱ་གྲམ་རྩེ་བསྣོལ་ནས།། མཐེ་བོས་གཉིས་ཀྱི་རྩེ་སྤྲད་དེ།། བསྐོར་བ་ལྟ་བུར་བྱས་པ་ནི།། རྡོ་རྗེ་འཁོར་ལོའི་རྒྱ་ཆེན་ཡིན།། སོར་མོ་ནང་དུ་སྩོལ་བ་ལས།། གུང་མོ་རྩེ་སྤྲད ་འཇུཛུབ་སྦྱར་ཏེ། ། མཐེ་བོས་གུང་མོ་མནན་པ་ནི།། རྡོ་རྗེ་སྨྲ་བའི་རྒྱ་ཆེན་ཡིན།། ལག་པའི་ཁྲིག་མ་བསྣོལ་བ་ལས།། གུང་མོ་གཉིས་ཀྱི་ཚིགས་དང་པོར།། ངོས་བཞི་ས་ཡི་སོར་མོ་བརྟེན།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིན།། ལག་པ་གཉིས་ཀྱིས་སོར་མོ་རྣམས།། ཕན་ཚུན་ཐབས་སུ ་བཏགས་པ་ལས། ། མཐེ་བོང་གཉིས་ནི་བསྒྲེང་བར་བྱ།། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཡིན།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། འཛུབ་མོ་གཉིས་ནི་བསྒྲེང་ནས་ཀྱང་།། ཁ་གྲམ་གཉིས་སུ་བཟུང་བར་བྱ།། རྡོ་རྗེ་གནོད་སྦྱིན་རྒྱ་ཆེན་ཡིན།། རྡོ་རྗེ་ཁུ་ཚུར ་བཅངས་པ་ལས། ། བསྣོལ་ཏེ་ཁ་ནི་སྦྱར་ནས་ཀྱང་།། ཐུགས་ཀར་དམ་དུ་བཟུང་བར་བྱ།། རྡོ་རྗེ་ཁུ་ཚུར་རྒྱ་ཆེན་ཡིན།། རིགས་ཀྱི་ཕྱག་རྒྱ་བསྒོམས་ནས་ནི།། ལག་གི་འདུ་ཤེས་འདི་དག་གིས།། འདྲ་ཕྲོ་མོས་བསྐྱེད་ནས་ནི། བཅིང་ཞིང་མཁའ་ལ་འགྲོལ ་བར་བྱ། ། མཐེ་བོ་མཐེ་ཆུང་ནང་དུ་སྤྲད།། གུང་མོ་རྩེ་བྱར་བཞི་ཡང་སྒྲེང་།། རྡོ་རྗེ་འཛིན་ལྟར་རྟིང་སྤྲད་པ།། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན།། རྟིང་སྦྱར་འཐེབ་འཛུབ་རྩེ་སྦྱར་ཏེ།། འཛུབ་མོའི་མིག་ཏུ་མཐེ་ཆུང་དྲང་།། ལྷག་མ་རྩེ་གསུམ་ལྟར ་བྱས་པ། ། རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིན།། ལག་ངར་གཡོན་པ་སྦེང་ནས་ཀྱང་།། སོར་མོ་ཨུཏྤལ་ལྟར་བྱས་པ།། གཡས་ཀྱི་སོར་མོ་བཟུང་བར་བྱ།། རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན།། རྐང་པ་གཉིས་ཀྱིས་པུས་མོ་དང་། ་ལག་པ་གཉིས་ཀྱི་གྲུ་མོ་རྣམས།། སྤྲད་ནས་ལག་པ་གདངས་པ་ནི།། ཀུན་དུ་བཟང་མོའི་ཕྱག་རྒྱ་ཡིན།། རྡོ་རྗེ་ཁུ་ཚུར་བཀུར་བརྟེན་ནས།། ལྡན་པ་གཡས་སུ་བྱ་བ་ལས།། ཆགས་པའི་མིག་གིས་ལྟ་བ་ནི། ་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཡིན།། གཡོན་པ་སྒོང་སྐོང་པོ་བྱས་ཏེ།། གཡས་པས་གྲུ་མོ་བཟུང་ནས་ཀྱང་། བསྐོར་ཤིང་སོར་མོ་འཕྲེང་བ་ནི།། རྡོ་རྗེ་བདུག་པ་ཕྱག་རྒྱ་ཡིན།། ལག་པ་གཉིས་ནི་རྒྱབ་སྦྱར་ནས། ་རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། མཐེ་ཆུང་སྤེལ་ནས་འཛུབ་མོ་སྦེང་།། རྡོ་རྗེ་ལྕགས་ཀྱུ་མ་ཡི་རྒྱ།། མཐེ་ཆུང་ལུགུ་རྒྱུད་དུ་སྤེལ།། སོར་མོ་རྣམས་ནི་སོ་སོར་བསྒྲེང་།། ཐལ་མོ་བཀན་ཏེ་ལྟ་བ་ནི།། ་རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན།། སྲིན་ལག་དང་ནི་མཐེ་བོ་གཉིས།། སོ་སོར་རྩེ་མོ་སྤྲད་པ་ལས།། ཕྲལ་བའི་ཐད་ཀར་དྲངས་པ་ཡི།། རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ཡིན།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ ་ཕྲེང་བ་ལས་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ། ། །། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ་རྣམས་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་འཁོར་ཕལ་པོ་ཆེས་དབྱངས་འཐུན་པར་སྟོད་པ།། ཨོཾ་ཕྱོག ་བཅུའི་འཇིག་རྟེན་རབ་འབྱམ་ན། ། རྒྱལ་བ་གང་གཟུགས་འཁོར་དང་བཅས།། བླ་མེད་ལྷ་དང་ལྷ་མོ་ཡི།། གྲུབ་པའི་བྱིན་རླབས་བསམ་མི་ཁྱབ།། སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ།། སེམས་མ་བཅུ་དྲུག་རིམས ་ཀྱི་ཡུམ། ། མཐུ་ཆེན་ཁྲོ་བོ་ཁྲོ་མོ་དང་།། ཕོཉར་འཇིག་རྟེན་སྐྱོང་བར་ལྡན།། ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི།། འཇིག་རྟེན་མ་ལུས་ཐམས་ཅད་ཀུན།། རྒྱལ་བའི་ཞིང་དུ་བསྐྱོར་བས་ནི།། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག། ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། བདག་གི་ལྷག་པའི་བསམ་པའི་རྣམས།། གྲུབ་པར་བྱིན་གྱི་རླབས་དུགསོ།། ཨོཾ་ཁམས་གསུམ་ཞིང་མྱོད་ལ་ཕྱག་འཚལ་ལོ།། མིགས་མེད་ཆོས་ཀྱི་སྐུ་བྱད ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། ། ཅིར་ཡང་སྤྲུལ་པའི་སྐུ་ཕྱག་འཚལ་ལོ།། ཞེས་བསྟོད་ནས་ཉིད་ཀྱི་ཐུགས་ཀར་བཞུགས་ཏེ། རོལ་པར་ཁྲོ་བོའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་ཁྲོ་བོའི་རྟོགས་པ ་བཤད་དོ། ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ལག་ན་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་ན།། གཅེར་བུ་པ་དང་ཀུན་ཏུ་རྒྱུ་ལ་སོགས་པས་སོ་སོའི་རིག་སྔགས ་ཀྱི་ལས་ཀྱིས་མ་ཧཱ་དེ་བ་ལ་སོགས་པ་འཇིག་རྟེན་གྱི་ལྷ་དང་། གནོད་སྦྱིན་མཐུ་བོ་ཆེ་དང་།། ཕྲ་མེ་ན་མ་ཐམས་ཅད་བསྐུལ་ནས་སེམས་ཅན་རྣམས་ཀྱི་སྲོག་གི་བར་ཆད་བགྱིད། འཚོ་བར་བགྱིད།། ཤིན་ཏུ་སྡུག་བསྔལ ་བར་བགྱིད། དེ་ལ་ཐབས་གང་གི་ཟློག་པར་བགྱི།། སྦྱོར་བ་གཅད་པར་བགྱི། བཀའ་སྩལ་པ་ལག་ན་རྡོ་རྗེ་ཉོན་ཅིག། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོས་སྔོན་ཆད ་བཤད་དེ། ལགར་རྡོ་རྗེ་ཁྱོད་ཉིད་ཀྱིས་བྱས་པའི་གསང་སྔགས་དང་།། སྲིད་པ་ཟད་པར་བྱས་པའི་གསང་སྔགས་ཐམས་ཅད་ཀྱང་བཟློག་པར་བྱེད་དོ།། གནོན་པར་བྱེད་དོ།། སྦྱོར་བ་གཅོད་པར་བྱེད་པ་ཀུན་དུ་རྒྱུ་ལ་སོགས ་པ་གཞན་ལྟ་ཅི་སྨོས། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མཚན་ཆའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་སྔགས་ཟློག་ཅིང་གནོན་པ་དང་།། སྦྱོར་བ་གཅོད་པ་ཞེས་བྱ་བ་འདི ་གསུངས་སོ། ། ཨོཾ་བཛྲ་ཛྭ་ལ་བཛྲ་ཧཱུཾ།། མན་ཏྲ་སུམ་བྷི་ནི། ཨོཾ་བཛྲ་ཛྭ་ལ་ཧཱུཾ། ཨོཾ་བྲུ~ཾ་ཧཱུ~ཾ་བཱཥྚ་ཨཱ་ཧཱུཾ་ཧཱུ~ཾ་ཧྲཱི། བྷྲཱུཾ་ཨཱ་བྷྲཱུཾ། འདི་གསུངས་མདག་ཏུ་ཕྱོགས་བཅུ་ནས་མཚོན་ཆེ་འཆར་ཆེན་པོ་ཕབ་སྟེ་ལག་ན་རྡོ་རྗེ་ཉིད་ཀྱང་ཨརྦུཏྲ ་བགྱེལ་ནས་ཁྲག་སྐྱུགས་པར་གྱུར་ཏོ། ། ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱང་།། རྒྱས་ཏེ་ལུས་དུམ་བུ་དུམ་བུར་ཆད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་སྦྱོར་བ་ཆད་པར་རིག་ནས་སླར་བསླང་སྟེ།། ཨོཾ་བཛྲ ་སརྠར་ཛ་ཛྷ། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ།། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་འདི་ལས་འདའ་བར་མ་བྱེད་ཅིག། ཁྱེད་ཀྱི་འཁོར་ཐམས་ཅད་ཀྱང་འདི་ལས་འདའ་བར་བྱེད་ན་ཐས ་ཅད་འརླག་པར་འགྱུར་རོ། ། དེ་བཞིན་དུ་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་ལྷ་དང་གནོད་སྦྱིན་ཐམས་ཅད་ལ་སྒོ་ཤིག། དེ་ནས་ལག་ན་རྡོ་རྗེས་གསོལ་པ།། བཅོམ་ལྡན་འདས་འདི་ནི་སྲིད་པ་གསུམ་ཐམས ་ཅད་འདུལ་བར་བགྱིད་པ། ། མཐུ་བེ་ཆེ་ཐམས་ཅད་འདུལ་བར་བགྱིད་པ།། མཐུ་བོ་ཆེ་ཐམས་ཅད་ཀྱི་ང་རྒྱལ་གཅོག་པ་བདག་ལགས་ཏེ།། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཐུ་སྟོབས་དང ་ལ་དན་པའི་སླད་དུ་བདག་གི་མིང་ཡང་ལག་ན་རྡོ་རྗེ་ཞེས་གཏགས་ན་འདིར་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་སྔགས་འདི་སྨྲས་པས་བདག་ཀྱང་ཁྲག་ཏུ་ཀླག་ཅིང་འགྲེལ་བར་གྱུར ་གཞན་ལྟ་ཅི་སྨོས། ། འདི་ནི་འདའ་བར་དཀའོ།། དེ་བཞིན་དུ་ལྷ་དང་གནོད་སྦྱིན་རྣམས་ལ་ཡང་བར།། དེ་ནས་བཅོམ་ལྡན་འདས་ཀྱི་མ་འོངས་པའི་དུས་ན་གསང་སྔགས་འདི་སྒྲུབ་པའི་ཆོ་ག་བཤད་དོ།། ་མ་མ་ལས་ཉི་མའི་དཀྱིལ་འཁོར་དུ།། དཔལ་ཆེན་ཁྲག་འཐུང་སྤྱན་དྲང་ངོ་།། སུ་ནི་དུད་ཀ་ཆེན་པོ་ལ།། དཔུང་ཁམ་ནག་རལ་བ་ཅན།། དབུག་སུམ་པ་ལ་ཕྱག་དྲུག་སྟེ། དམར་ད ་དྲུང་ཀནག་པོ་ཡིན། ། གཡས་ཀྱི་གསུམ་ན་པགས་པ་ནི།། སྟི་རའི་དབྱུག་པ་ཆེན་པོ་དང་།། དྲང་ཆེན་དམར་ཀྱིས་བཀ་ལ།། རྡོ་རྗེ་དཀྲུག་ཅིག་འཐུང་བར་བརྟག། གཡོན ་གསུམ་ན་ཐོགས་པ་ནི། སྟི་རའི་རྒྱུ་མའི་ཞགས་པ་དང་།། ཁྱུང་གི་ཁྲག་ཆེན་ཐོགས་པ་དང་།། སྟིར་ཕྲ་མོའི་སུས་པ་ནས།། གློ་སྙིང་ནང་གྲོལ་འདྲེན་ཅིང་ཟོས ་གཙུག་ཏུ་རྣམ་པར་སྣང་མཛད་ཉིད། ། ཨོཾ་ཕྲག་གཡས་ལ། ཨཀྵོ། བྷྱོ་ཧཱུཾ།། གཡོན་རད་ནས་མ་བྷ་བ་ཏྲཾ།། རྐང་གཡས་ཨ་མོ་གྷ་སིད་དྷི་ཨ།། གཡོན་ན། ཨ་མི་ཏཱཿསྟེ། ཧྲཱི་བྲུ~ཾལས ་རྡོ་རྗེ་འཁོར་ལོ་ལ། ། རྡོ་རྗེ་རྣམས་ནི་རིགས་སྔགས་བརྟག། ཀེའུ་རི་དང་ནི་ཙིའུ་རི་དང་།། པྲ་མོ་ཧ་དང་བེ་ཏ་ལེ།། གཞན་ཡང་བྱ་ཐི་མུ་ཥཱ་དང་།། སིང་ཧ་ལ་སོགས་མགྱོགས་མ་རྣམས།། སྟི་ར་ལ་ནི་འབྲི་ཚུགས་སུ། ་ལྟ་ཞིང་རྟེད་པའི་ཚུལ་བཞིན་གནས།། ཧ་ཧ་དེ་ནས་སྐད་ཅིག་ལ།། རིག་སྔགས་ཉིད་དང་སྲོད་གཏོང་བཅས།། དགུག་པའི་ཕོ་ཉར་བརྟག་པར་བྱ།། རས་ས་མ་གྲོ་གའམ་རྩ་རྣམས་ལ།། བྲོ་བའི་གཟུགས་སུ་བྲིས་པའམ། ཡང་ན་སྐུད་པ་ནག་པོ ་བཙི། ཧ་ཧ་གང་མོ་ཆེན་པོ་དང་། རྡོ་རྗེ་བསྐུལ་བའི་གླུ་གྲངས་ཏེ། ཕོ་ཉ་རྣམས་ལ་མདག་པར་བྱ།། དེ་ནས་རིག་སྔགས་བཟུང་ནས་ཀྱང་། རྩ་ཡི་གཟུགས་ལ་གནས་པ་དང་། འཁོར་ལོ་ལ་སོགས་མཚོན་མམྲྀ། དེ་དག་ཕྱེ་བར་བླགས་པར་བྱ།། ཛྲ་ཙཀྲྀདྡེ།། ཕྱི་མར་དེ་དག། ་བཏུབས་ནས་ནི། ཐོད་པ་གཞུང་དང་བཅས་པ་ཡིས།། ཧོམ་ཁུང་གྲགསུམ་སྒོ་ཅན་དུ།། རཾ་ཞེས་བྱ་བའི་མེ་སྦར་ཏེ།། དྲང་སྲོང་འཁོར་བཅས་གཡབ་མོས་པོད།། དེ་ནས་རིགས་སྔགས་བསྲེག་པར་བྱ།། དེ་ལྟར་ལྷ་དང་བདག ་སྦྱར་ན། ། རྣམ་ལྔའི་ཆོས་དང་ལྡན་པར་བྱ།། མ་མོ་ཆེན་མོ་ཤ་ལ་སྤྱོན།། འབྲུང་པོའི་ཤ་ནི་ཟན་པས་ཞིམ།། འབྱུང་པོའི་ཁྲག་ནི་ཆང་བས་ཞིམ།། མ་མོ་ཆེན་མོ་ཁྲག་ལ་སྤྱོན།། གླུ་དང་གར་དང་གད་རྒྱངས་ཀྱིས། སོ་སོར་མཆོད་དེ་བསྒྲུབ་པར་བྱ།། ཟིན་པའི ་སེམས་ཅན་གང་ཡང་རུ། ། དེ་དག་སྐུད་པ་ནག་པོས་བཅིང་།། དེ་ཡང་དུམ་བུར་བཅད་པར་བྱའོ།། དེ་ནས་མི་དེ་སྔ་མ་བཞིན།། ཚེ་གནས་བྱ་ཕྱིར་འབྲུ་ལྔ་ཡིས།། གནས་ལྔ་དག་ཏུ་རྣམ་བཀོད་དོ།། ཟིན་པའི་སེམས་ཅན་སྲུང་བར་བྱ།། ཚ་ཞིང་རྩུབ་པའི་ཤིང་དང་ནི།། ་ཤ་དང་ཆང་དང་ཡོ་བྱད་རྣམས། གནག་ཅིང་རྩ་བར་རྣམ་སྦྱར་ཏེ།། ལྷ་ཆེན་རྣམས་ལ་མཆོད་པར་བྱ།། དེ་ནས་ལས་རྣམས་གྲུབ་པ་དང་། ཧ་ཧ་ལ་སོགས་གད་མོ་དང་།། གླུ་དང་རྡོ་རྗེ་དབྱུག་པ་ཡིས།། ལྷ་རྣམས་བདག་ལ་ཐིམ་པར་བྱ།། འདི་ནི་བདག་ཉིད་སྲུང ་བ་དང་། ། ལས་རྣམས་ཐམས་ཅད་གྲུབ་པར་བྱེད།། ཤར་ཕྱོགས་ན་འཕྲ་མེན་མ་ཀོ་རེ་ཁ་དོག་སྔོན་པོ་ཕྱག་གཉིས་པ་སྟེ། གཡོན་བནད་ཙན་དན་དམར་གྱིས་བཀང་བ་ཐོགས་པ།། གཡས་ན་ཞིམ་ཆུང་ངུའི་དབྱུག་པ་ཐོགས་པ།། ཨོཾ་བཛྲ་ཀཽརི་ཛ་ཛ་ཧཱུཾ་ཞེས་སྟོ། ་རྩ་བརྒྱད་བཟླས་ཏེ་བཅོལ་ན་སངས་རྒྱས་ཀྱང་དགུག་ནུས་ན་གཞན་ལྟ་ཅི་སྨོས།། ཆེ་གེ་མོ་ཞིག་ཁུག་ཅིག་ཅེས་བཅོལ་ནས་གཏོར་མ་དང་ཙན་དན་དམར་ཆེན་ཨརྒ་ལ་ཨོཾ་རུ་ལུ་རུ་ལུ་པཱུ་བྷྱོ་ཞེས་བརྗོད་ཅིང་ཨརྒ་ལན་གསུམ་དུ་བསྒྲེང་ངོ་།། ལྷོ་ཕྱོག ་ན་ཙོ་རི་ཁ་དོག་སེར་མོ་ཕྱག་མདའ་གཞུ་འགེགས་པ། ཨོཾ་བཛྲ་ཙཽ་རེ་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཅོལ་ན་ཕྱག་ན་རྡོ་རྗེའི་མཐུ་ཡང་རྡུལ་ཙམ་ཡང་མེད་པར་རྐུ་ནུས་ན་གཞན་ལྟ་ཅི་སྨོས།། ནུབ་ཕྱོགས་ན་པྲ་མོ་ཧད་མར་མོ་ཕྱག་ན་ཆུ་སྲིད ་གྱི་རྒྱལ་མཚན་ཐོགས་པ། ཨོཾ་བཛྲ་པྲ་མོ་ཧ་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་རང་གི་མཐུ་བཞག་ནས་དབང་དུ་འོད་ན་གཞན་ལྟ་ཅི་སྨོས།། བྱང་ཕྱོགས་ན་པེ་ཏ་ལི་ཁ་དོག་ནག་མོ་ཕྱག་གཡོན་ཞིང་ཆུང་ངུ་འཛིན ་ཅིང་ཟབ། ། གཡས་ན་རྡོ་རྗེ་འཕྱར་བ། ཨོཾ་བཛྲ་པེ་ཏེ་ལི་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ། སོ་ལ་འདི་རྟེད་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་གྲུབ་ན་འཇིག་རྟེན་གྱི་བསྒྲུབས་པ་ཕྲན་ཚེགས་ལྟ་ཅི་སྨོས། ་ཤར་ལྷོའི་མཚམས་ན་པུཀྐ་སི་ཁ་དོག་དམར་སེར་ཕྱག་གཉིས་ཞིང་ཆུང་ངུའི་པ་སུ་ཏ་འདྲེན་ཅིང་ཟ་བ་ཨོཾ་བཛྲ་པུཀྐ་སི་དྷུ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་འཆིང་ཞིང་འིའདྲེན་པར་ནུས་ན་གཞན་བཅིང་ཞིང ་ཟ་བ་ལྟ་ཅི་སྨོས། ། ལྷོ་ནུབ་ཀྱི་མཚམས་ན་གྷསྨ་རི་ཁ་དོག་ལྗང་ཁུ་ཕྱག་གཡོན་ན་བན་ད་ཙན་དན་དམར་པོས་བཀང་བ་རྡོ་རྗེས་དཀྲུག་ཅིང་གསོལ་བ། ཨོཾ་བཛྲ་གྷསྨ་རི་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ ་ན་ཕྱག་ན་རྡོ་རྗེ་ཡང་མྱོས་པར་ནུས་ན་གཞན་ལྷ་མོས་ཀྱང་ཅི་དགོས། ། ནུབ་བྱང་གི་མཚམས་ན་བཛྲ་ཀརྨ་ཁ་དོག་ལྗང་ཁུ་ཞིང་ཆུང་ངུ་ལག་པ་གཉིས་ཀྱིས་བཟུང་སྟེ་སྙིང་ག་ནས་ཟག། ་ཨོཾ་བཛྲ་ཀརྨ་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ལས་གང་བྱ་བ་ཐམས་ཅད་འགྲུབ་པོ།། བྱང་ཤར་གྱི་མཚམས་ན་ཙ་ན་ཌ་ལི་ཁ་དོག་སེར་སྐྱ། ་ཕྱག་གཡས་ན་ཞིང་ཆུང་ངུའི་བན་དྷ་འཛིན་པ།། གཡོན་གྱིས་ཞིང་དབྱུག་འཛིན་པ།། ཨོཾ་བཛྲ་ཙན་ཌ་ལི་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ ་བཟམ་དང་། མ་ནི་ང་ཡང་རྒྱུད་འཕེལ་བར་བྱེདད་ན་དབང་པོ་ཆེང་ཞིང་ཉམས་པ་མེད་པ་ལ་རྒྱུད་འཕེལ་ཞིང་ཚེ་དང་དབང་ཐར་འཕེལ་བར་བྱ་བ་ལྟ་ཅི་སྨོས་ཏེ། འདྲ་མེན་མ་འདི་རྣམས་ཕྲིན་ལས་བསྐུལ་བའི་ཚེ་ཨ་ན་དང ་བྱ། ། གཏོར་མ་དབུལ་བ་ནི་གོང་དུ་སྨོས་པ་བཞིན་དུ་བརྩིའོ།། ཁྲོས་ནས་ཐམས་ཅད་ཕྱག་ན་ཏྲི་ཤུལ་འབར་བ། གཡོན་རྗེན་ཆུང་བསྣམས་པ། གདན་མ་སྡུག་ནག། སྐུའི་ཁདོག་ནག་མོལ་ཁྲག་དང་ནག་དང ་ཐལ་བའི་ཐིག་ལེས་ཚོམ་བུར་བྱས་ཤིང་བསུ་ཏས་རྐེད་པ་བཅིངས་པ། གསར་གྱི་ལྤགས་པ་གོ་ཟུར་བསྒོས་པ་སྲོང་ཏ་ཨ་ཛ་ནས་ལུས་བརྒྱན་ཏེ་གཅེར་བུ་ཚོག་སྨུག་གནག་འབར་བ། གཡོན་རྗེའུ་ཆུང་བསྡམས་པ། ་གཡས་མེ་སྤུག་ཀུན་ཀ་ཁ་དོག་ནག་མོ་ལ་འཇིག་རྟེན་གྱི་ཁམས་བསྲེགས་ཤིང་། ཟད་པར་བྱས་ནས་སླར་དཔལ་ཆེན་པོའི་སྐུ་ལ་ཐིམ་པར་བྱའོ།། དེ་ནི་ཕྱིར་རིམ་བཤད་པར་བྱའོ།། ཤར་ཕྱོགས་སུ་སིང ་མུ་ཁ་དོག་སེར་མོ་ཞིང་ཁ་ན་ཐོགས་པ། ལག་པ་གཡས་གཡོན་བསྣོལ་པ། སེང་གེའི་མགོ་ཅན། ལྷོ་ཕྱོགས་ན་བྱ་བྷཱུ་མུ་ཁ་ཁ་དོག་དམར་མོ་ལག་པ་གཉིས་བསྣོལ་ཏེ་མདུན་ན་ཞིང་གནས་པ་ལ ་ལྟ་བ། ། སྟག་གི་མགོ་ཅན། ནུབ་ཕྱོགས་སུ་པྲིཀྐ་མུ་ཁ་ཁ་དོག་ནག་མོ་ལག་པ་གཉིས་ཞིང་ཆུང་ངུ་འཛིན་ཅིང་ལྕེས་ལྡག་པ་ཝེ་མགོ་ཅན། བྱང་ཕྱོགས་སུ་ཤོན་མུ་ཁ་ཁ་དོག་མཐིང་ཀ་ཞིང་ལག་པ་གཉིས ་ཀྱིས་ཁོང་དྲལ་ཏེ་ལྟ་བ་ཁྱི་མགོ་ཅན། ཤར་ལྷོའི་མཚམས་སུ་ཀྲི་ཏ་མུ་ཁ་ཁ་དོག་དམར་གནག་ཞིང་ཆུང་ངུའི་བ་སུ་ཏ་ཁ་ན་ཐོགས་པ། ལག་པ་གཡས་པ་ནད་གཡོན་གྲི་ཐོགས་པ་བྱ་རྒོད་ཀྱི་མགོ་ཅན། ་ལྷོ་ནུབ་མཚམས་ན་ཀང་ཀ་མུ་ཁ་ཁ་དོག་དཀར་དམར་ཕྲུག་པ་གཡོན་པལ་ནིང་ལེལ་ཞིང་རྐང་པ་ནས་བཟུང་བ། གཡས་པ་མགོ་འཛིན་པ། ཕྱག་ཀའི་མགོ་ཅན་མཆུ་རིང་ཐོར་ཏོ་གུགཟེར ་དམར་མོ། ནུབ་བྱང་མཚམས་ན་ཀ་ཀ་མུ་ཁ་ཁ་དོག་ནག་མོ། བྱ་རོག་གི་མག་ཅན་མཆུས་ཞིང་ཐོགས་པ། ལག་པ་གཡོན་པས་པད་མ། པནད་འཛིན་པ། བྱང་ཤར་མཚམས་སུ་ཨུཝུ་ཀ་མྲ ་ཁ་ཁ་དོག་སྣ་ཚོགས་ལག་པ་གཡོན་པ་དུང་ཆེན་ཁྲག་གིས་བཀང་བ་ལ་འཐུང་པ་ལ་གཡས་པ་རྡོ་རྗེ་ལྗགས་སྒྲ་འཛིན་པ། འུག་པའི་མགོ་ཅན། ནང་རིམ་འུག་པའི་འཁོར་གྱིས་བསྐོར། དེའི་ཕྱིར་རིམ ་བྱ་རོག་གི་འཁོར་གྱིས་བཀོར། དེའི་ཕྱིར་རིམ་བྱ་ཀང་ཀ་མཆུ་རིངས་ཀྱི་འཁོར་གྱིས་བསྐོར། དེའི་ཕྱིར་རིམ་བྱི་རྒོད་ཀྱི་འཁོར་གྱིས་བསྐོར། དེ་དག་ཐམས་ཅད་ཀྱང་ཞིང་མང་པོ་གསར་རྙིང་སྤུངས་པའི་སྟེང ་ན་ཞིང་ལ་རྟོད་པའི་ཕྱིར་འཐབ་པའི་ཚུལ་སྟོན་པཤ་དག་གོ། ། དེ་དག་གི་སྙིང་པོ་འདི་རྣམས་སོ།། ཧཱུ~ཾ་ཧ་ཧེ་ཕཊ་ཧཱུཾ། འདི་ཀུན་འབྲུ་རེ་རེ་ཡང་ལན་བཞི་བཞི་བརྗོད་དོ།། ཧཱུཾ་གིས་གཙོ་བོ་བསྐྱེད། ཧས་ནང་གི ་ལྷ་མོ་བསྐྱེད། ། ཧེས་ཕྱིའི་ལྷ་མོ་བསྐྱེད།། ཕཊ་ཀྱི་ཐམས་ཅད་ཁྲོས་པར་བསྐུལ།། ཧཱུཾ་གིས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ཕྱོགས་བཅུར་ཁྱབ་པར་བགྱིའོ།། ལྷ་མོ་བློ་ལྡན་ཚོགས་ཀྱི ་བདག། ཧེ་རུ་དཔལ་ལ་ཕྱག་འཚལ་ལོ།། སློབ་དཔོན་ལ་ནི་བརྙས་བྱེད་དང་།། རྣལ་འབྱོར་བར་དུ་གཅོད་པ་དང་།། དམ་ཚིག་གཉེན་པོ་དྲལ་བ་དང་།། རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས།། ཁྱེད་ཀྱིས་རྡུལ་དུ ་བླགས་ནས་ནི། ། གནོད་སེམས་མ་ལུས་གཏན་ནས་ཕྱུང་།། དཔལ་ཆེན་པོའི་སྟན་དང་འགའ་ནའི་གནས་སུ་ཚོགས་ཆེན་པོ་ལ་གཤེགས་པའི་ཚེ་སྐུ་གསུང་ཐུགས་ཀྱི་ཁྲོ་བའི་གཟི་འབྱིན་གྱིས་གདུག་པ་ཐམས་ཅད ་གཏན་ནས་འབྱིན་ཅིང་ལོངས་སྤྱོད་ཆེན་པོ་འགྱིང་ཞིང་འགྱིང་བ་འབྲུ་བླངས་ཏེ། ཐམས་ཅད་དགྱེས་པར་མཛད་པའི་དབྱངས་འདིས་དགྱེས་པར་མཛད་དོ།། རྡོ་རྗེ་པད་མོའི་ཕྱག་རྒྱ་འབྲལ་བར་བཅིངས་ཏེ། ་ཕྱར་ནས་མཆོང་ཞིང་འཁོར་ཐམས་ཅད་གཅེར་བུར་བྱུང་ནས་སྐྲ་གཤིག་ཅིང་རྒྱུགས་ཏེ། སྔགས་འདི་གསུངས་སོ།། ཨོཾ་ཨཾ་ཨ་ར་ལི་ཧོ་ཧྲིཾ་ཧྲིཾ་ཧྲཾ་ཧ~ཾ། དེ་ནས་ཚོགས་སུ་གཤེགས་ནས་འཁོར་ཐམས་ཅད་པ་སྤྱན་པ་། ་གཟིགས་ཤིང་འཛུམ་པའི་བརྡ་ཧ་ཧ་སཾ་སཾ་སྒྲ་ཕྱུང་སྟེ། འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དབྱངས་འདིས་གཙོ་བོ་ལ་བསྟོད་དོ།། ཨེ་མའོ་ཆོས་ཀྱི་དོན་བྱུང་བ།། ཆོས་དོན་དག་པ་བདག་མེད་པ།། ནམ་མཁའ་དང ་ནི་མཉམ་པའི་གནས། ། རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། ཞེས་བསྟོད་པས་གཙོ་བོ་མཉེས་ནས་འཁོར་ཐམས་ཅད་ལ་གཟིགས་ཤིང་དམ་སྩལ་བའི་དབྱངས་འདི་གསུངས་སོ།། ཁག་ལྱ་ཤ་ཏ་བ་ག། ཨ་ལ་ལ་ལ་ཧོ།། མ་ཧཱ ་ཨ་མིཏ། ཁ་ར་ལོ་གི་ནི་ཁ་ར་ནཱ་ཀ་ན~ཾ། ཨལ་ལ་ལ་ཏོ།། ག་བཱན་ལ་ཥ་ཁ། ལྷ་མོ་རྣམས་རྔ་ཇུག་དབྱངས་ལེན། རྒྱུད་གསུམ་གྱི་ཚིག་ཏོ་བྷིཏ་གྷཱ། ཏ་རྫྫཏིཿ། ཀྵཀྐཱཥྨ་དྷཥྐཾ་པགས་པ་ཐབས་ཀྱི་ཞགས་པ་པད་མ་ཕྲེང་ལས ་རིགས་སྔགས་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ། ། ། སེམས་དཔའ་ཆེན་པོ་ཉོན་ཅིག། བསྐལ་པ་མེ་ལྟར་འབར་བ་ཡི།། འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ན།། ཁྲོ་བོ་ཆེན་པོ་རྣམས་བཞུགས་པ།། བརྐྱང་བསྐུམ་ཚུལ་གྱིས ་གནས་པ་སྟེ། ། དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི།། དཔུང་གུ་ཕྱག་ཀྱང་བཅཝ་བརྒྱད་དེ།། གཤོག་པ་རྡོ་རྗེ་བཏགས་པ་གདེདང་།། ཞབས་ཀྱང་བརྒྱད་དུ་རྣམ་པར་སྟན།། དེ་ཡི་དཀྱིལ་འཁོར་ཁྲོ་བོ་ནི།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ་ཞབས་དྲུག་རྡོ་རྗེའི་བྲག་སྟེང་ན།། འཇིག་རྟེན་སྐྱོང་བས་འདུད་ཚུལ་ལོ།། དེ་ཡི་ཕོ་ཉ་བཀའ་བརྙན་ནི།། རྡོ་རྗེ་ཕྲ་མེད་བཏུམ་བག་ཅན།། འཇིགས་པའི་གཟུགས་ཅན་མང་པོ་སྟེ།། དེ་དག་ཅིར་ཡང་འགྲུབ་པར་བྱེད།། འཕགས་པ་ཐབས ་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། ། །། རྡོ་རྗེ་སྲིན་མོ་ཆེན་མོ་ནི།། འཇིགས་བྱེད་ཆེན་མོར་སྣང་བ་སྟེ།། ཕྱག་ཀྱང་སྲིན་པོ་ཆེན་པོར་ལྟར།། འཐུན་ཏེ་ཞབས་ཀྱང་དེ་དང ་འདྲ། ། དེ་ལྟ་བུ་ཡི་དཀྱིལ་འཁོར་དུ།། རིན་ཆེན་མེ་ཏོག་བོར་ནས་ནི།། ལྕགས་ལ་བབ་པའི་ལྷ་དེ་ནི།། གཉེར་ན་འགྲུབ་པ་ཐེ་ཚོམ་མེད།། དགེ་དང་མི་དགེའི་ཆོས་རྣམས་ལ།། ལྷག་པར་བསྟེན་པར་མི་བྱ་སྟེ།། མཉམ་ཉིད་རིག་པའི་ཀླུ་ཞུམ ་ནས། ། ཅིལ་ཐོགས་པ་མེད་པར་སྤྱོད།། རྡོ་རྗེ་དབྱུག་པ་བླངས་ནས་སུ།། གཡབ་མོ་ལྔ་ཡང་གཡབ་པར་བྱ།། དེ་ནས་དཀྱིལ་འཁོར་བཞུགས་པར་བརྟབ།། མཆོད་པ་ཆེན་པོ་དབུལ་བར་བྱ།། ས་གོལ་གཏོགས་པ་བསམ་གྱིས་ཀྱང་།། མགྱོགས ་མས་ཕྱོགས་བཅུ་གར་ཡང་ཕྱིན། ། དེ་ལ་ཞོན་ན་འགྲོ་བྱད་པ།། བྱ་རོག་མགོ་ཅན་ལ་སོགས་ཀུན།། སྲེད་བྱེད་མ་ཡིས་སྦས་པ་ནི།། མཐུ་ཆེན་ལྷ་སྲིན་གང་གིས་ཀྱང་།། དེ་ལ་མཐོང་བར་མི་ནུས་ན།། གཞན་གྱིས་མཐོང་བར་ག་ལ་ནུས།། བསྐུལ་བྱེད ་ལས་ནི་གཞོན་འདེབས་ཡིན། ། མགྱོགས་མའི་ལས་ནི་ཕྱིན་པར་འགྲོ།། གསོད་མའི་ལས་ནི་གྲུབ་པ་ཡིན།། སོ་སོར་མ་བསྒྲུབ་ཉིད་འགྲོ་མ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མ་མོ་ཕྲེང་ལས་རྡོ་རྗེ་སྲིན་མོའི་ལེའུ་སྟེ་བཅུ་གསུམ ་པའོ། ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ནཱཾ།། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྠཱམ།། ཨེ་ཧྱེ་ཧི་བྷ་ག་བཱན་ཛ་ཧཱུཾ་བ་མ་ཧོ།། རུ་ལུ་རུ་ལུ་རུ་ལུ་ཧཱུཾ།། ཨོཾ་བཛྲ་ཀྲོ་དྷ་ཤཱི་ཧེ་རུ་ཀ་ཧཱུཾ། ཨ་ཨ་ཨ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར་ཧཱུཾ། གརྫ ་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལད་ན་ཛ་ཧཱུཾ། ད་ཧ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧཱུཾ། པ་ཙ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཙ་ལ་ཧཱུཾ། བནཿ ་བན་དྷ་བནདྷདྷཱུ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བནྡྷེ།། ཧུ་ལུ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་བ་རཱ་ཙི་ཏཱ་རྟྲྀ། ཏིཥྛ་ཏིཥྛཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎ་ཌ་ལི་ཧཱུཾ། ཙྪིན་ད་ནྟིནད་ཎྜི་ནད་ཧཱུ~ཾ་ཕཊ ་ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྵ་བི་ཛ་ཡ་ཧཱུཾ། བྷིན་དྷ་བྷིན་དྷི་བྷིན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ནཱཾ། སྥོཊ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཁྲོ་བོ་བཅུའི་རྩ ་སྔགས་དང་ལས་ཀྱི་སྔགས་རི་ཡ་འདུལ་བའི་ལེའུ་སྟེ་བཅུ་བཞི་པའོ། ། ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ། ཧ་ལ་ཧ་ལ་ཧ་ལ་ཧ་ལ་ཧ་ལ་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷོ་ཧཱུཾ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ་མམམས་སནྟ། !ཊྚ་བྷྱཧྲ()། ཛཛ་དྷ། །། འཕགས་པ་ཐབས་ཀྱི་ཞུགས་པ་པད་མ་ཕྲད་ལས་རྡོ་རྗེ་སྲི་སྔགས་ཀྱི་ལནས་བཅཝོ་ལྡ་གོ།། མཉམ་པ་ཉིད་དུ་རྟོགས་བྱས ་ནས། ། བསྐུལ་ཞིང་གསིགས་པ་ཐམས་ཅད་ཀྱང་།། ཕྱག་རྒྱ་ཡིན་ཞེས་རྒྱལ་པོའི་བཤད།། མེདོ་ཙམ་དུ་ནི་འདི་ལྟར་བརྟག། ལག་པ་ཐལ་སྦྱར་གྱེན་དུ་བསྒྲེང་།། རྐང་པ་ཟིལ་སྦྱར་ཐུར་དུ་གཟུགས།། ་ཚིགས་ཆེན་བཞི་ཡང་གཅིག་པར་བྱ།། མགོ་དང་མཚན་ཡང་སྙིང་པོར་བསྟག། རྡོ་རྗེ་རྩེ་གཅིག་གརྩེ་དགུ་དང་།། བཅུ་གཅིག་ཏུ་ཡང་རྣམ་བརྟགས་ཏེ།། འདི་ནི་ཁྲག་འཐུང་ཆེན་པོ་ཡིན།། ཕྱག་རྒྱ་ཡིན་པར ་དཔའ་བོས་བཤད། ། ལག་པ་ཐལ་སྦྱར་གྱེན་དུ་བསྒྲེད།། རྐང་པ་ཕྲལ་ནས་བརྐྱང་བསྐུམ་ཞིང་།། གོམ་པའི་སྟོབས་ཀྱིས་གར་བྱེད་པ།། འདི་ནི་ཧཱུཾ་གི་རྒྱལ་ཆེན་ཡིན།། རྐང་པ་ཕྲལ་མཐིལ་ཟུར་དུ་གཟུགས།། ལག་པ ་ཕྲལ་ནས་གར་བྱེད་ཅིང་། ། སྟོབས་སུ་མཆོད་པར་བྱེད་པ་ནི།། འདི་ནི་སྟོབས་ཆེན་ཕྱག་རྒྱ་ཡིན།། རྐང་པ་གཡོན་གྱིས་གཡས་ལ་འཁྱུད།། ལག་བ་གར་ཐབས་བསྐོར་ནས་ཀྱང་།། ཐལ་མོ་དྲག་ཏུ་བརྡབས་པ་ནི།། རྣམ་པར ་རྒྱལ་བའི་ཕྱག་རྒྱ་ཡིན། ། ལག་པ་གཡས་གཡོན་མཐེ་བོ་ཡིས།། མཐེའུ་ཆུང་སེན་མོའི་མཐིལ་དུ་གནོན།། གདངས་པའི་ཐབས་སུ་བསྒྲེང་བ་ནི།། དབྱུག་སྔོན་ཅན་གྱི་ཕྱག་རྒྱ་ཡིན།། ལག་པ་གཡས་པའི་ཁུ་ཚུར ་གྱིས། ། རྡེག་པ་འཐབས་སུ་གདངས་པ་དང་།། གཡོན་པ་དཀུལ་བརྟེན་པ་ནི།། གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན།། ལག་པ་གཡས་པའི་ཐལ་མོ་ཡིས།། བདབ་པའི་ཐབས་སུ་གདེངས་པ་དང་།། གཡོན་གྱིས་འཛིན་པ ་ལྷ་བྱས་པ། ། མིག་ཡོ་མགོན་ས་ཕྱག་ཏུ་ཡིན།། ལག་པ་ཐལ་མོ་སྦྱར་ནས་ན།། གྲང་མོ་རྒྱབ་ཏུ་མསྐོལ་བར་བྱ།། མཐ་བ་གཉིས་ཀྱང་ཐལ་ཏེ་བསྒྲེད།། སྤྱི་བོར་བཞག་པཟེང་པའི་རྩ། ་རྐང་པ་གཡས་པཐར་དུ་གཟུགས།། ལག་པ་གཡས་པགྱེན་དུ་བསྒྲེང་།། གཡོན་པའི་རྐང་པ་ལག་ཕྱར་བའི།། གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན།། ལག་པ་གཡས་གཡོན་དཀུར་བརྟན་ཏེ།། རྐང་པ། ་གཤིབས་ཏེ་མཆོངས་པ་ནི།། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཞེས།། དཔའ་བོ་ཆེན་པོས་ཡང་དུ་བཤད།། ལག་པ་གཡས་གཡོན་བསྣོལ་བ་དང་།། རྐང་པ་བརྒྱད་བསྐུམ་བྱས་པ་ནི།། ཁམས་གསུམ ་རྒྱལ་བའི་ཕྱག་རྒྱ་ཞེས། ། མགོན་པོ་དཔའ་བོས་ཡང་དུ་བཤད།། ལག་པ་གཡས་གཡོན་སྤྲུགས་པ་དང་།། ལུས་ཀྱང་དྲག་དུ་གམིགས་པ་ནི།། རྡོ་རྗེ་འཕྲ་མེན་མ་རྣམས་ཀྱི།། ་ཕྱག་རྒྱ་ཡིན་པར་འདྲེན་པས་བཤད།། ཕྱག་རྒྱ་འདི་དག་བཅིངས་ནས་ནི།། སྟོབས་ཆེན་དྲག་དུ་མཆོངས་བྱས་ན།། ཁམས་གསུམ་དག་ལས་མཆོངས་པར་འགྱུར།། གཞན་ཡང་གོ་འཕངས ་ཐམས་ཅད་ཀུན། ། གྲུབ་པར་གྱུར་ཏེ་ཐེ་ཚོམ་མེད།། རིག་པའི་སྐྱེས་བུ་ཆེན་པོས་བཤད།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་བ་ལས་ཕྱག་རྒྱའི་ལེའུ་སྟེ།། ་བཅུ་དྲུག་པའོ།། །། འཁོར་ལེ་ཆེན་པོའི་རྩིབས་བརྒྱད་པའི།། དཀྱིལ་དུ་ཁྲག་འཐུང་སྤྱན་དྲངས་ཏེ།། མདུན་དུ་ཧཱུཾ་ཡང་སྤྱན་དྲང་ངོ་དོ།། རྒྱབ་དུ་སྟོབས་ཆེན་སྤྱན་དྲངས་ནས།། འཁོར ་ལོ་རྩིབས་ཀྱི་སྟེང་དག་ཏུ། ། བཅུ་པོ་རྣམས་ཀྱང་གོ་རིམས་བཞིན།། སོ་སོའི་གནས་སུ་སྤྱན་དྲངས་ཏེ། དམར་གྱི་ཨངྒ་གསོལ་ནས་ནི།། མཆོད་ཡོན་གཞན་ཡང་དབུལ་བར་བྱ།། རྡོ ་རྗེ་དབྱིངས་ཀྱི་ས་བསྟོད་བྱས་ཏེ། ། དེ་ནས་ལས་རྣམས་བསྒྲུབ་པར་བྱ།། ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། ཁྲོས་པས་ཡུད་ཙམ་རླག་མཛད་དེ།། བརླག་པར་མི་འགྱུར་གང་ཡང་མེད།། ་འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ལས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །། རྡོ་རྗེ་འཕྲ་མེན་སྦྱོར་བ་ཡིས།། ཡུད་ཙམ་གྱིས་ནི་དེ་བཀུག་ནས།། རྟོད་པའི་ཚུལ་དུ་རབ་བསྟབས་ན།། ལྷ་ཡང་རུང ་སྟེ་བརླག་པར་འགྱུར། ། འུག་པའི་མགོ་ཅན་ལ་སོགས་པ།། འཕྲ་མེན་མ་རྣམས་སྤད་བྱས་ཏེ།། མིག་དང་རྣ་བ་སྣ་དང་ལྕེ།། དེ་ཡི་སེམས་འཕྲོགས་བསྒོམ་ཉམས་འགྱུར།། འཕྲ་མེན་རྣམས་ནི་རྦད་བྱས་ཏེ།། དེ་ཡིས ་བསྒྲུབ་པའི་བར་བཅོད་ཅིང་། ། གསང་སྟེ་འཁྲུག་པར་བསྒོམས་བྱས་ནས།། སྒྲུབ་པ་ཉམས་ཤིང་འབྱེ་བར་འགྱུར།། འཕགས་པའི་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོའི་ལས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། ་ཧོམ་ཁུང་ཟུར་གསུམ་གདེངས་པ་ལ།། རྡོ་རྗེ་མདའ་གཞུ་ལྡན་བྱས་སྟེ།། ཐོད་པ་དག་གིས་རྣམ་པར་རྒྱན།། སྤྱན་དྲངས་བསྲེགས་ན་ལྷ་ཡང་འཆི།། འཕྲ་མེན་མདགས་ཏེ་བཀུག་ནས་ནི།། ཐབ་ཀུན་བསྲེགས་ན་མོད ་ལ་འཆི། ། གསུང་དང་བསྲེས་པའི་ཤ་རྣམས་ཀྱིས།། ལྷ་རྣམས་ཐམས་ཅད་མཆོད་པར་བྱ།། རྡོ་རྗེ་གླུ་ནི་བླངས་ནས་སུ།། འབྱུང་པོའི་ཤ་ནི་ཤིན་དུ་ཞིམ།། འབྱུང་པོའི་ཁྲག་ནི་ཤིན་དུ་ཞིམ།། འབྱུང་པོའི་རུས་པ་ཞིམ་པ ་སྟེ། ། གསོལ་ཏེ་ཐམས་ཅད་དགྱེས་པར་མཛོད།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོ་ཧོམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །། ལྕགས་སམ་ནག་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུད་རྩེ་ཟུང ་གསུམ། ། ཁྲོ་བོ་ཁྲོ་མོ་རྣམས་བསྒོམས་ཏེ།། བཏབ་ན་ལྷ་ཡང་བརླག་པར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོའི་ཕུར་པའི་ལེའུ་སྟེ་ཉི་ཤུ་པའོ།། །། ལྕགས་ཕྱེ་དུག་དང་རྡོ་ཕྱེ ་དང་། ། ཁྲག་ལས་སྤྲས་ཏེ་བསྲེས་པ་དང་།། མུད་གའི་ཆན་དང་སྦྱོར་བ་དག། སྦྱོར་བས་གཏོར་ན་དེ་བརླག་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོའི་གཏོར་མའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། ་ཁྲོ་མོའི་དཀྱིལ་འཁོར་གཏུན་ཁུང་དུ།། ཁྲོ་བོ་ཐོབས་བརྡུངས་པ་ཡི།། རྡོ་རྗེ་གཏན་འཕྲུགས་བསྒོམ་བྱས་ནས།། ལྷ་ཡང་རུང་སྟེ་འརྡུངས་པར་འགྱུར།། འཕགས་པ་ཐབས་ཀྱི་ཞུགས་པ་པད་མོ་ཕྲང་ལས་དྲག་པོའི་སྦྱོར་བའི ་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། ། །། དྲག་པོའི་ལས་ཀྱིས་བསྒྲུབས་པ་རྣམས་འཁོར་བའི་ལམ་ལྔ་སྒོ་བཅད་ནས།། རྣམ་ཤེས་ཧཱུཾ་གིས་བསྡུས་བཏུམས་ཏེ།། འོག་མིན་བླ་མེད་གནས་མཆོག་ན།། གཙོ་བ་དང་གཅོམ ་ལྔ། སེམས་དཔའ་དང་ནི་སེམས་མ་དང་།། ཁྲོ་བོ་དང་ནི་ཁྲོ་མོ་རྣམས།། སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་གནས་བསྟབས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ་ཟླ་ག་མ་དཀྱིལ་འཁོར་རྩིབས་བརྒྱད་པ།། ཁྲོ་བོ་ཁྲོ་མོ་སྤྱན་དྲངས་ཏེ།། མཆོད་པ་གླུ་ལ་སོགས་པས་མཆོད།། དེ་ནས་ལས་རྣམས་བརྩམ་པར་བྱ།། ཆགས་པའི་རྡོ་རྗེའི་འཁོར་བཅས་པ།། འཇིག་རྟེན་ཁམས་ནི་རབ་འབྱམ ་ཀུན། ། ཆགས་པ་ཡུད་ལ་དབང་མཛད་དེ།། དབང་དུ་མ་གྱུར་གང་ཡང་མེད།། རྡོ་རྗེ་འཕྲ་མེན་མདགས་ནས་སུ།། བཀུག་ནས་ཁྲོ་བོ་ཆེན་པོ་ཡིས།། ཆགས་པའི་ཚུལ་གྱིས་དེ་ལུས་ལས།། དཔའ་དང་གཟི་བརྗིད་བསྡུས ་ནས་འགྲུབ། ། འཕྲ་མེན་རྣམས་ནི་མདགས་ནས་སུ།། དེ་ཡི་མིག་རྣ་སྣ་དང་ལྕེ།། ལུས་ངག་སེམས་བསྒྱུར་རྣམས་བསྒོམས་ན།། ཀུན་ལ་མཛེས་ཤིང་དགའ་བར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ ་ཕྲེང་ལས་དབང་གི་ལས་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ། ། །། ཧོམ་ཁྲང་ཟླ་གམ་གདེངས་པ་ལ།། རྡོ་རྗེ་ཞགས་པས་བརྒྱན་པར་བྱ།། དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ།། མི་ཕན་རྣམ་རྟོག་བསྲེགས་ན་འགྲུབ།། ་འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དབང་གི་ཧོམ་གྱི་ལེའུ་ལྕེ་ཉི་བུ་ལྔ་པའོ།། །། ཟངས་སམ་ཁ་དོག་དམར་པོའི་ཤིང་།། མགོ་བོ་རྒྱ་མདུད་རྩེ་ཟླ་ག་མ།། མགོལ་ཁྲོ་བོའི་འཁོར་བསྒོམས་ཏེ། ་བཏབ་ན་ངེས་པར་དེ་དབང་འགྱུར།། འཕགས་པ་ཐབས་ཀྱིས་ཞགས་པ་པད་མོ་ཕྲེང་ལས་དབང་གི་ཕུར་པའི་ལས་བཤད་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །། བཟངས་ཕྱེ་དག་ནི་བུ་རམ་དང་། ་དམར་པོའི་འབྲས་ཅན་ལ་སོགས་པ།། སྦྱར་བས་གཏོར་མ་གཏང་བར་བྱ།། མཐོང་བས་ངེས་པར་དེ་དབང་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲང་ལས་དང་། གཏོར་མའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། ་ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། ཁྲི་བོ་དཀྱིལ་འཁོར་བསྒོམས་བྱས་ན།། ལྷ་ཡང་རུང་སྟེ་དབང་དུ་འགྱུར།། དེ་ནི་བདེ་བ་ཆེན་པོ་ཡིན།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དབང་གི་སྦྱོར་བའི ་ལེའུ་སྟེ་ཉི་ཤུ་བརྒྱད་པའོ། ། །། གྲུ་བཞི་དཀྱིལ་འཁོར་རྩིབས་བརྒྱད་པར།། ལྷ་རྣམས་འཁོར་བཅས་སྤྱན་དྲངས་ཏེ།། མཆོད་བཀླུ་ལ་སོགས་པས་མཆོད།། དེ་ནས་ལས་རྣམས་བརྩམ་པར་བྱ།། ང་རྒྱལ ་རྡོ་རྗེ་འཁོར་བཅས་པས། ། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། དཔལ་དང་གཟི་བརྗིད་ཆེན་པོ་རྣམས།། ཡུད་ཙམ་གྱིས་ནི་རྒྱས་པར་མཛོད།། ཁྲོ་བོ་ཁྲོ་མོ་འཁོར་བཅས་དང་།། རྡོ་རྗེའབ་མེན་འཁོར་བཅས ་པས། ། དཔལ་དང་གཟི་བརྗིད་འཕེལ་བསྒོམས་ན།། བདག་ཉིད་ཆེན་པོར་དེ་འགྱུར་རོ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་རྒྱས་པའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། ཧོམ་ཁུང་གྲུ ་བཞི་གདེངས་པ་ལ། ། རྡོ་རྗེ་འཁོར་ལོས་བརྒྱན་པར་བྱ།། དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ།། བསྲེགས་པས་མཆོད་ཅིང་དཔལ་འཕེལ་བསྒོམ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་རྒྱས་པའི་ཧོམ ་གྱི་ལེའུ་སྟེ་སུམ་བཅུ་པའོ། ། །། གསེར་རམ་སེར་པོའི་ཤིང་རྣམས་ལ།། མགོ་བོ་བརྒྱ་མདུད་རྩེ་ཟུར་བཞི།། ལྷ་རྣམས་བསྒོམས་ཏེ་གདབ་པར་བྱ།། འདི་ནི་རྒྱས་པའི་ལས་ལ་ཤིས།། འཕགས་པ་ཐབས་ཀྱི ་ཞགས་པ་པད་མོ་ཕྲེང་ལས་རྒྱས་པའི་ཕུར་པའི་ལེའུ་སྟེ་སུམ་བཅུ་གཅིག་པའོ། ། ། གསེར་ཕྱེ་འབྲས་ཆེན་སེར་པོ་རྣམས།། འོ་མ་སྦྲར་ཅིགཏོར་མ་ནི།། རྒྱས་པར་འགྱུར་བའི་གཏོར་མ་སྟེ།། མཁས་པས་རྒྱས་པ་བསྒོམ་ཞིང་སྦྱིན། ་འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་རྒྱས་པའི་གཏོར་མའི་ལེའུ་སྟེ་སུམ་བཅུ་གཉིས་པའོ།། །། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། ལྷ་ཡི་དཀྱིལ་འཁོར་རྫོགས་པར་བསྒོམ།། བྱང་ཆུབ་སེམས་ནི་འཕྲོ་བསྒོམས་ན།། འདི་ནི ་རྒྱས་པའི་ལས་འགྲུབ་པོ། ། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་གྲོང་ལས་རྒྱས་པའི་སྦྱོར་བའི་ལེའུ་སྟེ་སུམ་བཅུ་གསུམ་པའོ།། རྣམ་པོ་དཀྱིལ་འཁོར་བརྩིབས་རྒྱུད་པར།། ལྷ་རྣམས་འཁོར་བཅས་སྤྱན་དྲངས་ཏེ།། ཀར་པོའི་ཡོན་གྱིས ་མཆོད་པ་བྱ། ། དེ་ནས་ལྷ་རྣམས་ཙམ་པར་བྱ།། གཏི་མུག་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། ཡུད་ཙམ་ཉིད་ལ་ཞི་མཛད་དེ།། ཞི་བར་གྲུབ་ལ་ཕྱག་འཚལ་ལོ།། ལྷ་རྣམས་འཁོར་བཅས་ཐམས ་ཅད་ཀྱིས། ། འཁྲུག་པ་ཐམས་ཅད་ཞི་མཛད་པར།། བསྒོམས་ན་ཐམས་ཅད་ཡུད་ཙམ་གྱིས།། ཞི་བར་འགྱུར་ཏེ་ཐེ་ཙོམ་མེད།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་ལས་ཀྱི་ལེའུ་སྟེ་སུམ་བཅུ་བཞི ་པའོ། ། །། ཧོ་མ་ཁུང་ཟླུམ་པོ་གདེངས་པ་ལ།། རྡོ་རྗེ་པད་མོས་རྒྱན་པར་བྱ།། ཕུར་པ་དཀར་པོ་དྲུག་བཏབ་སྟེ།། སྤྱན་དྲངས་རྡུལ་ཕྱེ་སོགས་པས་མཆོད།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་ཧོམ་གྱི་ལེའུ་སྟེ་སུམ་བཅུ་ལྔ་པའོ།། ་ཕུ་བ་ཁ་དག་དཀར་པོ་ལ།། མགོ་བོ་རྒྱ་མདུད་རྩེ་ཟླུམ་པོར།། ལྷ་རྣམས་བསྒོམས་ལ་གདབ་པར་བྱ།། འདི་ནི་ཞི་བའི་ལས་ལ་ཤིས།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བཱི་ཕུང་པའི་ལེའུ་ས་སུམ་བཅུ་དྲུག་པའོ།། ངུལ་དང་འབྲས་ཆེན་དག ་རྣམས། ། འོ་མར་སྦྱར་བའི་གཏོར་མ་ནི།། ཞི་བར་འགྱུར་བའི་གཏོར་མ་ཏེ།། མཁས་པས་ཞི་བར་བསྒོམས་ཤིང་གཏོར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་གཏོར་མའི་ལེའུ་སྟེ་སུམ་བཅུ་བདུན་པའོ།། ་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། ལྷ་ཡི་གྲུབ་པ་བསྒོམ་པར་བྱ།། བྱིན་གྱིས་ཐམས་ཅད་ཞི་བསྒོམས་ན།། ལྷ་རྣམས་ཀུན་ཀྱང་ཞི་བར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི ་སྤྱོད་པ་ལས་ཀྱི་ལེའུ་སྟེ་སུམ་བཅུ་བརྒྱད་པའོ། ། །། མཚན་ཉིད་མེད་པའི་ཕྱག་རྒྱ་དང་།། དེ་ལས་དངོས་བྱུང་ཕྱག་རྒྱ་རྣམས།། ངེས་པ་མེད་པར་དཔའ་བོས་བཤད།། མཁས་པས་ཅི་གར་སྦྱར་ན་འགྲུབ།། འཕག ་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ཝ་ཝ་བསྡུས་པའི་ལེའུ་སྟེ་སུམ་བཅུ་དགུ་པའོ། ། །། དྲག་པོས་ཐམས་ཅད་འདུལ་བར་འགྱུར།། དབང་གིས་འབྱོར་པ་མཆོག་ཀྱང་འགྲུབ།། རྒྱས་པས་གཟི་བརྗིད་རྣམ་པར་འཕེལ།། ་ཞི་བ་བདེ་བ་མཆོག་ཀྱང་འགྲུབ།། འཕགས་པ་ཐབས་ཀྱི་ཞགས་པ་པད་མེ་ཕྲེང་ལས་ལས་སྒྲུབ་པའི་ཕན་ཡོན་གྱི་ལེའུ་སྟེ་བཞི་བཅུ་པའོ།། །། དཀྱིལ་འཁོར་འདིའི་མཚན་ནི་དབང་ཆེན་བསྡུས་པའི་དཀྱིལ་འཁོར་ཏེ། ་དེ་ལ་དཀྱིལ་འཁོར་གྱི་བཞི་ཟླུམ་པོར་བྱ་བ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་དོན་ནོ།། འཁོར་ལོ་རྩིབས་ཟུར་ཅན་དུ་བྱ་བ་བཞི་ཟླུམ་པོའི་ནང་ན་གནས་པ་ནི་ཆོས་ཀྱིས་དབྱིངས་སྤྲོས་པ་མེད་བཞིན་དུ་བྱིན་གྱི་བརླབས་ཀྱི ་ལྷ་དང་། ལྷ་མོ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཕོ་ཉ་ལ་སོགས་པ་དང་ཉིད་ཀྱིས་འཕྲོ་བའི་དོན་ནོ།། རྣམ་པ་གཅིག་ཏུ་ཆོས་ཀྱི་དབྱིངས་རྣམ་པར་རྟོག་པ་མེད་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཡང་མཁྱེན་པ ་ལྷུན་གྱིས་གྲུབ་པའི་དོན་ནོ། ། མཐའ་གྲུ་བཞི་བྱ་བ་ནི། ཕྱོགས་བཅུའི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ལ་དབང་སྒྱུར་བས་བདེ་བ་ཆེན་པོ་རྒྱས་པའི་དོན། དཀྱིལ་ནས་ལྷ་མོ་ལྔ་ཕྱིར་ལྟ་བ།། ལྷ་མོ་ནི་དབྱིངས ་ཉིད་ཉེ་བའི་བྱིན་རླབས་ཏེ། སེམས་དཔས་དབྱིངས་ཉིད་དང་ཉེ་བ་མཐོང་བའི་དོན་ནོ།། སེམས་དཔའ་ལྔ་ནང་དུ་ལྟ་བ་ནི་དབྱིངས་ཉིད་ཉེ་བ་ལ་ལྟ་བའི་དོན་ནོ།། སེམས་དཔའ་གཞན་ཕྱིར་ལྟ་བ་ནི།། དབྱིངས་ཉིད་ཐམ་ཅད་ས་རྗེ ་ལྟ་བུ་བེམས་པོ་མ་ཡིན་གྱི་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་སེམས་དཔའ་ཉིད་དབྱིངས་ལས་མི་གཞན་པའི་ཐ་ཚིག་གོ། སེམས་མ་གཞན་ནང་དུ་ལྟ་བ་ནི་མཁྱེན་པའི་ཡེ་ཤེས་དངོས་པོ་ལ་སོགས་པ་ཐམས་ཅད་དུ ་རྣམ་པར་རྟོག་པ་མ་ཡིན་གྱི་དབྱིངས་ཉིད་དང་ལྡན་ཞིང་དབྱིངས་ཉིད་ཀྱང་མཁྱེན་པའི་ཡེ་ཤེས་ལས་མི་གཞན་པའི་ཐ་ཚིག་གོ། རྣམ་གཅིག་ཏུ་སེམས་དཔའ་ཕྱིར་ལྟ་བ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང ་བསྐུར་བའི་དོན། སེམས་མ་ནང་དུ་ལྟ་བ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་དུ་འདུས་པའི་དོན། སེམས་དཔའ་དང་སེམས་མ་ཕྱི་ནང་དུ་གཅིག་ལ་གཅིག་གཟིགས་པ་ནི་མཉེས་པར་བྱེད་པའི་ཐ་ཚིག་གོ།། ཁྲོབ ་དང་ཁྲོ་མོ་རོལ་ཕྱིར་ལྟ་བ་ནི། ཕྱིའི་དངོས་པོ་དང་རྒོལ་བ་ལ་སོགས་པ་འཇོམས་ཤིང་འདུལ་བའི་དོན།། དེ་ལ་དབྱིངས་ནི་དཔེར་ཉི་མའི་དཀྱིལ་འཁོར་ལྟ་བུའོ།། མཁྱེན་པའི་ཡེ་ཤེས་ནི་ཉི་མའི་འོད་སྣང་ཞིང་གསལ་བ་ལྟ ་བུའོ། ། དེའི་བྱིན་རླབས་ནི་དྲོ་ཞིང་འཇམ་པ་ལྟ་བུའོ།། ཕྱིའི་དངོས་པོ་ལ་སོགས་པ་འཇོམས་ཤིང་འདུལ་བ་ནི་རྩི་ཤིང་བསྐམས་པ་དང་ཚིག་པ་ལྟ་བུ་སྟེ། ལྷ་མོ་དང་སེམས་མ་ནི་ཆོས་ཀྱི་དབྱིངས་རིག་པའི་དོན་སེམས་ལ་སྣང ་བའོ། ། ལྷ་དང་སེམས་དཔའ་ནི་དབྱིངས་ལ་སྡང་བའི་དོན་མཐོང་བའོ།། དབྱིངས་ལ་ཉིད་ལ་སྣང་བ་དང་མཐོང་བའི་བྱིན་རླབས་ཀྱི་ངང་གིས་དངོས་པོ་དང་རྒོལ་བའི་རང་བཞིན་ལྷུན་གྱིས་འཇོམས་ཤིང་དབྱིངས་སུ་སྦྱོང་བ ་འདུལ་བ་ནི། ། ཁྲོ་བོ་དང་ཁྲོ་མོ་ལས་རྣམ་བཞི་རང་བཞིན་དུ་མཛད་ཅིང་ཐུགས་རྗེས་འཇིག་རྟེན་སྐྱོང་བའི་དོན་ནོ།། འཇིག་རྟེན་སྐྱོང་བ་ལ་སོགས་པ་ནི་བྱིན་གྱི་རླབས་ལས་པོ་ཉ་ལྟར་གནས་པ་ཡིན། རྣམ་གཅིག་ཏུ་འཇིག ་རྟེན་གྱི་ལྷ་མཐུ་བོ་ཆེ་འཁོར་དུ་འདུས་པར་བསྟན་པའི་དོན་ནོ། ། བཀྲ་ཤིས་བརྒྱད་ནི་ཐམས་ཅད་ལ་དབང་བསྒྱུར་ཞིང་འཁོར་བ་ལ་སྤྱོད་ཀྱང་ཉོན་མོངས་པའི་འཆིང་བར་མི་འགྱུར་བ་དང་། མྱ་ངན་ལས་འདས་པ་ལ་སྤྱོད ་ཀྱང་ཉན་ཐོས་ཀྱི་ཞི་བ་ཕྱོགས་གཅིག་པར་མི་འགྱུར་ཏེ། གང་གིས་ཀྱང་ཟིལ་གྱིས་མི་ནོན་པའི་ཕྱིར་བཀྲ་ཤིས་སོ།། དེ་ལ་དཔལ་བེའུ་ནི་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་བཀྲ་ཤིས་སོ།། འཁོར་ལོ་ནི་ཐམས ་ཅད་ལ་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀྲ་ཤིས་སོ།། རིན་པོ་ཆེནི་ཟད་མི་ཤེས་པ་དང་ལྡན་པའི་བཀྲ་ཤིས་སོ།། པད་མོ་ནི་བོང་བས་མ་ཟིན་པ་གྲ་ཤིས་སོ།། གདུགས་ནི་ཉོན་མོངས་པས་མ་གདུས་པའི་བཀྲ་ཤིས་སོ།། བུམ་པ་ནི་བདུད ་ཅི་མཆོག་དང་ལྡན་པའི་བཀྲ་ཤིས་སོ། ། དུང་ནི་རྒོ་ཐམས་ཅད་པ་དགོད་པར་སྒྲ་སྒྲོགས་པའི་བཀྲ་ཤིས་སོ།། ཉ་ནི་ལམ་རྒྱུད་ལྔའི་སེམས་ཅན་གྱི་དོན་མཛད་ཀྱང་ཉམ་ང་བ་མེད་པའོ།། ཀློང་བཞི་ནི་རིགས་ལྔའི་བྱིན་རླབ ་ཡིན་པའམ། ། ལམ་རྒྱུད་ལྔའི་སེམས་ཅན་ལ་དེ་བཞིན་གཤེགས་པའི་རང་བཞིན་ཡོད་པར་བསྟན་པ་འམ། ཐུགས་རྗེས་དེ་དག་གི་དོན་མཛད་པའི་ཐ་ཚིག་གོ། རྣམ་གཅིག་ཏུ་ཐམས་ཅད་དབང་དུ་འདུས་པའི་དོན ་དེ་ལ་གཙོ་མོ་འཁོར་ལྔ་ལྔ་དང་བཅས་པ་ནི་ཅི་ཡང་མི་མཛད་དོ། ། སེམས་དཔའ་སེམས་མ་ཉི་ཤུ་ནི་ཀུན་ལ་བུ་གཅིག་བཞིན་ནོ།། དེ་ལྟར་བྱས་པའི་ཤུགས་ཀྱིས་ཁྲོ་བོ་དང་ཁྲོ་མོ་འཁོར་དང་བཅས་པ་ནི་ཕྱི་ནང་ཐམས ་ཅད་ཀྱི་དངོས་པོ་ལ་རྔོན་པས་རི་དགས་མཐོང་བ་བཞིན་ནོ། ། དེ་ལྟར་ཞེ་སྡང་གི་ཤུགས་ཀྱིས་ཐམས་ཅད་དབྱིངས་ཉིད་ལ་སྦྱོར་རོ།། འབྱོར་ན་འཁོར་བའི་ཆོས་ལ་སྤྱོད་ཀྱང་ལོངས་སྤྱོད་ཆེན་པོ་སྟེ།། ཉོན་མོངས་པའི་འཆིང ་པར་མི་འགྱུར་བས་དེ་ལྟ་བསྒྲུབ་པ་ནི་འདོད་ཆག་སོ། ། ཆོས་ཀྱི་དབྱིངས་དང་གིས་གསང་བ་ཕྲག་དོག་གོ། ཆོས་ཉིད་སྤྲོས་པ་མེད་པས་གཏི་མུག་གོ། ཆོས་ཉིད་དེ་ལྟ་བུ་ཁམས་གསུམ་ལས་རྒྱལ་བས་ང་རྒྱལ་ལོ།། དེ་ལ ་གཙོ་བོ་ནི་འཁོར་ལྔའི་བྱིན་རླབས་ནི་ཐམས་ཅད་ལ་ཁྱབ་མོད་ཀྱི་ཉེ་བར་ནི་དབུ་དང་། ། མདུན་དང་། ཐོད་ཀ་ཡན་ཆད།། རྒྱབ་མཇུག་ཡན་ཆད་དོ།། མི་འཁྲུགས་པའི་འཁོར་ལྔའི་བྱིན་རླབས་ནི་ཕྱག་གཡས་པ་དང་རྩིབས་ལོག ་གཡས་སོ། ། རིན་ཆེན་འབྱུང་ལྡན་འཁོར་ལྔའི་བྱིན་རླབས་ནི་ཕྱག་གཡོན་དང་རྩིབ་ལོགས་གཡོན་ནོ།། འོད་དཔག་མེད་འཁོར་ལྔའི་བྱིན་རླབས་ནི་ཞབས་གཡོན་ནས་རྐེང་པ་གཡོན་མན་ཆད་དོ།། དོན་ཡོད་གྲུབ་པ་འཁོར་ལྔའི་བྱེད ་རླབས་ནི་ཞབས་གཡས། ། རྐང་པ་གཡོན་མན་ཆད་དོ།། ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ནི་རིགས་སོ་སོའི་བྱིན་རླབས་བཞིན་ནོ།། དེ་ལྟར་འཁོར་ལྔ་པོ་གཅིག་ལ་ཡང་ལྔ་ལྔར་འགྱུར་ཏེ།། སྲ་བའི་བྱ་བ་བྱེད་པ་ཐམས་ཅད་ནི་རྔ ་རྗེའི་རིགས་སོ། ། དྲོ་བའི་བྱ་བ་བྱེད་པ་ཐམས་ཅད་ནི་རིན་པོ་ཆེའི་རིགས་སོ།། གཤེར་བའི་བྱ་བ་བྱེད་པ་ཐམས་ཅད་ནི་པད་མའི་རིགས་སོ།། སྐྱོད་པའི་བྱ་བ་བྱེད་པ་ཐམས་ཅད་ནི་ལས་ཀྱི་རིག་སོ།། དེ་རྣམས་ཆ་མཉམ་པ ་ལས་སྤྱིར་གྲུབ་པ་ནི་དངོས་སུ་བཞུགས་པ། ། དེ་བཞིན་གཤེགས་པའི་རིགས་སོ།། ཐམས་ཅད་བདག་ཉིད་མའི་འཁོར་ལྔའི་བྱིན་རླབས་ནི།། དབུས་སུ་གྱུར་པ་ཐམས་ཅད་དོ།། སྲ་བའི་རང་བཞིན་མེད་པ་ནི་ཡངས་པའི ་སྤྱན་འཁོར་ལྔའི་བྱིན་རླབས་སོ། ། དྲོ་བའི་རང་བཞིན་མེད་པ་ནི་ས་མཱ་ཀཱི་འཁོར་ལྔའི་བྱིན་རླབས་སོ།། གཤེར་བའི་རང་བཞིན་མེད་པའི་གོས་དཀར་མེ་འཁོར་ལྔའི་བྱིན་རླབས་སོ།། བསྐྱོད་པའི་རང་བཞིན་མེད་པ ་ནོ་སྒྲོལ་སའི་འཁོར་ལྔའི་བྱིན་རླབ་སོ། ། དོན་དུ་བྱ་བ་བྱེད་ནུས་པ་སེམས་དཔའོ།། དེ་བཞིན་དུ་རང་བཞིན་མེད་པ་ནི་སེམས་མའོ།། དེ་ལྟར་རིག་པ་ནི་ཁྲོ་བོ་དང་ཁྲོ་མའོ།། དེ་ལ་སྡུ་ཞིང་སྤྲོ་བ་ཡང་ཐམས་ཅད་དེ་ལྟར་བྱའོ།། ་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཡང་དེ་ལྟར་བལྟའོ།། དེ་སྐད་ཅེས་དཔལ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ།། རྡོ་རྗེ་གཞོན་ནུ་སྡེ་འབུམ་ཕྲག་དུ་མ་ཡིད་རངས་ཏེ་འདི་སྐད་ཅེས་བསྟོད་དོ།། ཧཱུཾ་བསྐལ་པའི་མེ་ལྟར ་འབར་བ་ཡི། ། འོད་ཟེར་འདྲ་འཕྲོ་ཀློང་དཀྱིལ་ན།། ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ། སྐུ་ནི་ཅིར་ཡང་བསྒྱུར་བའི་གཟུགས།། ཧཱུཾ་དབུ་སྐྲ་ཁམ་གནག་རལ་པ་ཅན།། གྱེན་དུ་འཁྱིལ་བ་སྲིད་རྩེར་འབར།། མི་མཉམ་ཁྲོ ་གཉེར་སྡང་མིག་ནི། ། ལོག་པར་ལྟ་བ་འདུལ་བའི་མཚན།། ཧཱུ~ཾ་མཆེ་བ་ཟང་ཡག་གཙིགས་པས་ནི།། སྐྱེ་ཤི་རྩ་བ་གཅོད་པའི་ཚུལ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནི།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྣང་། ཧཱུཾ་ཐུགས ་རྗེས་བྱིན་རླབས་སྤྲིན་ལྟར་འཁྲིགས། ། བྱམས་པའི་འོད་ཟེར་གློག་བཞིན་འགྱུར།། རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས།། སྤྲུལ་པའི་ཐོག་ཐོག་ཆར་བཞིན་འབེབས།། ཧཱུཾ་སྔོན་གྱི ་ཐུགས་དམ་ཆེན་པོ་ནི། གླན་ཀ་ཆེན་པོ་འདུད་ལ་ཚོལ།། རྒྱལ་ཀ་ཆེན་པོ་བགེགས་ལ་མཛད།། དམ་ཚིག་ཅན་ལ་དངོས་གྲུབ་སྩོལ།། ཧཱུཾ་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། བདག་ལ་བྱིན་གྱིས་བརླབ་མཛད་ཅིང་། ་བདག་གིས་ལྷག་པའི་བསམ་པ་རྣམས།། གྲུབ་པར་བྱིན་གྱིས་བརླབ་དུ་གསོལ།། འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་ལ།། སེམས་ཀྱི་ཆོས་པས་སྐུ་མི་མངའ།། སྒྲ་ལས་འདས་པའི་སྦྱོར་བ་སྟེ།། བསམ་དང་བྲལ་བའི ་ཡེ་ཤེས་ལགས། ། ཧཱུ~ཾ་སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ།། མཉམ་ཉིད་རང་གིས་ཁྲོ་ལ་ཕྱག་འཚལ་ལོ།། ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ།། རྡོ་རྗེ་འདུ་འཕྲོ་ཁྲོལ་ཕྱག་འཚལ་ལོ།། ཅེས་བསྟོད ་དེ་ཉིད་ཀྱིས་ཐུབ་ཀར་ཞུགས་ནས་མི་སྣང་བར་གྱུར་ཏོ། འཕགས་པ་ཐབ་ཀྱི་ཞགས་པ་པད་མོ་ཕྲེང་རྫོག་སྷོ།། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཏེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོཧྱ་བ་དཏ་ཏེ། ཥཱཉྩ་ཡོ་ནི་རོ་དྷ་ཨེ་བ་མཱ་དཱི་མ་ཧཱ་ཏྲ་མ་ཎཿ།། ་