CLOSE WINDOW

Q457: gsang ba'i snying po de kho na nyid nges pa
Wyliee-texts produced with BDRC’s OCR application

མ་ཡོང་དང་ཡང་དུནན་དུ་ཞུས་པའི་དི་གཞན་ལ་སྤེལ་ན་དམ་ཚིག་ཉམས་སྷོ། བོད་སྐད་དུགསང་པའི་སྙིང་པོ་དེ་ཁོན་ཉིད་ངེས་པ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ་འདི་སྐད་བཤད་པའི་དུས་ཅིག་ན།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅ་དང་སོ་སོ་མ་ཡིན་ཐ་མི་དང་དབྱེར་མེད་པའི་རང་བཞིན་ཏེ། ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་མོ ་ཁྱབ་པར་གསལ་བ་ལ་ཡེ་ཤེས་རིན་པོའི་སྣ་ཚོགས་འབར་བའི་གཞལ་ཡས་ཁང། ། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ།། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ།། ལྷག་པའི་ཡེ་ཤེས་རིན་པོ་ཆེའི ་བློ་བུར་གྱིས་མཛེས་པ། ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་ཅིག་པའི་ཡེ་ཤེས་ཀུན་དུ་འཁྱིལ་པ།། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རིན་པོ ་ཆེ་དབྱིབས་དང་ཁ་ཏོག་ལ་སོགས་སྟེ། ། རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པའི་ཚད་དཔག་ཏུ་མེད་པ།། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་།། ཆུན་འཕྱང་དང་ཤར་བུའི་རྒྱན་དང་།། གཟུགས་སྣ་ཚོགས་དང་། ་སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ།། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་ཀླུབས་པ།། རྣམ་པར་ཐར་པ་བཞི ་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟབབས་དང་ལྡན་པའི་བྱི་དང་ནང་མེད་པར་ཀུན་དུ་ཡང་ནང་དུ་གྱུར་པ་ནི་མི་འཇིགས་པ་སེང་གེའི་ཁྲི་དང་།། སྟོབས་ཀྱི་གླང་པོའི་ཁྲི་དང་། རྫུ་འཕྲུལ་གྱི་རྟའི་ཁྲི་དང་། དབང་གི་རྨ ་བྱའི་ཁྲི་དང་། ཐོགས་པ་མེད་པའི་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པད་མ་རིན་པོ་ཆེའི་གདན་ལ་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཡང་ཞལ ་ཐལ་ལེ་བར་གསལ་ཞིང་། ། མཚན་དང་དཔེ་བྱད་དུ་ལྡན་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་དུ་སྣང་བ། ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་ཆེན་པོ་ལས་ཐབས་ཤེས་རབ ་ཀྱི་རྣབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་འབར་བ་ཅན།། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན ་པ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚེར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས ་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན་ཀྱང་མཐིང་ཀ་དང་། དཀར་པོ་དང་སེར་པོ་དང་། ལེབ་རྒན་དང་། ལྗང་ཀུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པའི་སྣང་བའི་དབྱིངས་དང་། སྲ ་པའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཆོས་ཀྱིས་དབྱིངས་ཀུན་དུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར ་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། ། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ནུབ་ཆེན་པོ་རྡོ་རྗེ་སྡོམ་པ་དང་། བྱང་ཆུ་ཆེན་པོ་རྡོ་རྗེ་མྱོང་བ་དང་། ཙུན་མོ་མཐོང་བར་བྱ་བ་དང་། མཉན ་པར་བྱ་བ་དང་། བསྡམ་པར་བྱ་དང་། མྱོང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་།། ་བཙུན་མོ་འདས་པ་དང་ད་ལྟར་འབྱུང་བ་དང་། མ་བྱོན་པའི་ཚོགས་དང་། འདོམས་པ་ཆེན་མོ་རིག་པ་དང་འཇོམས་པ་ཆེན་པོ་རེག་བྱེད་དང་། འཇོམས་པ་ཆེན་པོ་དག་ཤེ་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་། གཉིས་སུ་མེད་པར་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་དཀྱིལ ་འཁོར་དེ་དག་ཉིད་ཀྱི་གསང་པ་འདི་ཉིད་སྐུ་དང་། གསུང་དང་ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨེ་ཨེ་ཨེ་མའོ།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དང་། དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་དང་རང་སྣང ་བ་ཉིད། ། ཏིང་འཛིན་གཟུགས་བརྙན་སྒྱུ་མཾ་རྣམ་དག་གསལ་བ་ནི་སྐུ་དང་གསུང་དང་ཐུགས་ཡོན་ཏན་འཕྲིན་ལས་སེལ་མེད་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་མི་ཟད་པར་ལྡན།། བརྒྱན་གྱི་འཁོར་ལ་རྡོ་རྗེ་མཆོག་གི་གནས ་ཉིད་དེ་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། ། གསང་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན ་གྱི་ཚུལ་རྡོ་རྗེས་བཙུན་མོ་ཆོས་བྱ་བ་མོ་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨོཾ་ཆོས་ཀྱི་ཆོས་ཉིད་ཤེས་བྱའི་དབྱིངས། ཀུན་ཏུ་བཟང་མོ་བདེ་བའི་ཡུམ། མ་གཡོས་རང་བཞིན་དཀྱིལ་འཁོར་ནི། ་བདག་ཡིན་བདག་གི་སྤྱོད་ཡུལ་བ། ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། མ་ཆགས་པད་མའི་གདན་བཏིང་བ།། དུས་གསུམ་རྒྱལ་བ་བཞུགས་པའི་གནས།། རྣམ་པར་ཐར་པའི ་སྒོ་བཞི་ལ། ། ཕྱག་རྒྱ་བཞི་དང་ཡང་དག་ལྡན།། དབང་དང་སྐལ་མིན་གསལ་བའི་ཕྱིར།། ནད་དང་ཕྱི་རིམ་ལྕགས་དང་ལྡན།། རྒྱལ་བ་ཡོངས་ཀྱི་སྦས་པའི།། སུས་ཀྱང་གཏིང་དཔག་དཀའ་བ་དེ།། ཀུན་ཏུ་བཟང ་པོ་ཉིད་ཀྱིས་གཟིགས་ཤེས་བརྗོད་པས་བཙུན་མོ་བྱ་བ་མེ་ཆོས་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏོ། ། ཞུགས་ནས་བཙུན་མོ་བྱེ་བ་མཆོས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པའི་ལོངས་སྤྱོད ་བདེ་བ་ལ་མཉ་མཉམ་པར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད་དོ། ། སེམས་ཀྱི་སེམས་ཉིད་བྱེད་པའི་གཙོ།། ཀུན་དུ་བཟང་པོ་རྡོ་རྗེ་ཡིད།། ཡེ་ཤེས་དྲུག་གི་རང་བཞིན་ཏེ།། ཤར་ཕྱོགས་མངོན་པ་དགའི་བསམས་ཡས་ན།། ནི་ལ་ལྟ ་བུའི་གཏེར་འབྱིན་པ། ། གསད་འདུ་འབུལ་གྱི་ལྡེག་མིག་གིས། རྣམ་པར་ཐར་པའི་སྒོ་ཕྱི་ནས།། བྱང་ཆུབ་མཆོག་གིས་ནང་གཏན་དགྲོལ།། མཉམ་སྦྱོར་པད་མའི་གདན་ལ་བཞུགས།། འགྲོ་དེན་བྱང་ཆུབ་སེམས་བསྐྱེད་ནས ་འགྲོ་ལྔ་སྐྱེ་ཞིང་དབང་དུ་བསྡུས། ། སྐུ་གསུང་ཐུགས་གནས་དབང་བསྐུར་ཏོ།། ཞེས་བརྗོད་པས་ཐམས་ཅད་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་ཉིད་དུ་གསལ་བར་གྱུར་ཏོ།། ཞུགས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་མ་ལུས ་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞི་ག་ཤེགས་པ་ནི་དེ་ཅིཞི་ཤེགས་པ་ཞིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང ་པོ་ཀུན། ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ས་ཆུ་སྨན་དང་མཱ་མ་ཀཱི།། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་།། ཐམས་ཅད་མ་ལུས་ཆོས་སོ།། ་ཅོག། སངས་རྒྱས་ཉིད་ལས་གཞན་པ་ཡིན།། སངས་རྒྱས་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་རྙེད་དོ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འགྱུར་ཏོ།། དེ་ནས་བཙུན་མོ ་བྱ་བ་མོ་ཚེས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ཤེས་དབེན།། སྲིད་པ་གསུམ་ཉིད་དག ་པའི་ཞིང་། ། སྙིགས་མ་ལྔ་ཉིད་བདེ་ལྡན་ནས།། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། ཐམས་ཅད་མཆོག་གི་སྙིང་པོ་བས།། གཞན་དུ་རྒྱལ་བས་ཆོས་མི་འཚལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོས།། བཙལ་ཀྱང་རྒྱལ་བས ་མི་རྙེད་དོ་ཞེས་བརྗོད་པས་ཐམས་ཅད་ཡནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་བསླད་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ཤེས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང།། སྐྱེ་བ་མེད་ལག་ཐམས ་ཅད་སྐྱེས། ། སྐྱེས་པ་ཉིད་ནི་སྐྱེ་བ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག་པ་མེད་ལས་ཐམས་ཅད་འགགས།། འགག་པ་ཉིད་ནི་འགག་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱིས ་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། གནས་པ་མེད་ལས་ཐམས་ཅད་ནས།། གནས་པ་ཉིད་ན་གནས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གས་པ།། དམིགས་པ་མེད་ལས ་ཐམས་ཅད་དམིགས། ། དམྱིགས་པ་ཉིད་ནི་དམིགས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགྲོ་འོད་མེད་ལས་འགྲོ་དང་འོད།། འགྲོ་འོང་ཉིད་ན་འགྲོ་འོང་མེད།། ཅེས་བརྗོད ་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོའི་ཚོགས་ཐམས་ཅད་སྐྱེས་པས་ཁྱབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དེ། ་ཨེ་མའོ་ཡི་ནས་གསང་བའི་ཆོས།། སྣ་ཚོགས་སྟོང་ལ་རང་བཞིན་གསང་།། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་།། གཞན་དུ་ནི་ཡང་ཤིན་ཏུ་གསང་།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་ནས་སངས་རྒྱས་པའི་ད ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན། ། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལ་འགྲོ་བ་ལྔའི་རིགས་བསམ་གྱི་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་བད་གཤེགས་སྙིང་པོ་ལས།། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ།། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིས་སོ་སོར་འཛིན།། ་སུས་ཀྱང་མི་འཆིང་བཅིངས་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་བདག་ཏུ་འཛིན་པ་ཡིན།། ནན་གྱིས་མཁའ་ལ་མདུང་བ་འདོར།། བཅིངས་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་ས ་རྒྱས་ཆོས། ། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད།། ཅེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ། ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ་བྱིན་གྱི་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ།། ་བཏོན་ནས་ཀྱང་ལས་ཀྱི་དབང་གིས་སྐལ་གཞི་དང་།། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ ་བཞིས་འགྲོ་བ་ལྔའི་དོན་མཛད་དེ་ལྟམ་པ་དང་། རབ་ཏུ་འབྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོ་བ་དང་། ཚེ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ ་ལ་སོགས་པ་སྟོན་པའི་ཐུབ་པ། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱི་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་བསན་པ་དང་། རྫུ ་འཕྲུལ་གྱི་ཚོགས་ཀུན་དུ་དེན་སྤྱོད་པ་དང་། ཐེག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་། ཀུན་ཏུ་སྲུབསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། བསམ་གྱིས་མི་ཁྱབ་བགྲངས་མེད་པར་ཡང་ཕྱོགས་བཅུར་སྣང་བར་གྱུར་ལོ།། དེ་ལྟར་སྣང་བར་གྱུར་ནས་ཇི་སྙེད་པའི་ཐུབ་པ་ཆེན་པོ་སྙིང་རྗེའ ་འཕང་ཆེན་པོ་ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི ་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་རྩ་བཞི་གསུངས་སོ། ། གསུང་ངོ་།། གསུང་བར་གྱུར་ཏོ།། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི ་རྟེན་ཅིང་འབྲེལ་བར་འབྱུང་བ་འཛིན་པ་འཕྲུལ་པ་ལ་དགོས་པ་དང་། ལས་དང་ལས་ཀྱིས་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས་གོས་པར་མི་འགྱུར་བ་དང་། གོས་པ་ད་མེད་པའི་སྟོན་པའི་མཐར ་ཐུག་གོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འཁོར་བའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་མའོ་དཀྱིལ་འཁོར་བསམ ་ཡས་པར། སྙིང་པོ་བླ་མེད་ཇི་སྙེད་པ་ལི། གཞན་གྱིས་མི་འཕྲོགས་རང་བཞིན་རྒྱལ།། མཐའ་དང་བྲལ་བས་བདག་མེད་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཇི་སྙེད ་འཇིག་རྟེན་འཁྲུལ་པའི་ཆོས་མ་རིག་རྟོག་པའི་བཟུང་འཛིན་གྱིས། ། སྟོང་གི་འཇིག་རྟེན་བསམ་ཡས་པར།། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར།། ཏོག་པའི་བག་ཆགས་སྟུག་པོ་ཡིན།། མི་མཐུན་བདེ་སྡུག་མྱོང་བར་འགྱུར ་དེ་ཉིད་ཇི་བཞིན་དབྱིངས་ཉིད་དང་། ། རང་བཞིན་བདག་མེད་ཚུལ་ཅིག་སྟེ།། རང་བཞིན་ཉིད་ལ་ཉམས་པ་མེད།། ཡང་དག་སྒྱུ་མའི་ཚུལ་གཉིས་སུ།། བདག་དང་བདག་གི་གཞན་མེད་དེ།། དེ་ཉིད་ངོ་བོ་ཉིད་དབྱིངས་པས།། རྣམ ་དག་དབྱིངས་ཉིད་ཚུལ་ཅིག་གོ། བདག་དང་བདག་གི་གཞན་རྣམས་ནི།། ལོག་པར་རྟོག་པ་ཙམ་ཉིད་ལས།། ཕྲ་ཞིང་ཟབ་པ་ཡོད་མ་ཡིན།། ལོག་རྟོག་ཉིད་ལ་ཉིད་སྤྱོདདོ།། གཞན་དུ་གཡོ་བ་ཅི་ཡང་མེད།། ལོག་རྟོག་རྒྱུ་འབྲས་རྒྱུན ་ཉིད་ཀྱང་། ། གཞི་རྩ་མེད་དེ་སྐད་ཅིག་མ།། རྣམ་པར་དག་པའི་དབྱིངས་ཉིད་ཚུལ།། ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར།། བདག་དང་གཞན་དང་རྟོག་པའི་རྒྱུན།། རྣམ་དག་བླ་མེད་ཐེག་པའི་མཆོག། ཐེག་པ་བཞི་ཡིས། ་དེས་འབྱུང་ལ།། ཐེག་པ་ཅིག་གི་འབྲས་བུར་གནས།། ཡང་དག་རྟོགས་པས་རབ་བརྟགས་ན།། རང་བཞིན་མེད་ལ་ཅིར་ཡང་འགྲུབ།། སངས་རྒྱས་མྱ་ངན་ཡོད་མི་འདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།། མ་རིག་སྨིན་མཛད ་གདུལ་བའི་ཕྱིར། ། འབྱུང་གནས་མྱ་ངན་འདའ་བར་སྟོན།། འདུལ་བ་མདོ་སྡེ་ཆོས་མངོན་དང་།། དམ་ཚིག་སྒྲུབ་དང་གྲུབ་པ་དང་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཇི་སྙེད་འཇིག་རྟེན་མཐའ་ཀླས་པར།། ཕྱོགས་བཅུར་ཀུན ་དུ་རབ་གྲགས་པ། ། གསང་བའི་སྙིང་པོ་ལས་འཕྲོས་ཏེ།། རང་བཞིན་གསང་བའི་སྙིང་པོ་འདི།། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།། སྟོན་པའི་ཐུབ་པ་བསམ་ཡས་པ།། འབྱུང་གནས་གཏན་ལ་ངེས་པར་འབེབས།། ཆོས་རྣམས་མིང ་དུ་བརྟགས་པ་ཙམ། ། སྟོན་པས་དོན་དང་འཐུན་ཕྱོགས་སུ།། མིང་ཉིད་ཚིག་ཏུ་བཏགས་ནས་བསྟན།། སྟོན་མེད་ཚིག་ལ་དངོས་པོ་མེད་ཅེས་བརྗོད་པས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ཆེན་པོར་གསལ་བར་གྱུར་ཏོ།། ་དེ་ནས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སུ་གསུང་ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨ་ཧོ་སྲྀད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས ་འབྲོས། ། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་འཕྲུལ་འཁོར་ལས་སོགས་པ།། ལོག་ཏོག་ཉིད་ལས་གཞན་དུ་ཅི་ཡང་མེད།། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས།། དམྱིགས ་བྱ་དམིགས་མེད་མེད་པར་དྲན་དབང་སྒྱུར། ། ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལ།། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཐུབ་པ་དྲུག་གིས་སྤྲུལ་པ་གྲངས་མེད་པ་དང་།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།། ་དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་།། རིགས་རྒྱུད་དྲུག་ཏུ་ཡང་བཤད།། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས ་ཅད་ཀུན་ལ་ཡང་ཡོད་དོ། ། ནམ་མཁས་ཀྱང་ཀུན་ཁྱབ་པར་གནས་སོ།། དེ་ལྟར་ཆོས་ཀྱི་དབྱིངས་དང་།། ནམ་མཁས་ཀུན་ལ་ཁྱབ་ཀྱང་རྣམ་པར་ཐར་པའི་དོན་མ་ཏོགས་ན་མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། ་གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ།། ཞེས་གསུངས་ནས་ཡང་འདི་སྐད་རྡོ་རྗེ་འཆང་གིས་གསུངས་སོ།། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། རྒྱ་མཚོ་ཆེན་པོར་ཆུ་ཀླུང་འབབ་པ་ལྟར།། བླ་མེད་དོན ་རྟོགས་ཐབས་ཆེན་འདི་དག་ཏུ། ། རྣམ་པའི་ཐེག་པ་བསམ་ཡས་མ་ལུས་འདུས།། ཨ་ཧོ།། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པ།། ས་བཅུ་རིམས་ཀྱིས་བསྒོམས་པའི་རྣལ་འབྱོར་པ།། སངས་རྒྱས་སར ་འགྲོ་གོ་འཕང་ཐོབ་པའི་ལམ། ། བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར།། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོད་ཚུལ་ཤེས་པའི།། དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག། དགེ་ཤེས་མི་སློ་བ་རང་གི་རིག ་པས་རྟོགས་བྱང་ཆུབ་སར་འགྲོ་ཡང་བཞིན་བདེ་བའི་མཆོག། བདེན་གན་ན་རྟོགས་རབ་ཏུ་སྤོང་བ་ལོ།། ཡེ་ཤེས་བཅུ་དྲུག་ཆསྦྱངས་རབ་ཞི་བའི།། རྒྱུན་ཞུགས་ལ་སོགས་རིམ་པར་སྤངས་ནས་ནི།། ཉོན་མོངས་དགྲ་རྣམས ་རབ་ཏུ་ཞི་བའི་ས་རུ་འགྲོ། ཐེག་པ་གང་དུ་བསྟན་པ་མ་ངེས་པའི།། ཡང་ན་ཀུན་ལ་མཐུན་ནས་འབྱམ་པར་འཇུག། ཡང་ན་ངོས་མེད་འདི་ཞེས་བརྟག་ཏུ་མེད། འདི་ནི་མ་དེས་རྡོ་རྗེ་འཆང་གིས་གསུངས།། དགེ་བཅུ་སྟོད་ཅིང་མི་དྲན ་སྤོང་བྱེད་པ། ། འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ།། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ།། ཚངས་གནས་ལྷ་སོགས་སྐྱེ་བའི་རྒྱུ་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་།། རང་རིག་རྟོགས་པའི ་སྐལ་དང་མི་ལྡན་ན། ། ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན།། འདི་ནི་སྐལ་མེད་རིགས་ཆད་ས་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས།། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་།། སོ་སོ་རང་རིག ་བློ་ལ་སྣང་བར་ཟད། ། ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་།། འཁྲུལ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ།། དེ་བཞིན་ཉིད་ཀྱི་དབྱིངས་ལ་གྱུར་པ་མེད།། མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག། ལོག་རྟོག་བདག ་དང་བདག་གིར་འཛིན་གྱུར་ན། ། དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར།། ཡང་དག་ཤེས་པའི་རང་རིག་བློ་མེད་ན།། བདེ་བཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་།། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི།། ངན ་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། ། ནམ་མཁའི་དབྱིངས་ནི་དེ་ཉིད་བསམ་ཡས་པར།། ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་།། འཇའ་ཚེན་སྤྲིན་མ་དེས་སྣ་ཚོགས་འཁྲུགས་གྱུར་ཀྱང་།། ནམ་མཁའི་དབྱིངས་ལ་གྱུར ་ཅིང་ཉམས་པ་མེད། ། མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། སྐུ་གསུང་ཡོན་ཏན་ཕྲིན་ལས་རྨད་འབྱུང་དང་།། འཇིག་རྟོག་གཙོ་མཆོག་མ་ལུས་ཐམས་ཅད་དང་།། འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མ་ང་ཡང་།། ་དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད་ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། རིགས་རྗུད་ཆད་པ་དང་རིགས་བརྒྱད་སོ་སོར་དབྱེ་བའི་མདོར་བཤད་པའི ་ལེའུ་སྟེ་ལྔ་པའོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུ་ལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད ་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། ། ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས།། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།། ཕྱོགས་ཀུན་གང་བར་གསལ་གྱུར་ནས།། ་བདུས་ཀྱང་འཕེལ་འགྲིབ་མེད་པར་བརྟན།། དེ་ལས་མིང་ཚེགས་གསལ་འབར་ཀུན།། སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།། ཨ། ཀ་ཁ་ག་གྷ་ད། ཙ་ཚ་ཛ་ཛྷ། ་ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། བ་པ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥཱ་ས་ཏ། ཀྵ། ཨི་ཨཱཾ། ཨུ་ཨཱ། ཨེ་ཨཱཾ་ཨོ་ཨཽ།། འདི་དག་ཟུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས།། རབ་ཏུ ་གཡོས་ཀུན་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་དུ་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་ནི་སྟོང་དང་མི་སྟོང་གི། དབུ་མ་དམིགས་སུ་ཡོད་མ་ཡིན།། ་ཐམས་ཅད་མིང་ཙམ་སངས་རྒྱས། ཀུན་ཡི་གེ་ཕྲེང་བ་ཉིད་ལ་གནས།། ཨ་ཉིད་སྣ་ཚོགས་པར་སྣང་བའི།། ཀ་ལ་སོགས་པ་བཞི་བཅུ་གཉིས།། སྒྲ་ཡི་མིང་གིས་ཐམས་ཅད་བསྡུས།། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས།། ཨེ་མའོ ་མཚར་ཡ་མཚན་གྱི། ། འཕྲུལ་རེན་བཞི་བཅུ་རྩ་ལྔའི་མིང་།། ཚིག་རྣམས་མ་ལུས་འཛིན་པའི་གནས།། སྣ་ཚོགས་དོན་ཀུན་སྨྲ་ཞིང་སྟོན།། དངོས་མེད་ཡི་གེ་རང་བཞིན་སེམས།། བདག་མེད་མཐའ་བྲལ་མི་དམིགས་ཀྱང་དབྱིབ ་དང་ཁ་དོག་མིང་ཚེགས་ཀྱིས། ། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན།། ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།། ཡེ་ཤེས་སེམས་པའི་སྐུ་གསུང་ཐུགས།། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད།། ཡི་གེ་མགོ་ནས་ཀཱ་ལ་རྫོགས། ་སེམས་ནི་རང་བཞིན་ཡི་གེ་སྟེ།། ཡི་གེ་དངོས་པོ་ཡོད་མ་ཡིན།། དམིགས་མེད་དེ་ཉིད་སྣ་ཚོགས་པའི།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ།། སྐུ་གསུང་ཐུགས་ནི་ངོ་མཚར་གྱི།། ཡ་མཚན་འཕྲུལ་ཆེན་རབ་འགུག་པ། བྱིང་། ་ལ་དབྱིངས་ཀྱིས་བྲིས་པ་སྟེ།། ཡི་གེ་ཞེས་ནི་དེ་ཕྱིར་བརྗོད།། མགོ་ནི་མ་ནོར་ལམ་ཡིན་ཏེ།། ཚིག་ནི་ཤེས་རབ་མིན་དུ་སྨྲས།། ཤང་ནི་ཐབས་ཆེན་ཚིགས་སུ་གཅོད།། ཨ་ནི་སྐྱེ་མེད་དེ་བཞིན་ཉིད།། ཐ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། ཊ་ནི་སྣང ་བའི་རྫུ་འཕྲུལ་ཉིད། ། ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད།། དྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད།། ཎ་ནི་ཀུན་དུ་སྒྱུ་འཕྲུལ་ཉིད།། ཐ་ནི་དྲ་བས་མངོན་རྫོགས་ཉིད།། ཏ་ནི་དྲ་བས་བརྟན་པ་ཉིད།། དེ་ནི་དྲ་བས་ལྷམ་མེ་ཉིད།། དྷི་ནི་དྲ་བས་འཁྱིལ་བ་ཉིད།། ་ན་ནི་དྲ་བས་ཀུན་ཏུ་འགྱུར།། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག། ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག། ག་ནི་ཤིངས་ཀྱི་ཐུགས་ཀྱི་མཆོག། གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག། ག་ནི་ཐུགས་ཀྱང་འཇིག་བྱེད་པའོ།། ཙ་ནི་སྤྱན་གྱི་སྐུ་ཡི ་མཆོག། ཚ་ནི་སྙན་གྱི་སྐུ་ཡི་མཆོག། ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག། ཛྙཱ་ནི་ལྗགས་ཀྱི་སྐྲ་ཡི་མཆོག། ཉ་ནི་སྐྲ་ཡང་འཇིག་བྱེད་པའོ།། བ་ནི་སྤྲིན་གྱི་གསུང་གི་མཆོག། པ་ནི་སྙན་གྱི་གསུང་མཆོག་སྟེ། བ་ནི་གདས་ཀྱི་གསུང་མཆོག་ཡིནི།། བྷ་ནི་ལྗགས་ཀྱི་གསུང་གི ་མཆོག། མ་ནི་གསུང་ཡང་འཇིག་པར་བྱེད།། ཡ་ནི་སྐྱེ་བ་རྣམ་པར་དག། ཝཾ་ནི་གནས་པ་དག་པ་ཡིན།། ར་ནི་འཇིགས་པ་དག་པ་སྟེ།། ལིན་སྟོང་པ་དག་པའོ།། ཤ་ནི་རྟག་མེད་དག་པ་སྟེ།། ཥ་ནི་ཆད་པའང་ཡོད་མ་ཡིན།། ས་ནི་མཐའ ་བྲལ་བདག་མེད་པ། ། ཧ་ནི་མཚན་མ་མེད་པ་ཉིད།། ཀཱ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས།། ཨི་ནི་རྡུལ་སྙེད་ལྷ་རྣམས་སུ།། ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན།། ཨུ་ནི་རྡུལ་སྙེད་མི་རྣམས་སུ།། ཨུ་ནི་རྡུལ་སྙེད་བྱོལ་སོང་རྣམས།། ཨེ་ནི་རྡུལ་སྙེད ་ཡི་དགས་སུ། ། ཨོཾ་ནི་རྡུལ་སྙེད་དམྱལ་བ་རྣམས།། ཨོཾ་ནི་ཐམས་ཅད་འཇིག་པར་བྱེད།། ཨོཾ་ནི་ཐམས་ཅད་ཞིག་པ་ཡིན།། ཡི་གེ་འཁོར་ལོ་ཚོགས་ཆེན་འདིས།། སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས།། ཨ་ཧོ། དེ་ནས་དེ་བཞིན་གཤེགས ་བ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཨ་ཧོ། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚེས ་རྒྱུ་འཁོར་ལོ། ། འབྲས་བུ་རྒྱལ་བའི་སྨིན་གྲུབ་ངོ་མཚར་མིད་ཚེགས་བཞི་བཅུ་གཉིས།། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ།། འདའ་བར་མ་མཛད་དབང་མེད་རྒྱུ་རྐྱེན་ཚེགས་པའི་མཐུ་ཆེན་ཡིན ་ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ།། གསང་བའི་སྙིང་བ་ཁོན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བ་འཁོར་ལོ་བཀོད་པའི་ལེའུ་སྟེ་དྲུག་པའོ།། ་དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཤིན་ཏུ་གསང་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་དེའི་ཕྱིར་གསང་སྔགས་ཀྱི་རྒྱུད་དེའི་ཕྱི་བ་དང་ནང་པ་ཐབས་ཀྱི་རྒྱུད་གཞན་ལ་ཁམས་བཅོ་རྒྱད་དུ་བསྟན ་གཙུག་ལག་ཐམས་ཅད་ལ་ཡང་ཁམས་བཅོ་བརྒྱད་དུ་བསྟན་པ་ཡིན། ། ལུང་གི་སྤྱི་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་ཁ་མོ་པ་ཉི་ཤུ་རྩ་ཅིག་ཏུ་བསྟན་ཏེ། ལུང་གི་སྤྱི་ཡང་རྒྱད་དང་གསུང་རབ་ཐམས་ཅད་འབྱུང་བའི་གནས ་ཡིན། ། གསང་བའི་དབང་པོ་དང་གསང་བའི་ཡུལ་གཉི་ག་ཡང་སྐྱེ་མཆེད་དང་ཁམས་ཐམས་ཅད་འབྱུང་བའི་གཞི་ཡིན་གྱི་ཕྱི་ཤིན་ཏུ་གསང་བར་གསུངས་སོ།། དཀྱིལ་འཁོར་དེ་དག་ཤིན་དུ་གསལ་བར་སྙན་པའི་ཕྱིར་ཉིད་ལ ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་ཡེ་ནས་གསང་བའི་མཆོས།། ཐམས་ཅད་ཀུན་ལ་རང་བཞིན་གནས།། ངང་གིས་དག་མཉམ་མ་རྟོགས་པས།། ཀུན་ལ་ཡོད་ཅིང་རང་བཞིན་གསང་།། གཞན་དུ་མིན་ལ་ཤིན་དུ་གསང་།། དོན ་ཉིད་ཀྱིས་ནི་གསང་བའི་རྒྱུ། ། མཉམ་པའི་རྡོ་རྗེ་ཅན་གྱིས་གསུང་།། འདི་ནི་བྱང་ཆུབ་སྙིང་པོ་མཆོག། ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ།། དབང་པོ་ཡུལ་དུ་སྣང་བའི་རྣམས།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ཕུང་པོ་ལྔ་དང ་འབྱུང་བ་ལྔ། ། རིགས་ལྔ་ཡབ་ཡུམ་བཅུ་རུ་འབྱོར།། སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་པོ།། སེམས་དཔའ་སེམས་མའི་དཀྱིལ་འཁོར་ཉིད།། ཐམས་ཅད་བྱང་ཆུབ་སེམས་མ་ཡི།། རྡོ་རྗེ་གསང་བའི་དབང་པོར་འདུས།། རྡོ་རྗེ་དབང་པོ ་གསང་བའི་ཐབས། ། དབང་པོ་ཡུལ་ཉིད་ཤེས་རབ་དབྱིངས།། དབང་པོའི་ཐུགས་ནི་རྡོ་རྗེ་སེམས།། ཐམས་ཅད་འབྱུང་བའི་གཏེར་ཉིད་དང་།། ཐམས་ཅད་འགྲོ་བའི་གནས་ཉིད་དེ།། དེ་ཡིས་མ་བསྐྱེད་གང་ཡང་མེད།། ་འཁོར་དང་མྱ་ངན་འདས་པའི་རྒྱུ།། དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང་།། ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ།། བདེ་བ་བྱང་ཆུབ་སྒྲུབ་པའི་རྫས།། དེ་ལས་བསྐྱེད་ཅིང་དེ་ལས་སྤྲོ།། དངོས་གྲུབ་ཐམས་ཅད་སྒྲུབ་པའི་གནས།། དབང་པོ་རྗེ་རྗེ ་པད་མོར་ལྡན། ། གཉིས་མེད་བྱང་ཆུབ་སེམས་འགྲོན།། ། མི་དམིགས་པ་དེ་དང་ལོངས་སྤྱོད་འགྲོ།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། གསང་བའི་ལྷ་མོ་བཞི་རྣམས་དང་།། མཆོད་པའི་ལྷ་མོ་རྫོགས་ལྡན་པཞི།། འཇུག ་དང་ལྡང་དང་གནས་དང་སྨོན་ལམ་བྱང་ཆུབ་སེམས། ། གཡོ་དང་བ་སྐྱོང་དང་ལྡང་དང་གནས།། འགུག་དང་འཛིན་དང་དེ་བཞིན་ཏེ།། བསྡུས་དང་འཁྲིལ་བའི་དོན་བསྒྲུབ་ཕྱིར།། བསྡམས་དང་མི་གཏོང་དབང་སྦྱར་ཏེ།། བདབ་སྒྲ ་སྤྱན་ཕྱོགས་བཅུར་བསྒྲོགས། ། ཤིན་དུ་སྤྲུགས་པའི་གཟི་བརྗིད་འབར།། ཡིད་བཞིན་རིན་ཆེན་ཕྲེང་བར་འབར།། དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར།། གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུ་རིག་ཡོ།། ཀུན་དུ ་ཚིམ་བྱེད་བྲོ་གསུང་ཐིམ། ། ལྷ་མཛེས་རིན་ཆེན་ཕུང་པོ་འགྲོ།། འོད་གསལ་འགྲོ་བས་ཀུན་དུ་འབར།། བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས།། ཨ་ལ་ལ་ཧོ། གསང་བའི་དབང་པོ་པད་མར་ལྡན་གྱུར་ནས།། ཆགས་པ་མེད ་པའི་ཚུལ་གྱིས་སུ། ། ཕ་རོལ་ཕྱིན་པ་ཅུ་རྒྱུ་འབྲས་རྫོགས།། ས་བཅུ་རིམས་ཀྱིས་བཀོད་མེད་རྫོགས།། ཀུན་དུ་འོད་གསལ་པད་མ་སྤྱན་ཡང་རྫོགས།། ཡི་གེ་ཕྲེང་བ་འཁོར་ལོ་བས་གྱིས་མི་ཁྱབ་པ།། ཡང་དག་རྫོགས་ཆེན ་ཐབས་དང་ལྡན། ། ཐབས་དང་ཤེས་རབ་བླ་མེད་ས་ཡང་རྫོགས།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོ།། ཨ་ལ་ལ་ཧོ།། དེ་བཞིན་ཉིད་ཀྱི་གསང་ཆོ་ག་ལས།། ཁམས་ནི་ཉི་ཤུ་རྩ་ཅིག་སྟེ།། བཅོ་བརྒྱད་པོ ་ནི་རྒྱུད་གཞན་བཞིན། ། གསུམ་ནི་དེ་བཞིན་ཀུན་གྱི་བདག། བཅོ་བརྒྱད་འབྱུང་བའི་གནས་ཡིན་ཏེ།། བྱང་ཆུབ་གྲུབ་པའི་ཞིང་ཡང་ཡིན།། བདེ་བ་འབྱིན་པའི་རྒྱུ་ཡང་ཡིན།། གསང་བའི་མཚན་ཉིད་བརྗོད་པ་ནི།། དབང་པོ་རྡོ་རྗེ ་གསང་བའི་རྒྱལ། ། ཡུལ་ནི་པད་མ་བདེ་མཆོག་དབྱིངས།། སེམས་ནི་བྱང་ཆུབ་འབྱུང་བའི་གཏེར།། དབང་པོ་ཡུལ་སེམས་ལྡན་གྱུར་ནས།། གསང་བ་མཆོག་གི་འཕྲུལ་ཆེན་སྤྲོ།། དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་།། ཕུན ་སུམ་ཚོགས་པའི་ལྷུན་གྲུབ་རྣམས། ། གསང་བ་མཆོག་གིས་འབྱིན་པར་བྱེད།། འདི་ནི་རྩེ་ཅིག་ཡིན་པར་གསུངས།། གསང་བའི་དོན་མཆོག་འདི་དག་ནི།། ལྟ་བ་དམན་ལ་བཤད་བྱས་ནས།། དུས་མིན་པར་ནི་སྲོག་ཟད་ནས།། མགོ ་འགས་སྙིང་ཡང་འཚིག་པར་འགྱུར། ། ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར།། མི་འདོད་བཞིན་དུ་དབང་མེད་པར།། ངན་སོང་མི་ཁོམ་བསྐལ་པར་བརྒྱུད་པར་འགྱུར།། དེ་བས་འདི་ནི་ཤིན་ཏུ་གསང་བར་བྱ།། ཤེས་རབ་རྒྱ་ཆེན་བློ་ཟབ ་ཡངས་པ་ཡིས། ། བློ་བརྟན་སྙིང་རྗེ་ཆེ་དང་དང་ལྡན་དང་ཚུལ་བཟང་ལ་བརྟན།། གཞན་དུ་ནམས་ཀྱང་སྦྱིན་མི་བྱ་ཞེས་ཉིད་ལ་ཡཱ་ཉིད་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁམས་ཉི་ཤུ་རྩ་ཅིག་ཏུ་སྡུས་ནས ་ཐམས་ཅད་མ་ལུས་པར་དབྱིངས་སུ་བཀོད་པའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་ཡི་གེའི་དཀྱིལ་འཁོར་གྱི་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་སྤྲོ་བ་འདི་ཆེད་དུ་བརྗོད་དོ།། རྩ་བ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན ་གྱི་རྩ་བ་ཡིན། ། སེམས་ཉིད་ཡི་གེའི་རང་བཞིན་ཏེ།། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན།། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས།། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། དཀྱིལ་འཁོར་ཐམས ་ཅད་གྲུབ་པར་འགྱུར། ། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། བཞི་བརྒྱ་རྩ་བཞིན་སེལ་ཅིང་།། ལོངས་སྤྱོད་འབྱུང་ཞིང་ངན་སོང་སྤྱོད།། ཅི་ཡང་གཞན་དུ་འབྱུང་བ་གྲུབ།། ནམ་མཁའ་རྡོ་རྗེསྲ་འབྱུང་ཞིང་།། འབར་ནས་མེ་ཡང་འཚག་པ་དང་། ཆུ་འགྱུར་འབབ་པའང་། ་དེ་བཞིན་ཏེ།། འཇིག་རྟེན་ཁམས་ནི་གཏོར་བ་དང་།། ཐམས་ཅད་སྟོངས་ཤིང་ལྷུང་བར་འགྱུར།། འགུག་དང་གཏང་དང་བཅིང་དང་གྲོལ།། གསོ་དང་གསད་དང་པམ་དང་རྒྱལ།། ཏིང་འཛིན་འདི་ཡིས་བྱེད་པར ་འགྱུར། ། དེ་ཉིད་ཡེ་ཤེས་རང་སྣང་བའི།། མིང་ཚིགས་གཟུགས་ཚོགས་ཡིད་བཞིན་གྱིས།། མུན་ལ་སྣང་བྱུང་ཇི་བཞིན་དུ།། འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ།། སྟོན་པ་མཆོད་བརྩོན་རྟོགས་པ་གསལ།། དམ་ཚིག ་སྔགས་དང་ཕྱག་རྒྱ་རྣམས། ། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན།། འགྲུབ་འགྱུར་མི་ལྡན་དོན་མེད་བརླག། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི།། དངོས་གྲུབ་མཆོག་གི་སྙིང་པོ་ནི།། ཟད་པའི་དུས་མེད་ཡིད་བཞིན་མཛོད། ་འཕེལ་འགྲིབ་མེད་པར་འབྱུང་བ་སྟེ།། དངོས་པོ་མེད་ལས་དངོས་པོའི་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། དངོས་རྣམས་ཉིད་ན་དངོས་མེད་པར།། རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན།། གང་གིས་དམིགས་མེད་མི་ཤེས ་པ། ། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།། དེ་ཕྱིར་དངོས་དང་དངོས་མེད་པ།། འཇིགས་པས་དམིགས་མེད་ཤེས་པར་གྱིས།། གཞི་རྩ་མེད་པའི་སེམས་ཉིད་ནི།། ཕོ་མོ་མ་ཡིན་མ་ནིང་མིན།། མཚན་མེད་མ་ཡིན་རིགས་རྒྱུད་མིན།། ཁ་དོག ་མ་ཡིན་དབྱིབས་མ་ཡིན། ། གནས་སུ་མ་ཡིན་གང་ཡང་མིན།། དེ་བཞི་ནི་ཉད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས།། ཐ་དད་མིན་ལ་ཐ་དད་པའི།། ནང་དང་ནང་གི་ཕྱི་རོལ་པ།། ་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།། འཇིགས་མེད་ཀུན་བཟང་ཕྱག་རྒྱ་མཆོག། གང་གིས་གླང་ཆེན་མྱོས་འདྲའི་སེམས།། མཉམ་པར་བཞག་པས་བཏུལ་ནས་སུ།། སྔགས་དང་ཕྱག་རྒྱ་རབ་བརྟན་ན།། དངོས་གྲུབ་ཡམ་ཚྭ ་ཆེན་པོར་འགྱུར། ཞེས་བརྗོད་པས།། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་།། ཨེ་མའི་སྙིང་པོར་ལམ་བཅས་པ། ་འཇིགས་མེད་དབྱིངས་ཉིད་ཀུན་བཟང་ཕྱག་རྒྱ་མཆོག། རང་བཞིན་སྐུ་གསུང་ཐུགས་ཆེན་པོ།། བྱང་ཆུབ་ལྷུན་གྲུབ་བངལ་བའི་ངང་།། སྙིང་པོ་ཉིད་ནི་སྙིང་པོར་ཀུན་བཅས་ཀུན་དུ་གནས།། དེ་ཉིད་རྫོགས་པའི་རང་ལས ་དངོས་གྲུབ་ཀུན་ཤར་ཀུན་དུ་གནས། ། ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲབ ་རང་བཞིན་གྱི་དཀྱིལ་འཁོར་ལས་ལྷག་པའི་དཀྱིལ་འཁོར་གྱི་སྔགས་འཆང་རྣམས་ལྟར་སྒྲུབ་པའི་དཀྱིལ་འཁོར་དོན་ཡོད་པར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་ཡེ་ནས་རྣམ་དག་པའི།། ཐབས་དང་ཤེས་རབ ་ལྡན་པར་གནས། ། བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར།། དེ་ཉིད་བཞུགས་གནས་ཡིན་པར་གསུངས།། ཆོས་རྣམས་ཐམས་ཅད་བདག་མེད་པའོ།། དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། ཅིག་དང་སྤྲོས་པ་ཐམས་ཅད་མེད། དཀྱིལ་འཁོར ་སྤྲོས་མེད་ཟླུམ་པོའི་ཚུལ། ། ཡེ་ནས་མྱ་ངན་འདས་པའི་ཆོས།། ཡེ་ཤེས་རྒྱུ་དང་འབྲས་བུ་ལྡན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར།། ཐུགས་རྗེ་བྱིན་རླབས་འཕྲོས་པ་ཡིས།། ཡེ་ཤེས་བཞི་ཡི་དཀྱིལ ་འཁོར་སྤྲོ། ། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས།། བྱིན་རླབས་ཡ་མཚན་བསམ་མི་ཁྱབ།། རང་སྣང་བ་ཡི་ཐབས་ལས་འབྱུང་།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི།། ཐུགས་རྗེ་རྒྱལ་བའི་གཞལ་ཡས་ཁང།། དབུས་མཐའ ་མེད་པར་རྒྱས་པར་གནས། ། སྟོན་སྨོན་མཚན་མེད་འོད་གསལ་འཇུག་དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད།། དེར་འགྲོལ་མ་སྟེངས་བརྒྱད་དང་ལྡན།། རང་བཞིན་ཡེ་ནས་འོད་གསལ་ཕྱིར། ཉི་ཟླ་བརྩེགས་པའི་གདན་ཁྲི་འབར།། ཡེ་ནས་རྣམ་པར་དག ་པའི་ཕྱིར། ། མ་ཆགས་པད་མོ་འབར་བའི་གདན།། ཟད་མེད་ཡེ་ཤེས་གཏེར་གྱུར་པས།། ཡིད་བཞིན་རིན་ཆེན་འབར་བའི་གདན།། ཡེ་ནས་མཉམ་ཉིད་མི་འདའི་ཕྱིར།། ལའི་ལྗོན་ཞིང་རང་བཞིན་གནས།། དེ་བ་ཡིད་བཞིན་སྐོང་བའི་ཕྱིར།། དཔག་པས ་ཤིང་གི་རིན་ཆེན་འབར། ། ཡིད་བཞིན་རིན་ཆེན་རྒྱན་གྱིས་བསྐོར།། ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར།། འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར།། གསང་བ་དེ་ཉིད་ངེས་པ་ལས།། འཕྲུལ་ཆེན་བཞི་བཅུ་རྩ་གཉིས་ཀྱིས།། ་ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར།། ཐམས་ཅད་མ་ལུས་དཀྱིལལལོ་མཆོག་འདི་ནི་རང་བཞིན་དཀྱིལ་འཁོར་དང་།། གཟུགས་སྙན་ལྷག་པའི་དཀྱིལ་འཁོར་གསུམ།། ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག། བྱང་ཆུབ་སེམས་དང་ཚེག ་མཆོག་བརྟན། ཞེས་ཉིད་ལ་ཉིད་བཤད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་བའི་དཀྱིལ་འཁོར་བསྡུས་ནས་ལྷག་པའི་གཟུགས་བརྙན་སྟེན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རང་བཞིན་ཅིག་དང་དུ་མ་མེད་པ་དག་ཉིད་ཐམས་ཅད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཡེ་ཤེས་ཕྱོགས་བཞི་དབུས་རྟག ་ཏེ། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ།། ཀུན་འབྲུ་བ་དཀྱིལ་འཁོར་ཆེན་པོ་སྤྱོད།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། གྲུབ་ཆད་བཞིས་བརྒྱན་པར་འཁྱམས་དང་།། ཀུན ་དུ་གུ་པའི་སྒོ་ཁྱུད་ལྡན། ། རོལ་མོ་སྡེ་ཚོགས་སྤྲིན་ཕུང་བཞིན།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།། སེང་གེ་གླང་ཆེན་རྟ་དད་ཁྱུང།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པད་མ་རིན་པོ་ཆེ།། གདན་ལ་རྫོགས་དང་སེམས ་དཔའི་ཚུལ། ། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། གཡས་ནས་མཐོང་ཐོས་སྡོམ་པ་དང་།། མྱོང་དང་བཙུན་མོའི་ཚོགས་སུ་བཅས།། གྲཝ་ཆད་ལ་ནི་མཐོང་བྱེད་དང་།། ཐོས་བྱེད་སྡོམ་བྱེད་མྱོང་བྱེད་རྣམས།། བཙུན་མོ་དག ་དང་བཅས་པར་གནས། ། བར་འཁྱམས་ལ་ནི་ཐུབ་དྲུག་དང་།། བདུན་དང་རྒྱབ་ཏུ་བྱེད་པ་དང་།། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོམས་པ་ནི།། བཙུན་མོའི་ཚོགས་དང་ལྡན་པར་གནས།། རྡོ་རྗེ་འཁོར ་ལོ་རིན་པོ་ཆེ། ། པད་མ་རལ་གྲི་དྲིལ་བུ་འབར།། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན།། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།། མཐིང་ཀ་ཀར་པོ་སོར་ལེབ་རྒན།། ལྗང་ཁུ་ལ་སོགས་སྣ་ཚོགས་པའི།། མཉེན་ལྷག ་འཐིལ་ལྡེམ་གཞོན་ཚུལ་ཅན། ། གསལ་འཚེར་ལྷུན་ལུག་གཟི་བྱིན་ཅན།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བས་འཕྲེང་བས་འཁྱིལ་པ་སྟེ།། དབུས་མཐའ་མེད་པར་ཁྱབ་པ་ཡི།། དཀྱིལ་འཁོར་བསམ ་ཡས་ལྷུན་གྱིས་གྲུབ། ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི།། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་འདུལ་བའི་ཕྱིར།། འཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། སྟོན་ཉིད། ་མ་མིག་ཡོར་ཚུལ།། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད།། མི་གཡོས་བཞིན་དུ་སྣ་ཚོགས་པའི།། དེའི་ཚེ་མ་མཐུན་སྣ་ཆགས་ལ།། ། སོ་སོ་འདྲ་བར་སྣང་བ་ནི།། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།། ལས་འཕྲོ་དབང ་གིས་སོ་སོར་སྣང་། ། དཔེར་ན་མེ་ལོང་ཆུ་ཟླ་བཞིན།། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ།། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན།། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ།། གཞན་ཡང ་ཐེག་མཆོག་རིམ་པ་བཞིན། ། འོག་མོན་བླ་མེད་གནས་མཆོག་ཏུ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའ་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྐུ་ཡིས་ཆོས་རྣམས་མཇལ་ལྔ ་སྟོན། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད་སེལ།། འཁོར་གྱིས་དེ་བཞིན་སྐུ་ལྟས་ན།། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐ་ལ་སྣང་།། དེ་ནས་ས་བཅུ་རིམས་ཀྱིས་འབྱང ་བླ་མེད་བྱང་ཆུབ་ཡང་དག་འཐོབ། ། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར།། སྤྲུལ་པ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད་རྫོགས།། སྤྱོད་ཡུལ་ཀུན་ཏུ་མཎ་ཊ་ལ།། ཚོགས་ཆེན་གཉིས་ཀྱང ་རྫོགས་པར་རོལ། ། ཐབས་དང་ཤེས་རབ་ས་ཡི་མཆོག། དེ་ལ་སོགས་ཏེ་བསམ་ཡས་མཆོག། སྐྱེ་ཤི་མེད་པའི་གཡུང་དྲུང་ས།། ཉོན་མོངས་ཀུན་གྱིས་ཞིང་དུ་གནས།། ཟད་མི་ཤེས་ཀྱི་གཏེར་དུ་གྱུར།། རྡོ་རྗེ་རིག་པ་འཛིན་གྱི་སྐུ ་ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བཞིང་གི་རྡུལ་སྙེད ་དུ་གསལ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པའི་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཡོན་ཏན་ཆེན་པོའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ། དམིགས ་བྱ་དམིགས་མེད་མི་དམིགས་དཔག་མེད་བསམ་མི་ཁྱབ། ། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་།། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས།། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་སྤྱི་སྤྲོས་པ་མེད།། ཡེ་ནས ་ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི་རྡུལ་སྙེད་དུ། ། ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཨ་ཧོ་ཞེས་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར ་སྤྲོས་པའི་ལེའུ་སྟེ་བཅུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་བཞུགས་ནས་འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། ཀུན་དུ་བཟང་པོ་དགྱེས་ཏེ་ཕྱོགས་བཅུ་དུས ་བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས་ཐམས་ཅད་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ཚད་དཔག་ཏུ་མེད་པ་རྒྱས་པ། མཐའ་དབུས་མེད་པར་ཁྱབ་ཅིང་འོད་ཟེར་སྒྲིབ་པ་མེད་པ་རང་བྱུང་བ་ལ་བཞུགས ་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་དཔག་ཚད་མེད།། ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་བའི།། སྲིད་གསུམ་ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ།། མཚན་འཛིན་འདས་པ་མཆོག་གི་རྒྱུ་ལས་བྱུང་།། དབང་སྒྱུར ་ཤིན་ཏུ་རྣམ་པར་དག་པ་ཡི། ། དེ་བཞིན་གཤེགས་པ་འོག་མིན་གནས་བཞུགས་ནས། གཟུང་འཛིན་བྲལ་བའི་བླ་མེད་རྗེས་འདོད་དང་།། འཇིག་རྟེན་འཁོར་གྱི་བཅོས་བཀུར་དབང་ཕྱུག་དང་།། གཞན་དང་འཇིག་རྟེན་ཕྱོགས་བཅུ ་ཁམས་གནས་པ། ། བདུད་རྩི་རོ་ཡིས་དགའ་བ་བདེ་ཆེན་འགྲུབ།། དུག་གསུམ་དྲི་བྲལ་བདུད་སྡེ་ཚར་བཅད་པའི།། འདས་དང་མ་བྱོན་དེ་བཞིན་ཉིད་དུ་སྦྱོར།། ཤེས་རབ་ཐབས་ལྡན་ངེས་པའི་དོན་བྱུང་བ།། རིག་པའི་ཐབས་ཆེན ་དབང་བསྒྱུར་ཉིད་དུ་བསྒོ་བ། ། སྟོང་སྨོན་མཚན་མེད་རང་བཞིན་འོད་གསལ་བའི།། ཟད་མེད་བསོད་ནམས་ཚོགས་ཀྱིས་བརྒྱན་པར་འགྱུར།། བྷཱུ་རང་བྱུང་ཉི་ཟླ་པད་མ་རིན་ཆེན་རྒྱས་ལ་བཞུགས།། རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པ་ཡི།། ་མཉམ་རྫོགས་ཆེན་པོ་ལྷུན་ལ་རོལ་པ་མཛད།། བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ།། དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ།། ཐམས་ཅད་འོད་གསལ་དཀྱིལ་འཁོར་ཐུགས་ཆུད་པའི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་འཆང་ཝ་འབྱུང་། ། སྤྱོད་ཡུལ་འཕྲོག་མེད་བརྗོད་ཀྱིས་མི་ལང་བའི།། དུས་བཞི་མཉམ་ཉིད་ངེས་པའི་དོན་ཉིད་ཉོན།། ཐུགས་རྗེ་དབང་གིས་འགྲོ་དྲུག་དུས་གནས་བཞུགས།། ང་དང་བདག་མེད་མཉམ་པའི་དབྱིངས་མཁྱེན་པ།། མཉམ་པའི ་དོན་གྲུབ་རྡོ་རྗེ་ཅན་གྱིས་བྱ། ། རྣམ་པར་རྟོག་མེད་བྱང་ཆུབ་རྡོ་རྗེ་ཅན་གྱི་སྐུ།། ཤེས་རབ་མཆོག་གིས་མ་ལུས་ཡོངས་བསྡུས་པ།། བདེ་གཤེགས་མི་གནས་མཉམ་ཉིད་དང་དུ་བྱོན།། ཐབས་ཆེན་མ་འདྲེས་རྣམ་པར་སྤངས་པ་ཡི།། དམིགས ་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པ། ། ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག། ཕྱོགས་བཅུ་ངས་པཞི་དབྱིངས་གནས་མཐས་གཏུགས་པ།། ཤེས་རབ་མཆོག་ལྡན་གསལ་བའི་ང་འཆང་བ།། ཐུགས་རྗེས ་བྱིན་བརླབས་སྣ་ཚོགས་འཕྲོ་བ་ཡི། ། བདེ་གཤེགས་མ་ལུས་ཐམས་ཅད་འབྱུང་བའི་གནས།། ཡིད་བཞིན་རིན་ཆེན་མི་ཟད་པར་ལྡན་འཕྲོ།། རང་རིག་རྒྱལ་པོ་ཆེ་ཡིས་རྟོགས་པར་འགྱུར་ཞེས་ཉིད་ལ་ཉིད་དུ་ཆེད་དུ་བརྗོད་དེ་རྡོ་རྗེགསང་པའི ་ཚིག་ཏུའོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གཞལ་ཡས་ཁང་དབུབ་པ་ཐབས་དྲ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ ་རང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། ། བྷཱ་བི་ཤྲཱ་བི་ཤུད་དྷེ། ཧཱ་བཛྲ་དྷིཀ། ཨོཾ་ཛི་ན་ཛི་ཀ། སྭ་ར་ན་དྷིཀ། ཨོཾ་ཨཱ་རོ་ལི་ཀ། ཧཱ་པྲཛྙཱ་དྷྲིཀ། མུདྷཱ་དྲཱ་ཤྭ་རི། ལ་དྭེ་ཤར་ཏི། མ་མོ་ཧ་ར་ཏི། པ་རཱགར་ཏི། ཏ་བཛྲ་ར་ཏི། ཀཱི་ཧི་རཱ་ཛཱ ་ཏྲ་ཨཱ་ཀ་གརྦ་ཡ། ཧྲི་ད་ཧཱཾ་བཱདྷ་མ། དྷྲི་ཀུ་རུ་པ་ན་ཀྵེ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿཔྲི་གཱི་ཧྲི་ཏི་གོ་ཧཾ། ཨ་ནརི་ཏྱཻ་རག་ཡ་མེ། མཻ་དྷེ་ར་ན་སཱ་ཧཱ། བྷྲྀ་ནི་སྭ་ར་མ་པ་ཡ་སཱཧཱ། ཧཱུཾ་སྭ་རཱ་ཛཱ་ཡ་སྭ་མུ་ཤྭ་ཨ་རཱགྣ་སྭཛྙཱ་དྷཱུ་བ་པྲེ་བ་ཤ། ་དཱི་པཱ་ཤྭ་ཨ་བ་ཤ། བི་དྷི་བ་སུ་ཀི་ནི། ཧོ་གན་དྷེ་ཙིཏ་ཏ། དཱུ་ཡ་མཱན་ཏ་ཀྲིཏ་ཕཊ། པྲ་ཛྙཱན་ཏ་ཀྲིཏ། ཧཱུཾ་བི་གྷྣཱན་ཏ་ཀྲི་ཏ་ཕཊ། ཧཱུཾ་པད་མཱན་ཏ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནེ་ཕཊ། ཨོཾ་མ་ཧཱ་རདན་དྷ་རམྦྷ་ཀྲོ་དྷི་ཤྲེ་རི་ཛྭ་ལ་ནཻ་ཕཊ། ཨོཾ ་ཧཱ་པད་མ་དྷར་མ་དཀྲོ་དྷེ་ཤྭ་རི་ཛྭ་ལ་ནི་ཕཊ། ཨོཾ་མ་ཧཱ་ཀ་ར་མ་ཧ་གྲོ་དྷེ་ཤ་རི་ཛྭ་ལ་ནི་ཕཊ། ཧཱུ~ཾ་རཱུ་ཧཱུ~ཾ་བཛྲ་ཙིཏ་ཏ་ཧཱུཾ། ཨ་ཨ་ཨ་བཛྲ་བྷ་ད་ས་མན་ཏ་ཨ། ཨོཾ་མུ་ནེ་ཀྲེ་སྭ་ཧཱ། ཨོཾ་མུནེ་དྲཱ་མ་སྭ་ཧཱ། ཨོཾ་མུ་ནེ་སུ་སྭ་ཧཱ། ཨོཾ་མུན་བྷི་སྭ་ཧཱ། ཨོཾ ་མུ་ཀྵཾ་སྭཱ་ན། ཨོཾ་མུ་ནེ་ཡེ་མཱཧཱ། ཨེ་ཧྱེ་ཧི། བྷ་ག་བཱན། མ་ཧཱ་ཀ་རུ་ཙིཀ། ཏྲི་ཤ་ཧོ། ས་མ་ཡ་སྟྭ~ཾ། ཛཿཧཱ་བ་ཧོ།། ཨོཾ་ཨཿཧཱུཾ་སྭཱ་ཧཱ། བ་བ་བ་བ་བ། ཛཱཛྲ་ཛྲ་ཛྲ་ཛྲ། སས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡེ། ཨོཾ་ཨཱཿཱསྲཱ་ཏྨ། ཨ ་ཤཾས་ཏི་ལ་པོ་སྐུ་གསུང་ཐུགས། ། ཡོན་ཏན་ཕྲིན་ལས་རྨང་པོ་ཆེ།། དེ་ཉིད་དུ་ནི་མཉམ་སྦྱོར་བའོ།། ཕྱག་རྒྱ་ཆེན་པོར་བདག་གྱུར་ཅིག། ཨོཾ་བཛྲ་ས་མ་ཡ་ཧཱུ~ཾ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ་ཞེས་བརྗོད་པས།། གསུང་གི་ཀྱི། ་འཁོར་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་སོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གསང་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། ་བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ།། དེ་ནས་ཕྱོགས་བཅུ་དུས་གསུམ་གྱི་དེ་གཞིན་གཤེགས་པའི་བདག་ཉིད་ཆེན་པོས་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་གསུང་ཐུགས ་རྡོ་རྗེའི་སྒྱུ་འཕྲུལ་དྲ་བ་ལས་པཱང་ངོ་། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏ་མ་ཀོ་ཧ། ཨོཾ་མ་ཧཱ་ཨ་དྷ་རི་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏ་མ་ཀོ་ཧ། ཨོཾ་མ་ཧཱ་པྲ་ཏེ་ན་བཀྵེ་ན་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱ་ཏ་མ་ཀོ་ཧ། ཨོཾ་མ་ཧཱ་ས་མན་ཏ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ ་སྭ་བྷཱ་བ་ཨ་ཏ་མ་ཀོ་ཧཾ། ཨོཾ་མ་ཧཱ་ཀྲིཏ་ཏ་ཨ་ནུ་ཤྩ་ན་ཤཱུནྱ་དཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧ། ཨོཾ་སརྦ་ཏ་ཐཱ་གེ་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷཱ་བ་ཨཱཏ་ར་ཀོ་ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མེ་ཧཱ་བཱ་ག་བཛྲ་པྲ་བྷཱ་བ་ཨཱ་ཏ་མ་ཀོ་ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏ་ཏ ་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧེ། ཞེས་བརྗོད་པས་ཐིམ་པར་གྱུར་ཏོ།། གསལ་བར་གྱུར་ཏོ།། འབར་བར་གྱུར་ཏོ།། ཨེ་མའོང ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། སྒྲ་དང་མིང་ཚིག་ཀུན་ལས་འདས།། སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་།། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི།། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།། ་སྒྲ་དང་མིང་ཚིགསོ་སོར་གྲགས།། ཐམས་ཅད་གསུང་གི་ཕྱག་རྒྱ་མཆོག། རྒྱུད་མཆོག་རྒྱུད་ཆེན་དྲ་བ་ལས།། བད་ལྡན་གསུང་གི་དོན་འབྱུང་བའང་།། ཐམས་ཅད་པད་མའི་རང་གྱུར་ན།། གྲོལ་ཐར་ལམ་དང་འཁོར་བའི་སྒྲ།། ཇི་སྐད ་བརྗོད་ཀྱང་གསུང་མཆོག་སྟེ། ། ཐེག་པ་མཔོ་དམན་ཐམས་ཅ་དང་།། ལོག་འགྲོམ་ལུས་ཐམས་ཅད་སྐང་།། བྱང་ཆུབ་རྡོ་རྗེ་གསུང་དུ་བསྡུས།། བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས།། སྒྲ་ཉིད་མ་ཆགས་དང་དུགསུངས། ་གསུངས་པ་ཉིད་ནི་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ།། ཀུན་ལ་གྲགས་ཤིང་སོ་སོ་མཇལ།། དཔེར་ན་དེ་བཞིན་སྤྲིང་བསངས་བཞིན།། གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ། འདི་ནི་གསུང་མཆོག་རྒྱལ་པོ་ཡིན།། ཐེག་པ ་མཐོ་དམན་བས་མ་ཡས་ཀྱང་། ། དེ་བཞིན་ཉིད་ལས་མ་གསུངས་ཏེ།། གདུལ་བའི་ཐབས་སུ་སོ་སོར་ཐོས།། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་།། དེ་བཞིན་ཉིད་ཀྱིས་གསུངས་པ་མེད།། ཡི་གེ་མེད་དང་རིག་པའི་གསུང། ་ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་།། ཐུགས་རྗེགསུང་གི་ཕྱིར་བརླབས་ཀྱིས།། འགྲོ་དོན་སྣ་ཚོགས་སོ་སོར་གསལ།། གསལ་ཉིད་གསུང་གི་རྡོ་རྗེ་མཆོག། དེ་བཞིན་གསུང་གིས་འགྲོ་ན་རྣམས།། དེ་བཞིན་དང་ལས་མ་གཡོས་ཀྱང་།། ་དཔེར་ན་བྲག་ཆའི་སྒྲ་བཞིན་ནོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་བསྡུ་བ་དང་གསང་སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཉིད་ཀྱི་ཕྱག ་རྒྱ་སྟོན་པའི་སྙིང་པོ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨོཾ་ཧཱུཾ་བཛྲ་སཏྭ་ཧཱུཾ། བཛྲ་པྲ་བྷཱ་ན་ཧཱ། མུཾ་བཛྲ་གན་དྷ་ཧཱུཾ། ཨོཾ་ཙཀྲ་མཎ་ཌ་ལ་ཨཾ། ལཾ་བཛྲ་གན་དྷ་བྷ་ཥ་ལེ། སྭ་རད་ན་པྲ་བྷ་ནི་སྲཾ། ཨོཾ་བཛྲ་གན་དྷ་བྷ་ཥ་ཨ། ཨོཾ་པད་མ་ཐ ་བྷཱ་ན་ཨ། པཾ་བཛྲ་གན་དྷ་པྲ་བྷཱ་ན་པཾ། ཧཾ། བད་ག་ཏིཀྵ་པྲ་བྷ་ཧ། ཏཾ་བཛྲ་གན་དྷ་བྷ་ཥ་པྲ་བྷཱ་ན་ཏཾ། ཤཱི་རད་ན་པྲ་བྷཱ་ན་ཤཱི་ཧཱུཾ། བཛྲ་གན་དྷ་པྲ་བྷཱ་ན་གྷོ་ཥ་ཧཱུཾ། ཏྲཾ་ཁང་ག་པྲ་བྷ་ན་ཏྲཾ། ཏྲཾ་བཛྲ་གན་དྷ་བྷཱ་ཥ་པྲ་བྷ་ན་ཏྲཾ། ཧྲིཿཔད་མ་པྲ་བྷན་ཧྲི། བཛྲ་གན་དྷ་བྷ ་ཥ་དྲ་བྷ་ན་ཧྲིཿཧཱ་བཛྲ་གན་དྷ་བྷ་ཥ་པྲ་བྷཱན་ཧཾ། ཨ་བཛྲ་གན་དྷ་བྷ་ཥ་པྲ་བྷ་ན་ཨ། མེ་ཀཱ་ལ་པྲ་བྷཱ་ན་མེ། ཧཱུཾ་བཛྲ་གན་དྷ་པྲ་བྷཱ་ན་བྷ་ཤ་ཧཱ། བྷཱུ་པྲ་བྷཱ་ན་མཎ་ཌ་ལ་ཐཾ། སཱཾ་བཛྲ་གན་དྷ་བྷ་ཥ་ཧ་པ་བྷ་ན་སཱི། ཧཱ་ར་ན་སྭ་སྱཱ། དྷ་བྷ་དྲ་པྲ་བྷ་ན་སཱ་ཏྲཱིཿབཛྲ་གནཿ ་བྷ་ཥ་པྲ་བྷ་ན་ཧྲི། མུ་ཨུད་པ་ལ་ནཱི་ལ་པྲ་བྷཱ་ན་མ?། ཨ་བཛྲ་གན་དྷ་བྷཱ་ན་ཥ་པྲ་བྷ་ན་ཨ། ཕཊ་བཛྲ་ཨ་མཿམུད་གྷ་ར་པྲ་བྷ་ནཾ་ཕཊ་ཕཊ། ཨོཾ་བཛྲ་གན་དྷ་བྷ་ཥ་པྲ་བྷཱ་ན་ཨོཾ་ཨོ། ཕཊ་མ་ཧཱ་བཛྲ་པྲ་བྷི་ན་ཕཊ་ཕཊ། ཧཱུ་མ་ཧཱ་རང་ནན་བཛྲ་གན་དྷ་བྷ་ཡྲ ་བྷན་ཧཱུ~ཾ་ནྟེ། ཕཊ་ཧྲཱིཿཔད་མ་མུད་གྷ་ར་པྲ་བྷི་ན་ཧྲཱིཿཧྲཱིཿོཾ་མ་ཧཱ་བཛྲེ་པད་མ་བཛྲ་གན་དྷ་བྷ་ཥ་པྲ་བྷཱན་ཧྲཱིཿཧྲཱིཿ་ཀརྨ་མུད་གྷ་ར་བཛྲ་པྲ་བྷཱན་ཕཊ་ཕཊ། ཨ་ཀརྨ་བཛྲ་གན་དྷ་བྷི་ཥ་པྲ་བྷཱ་ན་ནཱ~ཾ། ཡ་ཨ་ཨ་ཞེས་བརྗོད་པས་ཕྱག་རྒྱ་གསུང་གི ་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ། ། འབར་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལས་ཕྱག་རྒྱ་གསུང་གི་དཀྱིལ་འཁོར་རྫོགས་པའི་ལེའུ་སྟེ་བཅུ་པནི ་པའོ། ། །། དེ་ནས་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས་ཆོས་ཐམས་ཅད་ནམ་མཁའ་དང་ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཡང་དག་དོན་གྱིགས ་མཆོག་ནི། ། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ལ།། ངེས་པའི་དོན་ཆེན་བཞི་བཅུ་གཉིས།། ཡིད་བཞིན་རིན་ཆེན་གསལ་འབར་ཐིམ།། ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས།། སྐུ་ལྔའི་འོད་ཟེར་མང་པོ་ཀུན།། ཐམས་ཅད་ཡུམ ་འགྱུར་དབྱིངས་སུ་ཐིམ། ། གསལ་འབར་སྤྲིན་གྱི་བདག་པོར་གྱུར།། བྱང་ཆུབ་སེམས་ཀྱི་ཐིགས་པ་ནི།། ཀུན་ལ་ཁྱབ་ཅིང་མི་གནས་པ།། ཁ་དོག་གནས་དང་དབྱིབས་མ་ཡིན།། ཡོན་ཏན་མཆོག་གི་སྙིང་པོ་ནི།། རྟོག་གེ་སྤྱོང ་ཡུལ་ཡོད་མ་ཡིན། ། ཟབ་ཅིང་རྒྱ་ཆེན་རབ་སྦྱངས་པའི།། གསལ་ལྡན་བསྟན་པའི་སྤྱོད་ཡུལ་ཏེ།། གཞན་ནས་བཙལ་ཞིང་བརྟག་ཏུ་མེད།། ཐམས་ཅད་ནམ་མཁའ་མཚན་ཉིད་དེ།། སྣ་ཚོགས་འཇིག་རྟེན་བརྟན་གཡོ་དང་།། རྒྱལ ་བ་མངོན་པང་ཐམས་ཅད་ཀུན། ། ནམ་མཁའི་དབྱིངས་སུ་མ་གྱུར་པ།། དུས་བཞི་ཕྱོགས་བཅུ་གང་ན་མེད།། དུས་གསུམ་བདེ་གཤེགས་ཉིད་ཀྱི་མངའ།། སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི།། ནམ་མཁའི་དབྱིངས་སུ་ཐམས ་ཅད་ཐིམ། ། ཐམས་ཅད་ཤེས་རབ་དབྱིངས་ཉིད་དེ།། དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར།། ཤེས་རབ་དབྱིངས་ཉིད་འབྱོར་པ་ཡིས།། བྱང་ཆུབ་རྡོ་རྗེ་ཐིག་ལེ་ཡིན།། དཀྱིལ་འཁོར་གཞལ་ཡས་ལྷུན་གྲུབ་དང་།། ཆུ་དང་བྲལ་བའི ་བསམ་ཡས་ཀྱིས། ། ཀུན་ལ་ཁྱབ་ཅིང་མི་གནས་པ།། ཡོན་ཏན་མཆོག་གི་གནས་ཡིན་ཏེ།། མ་བཅོས་རྒྱུན་གྱི་སྐད་ཅིག་མ།། དེ་ཡིས་མ་ཟིན་གང་ཡང་མེད།། རང་གི་རྣམ་རྟོག་མ་ཡིན་པ།། ཡང་དག་གཤེགས་དང་ལོག ་ཏོག་དང་། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན།། དེ་ལས་བསད་ཅིང་བཟུང་དུ་མེད།། ཁ་དོག་དབྱིབས་དང་གནས་མ་ཡིན།། སྐྱེས་བུ་དམ་པ་མཆོག་འདོད་པས།། ། ་དེ་ལ་རྟག་འགྲུས་གསལ་བར་བགྱིས།། དེའི་འབྲས་བུ་མཐར་ཕྱེན་ནི།། རྒྱུ་འབྲས་མེད་པའི་དུས་གཅིག་སྟེ།། ཐམས་ཅད་མིང་གི་མཚན་ཉིད་དུ།། ཡི་གེ་འབྲུ་གསུམ་རྫོགས་པར་གྱུར།། མི་ཟད་རྒྱན་གྱི་འཁོར་ལོས་བསྡུས།། ཚེ། ་ཆེན་གཉིས་ཀྱང་རྫོགས་པར་རོལ།། སྐྱེ་འཇིག་མེད་པའི་དབྱིངས་ལ་ཞུགས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། མཐའ་ཡས་འཇིག་རྟེན་བསམ་ཡས་ཀུན།། རྒྱལ་བ་ཡུམ་གྱི་དབྱིངས་སུ་ཐིམ།། ཐམས་ཅད་མ་ལུས་ཆོས ་ཀུར་འདུས། ། ཧོ། ཆོས་ཐམས་ཅད་མིང་གི་མཚན་ཉིད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐམས་ཅད་ཡུམ་གྱི་དབྱིངས་སུ་འདུས་པ་ཤིན་ཏུ་གསང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས། ་ཅད་ཀྱིས་ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པས།། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ།། གསང་བ་དེ་ཉིད་ངེས་པ་ཡི།། ་སྙིང་པོ་ཕྱག་རྒྱ་འདའ་བར་བཀའ།། མི་སྐྱོད་ཉི་མའི་དཀྱིལ་ཡིགེ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། ལྔ་གཉིས་ཟུང་དུ་སྤྲོས་པ་ལས།། སྦྱར་བ་ཕྱག་རྒྱ་འབྱུང་བའི་རྒྱུ།། ཨོཾ་དང་མུཾ་གཉིས་ཅེ་སྦྱར་ཏེ།། འབྲུ་བརྒྱད་བསྣོལ་ནས ་རེར་སྤྲད་པ། ། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི།། བདེ་བ་ཆེན་པོ་སྦྱིན་པའི་རྒྱ།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར།། ཟླ་བ་ཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།། ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། མུན་གྱི་རྩེ་མོར་དྲལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཨོཾ་བསྒྲེང་རྩེ་མོར་འཁོར་ལོ་འབར།། ་ཟླ་བརྡལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན།། འབྲུ་བཞི་སྲས་ནས་ཐུགས་ཀར་བཀན།། ལམ་ཀྱི་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏང་ངེ་འཛུམ་པའི་མདངས་ཀྱིས་བལྟ།། ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། སྲི་རྩེར་འབར་བ་རིན་པོ་ཆེ།། ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚལ་གྱིས་ཆོས་ལ་བརྟན།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། མཾ་གྱི་རྩེ་མོང་དྲིལ་བསིལ་འབར། ་ཉིས་འབྲུ་ལྔ་ལས་ས་འབྲེལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བ་ཞེསྦས་ནས་ཐུགས་ཀར་བཀ་ན།། ཨམ་གྱི་རྩེ་མོར་པད་མ་འབར།། ཟླ་བརྟུལ་འབྲུ་སླས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། བྷྲཱུཾ་བསྒྲེང་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བདུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཧཾ་གི་རྩེ་མོར་རལ་གྲི ་འབབ། ། ཟླ་བརྟུལ་འབྲུསྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཏི་བསྒྲེད་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔས་ལས་སུ་འཁྲིལ།། བཏུད་དེ་འཛུས་པའི་མངས ་ཀྱི་བལྟ། ། ཨུཏྤལ་ལས་སོགས་ཀླུ་ཤིང་མཚན།། རིན་ཆེན་མྱུ་གུ་རལ་གྲི་འབར།། པད་མ་དཀར་པོ་རྡོ་རྗེ་འབར།། ཆོས་ཀྱི་འཁོར་ལོ་རིན་ཆེན་ཏེ།། གཟུགས་མཛེས་རིན་ཆེན་ཕྲེང་བ་དང་།། བི་བ་གར་མཁན་མཆོག་ཉིད ་མེ་ཏོག་ཕྲེང་བ་སྤོས་མཆོད་ས། ། སར་མེ་བྱུག་ལ་སོགས་པ་ཡིས།། ལས་ལ་འཁྲིལ་ཅིང་ཆོས་ལ་བརྟན།། དབུ་རྣམས་བྱོན་ནས་འདུད་པའི་ཚུལ།། གོང་གི་ཕྱག་རྒྱ་ཆེན་པོ་བཞིན།། གཉིས་མེད་དབྱིངས་ཀྱི་ང་དུ་ཐིམ། ་སྒོ་བཞི་ཕྱག་རྒྱ་ཆེན་པོ་ནི།། ནི་མགོ་གདེངས་དང་རྡོ་རྗེས་གནོན།། ཐོད་ཕྲེང་ཆེན་པོས་གནོན་པ་དང་།། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན།། ལྕགས་ཀྱུ་ཞགས་པ་སྥོ་ཏྲ་ཧོ།། སྒོ་བཞིར་གནས་པ་དེ་དག་ཀྱང་།། འདུད་ཚུལ་འཁྲིལ་བ ་གོང་མ་བཞིན། ། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ།། མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ།། སེག་པར་དང་ནི་པི་བང་དང་།། གོ་ཚེ་སྲོ་ཏི་རི་ནི་ཆེན་སྒོམ།། མེ་དང་ཆུང་དརབ་དུ་བསྟན།། ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས།། ཀུན་ཡང་མཉམ་བཞག ་ཡེ་ཤེས་འཕྲོ། ། ཡུམ་གྱུར་མཉམ་རྫོགས་པད་མོའི་དཀྱིལ།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ།། ཡང་ན་དེ་བཞིན་གཤེགས་ཉིད་དོ།། ཡང་ན་རྡོ་རྗེ་ཐལ་མོ་ཉིད།། ཕྱག་རྒྱ་ཆེན་པོ་ཚོགས་མཆོག་ནི།། ཐབས་དང་ཤེས་རབ་ལྡན ་འབྱོར་ན། ། མ་བསྐྱོད་མ་བསྐུལ་ཐམས་ཅད་ཀུན།། ཕྱག་རྒྱ་ཆེན་པོའི་ངང་དུ་གནས།། ཡན་ལག་བཞི་བཅུ་རྩ་གཉིས་ལྡན།། དེ་ཉིད་ཡན་ལག་སྤྲོས་དག་སྟེ།། བཞི་བཅུ་རྩ་གཉིས་སུམ་འཕྲོར་འབར།། དེ་བཞིན་ལྡན་པའི་གཙོ ་མཆོག་གིས། ། རྒྱལ་བ་རྒྱ་མཆོག་དེ་བཞིན་དུ།། བཅུ་གཉིས་དྲུག་གི་འོད་འཕྲོ་འབར།། དེ་ལ་སོགས་ཏེ་བསམ་མི་ཁྱབ།། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ།། འདུལ་བའི་དོན་རྣམས་སོ་སོར་སྟོན།། ཐེག་པ་མཐོན་དམན་ཐམས་ཅད ་དང་། ། ཕྱིན་ཅི་ལོག་རྣམས་བསམ་ཡས་དང་།། ཞི་ཁྲི་ཚོགས་ཆེན་ཐམས་ཅད་ལ།། སོ་སོར་འཐུན་བྱས་ཀུན་དུ་སྣང་།། དཔེར་ན་གར་མཁན་ཉིད་འདྲ་བ།། ལུས་ལས་མ་དགོད་སྣ་ཚོགས་སྟོན།། མདོར་ན་ཕྱག་རྒྱ་ཐམས་ཅད་ནི།། འདི་ཞེས ་གཅིག་ཅེས་བརྗོད་དུ་མེད། ། གཉིས་དང་གསུམ་དུ་རྣམ་པར་འཕྲོ།། བསྐྱོད་དང་སྤྲོ་བ་དེ་བཞིན་ཉིད།། མདོར་ན་བསྐྱོད་འགུལ་ཐམས་ཅད་ཀུན།། ཕྱག་རྒྱ་ཆེན་པོའི་ངང་དུ་གནས།། གནས་ཉིད་མ་གནས་ནས་པའང་མིན།། དེ་སྐད་དག་མཆོག ་ཉིད་ཀྱིས་བཤད། ། མཐེ་བོ་འཛུབ་མོ་རྡོ་རྗེ་འཛིན།། མཐེ་བོ་གུང་མོ་རྒྱལ་བ་འཛིན།། སྲིན་ལག་མཐེ་བོ་ཆགས་པ་ཆེ།། མཐེ་ཆུང་མཐེ་བོ་ལེགས་པ་མཆོག། ཧཱུཾ་ཧོ།། འཛུབ་མོ་གཉིས་སྦྱར་རིན་ཆེན་མཆོག། གུང་མོ་གཉིས་སྦྱར་གཟི་བརྗིན ་དོན། ། སྲིན་ལག་གཉིས་སྦྱར་རྒྱལ་བའི་ཏོག། བཞད་པའི་སྒྲས་ནི་མཐེའ་ཆུང་སྤྲད།། ཏྲི་ཏེ་རུ་ཏ། འཛུབ་མེ་སྟེང་འོག་ཆོས་ཀྱི་མཆོག། གུང་མོ་སྟེང་འོག་འཇམ་དཔལ་མཆོག། སྲིན་ལག་སྟེང་འོག་འཁོར་ལོ་མཆོག། མཐེའུ་ཆུང་སྟེང་འོག ་སྨྲ་གསུང་ཡིན། ། ཧྲི་བྷོཊྚ་ཧོ། འཛུབ་མོ་རྒྱ་གྲམ་ལས་ཀྱི་མཆོག། གུང་མོ་རྒྱ་གྲམ་བསྲུང་བར་བྱོས།། སྲིན་ལག་རྒྱ་གྲམ་གནོད་སྦྱིན་མཆོག། མཐེའུ་ཆུང་རྒྱ་གྲམ་གནས་པར་བཤད།། ཧ་ཧཱུ~ཾ་ཨ་བྷྲཱུཾ། ཕྱག་རྒྱ་བརྡའ་ཚིག་ཆེན་པོ་འདིས།། ་སངས་རྒྱས་དཀྱིལ་འཁོར་མཛེས་པར་སྣང་།། རང་བཞིན་དཀྱིལ་འཁོར་ཕུན་སུམ་ཚོགས།། གླུ་གཉིས་ཕྱག་རྒྱ་ལྡན་པ་ཡིས།། ས་ལེར་གསལ་བའི་དཀྱིལ་འཁོར་འབེབས།། ཕྱག་རྒྱ་སྤྲོས་པ་ཆེན་པོས་ནི།། བཟུང་དང་འཛིན་པ་རྣམ ་གཉིས་པ། ། དག་པར་གསལ་བས་ཕྱག་རྒྱ་ཡིན།། ཡི་གེ་ས་སོར་གསལ་བ་ཡིས།། གང་དུ་བསྒྱུར་བས་མྱ་ངན་འདས།། འཛའ་དང་ཧོ་ལ་སོགས་པ་ཡིས།། གར་དུ་བསྒྱུར་བས་རྡོ་རྗེར་འཆིང།། གསང་བའི་སྙིང་པོ་དེཔོན་ནི་ངེས་པ་ལས ་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ། ། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་མཚོན་ཆ་དམ་ཚིག་ཅེས་བྱ་བའི་གྲུ་འདི་བླངས་སོ།། ཧཱུཾ། ལུས་ངག་ཡིད་གསུམ་རྡོ་རྗེ་ནི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྐུ ་གསུང་ཐུགས་ཀྱི་ཡེ་ཤེས་ནི། ། རྡོ་རྗེ་སེམས་དཔའ་རང་གནས་པས།། ཡེ་ཤེས་རྡོ་རྗེ་གསོར་ཞིང་སྤྲོ།། ཨེ་མའི་རྡོ་རྗེ་ཆེ་མཆོག་ནི།། ཉིད་ཀྱི་མཚན་དུ་གསོལ་པ་ནི།། ཅིས་ཀྱང་མི་ཤིགས་མི་ཕྱེད་ལ།། ཅིས་ཀྱང་མ་གཡོས་མ་འདྲེས་པ། ་བདེ་ཆེན་མཆོག་ཏུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞིས་རྒྱས་གདབ།། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལ།། རྡོ་རྗེ་འཆང་རྒྱལ་ཐམས་ཅད་ཀྱི།། རང་གི་རྟགས་སུ་བསྟན་པའི་ཕྱིར།། མི་ཕྱེད་རྡོ་རྗེ་འཆང་ཞེས་བྱ།། ཧཱུཾ། ཇི་ལྟར་རྒྱལ་པོ་རང ་གི་རྒྱས། ། རྒྱལ་པོ་གཙིགས་ལ་བཏབ་པ་ལྟར།། བདེ་ཆེན་སྙིང་ལ་གནས་པ་དང་།། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུན་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི་ཤིགས་པས།། རྒྱལ་པོ་ཕྱག་རྒྱ་མཆོག་གི ་གནས། ། བདག་ཉིད་ཆེན་པོ་མཚན་མའི་གཟུགས།། ཧཱུཾ། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། རྡོ་རྗེ་རྡོ་རྗེ་གྲག་ཆེན་དང་།། རང་ཉིད་ཆེ་བའི་བདག་ཉིད་དང་།། འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས།། ཕྱེ་ཞིང་བཤིག ་དང་བཅོམ་ལ་སོགས། ། དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན།། བརྩོན་ཞིང་ཐལ་བ་རྡུལ་ཕྲན་བཞིན།། བརྩོན་ཞིང་འབར་བའི་འཕྲོ་འདྲ་འདིས།། ཐམས་ཅད་རྡོ་རྗེ་ཉིད་པས་ན།། དམ་མཁའི་ཁམས་ཀུར་བཀང་བ་ཡིན།། ་དེ་ལས་རྡོ་རྗེ་གསུང་འབྱུང་བའོ།། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཕཊ། ཨོཾ་ལུས་ངག་ཡིད་གསུམ་འཁོར་ལོ་ནི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྣང་མཛད་འཁོར་པོ་དཔའ་བོ་ཡིན། མཛད་འཁོར་ལོ་རངགནས་པས།། ཡེ་ཤེས་འཁོར་ལོ་གསོར་ཞིང་སྤྲོ། ་ཨེ་མའོ་འཁོར་ལོ་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་པབ་ནི།། ཅིས་ཀྱང་མི་ཤིགས་མི་ཕྱེད་པས།། ཅིས་ཀྱང་མ་གཡོས་མ་འདྲེས་པས།། བདེ་ཆེན་མཆོག་ཏུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ།། རྒྱལ ་བ་རྣམས་ཀྱི་ཐུགས་ཉིད་ལས། ། འཁོར་ལོ་འཆད་རྒྱལ་ཐམས་ཅད་ཀྱི།། རང་གི་རྟགས་སུ་བརྟན་པའི་ཕྱིར།། མི་ཕྱེད་འཁོར་ལོ་འཆང་ཞེས་བྱ།། ཧཱུཾ། ཇི་ལྟར་རྒྱལ་པོ་རང་གིས་རྒྱས།། རྒྱལ་པོའི་གཙིགས་ནི་བཏབ་པ་ལྟང། ཁེདེ་ཆེན་སྙིང་ལ་གནས་པ་དང་།། ་དང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུན་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི་ཤིགས་པས།། རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས་པ།། བདག་ཉིད་ཆེན་པོ་མཚན་མའི་གཟུགས།། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན ་ཉིད་ཀྱིས་ལུས་ནི་བརྟན་ཕྱིར་རོ། ། ཨོཾ་འཁོར་ལོ་འཁོར་ལོ་དྲག་ཆེན་དང་།། རང་ཉིད་ཆེ་བའི་བདག་ཉིད་དང་།། འདུལ་བའི་ཐབས་ཀྱི་རྒྱལ་པོ་ཡིས།། ཕྱེ་ཞིང་གཞིག་དང་བཅོམ་ལ་སོགས།། དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། ་ཧཱུཾ།། བརྩོར་ཞིང་འབར་བའི་འཕྲོ་འདྲ་འདས།། ཐམས་ཅད་འཁོར་ལོ་ཉིད་བསན།། རམ་མཁའི་ཁམས་ཀུན་བནང་བ་ཡིན།། དེ་ལས་འཁོར་ལོ་གསུང་འབྱུང་བ།། ཨོཾ་ཙཀྲཛ་ལཱན་ལཱན་ཧཱུཾ་པཊ། ཨོཾ། ལུས་ངག་ཡིད་གསུམ་པད་མ་ནི།། སྐུ ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི།། པད་མ་སེམས་དཔའ་དཔའ་བོ་ཡིན།། པད་མ་སེམས་དཔའ་རང་གནས་པྲ།། པད་མ་དགྲ་སྟ་གསོད་ཞིང་སྤྲོ།། ཨེ་མའོ་པད་མཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ ་བ་ནི། ཅིས་ཀྱང་མི་ཤིགས་མི་བྱེད་ལ།། ཅིས་ཀྱང་མ་གཡོས་མ་འདྲེས་པས།། བདེ་ཆེན་མཆོག་ཏུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ།། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས།། པད་མ་འཆང་རྒྱལ་ཐམས་ཅད ་ཀྱིས། ། རང་གི་རྟགས་སུ་བསྟན་པའི་ཕྱིར།། མི་བྱེད་པད་མ་འཆང་ཞེས་བྱ།། ཨོཾ་ཇི་ལྟར་རྒྱལ་པོ་རང་གིས་རྒྱས།། རྒྱལ་པོས་གཙིགས་ནི་བཏབ་པ་ལྟར།། བདེ་ཆེན་སྙིད་ལ་གནས་པ་དང་།། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམ ་ཅད་ཀུར་ལ་དེ་ལྟར་འབེབས། ། འདའ་དཀའ་ཇི་བཞིན་མི་ཤིགས་པ།། རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས།། ཧཱུཾ་བདག་ཉིད་ཆེན་པོ་མཚད་མ་གཟུགས།། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། པད་མ ་དགྲ་སྟ་དྲག་ཆེན་དང་། ། རང་ཉིད་ཆེ་བའི་བདག་ཉིད་དང་།། འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས།། ཕྱེ་ཞིང་བཤིག་དང་བཅོམ་ལ་སོགས།། དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན།། བཙན་ཞིང་འབར་བའི་འཕྲོ་འདུ་འདིས།། ཐམས་ཅད་པད་མ ་ཉིད་པས་ནི། ། ནམ་མཁའི་ཁམས་ཀུན་བཀང་པ་ཡིན།། དེ་ལས་པད་མའི་གསུང་ཕྱུང་པ།། ཨོཾ་པད་མ་ཛ་ལ་ལཱརྐ་ཧཱུཾ་ཕཊ། སྲཾ། ལུས་ངག་ཡིད་གསུམ་རིན་ཆེན་ནི།། སྐུ་ག་སུང་ཐུགས་ཀྱི་འཤེས་ཏེ།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། འོན་ན་ཆེན་ནོ་འའོ།། ་ཡིན།། རིན་ཆེན་སེམས་དཔར་ང་གནས་པས།། ཡེ་ཤེས་དབྱུག་པ་གསོར་ཞིང་སྤྲོ།། ཨེ་མའི་རྡོ་རྗེ་རིན་ཆེན་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་པ་ནི།། ཅིས་ཀྱང་མི་ཤིགས་མི་ཕྱེད་ལ།། ཅེས་ཀྱང་མ་གཡོས་མ་འདྲེས་པས། ་བདེ་ཆེན་མཆོག་ཏུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ།། སྲཾ། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལ།། རིན་ཆེན་འཆང་རྒྱལ་ཐམས་ཅད་ཀྱི།། རང་གི་རྟགས་སུ་བསྟན་པའི་ཕྱིར།། མི་ཕྱེད་རིན་ཆེན་འཆང་ཞེས་བྱ།། ཝཾ། ཛ ་ལྟར་རྒྱལ་པོ་རང་གི་རྒྱས། ། རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར།། བདེ་ཆེན་སྙིང་ལ་གནས་པ་དང་།། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུན་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི་ཤིགས་པས།། རྒྱལ ་པོ་ཕྱག་རྒྱ་མཆོག་གི་གནས། ། བདག་ཉིད་ཆེན་པོ་མཚན་མའི་གཟུགས།། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། རིན་ཆེན་དབྱུག་པ་དྲག་ཆེན་དང་།། རང་ཉིད་ཆེ་བའི་བདག་ཉིད་དང་། ་འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས།། ཕྱེ་ཞིང་གཤིག་དང་བཅོམ་ལ་སོགས།། དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན།། བཙན་ཞིང་འབར་བའི་འཕྲོ་འདུ་ཡིས།། ཐམས་ཅད་རིན་ཆེན་ཉིད་པས་ན།། ནམ་མཁའི་ཁམས་ཀུན ་བཀར་བ་ཡིན། ། དེ་ལས་རིན་ཆེན་གསུང་འབྱུང་བ།། སྭ་རང་ན་ཛྭ་ལ་ལཱ་རྐ་སྭཾ་ཕཊ། ཧཾ་ལུས་ངག་ཡིད་གསུམ་ཕྲིན་ལས་ནི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི།། ལས་ཀྱི་སེམས་དཔའ ་དཔའ་བོ་ཡིན། ། ལས་ཀྱི་སེམས་དཔར་ང་གནས་པས།། ཡེ་ཤེས་རལ་གྲི་འདེབས་ཤིང་སྤྲོ།། ཨེ་མའོ་ལས་ཀྱི་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་བ་ནི།། ཅིས་ཀྱང་མི་ཤིགས་མི་ཕྱེད་ལ།། ཅིས་ཀྱང་མ་གཡོས་མ ་འདྲེས་པས། ། བདེ་ཆེན་མཆོག་ཏུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་བཏབ།། ཧཱུཾ། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས།། རལ་གྲི་འཆང་རྒྱལ་ཐམས་ཅད་ཀྱི།། རང་གི་རྟགས་སུ་བསྟན་པའི་ཕྱིར།། མི་ཕྱེད་རལ་གྲི་འཆར ་ཞེས་བྱ། ། ཧཱུཾ་ཇི་ལྟར་རྒྱལ་པོ་རང་གི་རྒྱལ།། རྒྱལ་པོའི་གཙིགས་ནི་བཏབ་པ་བཞིན།། བདེ་ཆེན་སྙིང་ལ་གནས་པ་དང་།། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུན་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི ་ཤིགས་པས། ། ། རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས།། བདག་ཉིད་ཆེན་པོའི་མཚན་མའི་གཟུགས།། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། ཧི་རལ་གྲི་རལ་གྲི་དྲག་ཆེན་དང་།། རང་ཉིད་ཆེ་བའི ་བདག་ཉིད་དང་། ། འདུལ་བ་ཐབས་ཀྱིས་རྒྱལ་པོ་ཡིས།། ཕྱེ་ཞིང་བཤིག་དང་བཅོམ་ལ་སོགས།། བཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན།། བཙན་ཞིང་འབར་བའི་འདུ་འཕྲོ་འདིས།། ཐམས་ཅད་རལ་གྲི་ཉིད་པས་ན།། ནམ ་མཁའ་ཁམས་ཀུན་བཀང་བ་ཡིན། ། དེ་ལས་ཕྲིན་ལས་གསུང་བྱུང་བའོ།། ཧཱ་ཀརྨ་ཛྭ་ལཱན་ལ་རྐ་ཧཱུ~ཾ་ཕཊ། མུཾ་ལུས་ངག་ཡིད་གསུམ་དྲིལ་བུ་ལས།། སྐུ་གསུང་ཐུགས་ཉིད་གཏུམ་པོར་འགྱུར།། བསྐོར་ཐབས་ཆེ་བའི་མཆོག་ཚུལ ་དུ། རྡོ་རྗེ་ལན་གསུམ་གསོར་བ་ཡིས།། ལྷ་མོ་ཀླུ་མོ་རིགས་ངན་མོ།། དམ་ཅན་རྣལ་འབྱོར་དབང་དུ་འགྱུར།། རྣལ་འབྱོར་ཕོ་མོ་གང་སྣང་བའི།། ཐམས་ཅད་གཅིག་ཏུ་འདུས་པར་ནི།། ཡུལ་ལ་མངོན་དུ་སྣང་བར་འགྱུར།། མི་བསྐྱོད ་ཐབས་ལྡན་པས། ། ཨོཾ་དང་ཧཾ་ནི་མ་ཐལ་བར།། ལན་གསུམ་གསོར་ཆེན་གུར་དཀར་བསྒོམ།། ལྷ་ནེའི་དཀྱིལ་འཁོར་མཆོག་ཏུ་འགྱུར།། ཨོཾ་དང་ཧཾ་ནི་ཐིལ་ཙམ་དུ།། ཀུན་ཏུ་གྲུ་བཞི་བདག་གནས་ཏེ།། ལན་གསུམ་གསོར་ལ་གང ་བརྩོན་པ། ། ཚེ་དང་སྐལ་པ་འཕེལ་བར་འགྱུར།། ལོངས་སྤྱོད་ཅིའི་དོད་གྲུབ་པར་འགྱུར།། དེ་ནས་ཟླ་གམ་མདོག་དམར་ཤམ།། འབྲེལ་བ་མཉམ་པར་ལན་གསུམ་གྱི།། ཁྲོས་པས་གསོར་ལ་གང་བརྩོན་པས།། ཡིད་ལ་དམིགས ་ད་ལས་ཐམས་ཅད། ། དབང་ཆེན་དཀྱིལ་འཁོར་ཉིད་དུ་འགྱུར།། དེ་ལས་གཏུམ་པའི་མདོག་གནས་ཏེ།། དྲག་ཏུ་ཕཊ་ཅེས་བརྗོད་པས་ནི།། ཁ་དོག་ནག་པོར་བདག་གནས་ཤིང་།། བསྐལ་པ་འབར་བའི་དབུས་གནས་པ།། ཁྲོས་ཏེ ་དགུག་པ་ཉིད་དག་ཏུ། ། རྒྱད་ནི་རིང་དུ་འཕངས་པ་ན།། ཅི་འདོད་ལས་རྣམས་གྲུབ་པར་ངེས།། ཨོཾ་བཛྲ་ད་ཧ་ཛ་ལ་བཛྲ་ལ་ཧ་ན་བཛྲ་པ་ཙ་ཛྭ་ལ་བཛྲ་ཧཱུ~ཾ་ཕཊ།། ཆོས་ལ་བརྟན་པ་ཕྱག་བསྣམས་པ།། སྦུབས་ནི་དྲིལ་བུ་ཆོས་ཁམས་ཏེ།། ཤེས་རབ ་ཡུམ་གྱི་ཚོགས་སུ་རྟགས། ། སྐད་ནི་གསུང་སྙན་བདེ་བ་མོ།། ལྕེ་ནི་གར་མཁན་མྱ་ངན་འདས།། ཆོས་སྐུ་ཐུགས་ཀྱི་ཐུགས་ཉིད་ལས།། རབ་དུ་གསོར་ལ་གང་བརྩོན་པས།། མུ་ལ་སོགས་པའི་ཡི་གེ་བསྒོམ།། རྡོ་རྗེ་འཁོར་ལོ་པད་མ ་འབར། ། མུཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་ནི།། ཀུན་དུ་དབང་བསྒྱུར་ཡིད་འོང་པའི།། འདོད་པ་བཞིན་དུ་འཐུན་པས་གྲུབ།། ཨོཾ་བཛྲ་གྷན་ཌ་ཤ་དྷརྨ་དྷ་ར།། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་དགྱེས། ་པར་གྱུར་།། ག་ཡང་འ་ངས་པ་ལ་མྦྷནྡྷ་འཕྲུལ་པོམ་པ་དང་ཤེས་བརྒྱ་གཔ་ཀྱི་སྒྱུག་ཤཱ་།། ། དེ་སྐ་ན་། ས་ས་ན ་རྡོ་རྫོརྗེགས་པའི་དམ་ཚིག་བཀོད་པ་ལ་སྙོམས་པར་འགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དེ། ། ཤིན་ཏུ་ཕྲ་བ་དམ་ཚིག་མེ་ཆོག། ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ།། སོར་ནི་བཞི་ཡི་ཚད ་དྲབྱ། ། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ།། སྙིང་པོ་ལྔ་དང་སྨན་ལྔ་དང་།། བདུད་རྩི་ལྔ་ཡིས་རབ་བསྣམས་ལ།། རིག་པས་ཀྲིག་ན་གདབ་པར་བྱ།། ལྟེ་བརྩིབས་དང་ལྡན་པ་ཡི།། རྩེ་བཞི་འཁོར་ལོ་མུ་ཁྱུད་བཅས།། གྲུ་ཆང་བཞིད ་གྲུ་བཞི་ཡི། ། བར་ཁྱིམས་སྒོ་ཁྱུང་ལྡན་པར་བྱ།། སན་ཟླ་བ་ཙམ་གྱི་ཉི་ཟླ་ལ།། ཅནེ་འབྲུ་ཙམ་པད་མོགདན།། ཡུངས་བཅུ་ཙམ་གྱི་ཡིགེ་ལས།། བྷག་དྷ་ཏིལ་འབྲུ་ཙམ་དུ་བྲི།། བཅོས་བུའི་རས་ནི་སྔ་ཚོགས་དང་།། རྒྱན་ཕྲེང ་དང་བྲོ་བས་བསྐོར། ། གྲཝ་ཚིག་བྲེ་གར་རོལ་མོ་ཡི།། སྤྲིན་ཕུང་ཚོགས་ཀྱིས་རབ་དུ་མཆོད།། ཡུམ་དང་འཇོམ་ས་མས་མ་དང་།། ཇི་ལྟར་འདོད་པའི་ལས་བཞིན་མཆོད།། དབྱིབས་དང་ཁ་དོག་མཚན་ལྡན་པའི།། ཞལ་དུ་གྱུར་བའི་མི ་བོས་ལ། ། བཟའ་བ་ཏུང་བྲོ་བའི་ཚོགས་རྣམས་ཀྱིས།། ལས་བཞི་མཆོད་པར་རབ་དུ་སྨིན།། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ།། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས།། བསམ་ཡས་དག་ལ་དེ་བཞིན་བྱ།། རིག་པས་དཔག་པ་ཙམ་དུའོ།། མཆོད ་པའི་ཕྱག་རྒྱ་ཆེན་པོ་ནི། ། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས།། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་།། མཉེན་བཇམ་རེག་ན་བ་བ་ཡི།། སྣ་ཚོགས་རིན་པོ་ཆེ་ཡི་གཞི།། མཛེས་པར་བྲིས་ཤིང་སྦས་པ་དང་།། ཀུན་འཐུང་རིན་ཅན ་ཕུང་པོ་འབང་། ། དབྱིབས་ལེགས་རྫིང་དུ་བྲོ་མཆོག་བསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒྱན་དང་དཔག་པས་མ་ལྡོན་པའི་ཚལ།། གྲུ་དབྱངས་ཚིགས་སུ་བཅད་པའི་སྲ།། ཟླར་རྒྱལ་མཚན་ན་བཟའ་གདུགས།། ངོ་ཤལ་དཔུང་རྒྱན་མ ་དོ། ། བཟའ་དང་བཏུང་བའི་མཆོག་རྣམས་དང་།། རང་ལ་མཛེས་པས་བརྒྱན་པ་ཡི།། ལྷ་དང་ལྷོ་མོ་རྡུལ་རྙེད་ཀྱི།། བྲོ་ག་ལ་སོགས་བསམ་ཡས་ཀྱིས།། ཕྱོགས་བདུན་མ་མཁའ་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པ ་དབུལ། ། སྐལ་ལྡ་རྭ་གསལ་བའི་ཁྱད་པར་གྱིས།། རིམས་ཀྱིས་ཡང་ན་ཅིག་ཆར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་།། མཆོད་པའི་ཕྱག་རྒྱ་ཆེན་པོ་སྒོམ།། གསལ་ལྡན་མ་འམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས་འབྲུ་འཇུག་ཚུལ ་8། ། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད།། མཉེས་ནས་གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན་པོ་མཆོད་པ་ཡིས།། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།། སྲེང་གསུམ་འགྲོ་བ་མ་ལུས་ལ།། དགའ་བ་ཆེན་པོས ་ཁྱབ་པར་གྱུར། ། རྫུ་འཕྲུལ་དྲ་བ་བརྟན་པ་ཡིས།། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།། སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། ཁམས་གསུམ་འགྲོ་རྣམས་མངོན་དུ་གྲུང་།། ལུས་དག་སེམས་དང་ཆོས་ཐམས་ཅད།། གང ་ན་མི་གནས་མི་དམིགས་པ། ། རང་བཞིན་མཉམ་པའི་ཆོས་ཉིད་ལ།། མིག་ཡོར་ཚུལ་དུ་སྦྱོར་བ་ཡིས།། ནམ་མཁའ་ལ་ནི་ནམ་མཁའ་སྒོ་མ།། གོམས་པའི་དཀྱིལ་འཁོར་ཆེན་པོ་ལ།། ཀུན་བྱས་དབང་ཕྱུག་རིག་པས་འཇུག། དེ་ནས ་སློབ་མ་གཞུག་པར་བྱ། ། དེ་ནས་རིགས་ཀྱི་བུ་མཆོག་དེས།། རྒྱལ་སྲིད་དང་ནི་རང་གི་ལུས།། བུ་དང་ཆུང་མ་ནོར་གྱི་དབྱིག། རབ་དུ་གཅེས་དང་ཡིད་འཐད་དབུལ།། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན།། དཀྱིལ་འཁོར་ཐམས་ཅད་མཛོད ་པ་ཡིན། ། ཉབའི་དཀྱིལ་འཁོར་སྤོས་ཅི་དགོས།། ཉེས་པ་ཐམས་ཅད་དག་པར་འགྱུར།། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ནས།། ཕན་པའི་དབང་སྦྱིན་ནུས་པའི་དབང་།། རིམ་པ་བཞིན་དུ་སྦྱིན་པར་བྱ།། སྙིང་རྗེས་ཆུང་མ་ཟོས་པར ་བཟུང་། ། ཡང་ན་ཐལ་མོ་རབ་བསྣོལ་ནས།། ཕྱག་ཆེན་པོ་ཡི་ཕང་དུ་ནི།། དཀྱིལ་འཁོར་འཛུབ་གང་ཆད་དུ་བྱ།། མཁས་པས་ཆོ་ག་བཞིན་དུ་བྱ།། ཡང་ནས་གཞི་བསྙམས་པ་ལ།། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ།། ཡང་ན་ལུས་གང ་ཚད་དུ་སྟེ། ། ཡང་ན་ལུས་ནི་གསུམ་གྱི་ཚད།། པུར་བུ་ས་བུ་ཚེ་ནི་ཕྱེ་དང་།། གོས་བརྒྱན་མཛེས་མ་ཡིད་འོང་གྲོགས།། ཐིག་གད་བ་ཆོ་ག་ཕུན་སུམ་ཚོགས།། མཁས་ལྡན་ཆེན་པོས་བསྒོམས་ཏེ་བྱ།། ཡང་ན་ཁུ་ནི་བཅུ ་དྲུག་དང་། ། ཉི་ཤུ་འམ་ཉི་ཤུ་རྩ་ལྔར་བྱ།། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ།། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད།། ཡང་ན་རྒྱང་གྲགས་དཔག་ཚད་དམ།། ནམ་མཁའིའ་དབྱིངས་ནི་བསམ་ཡས་པར།། སངས་རྒྱས ་དཀྱིལ་འཁོར་སྣ་ཚོགས་བསྒོམ། ། མ་མཐོང་རྨོངས་པ་སྟོན་ཕྱིར་ཚོན།། ཁ་དོག་ཉི་ཤུ་རྩ་ལྔ་འམ།། ལྔ་ཡི་ཚོན་གྱིས་བྲི་བར་བྱ།། འདུལ་བའི་ཆོག་བཞིན་དུ་དགྱེ།། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག། ཡི་གེ་འམ་གདན་ནམ ་སྙིང་པོ་འམ། ། ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར།། བྱིན་བརླབས་ཡ་མཚན་རྨད་པོ་ཆེ།། འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ།། ས་ལ་སོགས་པ་ཕྱག་རྒྱར་བྱས།། རྣམ་གྲོལ་རིམ་པར་ཐོབ་པར་འགྱུར།། དག་པའི་ཡེ་ཤེས། ་ཀྱིས་བྱས་པ།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས།། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ།། འཇུག་པའི ་མཚན་ཉིད་མཉམ་སྦྱོར་བ། ། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི།། ཀུན་ཏུ་བཟང་མོ་མི་སྙེངས་ཡིན།། ཀུན་ཏུ་བཟང་མོ་རང་གནས་པས།། ཡེ་ཤེས་དྲིལ་བུ་བསིལ ་ཞིང་སྤྲོ། ། ཨེ་མའོ་སངས་རྒྱས་ཡུམ་ཆེན་གྱི།། ཉིད་ཀྱི་མཚན་དུ་གསོལ་བ་ནི།། ཅེས་ཀྱང་མི་ཤིགས་མི་བྱེད་ལ།། ཅིས་ཀྱང་མི་གཡོས་མ་འདྲེས་པས།། བདེ་ཆེན་ཡུམ་དུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་ཡུམ་ལྔ་བཏབ།། མུ་ཀུན་དུ ་བཟང་མོའི་ཐུགས་ཉིད་ལས། ། རྡོ་རྗེ་ཡུམ་ཆེན་ཐམས་ཅད་ཀྱི།། རང་གི་རྟག་སུ་བསྟན་པའི་ཕྱིར།། མི་ཕྱེད་དྲིལ་བུ་འཆང་ཞེས་བྱ།། མུཾ་ཇི་ལྟར་རྒྱལ་པོའི་གནས་བཤམས་ཏེ།། རྒྱལ་པོས་གཅིག་མ་ཆེན་འགྱེད་པ་ལྟར།། བདེ་ཆེན ་ཡུམ་དུ་གནས་པ་དང་། ། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུནུ་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི་ཤིགས་པས།། རྒྱལ་པོ་ཕྱག་རྒྱ་མཆོག་ག་གནས།། བདག་ཉིད་ཡུམ་ཆད་མཚན་མའི་གཟུགས།། ཕྱག ་རྒྱ་ཞེས་ནི་བསྒྲགས་པ་ཡན། ། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། མུ་དྲིལ་བུ་དྲིལ་བུ་གྲགས་སྙན་དང་།། ཡུམ་ཉིད་ཆེ་བའི་བདག་ཉིད་དང་།། འདུལ་བ་ཐབས་ཀྱི་རྒྱལ་མོ་ཡིས།། ཕྱེ་ཞིང་བཤིག་དང་བཅོམ་ལ་སོགས།། དཀྲུགས ་ཤིང་ཐལ་བ་རྡུལ་ཕྲན་བཞིན། ། བཙན་ཞིང་འབར་བའི་འཕྲོ་འདུ་འདིས།། ཐམས་ཅད་དྲིལ་བུ་ཉིད་པས་ན།། ནམ་མཁའི་ཁམས་ཀུན་བཀང་བ་ཡིན།། དེ་ལས་ཆོས་སྐུ་གསུར་འབྱུང་བ།། མཾ་གྷ་ཛྭ་ལ་ན་ལ་རྐ་མྲི་ཞེས་བརྗོད་པས ་ཕྱག་རྒྱ་ཚོགས་སུ་སྣང་བར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚོན་ཆ་དམ་ཚིག་ཕྱག་རྒྱ་གླུའི་ལེའུ་སྟེ་བཅཝ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་ཐབས་དང་ཤེས་རབ་འབྱུང ་བ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། དེ་ནས་ཡིད་དང་ཆོས་འཐུན་པར།། ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་འཆང་།། ཤེས་རབ་དྲིལ་བུ་ཆོས་ལ་བརྟན།། ཧཱུཾ་རང་མུཾ་གི་སྙིང་པོ་འབར།། དེ་ལས་རྡོ་རྗེ་རྩེ་བཅུར་འབར།། ཨོཾ་དང་མྲྀ་གི་མཆོག ་ཏྲ་བརྟག། ཤེས་རབ་ཉི་ཟེར་ཟླ་རྒྱས་ཐབས།། འབར་བའི་ཕུང་པོས་ཆོས་ལ་བརྟན།། དེ་ལས་གཟུང་ཐབས་གཉིས་ཀྱིས་ནི།། འབྲུ་ལྔ་ཕྱག་རྒྱ་ཉིད་དུ་སྟེ།། དེ་ལས་རྡོ་རྗེ་ཕྱག་བསྣམས་གསོར།། དེ་ལས་འཁོར་ལོ་ཕྱག་བསྡམ ་གསོར། ། དེ་ལས་ནོར་བ་ཕྱག་བསྣམས་པ།། དེ་ལས་པད་མ་ཕྱག་བསྡམས་འཛིན།། དེ་ལས་རལ་གྲི་ཕྱག་བསྡམས་གཅོད།། དེ་ཉིད་རྡོ་རྗེ་ཕྱག་བསྣམས་པ།། ཐབས་ཆེན་དྲུག་ཏུ་ཡང་དག་གསོར།། དེ་ནས་རྡོ་རྗེ་བཟུང་ཐབས་གཉིས ་ཨོཾ་དང་མུ་གྱི་མཚོན་བཞིན་དུ། ། རྡོ་རྗེ་རྩེ་བཅུ་ཐབས་ཆེན་པོ།། ཐུགས་ཀར་བརྟན་པའི་ཚུལ་དུ་འབར།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི།། ཕྱག་ན་མི་འཇིགས་ཐུགས་ཀར་འཛིན།། མུཾ་ལས་ཕྱག་རྒྱ་ཆེན་པོ་ནི།། དྲིལ་བསིལ ་འབར་པས་སངས་རྒྱས་ཡུམ། ། མཆོད་གནས་ཆོས་ལ་བརྟན་པར་འཛིན།། ཐམས་ཅད་ཀུན་དུ་ཕྱག་རྒྱ་ཡི།། ཐབས་དང་ཤེས་རབ་རྡོ་རྗེ་འཆང་།། སྐུ་གསུང་ཐུགས་ནི་ཐམས་ཅད་པ།། ཡོན་ཏན་ཕྲིན་ལས་ཀུན་དུ་རྫོགས། ་སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པའི།། སངས་རྒྱས་རྡོ་རྗེ་འཆང་དུ་དམིགས།། དེ་ལས་རྡོ་རྗེ་མཆོག་བསྣམས་པ།། དེ་ལས་མི་བསྐྱོད་ཉི་མའི་ལམ།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས།། ཨོཾ་ཧཱུཾ་སྲཾ་གྱི་རྩེར་འཛིན་པ།། ཉིད་ལས་ཡང་དག་བསྐྱེད ་ཚུལ་དུ། ། ཤེས་རབ་ཡུམ་དུ་ཤིན་ཏུ་བརྟགས།། རྡོ་རྗེ་འབར་བས་རབ་བརྟེན་པ།། ཐབས་ཆེན་ཡིད་ནི་སངས་རྒྱས་ཡབ།། གཅིག་དང་དུ་མ་ཡོངས་ཀྱིས་མེད།། དེ་ལས་འགྲོ་དོན་ཕྲིན་ལས་འཆར།། ཡིད་དང་ཆོས་སུ་རབ་བརྟགས་པའི།། རྡོ་རྗེ ་འཆང་རྒྱལ་ཚུལ་ཆེན་ལས། ། རྡོ་རྗེ་དྲག་པོར་ལན་གསུམ་གསོར།། གཏུམ་པོའི་སྔགས་བརྗོད་དེ་བསྐྱེད་པས།། བསྙེན་པའི་དཀྱིལ་འཁོར་རབ་དུ་རྫོགས།། ཉེ་བར་གྱུར་པའི་དམ་ཚིག་མཆོག། དཔག་བསམ་ཤིང་དང་ཡིད་བཞིན་གྱི།། རིན ་ཆེན་དབྱིག་དང་འབྱུང་བ་ཀུན། ། དེ་དག་རྫས་ཡོད་མ་ཡིན་ཏེ།། རང་སེམས་བསོད་ནམས་བརྟན་པ་ཡིན།། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས།། གཞན་ནས་ཡོད་འོང་མ་ཡིན་ཏེ།། ཐབས་ལ་རྟེན་པའི་ཤེས་རབ་ཉིད།། དེ་ལྟ་བུའི་ངང་དུ་འབྱ།། ་ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད།། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ།། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག། རྒྱལ་བ་མངོན་བྱུང་བསྐྱོབ་པ་དང་།། བྱིན་བརླབས་སྟོན་པའང་དེ་བཞིན་ཏེ།། བྱ་བྱེད་ནུས ་མཐུའི་གཟི་བྱིན་གྱིས། ། སྒྱུ་མ་རྡོ་རྗེ་ཅན་པོ་མཆོག། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན།། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།། མ་ཉམས་འཇུག་ལ་རབ་བརྩོན་པ།། ཞག་ནི་སུམ་བཅུ་ཕྲག་དྲུག་གམ། ་བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།། དབང་བསྒྱུར་རིགས་ཀྱི་དམ་པ་གྲུབ།། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས།། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི།། ཡེ་ཤེས་ཐིག་ལེ་དེ་ཉིད་ལ།། ཡེ་ཤེས་ཐིག་ལེ་ཉིད་སྣང་བ།། བསམ་གྱིས་མི་ཁྱབ་མཐའ་ཡ ་མཆོག། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།། ཞིང་ཁམས་རྣམ་དག་བསམ་ཡས་དང་།། རྒྱ་དང་བྲལ་བའི་གཞལ་ཡས་ཁང་།། འཁོར་ལོ་རྒྱན་དང་རོལ་མོའི་ཚོགས།། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན།། མཐོང ་ནས་ཉེ་བར་མཉེས་པ་དང་། ། རྒྱ་ཆེན་གསུང་ལས་དོན་བྱུང་བ།། འཐུན་པའི་ཡེ་ཤེས་རང་སྣང་ངོ་།། གཅིག་དང་དུ་མར་བྲལ་བ་ཡི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སངས་རྒྱས་ཉིད་ཀྱིས་མི་གཟིགས་ཏེ།། རང་བྱུང་ཡེ་ཤེས་གནས་མང ་སྡང་། ལོག་པར་རྟོག་བརྟགས་རྣམ་དག་ཅིང་།། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར།། ཐུགས་རྗེ་ཆེན་པོས་འབྲེལ་བས་ན།། འགྲོ་དྲུག་དུས་ནས་མ་ལུས་སྣང་།། བདེ་བ་ཆེན་མོའི་དཀྱིལ་འཁོར་ནི།། སྟངས་དབུལ་གཉིས་སམ་ཡང་ན་ལཱ། ་བྱས་ཏེ་དང་ལྡན་རབ་ཞུགས་ན།། འདོད་པ་ཡིད་འོང་མཉམ་པར་འགྱུར།། སྐལ་བ་མཉམ་པའི་ཡེ་ཤེས་དེ།། གཉེར་ན་ཉེ་བར་མཉམ་པ་ཡི།། ཡ་མཚན་ཆེན་པོ་འབྱུང་བར་ངེས།། དད་མེད་ཉམས་ན་ཕུང་པར་འགྱུར་ཞེས་ཆེད་དུ་བརྗོད་དོ།། རྡོ་རྗེ ་བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་དངོས་གྲུབ་བླང་བའི་ཐབས་འདི་གསུངས་སོ།། ཡེན་པ ་མཉམ་ཉིད་དཀྱིལ་འཁོར་ལ། ། ཐབས་དང་ཤེས་རབ་ལྡན་བྱས་ཏེ།། རང་རིག་ཡེ་ཤེས་རྒྱལ་པོ་ཡིས།། ཐམས་ཅད་མ་ལུས་མཎ་ཌ་ལ།། དེ་བཞིན་ཉིད་ཀྱི་གཞལ་ཡས་ལ།། རིག་པ་རང་བྱུང་གྱུར་པ་ཡིས།། མཉམ་པར་མཉམ་ལ་མི་གནས ་པའི། ། ཆོས་སྐུའི་ཕྱག་རྒྱ་ཆེན་པོར་སྒོམ།། འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ།། རང་བཞིན་དཀྱིལ་འཁོར་གནས་མོད་ཀྱི།། བཟུང་འཛིན་རྣམ་རྟོག་ཞགས་པ་ཡིས།། རང་རིག་བསྒྲིབས་ཤིང་རྟག་ཏུ་བཅིངས།། ཀུན་གྱི་ཡང་དག་རྟོགས ་བྱའི་ཕྱིར། ། དེ་བཞིན་ཆོས་སྐུའི་གཟུགས་བརྙན་བསྟན།། རྟོག་དང་མི་རྟོག་རང་རིག་དང་།། ཡང་དག་ཐབས་ཆེན་རྫོགས་པའི་དོན།། རིན་ཆེན་སྣ་ཚོགས་ལ་སོགས་དང་།། འབྱུང་བ་བཞི་ལས་གྱུར་རྣམས་ཀུན།། ཐམས་ཅད་བྱང་ཆུབ་མཆོག་གི ་རྨཱ། ། གཟུགས་སོགས་རི་མོར་བྲིས་པ་དག། ཡེ་ཤེས་ཆེན་པོ་རབ་འབྱམ་གྱིས།། དོན་དུ་མི་འགྱུར་ཡོད་མ་གསུངས།། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས།། ཐམས་ཅད་དབྱིངས་སུ་བསྡུས་ནས་ནི།། ཉིད་ཀྱི་ཐུགས ་ལ་བསྟིམ་བྱས་ཏེ། ། ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ།། དཀྱིལ་འཁོར་རྣམ་གསུམ་དག་བྱས་པས།། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ།། རང་རིག་ཡེ་ཤེས་འདུ་འཕྲོ་ཡིས།། ཐམས་ཅད་ཆོས་སྐུ་ཕྱག་རྒྱ་ཆེ།། ཡང་དག་རྟོགས ་པའི་ཁྱད་པར་གྱིས། ། ཏིང་འཛིན་དོན་རྣམས་གསལ་བསྒོམས་ཏེ།། མ་མཱ་ཀིའི་རྒྱུན་ཆགས་ལ།། ཡང་དག་ཆོས་སྐུ་ཕྱག་རྒྱ་ཆེ།། དེ་བཞིན་ཏིང་འཛིན་གསལ་སྒོམས་ནས།། དོན་མཆོག་མ་ལུས་རྫོགས་པའི་ཕྱིར།། མཁའ་ལ་འཕྲོ་བའི ་དཀྱིལ་འཁོར་དུ། ། དྲི་མེད་ཆོས་སྐུ་ཕྱག་རྒྱ་གསལ།། དབྱངས་དང་དེ་བཞིན་ཉིད་མེད་པར།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས།། ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར།། སྣ་ཚོགས་ཕྲིན་ལས་རྣམ་པར་རོལ།། དོན་གྱི་སྙིང་པོ ་མཆོག་རྣམས་ཀྱང་། ། བྱང་ཆུབ་ཕྱོགས་རྣམས་རབ་དུ་རྫོགས།། འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར།། ཨ་ཧོ།། ཆོས་སྐུ་ཕྱག་རྒྱ་དེ་དག་ལས།། ལས་ལྔའི་དཀྱིལ་འཁོར་རབ་དུ་སྒྲུབ།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། ་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར།། བདག་ཉིད་དྲག་པོ་བསྒོམས་ནས་ནི།། ཆོས་སྐུ་ནག་པོ་འོད་འབར་གྱིས།། བགེགས་ཀྱི་ལིང་ག་མནན་པར་བྱ།། གཏུམ་པོ་རྔམ་པོའང་རླག་པར་འགྱུར།། ་མཐུན་ཕྱོགས་ཀྱང་རྡུལ་དུ་དྲོག། འོད་དག་འགྲོ་བ་ཐམས་ཅད་དུ།། ཤིན་ཏུ་སྟོབས་དྲག་ཆེ་ལྡན་འགྱུར།། ཐམས་ཅད་གཉིས་མེད་དབྱིངས་བསྤུའི་ཕྱིར།། བདག་ཉིད་ཧ་ཡ་གྲཱི་བར་སྒོམ།། དམར་པོའི་ཆོས་སྐུ་གསལ་བསྒོམས་ཏེ།། མི ་མཐུན་ཕྱོགས་རྣམས་གདན་དུ་གདིང་། ། ཏིང་འཛིན་གསལ་བས་བྱིན་བརླབས་ན།། ཐམས་ཅད་མ་ལུས་དབང་དུ་བསྡུ།། མཐུ་ཆེན་དག་ཀྱང་ཕྱི་བཞིན་འབྲང་།། ཅི་འདོད་ལས་རྣམས་བྱེད་པར་འགྱུར།། ཐམས་ཅད་ཡོན་ཏན་འཕེལ་བྱའི། ་ཕྱིར།། བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ།། གསེར་གྱི་མདོག་འདྲ་ཕྱག་རྒྱར་སྒོམ།། གང་འཕེལ་ཆོས་སྐུ་གདན་དུ་བཞག། དེ་ལྟར་དག་པས་བྱིན་བརླབས་ན།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། ཚེ་དང་ལོངས་སྤྱོད་འཕེལ ་བ་དང་། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། གཏུམ་ཁྲོ་མ་ལུས་འབྱའི་ཕྱིར།། དཀའ་ཞིང་འཚེར་བའི་ཆོས་སུ་སྒོམ།། གང་ཞིག་གཏུམ་ཁྲོ་ཞི་བའི་གདན།། དེ་བཞིན་ཏིད་འཛིན་བྱིན་བརླབས་ན།། ་གཏུམ་པོ་རྔམ་པོའང་ནི་བར་འགྱུར།། གཞན་ཡང་ཇི་ལྟར་དམིགས་པ་བཞིན།། ཞི་ཞིང་དྲལ་བ་ཉིད་དུ་འགྱུར།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། རྣམ་བཞིད་དཀྱིལ་འཁོར་དབྱིངས་སུ་བསྡུས།། བྱ་བྱེད་མེད་པར་དཀྱིལ ་འཁོར་སྤྱད། ། ལྡན་གྲུབ་དཀྱིལ་འཁོར་ཡེ་ནས་རྫོགས།། མ་ཧོ།། ཆོས་སུ་ཕྱག་རྒྱ་ཆེན་པོ་ནི།། དངོས་གྲུབ་གང་འདོད་སྦྱིན་པར་ངེས།། ཉེ་བའི་ལྷ་ནི་གང་བསྒྲུབ་པ།། ཕྱག་རྒྱའི་སྙིང་པོ་བྲིས་བཅུག་ནི།། གང་བསྐམས་ཐེ་ཚོམ་མད ་པར་འགྲུབ། ། དེ་ནི་རྒྱལ་བ་ཀུན་དང་མཉམ།། ཐེ་ཚོམ་མེད་དེ་དེས་འགྲུབ་འགྱུར།། འཇིག་རྟེན་པའི་ལྷ་བསྒྲུབས་ན།། ལྷ་ཡི་སྙིང་པོ་གང་ཡང་རུང་།། བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན།། ལྷ་དེ་ཉེ་བར་འགྲུབ་པར་འགྱུར།། ཆོས ་ཉིད་རྟེན་ཅིང་འབྲེལ་བྲིས་ན། ། ཆོས་ཀྱི་དོན་རྣམས་རྟོགས་འགྱུར་ཏེ།། རང་དང་སྤྱི་ཡི་དོན་རྟོགས་ནས།། སྐྱེ་རྒན་འཆི་མེད་པར་རྟོགས།། ཕྱག་རྒྱ་ཆེན་པོ་དེ་དག་ལ།། ཉོན་མོངས་ལས་རྣམས་སྤྱོད་བྱེད་པའི།། སྙིང་པོ་མ་ནོར་དོན་བྲིས་ན།། ་ངན་སོང་སྡུག་བསྔལ་མེད་པར་འགྱུར།། གཞན་ཡང་དཀྱིལ་འཁོར་བས་མ་ཡས་དང་།། དཔག་ཚད་མེད་པའི་ཕྱག་རྒྱ་ཆེ།། སྐུ་གསུང་ཐུགས་ནི་རྒྱུན་མི་ཆད།། ཞིང་ཁམས་བྱེ་བ་རྡུལ་དང་མཉམ།། ཨ་ཧོ།། རྡོ་རྗེ་གསང་བའི་ཚིག་ཏུ ་སྒྲ་འཕྲལ་དྲ་བ་ལས་ལྷག་པའི་གཟུགས་བརྙན་གྱིས་དངོས་གྲུབ་ལེན་པའི་ཐབས་ཏེ་མཆོད་རྟེན་གདབ་པའི་ལེའུ་སྟེ་ཉི་ཤུ་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རྒྱལ་པོ་དབང་སྦྱིན་པ་ཞེས་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པའིའདི་བརྗོད་དེ། ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས།། བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན།། རྡོ་རྗེ་ལམ་ལས་པད་མོར་དཀྱིལ།། རྩེ་ནས་བསྟིམ་ཞིང་དཀྱིལ ་འཁོར་སྦྱར། ། ཉན་བྱེད་འཁོར་ལོའི་གཞལ་ཡས་ས།། གསལ་བའི་ཐོག་ལ་བོ་ཉིད།། ཏྲ་གི་ཕྱག་རྒྱའི་ཚོགས་མཆོག་ལས།། དེན་ཆེན་དཀྱིལ་འཁོ་གས་ལ་སྤྲོ་བསྟེམ།། གས་པའི་གསང་ཆེན་གསང་མཆོག་དང་། ་གསརབ་ཀུན་ལ་མཉམ་པར་བྱ།། གསང་བའི་དོན་ཉིད་རྟོགས་པ་ལས།། གཞན་དུ་སྨྲ་བར་བྱ་བ་མིན།། གསལ་བའི་འཁོར་ལོག་ཞལ་ཡས་སུ།། གསལ་བའི་ཐིག་ལེ་ངོ་བོ་ཉིད།། ཡི་གེ་ཕྲེང་བའི་ཚོགས་མཆོག་ལས།། རིགས་ཀྱི ་དཀྱིལ་འཁོར་གས་ལ་སྤྲོ་ཐིམ། ། ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་།། རྒྱལ་བ་ཐམས་ཅད་མཉེས་མཆོད་ལ།། རྒྱལ་བ་ཀུན་དང་མཉམ་པར་སྦྱོར།། ལག་པའི་འཁོར་ལོ་གཞལ་ཡས་སུ། ་གསལ་བའི་ཐིག་ལེའི་ངོ་བོ་ཉིད།། ཧཱུཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས།། ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ།། ཨོཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་པས།། ལས་རྣམས་མ་ལུས་ཀུན་བྱོས་ཤིག། ཕོ་ཉ་འདུ་འཕྲོ་མར་པོ་ཀུན།། ཁྱོད་ཀྱི་དགྲོ། ་པ་བྱེད་པ་ཡིན།། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ།། གས་བའི་ཐིག་ལེ་ངོ་བོ་ཉིད།། ཧྲཱིཿཡི་ཕྱག་རྒྱ་ཚོགས་མཆོག་ལས།། ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ།། ཨོཾ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས།། དད་ལྡན་སྐྱེས་བུ་ངོམས་པར ་བྱོས། ། རབ་འབྲིང་ཐ་མའི་བློ་ཅན་ལ།། འཐུན་པར་གསང་བསྒྲགས་གཞན་དུ་མིན།། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་ལེའི་ངོ་བོ་ཉིད།། ཧཱུཾ་ཨཱིཾ་སྲཾ་ཨཾ་ཧཱཾ་རྣམས་ལས།། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང ་བསྒོམ། ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད།། སློབ་དཔོན་མཉེས་པད་མ་བྱས་ཤིང་།། དབང་རྣམས་ཐོབ་པར་མ་བྱས ་བར། ། ཉན་པ་ལ་སོགས་བརྩོམ་པའི་རྣམས།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དབུ་རྒྱན་ཅོད་པན་ཕྲེང་བ་དང་།། གོ་ཎ་རྒྱལ་མཚན་ཕྱག་རྒྱ་དང་།། གདུགས་དང་བུམ་པ་བཟའ་བཏུད་དང་།། སྙིང་པོ་ལྔ་ཡིས་དབང་བསྐུར་ན།། ་དུས་འདི་པན་ཆད་རྒྱལ་བའི་སྲས།། ངན་སོར་ཐམས་ཅད་མེད་པ་དང་།། གཉེན་པོར་གྱུར་པའི་རྩལ་འཆང་བུ།། ཚེ་རི་དབདེ་བ་ཕུན་སུམ་ཚོགས།། ཀུན་ཏུ་བཟང་པོ་ལ་སོགས་མཚན།། མཐོ་རིས་ཐར་པའི་དབང་པོར་གྱུར།། ལུས་དང ་ཕུང་པོར་བཅས་པལས། ། རིག་འཛིན་ས་ལ་གནས་པའི་ས།། རིག་འཛིནས་ལ་གནས་པལས།། བླ་མད་ཀུན་ཏུ་བཟང་པོར་འགྱུར།། ཡུམ་དང་སྒེག་མོ་ལ་སོགས་ལ།། དེ་ཉིད་བྱིན་གྱིས་རློབ་པར་གྱུར།། ཕོ་ཉ་འདུ་འགྲོ་མང་པོ ་རྣམས། ། སངས་རྒྱས་བཀའ་ལས་མི་འདའ་ཞིང་།། དེའི་དགོས་པ་བྱེད་པ་དང་།། སྒྲོ་དང་སྐུར་བ་ལ་སོགས་པ།། དེ་ནི་མྱུར་དུ་རླག་པར་འགྱུར།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། མཐོ་རིས་ཐར་པའི་བདག་པོར་འགྱུར། ཞེས་ཆེད་དུ ་བརྗོད་དོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དབང་སྦྱིན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་དེགྱེས་པ་ཆེན་པོ་མཉམ་པ་ཉིད་ལ་བཞུགས་ནས་ལྷག་པའི་ཏིང་ངེ་འཛིན་གྱིས་དངོས་གྲུབ ་དཱུར་བར་ལེན་པའི་ཐབས་འདི་གསུངས་སོ། ། དེ་བཞིན་ཉིད་དང་མཉམ་སྦྱོར་ཕྱིར།། དམ་པའི་དོན་གྱིས་བསྒོམ་པར་བྱ།། བྱང་ཆུབ་ཕྱོགས་ལ་གཟུང་བར་གནས།། མཆོག་དུ་བདེ་བའི་ཞིང་གནས་པས།། མཉམ་རྫོགས་ཆེན་པོའི་ལྷུན་སྒོམ ་ཞིང་། ། བྱང་ཆུབ་སེམས་སུ་བརྟན་པར་བཟུང་།། བྱ་བ་མེད་ལས་བྱ་བྱེད་བྱ།། མི་གནས་གནས་ལ་གནས་པར་བསྒོམ།། བྷ་གའི་དཀྱིལ་དུ་ལིང་ག་ཨ།། ཤིན་ཏུ་འཚོང་ཞིང་གསལ་བསྒོམས་ནས།། འོད་འཕྲོ་འབར་བས་ཐམས ་ཅད་ཁྱབ། ། དུས་གསུམ་ངན་སོ་དག་ནས་བསྲེགས་ནས།། བྷ་གའི་དཀྱིལ་དུ་འོད་འཕྲོ་ཐིམ།། ཐིམ་འགྱུར་དབྱིངས་ནས་འོད་འཕྲོ་འབར།། ཨ་མ་ལས་ནི་ཟླ་ཉི་འབར།། ཕྱོགས་བཅུར་འཐོམས་པའི་མུན་སེལ་ཞིང་།། ཉོན་མོངས ་སྡུག་བསྔལ་བསིལ་བའི་སྟན། ། ཟུགས་རྗོ་བྱིན་བརླབས་བསམ་མི་ཁྱབ།། རོལ་པའི་ཕྱག་རྒྱབསམ་མི་ཁྱབ།། མཁའ་ལ་འ་འཚེན་སྤུན་མང་ཡང་།། ནམ་མཁའ་དབྱིངས་སུ་ཐམས་ཅད་བསྡུས།། ཐམས་ཅད ་མཁྱེན་པའི་བསམ་ཡས་ཀྱང་། ། ཆོས་ཀྱི་དབྱིངས་སུ་ཐམས་ཅད་འདུས།། ཐམས་ཅད་ཡི་གེ་ཧཱུཾ་དུ་གྱུར།། ཧཱུཾ་ཉི་གསང་བའི་ཐུགས་རྗེའི་དཀྱིལ།། འོད་ཟེར་འཕྲོས་པས་འབྲུ་གསུམ་སྟེ།། ཡང་ན་འོད་ཟེར་འབྲུ་ལྔ་ཡི།། ལྔ་པའི་དོན་སྤྲོས ་བཞི་བཅུ་ལྔའི། ། གཞན་ཡང་དཀྱིལ་འཁོར་བས་མ་ཡས་མཆོག། མ་བཅོས་རང་གིས་གནས་པ་ལ།། ཡེ་ཤེས་ལྷག་པའི་དཀྱིལ་འཁོར་སྒོམ།། སེན་ཟླུམ་ཟླ་བ་གང་པ་ཡི།། ཐུགས་ཀྱི་དཀྱིལ་དུ་གནས་པར་བྱ།། ཉི་མའི་དཀྱིལ ་འཁོར་གང་བ་ཡི། ། གཞལ་ཡས་འོད་ཟེར་འབར་བའི་གང་།། པད་མའི་གདན་དང་རིན་པོ་ཆེ།། དེ་དཀྱིལ་ཡི་གེ་ཧཱུཾ་གནས་པ།། ཤིན་ཏུ་ཕྲ་ཞིང་ཡུངས་འབྲུ་འབར།། གནས་གཅིག་དང་ནི་གནས་གསུམ་དང་།། གནས་ལྔ་དག་ཏུ་རབ་དུ་མཱ~ཾ། ་ཤེས་རབ་ཅན་ལ་འདྲིས་པ་དང་།། ནིའི་མིག་གིས་བལྟར་ཡོད་པར།། ཤིན་ཏུ་ཕྲ་ཞིང་གསལ་བར་བསྒོམ།། ཤིན་ཏུ་བློགས་ལ་འདྲིས་གྱུར་ནས།། ཕྱོགས་བཅུའི་སྟོང་ཁམས་རྡུལ་སྙེད་དུ།། ཐུགས་རྗེའི་བྱིན་བརླབས་བསམ་ཡ ་སྤྲོ། ། སྤོས་ཀྱང་ཧཱུཾ་ལས་ཉམས་པ་མེད།། བསྡུས་ཀྱང་ཕྱོགས་བཅུ་བྲི་བ་མེད།། སྤྲོ་མེད་བསྡུ་མེད་དེ་བཞིན་ལས།། ཡི་གེ་མུཾ་དུ་ཐིམ་པར་གྱུར།། ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱ་འབར།། ཤིན་ཏུ་གསལ་ཞིང་འདྲིས་པ་དང་།། ཕྱག ་རྒྱའི་སྐུ་ཉིད་གསལ་བར་བསྒོམ། ། སཱུ་དེ་ཚན་གང་འོད་འབར་ནས།། ཐབས་དང་ཤེས་རབ་ལྡན་པའི་ཨུ0f7f།། འོད་འཕྲོ་འབར་ཞིང་དོན་བྱེད་བསྒོམས།། ཡང་ན་ཕྱུག་རྒྱ་ཆེན་པོ་སྟེ།། བདག་ཉིད་ཞལ་གཅིག་ཕྱག་གཉིས་བསམ།། ཞལ ་གསུམ་ཕྱག་དྲུག་རྟག་དུ་བསྒོམ། ། གཞལ་ཡས་ཁང་དང་གདན་ཁྲི་རྣམས།། ཕྲ་བའི་ཚུལ་ཏེ་སྔ་མ་བཞིན།། མཚན་དང་དཔེ་བྱད་ཐམས་ཅད་ལྡན།། དབུ་རྒྱན་ཡི་གེ་ལྔ་དང་ལྡན།། རྡོ་རྗེ་འཁོར་ལོ་རལ་གྲི་འབར།། རིན་ཆེན་པད་མ་དྲིལ་བུ ་འབར། ། ཕྱག་རྒྱ་ཆེན་པོ་དེ་དག་ལས།། ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་།། ཉི་ཟླ་གཟའ་སྐར་དཀྱིལ་འཁོར་གདན་དང་རྒྱན།། བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ།། ཐུགས་རྗེ་བྱིན་བརླབས་འགྲོ་དོན་མཛད།། ཞི ་བ་ཕྱོགས་གཅིག་ཤེས་བྱ་སྤྲོ། ། ས་བཅུ་མཉམ་པར་སྦྱོར་བྱེད་ཅིང་།། བདེ་གཤེགས་འཁོར་ཡང་དག་པར་བྱེད།། དེ་ལྟར་སྒྲུབ་པའི་རིགས་མཆོག་དེ།། འབྲས་བུ་མངོན་དུ་མ་སྨིན་ཀྱང་།། སྡུག་བསྔལ་ཐམས་ཅད་ཡོད་མི་འགྱུར།། ་མི་མཚན་རྫོགས་ཡོངས་སུ་འགྲུབ།། ཐེག་པ་དམན་པར་ཡོད་མི་སྐྱེ།། བདེ་གཤེགས་འབྱུང་དང་སྐོལ་མི་འགྱུར།། བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན་ཞེས་ཉིད་ལ་ཉིད་གསུངས་སོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང ་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྦྱར་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ ་འདི་བརྗོད་དོ། ། རྒྱུ་གཅིག་དང་ནི་ཡིག་འབྲུ་ཚུལ།། བྱིན་གྱིས་བརླབས་དང་མངོན་སུམ་པར།། རབ་དུ་རྟོགས་པ་རྣམ་བཞི་ཡིས།། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།། ཡན་ལག་དབང་པོ་རྣམ་ཤེས་ཀུན།། རྣམ་སྨིན་ཨོཾ་དུ་ཏྲ ་པར་བྱ། ། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ།། ཡང་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ།། གཟུགས་སྒྲ་དྲི་རེ་རིག་ལ་སོགས།། རྣམ་སྨིན་མུཾ་དུ་ཤེས་པར་བྱ།། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ།། ཡང་ན་ཁྲོ་མོའི་དཀྱིལ ་འཁོར་བསྒོམ། ། གོས་རྒྱན་བཟའ་བ་ཏུང་གླུ་དང་ཚིག། བྲོ་ག་ཚོགས་ཀྱི་སྤྲིན་ཕུང་ལ།། པཱུདུ་ཤེས་པས་རབ་སྤྱད་ན།། ངོ་མཚར་མང་དུ་བྱུང་བ་ཡི།། དཀྱིལ་འཁོར་མ་ལུས་མཉེས་པར་འགྱུར།། ལྷ་མོ་ཀླུ་མོ་རིགས་ངན་མོ།། དབྱེས ་འམ་ཡང་ན་མི་དབྱེ་བར། ། སྙེན་པ་དང་ནི་ཉེ་བསྙེན་པའི།། བསྒྲུབ་པ་དང་ནི་སྒྲུབ་ཆེན་པོ།། ཡུམ་གྱི་པད་མའི་དཀྱིལ་འཁོར་དུ།། བདེ་བའི་ཐུགས་ཀྱི་དཀྱིལ་འཁོར་སྤྲོ།། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ།། དགྱེས་མཉམ་མཆོན ་གི་སྦྱིན་པས་བསྟིམ། ། གྲུབ་པའི་ཉི་ཟླ་སྙིང་པོ་དེ།། འགྲོ་དྲུག་དུས་གནས་དེ་དག་ཉིད།། མཆོད་པ་ཆེན་པོར་མཉེས་སྦྱར་ཞིང་།། དཀྱིལ་འཁོར་རྡོ་རྗེ་རྩེ་ཡིས་བླང་།། མཁའ་འགྲོ་གས་ལ་འབར་ཚེ་ལ་སོགས།། ཡིད་བཞིན ་སྤྲིན་གྱི་བདག་པོར་འགྱུར། ། ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས།། ཉི་ཟླའི་དཀྱིལ་དུ་མཁས་པས་བཞག། ང་རྒྱལ་ལག་གིས་འདུ་བྱེད་བསྒོམ།། ཧཱུཾ་དུ་གྱུར་པས་རྣམ་པར་དག། དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབབ ་སུར་འགྱུར་འོད་ཟེར་འཕྲོ་བས་བརྗིད། ། གཙུག་ཏོར་རྣམ་པར་རྒྱལ་བ་བསྒོམ།། ངོ་མཚར་ངན་འགྲོ་ཐར་པའི་ཐབས།། ཨེ་ནས་སྐྱེ་མེད་དེ་བཞིན་ཉིད།། སྒྱུ་མ་སྣང་བ་མིག་ཡོར་ཚུལ།། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་།། རྡུལ་བྱ་ཙམ་ཡང ་བྱས་པ་མེད། ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་།། མཉམ་ཉིད་ལྷག་པའི་མཉམ་ཉིད་ཀྱིས།། དཀྱིལ་འཁོར་ཀུན་དུ་བཟང་པོའི་ཞིང་།། བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས།། ཡན་ལག་མ་ཉམས་ཡོ་བྱད་ལྡན།། ཆོ་ག ་རྫོགས་པར་ཤེས་པ་ཡི། ། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས།། ངེས་པར་ལེགས་པའི་དགོས་པ་འགྲུབ།། ལྔ་ཞིང་ལྔ་དང་སྦྱོར་བ་ཡི།། ཚོམ་བུ་ལྔ་ཡི་ལྷ་བཀོད་ལ།། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ།། འཁོར་ལོའི་ཚུལ་དུ ་རྣམ་པར་བསྒོམ། ། དེ་བཞིན་གཤེགས་དང་རྡོ་རྗེ་རིགས།། པད་མོའི་རིགས་དང་སྐུ་གསུང་ཐུགས།། ཁྲོ་བོའི་ཚོགས་དང་ལྡན་པ་ཡི།། ཆོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ།། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ།། ཐུགས་ཀྱི ་ཐུགས་ཏེ་ཐུགས་ཀྱི་མཆོག། ཁྲོ་བོའི་ཚོགས་དང་ལྡན་པ་ཡི།། ཚོམ་བུ་གཅིག་གི་ལྷ་རྣམས་བསྒོམ།། ཁྲོ་བོ་ཁྲོ་མོ་ཚོགས་ཆེན་དང་།། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས།། ཅི་བགྱིས་ལ་སོགས་པ་རྣམས་ཀྱིས།། དངོས་གྲུབ ་ལས་རྣམས་རྫོགས་པར་བྱེད། ། རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི།། མཉམ་རྫོགས་ལྷུན་གྲུབ་དང་གནས་ཤིང་།། སྤྱོད་པ་ཅི་ལའང་ཐོགས་མེད་པའི།། ཐམས་ཅད་ཡེ་ནས་དབྱེར་མེད་པའི།། རྡོ་རྗེའི་རིགས་སུ་ཐམས་ཅད ་དཀྱིལ། ། འོད་འཕྲོ་འབར་བ་རབ་དུ་སྒོམ།། ཆགས་མེད་ཚུལ་གྱིས་བསྟིམ་པར་བྱ།། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ།། ཡང་ན་སུ་གསུང་ཐུགས་ཉིད་དེ།། ཐམས་ཅད་མ་ལུས་སྐུ་གསུང་ཐུགས།། ཏིང་འཛིན་གསལ་བར་འོད་ཟེར།། ་འཕྲོ།། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ།། རིགས་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར།། དཀྱིལ་འཁོར་མ་ལུས་འབར་བ་གྲུབ།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། རྡོ་རྗེ་རིགས་སུ་བསྐྱེད་པའི་གནས།། སྔགས་འཆང་དངོས ་གྲུབ་ཡང་དག་ནི། ། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་སྒོམ།། ཆགས་པ་མེད་པའི་ཚུལ་གྱིས་ནི།། འོད་ཟེར་རྣམ་པ་མང་པོ་སྤྲོ།། གཉིས་སུ་མེད་པར་བསྟིམ་པར་བྱ།། དངོས་གྲུབ་མཆོག་གི་སྙིང་པོ་འབྲུག ་རྣལ་འབྱོར་ཐབས་དང་ཤེས་རབ་ཀྱི། ། དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ།། སེམས་དཔའ་སེམས་མ་ཉིད་དུ་བསྒོམ།། སོ་སོ་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་ཡང་དག་སོ་སོར་གསལ།། གནས་དང་ལོངས་སྤྱོད་ཅི་བདེ་དང་།། མཉམས ་བློ་ནི་རབ་ལྡན་པས། ། དང་པོ་དམ་མནོས་བཞིན་དུ་བྱ།། ལེ་ལོ་སྒྱིར་སྙོམ་མེད་པ་ཡི།། ཐེ་ཚོམ་མེད་པར་བསྒྲུབ་བྱས་ན།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། རྡོ་རྗེ་གསང་མཆོག་དམ་པ་ཐོབ།། གྲུབ་པའི་ཞག་དང་ཚེས་གྲངས ་ནི། ། རྒུད་ལས་སྨོས་པ་བཞིན་དུ་བྱ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཞེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར ་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ། རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ་དྲ་བས ་མངོན་རྫོགས་པའི། ། དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན།། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས།། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར།། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས།། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། རྒྱན་དང་བགོ་བའི་ཕྱག་རྒྱ ་འབར་བའི་རྒྱལ་པོ་ཐོགས་མེད་འགྲུབ། ། བཟའ་དང་བཏུང་བའི་ཕྱག་རྒྱས་ནི།། ཡིད་བཞིན་སྐུ་དང་བདུད་རྩིར་འགྲུབ།། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས།། སྐུ་གསུང་མཆོག་གི་ཐུགས་ལྡན་པས།། ཐམས་ཅད་ཐམས་ཅད ་འགྲུབ་པར་འགྱུར། ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས།། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན།། ནུས་མཐུ་ཅན་དུ་གང་གྱུར་པ།། རིགས་འཛིན་རྒྱལ་བའི་ཞིང་དུ་གྲགས།། མི་དང་ལྷ་དང་ཚངས་པ་ཡི།། སྐྱེ་བ་རྣམ་ངག་འཛིན་མོད་ཀྱི།། ་ཁྱད་པར་ས་ལ་གནས་གྱུར་ཡིན།། ཕ་རོལ་ཕྱིན་པ་ཀུན་དུ་རྫོགས།། ཐབས་དང་ཤེས་རབ་མཆོག་གི་མཆོག་གྱུར་པཱི།། ས་ཡི་ཁྱད་པར་བཅུ་དང་གསུམ།། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས།། མཁའ་དབྱིངས་དང་བའི་དབྱིངས་ཉི་ཟླ།། ་ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་སྒོམ།། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན།། མ་ལུས་པར་ནི་བསྒོམས་པར་འགྱུར།། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་།། རྫོགས་པའི་སངས་རྒྱས་རྙེད་མི་འགྱུར།། སེམས་ཉིད་རྫོགས་པའི ་སངས་རྒྱས་ཏེ། ། སངས་རྒྱས་གཞན་དུ་མ་ཚོལ་ཅིག། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས།། དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར།། ཆོག་ལྷག་གམ་མ་ཚང་ན།། སྐྱོན་ཉིད་དག་སྟེ་ཉེས་པ་མེད།། ཅེས་ཆེད་དུ་བརྗོད་པས ་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། ། རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ།། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་།། ཨ་ཧོ།། མ་མཐོང་རྨོངས་ལ་ཆགས་པ་ཡིས།། ཆོས ་རྣམས་མིང་དུ་བཏགས་པ་ཙམ། ། འགྲོ་དྲུག་དུས་གནས་མིང་ཚོགས་ཁྱད་པར་རབ་སྣང་བའི།། ཟབ་ཆེན་སྤྱོད་ཡུལ་ལོག་པར་རྟོགས་བརྟགས་མིང་ཙམ་པ།། ཨ་ལི་ཀཱ་ལི་ལ་སོགས་འདོད་པའི་སྙིང་པོ་ཉིད།། ཕྱག་རྒྱ་གླུ་ཅིག་སྒྲ ་གསུང་ཟུགས། ། ཐུགས་ཀྱི་ཐུགས་ཆེན་ཡོན་ཏན་རྫོགས་པའི་སངས་རྒྱས་ནི།། ཉིད་དེ་མཉམ་པའི་ཐུགས་སུར་འདུགས་ལ།། མཉམ་ཉིད་ཁྱབ་པའི་སྟབས་དབྱ་ཡོན་ན་མཆོག་སྟེ་སྔགས་ཀྱི་ཕྲིན་ལས་རྫོགས།། རྡོ་རྗེགསང་པའི་ཚིག ་ཏུའོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་གྲུབ་པའི་ལེའུ་ས་ཉི་ཤུ་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས་དཀྱིས ་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོའི་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། མ་རྟོགས་པ་དང་ལོག་པར ་རྟོགས། ། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། འདུལ་བ་དགོངས་པ་གསང་བ་དང་།། རང་བཞིན་གསང་བའི་དོན་རྣམས་ནི།། ཡི་གེ་སྒྲ་བརྟགས་མིང་ཚོགས་ལ།། བདེན་པའི་ཚིག་གིས་རབ་མཚོན་ཏེ།། ཁོང་ནས་གབ་སྦས་དོན་འབྱིན ་པ། ། སྟོན་པ་རྡོ་རྗེ་ཐུགས་ལ་གནས།། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ།། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ།། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག། གས ་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། ། སྐུ་གསུང་ཐུགས་རིག་ཀུན་མངའ་བའི།། བདེར་གཤེགས་ཀུན་གྱི་སྙིང་པོ་རྫོགས།། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ།། ཆེན་པོ་རིགས་ཀྱི་དེ་བཞིན་ནོ།། བྱང་ཆུབ་སེམས་ནི་རྡོ་རྗེ་ཚིག ་དབང་པོ་ཡུལ་དུས་རིག་པའི་རྣམས། ། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ།། བདག་ཉིད་ཆེན་པོ་ལྷག་པ་ཡི།། ཐུགས་ཀྱི་ཡེ་ཤེས་ལྔས་ལྟ་ཞིང་།། སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས།། བདེ་བའི་ཡེ་ཤེས་རོལ་མོ་ཡིས།། ་ཡེ་ཤེས་དགྱེས་ལ་མཉེས་པར་དབུལ།། ཟག་པ་མེད་པའི་བསོད་ནམས་ཀྱིས།། ཡེ་ཤེས་སྒྱུ་མ་རང་སྣང་བ།། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། དེ་ནི་སངས་རྒྱས་ཀུན་གྱི ་དངོས། ། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས།། མ་ལུས་བདག་ཉིད་ཞལ་མཐོང་བ།། དབང་བསྐུར་མཆོག་ཉིད་དམ་པ་ཡིན།། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད།། ་རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ།། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས།། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས།། ཐུགས་ཀྱི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་།། ཕྱོགས་དུས ་དཀྱིལ་འཁོར་འདུལ་བཱི་མགོད། ། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས།། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད།། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ།། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས།། རང་འབྱུང་ཀུནས ་ལྷུན་གྱིས་གྲུབ། ། འདི་ན་སངས་རྒྱས་ཐམས་ཅད་ཀྱིས།། འདའ་བར་མི་མཛད་དམ་ཚིག་མཆོག། གང་ཞིག་འདི་ལ་མོས་གྱུར་པ།། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས།། ཕྱོགས་དུས་ཀུན་ནས་ཐམས་ཅད ་དུ། ། དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས།། ཉེ་བའི་སྲས་སུ་དགོངས་པར་འགྱུར།། བསྐལ་པ་ཞིང་གི་རྡུལ་སྙེད་དུ།། ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་།། དཀྱིལ་འཁོར་མ་ལུས་བསྙེན་པ་ཡིན།། འབྲས་བུ་གསང་ཆེན ་འདི་ཡིན་ཏེ། ། འཇིག་རྟེན་དྲུག་གི་ཕྱོགས་བཅུན།། འདས་དང་ད་ལྟར་བྱུང་བ་ཡི།། རྒྱལ་བའི་དཀྱིལ་འཁོར་མ་ལུས་པས།། བརྙེས་པས་སྐུ་ལྔ་ལྷུན་གྱིས་རྫོགས།། འབྱུང་དང་མ་འོངས་ཐམས་ཅད་ཀུན།། འདི་ཡིས་ལྷན ་གྱིས་གྲུབ་པར་འགྱུར། ། འདི་ནི་གསང་ཆེན་ངེས་པ་ཡི།། འབྲས་བུ་ལམ་དུ་གྱུར་པ་ཡིན།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།། འདི་ཡིས་གསང་བའི་དེས་དོན་མེད།། བཙལ་ཀྱང་རྒྱལ་བས་མི་རྙེད་དོ།། ཀུན་གྱི་ཕྱག་རྒྱ་ཆེན ་པའི་མཆོག། ཐས་པསམས་བསྒོམས་ལ་རབསྣངས་པའི།། ཤེས་རབ་མོག་ལྡན་རྣམས་ཀྱིས་བཟུང་།། སྣོད་ལྡན་དང་ཚུལ་བཟང་ལ་ག་ན།། ལུམ་དང་ལོངས་སྤྱོད་གཏོང་ལ་སྦྱིན།། གཞན་ནམ་ཡང་སྦྱིན་པ་བྱ། ཛཿ ་ལ་འབྱུང་བས་གལ་ཏེ་སྦྱིན། ། དུས་མིན་པར་ནི་སྲོག་ཟད་ནས།། བསྲེགས་དང་སྒྲིབས་པར་ཡུན་རིང་གནས། ཤེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ།། ཀྱིལའི་ཁོང་ལྡན་པའི་དཀྱིལ་འཁོར་གྱིས།། དཀྱིལ་འཁོང་ཡིནི། ་དཀྱིལ་འཁོར་བསྒོམ།། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ།། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་པ་མན་ངག་གི་སྙིང་པོའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། ་དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དགྱེས་པ་ཆེན་པོའི་ངང་ལས་གསང་བ་འབྱུང་བ་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ།། ཐམས་ཅད་མ་ལུས་དུས་གསུམ་བདེར་གཤེགས་མཆོག། གདོད ་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། ། རང་བཞིན་དབྱེར་མེད་གདོད་མཐའ་མི་བྱེད་ཅིང་།། ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན།། འགྲོ་འོང་མེད་པར་དུས་གསུམ་གཅིག་ཅར་རྫོགས།། དབྱེ་བསལ་མེད་ཕྱིར་བཟང་ངན ་བླང་དོར་མེད། ། རྣམ་རྟོག་ཉིད་ན་ཡེ་ཤེས་རང་བཞིན་ཏེ།། རྣམ་རྟོག་མི་སྐྱེད་ཡེ་ཤེས་བརྗོད་དུ་མེད།། བདག་ཏུ་མེད་པའི་སྐྱེས་མཆོག་སྔོན་སྦྱངས་པ།། ཁྲི་ལ་འགའ་ཙམ་གལ་ཏེ་འབྱུང་འགྱུར་ཞིང་།། སྔར་བས་ཕྱིས་འབྱུང་དག་དང ་དབྱེར་མེད་པའི། ། མངོན་སུམ་སངས་རྒྱས་སྐྱེས་མཆོག་དེ་དག་ལ།། བསྐལ་པ་འགའ་ནས་ཤེས་རབ་བློ་སྦྱངས་པ།། དང་ལྡན་འགའ་ཡིས་འཚམ་པར་ཅི་ཐེག་གི། བདག་ཉིད་མ་མཐོང་ཤེས་རྒྱུ་མ་འབྱོངས་པ།། གཞན་དུ་ཚོལ ་ཞིང་རྨོངས་པའི་སེམས་ཅན་གྱིས། ། བསྟན་ཀྱང་མ་ཐོས་མཆོས་ཀྱང་མ་མཐོང་བ།། བདག་ཅག་གཞན་དུ་ཚོལ་བས་སངས་མི་རྒྱས།། དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་།། བགྲོད་པར་འདོད་པས་ཕྱིན་པར་མི་ནུས་ཏེ།། ཤེས་རྒྱུད ་ཅི་ཡིན་གང་གིས་ངོ་ཤེས་ཤིང་། ། བྱ་བྱེད་ལས་འཕགས་གྱིན་འདའ་འདུག་བྱེད་པ།། གང་ཞིག་བློ་ལ་དཔྱོད་པའི་བྱང་ཆུབ་ཐོབ།། མ་སྤངས་མཚན་མ་ཀུན་བྲལ་ཡོད་མེད་པས།། དྲན་བྱེད་མི་སྤོང་འཁོར་རྒྱུན་མི་བྱེད་དེ།། མ་སྙིགས ་མི་འབྱེད་མངོན་སུམ་སངས་རྒྱས་ལ། ། བློ་ཡི་རིག་པས་དཔྱོད་ཅིང་ནན་ཏན་དང་།། མཆོད་ཅིང་བསྟེན་པས་བྱང་ཆུབ་ཐོབ་མངོན་ཏེ།། ནམ་མཁའ་བཟུང་བས་སྤྲིན་གྱིས་ཁེབས་པར་འགྱུར།། ནམ་མཁའ་མེད་པར་གང་གིས ་ཤེས་པ་ན། ། སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མ་སྲིད་དོ།། རྣམ་པར་རྟོག་པའི་གཡུང་དྲུང་སངས་རྒྱས་ལ།། ཐམས་ཅད་ཡེ་ནས་མཉམ་གནས་རྣམ་དག་ཅིང་།། མི་རྟོགས་ལར་གནས་ལ་རྟོག ་མཛད། ། སྟེང་དུ་མེད་པས་སྣ་ཚོགས་འབྱུང་བ་ཡིན།། བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་གཏེར།། མ་བཀག་པ་ལས་རྒྱུ་ཞིང་འབྱུང་མེད་པའི།། ཐམས་ཅད་སེམས་ཀྱི་དང་སྟེ་སེམས་ཞེས་གདགས་སུ ་མེད། ། མ་བཅོས་ལྷུན་གནས་ཡེ་ནས་བྱང་ཆུབ་ཅིང་།། ཐོབ་རྒྱུ་མེད་པས་ཡེ་ནས་བདེར་གཤེགས་ཡིན།། ཞེས་བརྗོད་པས་ཆོས་དང་ཡེ་ཤེས་ཀྱི་ཁམས་ཐམས་ཅད་རང་བཞིན་སངས་རྒྱས་པར་དེ་བཞིན ་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། མཁྱེན་ནས་ཇི་བཞིན་པའི་བདག་ཉིད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་།། ་ཨེ་མ་འོ་མ་སྦུབས་གྲུབ་ཆེན་པོ།། གྲུབ་པ་ཆེན་པོ་ཡེ་ཤེས་ཆེ།། བླང་དོར་མེད་པའི་ས་ཆེན་པོ།། མིག་ཡོར་འདུ་བྲལ་མེད་པའི་གཟུངས།། རྟོག་པའི་ཡེ་ཤེས་ཡིད་བཞིན་གཏེར།། ཐམས་ཅད་པ་ཡང་མེ་ལོང། ་བཞིན།། བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་།། གང་ན་གསང་ཆེན་འདི་ཡོད་པར།། མེ་མ་མུར་གྱི་དོད་འབོགས་ལ།། སྤུ་གྲི་སོ་ནི་བཏམས་པ་ལ།། འཛེགས་ན་བུ་དག་འགྲོ་བར་བྱོས།། ཁོང་ན་གནས་པའི ་ཡང་ཁོང་དུ། ། ལུགས་ཀྱི་སྒྲོམ་བུ་ཁ་བ་སྡམ་མོ།། དབྱིངས་ཉིད་ལ་ནི་ཉིད་སྤྱོད་ཕྱིར།། དབྱིངས་ཉིད་མཆོག་གི་གནས་ལ་སྤྱོད།། དེ་ཉིད་མི་གནས་མྱ་ངན་འདས།། རྡོ་རྗེ་གས་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེའོ ་ན་ཉིད་ངེས་པ་ལས་གསང་བ་ཆེན་པོ་མན་ངག་གཏན་ལ་ཕབ་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་མཉམ་པའི་དཀྱིལ་འཁོར་ལ་བཞུགས་ནས་ཉིད་ཀྱི་སྐུ་ལ ་ཐམས་ཅད་མ་ལུས་པར་སྟོན་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། འདས་དང་དེ་ལྟར་མ་འོངས་དང་།། འབྱུང་བར་མ་ངེས་དུས་འདི་དག། སྔ་ཕྱི་མེད་པར་མཉམ་ཡིན་པར།། ངེས་པ་མེད་པར་ཡང་དག་གསུངས།། འཇིག་རྟེན་འདས་དང ་འཇིག་རྟེན་པའི། ། རང་དང་སྤྱི་རུ་བསྟན་པ་དང་།། ཇི་སྙེད་བརྟན་གཡོ་ལ་སོགས་པ།། སྒྱུ་མ་མི་གཡོར་ཚུལ་ཡིན་ཏེ།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང་།། སེམས་ཅན་ཀུན་གྱི་ཞིང་གྱུར་པ།། དེ་དག ་གཉིས་མེད་དབྱིངས་སུ་སྦྱོར། ། ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ།། ཐབས་ལ་ཐབས་ནི་རྣམ་པར་སྦྱོར།། ཐབས་དང་ཐབས་ལས་འབྱུང་བ་ཡི།། དེ་ནི་བྱང་ཆུབ་རྡོ་རྗེ་མཆོག། ཇི་སྙེད་བརྗོད་པའི་ཁ་རྒྱུད་ཀྱང་།། ཡང་དགདོན ་གྱི་སྙིང་པོ་ནི། ། གང་ནས་བཙལ་ཀྱང་མི་རྙེད་དེ།། རང་རིག་སྒྲིབ་མེད་དག་པ་ཡིན།། དེ་ལ་རྟག་འགྲུས་གོམས་པ་ནི།། བསྙེན་པའི་དམ་པ་དེ་ཡིན་ཏེ།། ད་ནི་མ་ནོར་ལམ་ཡིན་པར།། ཨ་ཡིས་པོ་དེ་རབ་དུ་བསྡུས།། དེ་བཞིན་ཉིད་ཀྱི ་དབྱིངས་ཉིད་ནི། ། གཅིག་གམ་འདི་ཞེས་བརྗོད་དུ་མེད།། གསུམ་དུ་སྣ་ཚོགས་འབྱུང་ཞིང་འཕྲོ།། བྱིན་བརླབས་བསམ་ཡས་མཐའ་ཡས་མཆོག། དོན་བསྡུས་གསུང་རབ་བཞི་བཅུ་གཉིས།། དེ་ལས་ལྷག་པའི་དོན་སྨྲ་བ།། དེ་ནི་རྣམ ་དག་ལ་མ་མིན་ཏེ། ། རང་བློས་བསམས་པའི་འཁྲུལ་པ་ཡིན།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། དེ་ནི་ལུང་གི་ཚད་མར་བཤད།། ཚད་བཞིས་ཕབ་པའི་དོན་ཡིན་ཏེ།། དག་པ་རྣམ་གསུམ་ཚུལ་བསྒོམ་ཞིང་།། འབྲུ་ལྔར་བསྡུས ་པ་ཐབས་ཆེན་ཏེ། ། འགྲོ་བ་ཀུན་ལ་རང་རིག་གནས།། བྱ་བ་མེད་ལ་བྱས་པ་མེད།། ཟད་པའི་དུས་མེད་ཡིད་བཞིན་གཏེར།། བུམ་པ་བཟུང་དང་ཡིད་བཞིན་མཛོད།། ཟ་མ་ཏོག་དང་ཡིད་བཞིན་རྒྱལ།། གཞན་ནས་ཡིད་འོང་མ་ཡིན་ཏེ།། ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྙེན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར། ་དུ་མངོན་པར་འདུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། ཁ་དག་ཏུ་རྨོངས་པའི་རྟོགས་པས་བརྟགས་པ་ལ་མངོན་པར་ཞེན་པ་དང་ཡང་དག་པའི་ལམ་དང་བྲལ་བ་དག་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གས ་བབལ་མངོན་པར་འཚེལ་ནས་རྒྱུ་དང་འབྲས་བུ་ལ་རྨོངས་པས། སྲིད་པའི་ས་བོན་ནུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ།། དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང་འདོད་པས་གདུངས་ནས ་འ་དི་བས་ཤིན་ཏུ་གྲང་ཡང་ཅིམ་རུང་སྙམ་པའི་མོད་ལ་རབ་དུ་སྦྲེབས་པ་པད་མ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་དུ་ཉེན་པ་དེ་ལྟ་བུའི་སྡུག་བསྔལ་རབ་དུ་ཚ་བ་ལ་སོགས་པ་བརྒྱད་དང་ཤིན་ཏུ་གྲ་པལ་སོགས་པ་བརྒྱད ་པོ་དག་ཏུ་འཇིག་རྟེན་གྱི་ཁམས་རྒུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། ། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་ཡི་དགས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉན་པ་དང་། འདོད་པའི་དངོས་པོ་རྣམས་ཡིད་དུ ་མི་འོང་བ་དང་། སྡུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་འགྱུར་བ་དང་། ཡོད་མེད་པར་ཡང་འགྱུར་ཞིང་ཤིན་ཏུ་རིད་ཅིང་སྐམས་པ་དང་། ལུས་དང་ཡན་ལག་དང་། དབང་པོ་མ་འཚམ་པར་གྱུར་པ་དང་། བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས། ་དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་སྔོན་གྱིས་སྲིད་པས་མཚམས་སྦྱར་ནས་ཡི་དགས་སྲིན་པོ་ཆེན་པོ་རབ་དུ་གདུག་པ་གཏུམ་པོ་ལུས་གཅིག་ལ་མགོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང ་ལུས་བརྒྱ་མགོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ཚོགས་པ་དང་། གདུག་པཱི་ལག་ཆ་སྣ་ཚོགས་པ་ཐོགས་པ་འཁོར་རབ་ཏུ་མང་པོ་དང་། འཇིགས་པའི་གཟུགས་སྣ་ཚོགས་དང་། འཇིགས ་པའི་དརོ་སྣ་ཚོགས་སྒྲོགས་པ་གཟུགས་དང་། ང་རོ་དང་། དྲི་དང་། ཁ་བླངས་ཀྱིས་ཐམས་ཅད་སྐྱི་བུད་ཞེས་བྱེད་པ། རབ་ཏུ་འཇིགས་པའི་རླུང་གྲང་བ་དང་ཚ་བའི་དབུགས་ཀྱིས་ཕྱོགས་ཀུན་ཏུ་ཁམས་འཁྲུགས་པར་བྱེད་པ། ་ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིགས་དང་། ལྷའི་རིགས་དང་། ཚངས་པའི་རིགས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་མན་ཅད་དབང་དུ ་བསྡུས་སོ། ། དེ་སྔོན་གྱི་རྟེན་པའི་སྟོབས་དང་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏེ། ཐམས་ཅད་ཀྱིས་མཚན་ཉིད་བསྟན་པའི་གླུ་འདི་བླངས་སོ།། ཨེ་མའོ།། འགྲོ་བ་ཡོངས་ནི་བདེར་གཤེགས་ལམ ་ཡིན་ཏེ། ། སྡུག་བསྔལ་བསྲེག་མཛད་སྒྱུ་མའི་སྤྲུལ་པར་སྣང་།། ཡོན་ཏན་རྨད་འབྱུང་ཆེ་བའི་རང་བཞིན་འདི།། སྡུག་བསྔལ་ཀུན་ལ་གཤེགས་གཉེན་མགོན་པོ་ཡིན།། རྨོངས་དང་འཁྲུལ་པ་རབ་སེལ་ཞེ་སྡང་འཇོམས།། ཀུན་འབྱུང ་བདེ་བ་རྡོ་རྗེ་སྐུ་མཆོག་སྟེ། ། རྫོགས་ལྡན་མཛད་པའི་ཕྲིན་ལས་བསམ་ཡས་པས།། ཐུགས་རྗེ་ཆེན་པོའི་དབང་གིས་བདུད་རྣམས་འཇོམས།། སྐུ་མདོག་སྣ་ཚོགས་ཐབས་མཁས་བས་མ་ཡས་ལ།། རོལ་པའི་རྩེད་མོར་འགྲོ་བའི ་དོན་མཛད་ཅིང་། ། བྱང་ཆུབ་སེམས་ཀྱིས་ལམ་ལ་གནས་པར་མཛད།། འགྲོ་བ་ཀུན་ལས་བདེ་བ་གཅིག་པུ་བ།། ཨ་ཧོ་དགྱེས་པའི་མཉེས་པ་ཉིད་ལ་གནས་པར་མཛད།། བྱིན་བརླབས་ཀུན་གྱིས་བདེ་བ་ཉིད་ལ་སྣད་ཞེས་བརྗོད་པས།། ་དེ་བཞིན་གཤེགས་པ་ཉིད་ལ་ཀུན་ལས་རྣམ་པར་རྒྱལ་བ་ཉིད་དུ་མཁྱེན་ནས་མཉེས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཆེན་པོའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བ་ལས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ ་ག་ཡི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་གཟི་བརྗིད་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ ་པར་འཕྲོ་བའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ནས་ཁྲོ་མོའི་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུང་སྟེ་ཧི་ཧི་ཞེས་དགྱེས་པའི་གཟི་མདངས་ཀྱིས་པད་མ་རྒྱས་པར་མཛད་ནས ་གཉིས་སུ་མེད་པར་ཁྱིལ་པའི་དགྱེས་པས་ཐིམ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་ན་མཎ་ཌ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས ་བཅུ་མཐའ་ཡས་པ་ཐམས་ཅད་ཁྱབ་པར་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་འགྱུར་བས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་དུ ་གཡོས་ཀུན་དུ་རབ་དུག་ཡོས། འུར་འུར་རབ་དུའང་འུར། ཀུན་ཏུ་རབ་དུ་འུར་བུར། ཆེམ་ཆེ་མ། རབ་དུ་ཆེ་མཆེམ། ཀུན་ཏུ་རབ་དུ་ཆེམ་ཆེམ་མོ།། ཤིག་ཤིག། རབ་དུ་ཤིག་ཤིག། ཀུན་ཏུ་རབ་དུ་ཤིག་ཤིག་གོ།། གཏོར་གཏོར། རབ་དུ ་གཏོར་གཏོར། ཀུན་ཏུ་གཏོར་གཏོར་རོ།། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེ་བ་དང་མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་རྒྱལ་རབ་དུ་རྒྱལ་བར་གྱུར་ཏོ། དེ་ནས་བཅོམ་ལྡན ་འ་དས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་སྐྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོ་ཁྲག་འཐུང་སྐུ་སྨག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས ་འཛིན་པ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་ཁྲིག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོ་རི་རིབ་ཀྱི་སྟེང་གི་འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང ་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། ། ཁྲོ་བོའི་འཁོར་གྱི་སྤྲིན་ཕུང་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ། ཤར་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག ་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྕེ་ཕྱོགས་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པད་མར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུག་སོ།། ་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། རྔམ་པ་དི་རོ་དང་། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་པཞིས་དྲི་ཟ་དང་། གནོད་སྦྱིན་དང་། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གིས་གདན་དུ་བྱས་པ་ལ་བཞུག་སོ།། ་བཙུམ་མོ་ཁྲག་འཐུང་ཆེན་པོ་རྣམས་ཀྱང་སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་བསྟིམ་ཏེ་བསྡུས་ནས་གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ནས་དྲེགས་པ་ཆེན་པོ ་ལ་སོགས་པ་གཏུམ་པའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་མགྲིན་གཅིག་དུ་འདུག་པའི་ང་རོས་བརླང་པོའི་གཏུམ་ཚིག་སྨྲས་པ། ཐོད་ཐོད་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཤིན ་དུ་གཏུམ་སེམས་ཀྱིས་རྔམ་ནས་ཁྲོས་སོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཐམས་ཅད་ཀྱི་བདག་ཉིད་དེས་དབུ་དགུ་ཕྱག་བཅཝ་བརྒྱད་ཞབས་བརྒྱད་དུ་གནས་ནས་རྔམ་པའི་སྐད་ཀྱིས་ཐུགས་རྗེས་འདུལ་བའི ་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཞེས་བརྗོད་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ས་ཆེན་པོའི་ཚོགས་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང་། ནད་གྲོལ་ཀུན་དྲངས། ཡན་ལག་ཀུན་བཅད་གཏུབ། ་ནས་ཁྲག་ཀུན་འཐུངས། རུས་པ་ཀུན་འཆོས་སོ།། དེ་ནས་ཧཱུཾ་ཧཱུཾ་ཧཱུཾ། ཨེ་ཨ་ར་ལི་ཛ་ཛ་ཞེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་གྲངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ།། དེ་ནས་འབྱུང་པོ ་མ་ལུས་པའི་རྒྱལ་པོའང་རྒྱལ་པོ་ཆགས་པ་ཆེན་པོ་ལ་སོགས་པའི་ཆུང་མ། འབྱུང་པོ་ཐམས་ཅད་ཀྱི་ཆུང་མ། འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ།། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་།། ཚངས་མ་དང་། འཁྲུག་མོ་དང་། དབང་པོ་དང་། ་འཇུག་སྲེད་མོ་དང་། གཞོན་ནུ་མོ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞིབ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟབ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་བྱེད་དང་། གཅིག་སྐྱོང་མོ་དང་། ཡིད་འཕྲོག་མ་དང་། གྲུ་མོ་དང་། རླུང ་མོ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཚད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་ཆེན་མོ་དང་། གསུས་འཛིན་སེར་ནག་ཆེན་མོ། ་ལ་སོགས་པ། བྲན་དང་ཡང་བྲན་གཡོག་དང་། ཡང་གཡོག་འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོའི་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས ་བྱེད་སྣང་བར་བྱས་ནས་དེ་དག་ཀུན་དགྱེས་ཕ་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུ་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། ། ཨོཾ་ཧུ~ཾ་ཨཾ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོ3 ་བརྗོད་པས་འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། པད་མའི་དཀྱིལ་འཁོར་བསྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདྲ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ ་ཁྲག་འཐུང་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མི་སྲིན་མོ་དང་། དམར་མོ་དང་། དགའ་མོ་དང་། གསོད་བྱེད་མོ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོན་གནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ཏོ།། བཅོམ་ལྡན་འདྲ ་དཔལ་ཁྲག་འཐུང་ཆེན་པོའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་རྣམས་འཁྲིལ་ཏོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞིབ་མོ་དང་། བེ་ཅོན་མོ་དང ་ཟབ་མོ་དང་། སྲིན་མོ་རྣམས་འཁྲིལ་ཏོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་པད་མོ་ཆེན་པོའི་སྐུ་ལ་ཁྲག་གིས་མྱོས་པ་དང་། གཅིག་པུ་སྤྱོད་པ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ཏོ། བཅོམ་ལྡན་འདས ་དཔལ་ཁྲག་འཐུང་ཆེན་པོའི་ཀུན་དུ་ལས་ཀྱི་སྐུ་ལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཚད་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ཏོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ ་ཧཱུཾ་ཞེས་བརྗོད་པས་པད་མོའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་བཙུམ་པར་གྱུར་ཏོ། ། དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཀར་མོའི་ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས ་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་། མཚོགས་མོའི་རྣམས་རང་གི་ལག་ཆ་དང་ངོ་མཚར་དང་ཆས་ནས་འཐོན་ཏོ།། འཐོན་ནས་ཀྱང་འབར ་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་དང་རང་གི་ལག་ཆས་ཆས་ནས་འཁོད་དོ། ། དེ་ནས་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས་སེད་གདོད་ཆེན་མོའི་ཚོགས་དང་། སྟག་གདོང། ་ཆེན་མོའི་ཚོགས་དང་། ཝ་གདོད་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། གཞད་གདོང་ཆེན་མོའི་ཚོགས་དང་། ཀང་ཀ་གདོང་ཆེན་མོའི་ཚོགས་དང་། དུར་བྱ་གདོང་ཆེན་མོའི་ཚོགས་དང་། འུག་གདོང་ཆེན་མོའི་ཚིགས ་རྣམས་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། ། འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ཀྱི་ཕྱི་རོལ་ནས་འཁོར་བའི་རྔམ་པའི་མདངས་ཀྱིས་འཁོད་དོ།། དེ་ནས་ཤིན་ཏུ་དགྱེས ་པ་ཕྱོགས་བཅུའི་ཞིང་དུ་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པས་རྡོ་རྗེ་བསྲིངས་འགྲོ་མི་འཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་གི་ལག་ཆ ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། ། འཐོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་གཏུམ་པའི་གཟུགས་ཀྱིས་གནས་སོ།། དེ་ནས་དགྱེས་པ་ཆེན་པོའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས ་པས་ཐམས་ཅད་ཁྲོས་ནས་མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བར་ཡུད་ཙམ་གྱིས་བགྱིའོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོའི་བདུད་རྩི ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། ། ཨོཾ་བཛྲ་མ་ཧཱ་ཨ་མྲི་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣ་ནས་འཐོན་ཏོ། ། མི་གཙང་བའི་འདམ་གྱི་རྒྱ་མཚོར་བཙུད་པ་ལས་གནམ་ནས་ཨུཙྪ་སྨ་ཀྲོ་དྷ་ཕྱུང་བས་འདམ་ཀུན་འཐུངས་ཏེ། དྲན་པ་སླར ་རྙེད་ནས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་དབྱེ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ་ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་།། དེའི་དུསུ་འཇིག་རྟེན་དྲུག་གི་ཕྱོག ་བཅུའི་སྲིད་པ་ཀུན་དུ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བ་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ཏོ། ། དེ་ནས་དེ་དག་ཤིན་ཏུ་འདར་ཞིང་བྲེད་པས་རབ་དུ་ཞུམ ་པའི་ང་རོས། འབངས་སུ་མཆི་འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། མགོ་དང་ལུས་ནི་བརྒྱར་འགས་ཤིང་།། སྙིང་ཡང་འགས་ཤིང་གཏུབས་གྱུར་ཅིག། རུལ་མྱགས་ཚིག་ནས་བརླག་པ་དང་།། ་དམྱལ་བར་ལྷུང་ནས་འབོད་པར་ཤོག། ཅེས་འབངས་སུ་མཆི་བར་མནའ་བོར་ནས་དཀྱིལ་འཁོར་གྱི་གདན་ལ་གཞག་གོ། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱིས་མཆིས་བྲང ་དང་། མ་དང་སྲྀ་རི་མོ་བུ་མོ་རྣམས།། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ།། དཔའ་བོ་ལྷ་རྗེ་བཞེས་སུ་གསོལ།། བདག་ཅག་སོ་སོའི་འཁོར་བཅས་ཀྱིས།། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར།། མིང་ཙམ། ་འཛིན་པར་བྱེད་པ་ཡང་།། གཙུག་གི་ནོར་བུ་འབར་བ་ལྟར།། གཡོ་རྒྱུ་མེད་ཅིང་གུས་ལྡན་པའི།། སེམས་ཀྱིས་བླངས་ནས་སྤྱི་བོའི།། གཙུག་ཏུ་བཞག་སྟེ་བཀུར་བར་བགྱི།། དེ་ཡི་དགོས་པ་ཅི་ཡང་རུང་།། མ་ལུས ་རྫོགས་པར་བདག་ཅག་སྒྲུབ། ། གལ་ཏེ་དཔའ་བོའི་སྤྱན་སྔར་འདིར།། སྤྲས་པ་བཞིན་དུ་མ་བསྒྲུབས་ན།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།། གས་གཏུབས་དུམ་ཐུར་རུལ་བར་མཆི་ཞེས་སྨྲ་སོ།། དེ་ནས་དེའི་ཆུང་མའི་ཚེགས ་དང་སྲང་མོ་དང་བུ་མོའི་ཚོགས་ཐམས་ཅད་ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན།། དཔའ་བ་ཆེན་པོའི་ལངས་སུམཚོ།། དཔའ་བ་ཆེན་པོས་བདག ་ཅག་རྣམས། ། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གི་དབང་བསྐུར་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀོད་དོ།། གསང་བའི་སྙིང་པོ་དེ་ལ ་ན་ཉིད་ངེས་པ་ལས་ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས ་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ཁྲོ་བོ་ཁྲག་འཐུང་ཆེན་པོ་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་ཐུགས་རྡོ་རྗེ་རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་།། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤཱི། ་ཧེ་རུ་ཀ་མ་ཧཱ་ཙཎ་ཌ་དྷ། སརྦ་དུཥྚ~ཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎ་ཌ་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ར་ད་ན་མ་ཧཱ་ཤཱི་ཧེ་རུ་ཀ་མ་ཧཱ་ཙཎ་ཌ་དྷ་སརྦ་དུཥྚ~ཾ་ཏ་ཀ་ཏ་ན་དཏ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་པདྨ ་མ་ཧཱ་ཤཱིཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎ་ཌ་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཙུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤཱི་ཧཱུཾ་རུ་ཀ་མ་ཧེ་ཙཎ་ཌ་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ན~ཾ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལ་ནཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སཱུརྱ་རད་ན་མ་ཧཱ་ཀྲོ་དྷི་ཤྭ་རི་བི་དྷི་མ་ཧཱུ~ཾ་ཕཊ། ཨོཾ་ཧྲིཿདྷ་བ་དྷ་བ་མུ་ཁ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཁཱ་ཧི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མ~ཾ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་ཤྭ་ཧཱུཾ་ཕཊ། བཛྲ་ཀོར་ཧི། བཛྲ་ཙི་ར་ཧི། བཛྲ་པྲ་མོ་ཧཱ། བཛྲ་བེ་ཏ་ལི ་!། བཛྲ་ཙཎ་ཌ་ལ~ཾ་ཧ། བཛྲ་ཊཀྐ་སི་ཧ། བཛྲ་བྷ་སྥཱ་རི་ཏ། བཛྲཱ་སྥ་ཤ་ནི་ཧ། བཛྲ་སི་ཧ་མུ་ཁ་ཀ་ཧ། བཛྲ་བྷ་གྲི་མཱ་ཁ་ཀ་ཏེ། བཛྲ་སྲ་ག་མུ་ཁ་ཀ་ཏེ། བཛྲ་ཀྲི་ཏ་མུ་ཁ་ཀ་ཏ། བཛྲ་ཀ་ཁ་མུ་ཁ་ཀ་ཧེ། བཛྲ་ཁ་ཁ་མུ་ཁ་ཏེ། ་ལ་ས་ལ། ཏེ། ཛ་། བརྫ་ས་ས། པ་ཇལག་གི་བ་ཙཱབ་ལ་ཡ་བ་ཏྟ་ཀྵབྷྱ། !། བྷྱོཙྪ། གྷོ་གྷ་། ཥྚྲྀཥྚྲྀ་སུན་ཀྱི་འདུས་གས ་མ་གྱོ་ས་མ་ཡ་ཕཊ། ཨོཾ་ཁྲོལ་ཁྲོས་པས་ནི་མཛད་པ།། ཐུགས་རྗེས་ཁྲོས་དཔལ་རྔམ་པའི་ཚོགས།། འབར་བའི་བྱིན་བརླབས་རྨད་པོ་ཆེ།། དེ་ཉིད་དུ་ནི་བདག་ལཾ་སྩོལ།། ཨོཾ་བཛྲ་ཀྲྀ་དྷ་ས་མ་ཡ་སྟེ། ཨོཾ་བཛྲ་ཀྲོ་དྷ་ས~ཾ་མ་ཡ་ཧོ། ཨ་ལ་སུ ་ལི། ཏ་ལ་ཏ་པ་ཏི། དྷ་ས། གཽ་ན་རོ། ཏྲི་ཁ་རཾ་ཡོ་གི་ནི་ཁཱ་ཧི་ཧོ། ཧཱུཾ་ཧ་ཧེ་ཕཊ་ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག། རབ་དུ་ཚིག་ཀུན་ཏུ་ཚིག་གོ། འབར་རབ་དུ་འབར། ཀུན་དུ་འབར་རོ།། ཐམས་ཅད་དུ་འབར་བའི ་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་རབ་དུ་གང་། ཀུན་དུ་རབ་དུ་གང་བར་གྱུར་རོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚོགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། དེ་ནས་དེ་བཞིན ་གཤེགས་པ་ཁྲོ་བོ་ཆེན་པོའི་བྱ་ནི་བརླབས་ཕྱག་རྒྱ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། དབང་པོའི་ཡུལ་དུས་རིག་པའི་རྣམས།། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་།། མཉམ ་པའི་ངང་ཉིད་རྟོགས་གསལ་ན། ། ཐམས་ཅད་བདེ་བ་ཆེན་པོའི་རྒྱ།། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ།། ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན།། གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན།། བསྐུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིག།། ཟླ་མད ་ཆེན་པོས་དེ་སྐད་གསུངས། ། ཡན་ལག་སྙིང་པོ་རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ།། ལས་རྣམས་སོ་སོར་རབ་དུ་བསྒོམ།། ཐབས་དང་ཤེས་རབ་ལྡན་པའི་ཞབས།། རྟག་ཏུ་རྡོ་རྗེ་འབར་བར་འགྱུར།། ཐབས་ཆེན་རེ་རེ་བསྐྱོད་ན་ནི།། པད་མ་ཆགྲ ་མེད་རེ་རེ་འབྱུང་། ། རྡོ་རྗེ་པད་མ་དེ་འབྱོར་ན།། སེམས་ཅན་ཐམས་ཅད་བླ་ན་མེད།། བྱང་ཆུབ་ཞིང་དུ་སྐྱེ་བར་འགྱུར།། རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་།། ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་ཏེ།། དབུ་ཡི་དཀྱིལ་འཁོར་བསྐུལ།། ་བསྐྱོད་ན།། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ།། ལག་གི་འདུ་བྱེད་བསྐྱོད་བྱས་ནས།། རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ།། རྐང་པའི་སྟབས་ཆེན་མནན་མཆོངས་ན།། སྡུག་བསྔལ་མི་བཟད་ཐམས་ཅད་དང་།། ་བདུད་དང་ལོག་འདྲེན་ཐམས་ཅད་མནོན།། ཡན་ལག་ཐམས་ཅད་བསྐུལ་བསིགས་ན།། ། བ་སྤུ་བུ་ག་རེ་རེ་ནས།། ཁྲོ་བོ་གྲངས་མེད་རྡུལ་སྙེད་འཕྲོ།། དེ་དག་སྤྲུལ་པ་གྲངས་མེད་ཀྱིས།། ཕྱོགས་བཅུ་ཁམས་མང་རྡུལ་སྙེད་དུ།། ཁྲོ ་བོའི་དོན་རྣམས་རྡུལ་ཕྲན་སྙེད། ། ཐུགས་རྗེས་གདུལ་ཞིང་དབྱིངས་སུ་བསྟིམ།། ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང་།། ཁྲོ་མོའི་དཀྱིལ་འཁོར་རབ་དུ་འདུས།། ཐམས་ཅད་རྡོ་རྗེའི་བྲག་སྟེངས་དང་།། མེ་རིའི་དཀྱིལ་འཁོར་རབ་དུ ་འབར། ། འདི་ནི་སྤྱི་རྒྱ་ཆེན་པོ་ཡིན།། སྟེང་གི་བགེགས་རྣམས་འདུལ་བའི་ཕྱིར།། རྡོ་རྗེ་འཁོར་ལོ་ནརྀ་མགོ་གདེངས།། འོག་གི་འཇིག་རྟེན་བགེགས་འདུལ་བའི།། རྡོ་རྗེ་ཐོར་གཤོལ་ནི་སྥར་དང་།། རྡོ་རྗེ་གཏུམ་ཆེན་དྲིལ་བུའོ།། ཤར་གྱི ་བགེགས་རྣམས་འདུལ་བ་ནི། ། རྡོ་རྗེ་བ་དུ་འབང་བ་དང་།། སྟིར་ཆེན་པོའི་དབྱུག་པའོ།། ལྷོའི་གེགས་རྣམས་འདུལ་བ་ནི། རིན་ཆེན་མི་མགོའི་དབྱུག་པ་དང་།། གཤིན་རྗེ་ཆེན་པོའི་ནར་བཟུང་བའོ།། ནུབ་ཀྱི་བགེགས་རྣམས་འདུལ་བ་ནི། སྦྲུལ ་དང་སྟི་རའི་དབྱུག་པ་དང་། ། ཁྲུང་ཆེན་གཤོག་གིས་རབ་དུ་བརྡེབས།། རྒྱ་མཚོ་ཆེ་རྣམས་རྐེད་པར་གཏུབ།། བྱང་གི་བགེགས་རྣམས་འདུལ་བ་ནི།། རིན་པོ་ཆེའི་དབྱུག་ཏོ་དང་།། ནཱི་མགོ་གསུམ་པའི་དཐུག་ཏོ་ཅན།། གནོད་སྦྱིན་གདོན ་རྣམས་ཚར་གཅོད་པའོ། ། མཚམས་བཞིའི་བགེགས་རྣམས་འདུལ་བ་ནི།། ཕྱོགས་བཞི་དག་གིས་གདུལ་བར་འགྱུར།། གལ་ཏེ་དེ་ཡིས་མ་དུལ་ན།། བྱང་ཤར་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་རྩེ་གསུམ་ནི་མགོ་གདེངས ་ཨི་ཤ་ཉིད་ཀྱང་ཕྱག་ན་བསྣམས། ། འབྱུང་པོ་དེ་ཀུན་རབ་དུ་བཏུལ།། ཤར་ལྷོ་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་ཡེ་ཤེས་མེ་ལྕེ་འབར།། མེ་དེ་ཉིད་ཀྱང་འཚིག་པར་བྱེད།། དྲང་སྲོང་ཉིད་ཀྱང་ཕྱག་རྒྱར ་བསྙམས། ། མེ་ལྷ་གདོན་འཁོར་དབང་དུ་བསྡུས།། ལྷོ་ནུབ་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་དང་ནི་སྲིན་པོའི་མགོ། རབ་དུ་རྣོ་བའི་རལ་གྲི་འབར།། བདེན་བྲལ་ཉིད་ཀྱང་ཕྱག་ན་བསྣམས།། སྲིན་པོའི་ཚོགས་རྣམས་དབང་དུ ་བསྡུས། ། ནུབ་བྱང་མཚམས་ཀྱི་བགེགས་འདུལ་བ།། རླུང་གི་བ་དན་ནི་མགོ་གདེངས།། ཤིན་ཏུ་དྲག་པོ་གླང་པོའི་བརྗིད།། ཚིག་སྲུང་ཉིད་ཀྱང་ཕྱག་ན་བསྣམས།། གཡེང་བ་ཐམས་ཅད་དབང་དུ་བསྡུས།། འོག་ཏུ་འཇིག་རྟེན་བགེན ་འདུལ་ཕྱིར། ། ཕྱག་རྒྱ་རི་རབ་ཆེན་པོ་སྟེ།། ཕག་ཆེན་པོ་ནི་ཕྱག་ན་བསྣམས།། ཡང་བ་ཐམས་ཅད་དབང་དུ་བསྡུས།། འོག་གི་བགེགས་རྣམས་འདུལ་བའོ།། གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས།། ཚེ་དང་གྲང་བའི་སྡུག་བསྔལ ་སེལ། ། མེ་ཡི་དཀྱིལ་འཁོར་ཆེན་པོ་ཡིས།། ཐམས་ཅད་མ་ལུས་སྲེག་པར་བྱེད།། ཆུ་ཡི་དཀྱིལ་འཁོར་ཆེན་པོ་ཡིས།། ཐམས་ཅད་མ་ལུས་འཁྲུ་བར་བྱེད།། རླུང་གི་དཀྱིལ་འཁོར་ཆེན་པོ་ཡིས།། ཐམས་ཅད་མ་ལུས་གཏོར་བར་དབྱེ། ་གཞན་ཡང་རལ་གྲི་འཁོར་ལོ་བཅས།། མདའ་གཞུ་ཐོ་ཆེན་གྲི་ཆེན་དང་།། རྡོ་རྗེ་མདུང་ཆེན་དགྲ་སྟར་བཅས།། མཆེ་གཙིགས་སྤུ་གྲི་སོ་དང་ནི།། མདའ་དང་མདུང་དང་སྟ་རི་དང་།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་སོ།། དབུས་ཀྱི་ཧ ་རུའི་ཕྱག་རྒྱ་ནི། ། སྟེར་དབྱུག་ཏོ་ཆེན་པོ་དང་།། འཁོར་ལོ་ཆེན་པོ་རབ་དུ་འབར།། གདུང་ཆེན་དམར་གྱིས་གང་བ་ལ།། རྡོ་རྗེས་དཀྲུག་ཅིང་རབ་དུ་གསོལ།། ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི།། སྟིར་ཆེན་པོའི་དབྱུག་པ་དང་།། རྡོ་རྗེ་ཆེན་པོ་རབ་ཏུ ་འབར། ། དྲི་མགོ་དམར་ཆེན་བཀང་བ་གསོལ།། ལྷོའི་ཕྱག་རྒྱ་ཆེན་པོ་ནི།། སྟིར་ཆེན་པོའི་དབྱུག་པ་དང་།། ཡིད་བཞིན་ནོར་བུའི་གཞལ་ཡས་སུ།། དམར་གྱི་ཨརྒ་རབ་དུ་གསོལ།། ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི།། སྟིར་ཆེན་པོའི ་དབྱུག་པ་དང་། ། པད་མ་ཆགས་མེད་རབ་དུ་འབར།། དུང་ཆེན་དམར་གྱིས་བཀང་བ་གསོལ།། བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི།། སྟིར་ཆེན་པོའི་དབྱུག་པ་དང་།། རྡོ་རྗེ་རྒྱ་གྲམ་རབ་དུ་འབར།། དུང་ཆེན་དམར་གྱིས་བཀང་བ་གསོལ ་ཁྲོ་མོ་རྣམས་ཀྱང་ཁྲོ་དང་འཐུན། ། གནས་དང་ཡུལ་གྱི་ཕྱག་རྒྱ་ནི།། རྒྱུད་གཞན་དག་དང་འཐུན་པར་བཤད།། མ་མོ་རྣམས་ཀྱི་ཕྱག་རྒྱ་ནི།། འཇིག་རྟེན་འདས་མདོ་ཆེན་ལས་བཤད།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས ་བལ་སྒྱུ་འཕྲུལ་དྲ་བ་ལས། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་སུམ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ།། འབར་བའི་དཀྱིལ ་འཁོར་རྩིབས་བཞི་པ། ། གྲུ་ཆང་བཞི་ཡིས་རྣམ་པར་རྒྱན།། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། ཐོང་སྦྲུལ་སྣ་ཚོགས་ཉི་མས་བརྗིད།། འབར་བའི་འཕྲོ་བ་མང་པོ་འཁྲུག། ཁྱུ་མཆོག ་མ་ཧེ་གཟིག་དང་སྟག། གཏུམ་པོའི་དོམ་གྱིས་སྦར་བས་ནི།། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་།། སྨག་གནག་སྔོ་གནག་སེར་ནག་དང་།། དམར་གནག་ལྗང་གནག་འཇིགས་པའི་སྐུ།། དབུ་གསུམ་ཕྱག་དྲུག་ཞབས་བཞི ་བགྲང་། ། ཀེ་རློན་གོས་ནི་སྣ་ཚོགས་གྱོན།། རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས།། སྦྲུལ་དང་ཐོད་ཕྲེང་ཉི་ཟླར་བཅས།། སྟེང་གི་འཇིག་རྟེན་ཁོར་ཡུག་བཅས།། རྡོ་རྗེ་དུང་ཆེན་གང་བ་དང་།། རལ་གྲི་དགྲ་སྟ་གཤོལ་ལ་སོགས།། ་རང་གི་ལག་ཆ་སྣ་ཚོགས་བསྣམས།། བཙུན་མོ་འཛིན་པའི་ཚོགས་དང་འཁྲིལ།། གནས་དང་ཡུལ་གྱི་ཕྱག་རྒྱ་དང་།། སྒོ་བཞི་ཕྱག་རྒྱར་རབ་མཛེས་ཤིང་།། སླས་དང་བྱི་མོ་ཚོགས་ཀྱི་གཙོ།། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས།། ་རང་གི་སྟན་དང་ལག་ཆ་དང་།། ཅི་བགྱི་ཞེས་ཏེ་ཆས་ཏེ་གནས་ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ།། དེ་ནས་དགྱེས་པ་ཆེན་པོ་བཅོམ་ལྡན་འདས ་ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། ། ཨ་ཧོ་བསྐལ་བར་བཅས་ཤིང་དྲུག་ཚོགས་འབར་བ་ཡི།། ཉོན་མོངས་ཀུན་གཡོ་དཀྱིལ་འཁོར་འཁོར ་ལོ་བརྗོད་དཀའ་བའི། ། ཇི་སྙེད་འཇིག་རྟེན་རྒྱན་གྱིས་རྡུལ་སྙེད་བསམ་ཡས་པ།། རོ་ཚོགས་ཁྲག་ལ་བརྐམ་པ་དཔུང་གཉེན་ཀུན་བཀྱེ་ནས།། ཞེན་པའི་གདུག་མོ་ཤིན་ཏུ་གསལ་བ་དཀ་ཡི།། མི་མངོན་དབྱིངས ་ནས་གཟུགས་ཀྱི་ཆོ་འཕྲུལ་བས་མ་ཡས་ཀྱིས། ། སྡིགས་མར་བཅས་ཤིང་མཚམས་སྦྱོར་ཀུན་དམ་ཟིལ་གྱིས་གནོན།། རབ་ཏུ་གནོན་པའི་འཇིགས་བྱེད་བསམ་མི་ཁྱབ།། དེ་བཞིན་དེ་ཉིད་གཉེན་པོར་ཀུན་བྱུང་ཀུན་དུ ་གསལ། ། ཧོ་ཆོས་རྣམས་ཇི་སྙེད་འགྲོ་དྲུག་སྨིན་བྱེད་བརྗོད་མི་ལང་།། དུས་མཐའ་རྨོངས་ལ་གནས་པ་བརྗོད་མི་ལང།། འདོད་པ་ཞེན་པའི་ལས་ཀྱང་ཇི་སྙེད་ཇི་སྲིད་པར།། དྲག་པོ་བརྡོ་བའི་དྲུང་ཆེན་བསམ་མི་ཁྱབ།། བདེ་བར ་ཨ་པ་གཞན་དུ་མེད་པར་བརྗོད་མི་ལང་། བསྐལ་པར་བསགས་པའི་དུག་ཆེན་རབ་རྟོག་ཀུན་དུ་རྟོག། དེ་རྣམས་ཟིལ་གནོན་ཁྲག་འཐུང་སྐུ་གསུང་འཇིགས་བྱེད་པར།། རྐྱེན་དུ་བཅས་ནས་སྤུ་བུས་འབྲས་བུ་སྨིན་པར ་སྤྲིན་ལྟར། ། དགྱེས་པ་ཆེན་པོ་བཅོམ་ལྡན་འདས་ནི་མང་པོའི་ཚོགས།། དཔག་མེད་བསམ་ཡས་ལྷུན་གྲུབ་པས།། རབ་དུ་འདུལ་བར་ཤིན་ཏུ་གསལ།། ཧོ།། ཁྲོ་བོའི་དིང་བཞིན་གདུག་པར་འཇིགས་པ་མ་ཡིན་ཞིང་།། ནི་བ ་མངས་བཀུན་གྱི་ཡིད་དང་འཐད་པར་གནས་རྒྱུད་ཡོད་མ་ཡིན། ། དེ་ཉིད་གཉིས་སུ་མིན་པའི་ཚེ་འཕྲུལ་བསམ་ཡས་ཐམས་ཅད་ཀུན་ཏུ་ཁྱབ།། རིགས་ལ་ཁྲག་འཐུང་འཇིགས་པའི་རོལ་པ་རྡུལ་སྙེད་རབསྟོན་པའི།། རྣམ་ས། ་བྱང་ཆུབ་མཆོག་གི་དབྱིངས་ཏེ་གསང་བའི་སྙིང་པོ་རབ་བསྟན་ངེས་པ་ཉིད་དེ་ཤིན་ཏུ་གནས་པར་གསལ།། ཏོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་དཀྱིལ་འཁོར་བསྟན་པ ་ལེའུ་སྟེ་སུམ་བཅུ་གཅིག་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཉིད་ཀྱིས་བྱིན་བརླབས་དང་ཡོན་ཏན་སྟོན་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨོཾ་སངས་རྒྱས་རྣལ་འབྱོར་ཆེན་མ་ནོ།། ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་སྙིང་པོའི་མཆོག་ཉིད་དེ།། སངས་རྒྱས་ཀུན་ཏུ་བཟང་པོ་ཉིད།། འདི་ཡིན་གཞན་ན་མེད་པ་སྟེ།། རོལ་པ་ཀུན་ལ་མངའ་བརྙེས་ཤིང་།། སྲིད་པ་འཇིག་རྟེན་ཐམས་ཅད་ཀུན།། ་སངས་རྒྱས་ཉིད་དེ་དུས་གསུམ་དུ།། མ་གཡོས་ལྷུན་གནས་སྙིང་པོ་སྟེ།། རང་བཞིན་ཆེ་བའི་ཡོན་ཏན་ལས།། མ་རྟོགས་རྨོངས་པའི་འགྲོ་བ་ལ།། སྒྱུ་འཕྲུལ་དྲབས་མངོན་རྫོགས་པ།། སྙིང་རྗེ་ཆགས་པའདམ་ཚིག་གིས།། ་ང་རྒྱལ་ཉིད་ཀྱི་སྐུ་ཆེན་བསྟན།། གདུག་ཅིང་གཏུམ་པའི་ཁམས་གསུམ་ན།། འདུལ་བའི་ཞིང་དུ་རབ་སྦྱོར་ཞིང་།། ཕྲིན་ལས་རྣམ་བཞི་རྫོགས་པར་མཛད།། ཡེ་ཤེས་ངོ་མཚར་ཚམ་དམ་གྱིས།། ཆོས་བཞི་རྣམ་དག་ཆེ་བའི ་ལྷ། ། ཡེ་ཤེས་སྐུ་སྟེ་ཁྱད་པར་ཆེ།། ཆགས་པའི་ཚོགས་ཀྱིས་མཚན་མ་ནི།། འདོད་ཆགས་ཆེན་པོ་ཉིད་ཀྱི་སྐུ།། གཏུམ་རྣམ་གདུག་པས་མཚན་པས་ན།། ཞེ་སྡང་ཆེན་པོ་ཉིད་ཀྱི་སྐུ།། གདུལ་བྱ་ཞིང་དུ་རབ་སྦྱོར་ཞིང་།། ཆོས ་ཉིད་མཉམ་ལས་བཞེངས་པས་ན། ། གཏི་མུག་ཆེན་པོ་ཉིད་ཀྱི་སྐུ།། སྣོད་བཅུང་དག་པའི་སྤྱོད་ཡུལ་བ།། ཐུགས་སུ་གསུང་ལས་འབྲོས་པ་དང་།། རྒྱལ་བ་ང་ཡིས་མཚན་པས་ན།། ང་རྒྱལ་ཆེན་པོ་ཉིད་ཀྱི་སྐུ།། གས ་བའི་སྙིང་པོ་བཞི་བཅུ་གཉིས། ། ཐིག་ལེ་ཐུགས་སུ་བསྡུས་པ་ཉིད།། གཞན་དུ་མི་གཏོང་མཚན་པས་ན།། དེ་ཉིད་ཕྲག་དོག་ཉིད་དུ་རྫོགས།། སྟོང་གསུམ་སྟོང་གི་སྟོང་ཆེན་པོ།། འཇིག་རྟེན་ཁམས་མང་སྣ་ཚོགས་པ།། རྡུལ ་སྙེད་བྱེད་པ་ལ་སོགས་པཱི། ། བགྲང་བ་ལས་ནི་རབ་འདས་མཚན།། དེ་ཉིད་སྡང་ཞིང་སྲིད་པ་ཉིད།། འཇིགས་བྱེད་སུ་གསུང་ཐུགས་ཀྱི་དབྱིངས།། ཆོས་སྐུ་ཡེ་ཤེས་རང་བཞིན་ལ།། སྒྱུ་འཕྲུལ་དྲ་བའི་ཐིག་ལེ་མཆོག། སྙིང་པོ ་ཐིག་ལེ་བས་མ་ཡས་ཉིད། ། འཇིགས་བྱེད་དབུ་དགུ་བཅཝ་བརྒྱད་ཕྱག། སྒྱུ་མས་མཚན་པའི་དྲ་བ་ཡིན།། དེ་ཉིད་ཚོགས་དང་དཀྱིལ་འཁོར་སྔགས།། གཅིག་ལ་གསུམ་དུ་མཆོག་ཏུ་བསྔགས།། ཡུལ་དང ་འབྱུང་བ་དེ་ཉིད་དོ། ། བདག་རིག་གཞན་དོན་སྙིང་པོ་ཉིད།། ཐབས་དང་ཤེས་རབ་ཕྱག་མཚན་པ།། གཉིས་མེད་རིག་པའི་ཡེ་ཤེས་ཚེ།། མིང་དང་གཟུགས་དང་དབུར་གྱུར་པ།། ཕྱག་དང་ཞབས་སུ་རྣམ་པར་བརྟགས།། བརྟགས ་པ་ལས་ནི་འཕྲོས་པའི་སྐུ། ། ཅི་ཡང་མེད་ལས་ཅིར་ཡང་སྣང་།། བསྐལ་བཟངས་མཆོག་གི་སྒྱུ་འཕྲུལ་པ།། དྲ་བའི་དཀྱིལ་འཁོར་རབ་དུ་རྫོགས།། བརྟགས་པ་ཟིལ་གནོན་ཆོས་ཉིད་སྤྱན།། སྤྱན་ནི་ཆོས་ཉིད་མཉམ་པ་ཉིད།། ་ཇི་བཞིན་དབྱིངས་ཀྱི་ཡུལ་ལ་སྦྱོར།། རོལ་པའི་རྩེད་མོར་སྡང་མིག་པ།། གཞན་དུ་མི་གཟིགས་ཡུལ་ལ་གཟིགས།། པད་མ་འཁྱིལ་པ་ཉིད་སྐུ་གསུང་།། མཚན་མར་འཛིན་པའི་དངོས་པོ་འཇིག། ཡེ་ཤེས་ཆེན་པོའི་སྤྱན་བགྲང ་ལས། ། ཁྲོ་གཉེར་གློག་སྟོང་འགྱུར་བ་ཡི།། མེའི་ཚོགས་ཀྱི་གཞན་དུག་ཀློག་བདུད་རྩི་མ་ནིང་ཅུ་སྐྱོང་བས་ན། བདུད་རྩི་མཆོག་གི་ཁྲོ་བོ་ཡིན།། སྐུ་ཉིད་མཉམ་པ་རྫོགས་པ་ལས།། སྣ་ཚོགས་འཆར་བར་རབ་སྟོན་པ།། ཡེ་ཤེས་སྒྱུ་འཕྲུལ་སྟོབས་ཆེན་པོ། ་མི་གཡོ་མཆོག་གི་འདུ་འཕྲོ་ལས།། གཤོག་པ་རྡོ་རྗེ་གཏམས་པ་ནི།། ཤེས་རབ་ཚོགས་ལ་འཕྲུལ་པ་དང་།། ཐུགས་རྗེ་དྲ་བའི་བྱིན་བརླབས་ཀྱིས།། འཁོར་ཡུག་ཇི་སྙེད་མཐས་ཀླས་པ།། དབྱིངས་ཉིད་བདེ་ལ་སྐྱོང་བ་སྟེ།། འཕྲོ ་ནས་དབང་དུ་བྱེད་པའི་དོན། ། རྟ་ཡི་གར་ཐབས་རྫུ་འཕྲུལ་གྱིས།། གཅིག་ཀྱང་ཡལ་པ་མ་ཡིན་པའོ།། ཆོས་དབྱིངས་མཉམ་དང་མི་མཉམ་པའི།། སྒྱུ་འཕྲུལ་དཀྱིལ་འཁོར་མཐས་ཀླས་པར།། རྩེད་མོ་མཆོག་གི་ཕྱག་རྒྱ ་ནི། ། བརྐྱང་དང་བསྐུམ་པ་ཞབས་ཚུལ་ཏེ།། འཕྲོས་ནས་དབང་དུ་བྱེད་པའི་དོན།། ཐབས་དང་ཤེས་རབ་རོལ་པའི་དོན།། རང་དབང་ཐབས་ཆེན་རྒྱལ་པོ་ཡིས།། སངས་རྒྱས་ཀུན་གྱི་སྐུ་གསུང་བ།། ཐིག་ལེ་མཆོག་གི་གནས ་ལ་རྫོགས། ། དབང་ཕྱུག་ལྷ་ཆེན་ལ་སོགས་ལ།། ཟིལ་གནོན་ཁྲོས་པའི་ཕྱག་མཚན་པ།། སྣ་ཚོགས་མཚོན་རྣོན་མང་པོ་བསྣམས།། ང་རྒྱལ་གདུག་པའི་ཞེ་སྡང་གཅོད།། གཏི་མུག་ཆོས་སྐུ་སྒྱུ་འཕྲུལ་པ།། དྲ་བའི་ཐུགས་རྗེ་མཧཱ ་དག་ནི། ། ཁྲོས་པའི་དམ་ཚིག་སྙིང་རྗེ་ཡིས།། མཉམ་པའི་ཐིག་ལེར་དགོད་པ་ནི།། གཤིན་རྗེ་གཤེད་པོར་གདུག་པའི་རྒྱལ།། གདུག་པའི་ཚོགས་རྣམས་མཆོག་སྒྲོལ་བདེན།། འགྲོ་ལ་མགོན་དུ་གྱུར་པས་ན།། དུག་དང་བདུད་རྩི་ཁྱད་མེད ་པའི། ། ཆོས་སྐུ་གདུག་པས་བརྒྱན་པའི་སྤྲུལ།། དབང་རྟགས་ཡེ་ཤེས་རྒྱན་དུ་བཞག། དུར་ཁྲོད་རྫས་དང་ཁྲག་འཐུང་བའི།། གཡང་གཞི་སྟག་གི་ལྤགས་ཆེན་བགོས།། འཇིགས་བྱེད་སྙིང་རྗེའི་དམ་ཚིག་ནི།། སྐྱེ་ཤི་རྩ་བ་གཅོད ་མཛད་པ། ། མི་གཡོ་མགོན་ཞེས་མཆོག་ཏུ་བསྒྲགས།། ང་རྒྱལ་ལག་གིས་འདུ་བྱེད་པ།། ང་རྒྱལ་འཕྲོག་པའི་དམ་ཚིག་སྟེ།། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ།། སྔགས་ཀྱི་སྙིང་པོ་དེ་ཉིད་པ།། ཧཱུཾ་ཧཱུཾ་ཧཱུཾ་གིས་སྡུད་ཟ་ཞིང་འབྱུང་རྡོ་རྗེ ་ཐུགས་ཀྱི་བྱིན་བརླབས་ཀྱིས། ། ཧཱུ~ཾ་མཛད་ཆེས་ནི་རྣམ་པར་བསྒྲགས།། མི་མཆེད་གཏི་མུག་ཆེན་པོ་ནི།། ཉོན་མོངས་རྒྱ་མཚོ་རྔུབ་པའི་ཕྱིར།། བན་དྷི་ཀློང་ཆེན་འཕུང་བར་སྣང་།། འཇིག་རྟེན་འབར་བའི་སྤྲིན་ཆེན་པོ།། བསྐལ་པ། ་ལས་ཀྱི་ཟིལ་གནོན་པ།། རྡོ་རྗེ་མེ་ཡིས་འབར་བ་འབྱུང་།། ཉོན་མོངས་རྒྱ་མཚོ་སྐེམས་པར་བྱེད།། འཇིགས་བྱེད་ཐབས་ཀྱི་དམ་ཚིག་གིས།། བསམ་ཡས་འཇིག་རྟེན་འཁོར་ཡུག་བཅས།། རང་གི་སྐུ་ཡི་གཞལ་མེད ་བསྡུས། ། སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ནི།། ཟིལ་གྱིས་གནོན་པ་དུར་ཁྲོད་གླིང་།། ཚོམ་བུ་གཉིས་ཀྱི་ལྷ་ཆེན་པོ།། རྡོ་རྗེ་སྐུ་ཡི་བྱིན་བརླབས་ཀྱིས།། ཐིག་ལེ་མི་གཡོ་བདེ་བ་ལས།། རང་བཞིན་རོལ་པ་ཆེན་པོས་ནི།། རྡོ་རྗེ་ཕྲ་མེན་པོ ་ཉིའི་ཚེགས། ། ཁམས་གསུམ་འདུལ་བར་ཡང་དག་མཛད།། ཧ་ནི་ཐིག་ལེ་ཞི་བ་ཉིད།། ཧ་ནི་ཐིག་ལེ་ཞི་ཁྲེ་སྙེམས།། ཧ་ནི་ཐིག་ལེ་དབང་ཆེན་ཡིན།། ཧ་ནི་ཐིག་ལེ་དྲག་པོ་ཉིད།། ཧ་ནི་ཐིག་ལེ་རོལ་པ་ཉིད།། ཧ་ནི་ཐིག་ལེས་ཕྲིན ་ལས་ཉིད། ། ཧ་ནི་ཐིག་ལེས་ཆགས་དབང་འདུལ།། ཧེ་ནི་ཐིག་ལེ་ལས་ཀུན་རྫོགས།། ཧེ་ནི་ཐིག་ལེ་ཡེ་ཤེས་ཐུགས།། ཧེ་ནི་ཐིག་ལེས་གསུང་སྙན་པ།། ཧེ་ནི་ཐིག་ལེས་མཚམ་དམ་ལྕེ།། ཧེ་ནི་ཐིག་ལེ ་རོལ་པ་ཉིད། ། ཧེ་ནི་ཐིག་ལེ་དབང་རྟགས་ཡིན།། ཧེ་ནི་ཐིག་ལེས་དྲག་ཤུལ་བ།། ཧེ་ནི་ཐིག་ལེས་ཐུགས་ཆེན་རྫོགས།། ཧེ་ནི་ཐིག་ལེས་དཀྱིལ་འཁོར་བ།། འཇིག་བྱེད་མཆོག་གི་སྒྱུ་འཕྲུལ་ཏེ།། དྲ་བ་ཟིལ་གནོན་ལམ་འགོག་ས ་ཧཱུཾ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། ཧཱུཾ་ནི་ཡེ་ཤེས་ཐུགས་སུ་ཉིད།། ཧཱུཾ་ནི་ཡེ་ཤེས་ཐུགས་སྐུ་གསུང་།། ཧཱུཾ་ནི་ཡེ་ཤེས་ཡིད་བཞིན་ལས།། ཧཱུཾ་ནི་ཐིག་ལེ་ཡེ་ཤེས་སོ།། ཕཊ་ནི་སྐུ་ཡི་ཐུགས་ཀྱི་ཐུགས།། ཕཊ་ནི་གསུང་གི ་གསུང་གི་ཐུགས། ། པཊ་ནི་ཐུགས་ཀྱི་ཐུགས་ཀྱི་ཐུགས།། ཕཊ་ནི་ཆོས་སྐུའི་ཐུགས་ཀྱི་ཐུགས།། ཕཊ་ནི་ཆོས་སྐུའི་གསུང་གི་ཐུགས།། ཕཊ་ནི་ཆོས་ཐུགས་ཐུགས་ཀྱི་ཐུགས།། སྒྱུ་འཕྲུལ་དྲ་བས་དགྱེས་པ་ཏོ།། དབང་ཕྱུག ་ཆགས་པས་དགྱེས་པ་ཧོ། ། གར་ཐབས་རོལ་པས་དགྱེས་པ་ཧོ།། སྐུ་གསུང་ཐུགས་ལྡན་དགྱེས་པ་ཧོ།། ཡོན་ཏན་ལས་ཀྱིས་དགྱེས་པ་ཧོ།། ཕོ་ཉ་འདུ་འཕྲོ་དགྱེས་པ་ཧོ།། ཀུན་ལ་སྣང་བས་དགྱེས་པ་ཧོ།། བྱིན་གྱིས་བརླབས ་ཀྱིས་དགྱེས་པ་ཧོ། ། ཆོས་ཀྱི་སྐུ་ལ་དགྱེས་པ་ཧོ།། ཡེ་ཤེས་རོལ་པ་དགྱེས་པ་ཧོ།། ཅི་ཡང་མིན་པས་དགྱེས་པ་ཧོ།། གནོད་པ་བསྡུད་པས་དགྱེས་པ་ཧོ།། ཆོས་ཀྱི་དབྱིངས་ཉིད་དགྱེས་པ་ཧོ།། ངེས་དགྱེས་པ་ཆེན་པོ་ཉིད་ལ་ཉིད་ཤིན ་ཏུ་དགྱེས་པར་གྱུར་ཏེ། ཆོས་ཐམས་ཅད་གཅིག་གི་རང་བཞིན་དུ་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྟོང་ཕྲག་བརྒྱ་པ་ལས་དགྱེས་པ་ཆེན་པོའི་བྱིན་བརླབས་དང་ཡོན་ཏན་མཆོག་སྟོན་པའི་ལེའུ་སྟེ་སུམ་བཅུ ་གཉིས་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འཇིགས་བྱེད་ཀྱིས་བསོད་ནམས་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། འཁོར་ལོ་འབར་ཁྱས། ་སྒོ་རྣམས་སུ།། འཇིགས་བྱེད་འཁོར་ལོའི་རིགས་ཀྱི་གཙོ།། བཙུན་མོའི་ཚོགས་དང་ལྡན་པར་བསྒོམ།། ཞི་དང་དྲག་པོ་དབང་དང་རྒྱས།། འཇིགས་པའི་ཚོགས་ཆེན་དེ་དབུས་སུ།། བདག་ཉིད་དྲག་པོ་བཅོས་ཚུལ་ཏུ།། སྐུ་གསུང ་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། ། འཁོར་ལོ་བར་ཁྱམས་སྒོ་རྣམས་སུ།། འཇིགས་བྱེད་རྡོ་རྗེ་རིགས་ཀྱི་གཙོ།། བཙུན་མོ་འཛིན་པའི་ཚོགས་དང་བཅས།། ཁྲོ་མོའི་ཚིགས་དང་ལྡན་པར་བསྒོམ།། ཞི་དང་དྲག་པོ་དབང ་དང་རྒྱས། ། འཇིགས་པཱི་ཚེགས་ཆེན་དེ་དབུས་སུ།། ལུས་དང་ངག་ཡིད་བྱིན་བརླབས་ནས།། བདག་ཉིད་དྲག་པོ་བཅོས་ཚུལ་དུ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ།། ཡང་ན་རིགས་དབང་དཀྱིལ་འཁོར་རོ།། འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། ་འཇིགས་པའི་འཕྲིན་ལས་རིགས་ཀྱི་གཙོ།། བཙུན་མོ་འཛིན་པའི་ཚོགས་དང་བཅས།། ཁྲོ་མོའི་ཚིགས་དང་ལྡན་པར་བསྒོམ།། ཞི་དང་དྲག་པོ་དབང་དང་རྒྱས།། འཇིགས་པའི་ཚོགས་ཆེན་དེ་དབུས་སུ།། ལུས་དང་ངག་ཡིད་བྱིན་རླབས ་ནས། ། བདག་ཉིད་དྲག་པོར་རབ་གནས་ནས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ།། ཡང་ན་རིགས་དབང་དཀྱིལ་འཁོར་རོ།། འཁོར་ལོ་བར་ཁྱམས་སྒོ་རྣམས་སུ།། འཇིགས་པའི་ཕྲིན་ལས་རིགས་ཀྱི་གཙོ།། བཙུན་མོ་འཛིན ་པའི་ཚོགས་དང་བཅས། ། ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ།། ཞི་དང་དྲག་པོ་དབང་དང་རྒྱས།། ལས་བཞི་དཀྱིལ་འཁོར་རྫོགས་པར་དགོད།། འཇིགས་པའི་ཚོགས་ཆེན་དེ་དབུས་སུ།། ལུས་དང་ངག་ཡིད་བྱིན་བརླབས་ནས།། ་བདག་ཉིད་དྲག་པོར་རབ་གནས་ནས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ།། འཇིག་བྱེད་ལྔ་རྫོགས་དཀྱིལ་འཁོར་ནི།། ཉི་ཤུ་རྩ་ལྔ་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་རྫོགས་པར་བསྒོམ།། རྒྱན་དང་ཆ་ལུགས་ལ་སོགས ་པ། ། འཇིགས་པའི་ཚོགས་ནི་ཇི་བཞིན་པར།། ཚམ་དམ་ཆེན་པོའི་ཆ་ལུགས་བསྒོམ།། གླུ་དང་གར་དང་ཕྱག་རྒྱ་དང་།། ཤེས་རབ་ཐབས་སུ་ཤེས་པ་དང་།། བྱང་ཆུབ་སེམས་ཀྱི་མཆོད་པ་དང་།། བརྡ་ལས་སོགས་པའི་ཡོན་ཏན་དང་།། ་བཟའ་དང་བཅའ་དང་བཏུང་དང་བགོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀྱིས།། མདོར་ན་ཚོགས་རྣམས་མངོན་དུ་བསྒྲུབ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འཇིགས་བྱེད་ཆེན་པོའི་གསོད་ནམ?། ་སྦྱིན་པ་དལ་ཚིག་ལེའུ་སྟེ། སུམ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཚེར་ག་དང་། དཀྱིལ་འཁོར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི་བ་།། དེ་བཞིན་ག ་པའི་སྐུ་གསུང་ཐུགས། ། ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་རོ།། གསང་སྔགས་སྤྱི་ཡི་དཀྱིལ་འཁོར་ལས།། ཤེས་འཇུག་ཡུམ་གྱི་དཀྱིལ་འཁོར་བསྒོམ།། རྒྱང་གྲགས་དཔག་ཚད་ལ་མོ་གྷ་དང་། ལུས་གང་ལུས ་རོ་གསུམ་གྱི་ཚད། ། རང་གི་རིག་པས་ཅི་ནུས་པར།། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ།། གནོད་བསྐྲངས་གནོན་བྱིན་གྱིས་བརླབ།། ལྗོན་པ་ལྕག་ཕྲན་སྡོང་གཅིག་དང་། མ་རེག་མཚོན་གྱིས་ཇི་བཞིན་དུ། གོམས ་པར་བྱ་བའི་ཏིང་འཛིན་དབབ། ། འཇིགས་བྱེད་སྐུ་གསུང་དཀྱིལ་འཁོར་བཟླས།། གནས་དང་བཟླ་དད་རྫས་རྣམས་ནི།། ཚོགས་ཀྱི་མཆོག་ཏུ་དམིགས་པས་གཞག། དང་པོར་མཆོག་སྦྱིན་དམ་པས་མཆོད།། གཟུགས་དང་ལུགས། ་ཆེན་དུང་མཆོག་ནི།། ཅི་འདོད་སྣང་བར་བདག་གི་དགོད།། འཇིགས་བྱེད་དབང་དུ་བདག་ཞུགས་ནས།། ཁྲོ་མོ་ཇི་སྙེད་འཁོར་དུ་བྱ།། བར་ཆད་ཏིང་འཛིན་མཆོག་གིས་ཟློག། གསང་བའི་སྙིང་པོར་ཉིད་བཤམས་ཏེ།། འདས་པ་བ་དག་ཏུ ་མཉམ་སྦྱར་ཞིང་། ཐུགས་ཀྱི་སྔགས་ཀྱིས་སྤྱན་དྲངས་ནས།། བདག་གིས་ལུས་ལ་ཞུགས་ཚུལ་དུ།། དེ་ཡི་གཟུགས་གཟུང་མཆོག་ཏུ་བསྟིམ།། ཞེས་ལན་གསུམ་བརྗོད་པས་ན།། དེ་ཉིད་བསོད་ནམས་ལུས་ཐོབ་ཅིང་།། ཡེ་ཤེས ་ལྔའི་དངོས་གྲུབ་སྦྱིན། ། ཕོ་ཉ་འདྲ་འཕྲོ་མང་པོ་རྣམས།། དེ་ཡི་དགོས་པ་བྱེད་པར་འགྱུར།། ཡང་ནས་བཞི་རབ་མཉམ་ལ།། ཕྱག་རྒྱ་གཟུགས་དང་སྙིང་པོ་རྣམས།། ལྔ་ཡི་མཚོན་གྱིས་བྲེས་པར་བྱ།། དཀར་རྩི་དམར་རྩི་དྲི་ཤ་ཆེན།། ་རྡོ་རྗེ་རུང་ཆེན་དམར་རྩས་དགར།། དུད་དང་སྲོག་ཤིང་གསར་རྙིང་དང་།། ཞིང་འགྱུར་མཆོག་དང་མཆོག་ཕྲན་དང་།། ཇི་སྙེད་པ་ཡི་རྫས་རྣམས་ཀུན།། འཇིགས་བྱེད་ཆེན་པོའི་ཏིང་འཛིན་དང་།། ཉམས་པ་མེད་པའི་སེམས་ཀྱིས་སྤྱད།། ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ལ།། རྡེར་དང་བཅས་པའི་བསམ་པ་ཡིས།། རེ་བ་མེད་པར་རབ་དུ་བསྒྲུབ།། བསྙེན་པ་དང་ནི་ཉེ་བསྙེན་པ།། སྒྲུབ་པ་དང་ནི་བསྒྲུབ་ཆེན་པོས།། ཞག་ནི་ཚང་ཞིང་རྟགས་བྱུང་ན།། དཀྱིལ་འཁོར་འཐུན ་པ་ཉིད་དུ་མྱུར། ། ཞག་ནི་སུམ་བཅུ་ཕྲག་དྲུག་གམ།། དྲུག་བཅུ་དགུ་བཅུ་རྩ་དྲུག་ཏུ།། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ།། འཇིགས་བྱེད་ཚོགས་ལ་བདག་ལུས་དབུལ།། དེ་ཉིད་དཀྱིལ་འཁོར་ཉིད་དུ་བརྟག། འདའ་བར ་མི་མཛད་དམ་ཚིག་ལས། ། ནམས་ཀྱང་འདའ་བར་མི་མཛད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དགྱེས་པ་ཆེན་པོའི་དཀྱིལ་འཁོར་དམ་ཚིག་གི་ལེའུ་སྟེ་སུམ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས ་དགྱེས་པ་ཆེན་པོས་སྔགས་ཀྱི་སྙིང་པོ་འདི་ཆེད་དུ་བརྗོད་དོ། ། ཨ་ཀི་དུ་ན་ཛྭ་ལ་མཎ་ཌ་ལ་ཕཊ་ཕཊ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷ་ཤྭེ་རི་ཧཱུཾ་ཕཊ། རུ་ལ་མ་ཧཱ་ས་མ་ཡ་ཧཱུཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུ~ཾ། ཨོཾ་མ་ཧཱ་བཛྲ་ཤྲཱི་ཏེ ་བཛྲ་ཀྲོ་དྷ་ཤོ་རི་སརྦ་དུཥྚཱ་ན་ཧཱུཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུ~ཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཨོཾ་རང་ན་མ་ཧཱ་ཤྲཱི་ཧེ་རུ་ཀ་རད་ན་མ་ཧཱ་ཀྲོ་དྷ་ཤྭ་རི་བི་དྷ་མུ་ཁ་ཧཱུ~ཾ་ཕཊ། རུ་ལུ་རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ་བྷྱོ་ཧཱུ~ཾ་ཕཊ། ཨོཾ་ཏྲིཿཔད་མ་མ་ཧཱ་ཤཱི་ཧེ་རུ་ཀ་པད་མ་མ ་ཧཱ་ཀྲོ་དྷ་ཤྭ་རི་ཁཱ་ཧི་ཧཱུཾ་ཕཊ། རུ་ལུ་ལ་ཧཱ་ས་མ་ཡ་ཧཱུ~ཾ་རུ་ལུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཨོཾ་ཀརྨ་མ་ཧཱ་ཤཱི་ཧེ་རུ་ཀ་སརྦ་ཨ་ག་མ་ཧཱ་ཀྲོདྷ་བྷ་རི་བི་ཤྭ་ར་བིཤྭ་རཱུ་པ་ཧཱུ~ཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུ~ཾ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུ~ཾ། ཨོཾ་མ་ཧཱ་སརྦ་ཏ་ཐཱ་ག་ཏ་བཛྲ་དད་ན། ་བ་ད་པ་ཨ་མོ་གྷ་མ་ཧཱ་བཛྲ་ཤྲཱི་ཧེ་རུ་ཀ། མ་ཧཱ་ས་མ་ཡ་ཧ་ཧ་ཧཱུཾ་ཕཊ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པད་མ་ཤཱི་ཏེ་རུ་ཀ་མན་ཏྲ་ཛྭ་ལ་མ་ཧཱ་མཎ་ཌ་ལ་ཀཱ་ཡ་བཱཀ་ཙི་ཏ་ཏ། ཨོཾ་ཨཽ་ཨོཾ། ཧཱུཾ་ཧཱུཾ་ཏྲཱུཾ། སྭ་སྭཾ་སྲཾ། ཨཱཾ་ཨཱཾ་ཨཱཾ། ་ཛྙཱནཱདྷ། བརྡམ་དྷགནལ་ཁང་ག་ན་ཇལ་བ་པ། མད་ཤཱིཏི་དྱ་ཀ་ཨ་མ་དྲམ་པ་དེ་ཐུགས་ཏངན། ཛྫ་ཧྲཱི། མ་ད་ཡོག་ཡང་དམ་ཧཱས་མ་པ། རུ་ལུ་ཀྱུ་མ་ལ་ལ་ཧོ། ཏས་པ་བ་ཉིད་ག་ཡེང་བགནས་པའི། ་འཁོར་བའི་བཅུ་གཉིས་ཉིད་རྫོགས།། སངས་རྒྱས་རྡོ་རྗེ་ཏེ་རུ་ཀ། ཚོམ་བུ་དཀྱིལ་འཁོར་བས་མ་ཡ་ས་ཀྱེ།། སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག། ཨོཾ་བཛྲེ་ཀྲོ་དྷི་ས་མ་ཡ་ཧོ།། ཨོཾ་བཛྲ་ཀྲྀ་དྷི་ས་མ་ཡ་སྟྭཾ། ཨོཾ་ཨ~ཾ་ཧཱུ~ཾ་སུ་ར་སྟྭ~ཾ། ཀ་མ་ལ་མ་ཧཱ་སུ་པ ་མཱ་ལེ་མ་ནུས་མན་ཛྭ་ལ་ནི་དྷ་ན་ཨ་པ་ཡོ་ག་ཁཱ་ཏི་ཨ་ལ་ལ་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འཇིགས་བྱེད་ཆེན་པོ་སྔགས་ཀྱིས་བཟླས་པ་སྙིང་པོ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པའོ།། ། ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དམ་ཚིག་ཆེན་པོས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་སྦྱིན་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། གདུག་པའི་ཚོགས་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས ་བྱུང་ངོ་། ། ཨོཾ་སརྦ་ཏ་ཐཱ་ག་ཏ་པད་མ་ས་མ་ཡོ་གེ་ནི་ཛ་ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཀུན་ཏུ་པད་མར་གྱུར་ཏེ། དབུ་དགུ་ཕྱག་བཅོ་བརྒྱད་པ ་ལས་དབུ་དང་། ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་དུ་སྲིད་པའི་རྩེ་མོར་ཐུག་པར་གནས་པར་གྱུར་ཏོ།། དེ་ནས་ཡང་དཀྱིལ་འཁོར་ཆེན་པོ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རི་རབ་ཆེན་པོ ་བརྐྱང་བསྐུམ་གྱི་ཚུལ་གྱིས་འདྲིལ་ཞིང་ཨོཾ་ཨ་བྷི་ཙ་ར་པ་ཤཱ་ནེ་ཞེས་བརྗོད་པས་ལྷའི་ཚོགས་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། མི་དང་མི་མ་ཡིན་པ་ཇི་སྙེད་པ་ཐམས་ཅད་རང་དབང་མེང་བར་ཞབས་འདྲིལ་བའི་འོག ་ཏུ་གནས་པར་གྱུར་ཏོ། ། དེ་ནས་ཡང་ཧ་ཧ་ཨ་བི་ར་ཙ་ཏི་ཥ་ཞེས་བརྗོད་པས་ལ་ལ་ནི་ལུས་ཤིན་ཏུ་བརྗེས་ཏེ་རི་རབ་ཆེན་པོའི་འོག་ཏུ་གནས་པར་གྱུར་ཏོ།། ལ་ལ་ནི་མངོན་སུམག་ཅན་མར་རི་རབ་ཆེན་པོའི་འོག་ཏུ་གནས་པར ་གྱུར་ཏོ། ། དེ་ནས་ཡངས་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་གདུག་ཅིང་ཞེ་སྡང་ཆེ་བ་དང་པ་མེད་ཅིང་རྡོ་རྗེ་ཐེག་པ་སྤོང་བ་ཞིག་ཡོངས་ཀྱི་འཇིག་རྟེན་ན་གནས་པར་མཁྱེན་ཏོ།། མཁྱེན་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། ཨོཾ་པད་མས ་མ་ཡོ་ག་ནི་རུ་ལུ་རུལ་རུ་ལུ་ཧཱུཾ་ཞེས་བརྗོད་པས་ཀུན་ཏུས་ཆགས་པའི་བདག་ཉིད་དང་། ཀུན་ཏུ་གསུང་ཆགས་པའི་ཆ་ལུགས་དང་། ཀུན་ཏུ་ཐུགས་ཆགས་པར་གྱུར་པ་དང་། ཀུན་ཏུ་རིན་པོ་ཆེ་ཆགས་པ་ཆེན་པོ་དང་། ཀུནདྷ་ཕྲིན་ལས། ་ཆགས་པ་ཆེན་པོར་གྱུར་ཏེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། དབུས་ཆེན་པོར་ཁྲག་གི་དཔའ་ཀློང་ཀེང་དུས་ཆེན་པོའི་རི་རབ་ཆེན་པོ་ན་དུས་ཀུན་དང་དེ་ཉིད་སྣང་བར་གྱུར་ཏོ།། དེ་ཡང་ཀུན་ཏུ་སྐུ་ལྔ་འཇིགས་པའི་གཟུགས་བསམ ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་ལྔའི་ང་རོ་བསམ་གྱིས་མི་ཁྱབ་པ་དང་། འཇིགས་བྱེད་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་ལྔའི་རོལ་པ་དང་། ཞལ་བསམ་གྱིས་མི་ཁྱབ་པས་འཇིགས་པ་དང་། རིགས་སྔགས་ཚོམ་བུ ་ཆེན་པོའི་སྟེང་དུ་གནས་པར་གྱུར་ཏོ། ། དེ་ལས་མཆོག་གི་སྙིང་པོ་ཆེན་པོ་མ་ཧཱ་རང་ན་ཏི་ལ་ཁའི་དབུར་གྱུར་ལས་རབ་ཏུ་སྐུ་གསུང་ཐུགས་སྤྲས་པའི་གཞལ་མེད་ཁང་ན་འཇིགས་བྱེད་ཆེན་པོའི་ཐིག་ལེ་སྙིང་པོ་ཉིད་དབུ་གསུམ་ཕྱག་དྲུག་ཏུ ་གནས་ཏེ། གཉིས་སུ་མེད་པར་བཞུགས་སོ།། དེ་ནས་དེ་ཉིད་དུ་སྐུ་དང་། དབུ་དང་། ཕྱག་དང་། ཞབས་དང་། འཁོར་སྟེང་ཁམས་ཀྱི་རྡུལ་སྙེད་དུ་འཇིགས་བྱེད་ཆེན་པོ་བསམ་གྱིས་མི་ཁྱབ་པར་ཁེབས་པར་མཐོང་ངོ་།། དེ་ནས་ཡང་བདུད ་ཆེན་པོས་འཛིན་གྱི་རྒྱལ་པོས་སྐྱེས་བུ་ཆེན་པོས་འཛིན་གྱི་བདག་པོ་ཐང་ཐོང་ཇི་དེ་ལྟ་བུ་བྱེད་དམ་ཞེས་པ་ལས་དེ་ནས་ཡང་དགྱེས་པ་ཆེན་པོའི་བདག་ཉིད་ཀྱིས། ཨོཾ་ཨ་བྷི་ཙ་རབ་ཤཱི་ན་ཏཱཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་དམ་པའི་བསྟན ་པ་རྡོ་རྗེ་ཐེག་པ་སྨོད་ཅིང་འགྲོ་བའི་རྣལ་འབྱོར་པ་ལ་གནོད་པའི་ཚོགས་འཁོར་བསམ་གྱིས་མི་ཁྱབ་པ་དང་། གཡོག་དང་ཡང་གཡོག་ཏུ་བཅས་པའི་བདུད་ཆེན་པོ་དེ་དག་ཉིད་ཀྱི་ཡིད་ཀྱིས་གདུངས་ཏེ་རབ་དུ་བརྒྱལ་ནས་མ་མཐོང་བར ་རྨོངས་པའི་གནས་ནས་རང་དབང་མེད་ཅིང་དྲན་པ་མེད་པར་ཀེང་རུས་ཀྱི་རི་རབ་ཆེན་པོའི་འོག་ཞབས་ཀྱི་གནས་སུ་ཕྱིན་པར་གྱུར་ཏོ། ། དེ་ནས་འཇིགས་བྱེད་ཆེན་པོས་ཏིཥྛ་བཛྲ་ཨོཾ་ཨཾ་ཞེས་བརྗོད་པས་གདུག་པའི་བློ་དང་། ་ཕྲལ། མི་མཐུན་པའི་ལུས་བརྗེས་དེ་ལྷ་ཆེན་པོའི་ཚོགས་འདུལ་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོར་གནས་པར་གྱུར་ཏོ།། དེ་ནས་དགྱེས་པ་ཆེན་པོ་དཔལ་འཇིགས་བྱེད་ཆེན་པོས་དེ་དག་གི་དཀྱིལ་འཁོར་སྒྱུ་འཕྲུལ ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཐུགས་ཀྱི་དཀྱིལ་འཁོར་ཐིག་ལེ་ཆེན་པོ་ཞེས་བྱ་བ་འདི་ཉིད་ཀྱི་རྡོ་རྗེ་ཐིག་ལེ ་ཆེན་པོའི་དམ་ཚིག་སྣ་འཕྲུལ་དྲ་བ་ལས་བྱུང་ངོ་། ། ཨོཾ་ཁྲག་མདངས་དཔའ་ཀློང་འཁྱིལ་པ་ཡི།། ཀེང་རུས་ཚོགས་ཀྱི་རི་རབ་འབུམ།། འདུས་པའི་ཆོམ་བུ་ལྔ་ཡི་རི།། འཁོར་ལོ་རྩིབས་བཞི་འབར་བའི་ཁང་།། གྲུ་ཆང་བཞིས་བརྒྱན་རབ ་བརྗིད་པའི། ། གྲུ་བཞི་སྒོ་ཁྱུང་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད།། སྟན་མང་པོ་ལྷ་ཆེན་སྟོན།། དགྱེས་པ་ཆེན་པོ་ཀུན་ཏུ་བཟང་།། ཕྱག་དང་ཞབས་ནི་བརྒྱད་པ་ཡིན། ཐོད ་སྦྲུལ་སྣ་ཚོགས་ཉིས་ཟླས་བརྗིད། ། འཇིགས་བྱེད་ཆེན་པོ་ཁྲག་འཐུང་བའི།། རྡོ་རྗེ་སྙིང་པོ་ཐིག་ལེ་ཐུགས།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲང་།། ཁྲོ་མོ་བཞིས་མཆོད་ངོས་བཞིར་ནི།། དགྱེས་པ་ཆེན་པོའི་ཚུལ་འཆང་བ།། ་ཕྱོགས་བཞི་ག་དང་བཅས་པར་ནི།། སྤྲུལ་པའི་རྣལ་འབྱོར་འཕྲ་མེན་རྣམས།། རི་རབ་ཞིང་ཆེན་སྟེང་ན་གནས།། འབར་བས་ཕྱག་བསྡམས་ཆེན་པོ་ནི།། རྡོ་རྗེ་དུང་ཆེན་གང་བ་དང་།། པད་མའི་གཞལ་མེད་རྡེའི་ཆུང་བརྡུང་།། ཞིང་གི ་ཞགས་པས་འཆིང་བ་དང་། ། ཁ་ཊྭཱཾ་འཕེན་ཅིང་འཁྲིལ་བ་སྟེ།། བཙུན་མོ་འཛིན་པའི་ཚོགས་དང་བཅས།། གནམ་དང་ཡུལ་གྱི་ཕྱག་རྒྱ་དང་།། སྒོ་བཞི་ཕྱག་རྒྱ་རབ་མཛེས་པར།། བྲན་མོའི་ཚོགས་ཆེན་མང་པོ་རྣམས།། འཇིགས་པའི ་གཟུགས་ཀྱིས་གནས་པར་བྱེད། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཅིག་གདུག་པའི་ཚོགས་བྱིན་གྱིས་རློབ་པ་ཞེས་བྱ་བའི་བའུས་སུམ་བཅུ་དྲུག་པའོ།། དེ་ནས་དེབདན་། ་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། བྱེད་པ་རྡོ་རྗེ་མཆོག་ཉིད་ཀྱི།། སྒྱུ་འཕྲུལ་ལམ་གྱི་དཀྱིལ་འཁོར་ལས།། དྲ་བའི་ཀྱིལ ་འཁོར་མངོན་རྫོགས་པར། ། འཇུག་པའི་ཡིད་ཀྱི་དགོངས་པ་ཡིན།། ཤིན་ཏུ་པྲ་ལ་སྦྱངས་པ་ནི།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་མཛེས།། ཆོམ་བུ་གཉིས་ཀྱི་བྱེ་བྲག་ཏུ།། སྤྲོ་ཞིང་བསྡུ་བ་འང་དེ་བཞིན་ནོ།། ཡིད་དུ་འོང་བའི་ས་གཞི ་ནི། ། རྐང་མཐིལ་ཐིག་གདབ་དཀྱིལ་འཁོར་བྲི།། ཨོཾ་དང་མུཾ་གྱི་དཀྱིལ་འཁོར་བསྒོམ།། དེ་ལས་པྲ་བོ་རྡོ་རྗེས་དགྲང་།། ཕྲ་བར་ས་བསྡུས་མཐིལ་དུ་གཟུང་།། ཡུམ་གྱི་ཚོགས་སུ་ཤེས་པས་བརྟགས།། གང་གི་ཡུལ་ཡང་དབང ་དུ་འགྱུར། ། མི་མཐུན་གཟུགས་སུ་བརྟགས་པ་ནི།། དྲ་བའི་འདུ་འཕྲོས་དེ་ལུས་བཞིན།། ལུགས་ཀ་བཞིན་དྲ་ཧཾ་དུ་བཏགས།། དེ་ལས་འོད་གཞི་མཐིལ་ཏུ་བཟུང་།། གསང་ནས་ངག་ལ་མ་ཧེ་དུ་བྱ།། རླུང་ཟླའི་སྟེང་དུ་མཁས ་པས་བཞག། དྲག་པོ་ལྕེའི་སྦྱོར་བ་ཡིས།། གླིང་ཁམས་གཞན་དུ་ཤིན་ཏུ་བཏང་།། བདག་ཉིད་ཧཱུཾ་གི་ཚོགས་བཅས་པ།། མ་སྐྱེས་པ་ཡི་ཡི་གེ་བསྒོམ།། བྱ་བ་ཆོས་ཁམས་ངོས་ཚོགས།། མྲྀ་དུ་བྱིན་བརླབས་ཡི་གེར་བསྟིམ།། རྟེན ་པ་ཨ་ཡི་འཕྲོ་འདྲ་ཡིས། ། ནམ་མཁའ་བཞིན་དུ་ཤིན་ཏུ་བསྒོམ།། བཏན་འགྱུར་ཨ་ཡི་སྙིང་པོ་བཟླས།། ཉམས་ས་ལོན་པར་མ་གྱུར་ཚེ།། འཇུག་པའི་ཡིད་དང་ཉམས་སུ་སྦྱོར།། དང་པོའི་གནས་སུ་ཤེས་པ་དང་།། རྣམ་པ་མང་པོར ་མཉམ་དུའོ། ། དེ་ལས་མི་སྣང་གཟུགས་ཞི་བ།། རབ་དུ་བློ་ཡི་ཐིག་གནས་ནི།། གཞན་དུ་རྣམས་ཀྱང་མི་བསྟན་ཅིང་།། གཞོན་དང་སྤྱད་དང་འཚོང་ལ་སོགས།། ལོངས་སྤྱོད་རྣམ་པར་སྦྱོར་བ་དང་།། རྫས་ཀྱི་ནོར་ཕྱིར་མ་ཡིན་ནོ།། རྨོངས་ལ་འབར ་དང་བརྩོན་འགྲུས་གཞན། ། ནམས་ཀྱང་སྦྱིན་པར་མ་གསུངས་ཏེ།། སྨད་པ་བམ་གྱི་གཏེར་བཞིན་དུ།། སུས་ཀྱང་ཕྱིན་པར་མ་གསུངས་ལ།། སྲོག་ཆགས་ཁ་ཡི་གཏམ་བཞིན་དུ།། ནམས་ཀྱང་སྨྲ་བར་མི་བྱའོ།། བྱེད་པ་རྡོ་རྗེ ་གཤ་ཡི་ཚོགས། ། བཞི་བཅུ་རྩ་བཞིའི་གླིང་བཞི་ལམ།། ཀུན་ཏུ་བཟང་པོ་ཐབས་ཚུལ་བ།། ཆོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ།། ཆོས་ཁམས་བྱ་བ་ཨ་ཡི་ཚོགས།། བཞི་བཅུ་རྩ་གཉིས་གླེང་སློང་པ།། ཀུན་ཏུ་བཟང་མོ་ཤེས་རབ་ཚུལ།། ་གཤའ་ལ་ཡེ་ཤེས་ཐུགས་ཀྱི་ཐུགས།། ཆོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ།། དེ་ནས་ཆོས་ཁམས་ཨ་ལ་བསྟིམ།། ཆོས་ཀྱིས་ཆོས་བྱ་བ་ཡི་དབྱིངས།། ཀུན་ཏུ་བཟང་མོ་བདེ་བའི་ཡུམ།། དེ་ཡི་དང་དུ་ཚོགས་ཀུན་བརྟག། ས་ཆུ་མེ་ཡི། ་འབྱུང་བ་རྣམས།། དེ་ཡི་དབྱིངས་ནས་འབྱུང་བར་ནི།། འདོད་པའི་བདག་ལ་ཤིན་ཏུ་བརྟག། མི་གནས་ནམ་མཁའི་མཐས་ཀླས་པར།། གོམས་པར་འདོད་པ་ཐོད་པ་དང་།། ཆུ་ལས་ས་ཞིང་འགྲོ་བ་དང་།། བསྲེག་བྱ་འབར་བའི་དབུས་གན ་དང་། ཚ་བ་རླུང་གིས་བཏེག་ནས་ཀྱང་།། ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྡོ་རྗེ་སྙིང་པོ་ལས་ཐམས་ཅད་ཀྱི་ལེའུ་སྟེ་སུམ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ ་ཆེན་པོས་གསང་བའི་སྙིང་པོ་དེ་བརྟན་པར་འཛིན་པའི་དོན་ཆེད་དུ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། དེ་ཉིད་ཆོས་དབྱིངས་མཉམ་སྦྱོར་བས།། སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ།། ཀྵ་ལ་མ་ཨ་ཡིས་ཚོན་བཞིན་དུ།། སྒྱུ་འཕྲུལ་དྲ་བའི།། ་དཀྱིལ་འཁོར་བསྒོམ།། ལུགས་སུ་བླུགས་པ་བཞིན་དུ་ནི།། དེ་ཉིད་ཡིད་ལམ་མཆོག་གྲུབ་པའོ།། དེ་ཉིད་གསལ་བར་མཉམ་སྦྱོར་ལས།། སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ།། ཨོཾ་ལམ་ཨ་ཡི་ཚོན་བཞིན་དུ།། སྒྱུ་འཕྲུལ ་དྲ་བའི་དཀྱིལ་འཁོར་བསྒོམ། ། ལུགས་སུ་ཐུགས་པ་བཞིན་དུ་ནི།། དེ་ཉིད་གཟུགས་ལམ་མཆོག་གྲུབ་པའོ།། དེ་ཉིད་མཉམ་ཉིད་མཉམ་སྦྱོར་ལས།། སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ།། སྲཾ་ལ་མ་ཨ་ཡི་ཚོན་བཞིན་དུ། ་སྒྱུ་འཕྲུལ་དྲ་བའི་དཀལ་འཁོར་བསྒོས།། ལུགས་སུ་བྱུག་པ་བཞིན་དུ་ནི།། དེ་ཉིད་ཁྱད་པར་ལམ་མཆོག་གོ། ཆོས་དབྱིངས་རྟོགས་པས་མཉམ་སྦྱོར་ལས།། སངས་རྒྱས་ཀུན་བདག་བྱི་གྱིས་བརླབ།། ཨོཾ་ལམ་ཨ་ཡི་ཅོན་བཞིན་དུ ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། ། ལུགས་སུ་ཐུགས་པ་བཞིན་དུ་ནི།། དེ་ཉིད་གསུམ་ལམ་མཆོག་གྲུབ་པའོ།། ཆོས་དབྱིངས་བྱ་བ་མཉམ་སྦྱོར་བས།། སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ།། ཧཾ་ལམ་ཨ་ཡི་ཚོགས ་བཞིན་དུ། ། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ།། ལུགས་སུ་ཐུགས་པ་བཞིན་དུ་ནི།། དེ་ནི་ཕྲིན་ལས་ཡེ་ཤེས་སོ།། དེ་ལས་ཏིང་འཛིན་སྒྱུ་འཕྲུལ་བསྒོམ།། དྲ་བའི་དཀྱིལ་འཁོར་མཆོག་ཉིད་ནི།། རྗེ་བཅུ་རིགས་ཀྱི་ཕྱག་རྒྱ ་བསྒོམ། ། དེ་ཉིད་ཧ་དད་ཀྵ་ཉིད་དེ།། མུཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ།། སངས་རྒྱས་སྐུ་འཕྲུལ་མཆོག་ཉིད་ལས།། དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ།། དེ་ཉིད་ཧཱུཾ་ལམ་ཕྱག་བསྣམས་པ།། རྩེ་བཅུ་རྒྱན་གྱིས་རྣམ་པར་བརྒྱན།། ཡང ་ན་རྩེ་ལྔ་ཐུགས་ཀྱི་ཐུགས། ། དབུས་ནས་ཧཱུཾ་གི་ལོ་ཙ་ན།། ལྕགས་ཀྱུ་འཛིན་པར་རྒྱ་བཅིངས་ཤིང་།། ཧཱུཾ་ཧཱུཾ་ཧཱུཾ་གིས་ལན་གསུམ་དུ།། རང་ལུས་ངག་ཡིད་བྱིན་གྱིས་བརླབ།། མུཾ་གྱི་ཚོགས་ཀྱིས་ལྷ་རྣམས་བསྐུལ།། འབྲུ་ལྔ་རྒྱ་བཅིངས ་བྱིན་གྱིས་བརླབས། ། བསྐྱེད་པ་རྫོགས་པར་གསོར་བ་ཡིས།། བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བྲི།། ཞི་བ་རྒྱས་པ་ལན་གསུམ་གྱིས།། དེ་འདོད་ལས་རྣམས་གྲུབ་པར་འགྱུར།། བཅུ་པ་དྲག་པོ་མཐིང་གནག་དབུ།། འགྱིང་བའི་གར ་གྱིས་སོང་བ་ཡིས། ། གསུང་སྐན་མྦྷ་ཡི་བྲ་རྡེབས་པའི།། ཕྱག་ཆུབརྒྱུད་དུ་སྐྱོང་བས་ན།། ཕཊ་ཕཊ་ཏུ་གིས་གསོར་བ་ཡིས།། སྙིང་པོ་ཐུགས་རྟགས་ཕྱག་བསྡམས་པ།། སྐུ་གསུང་ཐུགས་ཀྱི་རྒྱལ་བ་ལས།། བསོད་ནམས་ལུས ་འཇིག་དབང་དུ་གྱུར། ། ཅི་འདོད་རེ་བ་ཐོབ་པར་མཛད།། བརྒྱན་པ་སྒེགས་པ་ཕོ་ཉ་དང་།། ཚངས་པ་དབང་པོ་འདོད་དབང་དང་།། མདོར་ན་བཅུ་གཉིས་གླིང་གི་བདག། དྲག་ཤུལ་མཐུ་ཡིས་དྲེགས་པ་ཅན།། སྔགས་ཤིང་བརྒྱལ་ཏེ་པོ་སྟོང་ནས།། ་བུམ་པ་བཟང་པོ་འབུལ་བར་འགྱུར།། ལྷ་མོ་ཀླུ་མོ་བརྒྱན་པ་དང་།། རྟ་དང་གླང་པོ་གཞོན་པ་དང་།། གནས་དང་རྟེན་དང་བགོ་བ་དང་།། གཙུག་ན་ནོར་བུ་ཡོད་པ་དང་།། ཅི་འདོད་ཡིད་ལ་བསམ་པ་དབུལ།། དེ་ལ་བྲན་བཞིན་བྱེད་པ ་འགྱུར། ། དེ་ཡི་དགོས་པ་ཐམས་ཅད་ནི།། མ་ལུས་ཀུན་རྫོགས་འགྲུབ་པར་འགྱུར།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་ཆེན་པོ་རྟེན་པར་བཟུང་བ་བདུད་རྩི་འབྱུང་བའི་ལེའུ་སྟེ་སུམ་བཅུ་བརྒྱད་པའོ།། །། དེ་ནས་དེ་བཞིན ་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས་ཐུགས་རྗེས་འགྲོ་བ་འདུལ་བ་བདུད་རྩི་འབྱུང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཡེ་ནས་དག་ཆོས་ལ།། ལོག་རྟོག་རྣམ་པ་གཉིས་སུ་འགྲུབ།། ཐམས་ཅད ་འབྱུང་བ་ལྔ་ལས་སྐྱེས། ། ཐམས་ཅད་གཙང་ཞིང་དྲི་མེད་ལས།། རྣམ་རྟོག་མི་མཐུན་སོ་སོར་གྱུར།། ལ་ལའི་སྨན་ལ་ལ་ལའི་དུག། སྨན་དུ་མ་གྱུར་གང་ཡང་མེད།། ཐམས་ཅད་མ་ལུས་རྒྱ་གཅིག་ལས།། མི་མཐུན་ཁྱད་པར་སོ་སོར ་སྔ་། ། སུས་ཀྱང་མ་བྱས་སུ་བྱེད་ཡོད།། རྣམ་རྟོག་ཞགས་པས་སོ་སོར་བཅིངས།། སྡུག་བསྔལ་མ་ལུས་འཁྲུལ་འཁོར་དང་།། ཁམས་གསུམ་ཕྱིན་ཅི་ལོག་བཞི་དང་།། དུས་གསུམ་འགྲོ་ལྔ་ཐམས་ཅད་དང་།། ཉོན་མོངས་སྡུག་བསྔལ་ཐམས ་ཅད་མྱོསྐྱོར། ། རྣམ་པར་ཐར་པ་བལྟ་རྫོགས་བྱེད།། ས་བཅུ་རྫོགས་ཤིང་སངས་རྒྱས་ས་ཡང་རྫོགས།། སྡེ་ཕྱིར་སྨན་འདི་བསྒྲུབ་པར་བྱ།། ཀུན་ལ་ཕན་པའི་སྨན་ཡིན་པས།། སྡེ་ཕྱིར་ང་དང་བདག་མ་འཛིན།། གཙང་དང་སྨེ་བའི་བློ་རྟོག་འོར།། ཐམས ་ཅད་མཉམ་པ་ཉིད་དུ་སྤྱོད། ། རྩ་བ་བྱང་ཆུབ་སེམས་ཉིད་རྟོགས།། ཐབས་ཀྱིས་ཕ་རོལ་ཕྱིན་པ་སྤྱོད།། སྙིང་རྗེ་ཆུང་མ་ཟོས་པར་གྱིས།། བདུད་རྩི་མཆོག་ནི་མཉམ་པའི་དབྱིངས།། བདུད་རྩི་དོན་ནི་སྐྱེ་ཤི་མེད།། བདུད་རྩིག་ནས་ནི་བྱང་ཆུབ་སེམས ་བདུད་རྩི་ལས་ནི་རྣམ་རྟོག་སྦྱོང་། ། བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད།། སྨན་གྱི་བྱིན་བརླབས་བསམ་མི་ཁྱབ།། ངན་སོང་སྦྱོང་ཞིང་མཐོ་རིས་གྲུབ།། གསེར་འགྱུར་སྨན་དང་མུ་ནེ་སེལ་ཞིང་།། གཞན་ཡང་དགོས་པ་སྣ་ཚོགས་འགྲུབ།། ་རྐྱེན་ལས་བྱུང་བའི་དུག་རྣམས་དང་།། རྩ་བའི་དུག་དང་མྱུར་བའི་དུག། ཀླུ་རུག་སྦོད་གཏོང་དུག་ལ་སོགས།། ཐུགས་རྗེ་ཆེན་པོའི་བྱིནི་བརླབས་ཀྱིས།། དུག་རྣམས་ཐམས་ཅད་གདུལ་བའི་ཕྱིར།། དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ།། གརྠ ་ལྔ་དག་ཏུ་འབྲུ་ལྔ་བསྟི་མ། ། ཨོཾ་ཧཱུཾ་ཏྲཾ་ཧྲིཿཱ། ཡང་ནི་ཡི་གེ་ཨཱ་གྱིས་བྱ།། ཡང་ན་ཡི་གེ་ཧྲི་ལས་བཏང་།། དུག་རྣམས་བདུད་རྩིར་བསྒྱུར་བར་བྱ།། མཉམ་པའི་དབྱིངས་སུ་ཐིམ་པར་བྱ།། ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཧཱུཾ་བདག་ཉིད་ཞེ་སྡང ་རྡོ་རྗེ་སྟེ། ། ཐུགས་རྗེས་རྟོག་རྟག་འདུལ་བར་བྱེད།། དེ་དང་བདག་མེད་དབྱིངས་སྦྱོར་ཞིང་།། བྱམས་པའི་ཐུགས་དང་ལྡན་པའོ།། ཨོཾ་བདག་ཉིད་གཏི་མུག་ཆེན་པོ་སྟེ།། ཡེ་ཤེས་འོད་ཟེར་གསལ་བའི་དང་།། ཐམས་ཅད་འབྱུང་བའི་འཁོར་ལོ ་ཡི། ། ཙ་བདག་ཉིད་ང་རྒྱལ་ཡོན་ཏན་ཏེ།། སྙིང་རྗེས་འགྲོ་དོན་འཕེལ་བར་བྱེད།། ཞི་བའི་བློ་ཆེན་དབྱིངས་སུ་སྦྱོར།། ཡོན་ཏན་རྒྱ་མཚོ་དཔག་མེད་པའོ།། ཧྲི་བདག་ཉིད་འདོད་ཆགས་གསུང་མཆོག་ཏེ།། ཉོན་མོངས་ལས་རྣམས་དག་པར་བྱེད།། ་ཉོན་མོངས་སྡུག་བསྔལ་རྣམ་པར་དག། ཆགས་མེད་སེམས་ནི་བྱང་ཆུབ་པའོ།། ཨ་བདག་ཉིད་ལས་ཀྱི་སེམས་དཔའ་སྟེ།། དོན་རྣམས་མ་ལུས་གྲུབ་པར་བྱེད།། ལོག་རྟོག་མ་ལུས་འདུལ་བའི་མཆོག། ཕྱོགས་བཅུ་དུས་བཞི་འཕྲོ་བའོ།། ་མུ་བདག་ཉིད་ཤེས་རབ་འོད་གསལ་ཏེ།། ལེ་ལོག་ཡེང་བ་སེལ་བར་བྱེད།། ཐུགས་རྗེ་མྱུར་བ་ལས་བྱུང་བ།། རྒྱལ་བ་ཀུན་ཏུ་ཐོགས་མེད་པའོ།། ཉོན་མོངས་ལས་ནམས་དག་བྱེད་ཅིང་།། དབུགས་ཆེན་དག་ཀྱང་འབྱིན་པར་བྱེད།། དུག་རྣམས ་མྱོང་བ་སྐུ་གསུམ་སྟེ། ། ལམ་ལྔ་སྟོང་པ་ཡེ་ཤེས་ལྔ།། འཁོར་བའི་རྩད་གཅོད་ཤེས་རབ་མཚོན།། ཧཱུཾ་དུ་བསྡུས་ཤིང་ཧོ་ཡིས་གཡེད།། རཾ་གྱིས་བསྲེགས་ཤིང་ཕཊ་ཀྱིས་འཕར།། ཐབས་དང་ཤེས་རབ་འབྲེལ་བ་ཡི།། ཐིག་ལེའི་དབྱིངས ་སུ་ཐིམ་པར་བྱ། ། དེ་ནས་གཉིས་མེད་དབྱིངས་གྱུར་ནས།། ཡེ་ཤེས་སེམས་དཔའ་སྐུ་རུ་བསྒོམ།། འབྲུ་གཅིག་འབྲུ་གསུམ་འབྲུ་ལྔ་བསྒོམ།། བཞི་བཅུ་རྩ་གཉིས་མ་ལུས་དང་།། སངས་རྒྱས་དཀྱིལ་འཁོར་ཚང་བར་བསྒོམ།། དེ་མེད་བདག ་མེད་ཕྱག་རྒྱར་གསོལ། ། དེ་ནས་ལོངས་སྤྱོད་ལྔ་ཀུ་ན་དང་།། ཡེ་ཤེས་ལྔ་དང་རིགས་ལྔ་དང་།། ལྷ་མོ་ལྔ་དང་སྨན་ལྔར་བསྒོམ།། ཨོཾ་ཧཱུ~ཾ་ཏྲཱ~ཾ་ཧྲཱིཿ་ཨཱ~ཾ་བཛྲ་ཨ་མྲི་ཏ་ཀུན་ཌ་ལི་ཧ་ན་ཧ་ན་ཧཱུ~ཾ་ཕཊ། ཨོཾ་བི་ཤུད་དྷེ་ཨ་མྲི་ཏེ་ཧཱུཾ་ཕཊ། ་ཨོཾ་དྷརྨ་ཨ་མྲི་ཏེ་ཧཱུཾ་པ་ཊ། ཨོཾ་ཨཱཿཧཱུཾ་ཅེས་བརྗོད་པས་ཐམས་ཅད་དག་པར་གྱུར། བདུད་རྩིར་གྱུར། ས་ཆུ་མེ་རླུང་ནམ་མཁའ་རྣམས།། རང་བཞིན་མེད་པར་གཞིག་པའི་ཕྱིར།། གཅིག་ལ་ལྔ་ལྔར་དབྱེ་བྱ་ཞིང་།། མྲྀ་ག་བྱིངས་སུ་བསྟིམ། ་བར་བྱ། འབྱུང་བ་ཆེ་རྣམས་དེ་དག་ལ།། ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ།། རིགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ།། དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང་།། འབྱུང་བ་སོ་སོའི་མཚན་ཉིད་དེ།། ཡུམ་ལྡ་དག་ཏུ་བསྒོམ་པར་བྱ།། དེ་རིགས་ཡེ་ཤྭ ་ལྔ་ཉིད་དོ། ། རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དེ།། དེ་ལྟར་གྱུར་ཅིང་སྐྱེས་པ་ཀུན།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཨ་ཧོ། ཨེ་མའོ་ལྷག་པའི་བྱིན་བརླབས ་ཀྱིས། ། བདག་ལ་ལྷ་རྣམས་བསྡུ་བར་བསྒོམ།། དེ་ནས་ལྷ་དང་གཉིས་མེད་ནས།། བདག་ཉིད་ཡི་གེ་ཨོཾ་དང་མཱཾ།། གཉིས་དང་བདག་དང་དབྱིངས་སུ་ཐིམ།། བདག་ཉིད་བདུད་རྩི་འཁྱིལ་བར་བསྒོམ།། སྐུ་མདོག་གངས་རི་ཉི་ཤར་འདྲ།། ཟླ ་བ་པད་མ་གདན་ཁྲི་ལ། ། ཉི་མ་སྟོང་གི་གདན་ཁྲི་ལྡན།། ལྷ་དང་ལྷ་མོ་ཚོགས་ཀྱིས་བསྐོར།། ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བཅས།། གནས་དང་ཡུལ་གྱི་ཕྱག་རྒྱས་མཛེས།། སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར།། ཨ་ཧོ་འཁོར་ལོ་རྩིབས ་བཞི་མུ་ཁྱུད་བཅས། ། དབུས་སུ་བདུད་རྩི་འཁྱིལ་པ་སྟེ།། ཤར་གྱི་རྩེ་ལ་རྡོ་རྗེའོ།། ལྷོའི་རྩེལ་རིན་པོ་ཆེ།། ནུབ་ཀྱི་རྩེལ་སྣང་མཐའ་ཡས།། བྱང་གི་རྩེ་ལ་དོན་ཡོད་གྲུབ།། ཐབས་དང་ཤེས་རབ་ལྡན་པར་བསྒོམ།། ཕྱག་རྒྱ་རྣམས་ཀྱང་གསལ་བར་། ་སྙིང་པོ་འབྲུ་ཚིག་གསལ་བར་བཟླས།། དེ་ལ་བདུད་རྩི་ཕྱག་རྒྱ་ནི།། བུམ་པ་གད་བ་ཡིད་བཞིན་འབར།། རེ་བ་ཡིད་བཞིན་བསྐོར་བར་བྱེད།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། འདོད་ལྔ་ཡོན་ཏན་ལྡན་པར་བྱེད།། དངོས་གྲུབ་ཆེན་པོ་བླ་མེད་པའོ།། ་བདུད་རྩི་ཆར་བཞིན་འབབས་པར་བྱེད།། སྒོ་བཞི་ཕྱག་རྒྱ་ལྡན་པ་དང་།། ཨ་མྲི་ཏ་ཡི་རྒྱུ་ཉིད་ནི།། བྱང་ཆུབ་སེམས་དང་ཤ་ཆེན་དང་།། དྲི་ཆུང་ཆེན་མར་སར་བཅས།། པད་མ་རག་ཏ་ལ་སོགས་དང་།། གཞན་ཡང་དོན་ཡོད་སྣ་ཚོགས་རྣམས།། དབྱེའམ། ་ཡང་ན་མ་དབྱེ་བར།། བདུད་རྩི་ཉིད་དུ་བྱིན་གྱིས་བརླབ།། རྟོག་པའི་བག་ཆགས་སྤྱད་པའི་ཕྱིར།། གཙང་སྦྲ་མེད་པར་དག་པར་བྱ།། དབྱིངས་སུ་ཡང་ནི་བསྟིམ་པར་བྱ།། ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ།། བཞི་བརྒྱ་རྩ་བཞིའི་ནང་སེལ་ཞིང་།། དུག། ་གསུམ་སྡུག་བསྔལ་མད་བ་དང་།། བསྐལ་བར་ཡུན་རིང་གནས་པ་དང་།། དངོས་གྲུབ་ཆེན་པོ་ཐོབ་འགྱུར་ཏེ།། ཚོགས་གཉིས་རྫོགས་པར་ཡང་དག་གསུངས།། བདག་ཉིད་ཡིག་ཅུ་གྱུར་ནས།། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ།། ཨཽ་མཱནྟུ ་དུ་གྱུར་པར་བསྒོམ། ། འོད་འཕྲོ་འབར་ཞིང་ཕྱོགས་བཅུར་སྤྲོ།། སླར་འདུས་འོད་འཕྲོ་བདུད་རྩིར་འབར།། ཤིན་ཏུ་གསལ་ཞིང་རྩེ་གཅིག་བསྒོམ།། གཞན་ཡང་ཡི་གེའི་ཚོགས་པས་གདབ།། འཐུངས་ན་ངན་སོང་སྒྲིབ་པ་བྱང་།། ཏྲ་ཏ་རྟག་བསྟེན་དངོས། ་གྲུབ་མཆོག་ཀྱང་འགྲུབ།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་།། ལྷ་ལ་རྟག་ཏུ་མཆོད་བྱས་ན།། བདག་དང་གཉིས་སུ་མེད་པར་འགྱུར།། མི་མཐུན་ཕྱོགས་ལ་གཏོར་བྱས་ན།། དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར།། གཞན་ཡང་དངོས་གྲུབ་ཐམས་ཅད་ཀྱི།། ་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སངས་རྒྱས་གོ་འཕང་ཐོབ་གྱུར་ན།། ལྷ་སྲིན་ལ་སོགས་སྨོས་ཅི་དགོས།། ཐེ་ཚོམ་མེད་པར་འགྲུབ་པར་གྱིས།། རྟག་ཏུ་སྤྱོད་ཅིང་དབྱིངས་སུ་ཐིམ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྒྱུད་ཀྱི་རྒྱལ ་པོ་སྒྲ་འཕྲུལ་དྲ་བ་ལས་སྨན་སྒྲུབ་པའི་ལེའུ་སྟེ་སུམ་བཅུ་དགྲ་པའོ། ། །། དེ་ནས་དགྱེས་པ་ཆེན་པོས་དེ་དག་གིས་བྱིན་གྱིས་བརླབས་འབྱུང་བ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། དེ་ལ་མཆོད་སྦྱིན་དམ་པ་ནི།། འབྲུལ་ཆེན་བཞི་བཅུ་རྩ ་ལྔ་ཉིད། ། ཁམས་དང་འབྱུང་བ་ཉིད་ལ་གནས།། དེ་ཉིད་སྒྲ་འཕྲུལ་ཐབས་མཁས་པ།། དྲ་བས་མངོན་རྫོགས་སྐུ་གསུང་ཐུགས།། ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད།། ཆོས་སྐུ་མཆོག་གི་བརྟེན་གྱུར་པ།། ཕྱོགས་བཅུ་གང་བར་གསལ་བར་སྒོམ། ་དེ་ཉིད་དག་ལས་ཀུན་ཁེངས་པར།། ཧཱུ~ཾ་གི་ཚོགས་སུ་རྣམ་པར་བསྒོམ།། ལུས་ཉིད་ཧའི་ཚོགས་ལ་སྙིམ།། གང་ལ་བྱ་བའི་གཟུགས་བཟུང་བས།། ཁ་དོག་ནག་པོའི་ཚོན་ཕྱེ་ཡིས།། དེའི་སྙིང་ནང་བདག་ཞུགས་ལ།། ཛ་ཞེས་བྱ ་བའི་སྔགས་བཟླས་ནས། ། མགྱོགས་སུ་འགྲོ་བར་ལྕགས་ཀྱིས་སྤང།། དྲི་རྣོ་སྔ་བས་མགྱོགས་པ་དང་།། གང་དུ་བྱ་བ་བྱིན་པར་བྱེད།། དེའི་ལུས་ལས་འབྱུང་འདོད་ན།། ཞིབས་བདག་གིས་གཟུགས་བཟུང་ལ།། དལ་བུས་ཧཱུཾ་ཞེས་བསྡུས་པ ་ཡིས། ། བདག་གི་ལུས་ལ་ཆུད་པར་འགྱུར།། ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད།། ཆོས་སྐུ་མཆོག་གི་རྟེན་གྱུར་པ།། ཕྱོགས་བཅུ་གང་བར་གསལ་བར་བསྒོམ།། ང་ཉིད་དག་ལས་ལུས་ཁེངས་པར།། ཨོཾ་གྱི་ཚོགས་སུ་ཤི་ར་ཏུ་བསྒོམ།། ་ཉིད་ཨ་ཡི་ཚོགས་ལ་བསྟིམ།། གང་ལ་བྱ་བའི་གཟུགས་བཟུང་ནས།། ཁ་དོག་དཀར་པོའི་ཚོན་ཕྱེ་ཡིས།། དེ་ཡིས་སྙིང་ནད་བདག་ཞུགས་ལ།། ཧཱུ~ཾ་ཞེས་བྱ་བའི་བསྔགས་བཟླས་ནས།། མང་པོས་བཀུར་བ་རྒྱལ་ཆེན་པོ།། བློ་རྣོ་ཡིད་འཛངས ་བཞིན་བཟངས་དང་། ། སྔ་བས་ལོངས་སྤྱོད་འདུ་བ་དང་།། གནས་པར་དགའ་བ་བཞིན་དུ་འགྱུར།། དེ་ཡི་ལུས་ལས་འབྱུང་འདོད་ན།། ཞི་བས་བདག་གི་གཟུགས་བཟུང་ལ།། ངལ་བུས་ཨོཾ་ཞེས་བསྡུས་པ་ཡིས།། བདག་གི་ལུས་ལ་བཟུང་བར ་འགྱུར། ། ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད།། ཆོས་སྐུ་མཆོག་གི་བརྟམ་གྱུར་པ།། ཕྱོགས་ཀུན་གང་བར་གསལ་བར་བསྒོམ།། དེ་ཉིད་དག་ལམ་ཀུན་ཁེངས་པར།། སཾ་གྱི་ཚོགས་སུ་རབ་དུ་བསྒོམ།། ལུས་ཉིད་སྲཾ་གྱི་ཚོགས་ལ་བསྟིམ།། གང ་ལ་བྱ་བའི་གཟུགས་བཟུང་ནས། ། ཁ་དོག་སེར་པོའི་ཚོན་ཕྱེ་ཡིས།། དེ་ཡི་སྙིང་རང་བ་དག་ཞུགས་ལ།། སྲཾ་ཞེས་བྱ་བའི་སྔགས་ཟླས་ནས།། མང་པོས་བཀུར་བརྒྱན་ཆེན་པོ།། བློ་ན་ཡིད་འཛབས་བཞིན་བཟངས་དང་།། སྤབས་ལོངས་སྤྱོད་འདྲ་བ་དང་། ་གནས་པར་དགའ་བ་བཞིན་དུ་འགྱུར།། ད་ཡི་ལུས་ལས་འབྱུང་འདོད་ན།། རྒྱས་པས་བདག་གི་གཟུགས་བཟུང་ལ།། དལ་བུས་སྲཾ་ཞེས་བརྗོད་པ་ཡས།། བདག་གི་ལུས་ལ་ཆུད་པར་གྱུར།། ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད།། ཆོས་སྐུ ་མཆོག་གི་བརྟན་གྱུར་པ། ། ཕྱོགས་བཅུ་གང་བས་གསལ་འབང་བསྒོམ།། དེ་ཉིད་དག་ལ་ལུས་ཁེངས་པར།། ཨཱཾ་གྱི་ཚོགས་སུ་ཤིན་ཏུ་བསྒོམ།། ལུས་ཉིད་ཨཱཾ། གྱི་ཚོགས་ལ་སྟིམ།། གང་ལ་བྱ་བའི་གཟུགས་བཟུང་ནས།། ཁ་དོག་དམར ་པོའི་ཚེན་ཕྱེ་ཡིས། ། དེ་ཡི་སྙིང་ནང་བདག་ཞུགས་ལ།། ཨཾ་ཞེས་བྱ་བའི་སྔགས་བཟླས་ནས།། རྒྱལ་མོ་ཞང་ལོན་དབང་ཆེན་དང་།། ཅི་འདོད་ཡིད་བཞིན་དབང་དུ་འགྱུར།། དེ་ཡི་འཁོར་ལ་ལོངས་སྤྱོད་ཅིང་།། གནས་པར་དགའ་བ ་བཞིན་དུ་གྱུར། ། དེ་ཡི་གཟུགས་ལས་འབྱུང་འདོད་ན།། དབང་གི་བདག་གི་གཟུགས་ཟུང་ལ།། དལ་བུས་ཨཾ་ཞེས་བརྗོད་པ་ཡིན།། བདག་གི་ལུས་ལ་ཆུང་བར་གྱུར།། ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད།། ཆོས་སྐུ་མཆོག་གི ་བརྟེན་གྱུར་པ། ། ཕྱོགས་ཀུན་གང་བར་གསལ་བར་བསྒོམ།། དེ་ཉིད་དག་ལམ་ལུས་ཁེངས་པར།། ཧ་གྱི་ཚོགས་སུ་ཤིན་ཏུ་བསྒོམ།། ལུས་ཉིད་ཧའི་ཚོགས་ལ་བསྟིམ།། གང་ལ་བྱ་བའི་གཟུགས་བཟུང་ནས།། ཁ་དོག་ལྗང ་ཁུའི་ཚེན་ཕྱེ་ཡིས། ། དེ་ཡིས་སྙིང་ནད་བདག་ཞུགས་ལ།། ཧཾ་ཞེས་བྱ་བའི་སྔགས་བཟླས་ནས།། ལས་ཀྱི་རིགས་ཆེན་གང་འདོད་གཟུགས།། དམག་མང་མཐུ་དཔུང་གོ་མཚོན་བཟང་།། ཞེ་སྡང་ཅན་རྣམས་འདུལ་བར་འགྱུར།། འདོར ་ཆགས་ཅན་རྣམས་འདུ་བ་དང་། ། ང་རྒྱལ་ཆེན་པོ་འདུད་པར་གྱུར།། དེའི་བསྟན་པ་འཛིན་པར་བྱེད།། དེའི་འཁོར་ལ་ལོངས་སྤྱོད་ཅིང་།། གནས་པར་དགའ་བ་བཞིན་དུ་འགྱུར།། དེ་ཡི་ལུས་ལས་འབྱུང་འདོད་ན།། སྙོམས་པས་ཁྲོ་ཡི ་གཟུགས་བཟུང་ལ། ། དལ་བུས་ཧཾ་ཞེས་བརྗོད་པ་ཡི་སེ།། མི་སྣང་བ་ཡི་གཟུགས་སུ་འཆར།། བདག་གི་ལུས་ལ་ཆུད་པར་འགྱུར།། གླིང་དམ་དུར་ཁྲོད་གནས་རྣམས་སུ།། ང་ཡི་འདོད་པ་ཆོས་དབང་གིས།། སྒྱུ་འཕྲུལ་དཀྱིལ ་འཁོར་མཆོག་འཛིན་ལ། ། དྲ་བའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་འབྱུང་བའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་བཅོམ ་ལྡན་འདས་དཔལ་ཀུན་དུ་བཟང་པོས་ཉིད་ཀྱི་ཆེ་བའི་ཡོན་ཏན་སྟོན་པའི་ཕྱིར་འགྲོ་བའི་སེམས་ཅན་གྱི་དོན་ཆེད་དུ་དེ་བཞིན་ཉིད་ཀྱི་དབྱིངས་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། དཔལ་ཉིད་ཀྱི་མཆོག་རིགས་ཀྱི་ཡུམ ་དབབ་པར་བྱ་བའི་གཟུགས་བརྙན་ལ། ། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། འབྲུ་ལྔས་བྱིན་བརླབས་མུ་དུ་བརྟགས།། དེ་ཉིད་གོམས་ལས་གསང་མཚན་པ།། མུ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ།། དེ་ཉིད་མཐའ་བྲལ་མི་དམིགས ་ལས། ། དེ་ཟླའི་ངང་ཚུལ་དེ་བཟུང་ནས།། སངས་རྒྱས་རྡོ་རྗེ་ཙ་ན་ཀ། ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། ལམ་དུ་ཞུགས་ལ་དེ་ལུས་དགང་།། དེ་གོམས་བློ་བདེ་གསལ་སྤྲོ་ཐིམ།། དེ་བཞིན་རིགས་རྣམས་ཨོཾ་དུ་བསྒོམ།། སྣོད་གནས ་བདེ་ལྡན་ཁེངས་གྱུར་པར། ། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པར་རྣམ་པར་བསམ།། བརྟན་པ་ཨ་ཡི་འཕྲོ་འདྲ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། ། ་གཞི་རྩ་མེད་པའི་སེམས་ཉིད་ལས།། ཡིད་བཞིན་ཡི་གེའི་སྤྲིན་ཚོགས་བསྒོམ།། ཕྱག་རྒྱ་ཤིན་ཏུ་གསལ་བ་ན།། ཉེ་བའི་སྙན་པ་ཡིན་པར་བསྒྲགས།། འཕྲོ་འདུ་རིགས་དང་འཐུན་པའི་གྲངས།། བསྒོམས་ནས་བཟླས་དང་མངོན ་སུ་མ་ན། ། ལྕགས་ཀྱུ་མཆོག་གི་ཕྱག་རྒྱ་བ་ཅིང་།། དེས་ནི་འདོད་པ་བཞིན་དུ་འགྱུར།། རང་བཞིན་སྐུ་གསུམ་འདུས་མ་བྱས།། གཞན་དབང་མ་ཡིན་རྡོ་རྗེ་རིགས།། དཔལ་ལྡན་རྡོ་རྗེ་སྒྱུ་འཕྲུལ་ཡུམ།། ཤིན་ཏུ་ཆོས་ཀྱིས་བསྒྲགས ་བ་ལ། ། གསལ་བར་འདོད་པ་སྤ་བྱ་བ།། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། འབྲུ་ལྔར་བྱིན་བརླབས་ལམ་དུ་བརྟགས།། དེ་ཉི་དགོམས་ལས་གསང་མཚན་པ།། ལམ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམས།། སངས་རྒྱས་སྤྱན་གྱི་སྦྱོར་བ ་ལས། ། རྒྱལ་བ་ཐམས་ཅད་བྱིན་གྱིས་རློབ།། དེ་ཉིད་འཐའ་བྲལ་མི་དམིགས་ལས།། རང་བཞིན་མཆོག་གི་གཟུགས་བཅས་ནས།། སངས་རྒྱས་རྡོ་རྗེ་ཙ་ན་ཀ། ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། དེ་ལས་རྡོ་རྗེ་དབྱིན ་བརླབས་ཏེ། ། པད་མ་གསང་གནས་འཛུམ་ཐབས་ཡིན།། སྤྲུགས་ནས་ཞུགས་ལ་དེ་ལུས་གང་།། དེ་གོམས་བློ་བདེ་གསལ་སྤྲོ་ཐིམ།། རྡོ་རྗེ་རིགས་རྣམས་ཧཱུཾ་དུ་བསྒོམ།། སྣོད་ནས་བདེ་ལྡན་ཁེངས་གྱུར་པར།། ཡུམ་གྱི་ཚོགས ་ཀྱང་གསལ་བར་གནས། ། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པར་ཤིན་ཏུ་བསམ།། བརྟན་པ་ཧ་ཡི་འཕྲོ་འདྲ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞི་རྩ་མེད་པའི་སེམས་ཉིད་ལས།། ཡིད ་བཞིན་ཡི་གེ་སྤྲིན་ཚོགས་བསྒོམ། ། ཕྱག་རྒྱ་གསལ་པ་ཉེ་བསྙེན་པ།། འཕྲོ་འདྲ་རིགས་དང་འཐུན་པའི་གྲགས།། བསྒོམས་དང་བཟླས་དང་མངོན་སུམ་ན།། ལྕགས་ཀྱུ་སྟངས་ཀྱི་བསྐུལ་བར་གསུངས།། རྗེས་སུ་ཆགས་པའི་ཕྱག། ་རྒྱ་ཡིས།། རིགས་དང་འཐུན་པའི་འཕྲོ་འདྲ་བསྒོམ།། ཡོན་ཏན་སྐུ་གསུང་ཡིད་བཞིན་གཏེར།། དཔལ་ལྡན་སྒྱུ་འཕྲུལ་མཆོག་ཆེན་མོ།། ཆས་ཤིང་བསྒྲགས་པའི་གཟུགས་བརྙན་ནི།། ལྗོན་པ་བལྐུག་ཕྲན་ལ་སོགས་ལ།། དབབ་པ་ཆོ ་གི་ལས་བྱ་བ། ། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། འབྲུ་ལྔས་བྱིན་བརླབས་ཨོཾ་དུ་བརྟགས།། དེ་ཉིད་གོམས་ལས་གསང་མཚན་པ།། ཨོཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ།། སངས་རྒྱས་མེ་ཡི་སྦྱོར་བ་ལས།། རྒྱལ་བ་ཐམས་ཅད་བྱིན་གྱིས ་རློབས། ། དེ་ཉིད་མཐའ་བྲལ་མི་དགྱེས་ལས།། ཡོན་ཏན་གཏེར་གྱི་གཟུགས་བཅས་ན།། སངས་རྒྱས་རིན་ཆེན་ཙན་ཀ། ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། དེ་ལས་རྡོ་རྗེར་བྱིན་བརླབས་ཏེ།། པད་མ་གསུང་ནས་འཛུམ་ཐབས་ཡིན།། ་སྦུབས་སུ་ཞུགས་ལ་དེ་ལུས་དགང་།། དེ་གོ་བས་བློ་བདེ་གསལ་སྤྲོ་ཐི་མ།། རིན་ཆེན་རིགས་རྣམས་སྲྀ་དུ་བསྒོམ།། སྣོད་གནས་བདེ་ལྡན་ཁེངས་གྱུར་པ།། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོག ་རིགས་དང་འཐུན་པར་ཤིན་ཏུ་བསམ། ། བརྟེན་པ་སྲྀ་གྱི་འཕྲོ་འདུ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞི་རྩེ་མེད་པའི་སེམས་ཉིད་ལས།། ཡིད་བཞིན་ཡི་གེ་སྤྲིན་ཚོགས་བསྒོམ།། ཕྱག་རྒྱ་གསལ་བ་ཉེ་བསྙེན་པ།། ་འཕྲོ་འདུ་རིགས་དང་འཐུན་པ་ནི།། བསྒོམས་ནས་བཟླས་དང་མངོན་སུམ་ན།། དམ་ཚིག་ཞགས་པ་མཆོག་གིས་བཅིང་།། རྗེས་སུ་ཆགས་པའི་ཕྱག་རྒྱ་བཞི།། རིགས་དང་འདུ་འཕྲོ་འཐུན་པར་སྒོམ།། གསོ་དང་བས་དང ་པམྦ་དང་རྒྱལ། ། གཞན་དུ་འགྲོ་དང་འདུག་པ་དང་།། ཅི་འདོད་འོད་དང་སྨ་ཡང་རུང་།། མཚོན་དང་འཇིགས་པ་མང་བ་དང་།། བཅིངས་པའི་ལས་དང་མཚོན་ལས་ཐར།། དཔལ་ལྡན་པད་མ་མཆོག་གི་ཡུམ།། བདེ་ཆེན་གར་དབང་གཟུགས ་འཛིན་པ། ། དབབ་པར་བྱ་བའི་གཟུགས་བརྙན་ནི།། ལྗོན་པའི་ལྷག་ཕྲན་ལ་སོགས་ལ།། དང་པོར་གནས་ལྔ་བྱིན་གྱིས་བརླབས།། དེ་ནས་གནས་ལྔ་ཤེས་རབ་བསྒོམ།། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། ལས་བཞི་འབྲུབཞི ་བམ་དུ་བརྟགས། ། དེ་ཉིད་གོམས་ལས་གསང་མཚན་པ།། པཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ།། སངས་རྒྱས་ཆུ་ཡི་སྦྱོར་བ་ལས།། རྡོ་རྗེ་གསུང་རྣམས་བྱིན་གྱིས་རློབ།། དེ་ཉིད་མཐའ་བྲལ་མི་དམིགས་ལས།། རྡོ་རྗེ་གསུང་གི་གཟུགས ་བཅས་ནས། ། སངས་རྒྱས་གསུང་ཆེན་ཙན་ཀ། ཤེས་རབ་ཡུམ་དང་ལྡན་པར་སྒོམ།། དེ་ལས་རྡོ་རྗེར་བྱིན་བརླབས་ཏེ།། པད་མ་གསང་ནས་འཛུལ་ཐབས་ཡིན།། སྦུབས་སུ་ཞུགས་ལ་དེ་ལུས་དགང་།། དེ་གོམས་བློ་བདེ་གསལ་སྤྲོ། ་ཐིམ།། མིང་དང་སྙིང་པོ་བཅས་པས་དགུག། རྡོ་རྗེ་གསུང་རྣམས་ཨོཾ་དུ་བསྒོམ།། སྣོད་གནས་བདེ་ལྡན་ཁེངས་གྱུར་པར།། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པར ་ཤིན་ཏུ་བས་མ། ། བརྟན་པ་ཨོཾ་གྱི་འཕྲོ་འདྲ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞི་རྩ་མེད་པའི་སེམས་ཉིད་ལས།། ཆོས་དབང་ཡི་གེ་སྨིན་ཚོགས་བསྒོམ།། ཕྱག་རྒྱ་གསལ་བར་ཉེ་བསྙེན་པ།། འཕྲོ་འདུ་རིགས ་དང་འཐུད་པར་ནི། ། བསྒོམས་ནས་བཟླས་དང་མངོན་སུམ་ན།། ཆགས་པའི་སྔགས་སྒྲོག་མཆོག་གི་བཅིང་།། ཆགས་པ་ཆེན་པོའི་ཕྱག་རྒྱ་བཞིས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། རིཔི་དབང་དང་དྲག་པོ་རྒྱས།། ཅི་འདོས ་ནིརིརབ་དུ་སྔགས། ། དཔལ་ལྡན་འགྲུབ་པ་སྒྱུ་འཕྲུལ་པ།། དཔབ་པར་བྱ་བའི་གཟུགས་བརྙན་ནི།། ལྗོན་པ་མཆོག་དང་འབྲིང་རྣམས་ལ།། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། འབྲུ་ལྔས་བྱིན་བརླབས་བཏང་དུ་བརྟགས།། དེ་ནི་ཨེ་ཡི། ་ཚོགས་ཡིན་ཏེ།། དེ་ཉིད་བསྒོམས་ལས་གསང་མཚན་པ།། མི་ཡི་ཚོགས་ཀྱི་ལྷ་རྣམས་བསྒོམས།། དེ་ཉིད་སྟེང་གི་ལྷ་རྣམས་ཏེ།། བདག་མེད་མཐའ་བྲལ་མི་དམིགས་ལས།། དོན་ཡོད་ངང་ཚུལ་དེ་བཟུང་ནས།། དོན་ཡོད་མཆོག ་གི་ཙན། ། ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། དེ་ལས་རྒྱ་གྲམ་བྱིན་རླབས་ཏེ།། པད་མ་གསུང་ནས་འདུལ་ཐབས་ཡིན།། སྦུབས་སུ་ཞུགས་ལ་དེ་ལུས་དགང་།། རྒྱ་གྲ་མཚོན་གྱིས་ཁེངས་པ་དང་།། སོ་སོའི་སྙིང་པོས་མིང ་དགུག། དེ་གོམས་བློ་བདེ་གསལ་སྤྲོ་ཐིམ།། རྡོ་རྗེ་ལ་ལ་རྣམས་ཧཾ་བསྒོམས།། སྣོད་གནས་བདེ་ལྡན་ཁེངས་གྱུར་པར།། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པ་ཉིད ་དུ་བསྒོམ། ། བརྟན་པ་ཧཾ་གྱི་འཕྲོ་འདུ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞི་རྩ་མེད་པའི་སེམས་ཉིད་ལས།། གྲུབ་པ་སྒྱུ་འཕྲུལ་སྤྲིན་ཚོགས་བསྒོམ།། ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། འཕྲོ་འདུ་རིགས་དང་། ་འཐུན་པར་ནི།། བསྒོམས་ནས་བཟླས་དང་མངོན་སུམ་ནི།། དགྱེས་པ་གར་གྱི་གསུང་སྙན་ཅིང་།། རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། ཕྱོགས་སུ་བགྲོ་དང་དབྲོག་པ་དང་།། ཚེ་བསྐུད་པ་དང་ལས ་རྣམས་དང་། ། མངོན་སུམ་ཅི་འདོད་སླ་བའི་མཆོག། རིགས་ཀྱི་ཡུམ་དང་རྩེན་པར་འགྱུར།། སྲིད་པ་ལས་འཕགས་མྱ་ངན་འདས།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར་ཞེས་བརྗོད་པས་རྣམ་པར་སྨིན་པའི་ཚོགས་དེ་བཞིན ་གཤེགས་པའི་ཚེ་བཱི་ཡོན་ཏན་ཉིད་དུ་མཁྱེན་ཏོ། ། མཁྱེན་ནས་དེ་བཞིན་ཉིད་ཀྱིས་དབྱིངས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་།། ཨ་ཧོ་བསམ་བྱ་བསམ་པར་ཟིན་པ་ཡི།། བསམ་པས་མི་ཟིན ་བསམ་མི་ཁྱབ། ། བསམ་ཡས་ལྷུན་གནས་མི་གཡོ་དཔག་མེད་བསམ་མི་ཁྱབ།། རྒྱུ་དང་འབྲེལ་པའི་རྐྱེན་དུ་ཤེས་པའི་དབྱིངས་ཉིད་ཟད་མི་ཤེས།། ངོ་མཚར་སྲིད་ལམ་མཐའ་བྲལ་དམིགས་མེད་པ།། དེ་ཉིད ་ཡོན་ཏན་མཆོག་གི་འཁོར་ལོ་ལམ་མཆོག་ཡིན། ། ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་བཞིན་ཉིད་ཀྱི་དབྱིངས་ནས་ཆེ་བའི་ཡོན་ཏན་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། ་དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་ཆེ་བའི་ཡོན་ཏན་སྟོན་པའི་སྒྱུ་འཕྲུལ་ཆེན་པོ་གསུང་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ཆོ་ག་དང་བཅས་པ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། དབབ ་པ་མཆོག་གི་དཀྱིལ་འཁོར་རྣམས། ། ཁ་དོག་གྲངས་བཅས་མ་བརླམས་པས།། ཤེས་པ་བློ་ཚེ་ཁོང་ཡངས་ལ།། ཟབ་པར་སྤྱོད་ལ་མི་སྐྱེ་བར།། ཟས་སྲུང་གོས་རྗེས་དམ་ཟས་སྦྱིན།། དུང་ཆེན་སྣོད་དུ་ཆུ་ཡིས་བསིད།། རྟེན ་དུ་རུང་བར་ཏིང་འཛིན་དང་། ། དབང་དང་སྒྲུབ་པ་མཆོག་ཀྱང་བསྟན།། མི་སྨྲ་གསང་བའི་དམ་ཚིག་དཔོག། ཨོཾ་དང་མུཾ་གྱི་བློ་བསྟན་ནས།། གསང་བས་མཚན་མ་ལྔ་ནས་སྦྱང་།། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས།། ཕུང་པོ་ཁམ ་དང་སྐྱེ་མཆེད་སྦྱང་། ། ལོངས་སྤྱོད་ལྔ་ལྡན་མཆོད་སྦྱིན་བྱ།། རྡོ་རྗེ་ངག་ལམ་གསུང་ཆེན་བཟླས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛི་ན་ཨོཾ། ཨོཾ་བཛྲ་ཀུ་ལ་ཧཱུཾ་བཛྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྲི་རང་ནས་ཨོཾ་པད་མ་ཏ་ཐཱ་ཧྲི་ད་ཡ་ཨ་རོ་ལོག། ཧ་པྲ་ཛྙཱ་ཧ~ཾ། ཏང་དེ ་ཤྭ་རི་མ?། ། དྲེ་ཤ་ར་ཏི་ལམ། མོ་ཧ་ར་ཏི་ཨ། རཱ་ག་ར་ཏི་པི། བཛྲ་ར་ཏི་ཏ། མྲྀ་མུ་མུཾ། ལཾ་ལཾ་ལཾ། ཨཾ་ཨཾ་ཨཾ། པཾ་བཾ་བཾ། ཏཾ་ཏཾ་ཏཾ། ཨེ་བཾ་མ་ཡ། བ་བ་བ་བ་བ། ཛྲ་ཛྲ་ཛ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། སྟཾ་ཧོ་ཞེས ་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར་དམ་ཚིག་ཐམས་ཅད་ཀྱི་མཆོག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྗེའི་བདག་ཉིད་དབྱིངས་ཀྱི་དབང་ཕྱུག་མ་ཆེན་མོ་དང་། སྤྱན་ཆེན་མོ་དག་མ་ཧཱ ་ཀཱི་ཆེན་མོ་དང་། གོས་དཀར་མོ་ཆེན་མོ་དང་། དམ་ཚིག་འཕགས་མ་སྒྲོལ་མ་ཆེན་མོའི་རང་བཞིན་ཉིད་དུ་ཀུན་དུ་སྣང་བར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དབབ ་པའི་གསུང་གི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གཉིས་པའོ། ། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་སྒྱུ་འཕྲུལ་ཆེན་པོའི་བྱིན་བསྡུ་བ་ཞེས་བྱ་བའི་དམ་ཚིག་ལ་སྙོམས་པར་ཞུགས་ནས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། ། སྒེག་མོ་མཆོད་པ་སྦྱིན་བསྡུ་བ།། གཟུགས་སྐྱོན་དབབ་པར་བྱེ་བ་ནི།། རིགས་དང་འཐུན་པའི་གཟུགས་བརྙན་ལ།། སྐྱིགཙུག ་ཁ་དང་སྙིང་བ་མཚན། ། འབྲུ་ལྔས་བྱིན་བརླབས་ཡ་ཉིད་སྦྱིན།། དེ་ཉིད་པད་མའི་དཀྱིལ་འཁོར་ཡིན།། དེ་ཉིད་གོམས་ལ་གསང་མཚན་པ།། ཡ་ཡི་ཚོགས་ཀྱི་ལྷ་རྣམས་བསྒོམ།། དེ་ཉིད་ཧཱུཾ་གི་ལྷ་རྣམས་ཏེ།། བདག་མེད་མཐའ ་བྲལ་མི་དམིགས་ལས། ། རང་གི་ངང་ཚུལ་དེ་བཟུང་ནས།། སངས་རྒྱས་རྡོ་རྗེ་ཙན་ཀ། ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། དེ་ལས་རྡོ་རྗེ་བྱིན་བརླབས་ཏེ།། པདམ་གསང་ནས་འཛུལ་ཐབས་ཡིན།། སྦུབས་སུ་ཞུགས་ལ་དེ་ལུས་དགཔ ་རྡོ་རྗེ་ཚོན་གྱིས་ཁེངས་པ་དང་། ། སོ་སོའི་སྙིང་པོ་མིང་ཡང་བོད།། དེ་གོམས་བློ་བདེ་གསལ་སྤྲོ་ཐིམ།། མིང་ཡང་སྙིང་པོ་བཅས་པ་དགུག། རྡོ་རྗེ་ལྷ་རྣམས་ཧཱུཾ་དུ་བསྒོམ།། སྣོད་ནས་སྒེག་པོ་ཁེངས་གྱུར་པར།། ཡུམ་གྱི་ཚོགས་ཀྱང་གསལ ་བར་གནས། ། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པ་ཉིད་དུ་བསམ།། བརྟན་པ་ཧ་ཡི་འཕོ་འདུ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞི་རྩ་མེད་པའི་སེམས་ཉིད་ལས།། སངས་རྒྱས་རྡོ་རྗེའི་སྤྲིན ་ཚོགས་བསྒོམ། ། ཕྱག་རྒྱགསལ་བ་ཉེ་བསྙེན་པ།། འཕྲོ་འདུ་རིགས་དང་འཐུན་པར་ནི།། བསྒོམས་ནས་བཟླས་དང་མངོན་སུམ་ནི།། སྒོམ་བཞི་ཡི་ཕྱག་རྒྱ་བཅིང་།། རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས།། རིགས་དང་འཐུན་པ་ཉིད་དུ་སྒོམ ་ན་ཟེ་བ་བྱིན་སྡུག། ། གཟུགས་སྟོན་ར་བྱུ་། གས་དང་གན་པའི་གཟུགས་པ་ནས།། ཕྱིགཙུག་པ་མྱིག་ག་ན། བྲལ་ས་ཅིན་འགྲུས་ས་ཉིད་སྟེ། ཙང་བ་ང ་འཁོར་ཡིན། ། དེ་ཉིད་གོམས་ནས་གསང་མཚན་པ།། ཨོཾ་མ་ཚོགས་ཀྱི་ལྷ་རྣམས་བསྒོམ།། དེ་ཉིད་ས་གྱི་ལྷ་རྣམས་ཏེ།། བདག་མོད་མཐའ་བྲལ་མོ་དམིགས་ལས།། རང་གི་ང་ཚུལ་དེ་བཟུང་ནས།། སངས་རྒྱས་རིན་ཆེན་ཅན། ་ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། དེ་ལས་རྡོ་རྗེ་བྱིན་བརླབས་ཏེ།། པད་མ་གསང་ནས་འཛུལ་ཐབས་ཡིན།། སྦུབས་སུ་ཞུགས་ལ་དེ་ལུས་གང་།། རིན་ཆེན་ཚོན་གྱིས་ཁེངས་པ་དང་།། སོ་སོའི་སྙིང་པོས་མི་ཡང་དགུག། དེ ་གོམས་ཐོ་བདེ་གསལ་སྤྲོ་ཐི་མ། ། རིན་ཆེན་ལྷ་རྣམས་སུཾ་དུ་བསྒོམ།། སྡོད་གནས་ཕྲེང་བ་ཁེངས་གྱུར་པར།། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་ཏུ་སྙིང་པོ་གཟུགས་ལ་སོགས།། རིས་དང་འཐུན་པར་ཉིད་དུ ་བསམ། ། བརྟན་པསཾ་གྱི་འཕྲོ་འདྲ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞིན་མེད་པའི་སེམས་ཉིད་ལས།། སངས་རྒྱས་རིན་ཆེན་སྤྲིན་ཚོགས་བསྒོམ།། ཕྱག་རྒྱ་གསལ་བ་ཉེ་བསྙེན་པ།། འཕྲོ་འདུ་རིགས ་དང་འཐུན་པར་ནི། ། བསྒོམས་ནས་བཟླས་དང་མངོན་སུམ་ན།། སྒོམ་བཞི་ཡི་ཕྱག་ཆུབ་ཅིང་།། རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། པད་མའི་དབྱིངས་ཀྱི་བྱིན་བསྡུ་བ།། གཟུགས་སྟོན ་དབབ་པར་བྱ་བ་ནི། ། རིགས་དང་འཐུན་པའི་གཟུགས་བརྙན་ལ།། སྤྱི་གཙུག་ཁ་དང་སྙིང་ཀ་མཚན།། འབྲུ་ལྔས་བྱིན་བརླབས་བམ་དུ་བརྟགས།། དེ་ཉིད་པད་མའི་དཀྱིལ་འཁོར་བསྒོམ།། དེ་ཉིད་གོམས་ལེ་གསང་མཚན་པ།། ་བཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ།། དེ་ཉིད་ཨཾ་གྱི་ལྷ་རྣམས་ཏེ།། བདག་མད་མཐའ་བྲལ་མི་དམིགས་ལས།། རང་གི་དང་ཚུལ་དེ་བཟུང་ནས།། སངས་རྒྱས་པད་མ་ཅན།། ཤེས་རབ་ཡུམ་དང་ལྡན་པར་བསྒོམ།། དེ་ལས་རྡོར། ་བྱི་བརླབས་ཏེ།། པད་མ་གསང་ནས་འཛུལ་ཐབས་ཡིན།། སྦུབས་སུ་ཞུགས་ལ་དེ་ལུས་དགང་།། པད་མའི་ཚོགས་ཀྱིས་ཁེངས་པ་དང་།། སོ་སོའི་སྙིང་པོས་མིང་ནས་དགུག། དེ་གོམས་བློ་བདེ་གསལ་སྤྲོ་ཐིམ།། ད ་མའི་ལྷ་རྣམས་ཨོཾ་དུ་བསྒོམ། ། སྣོད་གནས་དབྱངས་མ་ཁེངས་འགྱུར་བར།། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། བརྟན་པ་ཧ~ཾ་གྱི་འགྲོ་བདྲ།། ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞི་རྩ་མེད་པའི་སེམས་ཉིད་ལས།། སངས་རྒྱས་པད་མའི་སྤྲིན་ཚེགས་བསྒོམ།། ཕྱག་རྒྱ་གསལ་བ་ཉེ་བསྙེན་པ།། འཕྲོ་འདུ་རིགས་དང་འཐུན་པར་ནི།། བསྒོམས་ནས་བཟླས ་དང་མངོན་སུམ་ན། ། སྒོ་མ་བཞི་ཡི་ཕྱག་རྒྱ་བཅིང་།། རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། མགར་མཁན་ལས་ཀྱི་བྱིན་བསྡུ་བ།། གཟུགས་སྟོན་དབབ་པར་བྱ་བ་ནི།། རིགས་དང་འཐུན་པའི་གཟུས ་བརྙན་ལ། ། སྤྱི་གཙུག་ཁ་དང་སྙིང་ཀ་མཚན།། འབྲུ་ལྔས་བྱིན་བརླབས་མཉམ་ཉིད་སྦྱིན།། དེ་ཉིད་པད་མའི་དཀྱིལ་འཁོར་བསྒོམ།། དེ་ཉིད་གོམས་ལས་གསང་མཚན་པ།། མ་ཡི་ཚོགས་ཀྱི་ལྷ་རྣམས་སྒོམ།། དེ་ཉིད་ཧཾ་གྱི་ལྷ་རྣཾས ་ཏེ། ། བདག་མེད་མཐའ་བྲལ་མི་དམིགས་ལས།། རང་གི་ངང་ཚུལ་དེ་བཟུང་ནས།། སངས་རྒྱས་ལས་རྣམས་ཙན་ཀ། ཤེས་རབ་ཡུཾ་དང་ལྡན་པར་བསྒོམ།། དེ་ལས་རྡོ་རྗེར་བྱིན་བརླབས་ཏེ།། པད་མ་གསང་ནས་འཛུལ་ཐབས ་ཡིན། ། སྦུབས་སུ་ཞུགས་ལ་དེ་ལུས་དགང་།། ལས་ཀྱི་ཚོགས་ཀྱིས་ཁེངས་པ་དང་།། སོ་སོའི་སྙིང་པོས་མིང་ནས་དགུག། དེ་གོམས་བློ་བདེ་གསལ་སྤྲོ་ཐིམ།། ལས་ཀྱི་ལྷ་རྣམས་ཧཾ་དུ་བསྒོམ།། སྡོད་གནས་གར་མཁན་འ ་འགྱུར་བ། ཡུམ་གྱི་ཚོགས་ཀྱང་གསལ་བར་གནས།། ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། བརྟན་པ་ཧཾ་གྱི་འཕྲོ་འདྲ་ལྟར།། རྣམ་ཤེས་བྱིན་བརླབས་དང་དུ་བརྟགས།། གཞིན་མེད་པའི། ་སེམས་ཉིད་ལས།། སངས་རྒྱས་ལས་ཀྱི་སྤྲིན་ཚེགས་བསྒོམ།། ཕྱག་རྒྱ་གསལ་བ་ཉེ་བསྙེན་པ།། འཕྲོ་འདུ་རིགས་དང་འཐུན་པར་ནི།། བསྒོམས་ནས་བཟླས་དང་མངོན་སུམ་ནི།། སྒོ་མ་བཞི་ཡི་ཕྱག་རྒྱ་བཅིང་།། ་རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས།། རིགས་དང་འཐུན་པ་ཉིད་དུ་བསྒོམ།། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི།། ལྷ་རྣམས་མངོན་དུ་སྣང་བ་དང་།། སྐྱོ་བསྒོམ་མང་པོ་དང་།། དུས་བཞིའི་ལྷ་མོ་མཆོག་དབབ་དང་།། ་དང་ཀླུ་ཡི་ཚོགས་བཅས་ལས།། མངོན་དུ་སྨྲ་བར་བྱ་བར་འཐུན།། རྒྱལ་སྲིད་དང་ནི་འཁོར་འཕྲོག་དང་།། བསྡུ་དང་དབང་དུ་བྱ་བ་དང་།། བསང་དང་སྐུད་པའི་ཚོགས་བཅས་དང་།། བདག་འགྲོ་མྱུར་དུ་ཕྱིན་པ་དང་།། ནོར་འདོད ་པ་དང་ཅི་བྱ་བ། ། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། དུས་མེད་པར་ནི་མཆོད་དང་བྲང་།། ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་བྱིན་བསྡུ་བའི་མཆོད་པ་ཆེན་པོར་གྱུར་ཏོ།། གསང་བའི་སྙིང་པོ་དེ ་ཁོ་ན་ཉིད་ངེས་པ་ལས་བྱིན་བསྡུ་བ་དང་དམ་ཚིག་དབབ་པའི་སྒྱུ་འཕྲུལ་དྲ་བའི་ཐུགས་རྗེ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གསུམ་མོ། ། །། དེ་ནས་དགྱེས་པ་ཆེན་པོས་ལོངས་སྤྱོད་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྱུ་འཕྲུལ་ཆེན་པོའི་དམ་ཚིག་མཆོད་པའི་ལོངས་སྤྱོད་ཅེས་བྱ་བ་འདི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་བྱུང་ངོ་། ། རབ་འབྲིང་ཐ་མའི ་སློ་རྣམས་ཀྱིས། ། ངེས་པར་བསྒོམ་པར་བྱ་བ་ནི།། རྒྱལ་པོ་ས་འཛིན་མཆོག་འདོད་པས།། གཟུགས་སུ་བྲིའམ་རྟེན་བཅས་ལ།། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། གོམས་པར་ཛ་ཉིད་མདོག་དམར་བསྒོམ།། དེ་སྒོམས ་ད་སང་ནས་ཁོང་བསྡུས་ཏེ། ། རང་ལུས་མདོག་དམར་དང་ཚུལ་འཛིན།། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། འབྲུ་ལྔས་བྱིན་བརླབས་པ་དུ་བརྟགས།། དེ་གོ་མས་གར་གྱི་དཀྱིལ་འཁོར་བསྒོམ།། ཛ་ཞེས་རྒྱ་བཅིངས་དྲང་བྱ་ཞིང་། ་གོམས་པར་གསང་ནས་ཞུགས་ཚུལ་ཏུ།། ལམ་ནས་དག་གི་དབང་པོར་བསྡུ།། ཨོཾ་ལས་སངས་རྒྱས་ཙན་ཀ། སྣོད་ནས་དཀྱིལ་འཁོར་ཁེངས་པར་བསྒོམ།། མིང་དང་སྙིང་པོ་གོམས་པས་དགུག། མངོན་སུམ་གསལ་བར ་གྱུར་པ་ན། ། ལུགས་ཀྱུ་ལ་སོགས་མཚན་པ་ཡི།། རྗེས་སུ་ཆགས་པའི་མཆོད་པས་བཤམ།། ཡིད་ལས་གོམས་པ་གསལ་བ་ན།། གང་ལ་བྱ་བ་དབང་དུ་འགྱུར།། བློན་པོའི་ས་འཛིན་མཆོད་པ་བཤམ།། ཡིད་ལས་སྒོམས་པ།། ་གསལ་བ་ན།། གང་ལ་བྱ་བ་ཁ་དང་སྙིང་ཁ་མཚན།། གོམས་པར་ཛ་ཉིད་མདོག་དམར་བསྒོམ།། དེགོམས་གསང་ནས་ཁོང་བསྡུས་ཏེ།། རང་ལུས་མདོག་དམར་ངང་ཚུལ་འཛིན།། སྤྱི་གཙུག་ཁ་དང་སྙིང་ཁ་མཚན།། འབྲུ་ལྔས ་བྱིན་བརླབས་བཻ་དུ་བརྟགས། ། དེ་གོ་མོས་གར་གྱི་དཀྱིལ་འཁོར་བགོམ།། ཛ་ཞེས་རྒྱ་བཅིངས་དྲང་བྱ་ཞིང་།། གོམས་པར་གསང་གནས་ཞུགས་ཚུལ་དུ།། ལམ་ནས་དག་གི་མཆོག་ཏུ་བསྡུ།། ཨཾ་ནས་སངས་རྒྱས་ཙ་ན་ཀ། སྣོད ་གནས་དཀྱིལ་འཁོར་ཁེངས་པར་བསྒོམ། ། མིང་དང་སྙིང་པོ་གོམས་པས་དགུག། མངོན་སུམོ་གསལ་བར་གྱུར་པ་ན།། ལྕགས་ཀྱུ་ལ་སོགས་མཚན་པ་ཡི།། རྗེས་སུ་ཆགས་པའི་མཆོད་པར་བཤམ།། དེ་ལ་ལས ་སྩལ་བ་ན། ། གང་ལ་བྱ་བ་དབང་དུ་གྱུར།། ལྷ་མོ་ཀླུ་མོ་རིགས་ངན་མོ།། ཡུད་ཙམ་རྟག་པར་འདོད་སྒྲུབ་རྣམས།། ཏིང་འཛིན་འདི་ཡིས་བྱེད་པར་གྱུར།། དབང་ཕྱུག་ལྷ་ཆེན་ལྷ་དབང་པོ།། རྒྱལ་ཆེན་ཕྱོགས་སྐྱོང་མང་པོ་ལ།། ཆུང ་མབུ་མོ་ལ་སོགས་མཚན། ། འདོད་སྤྱོད་དབང་བར་བློ་འཆང་རྣམས།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། དེ་ཡི་དགོས་པ་ཐམས་ཅད་པ།། མ་ལུས་ཀུན་རྫོགས་འགྲུབ་པར་འགྱུར། ཅེས་བརྗོད་པས་འཇིག་རྟེན ་དྲུག་གི་ཕྱོགས་བཅུ་ཐམས་ཅད་རབ་དྲུག་ཡོས་ཀུན་དུ་གསལ་བར་གྱུར་ནས་དེ་བཞིན་གཤེགས་པའི་ལོངས་སྤྱོད་ཆེན་པོ་ཀུན་དུ་སྣང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲུ་གསུ་དང་ཐུགས་རྡོ་རྗེ ་བདག་ཉིད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་ཆེན་པོ་དམ་ཚིག་གི་མཆོད་པའི་ལོངས་སྤྱོད་ཅེས་བྱ་བའི་ལེའུ་སྟེ་བཞི་བཅུ་བཞི་པའོ། ། །། དེ་ནས་ཐུབ་པ་ཆེན་པོ་བཅོམ་ལྡན་འདྲ། ་ཀྱིས་ཀླུའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཉིད་དུ་སྣང་བར་གྱུར་ཏོ།། གདུག་པའི་ལས་ཀླུའི་ཚོགས་འདུལ་བར་གྱུར་ཆོས་སྒྲུབ་པ་ཆེན་པོ་ལ་མོས་པའི་ཆེད་དུ་བརྗོད་པ་འདི ་བརྗོད་དོ། ། ཀླུའི་ཚོགས་རིགས་གཉིས་པ་དང་།། རིགས་གསུམ་པ་དང་། རིགས་ཐ་དད་པ་དང་། ཕྱོགས་གཉིས་པ་ལས་འཁོར་དུ་བྱས་པ་བསམ་གྱིས་མི་ཁྱབ་པས་ཁེངས་པའི་གནས་སུ་ཉིད་ཀྱི་བསྙེན་པ་ཆེ་ཆུང་ལམ ་གཏོགས་པ་ཡིད་ལ་དགའ་བ་ཅི་བྱས་ཀྱང་མི་འགྲུབ་ཅིང་བར་ཆད་བྱེད་པར་འགྱུར་བའི་ཕྱིར་གེགས་གསལ་བ་ལྔ་པ་ཞེས་བྱ་བ་འདི་འཐོན་པར་གྱུར་པ་འདི་ཆེད་དུ་གསུངས་སོ། ། སྒྲུབ་ལ་འདུག་པ་མི་གནས་དང་།། ས་གེ་ཞི་བདག ་ཏུ་དབང་བ་དང་། ། བསྒྲུབ་པའི་རྫས་རྣམས་ཅི་ཡོད་པ།། གདུག་པའི་སྦྲུལ་རྣམས་བསལ་བ་དང་།། འཁོར་དུ་གཏོགས་པ་མང་ཉུང་ལ།། གདུག་པས་ཟིན་པར་མི་འགྱུར་ཞིང་།། ལྗོན་པ་ལྐུག་ཕྲན་ལ་སོགས་ལ།། གདུག་པས་གནས་པར ་མི་འགྱུར་ཕྱིར། ། ལྔ་པ་ཞེས་ནི་རབ་དུ་བསྔགས།། བདག་གིས་གདག་པར་མཆོད་པའི་ཕྱིར།། སྒྱུ་འཕྲུལ་དྲ་བིའི་ཏིང་འཛིན་ལས།། བདག་ཉིད་གདུག་པའི་མཐིང་གནག་མདོག། ལག་ན་ཞགས་པ་ཨུཏྤལ་འཛིན།། མགོ་ལ་གདེང ་ཀ་སྦྲུལ་ཆེན་བཅུ། ། ཉི་ཤུ་བརྒྱའམ་སྟོང་དང་ཁྲི།། བས་མ་ཡས་དག་གི་སྦྲུལ་ཆེན་པོ།། ཁ་དོག་ནག་པོ་ལྕེ་གསུམ་པར།། གདུག་པ་ཀླུ་ཡི་ཚོགས་མངས་པས།། འཁོར་མང་འཇིགས་བརྗོད་སྤྱི་བུང་བས།། མཆོག་ཏུ་ཕྱག་རྒྱ་འདི་བཅའ ་བྱ། ། མི་བསྐྱོད་རིན་ཆེན་ཡིག་འབྲུ་རྣམས།། ཕྲལ་ཏེ་གོརན་བྱས་པ་ན།། གདུག་པ་སྦྲུལ་གྱི་འོག་ཏུ་གདིང་།། ནཱ་ག་བུ་ཀ་ལ་ནཱ་ག་ཕཊ་ཅེས་བརྗོད། འདི་ལ་གོམས་པར་གང་བརྩོན་པས།། ང་ཡི་ཆ་ལུགས་འདི་བཟུང་ན།། མེ་ལྕེའི་ཚོགས་ལ ་ཕུང་པོ་བཞིན། ། རྒྱལ་པོ་ཆེན་པོའི་རྒྱལ་ཆེན་པོར།། ཀུན་ལ་སྣང་བར་གསལ་གྱུར་ནས།། རང་དབང་མེད་པར་འབྲོས་པ་དང་།། དེ་ལ་བྲན་བཞིན་བྱེད་པར་འགྱུར།། ས་ལ་བདག་ཏུ་བྱ་བ་ནི།། ཐོག་མང་ས་གཞིང་བ་མཉམ་ཏེ།། ཨོཾ་དང་མུཾ་གྱིས ་ཚོགས་ཀྱིས་དགང་། ། རིན་ཆེན་པོ་བྲང་དཀྱིལ་འཁོར་ལས།། འཇུག་པའི་ལྷ་ཚོགས་དཀྱིལ་འཁོར་སྒོམ།། དེ་ལ་གཤོག་པ་རབ་བརྐྱང་སྟེ།། རྡོ་རྗེ་ཐལ་མོ་དྲག་ཏུ་བརྡབ།། ཨོཾ་བཛྲ་ཀྲོ་དྷ་དུ་ན་མུན་དུ་ན་ག་ཙྪ། དེ་ནས་ཡིག་འབྲུ་ཤིན ་ཏུག་ཤིག། དེ་ནས་ཡིག་འབྲུ་ཐ་མ་བསྐྱེད།། དེ་ནས་ཡིག་འབྲུ་འཕྲལ་སྐྱེས་པ།། ང་ཡི་ཆ་ལུགས་འདི་བཟུང་སྟེ།། ས་གཞི་མཉམ་པའི་དཀྱིལ་འཁོར་བསྒོམ།། དེ་ལ་ཤིན་ཏུ་སྔགས་འགྱུར་ཏེ།། ཕྱོགས་བཅུ་ཀུན་ཏུ་བྲོས་པར་འགྱུར། ་དེ་ལ་བྲན་བཞིན་བྱེད་པར་འགྱུར།། འཁོར་དུ་གཏོགས་པ་ང་ཡི་འཁོར།། འཁོར་མང་ཇི་སྙེད་མཆོག་བྱེད་པ།། གདུག་པ་མང་པོས་གནོད་བསྒྲུབ་ཕྱིར།། རྫས་ལ་མེས་ནི་རབ་སྦར་ནས།། ང་ཡི་སྙིང་པོས་བརྗོད་ནས་འབྱུང་།། དེ་ལ་ཡིག་འབྲུ ་དྲུག་བརྗོད་ན། ། དེ་ལ་གནོད་པར་མི་ནུས་ཤིང་།། གདུག་པས་མཆོད་ཅིང་བཀུར་བར་འགྱུར།། དེ་ཡི་ནད་རྣམས་སོས་པར་འགྱུར།། མངོན་སུམ་སྣང་བའི་ཐུགས་བརྙན་དང་།། མཆོག་དང་ཐ་མ་འབྲིང་རྣམས་ལ།། གདུག་པའི་ཚོགས་ཀྱིས་ཞེན། ་པ་ནི།། སྙིང་འ་ཨ་གྱི་འབྲུ་རྣམས་ཏེ།། ཁ་དོག་དམང་པོ་འབངར་བའི་ནང་།། གཟུགས་སུ་སྣང་བ་ཀུན་བཞུན་ཏེ།། ཐུབ་པའི་ངང་ཚུལ་དེ་བསྒོམས་ནས།། རིན་ཆེན་ཡིག་འབྲུ་ཡི་གེ་བསམ།། དེ་ལས་རབ་དུ་འཇིགས་པར་བརྒྱད། མིན། ་དང་པོ་པ་མ་མིག། མ་གྱི་ཚིགས་སུ་དབང་བ་གཞན།། མི་བསྐྱོད་ཉིད་མས་པ་ཅན་འཆང་།། ཐོང་བའི་དབྱིག་པར་ཆས་ནས་ནི།། ལྡེ་ལྔ་སྔགས་འདི་དྲན་པ་ཡིས།། རྒྱལ་བཀུན་གྱིས་དབང་བསྐུར་ཞིང་།། གདུག་པའི་ཐརྣམས ་འདུལ་འགྱུར་ཏེ། ། ཕྱོགས་བཅུ་ཀུན་ཏུ་འབྲོས་པར་འགྱུར།། དེ་ལ་མཆོད་དང་བྲན་དུ་གྱུང།། ཨོཾ་མུནེ་པད་མས་མ་ཡོ་གེ་ཧཱུཾ་ཧཱུཾ་ཛ་ཛ།། འདི་ལ་གོམས་པར་གང་བརྩོན་པས།། ང་ཡ~ཾ་ཆ་ལུགས་འདི་བཟུང་ནས།། བཀུར་གནས་མཆོད་པ ་བྱེད་པ་དང་། ། སྒྲུབ་པ་ཐམས་ཅད་མཱར་བར་འགྱུར།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཀླུའི་ཚོགས་ཀྱི་གདུག་པའི་ལས་འདུལ་བའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། ་དེནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འབྱུང་པོའི་ཚོགས་ཟིལ་གྱིས་གནོན་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ལས།། ཚོམ་བུ་གཉིས་ཀྱི་ལྷ་རྣམས་བསྒོམ།། དེ་ཉིད་སྡུག ་པའི་གནས་པཤསས་ཏེ། ། ལོ་དང་ཐུབ་གསུམ་དང་ལྡར།། རྡོ་རྗེ་དྲུང་ཆེན་གང་བ་དང་།། རྡོ་རྗེ་ཕྱག་བསྡམས་དྲིལ་བུ་ལ།། སྔགས་བཟླས་ཏིང་འཛིན་གོམས་པར་བསྙེན།། རྫས་ལ་ཚོན་གྱིས་མདོག་འགྱུར་བཞིན།། རྟགས ་མངོན་དགྱུར་བར་རོ། ། སངས་རྒྱས་རྡོ་རྗེ་ཕྱག་བསྣམས་ནས།། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ།། རང་གི་རང་བཞིན་དེ་བསྐུར་ནས།། སྤྱན་བགྲང་མཆེ་གཙིགས་སྡང་མིག་འབར།། བརྐྱང་བསུམ་རྔམ་པས་ཞིང་སྟེངས་བསྒོམ།། ཤིག ་ཤིག་དྲག་ཏུ་གྱུར་པ་ན། ། དེ་ཡི་སྙིང་པོ་བཟླས་ནས་ནི།། དེ་བསྙེན་ཉམས་སུ་ལོན་པ་ཡིན།། དེ་ལྟར་འགྲུབ་པའི་རྟགས་རྣམས་ནི།། གང་ལ་དམིགས་པའི་མདུན་དག་ཏུ།། བཞིན་བཟློག་མིག་གིས་བལྟས་ནས་ནི།། ལྕེ་ལ་གྲག་ཏུ ་ཅེས་བརྗོད། ། བརྒྱལ་འགྱུར་ཨེ་ནས་དམར་རྩི་དབབ།། དེ་ལས་ཧཱུཾ་ཞེས་བྱ་བ་ཡིད།། དང་པོའི་གནས་སུ་འདུས་པ་ན།། མཆོངས་པར་འདོད་ན་ལངས་པར་འགྱུར།། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ལས།། ཚོམ་བུ་གཉིས་ཀྱི་ལྷ་རྣམས་སྒོ། ་དེ་ཉིད་འདུག་པའི་གནས་བཤམས་ཏེ།། ལོ་དང་ཐབ་གསུམ་ལྔ་བདུན།། དེ་ཡི་དུང་ཆེན་གང་བ་དང་།། རྡོ་རྗེ་ཕྱག་བསྣམས་དྲིལ་བུ་ལ།། སྔགས་བཟླས་ཏིང་འཛིན་གོམས་པར་བསྙེན།། རྫས་ལ་ཆེན་གྱིས་མདོག་བསྒྱུར་བཞིན། ་རྟགས་དང་མངོན་དུ་གྱུར་པར་རོ། ས་རྒྱས་རྡོར་ཕྱག་བསྡམས་ནས།། ཁྲོ་བོ་ཆེན་པོ་གཤིན་རྗེ་རྒྱལ།། གཤིན་རྗེ་ཁྲོས་པའི་རྒྱལ་མོར་སྦྱོར།། རང་གི་རང་བཞིན་དེར་བསྒྱུར་ནས།། སྤྱན་བགྲང་མཆེ་གཙིགས་སྡང་མིག་པ། ་སྐུ་མ་རྔམ་པས་ཞིང་སྟེངས་སྒོམ།། ཤིག་ཤིག་དྲག་ཏུ་གྱུར་པ་ན།། དེའི་སྙིང་པོ་བཟླས་ནས་ཀྱང་།། ཨོཾ་ཞེས་པས་ནི་རྐེད་པར་བཅད།། དེས་ནི་དབང་དུ་གྱུར་པར་བསྒོམ།། ས་ལ་གསེར་དང་ཆུ་ལས་ས།། ཡིད་དང་འཐད་པ། ་ཉིད་དུ་ནི།། ཇི་བཞིན་ཇི་བཞིན་འགྲུབ་པར་འགྱུར།། དེ་ལ་འདོད་པ་བཞིན་དུ་ངེས།། དེ་བསྙེན་ཉམས་སུ་ལོན་པ་ཡིན།། དེ་ལྟར་ངེས་པའི་རྟགས་རྣམས་ནི།། མིང་དང་གཟུགས་དང་མངོན་སུམ་ན།། དབུ་གསིགས་སྔར ་མིག་དྲག་པོས་བལྟ། ། ཨོཾ་གྱི་རྩེ་མོར་ཕཊ་ཅེས་བརྗོད།། བརྒྱལ་འགྱུར་ཨོཾ་ལས་དམར་རྩི་དབབ།། དག་ལས་ཨཾ་ཞེས་བྱ་བས་ནི།། བཟླས་བརྗོད་བཅས་དེ་བདག་ཉིད་བསྟིམ།། དེ་ནས་འདོད་པ་བཞིན་དུ་ངེས།། དེ་བསྙེན ་ཉམས་སུ་ལོན་པ་ཡིན། ། དེ་ལྟར་ངེས་པའི་རྟགས་རྣམས་ནི།། མིང་དང་གཟུགས་དང་མངོན་སུམ་ལ།། བཞིན་བཟློག་མིག་གིས་བལྟས་ནས་ནི།། ཨོཾ་ལས་དྲག་ཏུ་ཕཊ་ཅེས་པས།། བརྒྱལ་འགྱུར་ཨཻ་ལས་དམ ་དབབ། ། དེ་ལས་ཧཱུཾ་ཞེས་བྱ་བ་ཡིན།། དང་པོའི་གནས་སུ་བསྡུས་པ་ན།། འཚོ་བར་འདོད་ན་ལངས་པར་འགྱུར།། སྒྱུ་འཕྲུལ་དྲ་བའི་མངོན་རྫོགས་པ།། བྱང་ཆུབ་མཆོག་གི་ཀུན་ངོ་བོ།། ཕྱག་རྒྱ་བཞུགས་ཡུན་ལ་སོགས ་པ། ། གཅིག་པུ་ཆ་ཡི་ཏིང་ངེ་འཛིན།། རྡོ་རྗེ་དུང་ཆེན་གང་བ་དང་།། རྡོ་རྗེ་ཕྱག་བསྣམས་དྲིལ་བུ་ལ།། སྔགས་བཟླས་ཏིང་འཛིན་གོམས་པར་བསྟན།། རྫས་ལ་ཚོན་གྱིས་མདོག་བསྒྱུར་བཞིན།། རྟགས་དང་མངོན་དུ་གྱུར་པའོ།། ་སངས་རྒྱས་རྡོ་རྗེ་ཕྱག་བསྡམས་ནས།། ཁྲེ་བོ་ཆེན་པོ་རྟ་མཆོག་དཔལ།། རང་གི་རིང་བཞིན་དེར་བསྒྱུར་ནས།། སྤྱན་བགྲང་མཆེ་གཙིགས་སྡང་མིག་བར།། བརྐྱང་བསྐུམ་རྔམ་པས་ཞིང་སྟེང་བསྒོམ།། ཤིག་ཤིག་དྲག་ཏུ ་གྱུར་པ་ན། ། དེ་ཡི་སྙིང་པོ་བཟླས་ནས་ཀྱང་།། ཨཾ་ཞེས་བྱ་བས་རྐེད་པར་བཅད།། དེས་ནི་དབང་དུ་གྱུར་པར་བསྒོམ།། ས་ལས་གསེར་དང་ཆུ་ལས་ས།། ཡིད་དང་འཐད་པ་ཇི་ལྟ་བ།། ཇི་བཞིན་ཇི་བཞིན་གྲུབ་པར་དེས།། དེ་ལ ་འདོད་པ་བཞིན་དུ་འགྱུར། ། དེ་བསྙེན་ཉམས་སུ་ལོན་པ་ཡིན།། དེ་ཡི་གྲུབ་པའི་རྟགས་རྣམས་ནི།། མིང་དང་གཟུགས་དང་མངོན་སུམ་ན།། དབུ་བསིགས་སྡང་མིག་དྲག་པོས་བལྟ།། ཨོཾ་ལས་དྲག་ཏུ་ཕཊ་ཅེས་པས།། ་བརྒྱལ་འགྱུར་ཨོ་ལས་དཔར་རྩི་དབབ།། དེ་ལས་ཧཱུ་ཞེས་བྱ་བ་ཡིད།། དང་པོའི་གནས་སུ་བསྡུས་པ་ན།། མཆོངས་པར་འདོད་ན་ལངས་པར་འགྱུར། སྒྱུ་འཕྲུལ་ཆེན་པོ་དེ་ཉིད་ལས།། སངས་རྒྱས་རྡོ་རྗེ་ཕྱག་བསྣམས་པ།། ཁྲོ་བོ ་ཆེན་པོ་བདུད་རྩི་འཁྱིལ། ། བདག་ཉིད་རང་བཞིན་དེར་བསྐུར་ནས།། སྤྱན་བགྲང་མཆེ་གཙིགས་སྡང་མིག་པར།། བརྐྱང་བསྐུམ་རྔམ་པས་ཞིང་སྟེང་བསྒོམ།། ཤིག་ཤིག་དྲག་ཏུ་འགྱུར་བ་ལས།། མགྱོགས་པར་ཕྱོགས་སུ་སོང་བ། ་དེ་ཡི་སྙིང་པོ་མཆོག་བཟླས་ནས།། ཧཱུཾ་ཞེས་པས་ནི་བསྐུལ་བ་ཡིས།། དང་པོའི་གནས་སུ་ཕྱིན་པར་བྱེད།། དེས་ནི་དབང་དུ་གྱུར་པར་བསྒོམ།། དེ་ལས་སྣ་ཚོགས་ཅི་འདོད་པར།། ཐམས་ཅད་ཐམས་ཅད་གྲུབ་པར་འགྱུར།། དེ་བསྙེན ་ཉམས་སུ་ལོན་པ་ཡིན། ། ཨོཾ་ལ་དྲག་ཏུ་ཕཊ་ཅེས་པས།། གང་ལ་བྱ་བ་མངོན་བསམས་ནས།། སེ་གོ་ལ་སྣོལ་མར་གཏོགས་པ་ཡིས།། བརྒྱལ་འགྱུར་ཨོ་ལས་དམར་རྩི་དབབ།། ཡིད་ལ་བསྒོམས་པས་ལངས་པར་འགྱུར།། ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་ཆེན་པོ་རབ་དུ་བརྒྱལ་བར་བྱེད་པ་དམ་ཚིག་མཆོག་བཀོད་པའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་སྤྱན་སྔར་དྲེག ་པ་ཆེན་པོ་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོད་པར་གྱུར་པ་སྡེ་དཔོན་དང་ཆུང་མར་བཅས། བྲན་དང་གཡོག་དང་ཡང་གཡོག་གི་རབ་དུ་འཇིགས་པ་དང་བཅས་པའི་སེམས་ཉི་དགུས་པར་དམ་བཅས ་ཤིང་། རང་རང་གི་དཀྱིལ་འཁོར་དང་། སྙིང་པོ་ཞེས་བྱ་བ་འདི་མགྲིན་གཅིག་ཏུ་ཡང་སྨྲས་སོ།། དྲེགས་པ་འཁོར་བཅས་དཀྱིལ་འཁོར་དང་།། ལུས་དང་ངག་ཡིད་དབུལ་བ་ནི།། འཁོར་གཡོག་བྱེ་བ་དྲུག་བཅུ་རྣམས།། ཀེང་རུས ་གསར་རྙིང་གནས་སུ་གྱུར། ། རློན་པ་ཤ་ཁྲག་ཚོགས་ལ་སྤྱོད།། ཐོང་བར་འཐུང་ཟ་མེད་པའི་ནང་།། མདུང་ཐུང་རལ་གྲི་དགྲ་སྟ་དང་།། ཞགས་པ་དབྱུག་པ་ཟོར་བ་དང་།། རྔ་དང་ལྔ་ལྡི་ཁྲག་འཐོར་ཞིང་།། གདུག་པའི་ཚོགས་རྣམས་ཀུན ་གྱིས་བསྐོར། ། དགྱེས་པའི་དཀྱིལ་འཁོར་འདི་རྣམས་ལ།། མིང་ཙམ་འཛིན་པར་བྱེད་པ་ཡིས།། ཞབས་ཀྱི་མཐིལ་དུ་འདི་བསྒོམས་ཏེ།། རང་གི་སྙིང་པོ་འདི་བརྗོད་ན།། དེ་བྲན་བཞིན་དུ་བདག་ཅག་བགྱིད།། དེའི་དགོས་པ་ཅི་ཡང་རུང་།། ་མ་ལུས་རྫོགས་པར་བདག་ཅག་བསྒྲུབ།། འདུག་ནས་སྙིང་པོ་འདི་བཞིན་དབུལ།། ཨོཾ་ཁཾ་དྷུ་ཧ་སྭཱ་ཧཱ། དབང་ཕྱུག་ལྷ་ཆེན་དཀྱིལ་འཁོར་དང་།། ལུས་དང་ངག་ཡིད་དབུལ་བ་ནི།། འཁོར་གཡོག་བྱེ་བ་བརྒྱད་བཅུ་སྟོང་།། མེ་ཏོག་སིལ་མ ་བཀྲམ་པ་དང་། ། རས་སྟན་འཕར་མ་མང་པོ་དང་།། རིན་ཆེན་བཅལ་དང་བརྡུང་བ་དང་།། རོལ་མོ་གྲུ་གར་རབ་དུ་སྙན།། རིན་ཆེན་ཁང་པའི་གནས་སུ་ནི།། ལྷ་མོ་མང་པོར་བདག་སྤྱོད་ཅིང་།། རིན་ཆེན་སྣོད་དུ་བདག་ཅག་འཐུང་།། གདུག ་ཀྱིས་རྒྱས་པར་སྟེང་ནས་གཡོགས། ། གཟུགས་མཛེས་པས་ནི་གདའ་བར་བགྱིད།། རིན་ཆེན་མེ་ཏོག་ལ་སོགས་དང་།། ལྷའི་མེ་ཏོག་ཕྱོགས་སུ་མཐོར།། ལྷའི་ཚོགས་མང་ཀུན་གྱིས་བསྐོར།། དགྱེས་པའི་དཀྱིལ་འཁོར་འདྲ ་རྣམས་ལ། ། མིང་ཙམ་འཛིན་པར་བྱེད་པ་ཡིས།། ཞབས་ཀྱི་འཐིལ་དུ་འདི་བྲིས་ཏེ།། རང་གི་སྙིང་པོ་འདི་བརྗོད་ན།། དེ་ལ་བྲན་བཞིན་བདག་ཅག་བགྱིད།། གཙུག་ཏུ་བཞག་ནས་བཀུར་བ་དང་།། དེ་ཡི་དགོས་པ་ཅི་ཡང་རུང་།། པ་ལུས་རྫོག ་པར་བདག་ཅག་བསྒྲུབ། ། དེ་གཟུགས་སྟོན་ཅིང་གདའ་བར་བགྱིད།། ཨོཾ་སརྦ་དེ་བཱ་མ་ཧཱ་ཨུ་པ་ཧ། རྒྱལ་པོ་རྣམ་ཐོས་ཡུལ་འཁོར་བསྲུང་།། འཁོར་ཚོགས་སྟོང་ཕྲག་མང་པོ་ཡི།། ལུས་དང་ངག་ཡིད་དབུལ་བ་ནི།། འཁོར་གཡོག་སྟོང ་ཕྲག་བྱེ་བ་བརྒྱ། ། མི་ཏོག་སིལ་མར་བཀྲམ་པ་དང་།། རྒྱན་མང་བྱུག་པ་བཙལ་བཀྲམ་པ།། སྡེ་དཔོན་ཉི་ཤུ་བྱེ་བ་རྣམས།། ཅི་ལེགས་པར་ནི་རབ་དུ་སྨྲ།། རིམ་པ་ཆེ་ཞིང་སྲེ་ཞུ་གུས།། མཆོད་པར་བྱེད་ཅིང་ལུགས་མཆིས་པའི།། བདག ་གི་འཁོར་དང་བཅས་པ་ལགས། ། རིན་ཆེན་བཙལ་དང་འཐུང་བ་དང་།། རོལ་མོ་གླུ་གར་སྙན་པས་བརྒྱན།། རིན་ཆེན་ཁང་པར་བདག་མཆིས་ཤིང་།། བཞོན་པ་དམག་མངས་འཁོར་བར་མཆིས།། རིན་ཆེན་སྣོད་དུ་ཆད ་འཐུང་བ། ། གདུགས་ཀྱིས་བརྒྱན་པར་སྟེང་ནས་གཡོགས།། གཟུགས་མཛེས་པས་ནི་གདའ་བར་བགྱིད།། རིན་ཆེན་མེ་ཏོག་ཕྱོགས་སུ་འཐོད།། རྒྱལ་པོའི་ཚོགས་མ་ཀུན་གྱིས་བསྐོར།། དྲི་ཟ་མེད་པའི་བདག་པོ་དང་།། དབང ་ལྡན་རླུང་གི་བདག་པོ་རྣམས། ། འདི་བཞིན་གུས་པར་བདག་ཅག་བགྱིད།། དགྱེས་པའི་དཀྱིལ་འཁོར་འདི་རྣམས་ལ།། མིང་ཙམ་འཛིན་པར་བྱེད་པ་ཡིས།། ཞབས་ཀྱི་མཐིལ་དུ་བྲིས་ནས་ཀྱང་།། རང་གི་སྙིང་པོ་འདི་བརྗོད་ན།། དེལ ་བྲན་བཞིན་བདག་ཅག་བགྱིད། ། གཙུག་ཏུ་བཞག་ནས་བཀུར་བ་དང་།། དེ་ཡི་དགོས་པ་ཅི་ཡང་རུང་།། མ་ལུས་རྫོགས་པར་བདག་ཅག་བསྒྲུབ།། དེ་ལ་གཟུགས་སྟོན་གདའ་བར་བགྱིད།། ཨོཾ་སིད་དྷ་དྷིདྷིངྒི་ཧོ་སྭཱ་ཧཱ།། རྒྱལ་པོ་མིག ་མི་བཟང་དང་འཕགས་སྐྱེས་གོ། ། འཁོར་ཚོགས་ཁྲི་ཕྲག་མང་པོ་ཡིས།། ལུས་དང་ངག་ཡིད་དབུལ་བ་ནི།། འཁོར་ཚོགས་ཁྲི་བྲག་བྱེ་བ་བརྒྱ།། མེ་ཏོག་སིལ་མ་བཀྲམ་པ་དང་།། བརྒྱན་མང་བྱུག་པ་བཙལ་བཀྲམ་པ།། སྡེ་དཔོན ་ཉི་ཤུ་བྱེ་བ་རྣམས། ། ཅི་ལེགས་པར་ནི་རབ་དུ་སླ།། རིན་པ་ཆེ་ཞིང་སྲི་ཞུ་གུས།། མཆོད་པར་བྱེད་ཅིང་ལུགས་མཆིས་པར།། བདག་གི་འཁོར་དང་བཅས་པ་ལགས།། རིན་ཆེན་བཅལ་དང་བཏུང་བ་དང་།། རོལ་མོ་གླུ་གར་སྙན་པས ་བརྒྱན། ། རིན་ཆེན་ཁང་པར་བདག་མཆིས་ཤིང་།། བཞོན་པ་དམིག་མར་འཁོར་བར་མཆིས།། རིན་ཆེན་སྣོད་དུ་ཆད་འཐུང་པ།། གདུགས་ཀྱིས་རྒྱས་པར་སྟེད་ནས་གཡོགས།། གཟུགས་མཛེས་པ་ནི་གདའ་བར་བགྱིད།། རིན་ཆེན་མེ་ཏོག ་ཕྱོགས་སུ་འཐོར། ། རྒྱལ་པོའི་ཚོགས་མང་ཀུན་གྱིས་བསྐོར།། གནོད་སྦྱིན་སྲིན་པོའི་ཚོགས་རྣམས་དང་།། ཆུ་བདག་གཤིན་རྗེའི་འཁོར་མར་རྣམས།། དེ་བཞིན་གུས་པས་བདག་ཅག་བགྱིད།། དགྱེས་པའི་དཀྱིལ་འཁོར་ཆེན ་བོ་འདི། ། མིང་ཙམ་འཛིན་པར་བྱེད་པ་ཡིས།། ཞབས་ཀྱི་མཐིལ་དུ་བྲིས་ནས་ཀྱང་།། རང་གི་སྙིང་པོ་འདི་བརྗོད་དོ།། དེ་ལ་བྲན་བཞིན་བདག་ཅག་བགྱིད།། གཙུག་ཏུ་བཞག་ནས་བཀུར་བ་དང་།། དེ་ཡི་དགོས་པ་ཅི་ཡང་རུང་།། མ་ལུས་རྫོག ་བར་བདག་ཅག་བགྱིད། ། དེ་ལ་གཟུགས་སྟོན་གདའ་བར་བགྱིད།། ཨོཾ་དྷ་ཀ་བྷི་རུ་བྷ་བི་ཤུ་པ་ཤེ་ཨོཾ་ཧཱུཾ། ཞེས་མགྲིན་གཅིག་ཏུ་སྨྲས་པས་སྲིད་པ་ཇི་སྲིད་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིས་འདུལ་བར་འགྱུར་ནས ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། ། ཨ་ཧོ།། དེ་བཞིན་གཤེགས་པ་བསམ་ཡས་སྙིང་པོ་བསམ་ཡས་པར།། འབྲུ་གཏོར་བསྡུ ་བ་ལས་ནི་འདས་བཞིན་བསྙགས་དཀའ་བའི། ། མནོར་ལས་ཆེན་གཅིག་གིས་རབ་དུ་འདུལ་འགྱུར་ཞིང་།། དེ་ཡི་སྔགས་པའི་བཀའ་ལས་འདའ་བར་ངས་མི་ནུས།། ཐུགས་ཀྱི་ཐུགས་རྗེས་ཇི་སྲིད་མ་ནོར་ལམ་ཉིད་ལ།། གསང་བའི ་སྙིང་པོ་ངེས་པ་སྒྱུ་འཕྲུལ་མཆོག་ཉིད་པ། ། དེ་ཉིད་འདུད་འགྱུར་གཞན་ལྟ་སྨོས་ཅི་དགོས།། དེ་ཉིད་ཐུགས་ལས་སྤྲུལ་པའི་ཐུགས་ཉིད་དོ།། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་འདུལ ་བར་གྱུར་པ་གནས་དང་སྙིང་པོ་དབུལ་བའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་བདག་ཉིད་དཔལ་ཁྲག་འཐུང་ཆེན་པོའི་སྤྱན་སྔར་དྲེགས་པ་ཆེན་པོ་དང་། དབང་ཕྱུག་ཆེན་པོ་ལ ་སོགས་པ་འཇིག་རྟེན་པའི་ཚོགས་ཀྱིས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སེམས་འདུན་པ་ཆེན་པོར་གྱུར་ཏེ། ཆེད་དུ་བསྟོད་པའི་གྲུ་འདི་མགྲིན་གཅིག་ཏུ་སྨྲས་སོ།། ཨེ་མའོ་ཡ་མཚན་འཕྲུལ་ཆེན་གྱི།། སངས་རྒྱས ་རྡོ་རྗེའི་རང་བཞིན་དཔལ། ། དུག་དང་བདུད་རྩི་ཁྱད་མེད་པར།། དག་པའི་རང་བཞིན་རྣལ་འབྱོར་ཐུགས།། ཀུན་ཏུ་བཟང་པོ་རྡོ་རྗེའི་སྐུ།། ཡེ་ཤེས་ལྔ་ཡི་ཁྲོ་རྒྱལ་གཙོ།། ཁྲག་འཐུད་འཇིགས་བྱེད་ཧེ་རུ་ཀ། སངས་རྒྱས་མཐའ་ཡས་འགྲོ་བརྒྱ ་མཚོ་འདུལ། ། ཐུགས་རྗེ་བས་མ་ཡ་ས་ཁྲོ་རྒྱལ་ཀུན་གྱི་གཙོ།། ཁྲག་འཐུང་ཀུན་ལས་ཆོས་འཕགས་ཡིད་བཞིན་མཛོད།། སེར་གནག་མཐིང་གནག་ལྗང་གནག་དམར་གནག་དང་།། སྔོག་ནག་རི་རབ་ལྟ་བུར་བརྗིད ་པའི་སྐུ། ། སྐལ་པར་བཅས་པའི་མེ་རིའི་དབུས་གནས་པའི།། རོ་ཚིགས་མང་པོའི་དཀྱིལ་ནས་ཞལ་རྔམ་པའི།། བསོད་ནམས་ལུས་བསྡུས་རྡོ་རྗེ་མི་ཟད་པའི།། སྐར་ཚོགས་མངལ་ཉི་ཟླའི་འོད་བཞིན་དུ།། ཆེ་བཙན་དྲེགས་པས་འཛི ་པའི་ཚོགས་ཀུན་འཇོམས། ། མཚུངས་མེད་ཚེ་འཕྲུལ་ཁྱད་པར་རབ་སྟོན་ཅིང་།། འདོད་པའི་དབང་ཕྱུག་གར་གྱི་ཚུལ་ཏུ་བཞུགས།། ཟ་བྱེད་བརྐམ་པས་ཐུགས་སྐུ་གསུང་གི་ཞལ།། ཁྲག་མཚོ་མཐའ་མེད་སྐེམས་ཤིང་སྐལ་ཙམ ་འཇོམས། ། ཁྲོ་གཉེར་སྙིང་འདྲེན་འཇིགས་བྱེད་གློག་ལྟར་འགྱུར།། དུར་ཁྲོད་འབུམ་གྱི་དབུ་སྨུག་འཇིགས་པར་བརྗིད།། འཁོར་བའི་རྟོག་པ་འཇིགས་མཛད་ཐོད་རློན་ཕྲེད་པས་བསྒེགས།། རོལ་ཕྱིར་རྩེ་མོར་སྣང་བས་ཨ་ཨ་ཧ་ལས ་བཤད། ། རང་ཉིད་ཆེ་བས་དབང་རྫོགས་རྒྱལ་བས་དབུ་ལ་བརྒྱན།། སྤྲིན་རིས་ཁྲོ་གཉེར་གློག་བཞིན་རབ་འགྱུར་བས།། ཕྱོགས་དང་འཐུན་པིའི་ཁྲག་འཐུང་འགྱེད་ཅིང་བསྡུད།། སྤྲུལ་པ་དེ་ལྟ་བུས་ནི་ཟིལ་གནོན་པ།། འཇིགས ་པས་མུན་པའི་ཚོགས་ཆེན་རབ་བཤམས་ཀྱང་། ། སྡང་མིག་སྤྱན་ནི་ཉི་ཟླ་རྒྱས་འབར་བས།། འཇིགས་པའི་ཚེགས་ཕུང་སྡུག་བསྔལ་གཏན་ནས་སྤྱོད།། ཁྲོས་པས་ཞལ་གདངས་སྔོ་ཆེན་གཙིགས་འབར་བས།། སྲིད་པའི་རྩེ་ནས་དམྱལ ་ཁམས་བསྙེངས་པ་ལྟར། ། འཇིག་རྟེན་དུས་ཅིག་མིང་མཛད་ལམ་དྲུག་གཏན་ནས་གཅོད།། ཡེ་ཤེས་ཕྱག་བསྣམས་ཕྱག་མཚན་འབར་བ་ཡིས།། སྲིད་གསུམ་མ་ལུས་རྡུལ་ཕྲན་སྟོངས་པར་མཛད།། རྐན་བླས་རོལ་པས་འགྲོ ་ལ་ཕེག་བརྡབས་བཞིན། ། ཁམས་གསུམ་ཀུན་ལ་ཆོས་སྟོན་རྒྱས་པར་མཛད།། ཟས་སུ་ཁྲག་འཐུང་རྡོ་རྗེ་ཆེ་མཆོག་གསོལ།། འཇིགས་ཚོགས་སད་པའི་ཀེ་རློན་གཡང་གཞི་བསྣམས།། ཀླུ་འདུལ་ཡོན་ཏན་སྦྲུལ་གནག་སྟོང ་གིས་ཀླུབས། ། འཇིགས་བཅས་ཀླུ་ཡི་ཚོགས་ཀྱང་ཞབས་འོག་མནན།། འདོད་ཆགས་འདུལ་བ་འདོད་ཆགས་ཀུན་གྱི་གཙོ།། འདོད་ཆགས་ཆེན་པོ་འདོད་ཆགས་ཉིད་ཀྱི་སྐུ།། མང་པོ་འཁོར་བཅས་འཇིགས་པའི་འཁོར་དུ ་བྱས། ། ཞེ་སྡང་འདུལ་བ་ཞེ་སྡང་ཀུན་གྱི་གཙོ།། ཞེ་སྡང་གདུག་པ་ཞེ་སྡང་ཀུན་གྱི་ས།། འཇིགས་པའི་ཚོགས་རྣམས་ཟེར་གྱིས་ཀུན་བཞུ་བའི།། རབ་དུ་བརྗིད་པ་འཇིགས་པས་འཇིགས་པའི་གཟུགས།། གཏི་མུག་འདུལ་བ་གཉིས ་ཀུན་གྱི་གཙོ། ། གཏི་མུག་བློ་སེལ་གཏི་མུག་ཆེན་པོའི་སྐུ།། མི་འབྱེད་ཁྲག་འཐུང་སྲན་ཆེན་རི་རིབ་བརྟན།། ང་རྒྱལ་འདུལ་བར་རྒྱལ་ཀུན་གྱི་གཙོ།། འཇིགས་ཚོགས་སད་ནས་རོ་ཚོགས་མང་གི་གནས།། ཞབས་བགྲད་མཆེ་གཙིགས ་ཅོག་པའི་དུས་མཐའ་མེད། ། འཇིགས་པས་ཕེབས་པར་དགའ་ཞིང་ཤིན་དུ་སྡང་།། ཕྲག་དོག་འདུལ་བ་ཕྲག་དོག་ཀུན་གྱི་གཙོ།། ཕྲག་དོག་ཆེ་མཆོག་ཕྲག་དོག་ཆེན་པོའི་སྐུ།། བུད་མེད་ཀུན་བསྡུས་དཀྱིལ་འཁོར་དབུས་གནས་ཤིང་། ་ལ་མ་ནོར་གདུག་པར་བཅས་པ་ཕཊ་ཀྱིས་གསོད།། ཞིང་གི་ཤམ་ཐབས་གདུག་པ་འདུལ་བར་བསྣམས།། སྐུ་འདྲ་འཇིགས་ཚོགས་གཟུགས་ཀྱིས་སྐུ་ལ་བརྒྱན།། ཞབས་དང་ཕྱག་ཏུ་གྱུར་པ་བསམ་ཐག་ཆད།། ཞབས་ཆེན་གཡོས ་མང་བརྐྱང་བས་ལྷ་གནོན་བདུད་ལ་ཁྱབ། ། ཞབས་གཡས་ཐབས་ཆེན་མང་པོ་ས་དབང་བསྡུད་འདོར་ཞིང་བསྐུམ།། རྡོ་རྗེ་སེ་གོལ་བྱར་བརྡབས་གཉིད་ཆེར་རབ་སེལ་མཛད།། འོད་ཆེན་དབུས་ནས་གློག་ཆེན་རབ་འགྱུར་བའི།། འཊ ་པར་གོང་ན་མེད་པའི་དབའ་བོ་ཁྱོད། ། ཟས་ངན་བདུད་རྩི་སྦྱོར་བའི་སྨན་ཆེན་བདག། འཇིགས་བྱེད་ཁྱོད་ལྟ་བུ་ནི་རབ་དུ་དཀོན།། བསྐལ་པར་བཀྲུས་ཀྱང་སླར་སྐྱེ་དྲིམ་ལ།། ཡེ་ཤེས་ཉི་ཟེར་འོད་ཀྱི་བྱིན་བརླབས་དང་།། ཐུགས་རྗེ་དག་པའི་ཆར ་ཀྱི་ཆོ་འཕྲུལ་གྱིས། ། བརྡའ་ཙམ་ཡུད་ལ་རྨོངས་འཁྲུགས་ལས་སྦྱོང་ཞིང་།། ཤི་བའི་ལམ་འགོག་ཤེས་རབ་དཀྱིལ་འཁོར་དུ།། སྐྱེ་བ་གཏན་ནས་སྦྱོང་བའི་ཐུགས་རྗེ་འཆར།། བྱམས་སྡང་མི་མངའ་བཀའ་དྲིན་ཆེན་པོའི་གཏེར།། ཐ ་འབྲང་སྒྲ་གསུང་ཐུགས་ལ་ཕྱག་འཚལ་ལོ། ། གསང་བའི་སྙིང་པོ་དེ་ཁོན་ཉིད་ངེས་པ་ལས་བཀའ་དྲིནི་དྲན་པའི་བུ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་པཞི་བཅུརྩ་བརྒྱད་པའོ།། ། ད་ནས་བཅོམ་ལྡན་འདྲ ་དགྱེས་པ་ཆེན་པོས་གསང་སྔགས་ཀྱི་རྒྱལ་པོ་འདི་བརྟན་ཞིང་མི་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་སུ་གནས་པར་བྱ་བའི་ཆེད་དུ་འབྱུང་པོ་རྣམས་ཀྱི་ཇོ་མོའི་ཡང་ཇོ་མོ། མི་སྲིན་མོ་ཆེན་མོ།། མི་སྲིན་མོ་དང་། ཚངས་མ ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞིབ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟབ་མོ་དང་། དགག་མོ་དང་། ར་རོ་ཁྲག་འཐུང་མྱོས་དང་། གཅིག་པུ་སྤྱོད་དང་། ་ཡིད་འཕྲོག་མ་དང་། གྲུབ་པ་མོ་དང་། ཀླུ་མོ་དང་། གསོར་བྱེད་མོ་དང་། མེ་མོ་དང་། ཕག་པོ་དང་། རྒན་བྱང་མོ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་གནག་ཆེན་མོ་དང་། གསུམ ་འཛིན་སེར་གནག་ཆེན་མོ་དང་། རྒྱལ་མོ་དང་། བློན་མོ་དང་། སྡེ་དཔོན་མོ་དང་། གཡོག་དང་ཡང་གཡོག་དང་། བྲན་དང་ཡང་བྲན་ལ་སོགས་པ། སླས་དང་བྱི་མོ་དང་། བྲན་མོ་རྣམས་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། གསང་བའི་སྙིང ་པོ་ངེས་པ་འདི། ། གསང་སྔགས་ཀུན་གྱི་རྒྱལ་པོ་ཡིན།། ཐབས་ཆེན་མཚོན་པའི་ཤེས་རབ་ནི།། སྒྲ་འཕྲུལ་དྲ་བའི་སྙིང་པོ་དང་།། གསང་བ་རྒྱུད་ནི་མང་པོ་རྣམས།། ང་ཡི་ཐུགས་ལས་སྤྲུལ་པ་ཡིན།། ཚངས་པ་དང་ནི་རྒྱ་བྱིན་དང་།། ་དབང་ཕྱུག་ཆེན་པོ་ལ་སོགས་པ།། སྡེ་དཔོན་འཕྲོག་མའི་ཡུལ་རྣམས་དང་།། ལུས་འཕགས་པ་ལང་སྤྱོད་པ་དང་།། སྒྲ་མི་སྙམ་དང་འཛམ་བུ་གླིང་།། ང་ཡི་ཐུགས་ཀྱི་སྙིང་པོ་འདི།། ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་།། དེའི་གཟུགས ་ལ་གཏད་པ་ནི། ། ཡིད་བཞིན་མཛོད་འབྱོར་བཀ་ཡི་གནས།། ཕྱི་ནང་ཐེག་པ་བསྟན་བཅོས་དང་།། སྟོང་ཕྲག་བརྒྱད་བཅུ་རྩ་བཞི་རྣམས།། སྤྱོད་དང་སྒོམ་དང་བཟླས་པ་དང་།། སྡོམ་པ་ཀུན་ལ་མཁས་པ་ཡིས།། སྒོབ་པ་སྲན་དང་ཆོས ་ཕྱོགས་དང་། ། བསྟན་པ་འཛིན་པར་ནུས་པ་ཡི།། གསང་བའི་སྙིང་པོ་མཆོག་ཏུ་གཏད།། གཞན་ལ་བསྙུང་བར་མ་ཡིན་ནོ།། མི་འཁྲུག་བློ་ཟབ་རྟེན་ཐུབ་ཅིང་།། ཡིད་བཞིན་སྤྱོད་པར་མོས་པ་ལས།། རྩ་བ་ཡན་ལག་དམ་ཚིག་བསྟེན། ་ཟླ་དང་བཅས་པས་དམ་ཚིག་ཆེ།། སྦྱོར་བ་གཉིས་ག་མཁས་པ་དང་།། ལུང་དང་ཚད་དུ་ལྡན་ཐུབ་དང་།། གཞན་ལ་བསྟང་བར་མ་བྱེད་ཅིང་།། བསྟན་པ་མཆོད་པར་བྱེད་པའོ།། ཉེ་བཾ་བསྙེན་པ་དམ་ཚིག་ལ།། བསྒྲུབ་པ་བསྙེན་པ་ཉེ་བསྙེན ་པ། ཅི་ནུས་པར་ནི་ཤིན་ཏུ་བརྩོན།། སེམས་ཅན་དང་ཚུལ་ཀུན་པོར་ནས།། གང་གི་ཡིད་ཀྱང་མི་འཁྲུགས་ཤིང་།། མཆོད་པ་ཚོགས་ལ་སྟོབས་ལ་རུབ།། བུད་མེད་འགུགས་པས་གཅོལ་དབུལ།། ཟུང་ཐུབ་གསང་ལ་མཁས་པ ་ཡིས། ། ངེས་པ་ཅན་ལ་ཤིན་ཏུ་གཏད།། གཞན་དུ་བསྟན་པར་མི་བྱའོ།། ཐོགས་མེད་ཕྱལ་བར་འདོད་པ་སྤྱོད།། བུད་མེད་ཡོན་ཏན་ཀུན་ཡོད་ཅིང་།། འདོད་ཆགས་ཀུན་དང་འཐུན་སྤྱོད་ལ།། རྩ་བ་དང་དུ་བླང་བ་དང་།། མཚམ་པར་ལྷ་ཡི ་སྐུ་བསྟན་ཏེ། ། ཉེ་གཉེན་གསང་བའི་མན་ངག་རྣམས།། ནམས་ཀྱང་སྦྱིན་པར་མི་བྱའོ།། དེ་ལ་སྦྱོར་རྟགས་དེ་བསྟན་ནས།། གཞན་ནི་བསྟན་པར་མ་གསུངས་སོ།། དང་ལྡན་པ་སྲུན་ཅིང་བློ་རྣོག།། དང་བ་ཆེ་ཞིང་ཆོས་ལ་གུས།། ཆགས ་བར་ངན་པ་བཀའ་ཉན་ཅིང་། ། གནས་ལ་དགའ་ཞིང་ལུང་ཉན་པ།། རྩ་བ་ཡན་ལག་དམ་ཚིག་བསྒྲུབ།། མཆོད་པའི་གནས་ཤོམ་སྡོམ་པ་བསྲུང་།། བསྙེན་པ་ལ་ནི་བྱིན་པབ་ནས།། གསང་སྔགས་ཚོགས་ཀྱི་མཆོད་གནས་སུ།། ད་ཡི ་གསང་བ་བྱིན་པ་པ་སྟེ། ། ཐོགས་པ་མེད་པར་མངོན་སུམ་ལ།། སྦྱོར་བའི་ཐབས་ལྡན་མཉམ་སྦྱོར་བ།། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི།། བདག་ཉིད་མཉེས་པའི་མཉམ་སྦྱོར་ཞིང་།། མཉམ་པའི་གྲུབ་པས་ཚོགས་ལ་མཆོད།། ་དམ་ཚིག་མི་ལྡན་སྤྱོད་རྩིང་དང་།། གཏིང་ནས་བསྟན་པ་མི་འཛིན་ལ།། འདོད་ཆགས་སྤེལ་བར་མི་བྱེད་ཅིང་།། གསང་བའི་སྙིང་པོ་དེ་ཁོ་ན།། ངེས་པའི་དོན་ནི་མི་སྟོན་ལ།། ང་ཡི་དབང་དང་བསླབ་པ་རྣམས།། རིན་པ་བཞིན་དུ་རབ་དུ་སྨིན།། ་རིགས་ངན་པོ་མོ་འདོད་སྤྱོད་ནི།། སྤྲོ་ཐུང་འདོད་ཆགས་རབ་དུ་ཆེ།། བློ་ཞེན་ཕྲག་དོག་སྒོ་བཀུར་ཅན།། གཉིད་ཆེ་ཆང་དང་བརྩོན་འགྲུས་ཆུང་།། སློབ་ལ་མི་གུས་ནན་ཏན་མེད།། སློབ་དཔོན་མ་དྲན་སྨན་སེམས་ཆུང་།། ་གལ་ཏེ་དམལ་གནས་ན་ཡང་།། ད་ཡི་གསང་བ་འཛིན་པ་ལ།། མངོན་དུ་དགའ་བར་མི་ནུས་ཏེ།། ལྷ་ཞན་བཀའ་ལས་འདས་པ་དང་།། གྲོལ་བ་དཀའ་ཞིང་ནུས་མཐུ་ཞན།། མཱན་དང་ལྐོག་དང་སྐྱེ་བོ་ལ།། གང་དབེན་ཕྲད་པར་འདོད་སྤྱོད་ཅིང ་འདོད་ཆགས་འགའ་ལམ་དེ་དག་ལ། ། ཚིག་རྣམས་གསང་བ་སྤུ་བྱེད་པ།། དངོས་ཀྱི་དོན་དང་འཐུན་པ་ལས།། གསང་བའི་སྙིང་པོ་སྦྱིན་མི་བྱེད།། བསྐལ་པའི་འཇིག་རྟེན་པར་དུ་ཡོང་།། ཐུགས་ཀྱི་བདེ་བ་མི་སྤྲོ་ཞིང་།། རྣམས ་ཀྱང་བསྟན་པར་མི་བྱའོ། ། འཇིག་རྟེན་འདོད་པ་དགའ་རྣམས་ཕྱིར།། གལ་ཏེ་རྨོངས་པས་བྱིན་པ་ནི།། རིམས་དང་ནད་ཀྱིས་སྲོག་བཅད་དེ།། རྩ་བ་ཡན་ལག་སྤངས་པ་ཡིན།། བསྲེགས་དང་སྦྲེབས་པར་ཡུན་རིང་གནས།། ཞེས་བརྗོད ་པས་སྲིད་པ་མཐའ་དག་གི་བུད་མེད་ཀྱི་ཚོགས་རྣམས་དམ་ཚིག་འདིས་འདུལ་བར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་།། ་ཨེ་ཨེ་མ་ཨེ་མའོ་ཆོས་རྣམས་སྒྱུ་མ་ཡི།། རང་ཉིད་བུད་མེད་གསང་བ་སྔགས་པ་ཡི།། ལྔ་དྲུག་དུས་བཏབ་སྣང་སྲིད་འབྱུང་བའི་གཏེར།། ཡང་དག་ལ་མ་རྙེད་མངོན་པར་ཀུན་གནས་ཀུན་ཏུ་གནས།། ཆོས་མང་ཆོས་ཉིད་མཉམ ་པའི་ཕྱག་རྒྱ་ཇི་སྙེད་ལས། ། ལས་ངན་དགེ་བའི་ཆོ་འཕྲུལ་ལམ་ཆེན་འདི།། ཀུན་གྱི་ཁྱད་པར་ཉིད་ནི་བུད་མེད་བདེ་བ་གཅིག་པུ་ཡིན།། ཆོས་ཀུན་དེ་ཉིད་ཡིན་ཕྱིར་དམན་པས་མི་སྨད་མཚམ་པར་བསྟན།། སྒྱུ་མ་འབྱོར་པ་ཉིད་ནི ་བདེར་གཤེགས་ཉིད་ཡིན་རབ་དུ་གསལ། ། རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དམ་ཚིག་ཆེན་པོས་བུད་མེད་བརྟུལ་བའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ ་ཆེན་པོས་མཉེས་པའི་མཆོད་པ་འདི་ཆེད་དུ་བརྗོད་དོ། ། དེ་ལ་མཆོད་སྦྱིན་ཆེན་པོ་ནི།། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ།། དེ་ནས་གཉིས་མེད་བློ་ཡིས་ནི།། བློ་ངན་འཇིག་རྟེན་སྙིང་རེ་རྗེ།། གཉིས་སུ་མེད་པར་སྦལ། ་བར་བྱ།། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས།། བདག་ཉིད་མཉེས་པས་མཉེས་པར་བྱ།། མཉམ་པའི་གྲུབ་རྫས་ཆེན་པོ་དག། བདག་དང་མཉམ་པའི་ཚོགས་ལ་འབུལ།། བཟའ་དང་བཅའ་དང་བཏུང་དང་བགོ།། ལོང ་སྤྱོད་ལྔ་ལྡན་ཐམས་ཅད་ནི། ། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ།། ཕྱོགས་བཅུ་དུས་པ་ཞི་གཤེགས་པ་ཡི།། བདེར་གཤེགས་ཡོན་ཏན་རྨང་པོ་ཆེ།། གཞན་ན་ཡོད་པ་མ་ཡིན་ནོ།། ལྷ་སྲིན་ལ་སོགས་སྨོས་ཅི་དགས ་རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། ། ཕྱག་རྒྱ་ཆེན་པོ་རྫོགས་གྱུར་ཅིང་།། གསལ་བའི་ཡིད་གཉིས་མེད་པ་ནི།། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར།། ཞེས་བརྗོད་པས་མཉེས་པ་ཆེན་པོས་ཡི་འཇིག་རྟེན་དྲུག་གི་ཕྱོགས ་བཅུ་ཐམས་ཅད་ཁྱབ་པར་འགྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོད་སྦྱིན་གྱི་ལེའུ་སྟེ་ལྔ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ ་ཆེད་དུ་བརྗོད་དོ། ། བླ་མེད་ཐེག་པར་ངེས་གྱུར་པས།། ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་།། བྱས་ལ་མི་སྩོགས་ཚོགས་འགྱུར་ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ ་པའི་དབང་དུ་ཚུལ་ཁྲིམས་དང་། ། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་ཀུན་འདུས་རྣམ་པར་དག། ཡོད་མེད་དབུ་མའང་མི་དམིགས་ཤིང་།། སྣ་མ་མིག་ཡོར་ལྟ་བུའི་ཚུལ།། སྲོག་མེད་སྲོག་བཅད་བཅད་དུ་མེད།། སྲོག ་དང་སྐྱེས་བུ་ལོག་རྟོགས་ཙམ། ། བདེན་པ་གཉིས་གར་དབྱེར་མེད་པས།། འཕྲུལ་དགའ་ཚུལ་ཏེ་ཐ་དད་མིན།། གཞན་དང་མ་བྱིན་མེད་པའི་ཕྱིར།། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།། ཆོས་རྣམས་སྒྱུ་མ་ལྟ་བུ་དང་།། མིང་དང ་ཚིག་ཏུ་བཏགས་པརྫུན། ། བརྫུན་ཉིད་ལ་ནི་བརྫུན་སྤྱོད་པ།། བརྫུན་ཞེས་བཏགས་ཙམ་ཡོད་མ་ཡིན།། མ་ཆགས་པ་ལ་ཆགས་པ་དང་།། ཆགས་པ་ཉིད་ན་ཆགས་མེད་པ།། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ།། ཤིན།། ་ཏུ་ཆགས་པ་ཆེན་པོ་ཡིན།། བླ་མེད་མི་སྤང་བླ་མ་བཀུར།། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད།། ཡང་དག་ལམ་དུ་ཞུགས་ལ་བྱམས།། གསང་བའི་དོན་ཕྱིར་སྨྲ་མི་བྱ།། འདི་ནི་རྩི་བ་ལྔ་རྣམས་ཏེ།། བསྒྲུབ་དང་བསྲུང་བའི་དམ ་ཚིག་མཆོག། གཏི་མུག་ཆགས་དང་ཞེ་སྡང་དང་།། ང་རྒྱལ་ཕྲག་དོག་མི་སྤང་ངོ་།། དཀར་རྩི་དམར་རྩི་དྲི་ཤ་ཆེན།། དག་པའི་སྣོད་དུ་མི་དོར་རོ།། ཡན་ལག་བཅུ་ཡི་དམ་ཚིག་མཆོག། ཡེ་ནས་དག་མཉམ་རྟོགས་པས་སྤྱད།། བསྲུང ་ཞིང་བསྒྲུབ་པའི་དམ་ཚིག་ལྔ། ། རྩ་བ་ཡིན་ཏེ་རིགས་མེད་འགྱུར།། མི་སྤད་མི་དོར་ལྔ་གཉིས་ནི།། ཡན་ལག་དམ་ཚིག་འདའ་དཀའ་བའོ།། མཉམ་ལ་མཉམ་པར་སྦྱོར་བ་ཡི།། མཉམ་པའི་དམ་ཚིག་ལ་གནས་ན།། མཉམ་རྫོག ་ཆེན་པོ་ཐོབ་པར་འགྱུར། ། བདས་ན་སངས་རྒྱས་མ་ཡིན་ནོ།། རྩ་བ་ཉམས་པའི་ཕྱལ་བ་དག། གསོ་ལ་ཉེ་བར་མི་བརྩོན་དང་།། སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད།། ཉམས་འགྱུར་ཉེས་པ་བརྗོད་མི་ལང་།། རྩ་བའི་དམ་ཚིག་ཉ ་འགྱུར་ན། ། བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར།། ཡིད་དུ་མི་འོང་སྣ་ཚོགས་པའི།། འབྲས་བུ་མི་འདོད་བཞིན་དུ་འདུ།། ཡན་ལག་དམ་ཚིག་ཉམས་གྱུར་ན།། འབྲས་བུ་མེད་ཅིང་ངན་འགྲོར་ལྟུང་།། དམ་ཚིག་རྣམས་ནི་རྡོ་རྗེ ་ཆེ། ། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། རྩ་བའི་དམ་ཚིག་ལྔ་ལ་ནི།། གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ།། ཡན་ལག་དམ་ཚིག་ལྔ་གཉིས་ལ།། གཅིག་ལ་བཅུ་ཕྲག་གཉིས་སུ་དབྱེ།། དམ་ཚིག་འདི་ནི་རྨང་པོ ་ཚ། ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། སྲིད་གསུམ་འགྲོ་བ་ཇི་སྙེད་པའི།། རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ།། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི།། བསྒྲུབ་མེད་དམ་པ་མ་ལུས་འགྲུབ།། ་དེ་ལ་སོགས་པ་མཐའ་ཡས་མཆོག། རྒྱལ་བའི་རིགས་མཆོག་འཛིན་པ་སྟེ།། འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར།། དམ་པའི་མཆོག་དང་དམ་པ་ཡིས།། སྲས་དང་སྤུན་དགོངས་བྱིན་གྱིས་བརློབ།། བདེར་གཤེགས ་ཉིད་ཀྱི་ཡུལ་ལ་བཞུགས། ། འཇིགས་མེད་ཀུན་དུ་བཟང་པོར་སྦྱོར།། ཇི་བཞིན་ཉིད་དང་འདུལ་བའི་ཐབས།། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་རྣམ་དག་ལྷུན་གྱིས་འགྲུབ།། ཉམས་ན་སྐངས་པས་རྫོགས་པ་དང་།། ་དེ་ལ་སོགས་པ་བསམ་ཡས་མཆོག། ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དམ་ཚིག་གི་ལེའུ་སྟེ་ལྔ་བཅུ་རྩ ་གཅིག་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་སྔགས་འཆད་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་སུམ་བརྒྱ་པའི་རྩ་བ་མདོར་བསྡུས་ནས་སྔགས་འཆང་རྣམས་ཀྱི ་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ།། ལོག་རྟོགས་མི་བཟང་རྡུལ་ཕྲན་སྙེད།། རྟོག་འདུལ་གཉེན་པོ་བསམ་མི་ཁྱབ།། འདུལ་བ་སྡོམ་པ་བསམ་ཡས་དང་།། རྡོ་རྗེ་ཐེག་མཆོག་མང ་པོ་ཀུན། ། ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང་།། རང་རིག་འཁྲུལ་པའི་རྟོགས་པ་ཡིས།། ལྟ་བ་མཐོན་དམན་བསམ་མི་ཁྱབ།། དེ་འདུལ་དོན་ཕྱིར་འཚམ་པར་བསྟན།། ཡང་དག་ཉིད་དང་ལོག་རྟོགས་གཉིས།། ངོ་བོ་ཉིད ་ཀྱིས་གནས་གྱུར་ནས། ། དེ་ལ་བཅོས་ཤིང་བསྒྱུར་དུ་མེད།། ཡེ་ནས་ངོ་བོ་ཉིད་མེད་ན།། ཉོན་མོངས་སྤངས་ཤིང་དོན་བསྒྲུབ་མེད།། ཐམས་ཅད་མ་ལུས་རོ་གཅིག་འགྱུར།། ཀུན་རྫོབ་ཆུ་ཟླ་ལྟ་ཡིན་པས།། ཅིར་ཡང་འགྱུར ་ཞིང་ཅིར་ཡང་འགྲུབ། ། རྣལ་འབྱོར་དེ་ཉིད་རྟོགས་པ་ཡིས།། དོན་དམ་སྐྱེ་འགག་མེད་པ་སྟེ།། ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ།། ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་སུམ་བརྒྱ་དྲུག་བཅུ་པའི་རྩ་བ་བཅཝལ ་པ་མདོད་བཤད་པའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐུགས་རྡོ་རྗེ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ་ནམ་མཁའི་མཁའ་དཀྱིལ་དང་བ་ཡི།། ཡིད་བཞིན་སྤྲིན་ཚོགས་རྣམ་པ་འབྱུང་།། སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར།། རཾ་སྲིད་གསུམ་སྲེག་པའི་མེ་ཡིན་ཏེ།། ཡིད་ཀྱི་ཡེ་ཤེས་མེ་རུ་འབར།། ཧཾ་དབང་པོ་དང་པའི་དཀྱིལ་འཁོར ་དུ། ། སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི།། ལྷ་ནི་ལྷ་དེར་འོད་དུ་ཞི།། ཨ་ཞི་འགྱུར་དབྱིངས་ནས་ཕྱག་རྒྱ་འབར།། ཐུགས་རྗེ་བྱིན་བརླབས་རྨད་པོ་ཆེ།། ཧཱུཾ་འགྲོ་བ་སྣ་ཚོགས་དོན་བྱེད་པ།། འདི་ནི་བྱང་ཆུབ་མཆོག་ཏུ་གསུངས།། ཏོ་བཞི་པོ ་འཇོམས་ཤིང་ངན་སོང་སྤྱོད། ། ཏྲཾ་ཏ་སྨན་བཅུད་ལེན་གྱིས་དུག་སྦྱོང་ཞིང་།། ཕྱི་དང་ནང་གི་དྲི་མ་དག། བདག་མེད་གཉིས་ཀྱིས་དག་པར་བྱེད།། དྲིགསལ་ཞིང་བཞག་པར་བྱ་བ་མེད།། ཉི་མ་ཤར་བའི་འོད་བཞིན་དུ།། སྣང་དང་མི་སྣང་གཉིས། ་མེད།། དེ་བཞིས་མཉམ་གཉིས་ཡེ་ཤེས་ཀྱིས།། ཐམས་ཅད་རྒྱལ་བའི་ཞིང་དུ་སྦྱོར།། ཨོཾ་རང་རིག་ཡེ་ཤེས་རྒྱལ་པོ་ཡིས།། ཕྱོགས་བཅུ་ཁམས་རྣམས་དབང་བསྡུས་ནས།། ཐམས་ཅད་མི་དམིགས་དབྱིངས་སུ་ཐིམ།། ཐམས་ཅད ་ཁྲོ་བོའི་ཚོགས་སུ་འགྱུར། ། རྟོག་པ་རྣམ་བཞི་མི་དམིགས་དབྱིངས་གྱུར་པ།། ཤེས་རབ་ཡུམ་གྱི་མཚན་ཉིད་དབྱིངས་སུ་ཐིམ།། ཐབས་དང་ཤེས་རབ་གཉིས་མེད་དབྱིངས་གྱུར་པས།། ཆོས་རྣམས་ཐམས་ཅད་དབྱིངས་ཀྱི་ཁྲོ་བོ་ཁྲི ་མོར་འགྱུར། ། ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་གྱུར་པ་དང་། རང་རིག་པའི་ཡེ་ཤེས་ཀྱི་མེས་སྦྱོར་བའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།། ། ་དེ་ནས་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་རྒྱལ་པོའི་འབར་བའི་ཐུགས་རྗེས་གཏུམ་འཁྲུགས་གིང་ཚོགས་ཆེན་པོར་བསྒྱུར་ནས། ཐམས་ཅད་འོད་དཔུང་འཕྲོ་ཞིང་འབར་བར་བསྟན་པ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ ་དྲ་བ་བསྟན་པ་ཡིས། ། ཕྱོགས་བཅུའི་ཞིང་ཁམས་མ་ལུས་པད།། བྲུཾ་དང་ཙཀྲའི་འཁོར་ལོར་སྤྲུལ།། འོད་འགྲོ་འབར་བའི་ཚོགས་ཆེན་ཧཱུཾ།། གཏུམ་ཆེན་དུས་མཐའ་མེ་ལྟང་འབར།། ང་ཉི་མའི་ཐོད་སྦྲུལ་མང་པོའི་གཟི།། ཁྲོ་གཉེར་ཀློག་སྟོང ་འགྱུར་བ་བཞིན། ། རྔམ་པའི་ངོ་རོ་འབྲུག་སློང་ལྡིར།། ཕཊ། ཁྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར།། ཁྲོས་པའི་མེ་དཔུང་རྡོ་རྗེར་འབར།། རྡོ་རྗེ་འཁོར་ལོ་བརྩེགས་པར་འབར།། ཙཾརྦ་ཁྲོ་བོ་ཁྲ་མའི་ཚོགས་ཀྱིས་བསྐོར།། གནས་དང་ཡུལ་གྱི ་ཕྱག་རྒྱ་མཛེམ། ། ཧ་ཧེ་སྦས་དང་བྲན་མོའི་ཕྱི་མོའི་ཚོགས།། རང་གི་སྟན་དང་མལ་ཆ་དང་།། ཅིབགྱི་ཞེས་ཏེ་ཆས་ཏེ་གནས།། སྟི་རའི་རྒྱུ་མའི་ཞགས་པ་དང་།། ནི་ཡི་ཙི་ཏ་ཟ་ཞིང་རྒྱུག། ཤིན་ཏུ་རྔམ་པའི་གཟུགས་སུ་གནས།། རལ་པ་མུན་ཛ་ཅ ་པན་འབར། ། ཕྱོགས་བཅུར་ཁེངས་པའི་གཤོག་པ་གདེངས།། རྡོ་རྗེ་གཏམས་པིའི་བྲག་རི་འབར།། རཾ་སོ་སོའི་རིགས་སྔགས་སྐད་གདངས་དང་།། སྐད་དང་ང་རོ་དྲག་ཏུ་འདོན།། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རུ་ལུ།། ཁྲོ་བོ་ཆེན་ཚོགས་པ་ཡི།། དཀྱིལ་འཁོར་ཆེན། ་པོའི་ཞལ་འབར་བ།། བདག་ཉིད་གཉིས་སུ་མེད་པར་བསྒོམ།། སོ་སོའི་རིའི་སྔགས་བཟླས་ནས་སུ།། རྒྱུད་དྲུག་སེམས་ཅན་ཐམས་ཅད་ལས།། མ་རུངས་གདུག་པ་ཐམས་ཅད་དུ།། ཛཿཧཱུཾ་བཾ་ཧོས་བཀུག་ནས་ནི།། ལན་གསུམ ་ལན་བདུན་ཞལ་དུ་བསྟིམ། ། ལྷ་ཡང་རུང་སྟེ་རླག་པར་འགྱུར།། ཧོ་གཞན་ཡང་མཆོད་པའི་ཞལ་ཟས་ནི།། འབྱོར་པ་རྣམ་པ་ཀུན་གྱིས་མཆོད།། ནི་ཡི་ཚིལ་དང་ཚ་བའི་མར།། དམར་གྱི་ཨརྒ་རྒྱུན་དུ་དབུལ།། ཨ་ཧོ་ཡང་ན་ལན ་གསུམ་བརྒྱ་རྩ་བརྒྱད། ། སྟོང་ངམ་འབུམ་དུ་དབུལ་བར་བགྱི།། ནག་པོ་འཚེར་མ་དུག་ཤིང་ངམ།། གཞན་ཡང་བསྲེག་རྫས་གདུག་གསུམ་དང་།། མནོན་པའི་ཆོ་ག་ཀུན་གྱིས་བྱ།། སྒྱུ་འཕྲུལ་དྲ་བ་ལས་ཐུགས་རྗེ་རོལ་པའི་ཀྱིས ་འཁོར་སྤྱིར་བསྟན་པའི་ཏོ། ། ཨོཾ་ཧཱུ་ཏྲ་ཧྲི་ཨ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཧོ་ཐམས་ཅད་མ་ལུས་པར་འདིར་འདས་པའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཁྲོས ་པའི་རྒྱལ་པོས་ཟླ་འཕྲུལ་དྲབ་བསྟན་པ་ལས་ཐོ་བརྣམ་པའི་ཆགས་སུ་བསྒོམས་ནས་ཅ་བ་པ་འདབ་དང། ། བྱང་ཆུབ་ས་ནགསང་པོན།། པ་རྣམས་བཅུས་བམ་སནཱཿ།། དག་པ་རྣམ་གསུ་ང ་ནོ་ཞིང་། ། རང་རིག་རྒྱལ་པོ་གོམས་པ་ཡིས།། བྱང་ཆུབ་མཆོག་འདི་རྙེད་པར་འགྱུར།། དྲག་པོ་གཏུམ་པོ་བསྒྲུབ་པ་ནི།། བྷ་ག་ལ་ནི་ལིང་ག་བཞག། མཚན་མ་མིང་དུ་བཅས་པར་བྱ།། ཁྲོ་བོའི་ཞལ་ནི་གང་ཡང་རུང་།། ལན་གསུམ ་ལན་བདུན་རྟགས་བསྒོམས་ཤིང་། ། མངོན་དུ་འབྱུང་བའི་ཞལ་འབར་ཏེ།། བདག་ཉིད་དཀྱིལ་འཁོར་ལྟར་གྱུར་ནས།། ལིང་ག་ཡང་ནས་ཡང་བསྡུས་ཏེ།། དབྱིངས་ཀྱི་དཀྱིལ་དུ་བསྟིམ་པར་བྱ།། ཧཱུཾ་གིས་བསྡུ་ཞིང་ཕཊ་གྱིས ་འཕང་། ། ཞལ་གྱི་རང་སྔགས་ཁྲི་འབུམ་དུ།། རྣམ་གསུམ་ཚུལ་གྱིས་བཟླས་ནས་སུ།། ཡང་ནས་ཡང་དུ་གསོལ་བར་བྱ།། འགྲོ་ལྔ་སེམས་ཅན་ཐམས་ཅད་ཀུན།། དབང་མེད་ཞལ་དུ་ཐིམ་པར་འགྱུར།། ཡ་མ་ཡ་ཡང་ལྷག ་བར་མངས། ། སུ་མདོག་དུད་ཀ་ལ་སོགས་དང་།། མཆ་ག་ཙིགས་ཁྲོག་ཉེར་གཙིགས་པ་དང་།། ཞལ་བཀྲུད་ཕྱག་རྒྱ་འབར་བ་དང་།། གང་ལ་སོགས་པ་བསྒོམ་པར་བྱ།། བདག་ཉིད་འཛིན་པའི་བྱུག་ཏུ་སྟེ།། མཚན་ས་བཟུང་ནས ་རང་སྔགས་དོན། ། མངོན་པར་དབང་པོས་བལྟར་ཡོད་པར།། རིལ་བུ་བསྡུས་ནས་དབྱིངས་སུ་མཆོད།། ཐེ་ཚོམ་མེད་པར་འགྲུབ་པར་ངེས།། དམ་པའི་ཆོས་འཇིག་མ་རུངས་པ།། དཔའ་བོས་དགོས་པ་ཡོད་པའི་ཕྱིར།། ཀུན་ལ ་ཕན་པ་དེ་གྱིས་ཤིག། ཏོ་ཉྫ་ཛཱ་དྲང་པཊ་དང་སྤོལ་སོགས།། འདྲེན་པོའི་མཆོག་ཏེ་དེ་གསུངས་སོ།། མཚན་མ་མིང་དུ་བསྡུས་པ་ཡང་།། ཇི་ལྟར་མངོན་གྱི་དེ་བཞིན་དུ།། སྨོན་པ་བྱང་ཆུབ་ལམ་དུ་ཞུགས།། མཚན་མའི་བ། ་ཆགས་མེད་པར་བྱ།། དབྱིངས་ནས་སྤྲོ་ཞིང་སལ་བསྟིམ།། ཨ་ཧོ་ཐགས་ཉིད་ལ་ནི་ཐུགས་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་ལ་ཤིན་ཏུ་གསང་པའི་ཁྲོ་བོ་ཉེ་བར་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། ། དེ་ནས་དེ་བཞི། ་གཤེགས་པ་ཁྲོ་བོའི་རྒྱལ་པོ་ལས་ཐམས་ཅད་རྡོ་རྗེ་བསྡུས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། དག་པ་རྣམ་གསུམ་ཚུལ་བསྒོམས་ཤིང་།། སྒྱུ་འཕྲུལ་དྲ་བ་བསྟན་པར་གནས།། ཐམས་ཅད་ཧཱུཾ་དུ་བསྡུས་ནས་ནི།། དཀྱིལ་འཁོར ་གྲུ་གསུམ་འབར་བར་བསྒོམ། ། མེ་དཔུང་འབར་བའི་ཚོགས་ཆེན་དུ།། མེ་ལྷ་ཨ་ག་ནི་ཛས་བཀུག་ནས།། རཾ་ཞེས་བྱ་བའི་མེ་སྦར་ཏེ།། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། ཞེ་སྡང་རྡོ་རྗེར་བསྒོམ་པར་བྱ།། ཧཱུཾ་གཏུམ་པོའི་ཚོགས་ཆེན ་རབ་ངུ་འབབ། ། དུད་ཀ་ནག་པོའི་མདོག་འདྲ་ལ།། འབར་བའི་འོད་ཟེར་མང་པོ་འཁྲུགས།། ཉི་མའི་ཐོད་སྦྲུལ་མང་པོས་བརྒྱན།། སེང་གེ་གླེང་ཆེན་སྟག་རྔམ་དང་།། ཕྱག་རྒྱ་སྣ་ཚོགས་འབར་བ་བསྣམས།། ཕཊ་དང་ཧཱུཾ་དང་ཧ་ལ་སྠ།། སྐད ་དྲག་ཕྱོགས་བཅུར་ནམ་མཁའ་འཁྲུག། ཕཊ་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར།། ཡུལ་དང་གནས་ཀྱི་ཕྱག་རྒྱས་མཛེས།། ཧ་ཧེ་སླས་དང་བྱ་མོ་བྲན་མོ་དང་།། བྷྱོ་ཙི་བགྱི་ལ་སོགས་ཚོགས་ཀྱིས་བསྐོར།། སོ་སོའི་སྟན་དང་ལག ་དང་། ། རྔམ་པའི་ང་རོ་རང་སྔགས་སྒྲོགས།། མི་སྡུག་གཏུམ་པའི་གཟུགས་ཅན་དང་།། ཤིན་ཏུ་ཁྲོ་བར་བསྒོམ་པར་བྱ།། བདག་ཉིད་ཕཊ་ཀྱི་དང་ཉིད་དུ།། གསལ་འདྲིས་བློ་གོམས་རྟག་ཏུ་བསྒོམ།། ཛ་ཧཱུཾ་བཾ་ཧོས་བསྡུས་ནས་སུ།། རྒྱུད ་དྲུག་སེམས་ཅན་ཀུན་བསྡུས་ནས། ། ཁྲོ་བོའི་ཚོགས་ལ་དབུལ་བར་བྱ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཡོ་བྱད་གཞན་ནི་སྤྱི་དང་འཐུན།། གཟིར་བའི་ཐབས་ཀྱང་གོང་མ་བཞིན།། མཆོད་པའི་གྲངས་ཀྱང་སྤྱི་དང་འཐུན།། ཨ ་གཞན་ཡང་དཀྱིལ་འཁོར་བསམ་ཡས་ཀྱི། ། ཧཱུཾ་ཞལ་གདངས་སྤྱན་བགྲད་ཁྲོ་ཞལ་བསྒོམ།། རྡོ་རྗེ་གཏན་པ་གདེངས་པ་དང་།། ཐོད་པ་ལྕགས་ཀྱུ་རྣམས་ཀྱིས་བསྐོར།། ཧཱུཾ་སྒྲ་དྲག་པོ་ཡི་ཚོགས་ཀྱིས་འབར།། འཛིན་པའི ་ཕྱག་རྒྱས་བཀུག་ནས་སུ། ། ཞལ་དུ་བསྟིམས་ན་ལྷག་པར་འགྲུབ།། རྡུལ་བྱ་ཙམ་ཡང་མེད་པར་བྱེད།། འཁོར་གྱི་ཚོགས་ཀྱང་སྔ་མ་བཞིན།། བསྐོར་བའི་ཚུལ་དུ་སྲོད་གཏོང་བྱ།། ཧཱུཾ་གཏུམ་པོ་དམར་པོ་མཆུ་རིངས་པོ།། འབར་བ་རྡོ་རྗེ ་ཡཱ། ། ཕྲེང་བས་བསྐོར།། འོད་ཆེན་འབར་བ་འགྲོ་བ་ཡིས།། འཇིག་རྟེན་ཁམས་རྣམས་དུས་གཅིག་བརྔུབས།། བྷཱུཾ་ཁྲོ་བའི་ཚིགས་ཀྱི་སྔགས་རྣམས་དང་།། གནས་དང་ཡུལ་གྱི་ཕྱག་རྒྱུ་དང་།། སྒྲས་དང་བྱིས་བྲན་མོའི་ཚོགས ་ས་སོའི་རང་སྔགས་རྫོགས་པར་འདོན། ། ཧ་ཧེ་གྷོ། གཞན་ཡང་བསྟོད་ཚིག་འདི་དག་གིས།། ཧཱུ~ཾ་རྡོ་རྗེ་ག་བྱིན་པ་གྱིས་ཀྱིས། འཇིག་རྟེན་ཁམས་ན་ཀུན་བཀང་སྟེ།། གཏུམ་འཁྲུགས་མ་ལུས་ཐམས་ཅད་ཀུན།། རྡོ་རྗེ་མཐུ་ཡིས་བརྟུ ་བར་འགྱུར། ། ཧཱུཾ་རྡོ་རྗེ་ཞེ་སྡང་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། སྐད་ཅིག་ཡུད་ལ་བརླག་མཛད་དེ།། བརླག་པར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས་དྲག་པོ་ཧཽ་གྱི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།། ་དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་པད་མ་བསྡུད་པ་ཞེས་བྱ་བས་འགྲོ་བ་མང་པོའི་དོན་གྱི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཤེས་རབ་ཐབས་སུ་སྦྱོར་བ་ཡིས།། ཐམས་ཅད་མ་ལུས་དབྱིངས་སུ་བསྡུས།། ་དབྱིངས་ནས་ཡེ་ཤེས་འོད་འཕྲོ་འབར།། ཐམས་ཅད་མ་ལུས་དབྱིངས་སུ་སྦྱོར།། ཧྲི་དཀྱིལ་འཁོར་ཟླ་གམ་གདེངས་པ་ལས།། འོད་ཟེར་མང་པོ་རབ་འབར་དང་།། རྡོ་རྗེ་ལྕགས་སྒྲོག་བསྡམས་པས་བསྐོར།། གཞན་ཡང ་རྒྱན་གྱི་དམ་པ་མཆོག། ཀུན་གྱིས་དེ་ལ་བརྒྱན་ཅིང་བསྐོར།། མེ་ལྷ་སྤྱན་དྲངས་སྔ་མ་བཞིན།། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། པད་མ་རིགས་ཀྱི་ཁྲོ་བོར་བསྒོམ།། དམར་སྨུག་དྲག་པོའི་མདོག་དང་ནི།། གཞན་ཡང ་སྤྲུལ་པ་མང་པོ་ཡིས། ། ཕྱོགས་བཞི་མཚམས་བཞི་སྟེང་འོག་བསྐོར།། རྔམ་པ་རང་སྔགས་དྲག་ཏུ་སྒྲོགས།། ཧྲི་བདག་ཉིད་མ་ཆགས་རྡོ་རྗེ་ཏེ།། དཀྱིལ་འཁོར་གོང་མ་གས་ལ་བསྒོམས་ན།། ཕྱོགས་བཅུར་འགྲོ་བ་ཐམས་ཅད་དང ་གདུག་པ་ཡིད་ཅན་མ་ལུས་ཀུན། ། ཛ་ཧཱུཾ་བཾ་ཧོ་སྥོ་ཏས་བཀུག་ནས་སུ།། དཀྱིལ་འཁོར་ལ་ནི་དབུལ་བར་བྱ།། དགོངས་པ་གྲུབ་ཅིང་ངན་སོང་སྐྱོང།། ཧྲི་གཞལ་ཡས་དཀྱིལ་འཁོར་མང་པོའི་ཚོགས། དཀྱིལ་འཁོར་པད་མའི་ཞལ་འདྲལ།། ་ཐ་མ་པད་མ་ལྗོན་ཤིང་དང་།། པད་མ་རྡོ་རྗེ་འོད་འབར་བསྒོམ།། གཞན་ཡང་རྒྱན་མཆོག་མཛེས་པ་ཡིས།། དཀྱིལ་འཁོར་ཀུན་ལ་མཛེས་པར་བརྒྱན།། བདག་ཉིད་པད་མའི་ལྷར་གྱུར་པས།། མཆོད་པ་ལྷ་རྫས་སྣ་ཚོགས་དང་།། ཞལ་ཟས་བ ་བཏུང་མཆོག་རྣམས་དང་། ། དམར་པོ་ཤོང་དང་དྲི་ཞིམ་པ།། ལན་གྲངས་གོང་དུ་སྨོས་པ་བཞིན།། རྟག་ཏུ་མཆོད་པ་བྱས་ནས་ནི།། འཇིག་རྟེན་འདི་དང་འདས་པ་ཡིས།། ཅི་འདོད་ལས་དེ་གྲུབ་པར་འགྱུར།། སྔགས་ནི་ཡི་གེ་རཾ་དང་ཧྲཱི།། མདོག་ནི ་དམར་སྨུག་འོད་པོ་ཆེ། ། ཕྱོགས་བཅུ་ཁྱབ་ཅིང་ཧྲི་ལ་བསྡུ།། དགྱེས་པའི་གླུ་དང་གར་གྱིས་མཆོད།། ཧྲཱི་རྡོ་རྗེ་པད་མ་འབར་བ་ཡིས།། ཕྱོགས་བཅུ་མཐའ་ཀླས་རབ་འབྱམ་ཀན།། དཔལ་དང་གཟི་བྱིན་ཚོ་ལ་སོགས།། པད་མ་འབར་བ་དེ་བསྡུས ་ནས། ། སངས་རྒྱས་སྐུ་དང་མཉམ་པ་དང་།། གཞན་ཡང་ལོངས་སྤྱོད་མཆོག་ལ་སོགས།། ཅི་འདོད་ལས་རྣམས་དབང་དུ་འགྱུར།། ལྷ་སྲིན་ལ་སོགས་སྨོས་ཅི་དགོས།། ཤྲཱི་འདོད་ཆགས་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ ་འབྱམ་ཀུན། ། སྐད་ཅིག་ཡུད་ལ་དབང་དུ་བསྡུས།། དབང་དུ་མ་གྱུར་གང་ཡང་མེད།། ཧྲཱི་སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ཏེ། དབང་གི་ཧོམ་གྱི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས ་པ་ཁྲོ་བོའི་རྒྱལ་པོ་རྣམ་པར་འཕྲོ་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་དག་ཉིད་ཀྱི་དབྱིངས་ནས་ཕྱུང་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། བདེ་བ་ཆེན་པོའི་དཀྱིལ་འཁོར་འབར།། འོད་ཟེར་འཕྲོ་བ་མང་པོ་འཁྲུག། བསོད་ནམས་ཞིང་འགྱུར་མཆོག ་ཏུ་འབར། ། ཕྱོགས་བཅུ་ནམ་མཁའ་གང་བར་བསྒོམ།། རྡོ་རྗེ་རིན་པོ་ཆེ་ཡིས་བསྐོར།། རྒྱལ་བའི་ཡོན་ཏན་མཁའ་དང་མཉམ།། ཏྲཾ་ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར།། དཀྱིལ་འཁོར་ཞགས་པ་རིན་ཆེན་བསྐོར།། གཞན་ཡང་ཕྱག་རྒྱ ་སྣ་ཚོགས་དང་། ། ཁྲོ་བོ་ཀུན་ཀྱང་དགའ་འཕྲོ་སྟེ།། འོད་ཆེན་དཀར་པོ་འབར་བ་དང་།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར།། ལྷ་དང་ལྷ་མོ་རྣམས་ཀྱིས་བསྐོར།། མཆོད་པའི་ཡོ་བྱད་སྣ་ཚོགས་དང་།། དཀར་ལ་དྲི་ཞིམ་ཤིང་རྣམས་དང་།། གཞན ་ཡང་མཆོད་ཡོན་ཐམས་ཅད་ཀྱིས། ། དཀྱིལ་འཁོར་ལ་ནི་རྒྱས་པར་དབུལ།། བདག་ཉིད་རིན་ཆེན་རབ་འབྱར་ནས།། ཏྲཾ་དཀར་ལ་ཡི་གེ་འོད་དུ་འབར།། ཁྲོ་བོ་ཀུན་ཀྱང་དེ་བཞིན་ཏེ།། མངོན་དུ་གྱུར་པའི་དཀྱིལ་འཁོར་དུ། ་པ་ཤ་ཧོ་དང་ཛཿཧཱུཾ་གིས།། ཕྱོགས་བཅུའི་ལམ་ལྔ་ཀུན་བཀུག་སྟེ།། དབྱིངས་སུ་ཐིམ་པར་འོད་འཕྲོ་བསྒོམ།། ཐམས་ཅད་སངས་རྒྱས་ཞིང་དང་མཉམ།། གཞན་ནས་ཡོད་པའང་མ་ཡིན་ཏེ།། སྒྱུ་མའི་ཡེ་ཤེས་བརྟན་པ་ཡིན།། ་གཞན་ཡང་དཀྱིལ་འཁོར་བསམ་ཡས་ནི།། རིན་ཆེན་དབྱིངས་ལ་རྡོ་རྗེ་འབར།། དཀྱིལ་འཁོར་རྒྱན་གྱིས་འཁོར་བར་བསྐོར།། གཞན་ཡང་ལྷ་དང་ལྷ་མོ་ཡིས།། ཕྱོགས་བཅུ་ཁྱབ་པར་མཆོད་ཅིང་དབུལ།། ཡོན་ཏན་རྒྱལ ་བའི་ཞིང་དང་མཉམ། ། ཏཱཾ་གླུ་དང་གར་གྱིས་མཆོད་པར་བྱ།། སངས་རྒྱས་ཞིང་ཁམས་མ་ལུས་ཀུན།། མཆོད་ཡོན་རིན་ཆེན་དཔལ་འཕེལ་གྱིས།། ཕྱོགས་བཅུ་གང་བར་རྒྱས་ཕུལ་ནས།། རྡོ་རྗེ་དབྱིངས་ཀྱིས་རྒྱས་པར་རོལ། ་ཧོ་ཏྲེ། ང་རྒྱལ་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་འདི་རབ་འབྱམ་ཀུན།། སྐད་ཅིག་ཡུད་ལ་རྒྱས་མཛད་དེ།། རྒྱས་པར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས་རྒྱལ་པོ་རྒྱས་མཛད་ཀྱི་རྒྱས་པ་ཧོམ་གྱི་ལེའུ ་སྟེ་ལྔ་བཅུ་རྩ་བརྒྱད་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་སྣང་མཛད་ཁྲོ་བོ་ཆེན་པོས་ཐམས་ཅད་ཀྱི་དཀྱིལ་འཁོར་འབར་བ་ཆེན་པོར་བསྒྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཡེ་ཤེས་དཀྱིལ་འཁོར་དབུས ་མཐའ་མེད། ། བསམ་ཡས་ལྷུན་གྱིས་གྲུབ་པ་ཡིན།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན།། བདེ་གཤེགས་ཉིད་ལ་མ་ཞན་ཤར།། ཨོཾ་དཀྱིལ་འཁོར་ཟླུམ་པོར་འབར་བ་ལས།། འཁོར་ལོ་འབར་བས་རབ་བསྐོར་ཞིང ་འོད་ནི་སེར་པོར་རབ་དུ་འབར། ། རྨད་དུ་བྱུང་བའི་སྐུ་ལ་སོགས།། བདག་ཉིད་ཆེན་པོས་བསྒོམ་པར་བྱ།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། ས་བོན་ཡི་གེ་ཨོཾ་སར་ཏེ།། མེ་ལྷ་སྤྱན་དྲང་སྔ་མ་བཞིན།། ཁྲོ་བོའི ་དཀྱིལ་འཁོར་མ་ལུས་རྣམས། ། ཀུན་ཀྱང་གཏི་མུག་རྡོ་རྗེ་སྟེ།། འོད་ཟེར་སྣ་ཚོགས་འཕྲོ་བ་དང་།། འཁོར་ལོ་ཕྱག་རྒྱ་འབར་བ་དང་།། ལྷ་དང་ལྷ་མ་ཚོགས་ཀྱིས་རྒྱུད།། གདན་དང་གནས་དང་དབྱིངས་ཉིད་དེ།། རྒྱལ་བ ་དཀྱིལ་འཁོར་དེ་དག་ཏུ། ། ཕྱོགས་བཅུ་གནས་པ་དེ་དག་ཏུ།། ཙཀྲ་ལྕགས་ཀྱུས་བཀུག་ནས་སུ།། དཀྱིལ་འཁོར་དབྱིངས་སུ་བསྟིམ་བྱས་ནས།། གཏུམ་འཁྲུག་གདུག་པ་མ་རུངས་པ།། ལྷན་ནེ་ལྷ་དེ་ཞི་བར་འགྱུར། ་ཨོཾ་གཞན་ཡང་དཀྱིལ་འཁོར་བསམ་ཡས་ཏེ།། དཀྱིལ་འཁོར་འཁོར་ལོ་འབར་བ་ཡི།། ཨོཾ་དང་སེང་གེ་མགོས་བསྐོར་ཏེ།། བརྒྱན་པའི་རྡོ་རྗེ་ཕྱག་རྒྱ་ཀུན།། རྫོགས་ལྡན་ཞིབས་བསྐོར་བར་བྱ།། རྒྱལ་པོ་ལུས་མཛེས ་འཁོར་ལོ་འབར། ། རྒྱན་རྣམས་ཞི་ལ་དཀར་བ་དང་།། བྱང་ཆུབ་མཆོག་འབར་ལྷ་ནེར་བསྒོམ།། མཁའ་ལ་རྒྱུ་དང་བར་སྣང་འཕྱོ།། གཞན་ཡང་འགྲོ་དྲུག་མ་ལུས་ཀུན།། ཞིར་འགྱུར་འདི་ལ་ཐེ་ཚོམ་མེད།། གར་དང་གླུ་ཡིས་མཆོད ་བྱས་ཏེ། ། ཕྱོགས་བཅུའི་གདུག་པ་མ་ལུས་པ།། གདུག་པའི་ཡིད་ནི་རྣམ་བོར་ནས།། ལྷ་དཀར་པོ་ཡི་འོད་དུ་འགྱུར།། བདེ་ལྡན་བྱང་ཆུབ་འོད་འཕྲོ་འབར།། གཏི་མུག་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱ ་ཀུན། སྐད་ཅིག་ཡུད་ལ་ཞི་མཛད་དེ།། ཞི་བར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་མ་ལུས་པར་ཞི་བར་གྱུར་ནས་ཞི་བའི་ཧོམ་གྱི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །། དེ་ནས་དེ་བཞིན་གཤེགས ་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལྷུན་གྱིས་གྲུབ་དམ་ཚིག་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ་འབར་བ་གཏུམ་ཆེན་རྔམ་པ་ལ། ། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག། བདུད་རྩི་ལྔ་འམ་ཟས་ལྔ་ལ།། མཚན་མ་མིང་དུ་བཅས་པར་བྱ།། བཀུག་ནས་རྡོ་རྗེ་ཕུར་པས་བཏབ།། ་རྡུལ་དུ་བྱས་ནས་ཚོགས་ལ་དབུལ།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་བསྦྲེལ་བསྡམས་ནས།། བཅིངས་འགྱུར་བསྐྱོད་ན་ཕྱོགས་བཅུ་ག་སོ།། རྒྱས་ནས་གལ་ཏེ་ཚིག་པར་འགྱུར། ་གྱི་ཚིགས་ཀྱི་དཀྱིལ་འཁོར་མཆོག། འབར་བ་གཟི་བརྗིད་ལྷུན་ཆེན་ལ།། ཆགས་པ་ཡིད་ཀྱིས་མཆོད་སྦྱིན་བྱ།། རྡོ་རྗེ་གསུང་ཡང་དབང་དུ་འགྱུར།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། མཚན་མ་མིང་དུ་བཅས་པར་བྱ།། རྡོ་རྗེ་ཆགས ་བའི་བུང་རབས་གདག། ། ཆགས་པའི་ཚིགས་ལ་ཐིམ་པར་དབུལ།། བ་ཀྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། མུ་གྲྀ་དྷུ་དུ་སྣརེལ་ནས་བསྡམས།། འགྲགས་འགྱུར་ཅི་མེང་བྱི་བཞིན་འབྲང་།། ཅི་འདོད་དེ་བཞིན་འོང་བར་འབྱུང་།། མ ་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བ་འདུ་འཕྲོ་གཟི་ཆེན་ལ།། དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། ཡོན་ཏན་ཡིད་བཞིན་གཏེར་ཏུ་རྟག ་ང་རྒྱལ་དགའ་འཕྲོའི་ཕྱིར་པས་གདབ། ། རྡོ་རྗེ་གཟི་བརྗིད་འཕེལ་བར་དབུལ།། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྤེལ་བསྡམས་ནས།། གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ།། ཡིད་བཞིན་ནམ་མཁའ ་གང་བར་འགྱུར། ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། གསལ་བའི་གཟི་བརྗིད་འཚེར་བ་ལ།། དང་བིའི་ཡིད་ཀྱིས་མཆོད་སྦྱིན་བྱ།། གཏུམ་ཆེན་རྔམ་པོའང་ལྷནི་ནེར་འགྱུར།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། གཏུམ་ང ་འཁྲུགས་པའི་ངོ་བོར་བརྟག། ལྷ་ནི་གསལ་བའི་བུ་རབས་གདབ།། འབར་བ་ལྷ་ནའི་ཚོགས་ལ་དབུལ།། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས།། འབར་བར་ལྷན་ནེར་བྱིན་གྱིས་བརླག། ་ཐམས་ཅད་གཡོ་བ་མེད་པར་འགྱུར།། སྲས་དང་བྱི་མོ་བྲན་མོའི་ཚོགས།། ལྷག་པའི་མཆོད་སྦྱིན་འདོད་པ་སྦྱིན།། གང་གི་དམ་ཚིག་རབ་བསྒྲགས་ནས།། གང་འདོད་ལས་དེ་བྱེད་པར་བསྒོམ།། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། ་ཤིན་ཏུ་གདྲུག་ཅིང་གཏུམ་བག་ཅན།། ཐམས་ཅད་མ་ལུས་འདུལ་མཛད་པའི།། དབང་དང་བྱིན་བརླབས་རྨད་པོ་ཆེ།། ལྷ་ཆེན་ལ་སོགས་དབང་བསྡུས་ནས།། འཁོར་རྣམས་དབང་ཕྱུག་སླས་སུ་བྱས།། སོ་སོའི་ལས ་རྣམས་བསྐོས་པ་དེ། ། ཇི་ལྟར་ཁས་བླངས་དམ་བཅས་པའི།། མ་ཐོགས་མྱུར་དུ་མངོན་པར་བྱུང་།། དམ་བཅས་བཞིན་དུ་མ་བྱས་ན།། ཇི་ལྟར་རང་གིས་མནའ་བོར་བིའི།། སྡོམ་བཅས་དེ་ལས་འདའ་མ་བྱེད།། དམ་ཚིག་དེ ་ལས་འདས་གྱུར་ན། ། མགོ་ལུས་སྙིང་ཡང་ཚལ་པ་བདུན།། ཡཀྵ་ཁྲོ་བོས་གཏུབས་པར་འགྱུར།། དེ་བས་རྣལ་འབྱོར་སྔགས་འཆང་གིས།། ཇི་ལྟར་བཅོལ་བ་བཞིན་དུ་བྱོས།། ལས་དེ་མངོན་དུ་མ་བྱས་ན།། རང་གི་མནའ ་བོར་ཁས་བླངས་བཞིན། ། རུས་མྱགས་ཚིག་རས་དམྱལ་བར་འགྲོ།། རྣལ་འབྱོར་དམ་ལ་གནས་གྱུར་པའི།། ལས་རྣམས་ཡོངས་སུ་བྱ་བ་དང་། འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས།། ཕྲ་མེན་མ་ཡང་དངོས་གྲུབ ་འཐོབ། ། བཅོལ་བའི་ལས་རྣམས་མངོན་དུ་བྱོས།། ཞེས་བསྒོའོ།། ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ།། ཁྲག་འཐུང་ཆེན་པོ་ལ་སོགས་པའི།། བྲོ་གར་གྲུ་ཚིག་ཆེན་པོས་ནི།། ཐམས་ཅད་ཐམས་ཅད ་བྱེད་པ་ཡིན། ། མཛོད་ལྡན་ཆེན་མོ་ལ་སོགས་པའི།། བྲོ་གར་གྲུ་ཚིག་ཆེན་མོས་ནི།། འདུ་བར་འདོད་ན་འདྲ་བར་བྱེད།། འཕེལ་བར་འདོད་ན་འཕེལ་བར་བྱེད།། སྤོས་མོ་ཆེན་མོ་ལ་སོགས་པའི།། བྲོ་གར་གྲུ་ཚིག་ཆེན་མོས་ནི། ་ལྷ་ནེར་འདོད་ན་ཐིམ་པར་བྱེད།། རྨུགས་པར་འདོད་ན་མྱོས་པར་བྱེད།། སེང་གདོད་ཆེན་མོ་ལ་སོགས་པའི།། བྲོ་གར་གྲུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་དུ་ཟ་བར་བྱེད།། རྡུལ་བྱ་ཙམ་ཡང་མེད་པར་བྱེད།། གཞང་གདོད་ཆེན ་མོ་ལ་སོགས་པའི། ། བྲོ་གར་གླུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་ལ་ཟ་བར་བྱེད།། ཀུན་ལ་རབ་དུ་ཉམས་པར་བྱེད།། སླས་དང་བྱི་མོ་བྲན་མོ་ཡི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། སྤྲོད་ཅིང་གཏོང་བར་བྱེད་པ་སྟེ།། ཐམས ་ཅད་ཐམས་ཅད་བྱེད་པ་ཡིན། ། ལྗོན་པ་དང་ནི་ལུག་ཕྲན་ཚལ།། སྡོང་གཅིག་དང་ནི་མེ་རེག་ཏུ།། དང་བ་དགའ་བ་ཆགས་པ་དང་།། ཁྲོས་པས་ཀ་ལི་རབ་དུ་བྱ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་ལ་དེ ་བཞིན་གཤེགས་པ་ཉིད་སྦྱོང་བར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་བཅུ་པའོ།། །། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ཀྱི། ་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཆོས་ཐམས་ཅད་ཡིད་དང་ཆོས་སུ་འདུས་པར་བསྟན་པ་དང་། ཤེས་རབ་ཐམས་ཅད་ནི་ཡུམ་བཞིར་འདུས། ཡུམ་བཞི་ཡང་གཅིག་ཏུ་འདུས་སོ།། ཐབས་ཐམས་ཅད་ནི་རིགས་བཞིར་འདས། རིགས ་བཞི་ཡང་གཅིག་ཏུ་འདུས་ཏེ། ། ཐམས་ཅད་དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་སུ་འདུས་པར་བསྟན་ནས་ཚིག་མགོ་འཇུག་གི་དོན་བསྡུས་ནས་ཡང་འདི་སྐད་བརྗོད་དེ། དོན་གྱི་རྩ་བའི་མཆོག་ཡིན་ནོ།། ཐམས་ཅད་མ་ལུས་མི་ལུས་ཤིང ་མི་དམིགས་མ་ཆགས་ཆོས་ཉིད་དེ། ། དེ་བཞིན་དབྱིངས་ཉིད་མང་པོ་སྣ་ཚོགས་ཐབས་སུ་སྣང་།། ཐབས་ཉིད་སྒྱུ་མ་མིག་ཡོད་ཆུ་ཟླ་གཟུགས་བརྙན་ཡིན།། དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང་།། ཐབས་དང་ཤས ་རབ་ལྡན་པས་མཆོག་གི་གནས་གྱུར་པས། ། ཇི་ལྟར་སྤྱད་ཀྱང་ཟད་མེད་གཉིས་མེད་སྒྲིབ་མི་འགྱུར།། ཤེས་རབ་ཐབས་ཆེན་མཆོག་ལ་ཡེ་ནས་རེལ་པ་ཡིན།། དེ་ཉིད་ཕྱག་རྒྱ་སྣ་ཚོགས་སྤྲུལ་པ་རང་རིག་སྟེ།། རྒྱུ་འབྲས ་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས། ། འབྲས་བུ་ལམ་དུ་གྱུར་ནས་དུས་ཅིག་མཉམ་པར་སྦྱོར།། འདི་ནི་ཡིད་བཞིན་རིན་ཆེན་ཐམས་ཅད་འབྱུང་བའི་གནས།། ཐམས་ཅད་འདུ་བའི་གཏེར་དང་ཡིད་བཞིན་མཛོད།། གཉིས ་བྲལ་མཉམ་དང་མི་མཉམ་ཐམས་ཅད་ཉིད་ཀྱི་དབྱིངས། ། ང་དང་བདག་མེད་མཚན་མ་སྣ་ཚོགས་དབྱེར་མེད་པ།། སྟོང་དང་མི་སྟོང་མི་གནས་དེ་བཞིན་ཉིད་དུ་འདུས།། རང་བྱུང་རྡོ་རྗེའི་དཀྱིལ་འཁོར་ཟད་མེད་དཀྱིལ་འཁོར་སྒོ།། ་འདས་དང་ས་འདས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་།། མ་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དྲུག་རྫོགས་པ།། སྐྱེ་མེད་དབྱིངས་ཀྱི་རང་བྱུང་འོདགསལ་ཕྲེང་ལྡན་མཆོག། ཡེ་ནས་མ་བཅོས་མ་བྱས་རང་རིག་རང་གིས་གསཔ ་ཐམས་ཅད་འབྱུང་འཇུག་རང་རིག་གཏེར་ཆེན་དང་དུ་བསྡུས། ། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན་འདུས་དང་།། ཞིང་ཁམས་གཞལ་ཡས་རིན་ཆེན་མཆོག་ཆེན་ཀུན།། སྐྱེ་མ་དང་བྱིངས་དང་རང་གི་གཉིས་བུ་ཡ་ག་རྩ།། མོས ་སྤྱོད་སྟོང་ཉིད་རྒྱུ་འབྲས་ཡང་ནས་ཡང་སྦྱངས་མི་དམིགས་པ། ། ཡེ་ནས་འོད་གསལ་ཆགས་མེད་མ་ཆགས་དཀོན་མཆོག་གནས།། མིང་ཙམ་མཆོག་རོལ་ཐབས་དང་ཤེས་རབ་མཆོག་གིས་རྫོགས།། ལམ་སྟེགས་ཉིད་དུ་ཕ ་རོལ་ཕྱིན་བཅུ་རྫོགས་པར་རྒྱུ་འབྲས་སྤྱོད། ། མཉམ་ཉིད་པ་ཡི་རྡོ་རྗེ་ཐབས་ཆེན་ཡང་དག་ལྡན།། འགྲོ་མེད་འོད་མེད་མི་གནས་ཀུན་ཁྱབ་ཁྱབ་མེད་ཉིད་ཀྱིས་བཤད།། ཨ་ཧོ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཕ་རོལ་ཏུ ་བྱིན་པ་དང་ས་བཅུ་གཉིས་དང་། ཐབ་ཀྱིས་མཆོག་དང་། སངས་རྒྱས་ཀྱི་ཞིང་མ་ལུས་པར་ཡིད་དང་ཆོས་སུ་འདུས་པར་བསྟན་པའི་ལེའུ་སྟེ་དྲུག་བཅུ་རྩ་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྔའི་དཀྱིལ ་འཁོར་ལ་མཉམ་པར་བཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ལྔ་ཕུང་ཡན་ལག་ཐམས་ཅད་ཀྱང་།། འབྲུ་ལྔ་གནས་པའི་བྱང་ཆུབ་སྟེ།། ཨོཾ་དང་མུཾ་རུ་འབྲེལ་བ་ཡི།། བྱང་ཆུབ་རྡོ་རྗེ་ཉིད་ལས་བྱུང་།། སྤྱིར་ན་བརྗོད་པ་ཐམས ་ཅད་ཀྱང་། ། ཀུན་ཀྱང་མིང་ཙམ་ཡི་གེ་ཨ།། སྐྱེ་འཇིག་ཉིད་ཀྱང་ཡི་གེ་ལྔ།། དེ་ནི་བྱང་ཆུབ་སེམས་ཡིན་ཏེ།། དམིགས་མེད་བྱང་ཆུབ་མཆོག་འབྱུང་བ།། གསུམ་ཤར་ལྔ་འབར་བཅུ་འབྱོར་པ།། ཟད་མེད་རིན་ཆེན་གཏེར་ཡིན་ཏེ།། ་མངོན་ཤེས་དྲུག་ལྡན་མཚན་བཟང་སྤངས།། ཨེ་ལས་འཕྲོ་ཞིང་ཨར་འདུས་པ།། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། ནམ་མཁའི་དབྱིངས་ནས་སྤྲིན་བྱུང་བ།། ཀུན་ལ་ཁྱབ་ཅིང་སྣ་ཚོགས་སྤྲིན།། བཞི་བཅུ་རྩ་ལྔའི་ཁོང་ནས ་བསམ་མི་ཁྱབ། ། བྱིན་བརླབས་ཡ་མཚན་རྨད་པོ་ཆེ།། ཡོན་ཏན་མི་ཟད་གཏེར་དུ་གྱུར།། ཧོ་ཡེ་ནས་མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས།། དབྱིངས་ལས་མི་ཞན་ཡེ་ནས་ཐིག་ལེའི་དང་།། ཡེ་ཤེས ་དབྱིངས་ཉིད་གཟུགས་བརྙན་སྒྱུ་མའི་ཚུལ། ། སྣང་བྱེད་ཉིད་ན་བྱ་བྱེད་མེད་པར་གནས།། ཡེ་ཤེས་འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་དོན།། དཀྱིལ་འཁོར་བསམ་ཡས་ལྡན་གྲུབ་དམ་པ་ནི།། ཐབས་དང་ཤེས་རབ་གཉིས་མེད་མཉ ་པར་གནས། ། ངག་མཉམ་རྣམ་གསུམ་དོན་རྟོགས་བསྒོམ་བྱས་ཤིང་།། མཉམ་པ་རྣམ་བཞི་དོན་རྟོགས་མཆོག་གི་གནས།། རྒྱུ་འབྲས་ལྷུན་གྲུབ་ཕུན་སུམ་ཚོགས་བཞིར་འདུས།། ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུག ་ཀྱིས་བསྡུས། ། ཆགས་མེད་ཞི་བའི་ལམ་ནས་ཐིག་ལེར་འཇུག། ཡེ་ཤེས་ལྔ་རྫོགས་སྤྱོད་ཡུལ་མི་འདའ་ལ།། མ་ཆགས་འོད་གསལ་དཀྱིལ་འཁོར་རྫོགས་པར་ལྡན།། ཐམས་ཅད་མ་ལུས་རང་རིག་རྒྱལ་པོ་ཡིས། ་དཀྱིལ་འཁོར་དག་མཉམ་ཁྲོ་བོ་ཁྲོ་མོར་སྦྱོར།། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་།། ནད་དང་ནང་གི་ཕྱི་རོལ་གྱི།། རྣམ་རྟོག་སྣ་ཚོགས་འཛིན་པ་ཡང་།། དངོས་པོ་མེད་དབྱིངས་སྐད་ཅིག་མ།། དེ་ཉིད་རྣམ་པར་དག་པའི ་ལམ། ། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ།། མ་རིག་པ་ནི་ཡེ་ཤེས་གསལ།། ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག། ཐམས་ཅད་ཡོན་ཏན་མཆོག་གི་གནས།། ཨ་ཧོ།། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་མ་ལུས ་ཀུན། ། ངེས་པའི་དོན་དགྲོལ་བཞི་བཅུ་རྩ་ལྔར་འདུས།། བསྡུས་པའི་དོན་ཉིད་ཡི་གེ་འབྲུ་ལྔར་བསྡུས།། ལྔ་པོའི་དོན་ཉིད་འབྲུ་གསུམ་ནང་དུ་འདུས།། གསུམ་པོ་དེ་ཉིད་ཡི་གེ་ཨར་འདུས་ཏེ།། ཨ་ཉིད་མ་སྐྱེས་མཉམ་རྫོས ་དབྱིངས་སུ་ཐིམ། ། ཨ་ཧོ།། མི་དམིགས་སྟོང་པ་ཉིད་ཀྱང་བརྗོད་མི་ལང་།། མི་དམིགས་དེ་བཞིན་གཤེགས་ཀྱང་བསམ་མི་ཁྱབ།། མ་སྐྱེས་མཆོག་གི་དབྱིངས་ཀྱང་བསམ་མི་ཁྱབ།། མ་འགགས་བྱང་ཆུབ་སེམས་ནི ་སྐྱེ་འཇིག་མེད། ། འགྲོ་མེད་འོད་མེད་མི་གནས་པའི།། ཐུགས་རྗེ་བྱིན་བརླབས་རྣམ་པར་འཕྲོ།། ཞེས་ཉིད་ལ་ཉིད་གསུང་ངོ་།། དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱར་གསལ།། ཐབས་ལས་དབྱིངས་བྱུང་ཡུམ་གྱི ་ཕྱག་རྒྱ་གསལ། ། དབྱིངས་སུ་དབྱིངས་ཀྱིས་ཡེ་ཤེས་འབྱོར་པས་ན།། བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་བརྗོད་མི་ལང་།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ངེས་པའི་དོན་མ་ལུས་པར་མཚན་ཉིད་མེད་ནི ་ཕྱག་རྒྱར་ཐིམ་པའི་ལེའུ་སྟེ་དྲུག་བཅུ་རྩ་གཉིས་པའོ། ། །། དེ་ནས་དེ་བཞིན་གཤེགས་པས་རྒྱལ་པོ་ཆེ་མཐའ་ཡས་སུ་སྤྲུལ་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་བསྟན་བསྡུས་ཏེ།། བྲུཾ་དང་བི་ཤྲིར ་དཀྱིལ་འཁོར་དུ། ། མ་དང་ཨ་ཡི་དཀྱིལ་འཁོར་ལ།། རྡོ་རྗེ་འཁོར་ལོ་རབ་བསྒོམས་ནས།། བཞི་བཅུ་རྩ་ལྔའི་དོན་བསྒོམས་ཏེ།། དེ་ཡིས་ཕྱོགས་བཅུར་གང་བར་བསྒོམས།། བྲུཾ་དང་ཛཿཧཱུ~ཾ་བ~ཾ་ཧོས་དགུག། སྐུ་གསུང་ཐུགས ་ཀྱི་སྙིང་པོ་མཆོག། ལུས་དག་སེམས་ལ་ཐིམ་པར་བྱ།། ནི་ཉིད་དངོས་སམ་ཡིད་བཞིན་མཛོད།། བུམ་པ་མཆོག་ནི་བཟང་པོ་ཡི།། ཆེ་བཞག་གནས་ནི་འདི་ཡིན་ཏེ།། ཡང་ནས་ཡང་དུ་དགུག་བྱ་སྟེ།། མངོན་སུམ་སྨིན་པར ་གྱུར་པ་དང་། ། དབྱིངས་སུ་ཡང་ནི་སྲ་བར་བྱ།། རྡོ་རྗེ་གོ་ཆ་བསྲུང་བ་ཡིས།། བརྟན་ཞིང་འཁོར་ལོས་དགག་པར་བྱ།། སྙིང་པོ་འབྲུ་ལྔའི་ནང་དུ་བསྟིམ།། སངས་རྒྱས་ཐམས་ཅད་མ་ལུས་ཀུན།། རྒྱལ་པོ་ཚེ་དཔག་མེད་པསྒོམ།། ་སྐུ་མདོག་གངས་རི་འཚེར་བ་ལ།། རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན།། ཡིད་བཞིན་རིན་ཆེན་ཕྲེང་བ་དང་།། ཡིད་བཞིན་རིན་ཆེན་ཟ་མ་ཏོག། རིན་ཆེན་རྒྱན་དང་བུམ་པ་བཟང་།། གཞན་ཡང་འགྲོ་བའི་དོན་བྱག། ་བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། བགེགས་ཀྱིས་ནི་རྣམས་མི་སྟེང་ན།། ཚེ་དཔག་མེད་དང་ཁྲོ་བོ་སྟེ།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། སྒྲ་སྐད་དག་པོ་སྟོན་ནས་ནི།། ཐམས་ཅད་མ་ལུས ་ཐུལ་བར་བྱ། ། དབང་དུ་ཚེ་དཔག་མེད་པ་བསྐུར།། ཚེ་སྙེན་དང་ནི་ཉེ་བསྙེན་དང་།། ཚེ་བསྒྲུབ་དང་ནི་བསྒྲུབ་ཆེན་དང་།། ཐབས་དང་ཤེས་རབ་འབྱོར་པ་ཡིས།། ཅི་འདོད་ལས་རྣམས་གྲུབ་པར་བྱེད།། ཚེ་དབང་མོ་ནི་རྒྱུད ་འཕེལ་མ། ། དཀར་མོའི་མདོག་ལ་འོད་འཕྲོ་འབར།། ཕྱག་ནི་རིན་ཆེན་གང་བ་ཡིན།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར།། འཇིག་རྟེན་དྲུག་གི་ཕྱོགས་བཙུན།། གནས་པའི་འགྲོ་དྲུག་མ་ལུས་ལ།། ཕན་པའི་ཆེ་དང་འདི་སྦྱིནན། ་དེ་ལས་ལྷག་པའི་རྒྱུད་འཕེལ་མེད།། ཡི་གེ་བཟླས་པ་འཕྲུལ་ཆེན་འདི།། རྣམ་གསུམ་ཚུལ་གྱིས་མ་འཁྲུལ་པར།། སྔགས་བཟླས་ཆོ་ག་བར་མ་གཅོད།། འདྲིས་གསལ་བརྟན་པ་མཆོག་གིས་བྱ།། ཨོཾ་ཨོཾ་ཨོ་ཨོ་ཨོ།། ་ཧཱུ་ཧཱུཾ་ཧཱུཾ་ཧཱུཾ་དྷྭཾ། སྭཱ་སཱཾ་སྭཱ་སཱཾ་སཱཾ། ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ། ཧཱཾ་ཧཱཾ་ཧཱཾ་ཧཱ་ཧཱ། བྲུཾ་བྲཱྀ་བྷྲཾ་བྷྲཱུཾབྷཱུ། བཱ་བཱ་བཱ་བཱ་བཱ། ཛྭ་ཛཱ་ཛྲ་ཛྭ་ཛྲ། ཨ་ཨ་ཨ་ཨ་ཨ། ཡུ་ཡུ་ཡུ་ཡུ་ཡུ། ཀྵེ་ཤླེ་བྷེ་ཥྚེ་ཀྵྨཱཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུ~ཾ་ཧཱུ~ཾ། ཨ་ཨ་ཨ་ཨ་ཨ། ཨོ། ཚེ་རྣམས་དབང་དུམ ་གྱུར་ནོ། ། བདེར་གཤེགས་ལ་ཡང་ཚེ་དཔག་མེད།། སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི།། ཕྱོགས་བཅུ་ནམ་མཁའ་ཁམས་བཀང་ནས།། ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཀྱིས།། འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ ་ནས། ། འགྲོ་ལྔ་ཆེ་རྣམས་དབང་དུ་བསྡུ།། ཕྱག་རྒྱ་གཤོལ་ལ་སོགས་པ་ཡིས།། འོག་གི་འཇིག་རྟེན་ཁམས་བཀྲུགས་ནས།། གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ།། སྙིང་པོ་ལྔ་ལ་བསྟིམ་པར་བྱ།། ཕྱག་རྒྱ་འཁོར་ལོ ་ཆེན་པོ་ཡིས། ། སྟེང་གི་འཇིག་རྟེན་ཁམས་ཀྲུགས་ཏེ།། དབང་ཕྱུག་ལྷ་ཆེན་ལ་སོགས་དང་།། བར་སྣང་བགེགས་རྣམས་རྒྱུ་བ་ལས།། ནི་ཚེ་རབ་ཏུ་དགུག་པར་བྱ།། འཁོར་ལོའི་འབྲུ་ལས་བསྟིམས་ནས་ནི།། དེ་ནས་ཡི་གེ ་འབྲུ་ལྔ་དེ། ། ནརི་ཡི་གནས་ལྔང་བསྟིམ་པར་བྱ།། ཨོཾ་ཨོཾ་བཛྲ་ཀ་པ་ཙ་བཛྲ་རཀྵ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏོ་བཛྲ་ཨ་དྷི་ཏིཥྛ་བཛྲ་སྭཱ་ཧཱ། ཕྱག་རྒྱ་བསྲུང་བའི་ཆོ་ག་སྟེ།། འབྲུ་ལྔའི་ཡི་གེ་འབྲུ་གཅིག་སྟེ།། འབྲུ་གཅིག་མི་དམིགས་དབྱིངས ་སུ་ཐིམ། ། ཨོཾ་ཡིད་བཞིན་བུམ་པ་རིན་པོ་ཆེ།། རྒྱན་དང་རིན་ཆེན་ཕྲེང་བས་རྒྱན། ནི་ཆེན་ལྔ་དང་སྨན་ལྔ་དང་།། འབྲུ་ལྔ་སྤོས་ལྔ་ཡུངས་དཀར་ལྔ།། སྔགས་མཁན་རབ་བརྟན་བློ་ལྡན་པས།། ཡན་ལག་མ་ཉམས་སྔགས་བཟླས་བསྒོམ། ་རྒྱན་ཆས་ལྔ་དང་ལྡན་བྱས་ནས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་རིགས་ཀྱི་བྲེ་དེ་ཡིས།། ཡོ་བྱད་མ་ལུས་ལྡན་བྱས་ནས།། མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས།། མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར།། སྒྲ ་འཕྲུལ་དྲ་བ་ལས་ཚེའི་ཚི་ག་དབང་དམ་པ་ཤིན་ཏུ་གསང་བའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་བསྡུད་པ་པོས་འགྲོ་བ་ལྔ་དབང་མེད་པར་སྨྲ་ཞེས་བྱ་བར་ཡང་བསྡུས་ནས་ཆེད་དུ་བརྗོད ་པ་འདི་བརྗོད་དོ། ། གསང་བའི་དཀྱིལ་འཁོར་ཉིད་ཀྱི་དབྱིངས།། ཀུན་ཏུ་བཟང་པོ་ཐུགས་རྗེའི་དང་།། སྐུ་གསུང་ཐུགས་ལྡན་ཡོན་ཏན་རྫོགས།། མཉམ་པའི་ཞིང་དུ་སྦྱར་བར་བྱ།། རྡོ་རྗེ་རབ་དུ་གསང་བ་ཡིས།། རྡོ་རྗེ་རབ་ཏུ་ཀུན་སྦྱར་ཏེ།། ཨོཾ་དང། ་མུཾ་དུ་འབྱོར་པར་བསྒོམ།། ཐམས་ཅད་དབྱིངས་སུ་ཐིམ་པར་བསྒོམ།། གསང་བའི་དཀྱིལ་འཁོར་དམ་པ་དང་།། ཐིག་ལེ་མན་ཏྲ་དེ་དག་ཏུ།། ནི་ཐལ་མན་ཏྲ་བཟང་པོའི་ཐིག། རྟ་བབས་སྒོ་ཁྱུད་བཟང་པོ་དང་།། རྡོ་རྗེ་རྩེ་གཅིག་འོད་འབར་དང་།། ་འགུགས་པའི་ལྕགས་ཀྱུ་དམ་པ་ཡིས།། རྡོ་རྗེ་རྩེ་གཅིག་རྩེ་གསུམ་འབྲི།། དཀྱིལ་འཁོར་རྒྱུད་དང་ལྡན་པར་བྱ།། མཆོད་ཡོན་སྣ་ཚོགས་མཆོད་པར་དབུལ།། ཡཾ་དུང་ལ་ཡེ་ཤེས་འོད་འཕྲོས་ནས།། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ།། ་ཛ་ལས་ལུགས་ཀྱུ་གྲངས་མེད་པས།། དེ་ཡིས་སྙིང་དུ་ཞུགས་པར་བྱ།། མ་ལས་ཉི་མའི་དཀྱིལ་འཁོར་དུ།། ཛ་ལས་ལྕགས་ཀྱུ་མང་པོ་ཡིས།། གང་དགུག་དེ་ཡི་སྙིང་ཁ་ནས།། དྲངས་ཏེ་དེ་ཡི་ཁར་གཞུག་བྱ།། མ་ལས་ཉི་མིའི་དཀྱིལ ་འཁོར་དུ། ། ཛ་ལས་ལྕགས་ཀྱུ་མང་པོ་ཡིས།། གང་དགུག་དེ་ཡི་སྙིང་ཀ་ནས།། དྲངས་ཏེ་དེ་ཡི་ཁར་གཞུག་བྱ།། སྔགས་འདི་རབ་དུ་བརྗོད་པར་བྱ།། ཨོཾ་ཛཿཧཱུཾ་བཾབ་ཧོ། ཨ་ནརྀ་བྲི་དྲ། མིང་པྲ་བོ་ཤ། ཅི་འདོད་ལས་དེ་བཟླས་པར་བྱ།། ལག་གཉིས ་སོར་མོ་སྤྱིར་སྩོལ་ཏེ། ། ཁུ་ཚུར་དམ་དུ་བཅས་ནས་ནི།། སྲིན་ལག་མཐེའུ་ཆུང་མཐེ་བོ་གཉིས།། བར་དུ་ཕྲེང་བ་དེ་དྲངས་ཏེ།། ཨ་མེད་པྲ་བེ་ཤ་ཨཱམྦྷ། ཐལ་བ་སྲུངས་དཀར་དྲག་ཏུ་རྡེག། མིང་དེ་ཁོང་དུ་ཞུགས་པར ་བྱ། ། བབས་ནས་རྡོ་རྗེ་ལུགས་སྒྲོ་གཞགས་པས་བཅིང་།། གང་ཡིན་ཞེས་ནི་དྲིས་ནས་ནི།། ལྷ་འདྲེ་ལ་སོགས་གང་ཡིན་པ།། ལྷ་ཞིག་ན་ནི་མཆོད་པར་བྱ།། གདོན་ཞིག་ན་ནི་ཙན་དན་གུར་གུམ་བསྲེས་ནས་ནི།། དེ་སླད་སྔགས་འདི ་རབ་དུ་བརྗོད་པར་བྱ། ། ཨོཾ་བཛྲ་དྷ་ཀ་ཀྲོ་དྷེ་ས་མ་ཡ་ཧཱུ~ཾ་ཕ་ཊ་གལ་ཏེ་སྤྱ་མི་བཏུབན།། ལག་གཉིས་སོར་མོ་ཕྱིང་བསྣོལ་ཏེ།། ཁུ་ཚུར་བཅངས་ནས་མཐེའུ་ཆུང་སྦྱར།། གྱེན་བསྒྲེང་དབབ་པའི་ཁ་རུ་གཏུག། སྔགས་ཨོཾ་བཛྲཿ ་ཤ་བ་ཛི་པྲ་པེ་ཤ་ཧཱུཾ་ཧཱུཾ་ཞེས་ལན་མང་དུ་བཟླས་པས། ཡེ་ཤེས་ཐོགས་མེད་སྒྲིབ་མི་མངའ།། བདེན་པའི་ཚིག་དེར་ཞུགས་པར་བསམ།། ལྕེའི་ཐོར་ཏོ་ཨ་དཀར་པོ།། ཟླ་བའི་དཀྱིལ་འཁོར་དེ་སྟེང་དུ།། ཨོཾ་རྡོ་དྷིང་མར་པོ་སྒོར ་བྱས་ནས། ། གདོན་མི་ཟ་བར་སྨྲ་བར་འགྱུར།། བདག་ཉིད་ཊ་ཀི་ཧཱུཾ་བསྒོམས་ལ།། ཨ་དང་ནཱི་ལ་སོགས་པ་ཡི།། ལམ་ལྔའི་སེམས་ཅན་གང་ཡང་རུང་།། ཨོཾ་ཊ་ཀི་ཧཱུཾ་དང་རང་སྔགས་ཀྱིས།། ལན་འབུམ་བཟླས་ཤིང་དགུག ་པར་བྱ། ། པྲ་པེ་ཤས་ཀྱང་བཟླས་པར་བྱ།། གཞན་ཡང་ཛཿཧཱུཾ་བ~ཾ་ཧོཿསྟེ། བཞག་ཅིང་དབབ་པའི་ས་དེ་ནི།། བྱིས་པ་ལོ་གྲངས་བཅུ་གཉིས་པ།། གཅིག་དང་ལྔ་ལ་དབབ་པར་བྱ།། ཐིག་ལེ་བུམ་ལ་མེ་ལོང་འབར།། གཞན། ་ཡང་གནས་རྣམས་ཐམས་ཅད་ནི།། སྨྲ་བའི་ཆོ་ག་ཕུན་སུམ་ཚོགས།། ཕྱག་རྒྱ་རྡོ་རྗེ་སྤར་མོ་སྡེར།། དགུག་པའི་ཕྱག་རྒྱ་ཀུན་གྱིས་དགུག། ཛ་ཧཱུ~ཾ་དབང་ཕྱུག་ལྷ་ཆེན་ལ་སོགས་བསྡུ།། བཅོལ་ཅིང་བྱ་བ་དེ་བཞིན་ནོ།། 6 ་ཧཱུཾ་ཛས་མི་བཏུབ་ན། ། ཧ་ཡ་གྲཱི་བ་གནས་དང་ཡུལ།། ཟུར་ཕྱིན་མགོ་འཇུག་རབ་མནན་ནས།། དྲག་ཏུ་བཟླས་ཤིང་ལྗགས་ཀྱུས་དགུག། སྲོག་གི་སྙིང་པོ་མ་ནོར་བར།། གཟིར་ཅིང་དྲག་ཏུ་དྲང་བར་བྱ།། འཇིག་རྟེན་འདས་དང་འཛི ་རྟེན་པའི། ། དགུག་པའི་ཐབ་ས་ཡོད་ཅི་ཡང་རུང་།། ནེམ་ནུར་མེད་པར་དགུག་པར་བྱ།། བྱ་བ་སྣ་ཚོགས་ལས་ཟིན་ན།། སྔར་བྱས་བུམ་པ་ལྔ་པོ་ལ།། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ།། རིགས་ཀྱི་ཡུམ་དང་བདུད་རྩི་འཁྱིལ།། ་འདོད་ལས་རྣམས་ཐམས་ཅད་དང་།། གཞན་ཡང་དགོས་པ་ཅི་ཡང་རུང་།། ཨོཾ་བཛྲ་ཨ་མྲི་ཏ་ཨ་ཨ་ཨ། ཨོཾ་མ་ཧཱ་བཛྲ་ཨ་མྲི་ཏ་ཕཊ། ཛ་གད་ཛ་གད་ཙ་ཞེས་ཀྱང་བརྗོད་དོ།། ཨོཾ་བུད་དྷ་ལོ་ཙ་ནི་སྭཱཧཱ་ཞེས་བཟླས་སུ།། གསང་བའི ་དཀྱིལ་འཁོར་དམ་པ་དེར། ། ཡེ་ཤེས་ལྔ་རྫོགས་ཉིད་ལས་བརྗོད།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག། ཡང་ནས་ཡང་དུ་མངོན་གསལ་དུ།། བྱང་ཆུབ་མཆོག་གིས་རྟག་བསྒོམས་ཤིག། དེ་ལྟར་བྱས་པའི་དངོས ་གྲུབ་ནི། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྡའ་ཕྲད་སྐད་ཀྱིས་དངོས་གྲུབ་ཐོབ་ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། འགྲོ་བའི་དོན་གྱི་ཕྱིར་ཡང་ཆེད་དུ་བརྗོད་དོ།། པྲ་དབབ་པའི་ལེའུ་སྟེ་དྲུག་བཅུ་རྩ་བཞི་པའོ།། ་དཔལ་ཤྲཱི་ཧེ་རུ་ཀས་ཡུམ་ཀྲོ་དྷི་ཤྭ་ར་དང་གཉིས་སུ་མེད་པར་འདུ་བ་མཛད་ནས་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལས་ཁྲོ་བོ་དཀྱིལ་འཁོར་མང་པོས་སྤྲོས་ནས་འཇིག་རྟེན་པའི་དབང་མོ་ཆེན་མོ་དང་། དབང་པོ་དང་། རྒྱལ་པོ་དང་། ་རྒྱལ་པོ་ཡང་རྒྱལ་པོ་དང་། བློན་པོ་དང་སྡེ་དཔོན་དང་། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ཏེ་འཇིགས་བྱེད་ཆེན་མོ་རྣམས་དེ་ལྟར་དང་། དུས་ཕྱི་མའི་དུས་སུ ་ལ་ལ་ནི་ཚེ་འཕེལ་བའི་ལས་སུ་བསྐོས། ལ་ལ་ནི་ལོངས་སྤྱོད་འཕེལ་བར་བསྐོས། ལ་ལ་ནི་འབྱུང་བ་ཆེན་མོ་ལ་ཐོགས་པ་མེད་པར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་མི་སྣང་བར་འགྲོ་བར་བསྐོས།། ལ་ལ་ནི་གཟུགས ་སྣ་ཚོགས་ཅིང་ཡང་འགྱུར་བར་བསྐོས། ལ་ལ་ནི་མི་མཐུན་པའི་ཕྱོགས་དབང་དུ་བསྡུད་པར་བསྐོས། ལ་ལ་ནི་ཉམས་ཤིང་རྨོངས་པར་བསྐོས། ལ་ལ་ནི་བསྒོམས་ཤིང་འཕྲོ་བར་བསྐོས། གཞན་ཡང་བྱ་བ་སྣ་ཚོགས་པ་ཅི ་འདོད་པར་བསྐོས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས།། འཇིག་རྟེན་གཙོ་མཆོག་དབང་དུ་བསྡུད།། ཐུགས་རྗེ་ཆེན་པོའི་བྱོན་བརླབས་ཀྱིས།། འགྲོ་བའི་དོན་རྣམས་སྣ་ཚོགས ་སྟོན། ། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། འདི་ནི་རེང་བྱུང་ལྷ་འི་ལྔ།། བྱམས་དང་སྙིང་རྗེ་ལྡན་པར་རོ་ལ།། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། ཐམས་ཅད་ཀུན་ལ་སྦྱོར་འགྱུར ་ཡང་། ། བག་ཆགས་སྩོགས་པར་མི་འགྱུར་ཏེ།། བསོད་ནམས་ཡེ་ཤེས་ཚོགས་འགྱུར་རྫོགས།། ཐབས་མཁས་སྤྱོད་པ་མ་གཏོགས་པར།། བཟུང་འཛིན་འཁྲུལ་ཏོག་རྡུལ་ཙམ་མེད།། དེ་བཞིན་ཉིད་དང་དབྱེར་མེད་བྱེད ་རྟག་ཏུ་རང་བཞིན་འོད་གསལ་གནས། ། དེ་ནས་བདག་ཉིད་རྒྱུད་དོན་གོང་ནས་འབྱུང་བ་བཞིན་ལྟ་ཁྲོ་བོ་དང་ཞི་བ་དེ་དག་གང་ལ་གོམས་པར་སྒོམ། ཏིང་ངེ་འཛིན་ལས་སུ་རུང་བ་ལྷ་གསལ་བར་གྱུར་པ་དང་། རང་གི་ལྷའི་བཟླས ་པ་འབུམ་འབུམ་གདོན་ཏོ། ། ལྷ་ཆེན་པོ་ནི་དགུག་པའི་ཕྱིར་ལྕགས་ཀྱུ་ཞགས་པ་སྥོ་ཏ་བཾ།། མ་ཧཱ་དེ་བཱ་ཧཱུཾ་ཛ། ཛ་ཧཱུ~ཾ་བཾ་ཧོ། ལྷ་ཡི་དབང་པོའི་སྙིང་ཁ་ནས།། ཡང་ནས་ཡང་དུ་རྣམ་པར་དྲང་།། མ་མ་ཏྲ་ག་ཤ་མ་ཧ་དེ་བ་གྲིཧྞ་གྲིཧྞ་ཧཱུཾ། ་ཧཱུཾ། ལྷའི་གཟུགས་མདོག་ནི་འཚེར་ལ་དཀར།། ལུས་ནི་རིན་ཆེན་ཀུན་གྱིས་བརྒྱན།། གཙུག་ན་ཡིད་བཞིན་རིན་ཆེན་འབར།། ལག་པ་གཡས་ན་ཐོགས་པ་ནི།། ཡིད་བཞིན་རིན་ཆེན་བུམ་ཆུག་སོལ།། ཡོན་ཏན་རིན་ཆེན་སྣ་ལྔ ་སྟེ། ། ལྷ་རྣམས་ཀུན་གྱི་རེ་བ་བསྐོར།། བཙུན་མོ་ཨུད་མ་ཏ་གནས་པ།། རྟག་ཏུ་འདོད་ཡོན་ལྔ་དང་ལྡན།། བདག་ཉིད་སྣང་མཛད་གཞལ་ཡས་ཁང་།། ལྷ་ཡི་གཟུགས་ནི་སྔ་མའི་ཚུལ།། ལྷ་ཡི་ས་བོན་འབུམ་ཕྲག་ཏུ།། སྲོག་དང ་ལྡན་པར་བཟླས་བརྗོད་བྱ། ། མདུན་ནས་ཛ་ཧཱུཾ་བཾ་ཧོ་སརྦད།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། ཇེ་ཉེ་ཇེ་ཉེ་གཉིས་མེད་པར།། ལྷ་ཆེན་པོ་ནི་གསལ་གྱུར་ནས།། ཅི་འདོད་ལས་དེ་བྱེད་དུ་གཞུག། ལྷ་ཆེན་འཁོར་བཅས་ཐམས་ཅད ་ཀྱང་། ། དེ་གྲུབ་དབང་བྱེད་འདུ་བར་འགྱུར།། གང་འདོད་ལས་རྣམས་བྱེད་པར་འགྱུར།། དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་པསྒྲུབ་པའི་ལས་འདི་གསུངས་སོ།། བྱང་ཆུབ་སེམས་མཆོག་ཏིད་འཛིན་གྱི།། ཕྱོགས་བཞི་མ་ལུས།། ་ཐམས་ཅད་ཀུན།། རིགས་སྔགས་འཆང་གི་དངོས་གྲུབ་ཏུ།། རྒྱལ་ཆེན་བཞི་ཡང་དབང་དུ་བསྡུས།། བདག་ཉིད་རིགས་བ་ཞིའི་ཧེ་རུ་ཀ། གོང་དོན་བྱུང་བ་བཞིན་དུ་བསྒོམ།། ལྷ་ཉིད་རྟག་ཏུ་གསལ་གྱུར་ཅིང་།། ལྷ་མ ་གཟུགས་ཚུལ་གསལ་བར་བསྒོམ། ། བདག་ཉིད་ལྷ་དང་གཉིས་མེད་པར།། ཡང་དག་དོན་དུ་གསལ་བར་བསྒོམ།། དེ་ནས་རྒྱལ་པོ་ཡུལ་འཁོར་བསྲུང་།། གཟུགས་ནི་གངས་རི་ཉི་ཤར་འདྲ།། མཆོད་སྦྱིན་འོད་ཟེར ་བརྒྱ་དང་ལྡན། ། ལག་གཡས་རྡོ་རྗེ་ཏྲི་ཤུལ་ལ།། ལག་གཡོན་བདུད་རྩི་བུམ་པ་གསོལ།། ཨིན་ཏྲ་སཱ་ཡ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོ། ཏྲ་མི་ཏ་ཧཱུ~ཾ་ཧཱུ~ཾ་སུ་ར་ཏ་པ་ག་ཏ་ཛཱ་ཛཱ་ཛཱ་ཧཱུཾ་ཧཱུཾ་ཞེས་ལན་འབུམ་བཟླས་ནས། བདག་ཉིད་རྡོ་རྗེ་ཧེ་རུ་ཀ། ་འདྲེན་པའི་ཕྱག་རྒྱ་དེ་དག་གིས།། ལྷ་ཡི་དབང་པོའི་སྙིང་ནས་དྲང་།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། དེ་ཉིད་ལྷ་ཡི་དབང་གྱུར་ནས།། ལས་གང་འདོད་པ་བྱེད་དུ་གཞུག། ཐམས་ཅད་ཐམས་ཅད་གྲུབ་པར་བྱེད།། ཀུན ་ལ་བྱིན་ཅིང་ཀུན་ལ་ཟ། ། ལྷ་ཡི་འཁོར་རྣམས་ཐམས་ཅད་ཀུན།། མ་ལུས་པར་ནི་ཡང་དག་འདྲ།། བྲན་བཞིན་དུ་ནི་ཐམས་ཅད་འབྲང་།། རྒྱལ་པོ་འཕགས་སྐྱེས་བསྒྲུབ་པ་ནི།། བདག་ཉིད་རིན་ཆེན་བདྲ་ཀ། སྐུ ་མདོག་རྒྱུད་ནས་འབྱུང་བ་བཞིན། ། ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ།། འོད་ཀྱི་འཕྲོ་འདྲ་བྱིན་བརླབས་ཀྱིས།། འཕགས་སྐྱེས་པོ་ནི་དབང་དུ་བསྡུས།། དྷི་ཧ་ཧཱི་ཏ་སྭཱ་ཧཱ། ཛཿཧཱུ~ཾ་བ་ཧོ། གྷི་སྭཱ་བྷཱི་སྣཱ་དུར་བིདི་སཱ་ཧཱ། མཉམ་ཉ ་རང་ན་ཛཿཧུ་བ་ཧོ། ། ཞེས་སྙིང་པོ་ལན་འབུམ་བཟླས་ཏེ། སྲོག་དང་ལྡན་པར་ཏིང་འཛིན་བྱ།། བདག་ཉིད་རང་ན་ཧེ་རུ་ཀ། འཕགས་སྐྱེས་པོ་ཡི་སྙིང་ག་ནས།། ཛ་ཡིས་རབ་དུ་བཟུང་ནས་ནི།། བདག་གི་མདུན་དུ་དགུག་པར་བྱ། ་རྒྱབ་ནས་རྡོ་རྗེ་ཅན་གྱིས་བུ་ལ།། དེ་ནས་མངོན་སུམ་གྱུར་པ་དང་།། གང་འདོད་ལས་ནི་བྱེད་དུ་གཞུག། མདོག་ནི་གསེར་གྱི་མདོག་ཏུ་འབར།། འཁོར་རྣམས་ཐམས་ཅད་བདག་ལ་བསྡུ།། ཡིད་བཞིན་རིན་ཆེན་གཞལ ་ཡས་གྲུབ། ། རྒྱལ་པོ་མིག་ངན་བསྒྲུབ་པ་ནི།། བདག་ཉིད་པད་མ་ཧེ་རུ་ཀ། སྐུ་མདོག་གོང་གི་སྔ་མ་བཞིན།། ཕྱག་རྒྱའི་ཚུལ་ཡང་དེ་བཞིན་ཏེ།། སྙིང་པོ་འབུམ་ཕྲག་གསལ་བཟླས་ནས།། ཏིང་འཛིན་ཕྱག་རྒྱ་བསྒྱུར་རུང་ཞིང་།། ལྷ་ཉིད་དུ ་ནིགས་ལ་གྱུར་ནས། ། རྒྱལ་པོ་དེ་ཡི་གཟུགས་མདོག་ནི།། ཤིན་ཏུ་དམར་ཞིང་འཚེར་བ་སྟེ།། ལག་གཡས་བདུད་རྩི་བུམ་པ་གསོལ།། ལག་གཡོན་བདུད་རྩི་ལྔ་ཡི་ཚུལ།། ནུབ་ཕྱོགས་ཀླུ་རྣམས་རེ་བ་བསྐོར།། སྦྲུལ་མགོ་དགུ ་གདེངས་ཀ་ཅན། ། དེ་ནི་རབ་དུ་དབང་བསྡུ་ཕྱིར།། བྷི་རུ་ཏ་ཀ་སྭཱ་ཧཱ་ཛཿཧཱུཾ་བཾ་ཏོ། ནཱ་ག་ཤི་ནི་པི་ཡ་པག་ཤ་ཕག་ཛཿཧཱུཾ་བཾ་ཧོཿའབུམ་ཕྲག་དུ་མ་བཟླས་ནས་ནི།། དེ་ནི་བདག་གི་དབང་དུ་བསྡུ།། བདག་ཉིད་ལྷ་རུ་གསལ་བསྒོམས་ནས།། མིག ་མི་བཟང་གི་སྙིང་ཁ་ནས། ། ཛ་ཡིས་རབ་དུ་བཟུང་ནས་དྲང་།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། དེ་ནས་བདག་དང་གཉིས་མེད་པའི།། དབྱེར་མེད་པར་ནི་གྱུར་པ་དང་།། ཅི་འདོད་ལས་དེ་བྱེད་དུ་གཞུག། མིག་ངན་འཁོར་རྣམས་མ་ལུས་པར།། ་དབང་གི་ལས་རྣམས་གྲུབ་པར་བྱེད།། རྒྱལ་པོ་རྣམ་ཐོས་བསྒྲུབ་པ་ནི།། བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ།། སྐུ་མདོག་ཕྱག་མཚན་སྔ་མ་བཞིན།། གསལ་ཞིང་འོད་འཕྲོ་རབ་བསྒོམས་ཤིང་།། རང་སྔགས་སྙིང་པོ་འབུམ་ཕྲག་ཅས ་ཏིང་འཛིན་བསྒྱུར་དུ་རུང་བ་དང་། ། རྣམ་ཐོས་དག་ནི་རབ་དུ་འགྲུབ།། གཟུགས་ནི་རིན་ཆེན་བཻ་དཱུརྱ།། ཡང་ན་མདོག་ནི་སྔོ་ཞིང་འཚེར།། ཕྱག་གཡས་རིན་ཆེན་དབྱིག་ཐོ་ཐོགས།། གཡོན་ན་འདོད་ཡོན་བུམ་པ་གསོལ།། དབུ་ལ་རིན་ཆེན ་སྣ་ཚོགས་མཛེས། ། བེ་ཤར་མ་ན་ཡེ་སྭཱ་ཧཱ། ཛཿཧཱུཾ་བ~ཾ་ཧོ། ཀུ་བེ་ར་ཀར་ཀང་། ཡང་ཡང་། ཛཿཧཱུཾ་བཾ་ཧོཿའབུམ་དུ་བཟླས་ཤིང་སྲོག་ཡོད་པར།། ཡང་དང་ཡང་དུ་བཟླས་པར་བྱ།། བདག་ཉིད་བདུད་རྩི་ཧེ་རུ་ཀ། ཛ་ཡི་རྣམ་ཐོས་སྙིང་ནས་དྲས།། ་དབང་དུ་ཡང་དག་བསྡུ་བར་བྱ།། རྒྱབ་ནས་རྡོ་རྗེ་ཅན་གྱིས་པུ་ལ།། ཡིད་བཞིན་རིན་ཆེན་དབང་དུ་འགྱུར།། གནོད་སྦྱིན་འཁོར་རྣམས་བྲན་བཞིན་བསྡུ།། རིན་ཆེན་སྤྲོ་ཞིང་ལས་རྣམས་བསྒྲུབ།། ཅི་འདོད་ལས་རྣམས་བྱེད་པར་འགྱུར།། ་འཕྲུལ་དྲབ་ལས་ལྷ་ཆེན་པོ་བསྒྲུབ་པ་དང་རྒྱལ་པོ་ཆེན་པོ་བཞི་པོ་དཀྱིལ་འཁོར་བཀོད་ཅིང་བསྒྲུབ་པའི་ལེའུས་དྲུག་བཅུ་རྩ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཚོགས་ཀྱི་དཀྱིལ་འཁོར་ལ ་ཤིན་ཏུ་རྔམ་པའི་གདངས་ཀྱིས་ཀླུ་འདི་བླངས་སོ། ། ཧཱུཾ་ག་ཏུ་མཆེན་དུས་མཐའ་མེ་ལྟར་འབར།། འོད་ཟེར་ཉི་མ་འབུམ་གྱི་གཟི།། ཁྲོ་གཉེར་གློག་སྟོང་འགྲུབ་བཞིན།། མཆེ་བཟང་ཡག་ཟ་བྱེད་ཆེ།། ཧོ་ཧཱུཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར།། ་ཐུག་ཆེ་མ་རི་རབ་འབུམ་པ་སྙི་ལ་སྐད།། ཨ་ཨ་ཧ་ལའི་གད་རྒྱངས་ཆེ།། དབྱུག་པའི་འཐོད་རླུང་གཡེང་བ་ཆེ་ཧོ།། ཧཱུཾ་ཁྲོས་པའི་ཤེས་རབ་འོད་པོ་ཆེ།། ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ།། འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས།། སྣ ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། ། ཧཱུཾ་ཁྲོས་པའི་རྒྱལ་པོ་སྤྲིན་ཆེན་པོ།། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས།། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར།། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཏོ།། ཧཱུ~ཾ་བདུད་ཀུན་གྱི་ནི་བདུད་ཆེན ་པོ། ། བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས།། འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ།། འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ།། ཧཱུ~ཾ་རྡོ་རྗེ་བྲག་ཆེན་སྲབ་པོ།། རྡོ་རྗེ་ཆུ་བོ་བསྡུད་པ་པོ།། རྡོ་རྗེ་མེ་སྟེ་ཀུན་འབདར་ཆེ།། རྡོ་རྗེ་དྲུང་སྟེ་འཐོར ་རླུང་ཆེན་ཏོ། ། བཞེས་ཆེད་དུ་ཆེད་དུ་བླངས་སོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པའི་ལེའུ་སྟེ་དྲུག་བཅུ་རྩ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ ་གསང་སྔགས་ཀྱི་རྒྱལ་པོ། ། དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བདག་དང་རྡོ་རྗེ་སེམས་དཔར་དབྱེར་མེད་པར་ཡང་ཡང་དག་པའི་དབྱིངས་སུ་འདུས་ཤིང་བདག་གི་རྡོ་རྗེ་སེམས་དཔའ་ཞལ་མངོན ་སུམ་དུ་མཐོང་བ་དན་བསྟན་པརའ་བྱར་ཆེད་དུ་བརྔད་པ་འད་དུསས། ཀུན་རྫོ་བ་ལྷྭམ་ཤ་ལ་མཐང་བལ། ཐམས་ཅད་མག་ཡང་སྒྱུམ་འརྒྱལ།། སྣང་གྲངས་སུས་ཐམས་ཅད་ཅག་། ཏྱཱཌྷའི་ཆུལ་དུའ་ན ་ཤིང་། ། ཡུལ་དང་རྟོག་པ་གཉིས་མེད་པར།། གང་གིས་དེ་ལྟར་རིག་པ་དེ།། གཞི་རྩ་མེད་དབྱིངས་སྐད་ཅིག་མ།། སྔ་ཕྱི་མེད་དབྱིངས་དེ་བཞིན་ཉིད།། ཅེས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། རྡོ་རྗེ་སེམས་དཔའ་དེ་ལ་གནས།། ལྟ་སྤྱོད ་འཐུན་པས་ཞལ་མཐོང་ཡིན། ། རང་བཞིན་དཀྱིལ་འཁོར་ཡང་དག་ནི།། ཆོས་དབྱིངས་བདག་དང་དབྱེར་མེད་པའི།། མཉམ་པར་སྦྱོར་ཞིང་དག་པའོ།། ཐམས་ཅད་བྱང་ཆུབ་ལྷུན་ཐུབ་པའི།། དེ་ལྟར་གང་གི་རྟོགས་འགྱུར་བ།། དེ་ན ་ཡེ་ཤེས་གཉིས་ཅན་དེ། ། དེ་ཡིས་ཡང་དག་སྙིང་པོ་མཐོང་།། དེ་ཉིད་ཅིས་ཀྱང་མི་ཚུགས་པ།། ཤིན་ཏུ་སྲ་ཞིང་བརྟན་པ་ཡིན།། རང་བཞིན་དབྱིངས་ནས་འོད་གསལ་བ།། སེམས་དཔའ་མཆོག་ཏུ་ཡང་དག་གསུངས།། དེ་ལྟར ་ཏོགས་ན་ཞལ་མཐོང་ཡིན། ། དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཡིན།། དེ་བཞིན་གཤེགས་དང་ཡེ་ཤེས་ལྔ།། རང་བྱུང་ཆེན་པོའི་དཀྱིལ་འཁོར་བསྒོམ།། རྟོག་ཉིད་བྲལ་བའི་ཐབས་མཁས་ཀྱིས།། ལྷ་གསལ་དངོས་པོ ་མེད་བསྒོམས་ན། ། མཐོང་ཐོས་ལ་སོགས་མེད་པའི་ཚུལ།། རང་གི་ཡེ་ཤེས་གསལ་བསྒོམས་ན།། རང་བཞིན་མེད་ལ་ཅིར་ཡང་འགྲུབ།། འགྲུབ་འགྱུར་ཉིད་ན་དངོས་པོ་མེད།། ཇི་ལྟར་བཅོམ་ལྡན་དེ་བཞིན་གྱིས།། བདུད་དབུ ་དཀྱིལ་དུ་ཏ་ལ་བཙུགས། ། ཐམས་ཅད་བྱང་ཆུབ་ཤིང་བསྡུས་ཏེ།། གདུག་པ་རང་གིས་མི་དགའ་ནས།། ཏ་ལ་བཅད་སྐམས་ཡོད་མི་གཅོད།། རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན།། བདག་དང་ཏིང་འཛིན་མཐོང་གྱུར་པ།། དེ་ཉིད ་རྡོ་རྗེ་ཞལ་མཐོང་ཡིན། ། རྡོ་རྗེ་སེམས་དཔའ་ཉིད་བསྒོམས་ཏེ།། ཏིང་འཛིན་ཤིན་ཏུ་འདྲིས་གསལན།། ཐམས་ཅད་རྡོ་རྗེ་ཉིད་དུ་འགྱུར།། ཀུན་ལ་དབང་བསྒྱུར་ཅིས་མི་ཚུགས།། བདག་དང་སེམས་དཔའ་དབྱེར་མེད་དེ།། ལས ་འཐུན་ཇི་ལྟར་སྣང་བ་བཞིན། ། བདག་དང་སེམས་དཔའ་སྟེ་སྤྱོད་ཅིག། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི།། ཆེན་པོ་རགས་པ་ཐབས་ཀྱི་རྟོགས།། སོ་སོ་མཚན་འཛིན་ཤེས་རབ་རྟོག། ་གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན།། ཀུན་ཀྱང་ཤེས་རབ་དང་དུ་གནས།། སྣང་དང་གནས་པ་ཐམས་ཅད་ཀུན།། དེ་བཞིན་ཉིད་ལས་མ་གཡོས་ཕྱིར།། གཡོ་དང་མེད་པ་གཉི་ག་མེད།། གནས་དང་མི་གནས་དབྱེད ་མེད། ། མཉམ་པའི་དབྱིངས་སུ་ཐམས་ཅད་འདུས།། འདུས་ཉིད་གནས་སུ་ཐེབས་པ་ཡི།། ཐམས་ཅད་དེ་ལྟ་བུ་ཡི་རང་།། མཉམ་གཉིས་དབྱེར་མེད་སུས་མི་ཚུགས།། དེ་ཉིད་སེམས་དཔའི་བཞུགས་གནས་ཡིན་། དེ་ལྟར་རྟོག། ་པའི་རིགས་མཆོག་དེ།། སེམས་དཔའ་ཉིད་དང་རིགས་འཐུན་པས།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། རྒྱུར་བྱས་ཕུང་པོ་ཁམས་རྣམས་ལ།། བཞི་རྩ་དེ་བཞིན་ཉིད་དུ་གཅིག། སྒྱུ་མར་སྣང་བ་གཟུགས་བརྙན་ཚུལ།། སྣང ་པ་ཉིད་ནི་དངོས་པོ་མེད། ། དངོས་ཉིད་དེ་ཉིད་སྣ་ཚོགས་སྟོན།། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས།། དབང་པོ་རྣམས་སེམས་བྱང་ཆུབ་སེམས།། ཡུལ་དུས་པོ་དེ་ཆེན་མོ་ཡིན།། བདག་རྟོག་རྣམ་པར་ཁྲོ་བོ་ཡིན།། ག ་ཆད་མུ་བཞི་ཁྲོ་མོ་ཡིན། ། དེ་སེམས་རང་རིག་ཉིད་ཅེས་བྱ།། ཐམས་ཅད་དབྱིངས་འགྱུར་ཀུན་ཏུ་བཟང་།། དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན།། གང་གིས་དེ་ལྟར་རྟོགས་འགྱུར་ན། སེམས་དཔའ་ཉིད་དང་དགོངས་འཐུན་པས།། ་དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མིང་དང་ཚིག་དང་ཡི་གེ་དང་།། སྒྲ་ཡིས་མཚོན་ནས་དོན་བསྟན་པ།། ཀུན་ཀྱང་ཡི་གེ་མིང་གཅིག་བཞིན།། གང་ཡང་དངོས་པོ་མ་ཡིན་ཏེ།། དངོས ་མེད་དེ་ཉིད་སྣ་ཚོགས་སྣང་། ། སྣང་བ་ཉིད་ན་གང་ཡང་མེད།། བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང་།། དངོས་པོ་མེད་དེ་ཡང་དག་ཉིད།། དེ་ནི་ཅིས་ཀྱང་མི་ཚུགས་པའི།། ས་རྡོ་དྲན་མེད་མ་ཡིན་ཏེ།། དེ་ཉིད་ཤིན་ཏུ་དོགས་པ་ཡི ་རྡོ་རྗེ་སེམས་དཔའ་དེ་ལྟར་གནས། ། གང་གིས་དེ་ལྟར་རྟོགས་པ་ནི།། རིགས་མཆོག་དམ་པ་རྒྱུ་ཡིན་ཏེ།། རྡོ་རྗེ་རིགས་དང་དབྱེར་མེད་ཕྱིར།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། ཀུན་དང ་དབྱེར་མེད་དོན་རྟོགས་ཏེ། ། འབྲས་བུ་མངོན་དུ་མ་གྱུར་ཀྱང་།། བྱང་ཆུབ་སེམས་ལ་གནས་བཅས་པ།། དཔེར་ན་མངལ་དང་སྒོ་ང་ཡི།། མངོན་དུ་མ་གྱུར་པ་སྒྲིབས་གྱུར་ཀྱང་།། རྩལ་ཆེན་འདུས་པ་འབྱུང་བ་བཞིན།། རྣམ་རྟོག ་གཟུགས་ནི་བོར་མ་ཐག། ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་།། རིགས་མཆོག་དམ་པ་འཛིན་པར་འགྱུར།། རྡོ་རྗེ་སེམས་དང་མཉམ་པ་ཡི། དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས།། བདེ་བ་ཅན་གྱི་ཞིང་ཡང་ཐོབ།། ་བྱང་ཆུབ་མཆོག་ལ་རོལ་པར་འགྱུར།། ལྷ་མོ་རྣམས་ཀྱི་སྟོན་པ་པོ།། ལུས་དག་སེམས་ལ་དབང་ཐོབ་ནས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཚད་མེད་བཞི་ལ་དབང་བྱེད་འགྱུར།། བདེ་བའི་རོ་མཆོག་ཀུན་ལ་སྤྱོད།། ཐར་སྐྱེ ་རྒན་འཆི་ལ་སོགས་པའི། ། སྡུག་བསྔལ་ཟད་པའི་གོ་འཕང་ཐོབ།། རྡོ་རྗེ་རིགས་མཆོག་འཛིན་འགྱུར་ཏེ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། འགྲོ་བ་མ་ལུས་ཐམས་ཅད་ཀུན།། རྡོ་རྗེ་རིགས་སུ་འདྲེན་པར་བྱེད།། བདུད ་སྡེ་ཚར་གཅོད་ཉོན་མོངས་འདུལ། ། ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར།། འགྲོ་བ་མ་ལུས་ཐམས་ཅད་ལ།། མ་རྟག་པ་ཡི་ཚུལ་ཡང་སྟོན།། ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ།། བྱང་ཆུབ་རྣམས་ལ་རང་བྱུང་ཚུལ།། ་ཐ་མེད་ཐེག་པ་སངས་རྒྱས་ཚུལ།། ལྷུན་གྲུབ་རྣམས་ལ་རྡོ་རྗེ་དབྱིངས།། ཀུན་ལ་འཐུན་པའི་ཚུལ་ཡང་སྟོན།། རང་བཞིན་དབྱིངས་ལས་གཡོས་པ་མེད།། མ་གཡོས་བཞིན་དུ་ཀུན་དུ་སྟོན།། ཆོས་རྣམས་མ་ལུས་བམ ་ཅད་ཀུན། ། དེ་ལྟ་བུ་ཡི་དང་དུ་གནས།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཉིད་ལ་ཉིད་དེ་སྐད་ཅེས་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྐྱེས་བུ་དམ་པ་བློ་རྩལ་རབ་གཅིག་གིས་རྡོ་རྗེ་སེམས་དཔའི་ཞལ ་མཐོང་བའི་ལེའུ་སྟེ་དྲུག་བཅུ་རྩ་བདུན་པའོ། ། །། དེ་ནས་དེ་བཞིན་གཤེགས་བརྒྱད་ཀྱི་རྒྱལ་པོ་རྒྱུ་འཕྲུལ་དྲ་བ་ལས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིགསུམ་བརྒྱའི་རྩབ་མདོར་བསྡུས་ནས ་སྔགས་འཆང་རྣམས་ཀྱི་དོན་དུ་མེད་དུ་བརྗོད་པ་འདི་བརྗོད་དོ། ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྐད་པྲཾ། ལོག་རྟོག་མི་བཟང་རྡུལ་ཕྲན་སྙེད།། རྟོག་འདུལ་གཉེན་པོ་བསམ་མི་ཁྱབ།། འདུལ་བ་སྡོམ་པ་བས་མ་ཡས་དང་། ་རྡོ་རྗེ་ཐེག་མཆོག་མང་པོ་ཀུན།། ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང་།། རང་རིག་འཁྲུལ་པའི་རྟོག་པ་ཡིས།། ལྟ་བ་མཐོན་དམན་བསམ་མི་ཁྱབ།། དེ་འདུལ་དོན་ཕྱིར་མཚམ་པར་བསྟན།། ཡང་དག་ཉིད་དང་ལོག་རྟོགས ་ཉིད། ། ངོ་བོ་ཉིད་ཀྱིས་གནས་གྱུར་ན།། དེ་ལ་བཅོས་ཤིང་བསྒྱུར་དུ་མེད།། ཡེ་ནས་ངོ་བོ་ཡོད་ཡིན་ན།། ཉོན་མོངས་སྤངས་ཤིང་བྱང་བསྒྲུབ་མེད།། ཐམས་ཅད་མ་ལུས་རོ་གཅིག་འགྱུར།། ཀུན་རྫོབ་ཆུ་ཟླ་ལྟ་ཡིན་པས།། ་ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ།། རྣལ་འབྱོར་དེ་ཉིད་རྟོགས་པ་ཡིས།། དོན་དམ་སྐྱེ་འགག་མེད་པ་སྟེ།། ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ།། གནས་ངན་དུས་ན་ལོག་རྟོག་ཉིད།། བཟུང་འཛིན་བྲལ་བ་ཉིད་རྟོགས་ན།། བདག་མེད། ་ཡེ་ཤེས་རང་བཞིན་ཉིད།། སྙིང་རྗེ་ཐབས་མཁས་ཏིང་འཛིན་གྱིས།། ཅིར་ཡང་དམིགས་པ་བཞིན་དུ་འགྲུབ།། སོ་སོ་རང་བཞིན་དེས་ཞེས་ན།། ཡང་དག་ལམ་ཉིད་བཅོས་སུ་མེད།། དེ་བས་ཡང་དག་བློ་ཆེན་གྱིས།། ཐམས་ཅད་དངོས ་པོ་མེད་པར་བཤད། ། དཔེར་ན་དུག་གི་རིགས་ཤེས་པས།། དུག་གིས་མི་ཚུགས་བཞིན་དུ་སྣང་།། ཧ་ལ་ཧ་ལའི་དུག་རྣམས་ཀྱང་།། བསྒྲུབ་ན་ར་ས་ཡ་སྣའི་སྨན།། བདུད་རྩིར་འགྱུར་ལ་ཚེ་རིང་འགྲུབ།། ཉོན་མོངས་རང་དང་སྤྱི་བསྟན་པ།། མཚན ་ཉིད་མ་ནོར་རྟོགས་པས་ན། ། རྣམ་པར་བྱང་པའི་ལམ་དུ་འགྱུར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་།། གང་ན་མེད་དེ་དེ་ཡིན་ཏེ།། ནང་གི་ཆེན་པོ་ལྔ་ཉིད་ཀྱང་།། རང་དང་སྤྲི་ཡི་དོན་བརྟགས་ན།། མཚན་ཉིད་མེད་པས་རྣམ་པར་དག། སོ་སོའི་རྩལ ་རྣམས་འཛིན་གྱུར་པས། ། ཐབས་ཆེན་དུ་ནི་རྣམ་པར་སྤྲོ།། མཚན་རྣམས་རང་བཞིན་མི་གནས་པས།། ཤེས་རབ་དབྱིངས་སུ་རྣམ་པར་སྦྱོར།། གཏི་མུག་ཅེས་ནི་བརྗོད་པ་ནི།། མ་རིག་མིང་གི་རྣམ་གྲངས་ཏེ།། གཉིས་མེད་དོན་གཅིག ་ཡིན་པར་བཤད། ། རང་གི་མཚན་ཉིད་བརྗོད་པ་ནི།། ཆོས་དང་བདག་དང་དངོས་པོ་རྣམས།། ངོ་བོ་ཉིད་ལས་སོགས་བརྟགས་པ།། རྟོག་ཉིད་སྒྱུ་མ་ཀྲུང་གྱུར་ཏེ།། ལོག་རྟོགས་སྤྲོས་པའི་རྒྱུན་ཡིན་ལ།། ཐམས་ཅད་ཆོས་དབྱིངས་རོ་གཅིག་།། ་བཟོད་པའི་ཆོས་ཉིད་མིག་གཅིག་ཡིན།། སྤྱི་ཡི་མཚན་ཉིད་བརྗོད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། མ་རིག་པ་ནི་སྤང་དུ་མེད།། རིག་པ་ཡང་དག་བསྒྲུབ་དུ་མེད།། ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ།། སྦྲུམ་དངོས་པོར་རྟོག ་པ་ནི། ། སྒྱུ་མ་རྟོག་ཉིད་མི་དམིགས་པ།། མི་དམིགས་དེ་ཉིད་སྣ་ཚོགས་སྣང་།། སྐྱེས་པ་ཉིད་ན་ཆོས་ཉིད་གཅིག། དབྱིངས་ཉིད་མི་དམིགས་དེ་བཞིན་ཉིད།། དེ་ཉིད་ཆོས་སྐུ་ཕྱག་རྒྱ་ཆེ།། མི་དམིགས་སྒྱུ་མར་དངོས་པོ་ལ།། རྟོག་པའི་ཡུལ ་གྱི་དངོས་ཉིད་ཀྱང་། ། ཆོས་ཉིད་མི་དམིགས་ཡེ་ནས་དག། སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། ཡོད་མེད་གཉིས་ག་དབྱེར་མེད་པས།། ཏིང་ངེ་འཛིན་གྱི་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། ཆོས་ཉིད་དམིགས་སུ་མེད་པ་སྟེ།། མི ་དམིགས་བཞིན་དུ་སྒྱུ་མར་སྤྲོས། ། འདུལ་བྱའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་གཏི་མུག་སྤང་དུ་མེད།། རྣམ་པར་སྣང་མཛད་རྒྱ་ཆེན་ཡིན།། ཞེ་སྡང་རང་དང་སྤྱིར་བསྟན་པ།། ཀུན་ནས་མནར་སེམས་རྟོག་པ་འི། ་སྔ་མའི་དངོས་པོ་ཐམས་ཅད་ཀུན།། འཇིག་པར་མོས་པའི་རང་བཞིན་ཅན།། སྤྱི་ཡི་མཚན་ཉིད་བརྗོད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཞེ་སྡང་སྙིང་རྗེ་སྤངས་བསྒྲུབ་མེད།། ཚེ་ཀྱི་དབྱིངས་སུ་རོ་གཅིག་ཕྱིར།། སྒྱུ་མ་རང་བཞིན ་མནར་སེམས་པ། ། དངོས་པོ་ཐམས་ཅད་འཇིག་རྟོགས་ན།། བྱ་བར་སྣང་བ་ཐམས་ཅད་ཀྱང་།། ཆོས་ཀྱི་དབྱིངས་ལྔ་མེ་གཞན་ཏེ།། མི་དམིགས་པ་ཉིད་སྔ་མར་སྐྱེས།། ཆོས་རྣམས་ཐམས་ཅད་རང་བཞིན་ནི།། བདག་སྲོག་གསོ་བའི ་རང་བཞིན་མེད། ། སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས།། མནར་སེམས་སྔ་མཆོས་ཉིད་དོ།། ཐམས་ཅད་མི་དམིགས་དེ་བཞིན་ཡིན།། ཀུན་ཀྱང་དབྱེར་མེད་ཆོས་ཕྱག་རྒྱ།། མི་དམིགས་སྔ་མ་ཀུན་ནས་མནད།། རྟོག་པ་ཀུན་ནས་མནང ་སེམས་ཏེ། ། ཆོས་ཉིད་སྣུམ་མི་དམིགས་ཏེ།། ཆོས་ཉིད་སྔ་མ་མི་དམིགས་ཕྱིར།། དོན་དམ་ཀུན་རྫོབ་རོ་གཅིག་སྟེ།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡི་ནི།། མི་དམིགས་ཀུན་ནས་མནར་སེམས་པ། ་འདུལ་བའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོའོ།། ཞེ་སྡང་སྤྱི་ཡི་མཚན་ཉིད་ནི།། ཡང་དག་ཉིད་ཀྱིས་རབ་བརྟགས་ན།། རྣམ་པར་བྱང་བའི་མཚན་ཉིད་དེ།། གཉིས་མེད་ཞེ་སྡང་སྤང་དུ་མེད།། ང་རྒྱལ་མཚན་ཉིད་བཤད་པ་ནི། ་ཁོང་ནས་འགྱིང་ཞིང་ཁེངས་སེམས་པ།། ཕ་རོལ་ཟིལ་གྱིས་གནོན་པར་བྱེད།། སྤྱི་ཡི་མཚན་ཉིད་བཤད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ང་རྒྱལ་སྤངས་ནས་ཞི་བསྒྲུབ་མེད།། ཆོས་ཀྱི་དབྱིངས་སུ་རོ་གཅིག་པས།། ་ཀུན་རྫོབ་སྒྱུ་མར་ཁོང་དགྱིང་ཉིད།། དེ་བཞིན་ཉིད་ལས་མི་གཞན་ཏེ།། ཆོས་ཉིད་མི་དམིགས་འགྱིང་བར་སྐྱེས།། སྐྱེ་འགྱིང་ཉིད་ན་ཆོས་ཉིད་དེ།། འགྱིང་བའི་རང་བཞིན་མི་དམིགས་དག། འགྱིང་དང་མི་འགྱིང་དབྱེར་མེད་ཕྱིར།། ། ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་པ་ཉིད་སྒྱུ་མ་འགྱིང་།། འགྱིང་པས་ཟིལ་གྱིས་གནོན་པ་ཉིད།། ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ།། སྒྱུ་མ་ཆོས་ཉིད་དབྱེར་མེད་ཕྱིར།། དོན་དམ་ཀུན་རྫོབ་གཉིས་ག་གཅིག། ཏིང་ངེ ་འཛིན་གྱིས་དབང་བསྒྱུར་ན། ། ཐུགས་ཀྱི་ཕྱག་རྒྱ་ཆེནི་བ་ཡིན།། མེ་དམིགས་སྒྱུ་མར་འགྱིང་བ་ནི།། ང་རྒྱལ་འདུལ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན།། ང་རྒྱལ་རང་སྤྱིའི་མཚན་ཉིད་ནི།། རྣམ་པར་བྱང་བའི ་མཚན་ཉིད་ཡིན། ། ཞི་བ་སྒྲུབ་ང་རྒྱལ་སྤང་དུ་མེད།། འདོད་ཆགས་རང་སྤྱིའི་མཚན་ཉིད་ནི།། སྲེད་པ་ཀུན་བཞེན་པ་སྟེ།། སྤྱི་ཡི་མཚན་ཉིད་བཤད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཆགས་སྤངས་མ་ཆགས་བསྒྲུབ་དུ་མེད ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། ། ཀུན་རྫོབ་སྒྱུ་མའི་རང་བཞིན་དུ།། འདོད་ཅིང་ཆགས་བ་སྒྱུ་མ་སྲེད།། མི་དམིགས་པ་ལས་མི་གཞན་ཕྱིར།། མི་དམིགས་དེ་ཉིད་སྒྱུ་མར་སྐྱེས།། ཆོས་རྣམས་བདག་ལས་མིག་གཞན ་ཕྱིར། ། མི་དམིགས་དེ་ཉིད་སྒྱུ་མར་སྐྱེས།། སྤྱོད་པ་སྒྱུ་མརོ་གཅིག་ཕྱིར།། ཆོས་ཉིད་ཆོས་ཅན་དམིགས་སུ་མེད།། རྒྱལ་བ་ཀུན་དང་དབྱེར་མེད་པའི།། ཆོས་ཀྱི་སྐུ་ཡི་ཕྱག་རྒྱ་ཡིན།། མི་དམིགས་སྒྱུ་མར་འདོད་ཅིང་ཆགས།། ་འདོད་ཆགས་ཆོས་ཉིད་མི་དམིགས་ཏེ།། སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། བདེན་པ་གཉིས་ག་དབྱེར་མེད་གཅིག། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་དབྱིངས་ཉིད ་འདོད་ཆགས་སྤྲོས་པ་ནི། ། འདུལ་བ་བསམ་གྱིས་མི་ཁྱབ་སྟེ།། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན།། འདོད་ཆགས་རང་དང་སྤྱི་ཡི་མཚན།། རྣམ་པར་བྱང་བའི་མཚན་ཉིད་ཡིན།། ཆགས་དང་མ་ཆགས་གཉིས་མེད་པས།། འདོད ་ཆགས་མཚན་ཉིད་སྤང་དུ་མེད། ། ཕྲག་དོག་ཀུན་གྱི་མཚན་ཉིད་ནི།། གཞན་གྱི་ཕུན་སུམ་ཚོགས་པ་ལ།། སེམས་དོག་རྟོག་པ་སྒྱུ་མ་གཞན།། ཐབས་ཀྱིས་སྦྱོར་བ་སྒྱུ་མའི་རང་བཞིན་ཅན།། ཕྲག་དོག་སྤྱི་མཚན་བཤད་པ་ནི།། ་མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཕྲག་དོག་སྤང་ཞིང་ཡངས་བསྒྲུབ་མེད།། ཆོས་ཉིད་དུ་ནི་རོ་གཅིག་ཕྱིར།། ཀུན་རྫོབ་སྒྱུ་མ་གཞན་གྱི་ཕུན་སུམ་ལ།། ཕྲག་དོག་རྟོག་པ་སྒྱུ་མའི་རང་བཞིན་ཉིད།། མི་དམིགས་པ་ལས་མི ་གཞན་ཏེ། ། མི་དམིགས་པ་ཉིད་སྒྱུ་མར་སྐྱེས།། ཕུན་སུམ་ཚོགས་པའི་ལྷག་པར་སྦྱོར་བ་ཡི།། ཐབས་ཀྱི་རྟོགས་པ་སྒྱུ་མའི་ཆོས་ཉིད་དེ།། དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པས།། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན།། མི་དམི ་སྒྱུ་མ་གཞན་གྱི་ཕུན་སུམ་ལ། ། ཕྲག་དག་རྟོག་པར་འཛིན་པ་དང་།། རྟོག་དང་ཕྲག་དོག་མི་དམིགས་ཏེ།། སྒྱུ་མ་མི་དམིགས་དབྱེར་མེད་པའི།། བདེན་པ་གཉི་གར་རོ་གཅིག་པས།། ཏིང་ངེ་འཛིན་གྱི་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག ་པ་ཡིན། ། མེ་དམིགས་གཞན་གྱི་ཕུན་སུ་མ་ལ།། བྲག་དག་རྣམ་པར་སྨྲས་པ་ན།། གདུལ་བ་བྱབ་བསམ་མེ་ཁྱབ།། གསུང་གི་ཕྱག་རྒྱ་ཆན་པ་ཡིན།། ཕྲག་དག་རང་དང་སྐྱེ་བསྟན་པ།། རྣམ་པར་བྱང་བ་མཚར་ཅད་ཡད།། ང། ་པསྤང་ཞིང་ཡངས་བསྒྲུབ་མེད།། སེམས་ཅན་རྣམ་པ་མང་པོ་ཀུན།། ནང་གི་ཆེན་པོ་ལྔ་པོག་མ་བསྟན།། རང་སྤྱིའི་མཚན་ཉིད་བཤད་པར་བྱ།། ཐབས་དང་ཤེས་རབ་མ་རྟོགས་པ་ས།། མ་གྲོལ་ཁམ་པ་གསུམ་འཁོར་བ་ཡི།། དེ ་ལྟར་ངེས་པར་ཅི་མཐོང་ན། ། སྔགས་ཀྱིས་ཡོངས་སུ་ཟིན་པའིནད།། ཀུན་ལ་གནོད་པར་བྱེད་བི་ནུས།། དེ་བཞིན་ཐབས་དང་ཤེས་རབ་ཏོགས།། དུག་གསུམ་སྡུག་བསྔལ་གནོད་མི་འགྱུར།། ཐབས་ལ་མ་ཁྭ་པྲམ་ཟིན་ན།། ལམ་གྱི ་དགེ་སྦྱོང་སྟེགས་བཅས་ཀྱང་། ། མཐོ་རིས་ལྷ་དང་མི་རུ་སྐྱེས།། སྐྱེ་ཤི་མེད་པའི་ས་མི་ཐོབ།། ཐབས་མཁས་སྙིང་རྗེས་ཟིན་པ་ནི།། མཚམས་མེད་སེམས་ཅན་མ་ལུམས་ཀུན།། བྱང་ཆུབ་སེམས་དཔའི་སྙིང་རྗེས་བསང་།། བསོད ་ནམས་དཔག་ཏུ་མེད་པ་ཐོབ། ། མ་བསད་ན་ཡང་སེམས་ཅན་ཡལ་བོར་ཏེ།། སྙིང་རྗེ་མེད་དེ་སྡིག་ཡོད་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཆེན་པོ་དག། གང་ཕྱིར་བྱང་ཆུབ་སེམས་དེ་ནི།། རྡོ་རྗེ་དེ་བཞིན ་གཤེགས་པར་གསལ། ། ཉོན་མོངས་པ་ཉིད་དེ་བཞིན་གཤེགས།། ངོ་བོ་ཡིན་པར་གསལ་པོར་གསུངས།། ཆོས་ཀུན་རང་བཞིན་དག་པའི་ཕྱིར།། འཁོར་བ་ཡོངས་སུ་དག་པར་འགྱུར།། ཐབས་དང་ཤེས་རབ་ལྡན་པ་ལ།། ་ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ།། འཁོར་བའི་རང་བཞིན་བདག་མེད་པས།། དེ་ཕྱིར་དེ་བཞིན་གཤེགས་བས་མ་ཡས།། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལ་མ།། འཁོར་བའི་རང་བཞིན་པོ་དམིགས ་ཕྱིར། ། མྱ་ངན་འདས་པ་ཡོད་མ་ཡིན།། གསང་སྔགས་བླ་ན་མེད་པ་ཡི།། ཐབས་ཀྱི་ཇི་ལྟར་ཟིན་བཞིན་འགྲུབ།། བསམ་གྱིས་མི་ཁྱབ་ངེས་པ་མེད།། དོན་དམ་ཅིར་ཡང་མ་གྲུབ་ལ།། སྒྱུ་མའི་སྤྲུལ་པ་བསམ་མི་ཁྱབ།། ཐབས་ཆེན་དག ་གིས་ཟིན་པ་ནོ། ། ཉོན་མོངས་ལམ་ཡང་རྣམ་པར་གྲོལ།། ཐབས་ཆེན་དགགིས་མ་ཟིནན།། དགེ་བསུད་ཀྱང་གྲོལ་མི་འགྱུར།། ལ་འབྱོར་དོན་དམ་ལྡན་པ་ཡིས།། ཉན་མངས་འཆིང་བའི་ཆོས་སྤྱད་ཀྱང་།། རྣམ་པར་འགྲེལ་བ ་འགྱུར་བ་ཡིན། ། འཁོར་བ་དང་ནི་མྱ་ངན་འདས།། གཉི་ས་ག་ཡོད་པ་མ་ཡིན་པས།། འཁོར་བ་ཡོངས་སུ་ཤེས་པས་ན།། དེ་ནི་མྱ་ངན་འདས་པའི་མཐའ།། ཉོན་མོངས་ཕྱིན་ཅི་ལོག་རྣམས་དག། ཐབས་ལ་མཁས་པས་ཟིན་གྱུར་ཡང་།། གྲོལ་བཐར ་པར་མི་འགྱུར་ན། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འདུལ་བའི་དབང་གིས་བྱ་བྱེད་ཀུན།། རྔོན་དང་སྨད་འཚོང་སྟོན་པའང་སྲུང་།། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བཟང་།། ཕལ་ལ་མེད་པས་མི་དྲང་ན།། སྔགས་མཆོག་ཤིན་ཏུ་ཟབ་པ་ཡི།། ་སྐྱེ་བོ་ཀུན་གྱིས་བྱ་བ་འབྱུང་།། བདུད་རྩི་དང་དུ་བླང་བར་གསུངས།། མཉམ་དང་མི་མཉམ་དབྱེར་མད་ན།། སྐུ་གསུང་རྡོ་རྗེ་དབང་ཐོབ་གྱུར།། གྲུབ་པའི་རྫས་སུ་དེ་ཕྱིར་གསུངས།། ཤེས་རབ་མཉམ་པ་མ་གཏོགས་ན།། བྱོལ་སོང་ལ་ལ་ཆོས་དང ་ལྡན་འགྱུར་ཡང་། ། དྲང་སྲོང་འཚོ་དང་རྟག་འཐུན་དང་།། ཇི་སྲིད་འཚོའི་བར་དུ་འདོད་པ་སྤོང་བྱེད་པ།། དེ་དག་གྲོལ་བར་ངས་མ་བཤད།། ཆོས་རྣམས་ཐམས་ཅད་ཡོངས་སུ་དག་པ་ཡི།། རྣམ་བཞི་ཚུལ་གྱིས་དོན་རྟོགས་མངོན།། རྒྱུ་རྣམས་རང ་བཞིན་དག་པ་དང་། ། འབྲས་བུ་ཡོངས་སུ་དག་འགྱུར་ཏེ།། རྒྱུ་ཡི་མཚན་ཉིད་རྣམ་པར་དག། ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ།། སེམས་ཉིད་བཟུང་འཛིན་གཉིས་སྣང་བ།། བཟུང་བའི་ཡུལ་ཉིད་འབྱུང་བ་ཆེ།། རྒྱུད་ཉིད་རང་གི་སེམས་ཡིན་པས།། ་འབྱུང་བ་ཆེན་པོ་རྒྱུ་ལས་དག། འབྲས་བུ་ཡོངས་སུ་དག་པ་ནི།། སེམས་ཅན་ཀུན་གྱི་རུས་པ་སྟེ།། རྡོ་རྗེ་བྱང་ཆུབ་སེམས་ཡིན་ཏེ།། ཤ་ནི་པད་མ་རག་ཏ་ཡིན།། དྲི་ཆེན་དྲི་ཆུ་གུར་གུམ་ཆུ།། སོ་སོའི་ལུས་ལ་གནས་པས་དག། དོན་དམ་དམིགས ་མེད་དག་པས་ནི། ། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་།། གང་གི་ངོ་བོ་མ་ཡིན་ཏེ།། སྐྱེ་འགག་མེད་པས་ཡེ་ནས་དག། ཀུན་རྫོབ་ཡི་ནས་དག་པ་ནི།། སྒྱུ་མའི་རང་བཞིན་ཐམས་ཅད་སྣང་།། ཆུ་ཟླའི་ཚུལ་དུ་མི་དམིགས་གནས།། མི་དམིགས ་པ་ཉིད་སྣ་ཚོགས་སྣང་། ། དེ་བཞིན་གཤེགས་པར་ཡེ་ནས་མཉམ།། དེ་བས་གཙང་སྨེ་མེད་པར་སྤྱོད།། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན།། གཙོ་རུ་དང་དུ་བླང་བར་བྱ།། དེ་བས་སེམས་ཅན་ཕྱིན་ཅི་ལོག། ཆོས་རྣམས་ཐམས་ཅད་དག་པར ་མ་ཤེས་ཏེ། ། ཐབས་དང་ཤེས་རབ་དོན་མ་རྟོགས།། ཁ་ཅིག་གིས་ནི་འཚོ་བའི་བར་དུ་ཟོས།། ཁ་ཅིག་གིས་ནི་དྲང་སྲོང་ཇི་བཞིན་དུ།། ཤ་སྤངས་རྩཝ་དང་ཚུལ་ཟོས་ཀྱང་མགྲུབ་དོན་མ་གཏོགས།། རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི།། རང་བཞིན ་ཡོངས་ཀྱིས་དག་པའི་ཕྱིར། ། མཉམ་པའི་དབྱིངས་ཀྱིས་རབ་རྟོགས་པས།། ཐབས་དང་ཤེས་རབ་འབྲེལ་པ་ཡི། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། དོས་དང་ངོས་མེད་རྟོགས་པ་མཚན། གཙ་དང་མིགཙད་རྟོགས་པ་མཚག་མཚན་མ་ཉིད་ཀྱ་མབླངས་། ་མཁྱེན་པས་དབུལ་ལ་གནས་མི་འགྱུར།། བསྒྲུབ་པའི་རྫས་སུ་ཡང་དག་གསུངས།། བྱང་ཆུབ་སེམས་དང་ཤ་ཆེན་དང་།། དྲི་ཆེན་དྲི་ཆུ་རག་ཏ་དག། སྒྲུབ་པ་པོས་ནི་ནན་ཏན་བྱ།། དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ།། ཚེ་ལ་དབང་དང་རིག ་པ་འཛིན། ། མཁའ་ལ་འབྱོ་དང་ཐོགས་མེད་འགྲུབ།། མཐར་ནི་སྐྱེ་མེད་རྡོ་རྗེ་ཡིས།། གཞན་ཡང་ཇི་ལྟར་དམིགས་པ་བཞིན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། གསང་བའི་སྙིང་པོའི་དོན་ཉིད་ཀྱིས།། ཡི་དམ་མི་སྤད་རྟག་བསྒོམ་ཞིང་། ་ནས་ལྷ་ཡི་མཚན་ཉིད་ནི།། དུས་གསུམ་གཤེགས་པ་ཐམས་ཅད་ཀྱི།། ལྷ་སྤངས་དགེ་སྤྱང་དོན་མེད་འགྱུར།། ལཱ་ནི་མི་སྤད་དོན་ཉིད་ནི།། ལྷུན་གྲུབ་ཡེ་ཤེས་ཐམས་ཅད་ཀྱི།། བདག་དང་གཉིས་མེད་སོ་སོ་མ་ཡིན་པའི།། དུས་གསུམ་བདེ ་གཤེགས་དཀྱིལ་འཁོར་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག་པོ་སྟེ།། ཡོངས་སུ་རྫོགས་པར་བསྒོམ་པའི་དོན།། དཀོན་མཆོག་གསུམ་སྤངས་ཚངས་པར་སྤྱད་པའི་དོན་མེད་འགྱུར།། བདག་ཉིད་ལྷ་དང་མཉམ་སྦྱོར་ན། ཡོན ་ཏན་ཆུང་ཡང་འགྲུབ་པར་འགྱུར། ། ཡེ་ནས་མཉམ་ཉིད་སྦྱོར་ནས་སུ།། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ།། བདེ་གཤེགས་ཀུན་དང་མཉམ་པར་འགྱུར།། སྐུ་གསུང་ཡེ་ཤེས་ལྔ་རྫོགས་གྲུབ།། རྡོ་རྗེ་སློབ་དཔོན་མང་མི་བྱ།། བྱང་ཆུབ་སྟོན་པ ་འདྲེན་པ་པོ། ། ལོང་བ་དམིགས་སུ་འདྲེན་དང་འདྲ།། ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན།། སློབ་དཔོན་དེ་ལ་དམོད་པ་ནི།། དཔེར་ན་མུན་ཁུང་སྒྲོན་བསད་ན།། མཐོང་བའི་དོན་ནི་མི་རྟོགས་བཞིན།། སྡུག་བསྔལ་ཉམ ་ཐུག་ཡུན་རིངས་སུ། ། བསྐལ་པ་མང་བོར་མྱོང་བར་མངོན།། དེ་བས་དེ་ལ་གུས་པ་རྟག་ཏུ་གྱིས།། ལུས་ལ་དབང་བའི་རྒྱལ་པོ་བས།། ཤིན་ཏུ་གཙོ་བོར་བླང་བར་བྱ།། དྲིན་ཆགས་བསྐྱེད་པའི་ཕ་མ་པས།། ཤིན་ཏུ་ལྷག་པའི ་རི་མོ་བྱ། ། རྡོ་རྗེ་མཆེད་དང་ལྷམ་དྲལ་ནི།། བླ་མེད་བྱང་ཆུབ་ཞིང་འགྲོ་བའི།། ཆོས་ཉིད་དམ་ཚིག་སྨོན་ལམ་མཐུས།། བྱང་ཆུབ་རིན་ཆེན་སར་ངེས་པས།། དེ་ལ་ལྡོག་ཅིང་འཁུ་བ་ནི།། རང་ལ་རང་གིས་མཚོན་བཏབ་ན།། རང་སྲོག་ཚེ་རབས ་ལྔ་བརྒྱའི་བར། ། རང་གིས་སྲོག་གཅོད་ཕུང་པར་འགྱུར།། ཚེ་འདི་མི་བདེ་སྣ་ཚོགས་པ།། མི་བདེ་བཞིན་དུ་འབྱུང་བར་འགྱུར།། འཇིག་རྟེན་ཕ་རོལ་དག་ཏུ་ཡང་།། ངན་སོང་གསུམ་དང་མི་ཁོམ་པའི།། སྡུག་བསྔལ་ཁ་རྒྱུད་མྱོང་བར ་འགྱུར། ། ཡུན་རིངས་རྟག་ཏུ་མི་ཐར་པའི།། ཤིན་ཏུ་ཉམས་ཐག་མྱོང་བར་འགྱུར།། གྲུབ་པ་གཅིག་བཞིན་ལྷན་ཅིག་སྤྱོད།། གཉིས་མེད་དད་པས་རྗེས་སྤྱོད་སྤུན།། བདེར་གཤེགས་དཀྱིལ་འཁོར་བླ་མེད་ཡིན།། ཤེས་རབ་གསལ ་བས་རྟག་ཏུ་གདུང་ཞེས་གསུངས། ། གསང་བ་གཞན་ལ་མི་བསྒྲགས་ཤིང་།། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས།། རྣལ་འབྱོར་མཉམ་པ་རྣམ་གཉིས་ཀྱིས།། ཐབས་དང་ཤེས་དང་འབྲེལ་རྟོགས་ནས།། མཉམ་པའི་སྤྱོད ་པས་ལ་དོར་ཏེ། ། ཕུལ་དང་མི་འདྲ་ཡང་དག་རྟོགས།། མ་རྟོགས་པ་ཡི་ཕྱོགས་རྣམས་དང་།། སྐྱེ་བོ་ཀུན་ལ་རབ་དུ་གསང་།། གསང་བའི་བརྡའ་དག་སྣ་ཚོགས་གསུངས།། ཐབས་ལ་མཁས་པས་བྱས་པ་ཡིན།། གསང་སྔགས། ་སྐྱོན་ཡོད་མ་ཡིན་ཏེ།། ཐུགས་རྗེ་ཆེན་པོས་ཐབས་མཁས་ཀྱིས།། སྣོད་མ་ཡིན་དང་བློ་བརྟུལ་རྣམས།། ལས་འཕྲོ་ངན་པའི་དོན་ཕྱིར་གསང་།། བརྒྱ་ལ་གང་ཞིག་གསང་དོན་འདི།། ལས་འཕྲོ་ངན་ལ་བསྒྲགས་འགྱུར་ན།། དཔེར ་ན་གྲབས་ཤིང་མེས་བརླབས་ནས། ། བརྔུབས་ཤིང་ཉིད་ཀྱང་འཚིག་པར་སྣང་།། གཞན་ཡང་ཚིག་པར་གྱུར་བ་བཞིན། ཆོས་དན་བཟང་པོ་མ་དང་འངདྲ།། སྐུལ་བ་རླུང་ཤིང་ཤེས་རབསྐྲུན།། ཀློ་ནནཱ་འབྲས་མོངས་པ་རྣམས། ་མཉམ་པ་ཉིད་ལ་བསྐུར་འདེབས་པས།། ངན་སོང་གསུམ་དུ་འཕངས་པར་འགྱུར།། གསང་དོན་མ་རྟོགས་སྡུག་བསྔལ་མྱོང་འགྱུར་ན།། གསང་བ་འཕེལ་བར་བྱེད་པ་ཡང་།། སྨྲ་བྱེད་ལྕེལ་ཞིང་རྨོ་ཞིང་།། སྡུག་བསྔལ་ཆེན་པོ་མྱོང་བར ་འགྱུར། ། དེ་ཕྱིར་སེམས་ཅན་དོན་ཕྱིར་གསང་།། རླུང་ཕྱོགས་ཙམ་དུ་བརྗོད་མི་བྱ།། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད།། སྔགས་ཞེས་རབ་དུ་བསྒྲགས་པ་ནི།། དོན་དམ་ཀུན་རྫོབ་དབྱེར་མེད་པའི།། མཉམ་པ་ཆེན་པོའི་དཀྱིལ་འཁོར། ་ཆེན་པོ་རུ།། སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོཾ།། དེ་ལ་སོགས་པ་བཞི་བཅུ་གཉིས།། ཕྱག་རྒྱ་ཆེན་པོའི་མཆིན་ཉིད་ནི།། ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། བདག་དང་དབྱེར་མེད་ཕྱག་རྒྱ ་ཆེ། ། གསལ་ལ་བརྩོན་པའི་ཡོན་ཏན་ལྡན།། ཡིད་བཞིན་མ་ཆགས་དབང་བསྐུར་ཏེ།། གོམས་ཤིང་བརྟན་པར་བྱ་བ་ཡིན།། དེ་བས་བར་ཆད་བརྩོན་མེད་ན།། དཔེར་ན་ས་བོན་ཚིག་པ་ལས།། འབྲས་བུ་འདོད་པ་དང་འདྲ་སྟེ།། བསྒྲུབ། ་པ་འབྲས་བུ་མེད་པར་འགྱུར།། མི་ཁོ་མོ་འཁོར་བར་གནས་འགྱུར་ཏེ།། རྣལ་འབྱོར་ཆེན་པོ་ལ་ཞུགས་པས།། ཕྱི་ནང་ཆོས་རྣམས་ཐམས་ཅད་ལ།། དམིགས་མེད་གཅིག་དང་དུ་མར་བྲལ།། མཐའ་དབུས་གང་ཡང་མ་ཡིན ་པའི། ། ངོ་བོ་ཉིད་མེད་མཚན་ཉིད་མེད།། མཉམ་པའི་ཕྱག་རྒྱ་ཆེན་པོ་ཡིས།། ཕྱོགས་བཅུ་དུས་བཞི་ཐམས་ཅད་དང་།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཡོན་ཏན་སྐྱོན་རྣམས་སྐྱེ་འགག་མེད།། གང་གི་ངོ་པེར་མ་གྲུབ ་མཉམ། ། ཀུན་རྫོབ་ཆོས་རྣམས་སྐྱེ་འགག་མེད།། མི་དམིགས་གང་གིས་དེ་བོ་མིན།། ཆུ་ཟླའི་ཚུལ་དུ་སྣ་ཚོགས་པར།། སྣང་ཞིང་བྱ་བ་བྱེད་ནུས་པའི།། ཕྱག་རྒྱ་ཆེན་པོའི་ཕྱོགས་བཅུ་དང་།། དུས་གསུམ་ཁམས་གསུམ་ཐམས ་ཅད་དང་། ། འཇིག་རྟེན་པ་དང་འཇིག་རྟེན་འདས།། ཡོན་ཏན་སྐྱོན་རྣམས་ཐམས་ཅད་དང་།། སྒྱུ་མར་མཉམ་པར་ཡེ་ནས་གནས།། སྔགས་འཆང་རྒྱལ་པོར་རྟོགས་བྱས་ནས།། བདག་ཉིད་ཆོས་ཉིད་སྐྱེ་འགག ་མེད། ། ངང་ལས་མ་གཡོས་པར་གནས་ན།། ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་།། རྫོགས་པར་ཕྱོགས་བཅུ་དུ་ས་གསུམ་གྱི།། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས།། ཐམས་ཅད་དབྱེར་མེད་ཡེ་མཉམ་ལ།། མ་འདྲས ་བརྒྱ་ཡོངས་མཆད་པའི། ། གཞལ་ཡས་ཁང་དང་ཉི་ཟླ་ཡི།། དཀྱིལ་འཁོར་བསམ་ཡས་ལྡན་གྲུབ་ནི།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མ་ཁྱབ།། མཉམ་པའི་དབྱིངས་ཆེན་རྫོགས་པར་བསྒོམ།། དེ་ལྟར་དམ་ཚིག་འདི ་གསུམ་སྟེ། ། དེ་ལ་གནས་ན་གྲུབ་པར་འགྱུར།། ཡན་ལག་མ་ཉམས་སྔགས་བཟླས་ཤིང་།། འདོད་པ་ཀུན་ལ་ལོངས་སྤྱོད་བྱ།། ལུས་དང་ངག་སེམས་བརྟེན་འགྱུར་ན།། བྱང་ཆུབ་རབ་འབྱམ་ཐོབ་པར་འགྱུར།། དམ་ཚིག་ཆེན་པོ་ལས་འདས ་ན། ། ཉེན་ནི་ཤིན་ཏུ་ཆེ་བར་གསུངས།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། སྔགས་ཀྱི་སྤྱོད་པ་དོན་བསྒྲུབ་པ།། རྨོངས་པས་གལ་ཏེ་འདས་བྱས་ན།། དེ་ཡི་སྲོག་ཀྱང་དེར་ཟད་འགྱུར།། དམ་ཚིག་བསྲུངས་དང་སྔགས ་བཟླས་དང་། ། ཕྱག་རྒྱ་རྒྱུན་མི་བཅད་པ་བཞིན།། བརྩོན་འགྲུས་ཆེ་ཞིང་བརྟན་པས་བཟུང་།། རྣལ་འབྱོར་བརྩོན་འགྲུས་ཆུང་འགྱུར་ན།། མི་འགྲུབ་ཉེན་ཡང་ཆེ་བར་གསུངས།། ཇི་ལྟར་རལ་གྲི་སོ་ལ་ནན་ཏན་དུ།། སྐྱེས་བུ་མྱུར་དུ་མ་བཟུང་ན། ་ལག་པ་ངེས་པར་ཆོད་པར་འགྱུར།། དེ་བཞིན་ནན་ཏན་མེད་པའི་གསང་སྔགས་པ།། འཆི་འམ་ཡང་ན་འབྲས་བུ་མེད་པར་འགྱུར།། རྣལ་འབྱོར་དམ་པ་རྣམས་ཀྱིས་ནི།། སྔགས་ཀྱི་ཡན་ལག་མ་ཉམས་གསལ།། དོན་དམ་མ་ཉམས ་དག་བྱས་ཤིང་། ། བརྩོན་འགྲུས་ཆར་བསྐྱེད་མྱང་བར་འགྲུབ།། སྔགས་བསྒོམ་མ་ཉམས་ཕྱག་རྒྱགས་ལ།། ཆོ་ག་ཡོ་བྱད་གཅོར་མ་གསུངས།། ཚོགས་ན་ཡང་ནི་ཉེས་པ་མེད།། མཆོགས་ན་ཡང་ཉེས་པ་མེད།། མཚེགས་ན་ཡང་འགྲུབ ་པར་འགྱུར། ། བདག་ཉིད་རང་གི་ལྟར་སྦྱོར་བས།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། ཆོ་ག་ལྷག་གམ་མཚང་ནའང་།། འགྲུབ་པར་འགྱུར་ཏེ་ཉེས་སྐྱོན་མེད།། ཅེས་པ་གསང་བ་ཚིག་ཏུའོ།། དམ་ཚིག་སུམ་བརྒྱ་པ་རྩ་བ་བཅཝ་ལྔ་མདོ། ་བཤད་པའི་ལེའུ་སྟེ་དྲུག་བཅུ་རྩ་བརྒྱད་པའོ།། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་བཞུགས་གནས་དང་། སྤྱོད་ལམ་དང་། ལྟ་སྟངས་བསྟན་པ། ཐེག་པ་ཆེན་པོ་ལྷུན་གྲུབ་དོན་འདོད་ན།། རྒྱ་ཆེན་ཟབ་ཡངས ་ཤེས་རབ་མྱུར། ། ཟབ་པའི་དོན་རྟོགས་མི་ལྡོག་བདེ།། ང་དང་བདག་མེད་ཡངས་པ་བདེ།། གནས་སུ་ཆོས་དབྱིངས་གཉིས་མེད་བསྟན།། ཐབས་ཆེན་ཀུན་མཛད་འོད་གསལ་བྱམས།། ཐམས་ཅད་དགྱེས་མཛད་དབྱིངས་མ་གཏུམ།། ཆེ་ཆུང་བྱང།། ་ཆུབ་སེམས་དཔའ་འཁོར།། གཡོག་འཁོར་ལྷ་སྲིན་སྔ་མང་གཙོ།། བདག་གི་མཚན་གཟུགས་ཤིན་ཏུ་སྤགས།། ཚེས་དབྱིངས་མཁའ་དཀྱིལ་ཡངས་པ་ལ།། ཤེས་རབ་མྱུར་དུ་དོན་འགྲོ་བ།། འགྲོ་མེད་འོད་མེད་མི་གནས་པ།། བྱང་ཆུབ ་སེམས་མཆོག་ཨ་རེ་བདེ། ། ཤེས་རབ་ཟབ་མེད་དཀྱིལ་འཁོར་ལ།། ཐུགས་རྗེ་རོལ་པའི་ཡེ་ཤེས་འཕྱོ།། གཉིས་མེད་དབྱིངས་སྦྱོར་ཨ་རེ་བདེ།། མ་རིག་འཁྲུལ་པའི་འདམ་དབྱིངས་སུ།། ཡེ་ཤེས་སྒྲོན་མའི་མངའ་འཕངས་ནས།། གཏི ་མུག་མུན་པ་རྣམས་བསལ་ཏེ། ། རང་གཞན་འོད་གསལ་བདེ་བའི་མཆོག། དགེ་དང་མི་དགེ་གཉིས་སུ་མེད།། རྣམ་རྟོག་མཚན་མ་ཡོད་མའི་འཛིན།། རང་བཞིན་ཡེ་ནས་འོད་གསལ་བའི།། དགེ་སྡིག་མེད་པས་ཤིན་ཏུ་བདེ།། བདེ་དང་མི་བདེ ་གཉིས་མེད་པས། ། ཡེ་ཤེས་ཆགས་མེད་རྣམ་པར་དག། ཐམས་ཅད་དབྱེར་མེད་ཡེ་ཤེས་ཡིན།། སེམཔ་ཉིད་དང་བས་ཨ་རེ་བདེ།། རྒན་དུ་དཀྱིལ་འཁོར་ཐམས་ཅད་མཛེས།། ཡེ་ཤེས་རྒྱུ་ལས་གྲུབ་པ་ཡི།། ཕྱི་ནང་སྒྲིབ་མེད་གསལ་བའི ་དང་། ། ཡེ་ཤེས་བློ་བརྟན་ཤིན་ཏུ་བདེ།། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ།། གཙང་དང་སྨྲ་བའི་བློ་མ་འཛིན།། ཐམས་ཅད་ཆོས་ཉིད་རོ་གཅིག་པས།། གཉིས་མེད་པས་ནི་ཤིན་ཏུ་བདེ།། ཤེས་རབ་ཆུང་ཆེན་ཏིང་འཛིན་གྱིས།། ཐམས་ཅད་མ ་ནང་གསང་ལགས་པཞིན། འབར་བ་མ་སྣང་ས་སྡུག་བསྔལ་སད།། གཉིས་མད་ཙམ་པས་མར་བད།། ཐམས་ཅད་མ་ལུས་གཅིག་པ་དང་།། དང་། བ་གཉིས་གམང་།། ལནས་སྟོནས་པ་ང་བན། གས ་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། ། འདི་དང་ཕ་རོལ་གཉིས་མེད་ཕྱིར།། འགྲོ་དང་འགྲོ་བར་བྱ་བ་མིན།། ཡན་ལག་སྟོབས་ཆེན་མ་མཆོངས་པར།། ཕྱོགས་བཅུ་སྟོང་ཁམས་ཐམས་ཅད་ན།། ཐུབ་མཆོག་སྟོན་པའི་སྤྱོད་ཡུལ་ནི།། ཛ་ལྟར ་དམིགས་པ་བཞིན་དུ་འགྲུབ། ། ཆོས་རྣམས་ཐམས་ཅད་དམིགས་སུ་མེད།། ཆོས་ཉིད་སྒྱུ་མ་ཅིར་ཡང་འགྲུབ།། ཟག་མེད་ཟབ་པས་དོན་རྟོགས་ན།། དག་པར་མི་འགྱུར་གང་ཡང་མེད།། ཡེ་ཤེས་མ་བཅོས་ཀུན་དུ་གསལ།། རང་བཞིན་རྣམ ་པར་དག་པའོ། ། ཡེ་ནས་དེ་ལྟར་གནས་མོད་ཀྱང་།། མ་རིག་རྨོངས་པའི་ལིང་ཏོག་གིས།། གསལ་བའི་སྒྲོན་མ་བསྒྲིབས་གྱུར་ཏེ།། ཁམས་གསུམ་མུན་ནག་རྒྱུན་དུ་འཁོར།། རྣམ་རྟོག་མཚན་མར་འཛིན་པ་ཡིས།། ལུས་དང་ལོངས་སྤྱོད ་གནས་དང་ནི། ། བདེ་དང་སྡུག་བསྔལ་སྣ་ཚོགས་མྱོང་།། དེ་ལ་སུ་ཞིག་བྱེད་པ་ཡོད།། ཡང་དག་མཐུ་ཆེན་སུས་མ་བྱས།། རང་ལ་རང་གིས་བཅིངས་པར་བཟད་།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སྙིང་པོ་ཡོད་པ་མ་ཡིན་ཏེ།། སྒྱུ་མ་མན། ་ཡོད་སྤྲུལ་པ་དང་།། སྨིག་རྒྱུ་འཇའ་ཚོན་ཆུ་ཟླའི་ཚུལ།། དེ་ལྟར་གང་གིས་རབ་རྟོགས་པ།། དེ་ཉིད་སངས་རྒྱས་ཡིན་པར་བཤད།། སངས་རྒྱས་ས་ལ་གནས་པ་ཡིན།། སྐྱེ་མེད་ཕུན་སུམ་ཚོགས་ཡིན་ཏེ།། བྱེད་མེད་པ་ཡི་མཆོག་ཀྱང་རྫོག།། ་ཤེས་ཉིད་ལ་ཉིད་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་ལས་བཞུགས་གནས་ཁང་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མི་འཆི་བའི་རྡོ་རྗེ་བསྒྲུབ་པ་འདི་གསུངས་སོ།། རྡོ་རྗེ་ནིང ་ཆེན་བསྒྲུབ་འདོད་པས། ། ཐམས་ཅད་སྐྱེ་ཤི་མེད་པའི་ཚུལ།། མཉམ་ཉིད་དག་པ་ཉིད་དུ་བསྒོམ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི།། ཛཿཧཱུཾ་བཾ་ཧོས་དགུག་པར་བྱ།། བདག་དང་ཁྲོ་བོ་གཉིས་མེད་པར།། ཡང་ནས་ཡང་དུ་བསྒྲུབ་པར་བྱ།། སྐུ ་རྣམས་གསལ་བར་གྱུར་པ་དྲང་། ། ཞིང་མེན་འོག་ཏུ་བཞག་པར་བྱ།། དཀྱིལ་འཁོར་མ་ལུས་དེར་བཀོད་ནས།། ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བསྒོམས།། མངག་པའི་ཕོ་ཉ་ཕྱོགས་བཅུར་བཏང་།། ཐམས་ཅད་མ་ལུས་དབང་དུ་བསྡུད། ་པ་གཅིག་གམ་ཡང་ན་གཉིས།། གསུམ་དང་ལྔར་བསྒོམ་པར་བྱ།། ཕོ་ཉ་མང་པོས་ནརྀ་བཀུག་ནས།། ཞིང་ལ་ཡང་ནས་ཡང་དྲག་ཞག། སྔར་དང་སེར་དང་མདོག་སྔམ་འབྱུང་།། དེ་ནས་བདུད་རྩིའི་ཏིང་འཛིན་གྱིས།། ལན་གྲངས་འདུམ ་ཕྲག་མང་པོར་ནི། ། བཟླས་པའི་ཚུལ་ཡང་རྣམ་གསུམ་དག། རྡོ་རྗེ་བསྔགས་བཟླས་རྩེ་མོ་གསུམ།། དེ་ཡི་བར་ནས་བཟླས་པ་འབྱུང་།། འོད་ཟེར་ལྔ་དང་ལྡན་པར་བྱ།། ཞིང་དེ་ལྡེམ་ལྡེམ་པོར་གྱུར་དང་།། བདུད་རྩི་ལྔ་ཡིས་བསྐུལ ་བར་བྱ། ། དེ་ནས་ཡི་གེ་འབྲུ་ལྔ་དགོད།། གསལ་ཞིང་འཚེར་བར་བསྒོམ་པར་བྱ།། དབང་པོ་ལྔ་དང་དབང་པོའི་ཚུལ།། ཡན་ལག་ལྔ་ལ་རིགས་ལྔའི་ཚུལ།། རྡོ་རྗེ་ཏིང་འཛིན་དེ་ཡིས་བསྒོམ།། དེ་ནས་ཞིང་དེ་འགུལ་གྱུར་ནས།། ནང ་དེ་དྲག་ཏུ་འགུལ་བ་དང་། ། ཤིན་ཏུ་ཞགས་པས་བསྡམས་པར་བྱ།། ཡན་ལག་རྣམས་ཀྱང་ཞུམ་པར་བྱ།། ཕྱོགས་བཞི་དག་ཏུ་ཐོད་པ་དང་།། ཧ་ཡ་གྲཱི་བའི་སྐུར་བསྒོམས་ཤིང་།། སྔགས་ནི་འབུམ་ཕྲག་མང་དུ་བཟླས།། ཕྱོགས ་བཅུར་སྤྲོ་ཞིང་ཞིང་ལ་བསྟིམ། ། དེ་ནས་ཞིང་དེ་དྲག་འགུལ་ནས།། རྡོ་རྗེ་ཏིང་འཛིན་དེ་ཡིས་ནི།། བརྟན་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་བར་བར་བྱེད་པ་དང་།། ཨ་ནཱཾ་བྲི་དུ་གང་ཡིན་པ།། རྡོ་རྗེ་དྲག་ཏུ་བརྡེག་ཅིང་དབབ།། ཐོད་པའི་ཁན ་ནི་ཕྱུང་ནས། ། རྡོ་རྗེ་ཏིང་འཛིན་སོ་ཡིས་བཅད།། རྡོ་རྗེ་སྔགས་ཟོས་ཁོང་དུ་བསྟིམ།། གཉིས་སུ་མེད་པར་བསྒོམ་པར་བྱ།། དེ་ནས་ཞིང་དེ་ལངས་པ་དང་།། རྡོ་རྗེ་དབྱིངས་ནས་དབང་ཡང་བསྐུར།། བདུད་རྩི་ཆུ་ཡང་བླུད་པར་བྱ།། ལས་རྣམས ་ཐམས་ཅད་བྱེད་དུ་གཞུག། ཞིང་དེས་རབ་དུ་སྨྲས་པའི་ཆོག། དཔའ་བོ་ཙབ་གྱི་མི་རྒས་སྐྱེ་མེད་ཆོས་རྣམས་དང་།། ལས་རྣམས་མ་ལུས་ཀུན་བགྱིད་དོ།། དེ་ལྟར་བསྒྲུབ་པའི་རིགས་མཆོག་གིས།། ཐལ་བ་ཐམས་ཅད་སོས་པར་འགྱུར ་5། སྒྲུབ་པའི་ས་ནི་དུར་ཁྲོད་དང་།། རི་བྲག་གཉེན་པོ་བགེགས་གནས་དང་།། ནགས་ཁྲོད་སྟོང་པ་ཚེར་མ་ཅན།། རི་བོས་བསྐོར་བའི་ལྷག་མ་ཅན།། རབ་དུ་རྣམ་པར་དབེན་པ་དང་།། གནོད་སྦྱིན་སྲིན་པོ་འབྱུང་བའི་གནས།། དེ་དག་ཏུ་ནི ་བསྲུབ་པར་བྱ། ། དགྲ་དང་བཅུ་གཉིས་བཅུ་གསུམ་དང་།། བཅུ་དྲག་མན་ཆད་བསླབ་པར་བྱ།། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར།། ཕྱི་ནང་འཚོ་བའི་ཡོ་བྱད་རྣམས།། ལམ་ལྔའི་ཞིང་དང་སྨན་ལྔར་བཅས།། འབྲུ་རྣམས་ཐམས་ཅད ་བཅད་པར་བྱ། ། རྟག་ཏུ་ཚོགས་ཆེན་མཆོད་པར་བྱ།། གསུམ་དང་ལྔ་རུ་བར་མི་བཅད།། ཁ་ཟས་རྣམས་ཀྱང་ཐོད་པར་བཟའ།། བཏུང་བ་དག་ཀྱང་དེ་བཞིན་ཏེ།། མར་མེ་རྟག་པར་བཏང་བར་བྱ།། རྒྱུ་ནི་ནི་ཡི་མར་ལ་བྱ།། ཡན་ལག ་བསྐུ་བའང་དེ་བཞིན་ཏོ། ། སྡོང་བུ་པད་མའི་རྒྱུ་ལས་བྱ།། སྣོད་ནི་དུང་ཆེན་སྲུབས་མེད་པ།། ལུང་ལོ་ཡོད་དང་མེད་ཀྱང་རུང་།། དེ་བྱི་པུ་ཏྲ་མ་བྱུང་བ།། མདོག་ནི་ཕན་ལང་ཅན་ལ་ཡོད།། རྡོ་རྗེ་བསྒྲུབ་པ་བར་གཅོད་ཕྱིར།། རྟག་ཏུ་མཚམས ་ནི་བཅད་པར་བྱ། ། ནརི་ཡི་རྐང་པ་གཡས་གཡོན་ནས།། སྦོམ་པོ་མ་ཡིན་ཕྲ་བ་ཉིད།། དེ་ལ་ཀི་ལ་ཡ་བྱས་ནས།། ཕུར་བུའི་སྔགས་དང་ཁྲོ་སྔགས་ཀྱིས།། ལན་འབུམ་དུ་ནི་བཟླས་པར་བྱ།། ལག་པ་གཡས་གཡོན་ཐལ་སོར ་ལ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ།། འོད་འབར་གཟུངས་ཀྱི་སྐུ་རུ་བསྒོམ།། དེ་ནས་གཉིས་མེད་སྦྱོར་ཚུལ་དུ།། སྒྲུབ་པོ་རྡོ་རྗེ་བསྒོམ་པར་བྱ།། སྒྲུབ་པ་དངོས་ལ་མ་རྟོགས་པ།། ཕྱོགས་བཅུ་རྣམས་སུ་མཚམས་ཀྱང་བཅད།། དངོས ་གྲུབ་མ་ཐོབ་བར་དུ་ནི། ། སྒོམ་དང་བཟླས་དང་ཕྱག་རྒྱ་གསུམ།། བག་ཡོད་མགོ་ལ་མེ་འབར་བཞིན།། བར་མཚམས་མེད་པར་བསྒྲུབ་པར་བྱ།། དེ་ལྟར་སྒྲུབ་པའི་རིགས་མཆོག་གིས།། ལྷ་མ་སྲིན་རྣམས་བྲན་བཞིན་འཁོལ།། ་འཇིག་རྟེན་དབང་ཕྱུག་དབང་དུ་བསྡུད།། རྡོ་རྗེ་རིགས་མཆོག་འཁོར་རྐྱེན་རྣམས།། ཡིད་བཞིན་དུ་ནི་འབྱུང་བར་འགྱུར།། རྫུ་འཕྲུལ་ཆེན་པོ་འདི་དག་ནི།། ལུས་སྦེད་ནུས་ནས་མངོན་དུ་དབྱུང་།། དེ་མ་ཡིན་པར་ཤིན་ཏུ་གསང་།། ་སྐུའི་བསྒྲུབ་པ་ངེས་པའི་དོནར་བཀའ་སྩལ་ཏོ།། རོ་ལངས་བསྒྲུབ་པའི་ལེའུ་སྟེ་བདུན་བཅུ་པའོ།། །། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བྲོ་གར་རྩེ་འཇོ་བྲོ་གར་གྱི་དམ་ཚིག་ཅེས་བྱ་བ་ངེས་པར ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཕྱོགས་བཅུ་མཐའ་ཡས་དུས་བཞི་ཡི།། ཐམས་ཅད་དབྱེར་མེད་མཎཌ་ལའི།། ཉི་ཐ་ཤར་བའི་གཞལ་ཡས་ལ།། པད་མ་ཆགས་མེད་གདན་བཏིང་ནས།། རིན་ཆེན་ཟད་མེད་ཕོ་བྲངས།། ་ཆེ་ཆུང་དཔག་ཏུ་མེད་པ་ཡི།། བྱང་ཆུབ་བདེ་ལྡན་དཀྱིལ་འཁོར་ལ།། བདེ་ལྡན་བྱང་ཆུབ་རབ་བཀོད་ནས།། མ་ལུས་ཀུན་བསྡུས་དབྱིངས་བསྡུས་ཏེ།། ལུས་བསྐྱོད་ཡན་ལག་བསྐུལ་བསིགས་དང་།། དབང་པོ་ལྔའི། ་སྤྱོད་ཀུན།། ཕྱག་རྒྱ་ཆེན་པོ་ཡིན་པར་བཤད།། གོང་གི་དཀྱིལ་འཁོར་ཚད་ཉི་ཟླ་འཕྲུགས་པའི་ས་གཞི་ལ།། པད་མ་མཆགས་གདན་བཏིང་ནས།། ཐབས་དང་ཤེས་རབ་ཆགས་མེད་ཚུལ།། ཡན་ལག་དབང་པོ་ཐམས་ཅད་ཀུན ་རང་བཞིན་ཡོངས་སུ་དག་པ་དང་། ། ཏིང་འཛིན་དེ་བཞིན་གཤེགས་ལྔའོ།། ཡེ་ནས་མ་བཅིངས་ཡོངས་ཀྱིས་ཏེ།། ལྷག་པའི་ཏིང་འཛིན་དཀྱིལ་འཁོར་གྱིས།། དབུ་ལ་དེ་བཞིན་གཤེགས་པའི་འཁོར།། ཡན་ལག་བཞི་ལ་རིགས་བཞི ་འཁོར། ། ཁ་དོག་དབྱིབས་དང་ཕྱག་རྒྱ་དང་།། ཐབས་དང་ཤེས་རབ་གསལ་བསྒོམས་ཏེ།། ཕྱོགས་བཅུར་སྤྲོ་ཞིང་ངན་སོང་སྤྱོད།། གནས་སུ་བསྡུ་ཞིང་དཀྱིལ་འཁོར་སྤྲོ།། འདས་དང་མ་འོངས་ཐམས་ཅད་ཀུན།། བདེར་གཤེགས་ཞིང་དུ་རྣམ ་པར་སྦྱར། ། ཡན་ལག་ཆེན་པོ་ལྔ་བསྐྱོད་ནས།། རིགས་ལྔའི་དཀྱིལ་འཁོར་མ་ལུས་གཡོ།། འགྲོ་ལྔ་བྱང་ཆུབ་ལམ་དུ་མཛད།། སྙིགས་མ་ལྔ་ཡང་རྣམ་པར་དག། བཟང་མཛེས་ལེགས་པའི་གོས་བགོས་ནས།། འོད་ཟེར་སྣ་ཚོགས་འགྲོ ་བར་གྱུར། ། དེ་ནས་མཐར་ཐུག་མེད་པའི་བར།། ཡེ་ཤེས་ལྔ་ཡིས་རྒྱན་པར་འགྱུར།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། རྟག་ཏུ་དཀྱིལ་འཁོར་དེ་ལྟར་བསྒོམ།། ཚིག་ཙམ་མ་ཡིན་བློ་གཏིང་དུ།། བདག་དང་དབྱེར་མེད་ཉིད་དུའོ།། ཐབས་དང ་ཤེས་རབ་ལྡན་གྱུར་ནས། ། ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ།། སེང་གེའི་སྟོབས་ཆེན་མཆོད་པར་བྱ།། ལྗགས་ཀྱི་ཡི་གེ་ཏྲཾ་བསྒོམས་ལ།། ལྕེ་ནི་འབུམ་ཕྲག་བསམ་ཡས་དང་།། ཧྲི་ཡང་བསམ་གྱིས་མི་ཁྱབ་སྷོ།། ་ཕྱོགས་བཅུ་དུས་བཞི་བསམ་ཡས་སུ།། གསུང་གི་དཀྱིལ་འཁོར་འོད་འབར་བ།། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི།། བསམ་གྱིས་མི་ཁྱབ་ཀུན་ཏུ་གྲགས།། སྐྲ་དང་མིང་ཚིག་སོ་སོར་གས་ལ།། ལྗགས་ཀྱི་དབང་པོ་བཀྲམ་ནུས ་གསུངས། ། ཐར་དང་མཐར་གྱི་ཉིད་ཀྱི་བརྗོད།། ངེས་པ་ཁོ་ན་ཡང་དག་ཏུ།། དེ་བཞིན་ཉིད་ཀྱིས་ཡོད་མ་གསུངས།། སྣ་ཡི་དབང་པོའི་དཀྱིལ་འཁོར་དུ།། ཏྲཾ་གི་ཡིག་འབྲུ་གས་ལ་བསྒོམས་ནས།། དཀྱིལ་འཁོར་ཕྱོགས་བཅུ་དུས་བཞི་ཡི།། ་མཐའ་ཡས་བསམ་གྱིས་མི་ཁྱབ་སྟེ།། ཏྲཾ་ཡང་བསམས་པས་འོད་འཕྲོ་འབར།། ཕྱོགས་དུས་དཀྱིལ་འཁོར་མ་ལུས་ཐོས།། འགྲོ་དྲུག་འཁོར་བའི་གནས་ཀྱང་ཐོས།། སྐྲ་དང་ཐོས་པ་གཉིས་མེད་པའོ།། དེ་བཞིན་དྲི་དང་རོ་རེག་རྣམས།། ་སོ་སོའི་མཚན་ཉིད་གསལ་བསྒོམས་ནས།། ཡིག་འབྲུའི་སྙིང་པོ་དེ་བཞིན་དགོད།། སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། འགྲོ་དྲུག་མ་ལུས་ཐམས་ཅད་ཀུན།། ཆགས་པ་མེད་པའི་ཚུལ་གྱིས་རོལ།། དྲི་ལ་སོགས་པ་བདེ་མཆོག ་གིས། ། ཀུན་ལ་ཚིམ་པར་ཡང་དག་མཆོད།། འགྲོ་དྲུག་མ་ལུས་ཐམས་ཅད་ལ།། ཇི་ལྟར་མཚམ་པའི་དོན་ཡང་བྱེད།། ཐབས་མཁས་ཐུགས་རྗེས་དེ་ལྟར་སྟོན།། དེ་བཞིན་རིགས་དང་རྡོ་རྗེའི་རིགས།། མ་ཆགས་ལ་སོགས་ཤེས་རབ་ལྡན།། ་གཙོ་བོ་ལྔ་དང་གཅོམོ་ལྔ།། ཐབས་དང་ཤེས་རབ་ལྡན་བསྒོམས་ཏེ།། ཆོམ་བུ་གཅིག་གམ་ཡང་ན་གསུམ།། ལྔའི་དཀྱིལ་འཁོར་རབ་བསྒོམས་ཏེ།། ཐབས་དང་ཤེས་རབ་ཕན་ཚུན་དུ།། ལྗགས་ལ་འོད་འཕྲོ་བསྟིམ་བྱས་ཏེ།། དཀྱིལ ་འཁོར་འོད་ཟེར་འབར་བར་བསྒོམ། ། ཏིང་འཛིན་ཤིན་ཏུ་གསལ་གྱུར་ནས།། བདག་དང་ཕྱོགས་བཅུ་དབྱེར་མེད་པར།། གཉིས་སུ་མེད་པར་བསྒོམ་པར་བྱའོ།། དེ་ནས་ཐབས་དང་ཤེས་རབ་གཉིས།། ལྟེ་སྤྱོད་ཡ་ཆར་མ་གྱུར་པར།། དཀྱིལ ་འཁོར་དག་ལགས་ལ་བསྒོམས་ན། ། དབུས་ནས་ཤར་ཕྱོགས་ཁ་བསྟན་ནས།། རྐང་པའི་སྟབས་ཆེན་སྤྱོད་བྱས་ཤིང་།། ལག་གི་འདུ་བྱེད་ཀུན་བསྐྱོད་ནས།། བྲོ་དང་གར་གྱི་ཕྱག་རྒྱར་བྱ།། དཀྱིལ་འཁོར་འོད་ཟེར་དཀར་འཕྲོ་བ་བ། ང ་ཆུབ་སེམས་དཔའ་རྣམ་པར་དག། ཤིན་ཏུ་གསལ་དང་འོད་ཟེར་འབར།། ཐབས་དང་ཤེས་རབ་དེ་གྲུབ་ཤོག། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡི།། བདུད་བཞི་དག་ནི་འཇོམས་པར་བྱེད།། ཐེག་མཆོག་རྡོ་རྗེའི་རིགས་འཛིན་པ།། ཐབས་དང ་ཤེས་རབ་དེ་གྲུབ་ཤོག། བདག་ཉིད་རིགས་པའི་རྡོ་རྗེ་ཡིས།། ཉོན་མོངས་སྡུག་བསྔལ་མེད་པར་ཤོག། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཐབས་དང་ཤེས་རབ་གསལ་གྱུར་ཤོག། ཉོན་མོངས་སྡུག་བསྔལ་བརྩད་བཅད་ནས།། ་རིག་མུན་པ་མེད་པར་བྱེད།། ཐུགས་རྗེའི་འོད་ཟེར་ཉི་ཤར་བས།། ཐབས་དང་ཤེས་རབ་འོད་འབར་ཤོག། ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད།། རྡོ་རྗེ་ཐུགས་རྗེ་རོལ་སྟོན་པ།། འགྲོ་ལ་ཐུགས་རྗེ་ཡོངས་ཀྱིས་འབྱུང་།། ཐབས་དང་ཤེས་རབ་བྱམ། ་ལྡན་ཤོག། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཡོན་ཏན་ཕྱོགས་སུ་ཁ་བསྟན་ཏེ།། ལུས་བསྐྱོད་ཡན་ལག་བསྐུལ་བསིགས་ནས།། སྟོབས་ཆེན་དག་ཀྱང་བརྡུང་བར་བྱ།། དཀྱིལ་འཁོར་མ་ལུས་འབྱུང་བའི་གཏེར།། ཟད་མེད་ནོར ་བུ་རིན་པོ་ཆེ། ། མ་ལུས་ཀུན་གྱི་རེ་བ་བསྐོང་།། ཐབས་དང་ཤེས་རབ་དེ་གྲུབ་ཤོག། ནམ་མཁའི་དཀྱིལ་གྱི་མདོག་བསྟན་པ།། ཡང་ན་ཐམས་ཅད་གསེར་བཙེམ།། དཀྱིལ་འཁོར་བསམ་ཡས་ཟད་མི་ཤེས།། ཐབས་དང་ཤེས་རབ་མྱུར ་གྲུབ་ཤོག། ཡོན་ཏན་རིན་ཆེན་བསམ་ཡས་ཀྱང་།། ཐམས་ཅད་མཉམ་པའི་དང་གནས་ནས།། དེ་བཞིན་མཉམ་ཉིད་ཡེ་ཤེས་ཏེ།། ཐབས་དང་ཤེས་རབ་མཉམ་འགྱུར་ཤོག། བདེར་གཤེགས་ཡོན་ཏན་རྨང་པོ་ཆེ།། ཡེ་ནས་ཆགས ་མེད་བྱང་ཆུབ་ཞིང་། ། ཡང་དག་ཉིད་དུ་ཐམས་ཅད་གནས།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐབས་དང་ཤེས་རབ་ལྡན་གྱུར་པས།། ནུབ་ཕྱོགས་སུ་ནི་ཁ་བལྟས་ནས།། ཡན་ལག་དང་པོ་བསྐྱོད་བྱས་ཏེ།། གར་རྣམས་ཤིན་ཏུ ་གསལ་བྱས་ནས། ། སྟོབས་ཆེན་དག་ཀྱང་བརྡུང་པར་བྱ།། ཆོས་རྣམས་མ་ལུས་ཀུན་སྤྱོད་ཀྱང་།། བད་མ་ལ་ནི་འདམ་བཞིན་ནོ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། ཐབས་དང་ཤས་རབ་དགྲུབ་ཤོག། ལས ་དང་ཉོན་མོངས་ནུབ་འགྱུར་བའི། ། བག་ཆགས་མཚན་མརྡུལ་ཆིལ། ཐབས་དང་ཤེས་རབ་སྐུང་ཟུབ་ཤོག། བྱང་ཆུབ་ཆགས་མད་དཀྱིལ་འཁོར་ནི།། ག་ནས་མ་འོངས་ཉིད་ཀྱི་དབྱིང་ག།། མི་གནས་ཚུལ་གྱིས་དབྱིང་སན་པ་ཞུགས། ་དང་ཤེས་རབ་མྱུར་གྲུབ་ཤོག། ཐབས་དང་ཤེས་རབ་ལྡན་གྱུར་པས།། བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ།། ལུས་བསྟོད་ཡན་ལག་གར་བྱེད་ཅིང་།། ཕྱག་རྒྱ་སོ་སོར་གསལ་གྱུར་ནས།། རྐང་པའི་སྐབས་ཆེན་བརྡུང་པར་བྱ།། ཡང་དག་རྟོག ་པའི་ཤེས་རབ་ཀྱིས། ། བསྐལ་པ་བསམ་གྱིས་མི་ཁྱབ་པའི།། སྒྲིབ་པ་ཐམས་ཅད་བྱང་བྱས་ཏེ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས།། བདུད་བཞི་བཅོས་ནས་མི་མཐུན་བསྩལ།། བྱ་བྱེད ་མེད་ལ་དོན་རྣམས་གྲུབ། ། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐམས་ཅད་མ་ལུས་རྫོགས་བྱེད་པ།། སྣ་ཚོགས་ཀུན་ཏུ་འགྱུར་བའོ།། ལྗང་ཁུའི་ཚུལ་དུ་མདོག་བསྟན་པ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐམས་ཅད ་མ་ལུས་དོན་གྲུབ་པ། ། ལས་རྣམས་མ་ལུས་རྫོགས་པར་བྱེད།། ནན་ཏན་ཆེན་པོ་བྱ་བ་རྫོགས།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། སྡུག་བསྔལ་དྲ་བ་ཚར་བཅད་དེ།། དཀྱིལ་འཁོར་མ་ལུས་ཀུན་བྱས་ཀྱང་།། གང་ནས་མ་འོངས་གང ་མི་འགྲོ། ། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། བདེ་གཤེགས་མ་ལུས་ཐམས་ཅད་ཀུན།། ཕྱོགས་དུས་ཀུན་དུ་བདག་ཉིད་ཆེ།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་དུ།། མ་ལུས་ཀུན་འདུས་རྣམ་པར་དག། ཐབས་ཆེན་དཀྱིལ་འཁོར ་ཡང་དག་པས། ། བདེར་གཤེགས་ཀུན་ལ་རྣམ་པར་འཕྲོ།། ཐབས་དང་ཤེས་རབ་ལྡན་པ་ཡི།། བདེ་བའི་དཀྱིལ་འཁོར་མཁས་པས་བསྡུ།། ཐམས་ཅད་མ་ལུས་རིགས་བཞི་ཡི།། ནང་དུ་མ་འདུས་གང་ཡང་མེད།། དེ་ཉིད་བདེར་གཤེན ་མ་འཚར་ཉིད། ། ཁབས་དང་ཤེས་རབ་བ་དེ་གྲུབ་ཤོག། རིགས་ལྔའི་དཀྱིལ་འཁོར་དབར་བསྡུ་ཞིང་།། ཡེ་ཤེས་ལྔའི་འོད་ཟེར་འགྲོ།། ཕྱོགས་བཅུགས་ལ་བར་གང་གྱུར་ནས།། ཐབས་དང་ཤེས་རབ་འོད་འབར་ཤོག། དེ་བཞིན་གས ་མཆོག་འཛིན་པ་ཡི། ། ཐམས་ཅད་མ་ལུས་དབྱིངས་བསྡུས་ཏེ།། ཐམས་ཅད་ཀུན་དུ་བཟང་པོར་སྟོན།། ཐབས་དང་ཤེས་རབ་གཅོད་གྲུབ་ཤོག། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ཕྱོགས་དུས་གནས་པ་མ་ལུས་ལ།། ཆོས་ཀྱི་འཁོ ་ལོ་ཆེན་པོ་བསྐོར། ། ཐབས་དང་ཤེས་རབ་མཆོག་གྲུབ་ཤོག། འགྲོ་བ་མ་ལུས་ཐམས་ཅད་ལ།། དེ་བཞིན་ཉིད་ཀྱི་སྐུ་ཡོད་པས།། མ་མཐོང་རྨོངས་ལ་ནམ་མཁའི་མདོག། ཐབས་དང་ཤེས་རབ་དབྱིངས་གྲུབ་ཤོག། སྐུ་ནི་སྣ་ཚོགས ་ཅིར་ཡང་སྣང་། ། ཐབས་ཆེན་རྣམས་ལ་མཉམ་པའི་ཚུལ།། ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ།། རང་རྒྱལ་རྣམས་ལ་བ་སེ་རུའི་ཚུལ།། ཕ་རོལ་ཕྱིན་རྫོགས་ཤཱཀྱའི་ཚུལ།། ལྷ་མི་རྣམས་ལ་དགེ་བཅུ་ཚུལ།། དུད་འགྲོ་རྣམས་ལ་ཨེ་ནས། ་གཞན་ཡང་འགྲོ་བ་ཐམས་ཅད་ལ།། ཇི་ལྟར་འདུལ་བ་བཞིན་དུ་སྟོན།། དེ་ལྟ་བུའི་སྐུ་སྟོན་པ།། ཐབས་དང་ཤེས་རབ་སྐུ་གྲུབ་ཤོག། ཐབས་དང་ཤེས་རབ་ལྡན་པསྒོམས་ནས།། རྒྱན་ལྔ་ཡིས་ནི་རྣམ་པར་བརྒྱན།། ཡན་ལག་ལལ ་དཀྱིལ་འཁོར་བཀོད། ། ཡེ་ཤེས་རྒྱན་གྱིས་ཕོ་བྲང་བརྡུང་།། གཉིས་མེད་དཀྱིལ་འཁོར་ཟླུམ་པོའི་ཚུལ།། མཐའ་དབུས་མེད་པའི་དཀྱིལ་འཁོར་དུ།། ལྷུན་གྲུབ་ཚོགས་ཆེན་བྱང་ཆུབ་དུ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཆོས ་དབྱིངས་དམ་པ་བདག་མེད་པ། ། མི་དམིགས་དབྱིངས་སུ་མ་ལུས་འདས།། མཉམ་དང་མི་མཉམ་དབྱེར་མེད་པས།། ཐབས་དང་ཤེས་རབ་དབྱིངས་གྲུབ་ཤོག། བདེར་གཤེགས་དཀྱིལ་འཁོར་དབ་བསྟོད་ནི།། སངས་རྒྱས་ནི ་ཁམས་མ་ལུས་གཡོ། ། ལག་གི་འདུ་བྱེད་བསྐུལ་བསྐྱོད་ནས།། རིག་འཛིན་ཞིང་ཁམས་དག་པར་བྱེད།། རྐང་ཆེན་དག་གིས་སྟབས་མཆོངས་ན།། འགྲོ་དྲུག་གནས་རྣམས་སྟོངས་པར་བྱེད།། སྤྱན་གྱིས་ཕྱོགས་བཅུ་བལྟ་བྱས ་ན། ། བདུད་བཞི་དཔུང་རྣམས་ཕམ་པར་བྱེད།། ཐབས་དང་ཤེས་རབ་མ་ལུས་ཀུན།། དེ་ལྟ་བུ་ཡི་དོན་གྲུབ་ཤོག། ཐམས་ཅད་མ་ལུས་དེ་བཞིན་ཏེ།། དེ་ནི་གང་ཡང་མི་དམིགས་ལ།། སྐྱེ་དང་འགག་དང་གནས། ་པ་དང་།། འོང་བ་འགྲོ་བའི་དངོས་པོ་མེད།། རྣལ་འབྱོར་བྲོ་གར་རྩེ་འཇོ་ཡི།། སྣ་ཚོགས་བྱེད་ལ་བྱས་པ་མེད།། དེ་ཉིད་རྣམ་པ་སྣ་ཚོགས་པ།། རྣལ་འབྱོར་ལས་རྣམས་གྲུབ་པར་ཤོག། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།། དེ་ལྟ་བུའི ་ལོངས་སྤྱོད་ན། ། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།། སྲིད་གསུམ་འགྲོ་རྣམས་ཐམས་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་འགྱུར།། ལུས་མ་སྤངས་པར་རིག་འཛིན་ས།། ཡུན་རིངས་ཆོས་ཀྱི་བདེ་སྤྱད་ནས།། བླ་མེད་རྡོ ་སེམས་དཔའ་ཡིས། ། དཔེ་བྱད་མཚན་གྱིས་རྣམ་པར་རྒྱན།། མངོན་ཤེས་དྲུག་ལྡན་ཐམས་ཅད་མཁྱེན།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། སངས་རྒྱས་ཞིང་ལ་དབང་བསྒྱུར་ཏེ།། སྤྱོད་ཡུལ་ཀུན་ཏུ་མཎ་ཌ་ལ།། ཇི་ལྟར་དམིགས ་པ་བཞིན་དུ་འགྲུབ། ། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས།། འདི་ལྟ་བུའི་ལས་རྣམས་བྱ།། འབྲས་བུ་མངོན་དུ་མ་གྱུར་ཀྱང་།། ལུས་ངག་ཡིད་ལ་དབང་ཐོབ་ནས།། སངས་རྒྱས་འབྱུང་དང་སྒོར་མི་འགྱུར།། ཐེག་པ་དམན་པར་ཡོད་མི་སྐྱེ།། ་ངན་སོང་གསུམ་དུ་ཡོད་མི་ལྟུང་།། གནས་ངན་ལོངས་སྤྱོད་མི་བདེ་བའི།། ངན་པའི་ས་རུ་ཡོད་མི་ལྟུང་།། རྡོ་རྗེ་ཐེག་མཆོག་བརྗེད་མི་འགྱུར།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། ལུས་བྱང་བཟང་ཞིང་ཡན་ལག་རྫོགས།། དབང་པོ་ཚང་ཞིང་ལྐོག་ནང ་མེད། ། སྐད་གདངས་སྙན་ཅིང་འགྲོ་དོན་བྱེད།། བདག་གི་ལོངས་སྤྱོད་ཐམས་ཅད་ཀུན།། གཞན་ལ་གནོད་པ་མེད་པར་འགྲུབ།། ཚན་པོ་ཆེའི་མཐུ་སྟོབས་ལྡན།། འགྲོ་བའི་དོན་དུ་ཡང་དག་བྱེད།། གཞན་ལ་གནོད་པ་ཡོད་མི་བྱེད།། སྙིང་རྗེ་ཞིང་ཤེ ་རབ་ལྡན། ། མཐུ་སྟོབས་ཆེ་ཞིང་ཐབས་ལྡན་པ།། བདག་དང་གཞན་དོན་རྫོགས་པར་བྱེད།། མཐར་ནི་ཏེ་ཤི་མེད་པའི་ས།། སངས་རྒྱས་ཡོན་ཏན་རིན་པོ་ཆེ།། བཀོད་པའི་གཞལ་ཡས་ཐམས་ཅད་ལ།། དབང་བསྐུར་སྤྱོད་པའི་དངོས་གྲུབ་ཐོབ།། ་རལ་འབྱོང་ས་ཤིག་འདི་འདུ་འདོ།། ལྕགས་ཀྱི་དབང་པོ་བཟླ་ས་ནས་ནི།། གསང་དོ་ནི་ངས་པ་ན་ཀུན་པ།། བླ་མེད་མདོག་ཐུབ་པར་ཤོག། དབྱེད་པང་བྱང་ཆུབ་བོར་ཆགས་ཅན།། ཤན་བཏན་པ་ཐོག་པ།། སྔགས་ན ་ཚུགས་མེ་འགྱུང། ། བེག་མཆོག་རྡོ་རྗོ་དེ་ལྟེ་བ།། དལ་འཁོར་མ་ཟད་འབྱུང་བའི་གཎང།། ཡི་བཞིན་ནོ་བངན་པོ་མ།། བྱང་ངམ་གྱིས་ཤིན་ཏུགས་ལ།། བསྐལ་པ་གྲངས་མ་གནས་བཅས་ཀྱང་།། སྤྱནི་ཤིན་ཏུ་གཞོན་པའི་ཚུལ། ་ཤི་མེད་པའི་རྡོ་རྗེ་ལ།། ཐམས་ཅད་བྱུང་བའི་གཏེར་ཡིན་ཏེ།། ཡོན་ཏན་ཕུན་སུམ་ཚོགས་དང་ལྡན།། བླ་མེད་བྱང་ཆུབ་འགྲུབ་གྱུར་ནས།། ཡེ་ཤེས་རྡོ་རྗེ་ལྡན་གྲུབ་ཤོག། ཚོགས་ཆེན་གཉིས་ཀྱང་རྫོགས་གྱུར་ཅིག། ཐམས་ཅད་ཀུན་གྱི་སྟོན ་པ་པོ། ། ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས།། སངས་རྒྱས་ཞིང་ལ་དབང་བྱེད་ཤོག། དེ་རྟོགས་ཀུན་ཀྱང་རྡོ་རྗེའི་རིགས།། སུ་གསུང་ཐུགས་ཀྱང་གྲུབ་པར་ཤོག། རྣལ་འབྱོར་པ་ཐབས་ཅད་དང་ཤེས་རབ་དང་ལྡན་པ་རྣམས་ཀྱི་དུས ་ཐམས་ཅད་འདོད་ཡོན་ལྔ་སྤྱོད་ཅིང་བྲོ་ཐབས་བྱའོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བྲོ་གར་རྩེ་འཇོའི་ལེའུ་སྟེ་བདུན་བཅུ་རྩ་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་བརྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས ་སྐུའི་དཀྱིལ་འཁོར་མངོན་དུ་ཕུང་སྟེ། འདི་སྐད་ཅེས་གསུངས་སོ།། དེ་བཞིན་ཉིད་ཀྱི་དབྱིངས་ལྡན་པས།། སྒྲ་དང་དྲ་བ་འབྲེལ་འགྱུར་ནས།། སྐུ་མཆོག་རྡོ་རྗེ་འོད་སྣང་བས།། འཐུན་པའི་རྡོ་རྗེ་རང་སྣང་ངོ་།། རྒྱུད་དྲུག་འཁོར་བའི་ལུས་སྣང་བ། ་རྣམ་རྟོག་འཐུན་པའི་ལས་སྣང་ངོ་།། དེ་བཞིན་སྐུ་མཆོག་དྲི་བྲལ་དང་།། བདེར་གཤེགས་སྐུ་ལྔང་མདོར་བསྡུས་ཏེ།། བཅོམ་ལྡན་འདས་དང་བྱང་ཆུབ་གཟུགས།། བླ་མེད་གཟུགས་དང་རྡོ་རྗེས།། དེ་ལ་སོགས་ཏེ་སྦུབས་མ་ཡས།། ཕྱོས ་བདུངུས་བཞི་སྐུ་སྟོན་པ། ། ཐབས་ཀྱིས་འགྲོ་འདུལ་བ་སྟོན་ཏེ།། བྱང་ཆུབ་མཆོག་གི་རྡོ་རྗེ་སྟེ།། རིགས་མེད་ཞིང་དུ་སུ་སྟོན་ཅིང་།། དབྱིངས་ལས་མ་གཡོས་བཞིན་དུ་སྣང་།། ཀུན་སྣང་དེ་བཞིན་ཉིད་ཀྱི་དབྱིངས།། ནོམ་དག་སྐུ་ཉོནམ་ཚན ་ཏེ། ། ལོག་འགྲོ་རྟོག་པ་ཐམས་ཅད་ལ།། སོ་སོར་འདུལ་བའི་སྐུར་ཡང་སྟོན།། དེ་ཅི་སྟེ་ཤི་མེད་པའི་སྐུ།། ལས་དང་མཆགས་པད་མའི་ན།། ཐང་དང་མཐར་སྣ་ཚོགས་ཀྱང་།། སྣ་ཚོགས་སྣང་ལ་གནས་པ་མེད།། སྣང་ད་རྦ། ་སྣང་གཉི་ག་མེད།། དེ་ལྟར་རྟོགས་པའི་རིགས་མཆོག་ནི།། བཛྲ་ཞེས་ནི་གདགས་པ་ཡིན།། ཇི་སྙེད་སུ་སྟོན་པསམ་ཡས་པ།། ཐམས་ཅད་མ་ལུས་རྡོ་རྗེར་བསྡུས།། འཁོར་ལོ་ཞེས་ཀྱང་རྗོད་པ་ནི།། དེ་ལ་སོགས་ཏེ་སྐྱབས་མ་ཡས།། ་བྱང་ཆུབ་ཐབས་ཀྱི་དཀྱིལ་ནས་བྱུང་།། སྐུ་ནི་སྣ་ཚོགས་ཐམས་ཅད་ཀྱང་།། འཇའ་ཚོན་ཆུ་ཟླ་འདྲ་ཤེས་ན།། དབྱིངས་ཉིད་ལས་ནི་དབྱིངས་སྣང་ཟད་།། ཐུགས་ཉིད་གསུང་གི་དཀྱིལ་འཁོར་སྣང་།། གསུང་ཉིད་སྐུའི་དཀྱིལ་འཁོར་ཏེ། ་དབྱེར་མེད་དེ་བཞིན་ཡོང་གིས་སོ།། དཀྱིལ་འཁོར་བཟང་པོ་འགྲུབ་འདོད་པས།། རྟག་ཏུ་དུས་གསུམ་ཐམས་ཅད་དུ།། བདག་དང་བདག་གི་དབྱེར་མེད་པས།། ཡེ་ནས་དཀྱིལ་འཁོར་ཡིན་པར་བརྟག། འདི་ནི་དངོས་གྲུབ་མཆོག་ཡིན ་པར། ། ཀུན་ཏུ་རྒྱལ་གྱིས་དེ་སྐད་བཤད།། རྒྱུད་ཀྱི་རྒྱལ་པོ་ཆེན་པོར་སྒྱུ་འཕྲུལ་དྲ་བ་ལས་སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བ་ཞེས་བྱ་བ་ལེའུ་སྐུའི་དཀྱིལ་འཁོར་ཟབ་དུ་ནི་རྒྱུད་ཀྱི་རྒྱལ་བ་ཕྱི་མ་ལས་བཤད་དེ། བོད་ལ་མ་གྱུར་ཞེས ་འབྱུང་ངོ་། ། རང་བཞིན་སྐུའི་དཀྱིལ་འཁོར་དུ་བསྡུ་བའི་ལེའུ་སྟེ་བདུན་བཅུ་རྩ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཏིང་ངེ་འཛིན་གྱི་རིམ་པར་སྦྱོར་ཞིང་དངོས་གྲུབ་མྱུར་དུ་ལེན ་པའི་ཐབས་དྲ་བ་ལས་འདི་སྐད་ཅེས་གསུངས་སོ། ། དཀྱིལ་འཁོར་བསམ་ཡས་དངོས་གྲུབ་ནི།། མི་དམིགས་དབྱིངས་ནས་དོན་འབྱིན་ཏེ།། མ་བྱོས་ཇི་བཞིན་དང་བཞག་དང་།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་།། མིང་མིག ་ཐུགས་ཀྱི་དཀྱིལ་འཁོར་ལས། ། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ།། སྤྱོད་ཡུལ་ཐམས་ཅད་མཎ་ཌ་ལ།། ཡེ་ཤེས་དཀྱིལ་འཁོར་ཐར་བྱེད་སྐྱོང་།། ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་།། ཇི་ལྟར ་འདོད་པ་སྨོན་པས་གྲུབ། ། ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི།། ཕྱི་ནང་སྣོད་བཅུད་ཡེ་ནས་དག། དག་རྟོགས་ཉིད་ཀྱང་དབྱིངས་ཉིད་ཡིན།། དེ་ནས་རྡོ་རྗེ་མཉམ་ཡིན་ནོ།། དངོས་གྲུབ་མྱུར་དུ་གྲུབ་འདོད་ན།། ཤིན་ཏུ་ཕྲ་ཞིང་ཟབ་པར ་བསྒོམ། ། བདག་དང་བདག་གི་གཞན་རྣམ་པ་ནི།། ཤན་དུ་མ་མིགས་དབྱིངས་སུ་བསྒོམ།། ཏིང་འཛིན་དེ་ནི་གོམས་པ་དང་།། ཐམས་ཅད་སྒྱུ་མ་མིག་ཡོར་དང་།། སྤྲུལ་པའི་ཚུལ་དེ་ཤེས་པར་བྱ།། དེ་བཞིན་ཡང་ནས་ཡང་གོམས་ནས།། ་དེ་ནས་ཕྲ་མོའི་ཏིང་འཛིན་བསྒོམ།། བྱིན་སྣད་བཅུད་ཧཱུཾ་དུ་བསྡུ།། གང་གྲུབ་ཡི་གེ་སོ་སོ་སྟེ།། སྤྱིར་ནི་གང་བསྒོམ་ཀུན་ཏུ་འང།། རྡོ་རྗེ་སེམས་དཔའ་ཉིད་དུ་འདྲ།། ཡན་ལག་ལྔ་དང་རྣམ་ཤེས་ཉིད།། ཡི་གེ་ཧཱུཾ་དུ་ཤིན་ཏུ་བསྡུ། ་དྲི་ཡི་མིག་གིས་བལྟར་ཡོད་པར།། ཡང་ནས་ཡང་དུ་འདྲིས་པ་དང་།། འོད་ཟེར་མང་པོ་འཕྲོ་བར་བྱ།། ཕྱོགས་བཅུ་དུས་བཞི་གང་བ་དང་།། སླར་ཡང་ཧཱུ~ཾ་ལ་བསྟིམ་པར་བྱ།། ཧཱུཾ་ཉིད་མི་དམིགས་དབྱིངས་སུ་ཐིམ།། ཐིམ་འགྱུར ་དབྱིངས་ནས་ཨ་དཀར་འབར། ། ཤིན་ཏུ་འཚེར་བར་གསལ་བསྒོམས་ལ།། ཐམས་ཅད་ཨ་རུ་གྱུར་པར་བསྒོམ།། དེ་བཞིན་ཉིད་དུ་འདྲིས་འགྱུར་ནས།། ཨ་ལས་ཉི་མའི་དཀྱིལ་འཁོར་སྤྲོ།། ཨེ་མ་གསལ་བར་འབྱོར་འགྱུར ་ནས། ། ཉི་ཟླ་གང་བའི་ཉི་ཟླར་བསྒོམ།། དྲི་གསལ་པ་དམ་ཆགས་མེད་བསྒོམ།། རིན་ཆེན་འབར་བའི་གཞལ་ཡས་བསྒོམ།། ཉི་ཟླ་གདན་དང་གཞལ་ཡས་ཁང་།། ཐམས་ཅད་བསྡུ་ཞིང་ཕྲ་བར་བསྒོམ།། དེ་བཞི་ཡི་གེ་ཧཱུཾ ་གནས་པས། ། མཐིང་ཀ་འཚེར་ལ་གནས་པ་ཡི།། འོད་ཟེར་འཕྲོ་བ་རྣམ་པར་བསྒོམ།། འོད་འཕྲོ་དབྱིངས་སུ་སླར་བསྡུས་ནས།། ཤིན་དུ་རྡོ་རྗེ་འོད་ཟེར་འཕྲོ་བར་བསྒོམ།། རྡོ་རྗེ་འོད་འཕྲོགས་ལ་འབར་ནས།། དབྱིངས་སུ་ཡང ་ནི་བསྟིམ་པར་བྱ། ། དེ་ཉིད་སེམས་དཔའི་སྐུར་གྱུར་ནས།། ཤིན་ཏུ་ཕྲ་ཞིང་འདུས་པར་བསྒོམ།། དེ་བཞིན་གཉིས་མེད་གསལ་འགྱུར་ནས།། སྐུ་གཅིག་རྡོ་རྗེ་དྲིལ་བུར་བསྒོམ།། དེ་བཞིན་ཉིད་དུ་གྱུར་པ་དང་།། དབུ་གསུམ་ཕྱག ་1་དུ། ། དུས་སྟ་གས་། 94་སདས་ཆུ་སསྷོ། ས་པ་བན་དུགས་། དང་། ག་རྣས་པ་། ག་དམུག ་དངས་པ་གསལ་བ་བཞི། ། ལ་གམས་རྟོགས་དགས་མེ་གང་ས།། ག་དབང་བབྱུང་བཞིན་དུ་གྲུབ།། མཁའ་ལ་འབྱུང་ག་འ་གནས། དྷཱ་བཛྲག་ང་རྣ་ས་འཕྲུལ། བྲག་ལ་སོགས་ཐགས ་འཛུལ། ། རྡུལ་མི་འབྱིང་མེས་མི་འཆེག། དུག་དང་མཚོན་གྱིས་འཇིགས་མི་འགྱུར།། མི་སྣང་བ་དང་མང་པོར་སྤྲུལ།། གཞན་ཡང་ཇི་ལྟར་འདོད་པ་བཞིན།། ལྷོ་སྲིན་རྣམས་ལ་དབང་བསྒྱུར་ཞིང་།། ཚེ་དང་དུས་ལ་སྲིན་བཏུང་དང་། ་སྟོང་གསུམ་ཡུངས་འབྲུར་བསྐྱེད་པ་དང་།། ཇི་ལྟར་དམིགས་པ་བཞིན་དུ་ཁྲུག།། སྦྲུལ་དང་གཅན་ཟན་གདུག་པ་རྣམས།། ཁྱི་བཞིན་ཕྱི་བཞིན་འབྲང་བར་འགྱུར།། བདུད་དང་གདུག་པ་ལ་སོགས་པས།། ཚུགས་པར་མི་འགྱུར ་བྲན་བཞིན་འགྱུར། ། ལུས་མ་སྤངས་པར་རིག་འཛིནས།། ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱིས།། ཡི་གེ་འཁོར་ལོ་ཚོགས་མཆོག་བརྙེས།། ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས།། སོ་སོར་ཐར་པའི་ལམ་ཡང ་སྟོན། ། འགྲོ་བ་མ་ལུས་དོར་ཡང་བྱེད།། ལས་རྣམས་ཐམས་ཅད་ཀུན་བྱས་ནས།། སྐྱེ་འཆི་མེད་པའི་གཡུང་དྲུང་ཐོབ།། མཚན་དང་དཔེ་བྱད་ཀུན་གྱིས་རྒྱན།། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྡན།། མཐར ་བྱིན་བྱ་བ་མེད་པར་འགྲུབ། ། བསྒྲུབ་མེད་བླངས་མེད་ཆོས་ཀྱི་དབྱིངས།། འགྲོ་མེད་འོང་མེད་དེ་བཞིན་ཉིད།། དེ་ལྟར་བསྒྲུབས་ཏེ་བསྒོམས་བྱས་ནས།། འབྲས་བུ་མངོན་དུ་མ་གྱུར་ཀྱང་།། ཚེ་རབས་སྐྱེ་བ་ཐམས ་ཅད་དུ། ། ལས་ངན་ཀུན་ཏུ་སྐྱེ་མི་འགྱུར།། ཐེག་པ་དམན་པར་ཡོད་མི་འགྱུར།། རྡོ་རྗེ་རིགས་མཆོག་འཛིན་པར་འགྱུར།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཤིན་ཏུ་གས ་བབྱ་བརྒྱད་དངོས་གྲུབ་ཐོབ་པར་བྱེད་པའི་ལེའུ་སྟེ་བདུན་བཅུ་རྩ་གསུམ་པའོ། ། ། དེ་ནས་དེ་བཞིན་གཤེགས་པ་རྒྱད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ་རྣམས་ཀྱི་ཕྲིན་ལས་འདི་གསུངས་སོ།། དང་པོ་བཞན། ་ཉིད་དུ་གསལ་ཞིང་འདྲིས་པར་བསྒོམ།། དེ་ནས་བདག་གི་སྙིང་ཁར་ཨ་གསལ་ཞིང་འཚེར་བ་གཅིག་བསྒོམ་མོ།། ཨ་དེ་ཤིན་ཏུ་གསལ་བར་གྱུར་པ་དང་ཕྱོགས་བཅུར་འོད་དུ་འཕྲོས་པར་བསྒོམ།། འོད་དེ་སླར་ཨ་ལ་བསྡུ་ཞིང ་བསྟིམ། ། མ་དང་ཨ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བ་སྟིམ་ཞིང་འཚེར་ལ་གསལ་བར་བསྒོམ།། དྲི་ལས་པད་མའི་དཀྱིལ་འཁོར་གསལ་བར་བསྐོམ།། དུ་ཤིན་ཏུ་འོད་འབར་བར་བསྒོམ། སྙིང་གི་དཀྱིལ་འཁོར་དུ་རྡོ་རྗེ་ས་མས ་དཔའ་མཚོན་གང་བ་གཅིག་ཕྱག་རྒྱ་དང་བཅས་པར་བསྒོམ། ། བཞི་བཅུ་རྩ་གཉིས་ཀྱི་སྔགས་དང་། ཡིག་འབྲུ་དང་། ཕྱག་རྒྱ་ཡང་གསལ་བར་བཟླས། འབྲུ་གསུམ་དང་འབྲུ་ལྔ་ཡང་བཟླས། འདུག་འབྲུ་བཞིས་མཚམས་བཅད། རྟག་ཏུ་ཧོས ་བྱ། ཚོགས་དང་མཆོད་པ་ཡང་བྱ། མང་པོ་མི་ནུས་པའི་དོན་དུ་ཧོམ་གང་གི་ཡང་རུང་། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོར་སྤྲི་ནི་རྡོ་རྗེ་སེམས་དཔའ་དྲག་པོ་ཡང་རྡོ་རྗེ། དབང་པད་པ་ཧེ་རུ་ཀ། རྒྱས་པ་རད་ན་ཏེ་རུ་ཀ། ཞི་བ་བུད་དྷ་ཧེ་རུ་ཀ། སྤྱན ་དྲང་པ་ནི་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་ཞེ་ས་ཧོ་མ་གང་བྱེད་པའི་ལྷ་གཙོ་བོ་ནས་སྤྱན་དྲང་། མཆོད་པ་དང་ཨརྒ་དབུལ་བ་ནི་དྲག་པོའི་མགོར་ནི་སྔགས་རིལ་ཧཱུཾ། ཞི་བ་ལ་མགོར་རི་ལ་ཨཾ། བར་མ་རྣམས་ལ་ཡང་དེ་བཞིན་སྦྱར། སྤྱན་དྲང་བི་ན་ག ་མཛད་པའི་གཅ་བོ་ནས་ཞིབ་ལ་ཤན་ཏིང་བསྟན། ། རྨྱི་ལ་སོ་སོ་རང་བསྔགས་རྫོགས།། དྲག་པོ་ལྷོ།། དབང་དྲུག་རྒྱས་པ་བྱང་། ཞི་བ་ཤར། སྤྱི་གང་ཡང་རུང་གྲུ་གསུམ་དང་། ཐོད་པ་ཁ་གདངས་སོ།། ཐག་མ་ངང་པད་། པད་མ་དང་། ཆགས་མེད ་ཕྱག་རྒྱ་རྣམ་པ་བདུན་ལ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཉིད་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ།། རྒྱུད ་ཀྱིརྒྱལ་བ་ཆེན་པོ་སྒྲ་འཕྲུལ་དྲ་བ་ལས་ས་མ་ན་པངས་བདུན་ཅན་པརྣམག། ། དེ་ནས་དེ་བཞན་གཤེགས་པདྷཱ་མཅན་པ་ཤཱ་འབྲལ་བ་ལས་དང་ཆུ་བ་ད་པ ་མདོ་འདི་ལྟར་ཡང་བཤད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། ཐམས་ཅད་མཉམ་པའི་ངང་ཉིད་དུ།། དབྱིངས་སུ་རོ་གཅིག་དེ་བསྡུས་ཏེ།། དོ་ནི་དམི་འགྱུར་ཡོད་མ་གསུངས།། ཡོན་ཏན་མཆོག་གི་འདོད་པ་ནི།། སྣང ་སྲིད་མ་ལུས་ཐམས་ཅད་ཀུན། ། མཉམ་པའི་ཞིང་དུ་སྦྱོར་བས་ན།། ཆགས་པ་མེད་པའི་ཚུལ་དུ་སྤྱོད།། འདི་ནི་རྣམ་དག་ལེགས་པའི་ལམ།། བྱང་ཆུབ་མཆོག་ཏུ་འགྲོ་བའི་གནས།། བདེ་ཆེན་མི་ཟད་གཏེར་དུ་འགྱུར།། ཅིས་ཀྱང་མི ་ཚུགས་རྡོ་རྗེའི་སྐུ། ། ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི།། ལུས་དང་ཟས་ཀྱིས་བསྒྲིབས་འགྱུར་ཏེ།། ཡི་དགྲ་གནས་ནས་གནས་སུ་འགྲོ།། སྐོམ་དང་བཀྲེས་པ་ཉོན་མོངས་འགྱུར།། རྣག་ཁྲག་ངན་སྔགས་རྟག་ཏུ་མཐོང་།། ་བདེ་ལ་སྤྱོད་པའི་དབང་ཡང་མེད།། སྡུག་ཅིང་གདུག་པས་བསྲུངས་པར་འགྱུར།། ཐུགས་རྗེ་ཆེན་པོའི་ཞེ་སྡང་ནི།། འཁོར་བའི་མྱ་ངན་སྒོ་བཅད་ཅིང་།། བདེར་གཤེགས་ལམ་དུ་འཛུད་པར་བྱེད།། ཡང་དག་དོན་དང་ལྡན་པར་འགྱུར།། ་ཐུགས་རྗེ་ཚུལ་གྱིས་ཁྲེ་སྟོན་ནིང་།། ཤིན་ཏུ་མཉམ་པའི་ངང་དུ་འཇོག། རྡོ་རྗེ་སེམས་དཔའི་ཞི་བ་ཡི།། ཡང་དག་མཆོག་གི་བདེ་བ་འགྲུབ།། ཡེ་ཤེས་གསལ་བའི་བདེ་བ་ནི།། བདག་དང་བདག་གི་དབྱེར་མེད་དང་།། རང་བཞིན ་མེད་པའི་དབྱིངས་སུ་རོལ། ། ཐམས་ཅད་བརྗོད་དུ་མེད་པའི་དང་།། ཀུན་དུ་ཁྱབ་པའི་སྐུ་མངའ་བ།། ཤིན་ཏུ་འོད་གསལ་རྣམ་དག་ལམ།། བྱང་ཆུབ་སེམས་དཔའི་སྒྲིབ་པ་སྤྱོད།། སེམས་ཅན་ཉོན་མོངས་དུག་སེལ་འགྱུར།། ་ཐམས་ཅད་ཞིང་སྦྱོང་ང་རྒྱལ་ནི།། ཡོན་ཏན་བསྐྱེད་པའི་མཛོད་ཡིན་ཏེ།། དེ་མེད་བདག་མེད་མི་དམིགས་ལ།། སུ་ཞིག་དེ་ལ་ང་རྒྱལ་སྐྱེད།། དཔུང་བཞིའི་ཚོགས་ཀྱིས་མི་ཐུབ་པའི།། ཤིན་དུ་རྒྱལ་བའི་ཁྱུ་མཆོག ་འགྲུབ། ། ལྷ་སྲིན་བ་དང་སྡེ་ཚར་བཅད་པའོ།། དཔའ་བར་འགྲོ་བའི་ཏིང་འཛིན་ཐོག།། ཕྲག་དོག་ཡངས་པའི་དོན་སྦྱོར་བ། ང་དང་བདག་མེད་དེན་རྟོགས་ན།། དོག་དང་ཡངས་པ་གཉིས་མེད་དེ།། བདེ་མཆོག་དཀྱིལ་འཁོར་ཡངས་རྦ ་འགྲུབ། ། ཕྲག་དོག་དངོས་པོ་མི་ཤེས་ཤིང་།། ང་དང་བདག་ཏུ་འཛིན་འགྱུར་ན།། ལྷ་མ་ཡིན་གྱི་གནས་སུ་སྐྱེ།། དེ་ནས་ཡི་དགས་གནས་སུ་འགྲོ།། གལ་ཏེ་ཡུལ་ས་རྙེད་གྱུར་ན།། ཤིན་ཏུ་མི་བདེ་དོག་པར་འགྱུར།། གཞན་ཡང ་སྤྱོད་ཐམས་ཅད་ལ། ། དབང་བྱར་མེད་ཅིང་གཞན་དབང་འགྱུར།། མདོར་ན་ཉོན་མོངས་སྡུག་བསྔལ་འགྲུབ།། ཕྲག་དོག་ཡང་དག་རྟོགས་པ་ནི།། ད་དང་བདག་ཏུ་འཛིན་པ་དང་།། ཕྱིན་ཅི་ལོག་ལ་ཕྲག་དོག་སྟེ།། ཐམས་ཅད་གཉིས ་སུ་མེད་པར་སྦྱོར། ། བདེ་བ་མཆོག་ཀྱང་འགྲུབ་པར་འགྱུར།། གཉིས་མེད་དོན་ཡང་རྟོགས་པར་འགྲུབ།། ང་མེད་བདག་མེད་དབྱིངས་སུ་ཐིམ།། ལྷུན་གྲུབ་དོན་མཆོག་འགྲུབ་པར་འགྱུར།། ཡིད་ལ་ལྷ་ནི་རྟག་བསྒོམས་ན།། རྒྱུ ་འབྲས་ལྷུན་གྱིས་གྲུབ་པ་ཡི། ། བདག་གི་ཀུན་དུ་དབང་བསྒྱུར་ཏེ།། རིག་འཛིན་གནས་སུ་སྐྱེ་བར་འགྱུར།། རྡོ་རྗེའི་རིགས་ཀྱིས་བསྒྲུབ་བྱ་བ།། སྒྲོལ་དང་སྦྱོར་བས་མཐར་ཕྱིར་འགྱུར།། སྦྱོར་བ་ཉིད་ནི་བསྣོལ་བ་ཡིན།། རང ་བཞིན་གྱིས་རི་སྤྱོར་སྒྲོལ་དང་། ། སྒྲོལ་བ་ཉིད་ན་སྦྱོར་བ་ཡིནེ།། ཏིང་ངེ་འཛིན་གྱིས་སྤྱོད་སྒྲོལ་དང་།། དབང་པོ་ཡུལ་དུས་སྐྱོང་སྒྲོལ་དང་།། ཐབས་ཆེན་དག་གི་སྦྱོང་སྒྲོལ་དང་།། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ།། ཡང་ན་སྦྱོར་སྒྲོལ ་བདག་ལ་སོགས། ། ཤེས་རབ་དབྱིངས་དང་བདག་དུ་སྦྱོར།། ཐབས་ཆེན་སྤྲུལ་པ་བསམ་མི་ཁྱབ།། དབྱིངས་དང་དབྱིངས་སུ་ཐམས་ཅད་སྒྲོལ།། རོལ་པའི་ཕྲིན་ལས་བསམ་མི་ཁྱབ།། ཐུགས་རྗེ་སྤྲུལ་པ་བསམ་མི་ཁྱབ། ་སྤོར་སྒྲོལ་ཕྲིན་ལས་བདག་ལ་རྫོགས།། བྱང་ཆུབ་སེམས་སྤྲུལ་ཕྱོགས་བཅུར་འཕྲོ།། ངན་སོང་གནས་རྣམས་སྟོངས་པར་བྱེད།། རིག་འཛིན་བདེ་ལྡན་ཐོབ་པར་བྱེད།། བླ་མེད་ཞིང་རྣམས་དག་པར་བྱེད།། སྐུ་གསུང་ལྷུན ་གྲུབ་ཕྱོགས་བཅུར་འདུལ། ། རྡོ་རྗེ་ཞེས་ནི་མཚན་བསྒྲགས་ཏེ།། ཐེག་དམན་རྣམས་ཀྱང་རྡོ་རྗེར་དགོད།། ཟད་ས་ཤེས་པའི་གཏེར་ཡང་འགྲུབ།། རྡོ་རྗེ་རིག་པ་འཛིན་པའི་སྐུ།། ཐམས་ཅད་དབྱེར་མེད་མཉམ ་པའི་སྐུ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག། ཐུགས་རྗེ་སྤྲུལ་པ་དཔག་མེད་ཀྱིས།། འགྲོ་དྲུག་དུས་གནས་མ་ལུས་མཁྱེན།། འགྲོ་བ་ཉིད་ན་ཉིད་ཀྱི་སྐུ།། ཉོན་མོངས་བྱང་ཆུབ་ལམ་དུ་མཁྱེན།། འཁོར་བ་ཉིད་ནི ་བདེ་གནས་སོ། ། ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ།། དབྱེར་མེད་ཡང་དག་ཉིད་དུའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་རྨད་དུ་བྱུང་བའི་དམ་ཚིག་བཅོ་ལྔ་འདི་ལྟར་ཡང་བཤད་པའི་ལེའུ་སྟེ་བདུན་ཅུ་རྩ་ལྔ ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པ་འདི་ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྤྲོས་པ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེ་སྡང་རྡོ་རྗེའི་ཐུགས་རྗེའི་ངང།། ་དམྱལ་བའི་གནས་རྣམས་ཚར་གཅོད་པའི།། བརྒྱད་གཉིས་བཅུ་དྲུག་ཞིང་དུ་སྦྱོར།། ཚ་བ་རྣམས་ལ་བསེལ་བའི་སྨན།། གྲང་བ་རྣམས་ལ་དྲོ་བའི་སྨན།། བསིལ་དྲོད་འབྱམ་རྔུབ་ཆེ་སྙོམས་པ།། ཐུགས་རྗེའི་བྱིན་རླབས་དེ་ལྟར་སྟོན།། ་བྱིན་རླབས་ཡ་མཚན་རྨད་པོ་ཆེ།། ཆགས་པའི་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། ཆགས་པ་མེད་པའི་ཚུལ་གྱིས་ནི།། འདོད་པ་ཀུན་ལ་ལོངས་སྤྱོད་བྱ།། ཇི་ལྟར་བདེ་བའི་རོ་མྱོང་ཞིང་།། མྱོང་ཚོར་ཉིད་ན་རང་བཞིན་མེད།། ཆགས་པ ་མེད་པའི་ཡེ་ཤེས་ཀྱིས། ། ཡི་དགས་གནས་རྣམས་ཚར་གཅོད་ཅིང་།། ལུས་དང་ཟས་ཀྱིས་བསྒྲིབས་པའི།། ཉོན་མོངས་གཉི་ག་མེད་པར་སྟོན།། གཏི་མུག་ཅེས་བྱ་བའི་དམ་ཚིག་ནི།། ང་དང་བདག་མེད་གཉིས་མེད་པའི།། ཤེས ་རབ་ཆེན་པོའི་འོད་གསལ་གྱིས། ། དྲན་སྨྲ་མེད་པའི་སྡུག་བསྔལ་བསལ།། རྨོངས་མེད་སྒྲིབ་པ་དག་པར་བྱས།། ཡེ་ཤེས་གསལ་བའི་ཐུགས་རྗེ་ཡིས།། བྱ་བྱེད་མེད་པར་ཉོན་མོངས་སྒྲོལ།། བྱོལ་སོང་གནས་ནི་སྟོངས་བྱེད་ཅིང་།། ་ཐུགས་རྗེའི་སྒྲོད་མ་དེ་ལྟར་སྒྲོན།། ཕྲག་དོག་ཅེས་བྱ་བའི་དམ་ཚིག་ནི།། ཡངས་པ་ཆེན་པོའི་ཡེ་ཤེས་ཀྱིས།། ང་དང་བདག་འཛིན་རྣམས་ལ་ནི།། ཐུགས་རྗེས་གཉིས་མེད་མཉམ་སྟོར་ཞིང་།། དག་དང་ཡངས་པ་གཉི་ག་མེད།། རྒྱ ་ཆེན་ཡངས་པའི་བློ་ལྡན་པས། ། འདི་ལ་མི་ཆུང་གང་ཡང་མེད།། ཐམས་ཅད་ཡངས་པ་ཉིད་དུ་སྦྱོར།། ལྷ་མ་ཡིན་རྣམས་སྟོངས་པར་བྱེད།། ང་རྒྱལ་བདེ་མཆོག་ཅེས་བྱ་བའི་དམ་ཚིག་ནི།། ཡེ་ནས་ཆོས་ཉིད་མཉམ་པ་ལ།། ང་དང ་ཁྱོད་ཅེས་བྱ་བ་མེད། ། ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ།། གཉིས་མེད་མཚན་ཉིད་བསྣན་དུ་མེད།། ཆེ་ཆུང་མེད་པའི་ངང་ཡིན་པས།། བྱ་བ་དག་ནི་མེད་པར་བསྟན།། ང་རྒྱལ་བདག་མེད་རྟོགས་པ་ཡིས།། དྲེགས་པའི་ཉེ་རྣམས་སྟོངས ་པར་བྱེད། ། རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི།། འཇིག་རྟེན་འདི་ན་ཅི་ཡོད་པ།། མིང་དང་ཐ་སྙད་འཛིན་པ་དག། སོ་སོའི་མཚན་ཉིད་གཞིག་བྱས་ནས།། རང་བཞིན་མེད་དེ་ཡང་དག་ཉིད།། རང་བྱུང་ཆེན་པོའི་ཡེ ་ཤེས་ཀྱིས། ། ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར།། མ་བཅོས་མ་བྱས་དང་གིས་གསལ།། ཡེ་ནས་འོད་གས་ལ་སངས་རྒྱས་ཞིང་།། ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི།། རང་བཞིན་ཉིད་ལ་གནས་པ་ཡིན།། ་སུས་ཀྱང་མ་བྱས་རང་བྱུང་སྟེ།། ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར།། གཉིས་མེད་དབྱིངས་ཀྱི་རང་དུ་ཐིམ།། རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས།། མ་ལུས་དེ་བཞིན་ཉིད་དུ་བསྡུད།། སྡུད་དང་མི་བསྡུད་གཉི་ག་མེད།། ་ཡང་དག་འོ་ན་ཉིད་དུའོ།། བདེ་བའི་ངང་ཉིད་ཅེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་མ་ལུས་རྣམ་པར་དག། ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར།། བདེ་དང་མི་བདེ་གཉི་ག་མེད།། ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ།། ཇི ་བཞིན་ཉིད་ཀྱི་རང་བརྩམ་པར། ། ཡང་དག་ཉིད་ཀྱིས་དེ་སྐད་གསུངས།། བཤད་དང་ཉན་པའང་གཉི་ག་མེད།། དེ་བཞིན་ཉིད་དུ་གཉི་ག་འདུ།། དུས་བཞི་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི།། གོང་ན་མེད་པའི་ཡེ་ཤེས ་བཅོ། ། ཐམས་ཅད་ཀུན་ལ་དབང་བསྣ་།། ཐམས་ཅདམཉམ་པ་ཉིད་ང་སྟོད།། དས་དང་མ་འོངས་ཐམས་ཅདདང།། བྱུང་དང་། འབྱུང་བ་མངས་པའོ།། ཡེ་ཤས་རྟགས་པའི་ཁྱང་བར་གྱིས།། དུས་པཞི་སཿ། ་མེད་པ་ཡི།། མཉམ་པ་ཉིད་དུ་ལྷན་ནེར་སྐྱོད།། ལྡན་གྲུབ་ཅེས་བྱ་བའི་དམ་ཚིག་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཐམས་ཅད་དབྱེར་མེད་བྱང་ཆུབ་སྟེ།། ཡེ་ནས་རྣམ་པར་དག་པའི་ཆོས།། མ་བཅོས་ལྡན་གྱིས་གྲུབ་པ་ཡི།། བྱང་ཆུབ ་ཆེན་འདི་ཡིན་ཏེ། ། ཐམས་ཅད་དབྱེར་མེད་ཉིད་དུ་འདུས།། བྱང་ཆུབ་དོན་སྒྲུབ་ཡེ་ནས་རྫོགས།། མཉམ་པའི་ཞིང་དུ་ཐམས་ཅད་ཐིམ།། རྡོ་རྗེ་སྐྱེ་གནས་ཞེས་བྱ་བ་འདི་མ་ཚིག་ནི།། ཐེག་པ་ཆེ་མཆོག་རིགས་སུ་ངེས།། རིགས་ཏེ་བྱང་ཆུབ ་བསྟན་པས་བཟུང་། ། ཐམས་ཅད་མཉམ་པའི་དབྱིངས་ཤེས་ན།། རིགས་མཆོག་ཀུན་གྱི་སྐྱེ་གནས་ཡིན།། སྐྱེས་པ་ཉིད་ན་སྐྱེས་པ་མེད།། ལས་དང་ལས་ཀྱི་བག་ཆགས་མེད།། ཅིས་ཀྱང་མ་གོས་ཐམས་ཅད་འཇོམས།། སྐྱེ་ཤི་མང ་པའི་ས་ཡང་ཡིན། ། བྱང་ཆུབ་ཀྱི་ཞིང་བཀོད་པའི་དམ་ཚིག་ཅེས་བྱ་བ་ནི།། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི།། སྣང་གྲགས་བསམ་གྱིས་མི་ཁྱབ་པའི།། ཕྱི་དང་ནང་གི་གནས་པ་དག། དེ་བཞིན་ཉིད་ཀྱི་དབྱིངས་སུ་ཐིམ།། མདོར ་ན་ཞིང་ཁམས་མ་ལུས་པར། ། ཡོན་ཏན་རིན་ཆེན་བཀོད་པ་ཡི།། ཡེ་ཤེས་རྒྱན་གྱིས་སྤྲོས་པ་རྣམས།། ཞིང་དེ་ཡོན་ཏན་བསམ་མི་ཁྱབ།། ཡེ་ཤེས་བཞུགས་གནས་ཤེས་བྱ་བའི་དམ་ཚིག་ནི།། བཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དེ ་བཞིན་གཤེགས་པ་ཀུན་གྱི་གནས། ། གསང་སྔགས་ཆེན་པོ་སྒྲུབ་འདོད་པས།། བཟུང་འཛིན་བྲལ་བའི་ཡེ་ཤེས་ཐོབ།། ཆོས་ཀྱི་དབྱིངས་དང་སེམས་ཅན་ནི།། གཉིས་མེད་དེ་བཞིན་ཉིད་དུ་གཅིག། དེ་ལྟར་རྟོགས་པའི་སྐྱེས་བུ་ནི།། ་རྡོ་རྗེ་བཞུག་གན་ཡིན་པར་བཤད།། མི་འཇིགས་པའི་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི།། རྣམ་པར་བྱང་དང་ཉོན་མོངས་གཉིས།། སོ་སོ་ཡོད་པ་མ་ཡིན་ཏེ།། ཉོན་མོངས་གཉེན་པོས་བཅོས་སུ་མེད།། ཐམས་ཅད་དབྱིངས་སུ་ར ་གཅིག་པས། ། དེ་ལ་འཇིགས་པའི་གཉེན་པོ་མེད།། ཅིས་ཀྱང་མི་ཚུགས་གོང་ན་མེད།། མཆོག་ཏུ་བདེ་བའི་ཞིང་ཡང་ཡིན།། ང་མེད་བདག་མེད་རྒྱལ་མའི་མཆོག། གཞལ་ཡས་ཁང་རྟེན་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས ་བཞི་ཐམས་ཅད་ཀུན། ། རྒྱལ་བའི་ཞིང་དུ་སྦྱོར་བ་ནི།། དོག་ཡངས་ཆེད་ཀྱང་དཔག་ཏུ་མེད།། སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན།། ཡེ་ཤེས་རྒྱུ་ལས་གྲུབ་པའོ།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཟག་པ་ཟད་ལས་གྲུབ་པ་ཡི།། ་ནམས་ཀྱང་འཇིགས་མེད་ཆོས་ཀྱི་དབྱིངས།། སྣ་ཚོགས་ཀུན་སྦྱོར་ཞེས་བྱ་བའི་དམ་ཚིག་ནི།། གདོལ་པ་ཅན་གྱི་ཆོས་མིན་པས།། ཇི་ལྟར་བསམས་པ་བཞིན་དུ་གྲུབ།། རིག་པ་རང་དབང་གྱུར་པས་ན།། སྟོང་པར་བྱའམ་མི་སྟོང་བྱ། ་ཐམས་ཅད་དབྱེར་མེད་དང་ཡིན་པས།། ཁ་དོག་དབྱིབས་དང་རིན་པོ་ཆེ།། ཐམས་ཅད་ཁྱབ་པར་ཡུངས་འབྲུའི་ཚུལ།། བསམ་ཡས་མཐའ་དབུས་མེད་པའོ།། འདྲེན་བྱེད་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི།། མ་རིག་ལོག་ཏོག་པས ་ཡས་ཀྱིས། ། འཇིག་རྟེན་ཁམས་རྣམས་བསམ་ཡས་པ།། འཁོར་བའི་རྒྱུ་དང་འབྲས་བུ་གཉིས།། གཞི་རྩ་མེད་པའི་སྐད་ཅིག་མ།། ཡང་དག་བྱང་ཆུབ་སེམས་རིག་ན།། མ་རིག་རྒྱུ་འབྲས་རྣམ་པར་དག། ཉོན་མོངས་པ་ཉིད་བྱང་ཆུབ་སྟེ། ་ཐམས་ཅད་མ་ལུས་བདེ་གནས་སོ།། ལམ་ལྔ་སྟོན་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཏིང་འཛིན་རྣམ་གསུམ་བསྒོམ་བྱས་ཏེ།། ཉོན་མོངས་ལམ་ལྔའི་སྒོ་བཀག་ནས།། ལམ་ལྔར་སྣང་བ་རྣམ་རྟོག་ཡིན།། རྟོག་དང་མི་རྟོག་གཉི་ག ་མེད། ། གཉིས་མེད་དེ་ནི་ཡང་དག་ལམ།། ཐབས་དང་ཤེས་རབ་དང་ཉིད་དུ།། ཤིན་ཏུ་མཉམ་བཞག་རྟོགས་བྱ་ཞིང་།། བླ་ན་མེད་པ་སྟོན་པར་བྱ།། ཡང་དག་དོན་སྟོན་ཞེས་བྱ་བའི་དམ་ཚིག་ནི།། ཐེག་པ་བསམ་ཡས་སྟོན་པ་ཡང་།། དེ་བ ་ཉིད་ཀྱིས་མ་བརྗོད་ཀྱང་། ། སེམས་ཅན་བློའི་རིམ་ཟ་བཞིན།། སོ་སོར་འཚམ་པར་ཀུན་ལ་གསལ།། འདི་ནི་རྡོ་རྗེ་ཐེག་མཆོག་སྟེ།། རྒྱ་མཚོ་ཀྲུང་དུ་ཆུ་འབབ་བཞི།། ཐམས་ཅད་ཆུ་ཡི་ངོ་བོ་ཉིད།། ཐེག་པ་ཐམས་ཅད་རྡོ་རྗེའི་ས།། རབ་ཏུ ་ཏོག་བྱེད་ཅེས་བྱ་བའི་དམ་ཚིག་ནི། ། ཤེས་རབ་བློ་ཆེན་དབ་ལྡན་པས།། དོན་དུ་མི་འགྱུར་ཡོད་མ་གསུངས།། སྲིད་གསུམ་འགྲོ་བ་བས་མ་ཡས་སུ།། ཐུགས་རྗེ་སྙོམས་པ་བས་མ་མི་ཁྱབ།། དོན་དང་འཐུན་པ་འབར ་ཤིག་སྟོན། ། མི་མཐུན་ཞགས་པ་འཁོར་བ་གཅོད།། བདེར་གཤེགས་ཞིང་རྣམས་དག་པར་བྱེད།། ཐམས་ཅད་དབྱིངས་སུ་དག་པར་འདུས།། མྱུར་བྱེད་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི།། རང་རིག་ཡེ་ཤེས་དབང་ཐོབ་ནས།། དཀར་པོ ་མཚན་གྱིས་མདོག་སྒྱུར་བཞིན། ། དུག་ཀྱང་སྨན་དུ་འགྱུར་བ་དང་།། དེ་བཞིན་བྱང་ཆུབ་དུག་གསུམ་སྟེ།། འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར།། ཉོན་མོངས་སྡུག་བསྔལ་ཐར་བྱེད་ལམ།། ཐར་དང་མཐར་གཉིས་མེད་ན།། ཐམས་ཅད་མ ་ལུས་བྱང་ཆུབ་རྒྱུ། ། མཉམ་རྫོགས་ལྷུན་གྲུབ་ཅེས་བྱ་བའི་དམ་ཚིག་ནི།། ཡེ་ཤེས་སྒྱུ་མར་སྣང་བ་དང་།། ལོ་ཏོག་སྒྱུ་མར་སྣང་བ་གཉིས།། སྒྱུ་མ་ཡིན་པས་རང་བཞིན་མཉམ།། མཉམ་པ་ཉིད་ན་མི་གནས་པའི།། བསོད་ནམས ་ཡེ་ཤེས་ཚོགས་རྫོགས་ཏེ། ། ཡེ་ཤེས་གཉིས་ཀྱིས་དཀྱིལ་འཁོར་ལ།། ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས།། དཔེ་བྱད་བཟང་པོ་དཔག་ཏུ་མེད།། ཐམས་ཅད་དབང་བསྐུར་ཞེས་བྱ་བའི་དམཚིག་ནི།། ཤིན་ཏུ་རྟོགས་པའི ་ཁྱད་པར་གྱིས། སྤྱོད་ཡུལ་ཐམས་ཅད་སྨོན་ན་མཁྱེན།། དེ་བཞིན་ཉིད་དང་ཀུན་རྟོག་ལ།། གཉིས་སུ་མེད་པས་དབང་བསྐུར་ཏེ།། མ་ལུས་ཐམས་ཅད་བདེ་ལྡན་ཞིང་།། ཐམས་ཅད་བྱང་ཆུབ་མཆོག་ཏུ་འགྱུར།། ཡེ་ནས་དངོས་པོ ་མེད་པ་ལ། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། རིག་འཛིན་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི།། ཤེས་རབ་རྣམ་གསུམ་གོམས་བྱས་ནས།། ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ།། རྟག་ཏུ་ཡངས་པ་ཆེན་པོ་བསྒོམ།། ་རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི།། རང་རིག་ཉིད་ལ་དབང་ཐོབ་སྟེ།། ཚེ་ནི་བཅུ་དང་དྲུག་པ་ཡིན།། བརྒྱ་བརྒྱ་དང་དུ་བསྣུར་ཞིང་གནས།། ལུས་མ་བོར་བར་སངས་རྒྱས་པའོ།། ཟད་མེད་གཏེར་ལྡན་ཞེས་བྱ་བའི་དམ་ཚིག་ནི།། ཤེས། ་རབ་ཆེན་པོ་རྣམ་དག་པས།། སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར།། ཤེས་དང་སྤྱོད་ཡུལ་གཉིས་སུ་མེད།། དེ་བཞིན་ཉིད་དུ་རོ་གཅིག་སྟེ།། ཐམས་ཅད་རྒྱལ་བའི་ཞིང་སྦྱོར་བས།། ཟད་མེད་རིན་ཆེན་གཏེར་དུ་འགྱུར།། མི་ཟད་པར། ་ལྡན་དམ་ཚིག་མཆོག། འོག་མིན་མཐའ་དབུས་བསམ་མི་ཁྱབ།། བསྒྲུབ་མེད་མཉམ་རྫོགས་ཞེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ།། རང་བྱུང་ཡེ་ཤེས་འཕྱོ་བ་ཡི།། དབྱིངས་དང་རིག་པ་ག ་མེད་པའི། ། དེ་བཞིན་ཉིད་དེ་རྡོ་རྗེ་རིགས།། ཐམས་ཅད་གཉིས་སུ་མེད་པ་ལ།། བསྒྲུབ་དང་བསྒྲུབ་པ་ཡོད་མ་ཡིན།། ཡེ་ནས་ལྷུན་གྱིས་གྲུབ་པ་ལ།། དེ་ལམ་ལམ་གྱིས་བཅོས་སུ་མེད།། ཐམས་ཅད་བྱིན་གྱིས་རློབ་པ་ཞེས ་དམ་ཚིག་ནི། ། ཆོས་རྣམས་ཡེ་དག་གྱུར་པ་ཡང་།། ཕྱིན་ཅི་ལོག་གི་བློ་ལོག་ནས།། ལོག་རྟོག་གནས་ན་ལོངས་སྤྱོད་པ།། མ་རིག་འཁྲུལ་འཁོར་བསམ་མི་ཁྱབ།། འཁྲུལ་རྟོག་ངན་པ་བཟློག་པའི་ཕྱིར།། ཐུགས་རྗེ་ཆེན་པོ་ཐབས། ་མཁས་པས།། ཉོན་མོངས་འདྲེན་ཅིང་མཐོ་རིས་གནས།། བྱང་ཆུབ་ལ་མཆེན་རྟོགས་པར་སྟོན།། གསུང་མཆོག་མཐའ་ཡས་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མིང་དང་ཚིག་ཏུ་བརྟགས་ན ་སྟོན། ། ཇི་སྙེད་མང་པོའི་དོན་བརྗོད་ཀྱང་།། རྡོ་རྗེ་གསུང་ལ་སྤྲོས་པ་མེད།། སྤྲོས་མེད་དེ་ནི་སྣ་ཚོགས་པའི།། ཀུན་ཏུ་བརྡའ་འཇལ་ཡེ་ཤེས་གསུང་།། སྒྲ་དང་མིང་ཚིག་ཀུན་ལས་འདས།། ཐམས་ཅད་པད་མ་ཆགས་མེད་པའོ།། ་བསྐུར་བ་ཟད་མེད་ཅེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། སྣང་སྲིང་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་ཀྱི་དབང་བསྒྱུར་ཏེ། ཐམས་ཅད་ཡེ་ཤེས་དབྱིངས་སུ་བསྟིམ།། ཟད་མེད་ཡེ་ཤེས་གཏེར ་ལྡན་པས། ། ཐུགས་རྗེ་བྱིན་རླབས་པ་སམ་མི་ཁྱབ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོར་དོན་རྟོགས་རྣམ་པར་དག། ཐམས་ཅད་སྐད་འཇལ་ཞེས་བྱ་བའི་དམ་ཚིག་ནི།། ཐར་པའི་དཀྱིལ་འཁོར་འབུམ་ཕྲག་དང་། འགྲོ ་དྲུག་དུས་གནས་མ་ལུས་ལ། ། གསུང་གཅིག་ཚིག་ཏུ་མ་བརྗོད་ཀྱང་།། སྔོན་གྱི་ཐུགས་རྗེ་བྱིན་རླབས་ཀྱིས།། ཐར་དང་མཐར་གཉི་ཀ་ལ།། སོ་སོ་ཇི་ལྟར་འདོད་པ་བཞིན།། ཆོས་ཀྱི་གསུང་མཆོག་དམ་པ་ཡིས།། ་ཐར་པའི་བསྐུལ་ཞིང་ངན་སོང་སྤྱོད།། རང་རིག་དབང་བསྐུར་ཞེས་བྱ་བའི་དམ་ཚིག་ནི།། ཕྱོགས་དུས་བསམ་གྱིས་མི་ཁྱབ་པ།། དེ་ན་ཇི་སྙེད་ཡོད་པ་ཡི།། མཚན་མ་སྣ་ཚོགས་བརྟགས་པ་ཡང་།། རང་རིག་རྣམ་པར་རྟོག་པ་ཉིད།། ་སངས་རྒྱས་ཞིང་ཁམས་རབ་འབྱམ་ན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་།། སྤྲུལ་པ་བསམ་ཡས་འབྱུང་བ་ཡང་།། ཡེ་ཤེས་སྤྲུལ་པར་དག་པའི་ཡུལ།། ཡི་གེ་མེད་འཇལ་ཞེས་བྱ་བའི་དམ་ཚིག་ནི།། ཡི་གེ་ཚིག་དང་། ་སྒྲ་སྤངས་པའི།། བརྗོད་མེད་དང་དུ་གནས་པ་ནི།། གསུང་ཉིད་རང་བཞིན་མེད་པ་ཡི།། ཆོས་རྣམས་ཐམས་ཅད་ཡེ་ནས་དག། ཐམས་ཅད་ཐུགས་སུ་གྱུར་པས་ན།། སྒྲ་དང་ཚིག་ལ་གནས་པ་མིན།། ཐུགས་ལ་ཐུགས་ནི་མགནས ་པའོ། ། བདུད་སྡེ་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི།། ཉོན་མོངས་པ་ཉིད་རྣམ་པར་དག། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། བདག་ཉིད་ལྷའི་དཀྱིལ་འཁོར་ཏེ།། སྐྱེ་ཤི་མེད་པའི་གཡུང་རུང་གནས།། བདུད་བཞི་བཅོམ་པའི ་སྟེས་མཆོག་གིས། ། དྲེགས་པ་ཆེན་པོ་ཐམས་ཅད་བཅོམ།། མ་རིག་ལོག་འདྲེན་འདུལ་བཅད་དེ།། ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཐིམ།། སྟོང་གསུམ་ཀུན་གྲགས་ཞེས་བྱ་བའི་དམ་ཚིག་ནི།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ།། འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི།། ཐམས་ཅད་གདུལ་བྱ་ཆུང་མ་ཟོས།། ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་།། ་ཡེ་ཤ་བ་སྔགས་ཆན་ཀུན་དུ་སྟོན།། ཡེ་ཤེས་གསུང་མཆོག་ཅེས་བྱ་བའི་དམ་ཚིག་ནོ།། འདས་དང་མ་འདས་ཐམས་ཅད་ཀུན།། ཡང་དག་ཤེས་པས་རབ་བརྟགས་ན།། རང་བཞིན་མེད་ལ་ཅིང་ཡང་སྣང་།། སྣང་བ་ཉིད་ན་དབྱིངས་ཉིད་དེ།། ་དེ་ལྟར་རྟོགས་པའི་ཡེ་ཤེས་ནི།། ཀུན་ལ་དབང་བསྒྱུར་རང་དབང་ཅན།། ཐམས་ཅད་ཚིག་གི་སྒྲ་ལྟར་སྣང་།། འདི་ནི་ཡེ་ཤེས་གསུང་མཆོག་ཡིན།། བསམ་ཡས་ཡེ་ཤེས་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་བསམ ་གྱིས་མི་ཁྱབ་སྟེ། ། མཐའ་དང་དབུས་མེད་ཀུན་དུ་ཁྱབ།། ཁྱབ་དང་ཁྱབ་མེད་རྡོ་རྗེའི་གསུང་།། སྒྲ་སྐད་སྣ་ཚོགས་བསྒྲགས་པ་དང་།། དངོས་པོ་མེད་ལ་དངོས་པོའི་སྒྲ།། ཇི་ལྟར་པི་པར་ལག་ཐོགས་ན།། སྒྲ་ནི་སྣ་ཚོགས་འཐུང་འགྱུར ་ཡང་། ། དངོས་པོ་མེད་པ་དེ་བཞིན་ཉིད།། ཕྱོགས་དུས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི།། ཕྱོགས་བཅུ་མ་ལུས་ཐམས་ཅད་དང་།། དུས་བཞིར་འབྱུང་བ་མ་ལུས་ཀུན།། ཕྱོགས་དང་སྔ་ཕྱི་མེད་པ་ཡི།། ཐམས་ཅད་དེ་བཞིན་ཉིད ་ཀྱི་དབྱིངས། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོར་སྣང་བ་ཐམས་ཅད་ཀུན།། རང་རིག་རྒྱལ་པོར་ཡང་དག་འདྲ།། རང་རིག་དེ་ཉིད་ཐམས་ཅད་ཡིན།། འཇིགས་མེད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི།། འདུས་མ་བྱས་ཉིད ་འདུས་བྱས་ཡིན། ། འདུས་བྱས་སྡང་དང་མི་སྣང་གཉི་ག་མིན།། ཡོད་དང་མེད་པའང་དབྱེར་མེད་དེ།། རང་བཞིན་ཡེ་ནས་དག་པ་ཡིན།། མ་བཅོས་མ་བྱས་དང་གིས་གསལ།། འཇིག་དང་བཞིག་པར་བྱ་བ་མིན།། ཅིས་ཀྱང་མི་ཆུག ་རྡོ་རྗེའི་བདག་ཅེས་གསུངས་སོ། ། དེ་བཞིན་སུ་ཉིད་ཅེས་བྱ་བའི་དམ་ཚིག་ནི།། དེ་བཞིན་ཞིང་ཁམས་བསམ་ཡས་དང་།། འགྲོ་བ་མ་ལུས་ཐམས་ཅད་ལ།། ཐར་པ་རྣམས་ལ་དག་པའི་སུ།། རྟོག་པ་ཅན་ལ་འཁོར་བའི་ལུས། ་སོ་སོར་འཇབ་པར་དོར་སྟོན་ཅིང་།། སྟོན་པ་ཉིད་ལ་དངོས་པོ་མེད།། ཆུ་ཟླའི་ཚུལ་དཀུན་ལ་སྣང་།། ཀུན་ལ་དེ་ལྟར་རྟོག་པར་བྱོས།། ལྷན་གྲུབ་པདེ་གནས་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ལ ་བྱང་ཆུབ་སྙིང་པོ་ཡོད་པ་ལྟར། ། རང་བཞིན་ཡེ་ནས་འོད་གསལ་བའི།། བྱང་ཆུབ་སྙིང་པོར་ཐམས་ཅད་འདུས།། ཕྱི་ནང་མ་ལུས་ཐམས་ཅད་ཀུན།། བདག་གི་དང་དུ་གནས་པས་ན།། བདག་ལ་བདག་གིས་དབང་བསྒྱུར་ནས།། ་སྤྱོད་ཡུལ་ཐམས་ཅད་སྨོན་མི་དགོས།། ཆེ་མཆོག་རྣམ་དག་ཅེས་བྱ་བའི་དམ་ཚིག་ནི།། རིག་པའི་རྒྱལ་པོ་རང་གྱུར་པས།། ཐམས་ཅད་ཀུན་ལ་དབང་བསྒྱུར་བ་སྟེ།། གོང་ན་མེད་པའི་ས་མནན་པས།། ཐམས ་ཅད་ཀུན་གྱི་གཙོ་བོ་ཡིན། ། ཐམས་ཅད་མ་ལུས་གཉིས་མེད་པས།། བསྒོ་དང་བསྒོ་བར་བྱ་བ་མིན།། དེ་བཞིན་ཉིད་ལ་དབང་བསྐུར་བས།། ཐམས་ཅད་དབྱིངས་སུ་རོ་གཅིག་གོ། ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི ་དམ་ཚིག་ནི། ། ཕྱི་ནང་སྣོད་བཅུང་བདག་རྣམས་ལ།། རང་བཞིན་དཀྱིལ་འཁོར་ཡེ་ནས་གནས།། ཆེན་པོའི་གཟུགས་སྣང་ཐམས་ཅད་ནི།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཉིད།། སྒྱུ་མའི་རྩལ་རྣམས་འཛིན་འགྱུར་བའི།། ་དེ་བཞིན་ཡུམ་གྱི་དཀྱིལ་འཁོར་རོ།། རང་རིག་བྱང་ཆུབ་དཀྱིལ་འཁོར་ཏེ།། ཐམས་ཅད་ཀུན་ནས་འཁྱིལ་བར་གནས།། ཟད་མེད་གཏེར་ཆེན་ཞེས་བྱ་བའི་དམ་ཚིག་ནི།། ཟག་བཅས་གནོད་སྦྱིན་ནོར་དང་འདྲ།། སེམས་ཅན་འཕེལ ་འགྲིབ་ཟད་འགྱུར་གྱི། ། དེ་བཞིན་གཤེགས་པའི་ཡོན་ཏན་ནི།། ཟད་མེད་འཕེལ་འགྲིབ་མེད་པ་ཡི།། མང་པོ་སྤྲོས་པས་འཕྲོ་མི་འགྱུར།། ཉུང་ངུ་བསྡུས་པས་སྦོམ་པོ་མིན།། ཟད་མེད་རིན་ཆེན་གཏེར་ཡིན་པས།། ཐམས་ཅད ་ཀུན་ལ་ཁྱབ་པའོ། ། རྣམ་དག་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ཡེ་ནས་རྣམ་པར་དག་པ་ལ།། རྣམ་རྟོག་རྐྱེན་གྱིས་བློ་ཟུར་དུ།། ཁམས་གསུམ་འཁོར་བའི་བཙོན་རང་ག་ནས།། རང ་རིག་སྒྲིབ་མེད་དག་པ་ཡིས། ། མྱ་ངན་འདས་དང་འཁོར་བ་གཉིས།། རང་བཞིན་མེད་པར་དོན་རྟོགས་ན།། སངས་རྒྱས་ཞིང་དུ་རྣམ་པར་དག། བཟུང་འཛིན་དྲིལ་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ན། ་བདག་དང་བདག་གིར་སོ་སོར་སྣང་།། དེ་ལ་འཛིན་པ་གཉིས་ཞུགས་ནས།། རང་བཞིན་མེད་བཞིན་སོ་སོར་སྣང་།། ཡང་དག་རྟོགས་པས་རབ་བརྟགས་ན།། དངོས་པོ་ཐམས་ཅད་སྟོང་པ་ཡི་ནི།། དངོས་དང་དངོས་ཉིད་མིག་ནས་པ། ་དེ་རྟོགས་སྡུག་བསྔལ་བྲལ་བྱེད་ཡིན།། ཡུམ་འགྱུར་དབྱིངས་ཕྱག་མའི་དམ་ཚིག་ནི།། འབྱུང་བ་ལྔ་ལ་རྟེན་འགྱུར་ན།། ཐམས་ཅད་འབྱུང་ཞིང་མ་ལུས་གནས།། སྐྱེ་འཁྲུད་མ་ལུས་གཞི་ཡང་ཡིན།། ཐམས་ཅད་ཀུན ་ཀྱི་ཆུ་ཡང་ཡིན། ། དེ་བཞིན་ཤེས་རབ་རྣམ་གསུམ་གྱིས།། ལེ་ལོ་མེད་པའི་བརྩོན་པ་འབོད།། དེ་བཞིན་དབྱིངས་ཉིད་རྟོགས་གྱུར་ན།། བླ་མེད་བྱང་ཆུབ་འབྱུང་བའི་གནས།། ཆོས་ལ་སྐྱོན་མེད་ཅེས་བྱ་བའི་དམ་ཚིག་ནི།། ་བླ་ན་མེད་པའི་དཀྱིལ་འཁོར་དང་།། ངན་སོང་གནས་རྣམས་མ་ལུས་ཀུན།། རྒྱུ་ཉིད་རང་བཞིན་གཉི་ག་གང་།། རང་བཞིན་ཡེ་ཤེས་དེ་བཞིན་ནོ།། འབྲས་བུ་རྣམ་པར་དག་པ་ཡིན།། འཇིག་རྟེན་བརྟན་གཡོ་ལ་སོགས་པ།། ་སྣང་བ་ཉིད་ན་ངོ་བོ་མེད།། དེ་ཉིད་ཆོས་སྐུ་ཆེན་པོ་ཡིན།། སེམས་ཅན་དོན་བྱེད་ཅེས་བྱ་བའི་དམ་ཚིག་ནི།། བྱང་ཆུབ་སེམས་སུ་དོན་གཅིག་པས།། རྩ་བ་སྙིང་རྗེ་ཆེན་པོ་འབྱུང་།། ཐབས་ཀྱི་ཕ་རོལ་ཕྱིན་པ་སྤྱོད།། ཉོན་མོངས ་ལམ་ནས་འགྲོ་བར་བྱེད། ། ཉོན་མོངས་ཁམས་གསུམ་གནས་པ་ཡང་།། ཕྱིན་ཅི་ལོག་ཉིད་སྣང་བ་ཡིན།། དེར་རྟོགས་མཐོ་རིས་ཐར་པའོ།། རྟོགས་ནས་དོན་འཛིན་ཅེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་ལྷུན་གྱིས ་གྲུབ་པ་དང་། ། སྒྱུ་མ་མིག་ཡོར་ཚུལ་ཤེས་པ།། གཉི་ག་རང་རིག་ཉིད་དུ་འདུས།། དེ་ཉིད་ཡང་དག་ཡིན་པར་བཤད།། སྒྲ་དང་ཚིག་ཏུ་བརྗོད་པ་ནི།། ཡང་དག་དོན་གྱི་སྙིང་པོ་འབྱིན།། མིང་ཚིག་སྒྲ་ལ་མི་རྟེན་པར། ཁྲུ ་གཏིང་དུ་གོ་བར་བྱ། ། སེམས་ལ་གནས་བཅས་ཞེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སེམས་ཉིད་ལས་ནི་གཞན་ན་མེད།། སེམས་དང་ཆོས་སུ་དབྱེར་མེད་པས།། བྱང་ཆུབ་ལམ་དེ་རིང་བ་མིན།། ་གང་ནས་མ་འོངས་གར་མི་འགྲོ།། རྟོག་མེད་རང་རིག་ཁོ་ན་ཙམ།། སངས་རྒྱས་སེམས་ཅན་སེམས་ལ་གནས།། བརྗོད་མེད་སྤྲོས་མེད་ཅེས་བྱ་བའི་དམ་ཚིག་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པའོ།། སྣ་ཚོགས་ཇི་སྙེད ་བརྡུད་པ་ཡང་། ། མམའམཅན་བྱུང་མ། གས་པ།། བརྫུན་པ་ང་བཛུད་པ་དང་།། བསོད་རྣམས་ཅནཔས་པསྟངས་བྱའོ།། སུངས་རྒྱས་ཉིད་ཉི་དགས་འོ།། ཤུགས་འདུས་ག ་གནས། ། དེ་ཉིད་དབྱིངས་ལས་སྤྲོས་པ་མེད།། མི་འགྱུར་ད་རྫོགས་ཤེས་བྱ་བའི་དམཆོག་ནི།། ནམ་དག་སྐུ་གསུང་སྤྲུལ་བ་དང་།། ཆེ་མཆོག་ས་ཚོགས་བསྟན་པ་ཡང་།། བྱང་ཆུབསེམས་ལ་སྣང་འགྱུར་ཏེ།། སྣང་བ་ཉི ་ནདབྱངས་སུ་འདྲ། ། བྱིན་ཅི་ལོག་གཡོ་བས་མ་ཡས་ཀྱིས།། ཁམས་གསུམ་གནས་དང་ལམ་ལྔར་འཁོར།། དེ་ཉིད་ལོག་ཏོགས་སྣ་ཚོགས་སྣང།། དེ་ལས་མ་གཏོགས་གང་ཡང་མེད།། ཡེ་ནས་པ་བཅས་ཞེས་བྱ ་བ་འདམ་ཚིག་ན། ། བླ་མེད་བྱང་ཆུབ་སྨོན་མི་དགོས།། འགྲོ་ལྔ་མ་ལུས་ཐམས་ཅད་ཀུན།། ཡེ་ནས་བྱང་ཆུབ་སྙིང་པོར་གནས།། དེ་བཞིན་དབྱིངས་ཀྱིས་ཀུན་ཏུ་ཁྱབ།། ཇི་ལྟ་བ་ཡི་དང་གནས་ལ།། དེ་ལྟར་རྟོགས་པའི ་ཐོའཇུག་པས། ། གཉིས་སུ་མེད་པར་རྟོགས་འགྱུར་ན།། སུ་ཞིག་བཅོས་ཤིང་སུ་ཡི་རྟོགས།། རང་བཞིན་འོད་གསལ་ཞེས་བྱ་བ་དམ་ཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རང་རིག་ཡེནས་དག་པ་ཡི། ་སུས་ཀྱང་མ་བཅོས་དང་གིས་གསལ།། མ་ཆགས་པད་མ་འདྲ་བ་ཡི།། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དེ།། ཀུན་དང་ཐུན་མོང་དེ་མ་ཡིན།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ།། སྐྱེས་བུ་བོ་རྩལ་རབ་ཀྱིས་རྟོགས།། ཟས ་ཅད་དབྱིངས་ཕྱུག་མ་ཞེས་བྱ་བའི་ད་མ་ཚིག་ནི། ། མི་ཟད་ཡོན་ཏན་གཏེར་འགྱུར་བ།། ཟང་པའི་དུས་མེད་ཡིད་བཞིན་མཛོད།། བདག་དང་བདག་གི་མེད་པ་ཡི།། ཤིན་ཏུ་ཟབ་པའི་བློ་ལས་བྱུང་།། ཆོས་དབྱིངས་ཟབ་མོའི་དོན ་རྟོགས་ན། ། སྐུ་དང་ཡེ་ཤེས་བསམ་མི་ཁྱབ།། རང་རིག་ཡེ་ཤེས་དོན་རྟོགས་ན།། སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ།། བྱང་ཆུབ་སྡོམ་བྱེད་ཅེས་པའི་དམ་ཚིག་ནི།། བཟུང་འཛིན་བྲལ་བའི་ཡེ་ཤེས་ཀྱིས།། ཆགས་མེད་དཔང ་ལ་མཉམ་བཞག་ན། ། ཐམས་ཅད་དེ་བཞིན་ཉིད་ཀྱི་ཞིང་།། ཉོན་མོངས་སྡུག་བསྔལ་འབྱུང་མི་འགྱུར།། ཆོས་ཀྱི་རང་བཞིན་ཇི་ལྟ་བུར།། བདག་གིས་ཡང་དག་རྫོགས་བྱས་ཏེ།། ཐེག་པ་དམན་དང་ཕྱིན་ཅི་ལོག། ཐམས ་ཅད་མཉམ་པའི་དབྱིངས་སུ་དགོད། ། ཕྱོགས་དུས་གཉིས་མེད་ཅེས་བྱ་བ་དམ་ཚིག་ནི།། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱང་།། རྟོགས་པའི་མཚན་མ་སོ་སོར་སྣང་།། སྣང་བ་ཉིད་ན་དབྱེར་མེད་དེ།། མཐའ་དང་དབུས ་མེད་ཟླུམ་པོ་ཡི། ། དེ་བཞིན་རང་གིས་རིག་པ་ཡང་།། མཐའ་དང་དབུས་མེད་དུ་མ་མིན།། གང་དུ་མི་འགྲོ་ཀུན་དུ་ཁྱབ།། ཀུན་ལ་བདེ་སྦྱིན་མི་གནས་པའོ།། ཐམས་ཅད་འབྱོར་ལྡན་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས ་སོ་སོར་རྟོགས་བྱས་ཤིང་། ། ཐམས་ཅད་གཉིས་མེད་དབྱིངས་ཤེས་ན།། མི་ཟད་པར་ལྡན་རྒྱན་ཐོབ་སྟེ།། ཀུན་ཏུ་ཟད་མེད་རིན་ཆེན་གཏེར།། དེ་བཞིན་ཉིད་ལ་གནས་བཅས་ན།། ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ།། ། ་རྟག་ཏུ་བདེ་གནས་བྱང་ཆུབ་ཉིད།། མཚན་དང་དཔེ་བྱད་ཀུན་དང་ལྡན།། ཐབས་ཉིད་ཤེས་རབ་ཅེས་བྱ་བ་འདམ་ཚིག་ནི།། ཇི་ལྟར་སྣང་བ་ཐམས་ཅད་ཀུན།། ཐམས་ཅད་ཐབས་ཀྱི་རང་བཞིན་ཏེ།། ཐབས་ལ་ཐབས་ནི་རྣམ་པར ་སྦྱོར། ། སྦྱོར་དང་སྦྱོར་བ་གཉི་ག་མེད།། སྣ་ཚོགས་སྣང་བ་ཐམས་ཅད་ཀྱང་།། སྣང་བ་ཉིད་ན་རང་བཞིན་མེད།། དེ་ཉིད་ཤེས་རབ་ཡིན་པར་བཤད།། རྟག་ཏུ་ཐབས་ཉིད་མི་དམིགས་པའོ།། ཤེས་རབ་ཉིད་ལ་ཐབས་སུ་སྦྱོར་བའི ་ཞེས་བྱ་བའི་དམ་ཚིག་ནི། ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།། རོལ་པ་སྣ་ཚོགས་ཅིར་ཡང་འབྱུང་།། འབྱུང་བ་ཉིད་ན་རང་བཞིན་མེད།། མེད་པ་ཉིད་ནི་སྣ་ཚོགས་སྣང་།། ཐབས་དང་ཤེས་རབ་དབྱིངས་ལས་བྱུང་།། མཉན ་བསམས་བསྒོམས་པའི་ཤེས་རབ་ཀྱིས། ། ཤེས་རབ་ཐབས་སུ་དོན་རྟོགས་བྱོས།། ཀུན་ལ་དེ་ལྟར་འབྱོར་པར་གྱིས།། གཉིས་མེད་བྱང་ཆུབ་སེམས་ཞེས་བྱ་བའི་དམ་ཚིག་ནི།། ཐབས་དང་ཤེས་རབ་ལྡན་འགྱུར་ན།། གཉིས་མེད ་བྱང་ཆུབ་སེམས་འབྲོས་ན། ། ཀུན་གྱི་འབྱུང་གནས་བྱེད་པ་པོ།། དེ་ཡིས་མ་བྱས་གང་ཡང་མིན།། བདོག་དབྱིབས་རིགས་གང་ཡང་མིན།། ཤིན་ཏུ་བཏས་དགའ་སུ་མི་རིག། བདག་གིས་བདག་ཀྱང་མི་མཐོང་ན། ན ་གྱིས་རྟོགས་པར་ག་ལ་འགྱུར། ། ཐམས་ཅད་སྦྱོར་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཡེ་ནས་ལྷ་དང་ལྷ་མོ་ཡིན།། དཀྱིལ་འཁོར་ཡང་དག་སྦྱོར་བ་དང་།། དབང་པོ་ཡུལ་དུ་སྦྱོར་བའོ།། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས།། འབྱུང་བ་ལྔ ་ཉིད་ཡུམ་དུ་སྦྱོང་། ། དུས་བཞིའི་ལྷ་མོ་ཉིད་དུ་སྦྱོར།། རྟག་ཆད་མུ་བཞི་ཁྲོ་མོའོ།། ཐམས་ཅད་མ་ལུས་འབྱུང་བ་ཀུན།། མཉམ་པའི་དབྱིངས་དང་རིག་པར་སྦྱོར།། ཡང་དག་ཤེས་རབ་དབྱིངས་མ་ལ།། བདེར་གཤེགས་དཀྱིལ་འཁོར ་ཀུན་བཀོད་ལ། ། བདག་ཉིད་རིག་པའི་ལྷར་བསྒོམས་ཏེ།། གཉིས་སུ་མེད་པར་ལྡན་པར་བྱ།། རྡོ་རྗེ་དྲིལ་བུ་ལྡན་གྱུར་ནས།། བྱང་ཆུབ་པད་མ་ཤིན་ཏུ་སྤྲོ།། ཕྱོགས་དུས་དཀྱིལ་འཁོར་མཉེས་པ་དང་།། འགྲོ་བ་མང་པོ་དེ་ཐོབ་ནས།། སླར་ཡང ་གཉིས་མེད་དབྱིངས་སུ་བསྟིམ། ། ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་འབར།། བདེར་གཤེགས་ཐབས་དང་ཤེས་རབ་རྫོགས།། ཕྱག་རྒྱ་དྲུག་ཀྱང་ཡང་དག་རྫོགས།། བསོད་ནམས་ཚོགས་ཆེན་གཉིས་ཀྱང་རྫོགས།། ཐམས ་ཅད་དབྱིངས་སུ་འབྱོར་པས་ན། ། ངན་འགྲོ་མི་ལྟུང་ཡང་དག་འགྲུབ།། འདི་ནི་བསྒྲལ་བ་ཆེན་པོ་ཡིན།། སྒྲོལ་བ་ཉིད་ནི་སྦྱོར་བ་ཡིན།། སྦྱོར་བ་ཉིད་ནམ་ལུས་བསྒྲལ།། ཐམས་ཅད་མ་ལུས་པར་བསྒྲལ་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ་ཕྱི་ནང་སྣོད་བཅུད་ཇི་སྙེད་པ།། གནས་པའི་སེམས་ཅན་མ་ལུས་ཀུན།། བདག་ཉིད་ཆེན་པོར་རྟོགས་པ་ཡིས།། དབྱིངས་སུ་ཡང་ནི་བསྒྲལ་བར་བྱ།། ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས།། ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར།། ཆོས་ཉིད་རྟོག ་པའི་ཏིང་འཛིན་གྱིས། ། གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ལམ་ལྔའི་སེམས་ཅན་ཀུན་བཀུག་ནས།། ཐམས་ཅད་མ་ལུས་བསྒྲལ་བར་བྱ།། རི་རབ་ཆེན་པོའི་གླིང་བཞི་ལ། ་གནས་པའི་སེམས་ཅན་མ་ལུས་ཀུན།། ཐུགས་རྗེ་ཆེན་པོས་བྱིན་བརླབས་ཏེ།། ཡེ་ཤེས་མེ་ཆེན་བསྒོམ་བྱས་ན།། ཐམས་ཅད་མ་ལུས་བསྲེག་པར་བྱེད།། དབྱིངས་སུ་ཡང་ནི་བསྟིམ་བྱས་ཏེ།། དེ་བཞིན་གཤེགས་པར་བྱིན་གྱིས ་བརླབས། ། རྒྱལ་བའི་སྲས་སུ་དབང་ཡང་བསྐུར།། དེ་ལྟར་བསྒྲལ་བ་ཀུན་བྱས་ཀྱང་།། བསྒྲལ་བའི་དངོས་པོ་གང་ཡང་མེད།། ཕུང་པོ་ལྔ་པོ་བཤིག་པ་ལ།། གཤི་གནས་འབྱུང་བ་བག་ལ་ཞ།། མ་གཤིག་ན་ཡང་འབྱུང་བ་ཡིན།། རྣབ ་ཤེས་མེད་པས་བསང་བྱས་ན། ། གནས་པ་ཉིད་ན་དངོས་པོ་མེད།། སེམས་ཀྱི་རང་བཞིན་དེ་ལ་ནི།། དུས་གསུམ་སངས་རྒྱས་དགྲ་ལངས་ཀྱང་།། སུས་ཀྱང་མི་ཟིན་སོང་བ་མེད།། འོ་ན་ཐུགས་རྗེས་གང་བསྒྲལ་ན།། རྣམ་རྟོག་མཚན་མ ་ཐམས་ཅད་ཀུན། ། ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ།། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་།། ཤིན་ཏུ་བསྒོམས་པས་དབང་བསྐུར་ཏེ།། བྱང་ཆུབ་ཞིང་ལ་དགོད་པར་བྱ།། དེ་ཙམ་ལ་ནི་བསྒྲལ་ཞེས་གདགས།། བསྒྲལ་པ་ཉིད་ན་སྦྱོར་བ ་ཡིན། ཉོན་མོངས་སྡུག་བསྔལ་རྩད་བཅད་ནས།། བྱང་ཆུབ་གནས་སུ་བསྒྲལ་བས་ན།། གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན།། ཐབས་ཉིད་ཤེས་རབ་ཤེས་རབ་ཉིད་ཐབས་ཏེ།། གཉིས་སུ་མེད་པ་ཉིད་བྱང་ཆུབ་ཀྱི་སེམས་སོ།། ་སྦྱོར་བ་ནི་ལྷ་དང་ལྷ་མོར་སྦྱོར་བའི་དཀྱིལ་འཁོར་དང་།། དབང་པོ་ཡུལ་དུ་སྦྱོར་བ་དང་།། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་སྦྱོར་བ་དང་།། སོ་སོ་རྩ་ལ་སྒྱུ་མ་ཙམ་དུ་ཡོད་པ་ཡུམ་དུ་སྦྱོར་བ་དང་།། དབང་པོ་ཡུལ་དུས་ལྷ་དང་ལྷ་མོད ་སྦྱོར་བ་དང་། ། རྟག་ཆད་མུ་བཞི་ཁྲོ་བོ་ཁྲོ་མོར་སྦྱོར་བ་དང་།། མངོན་སུམ་དུ་སྦྱོར་བའོ།། སྒྲོལ་བ་ནི་ཐབས་ཀྱིས་སྒྲོལ་བ་དང་། འཕོ་བས་སྒྲལ་བ་དང་། དུས་བཞི་མཉམ་པ་ཉིད་དུ་བསྒྲལ་བ་དང་། ཐམས་ཅད་མ་ལུས་པར་དབྱིངས་སུ ་དུས་གཅིག་བསྒྲལ་པ་དང་། ཐམས་ཅད་ཐུགས་རྗེ་ཆེན་པོས་གཉིས་སུ་མེད་པར་བསྒྲོལ་བའོ།། འདི་ཉིད་དུས་གཅིག་ཏུ་མཛད་དེ། ཡ་ཆང་མ་གྱུར་པར་བྱའོ།། དངོས་གྲུབ་མཆོག་ཀྱང་དེར་ཐོབ་ཅེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞི ་གཤེགས་པ་ཉིད་ཀྱིས་བཤད་དོ། ། མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། བདག་དང་བདག་གི་གཞན་ན་མེད།། རང ་བཞིན་རང་གིས་བདག་མེད་པ། ། ཀུན་ལ་ཐོགས་མེད་སྤྱད་འགྱུར་ཡང་།། སྤྱད་དང་སྤྱོད་པ་གཉི་ག་མེད།། ཐམས་ཅད་ཡེ་ནས་སྟོང་པ་ལ།། གང་གིས་ལེན་ཅིང་གང་ལ་སྤྱོད།། སྣང་སྲིད་མ་ལས་ཐམས་ཅད་ལ།། ཐོགས་པ་མེད་པའི ་སྤྱོད་འགྱུར་ཡང་། ། བཅིང་བར་མིད་འགྱུར་བསོད་རྣམས་ཚོགས།། ཆགས་མེད་ཡེ་ཤེས་ཆེན་པོ་ཡིན།། མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས།། དེ་ལྟར་རང་རིག་ཡིན་པར་བཤད།། གཉིས་སུ་མེད་པར་རྟོགས་གྱུར་ན།། བླངས་པ་ཉིད་ན་ཀུན་དུ ་བཟེང་། ། བརྫུན་བུ་སྨྲ་བ་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་མ་ལུ་ས་ཐམས་ཅད་ཀུན།། ཡིན་པ་དངོས་པོ་ཡང་མ་ཡིན།། རང་བཞིན་དང་གིས་འོད་གསལ་ལ།། མིང་ཙམ་ཚིག་གི་མཚན་མོད་ཀྱིས།། མིང་དང་ཚིག་ལ་དང།། ་པོ་མེད།། མ་རིག་པ་ཡི་འཁྲུལ་རྟོག་གིས།། ང་དང་བདག་ཏུ་མེད་པ་ལ།། སོ་སོ་མཚན་མ་དངོས་པོར་བཐོར།། འཛིན་པའི་དངོས་པོ་ཡོད་མེད་དེ།། ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ།། ཇི་སྙེད་མང་པོ་བརྗོད་པ་ཡང་།། རྗོད་པར་བྱེད། ་དང་བརྗོད་པ་མེད།། ཆོས་རྣམས་ཐམས་ཅད་བརྫུན་དུ་སྣང་།། བརྫུན་ཉིད་ལ་ནི་བརྫུན་སྤྱོད་ཅིང་།། བརྫུན་ཞེས་བྱ་བ་བཏགས་པ་ཙམ།། ཐམས་ཅད་བརྫུན་གྱི་ཚིག་ཡིན་ནོ།། རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཐོག་མ་མེད ་ནཔ་ཕྱིན་ཅི་ལོག། བདག་དང་བདག་གི་མེད་པ་ལ།། རྣམ་རྟོག་མཚན་མ་སོ་སོར་འཛིན།། འཛིན་པའི་དངོས་པོ་ཡོད་མ་ཡིན།། མི་མཐུན་མཚན་མ་གཞོམ་པའི་ཕྱིར།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བདག་རྟོག་བག་ཆགས ་ཀུན་བཅོམ་ནས། ། རྡོ་རྗེ་དབྱིངས་སུ་ཐིམ་པར་བྱ།། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ཁམས་གསུམ་ཉོན་མོངས་འཁོར་བའི་རྣམས།། གཞན་གྱིས་བཅིངས་ཏེ ་འཁོར་བ་མིན། ། འཛིན་རྟོགས་ཆགས་པ་ཉིད་ཀྱིས་འཁོར།། བློ་ཆེན་རབ་དུ་ལྡན་པ་ཡིས།། ཆོས་ཀྱི་དོན་གོ་མཆོག་ཉོན་ལ།། འཁོར་བ་སྤད་མེད་སངས་རྒྱས་ཞིང་།། ཐམས་ཅད་མ་ལུས་ཆོས་ཉིད་རྟོགས།། རིན་ཆེན་འབྱུང་བ ་ཞེས་བྱ་བའི་དམ་ཚིག་ནི། ། ནོར་གྱི་མཆོག་ནི་བཀོར་བདུན་ཡིན།། འདོད་པས་བཙལ་བར་མི་རྙེད་དེ།། སྐུ་གསུམ་ཐུགས་འདས་མི་དམིགས་པའི།། ཆགས་པ་མེད་པའི་ཚུལ་གྱིས་ནི།། གཉིས་སུ་མེད་པར་འབྱོར་བྱས་ན།། ནོར་བདུན ་ཆེན་པོ་འབྱུང་བར་འགྱུར། ། མཚན་དང་དཔེ་བྱད་སྣ་ཚོགས་ལྡན།། པད་མ་ཆགས་མེད་ཅེས་བྱ་བའི་དམ་ཚིག་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བསྒོ་དང་བསྒོ་བར་བྱ་བ་མེད།། པད་མའངམ ་ནས་སྐྱེས་པ་འདྲ། ། ཇི་ལྟར་སྣང་བ་མཐའ་ཡས་ཀུན།། བདག་ལས་ཀུ་ན་ཅིག་ཀྱང་མེད།། བདག་ཉིད་ཤིན་ཏུ་མི་དམིགས་པས།། ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཞིང་།། དོན་རྣམས་བསྒྲུབ་པ་ཞེས་བྱ་བའི་དམ་ཚིག་ནི།། རྡོ་རྗེ་རིགས་ཀྱི་སི་ཐམས་ཅད ་བཅོམ། ། རིན་ཆེན་རིགས་ཀྱིས་ཡོན་ཏན་འབྱིན།། པད་མ་རིགས་ཀྱིས་ཆགས་མད་འགྱུར།། སྐུ་གསུམ་ཐུགས་དང་ཡེ་ཤེས་ལྔ།། ཐམས་ཅད་དོན་རྣམས་རྫོགས་པར་བྱས།། བཟུང་དང་འཛིན་པ་རྣམས་སྤངས་ཏེ།། མཉམ་པའི ་དབྱིངས་ལ་སེམས་ཀྱིས་ལྷ། ། སྐྱེ་འཆི་མེད་པ་ལྷུན་གྱིས་གྲུབ།། སྐུ་གསུམ་ཐུགས་དང་ཡོན་ཏན་དང་།། ཕྲིན་ལས་རྨད་འབྱུང་ཀུན་གྲགས་པ།། གཞན་ན་ཡོད་འོད་མ་ཡིན་ཏེ།། རང་འབྱུང་ཡེ་ཤེས་གནས་མེད་ཡིན།། ་མཐོང་བའི་ཚུལ་གྱིས་གཟུགས་སྣང་དང་།། བླ་མེད་བྱང་ཆུབ་སྐུར་སྣང་བ།། མེ་ལོང་ལྟ་བུའི་ཚུལ་བཞིན་དུ།། སྣ་ཚོགས་ཁ་དོག་དབྱིངས་སུ་སྣང་།། དེ་བཞིན་གཤེགས་པའི་གསུར་རྣམས་ནི།། སྒྲ་དང་ནི་མིང་ཚིག། ་ཀུན་ལས་འདས།། བརྗོད་མེད་རང་བཞིན་ཀུན་ཏུ་གོ། ཉོན་མོངས་མེད་ཅིང་བླ་མེད་སྐུ།། མ་བརྗོད་སྟོང་གསུམ་གྲགས་པ་ཡི།། གསུང་བརྗོད་བསམ་གྱིས་མི་ཁྱབ་པ།། བརྗོད་པ་ཉིད་ན་སྟོང་གསུམ་མེད།། དེ་ཉིད་སྣ་ཚོགས ་བརྗོད་པའོ། ། ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ།། ཡང་དག་རྟོགས་པས་རབ་བརྟགས་པ།། གཞི་རྩ་མེད་དབྱིངས་སྐད་ཅིག་མ།། མཐའ་དང་དབུས་ཀྱང་རྟག་ཏུ་མེད།། དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ།། སུས ་ཀྱང་མ་བཅོས་མ་བྱས་པ། ། བདག་གི་བདག་ཀྱང་དམིགས་མི་འགྱུར།། དངོས་མེད་ཀུན་ལ་དབང་བསྐུང་བ།། སྐུ་གསུང་ཡང་དག་ལྡན་འགྱུར་ན།། ཡོན་ཏན་ནམ་མཁའི་ཐ་དད་མཉམ།། མི་འགྱུར་སངས་རྒྱས་ཞིང་དུ་བུབ།། སྤྱོད་ཡུལ་མ ་ལུས་ཐམས་ཅད་ལ། ། ཇི་ལྟར་དམིགས་པ་བཞིན་དུ་འབྱུང་།། མི་ཟད་པའི་གཏེར་ཆེན་འགྲུབ།། གཞན་གྱིས་དབྲོག་ཏུ་མེད་པ་ཡི།། པོ་འདིའི་བཀོར་ནི་རིན་པོ་ཆེ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། བླ་བྱེད་མེད་པར་རྣམ་བཞི་མཛད།། མཛད ་དང་མཛད་པར་བྱ་བ་མེད། ། ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས།། སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད།། སྤྱོད་མེད་ངང་གི་དཀྱིལ་འཁོར་ལ།། ཆགས་མེད་ཚུལ་དུ་རྣམ་པར་རོལ།། བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་།། བྱེད་པ་ཉིད་ན་ཆུ་ཟླའི་ཚུལ།། བཟུང་འཛིན ་བྲལ་བའི་ཡེ་ཤེས་ནི། ། རྩ་བ་ལྔ་ཞེས་བརྗོད་མོད་ཀྱིས།། བརྗོད་པ་ཉིད་ན་ཡོད་མེད་དེ།། མཚན་ཉིད་མེད་པ་སྣ་ཚོགས་སྣང་།། དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན།། ཀུན་ལ་ཁྱབ་ཅིང་མི་གནས་པ།། དེ་ནི་རིག་པ་རང་དབང་འགྱུར།། བསམ་གྱིས་མི ་ཁྱབ་ཀུན་ཏུ་ཁྱབ། ། ནམ་མཁའ་སྣང་བྱེད་ཅེས་བྱ་བ་དམཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ཉིད་ཀྱིས་ཀུན་དུ་ཁྱབ།། སྣོད་བཅ་མ་ལུས་ཐམས་ཅད་ལ།། སྣང་བ་ཆེན་པོས་ཁྱབ་པར་འགྱུར།། ནམ་མཁའ་བཟུང་དུ་མེད་པ ་ལྟར། ། སྣང་སྲིད་ཐམས་ཅད་དེ་དང་འདྲ།། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ནི་ནམ་མཁའི་རང་བཞིན་ནོ།། བརྟེན་བྱེངས་ཆེན་ཞེས་བྱ་བའི་དམ་ཚིག་ནི།། ཇི་ལྟར་ས་གཞི་ཆེན་པོ་ལ།། སེམས་ཀྱིས་ཟིན་དང་མ་ཟིན་པའི།། སྐྱེ་འཁྲུངས ་མ་ལུས་ཐམས་ཅད་འབྱུང་། ། ཐམས་ཅད་ཀུན་གྱི་གནས་བརྟེན་ཏེ།། དེ་བཞིན་ཐེག་ཆེན་བླ་མེད་ལ།། བྱང་ཆུབ་སངས་རྒྱས་ཀུན་ཀྱང་གནས།། ཐེག་པ་མཐོན་དམན་ཐམས་ཅད་འབྱུང་།། ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས།། སྲེག་བྱེད། ་ཡེ་ཤེས་མེ་ཞེས་བྱ་བའི་དམ་ཚིག་ནི།། བདག་མེད་ཡེ་ཤེས་རང་རིག་གིས།། དངོས་དང་དངོས་མེད་པག་ཆགས་བསྲེགས།། རང་དང་སྤྱིའི་ཆོས་རྣམས་དང་།། སེམས་ཀྱི་ཕྲག་དོག་ཐམས་ཅད་ཀུན།། དངོས་པོ་མེད་པར་རྟོགས་བྱས་ན།། འཁོར ་བམ་སྤངས་རྣམ་པར་དག། མྱ་ངན་མི་འདབ་ཡེ་ནས་གནས།། འགྲོ་དང་གནས་པར་བྱ་བ་མིན།། རྟོགས་པ་ཐམས་ཅད་ཡེ་ནས་ཚོགས།། ཐམས་ཅད་འཁྲུ་བྱེད་ཅེས་བྱ་བའི་དམ་ཚིག་ནི།། སེམས་ཅན་མ་ལུས་ཐམས་ཅད་ནི།། སྒྲིབ་གཉིས ་དག་གིས་འཁོར་བར་འགྱུར། ། མཉན་བསམས་བསྒོམས་པའི་ཤེས་རབ་ཀྱིས།། བདག་མེད་གཉིས་ནི་རྟོགས་བྱས་ན།། ཕ་རོལ་ཕྱིན་རྫོགས་ས་བཅུ་བསྒྲུབས།། ས་གསུམ་ཡང་དག་རྫོགས་བྱས་ཏེ།། མཉམ་པའི་ཞིང་ལ་ཐམས ་ཅད་འགོད། ། ཁྲུས་ཀྱིས་མཆོག་ནི་འདི་ཡིན་ནོ།། གཡེང་བྱེད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི།། སེམས་ཅན་ཡེ་ནས་དག་པ་ལ།། བདག་འཛིན་རྡུལ་རྙེད་གཡོགས་པར་འགྱུར།། སེམས་དང་རྡུལ་རྣམས་མེད་རྟོགས་པས།། ཡེ་ཤེས ་རླུང་གིས་བག་ཆགས་གཏོར་། ། ཆོས་རྣམས་ཡེ་ནས་རླུང་དང་འདྲ།། དེ་ལ་བཟུང་དུ་མེད་པ་ལྟར།། ཀུན་ལ་དེ་ལྟར་འབྱོར་བར་གྱིས།། མ་བཅོས་ཡེ་ནས་དེ་ལྟར་གནས།། ཐམས་ཅད་ཀུན་ལ་དབང་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི།། རང ་རིག་ཕྱིན་ཅིམ་ལོག་པའི། ། བཟུང་འཛིན་གཉིས་མེད་རྟོགས་པ་ཡིས།། ཐམས་ཅད་མཉམ་པའི་དང་འགྱུར་ན།། ཐམས་ཅད་མ་ལུས་བདག་ཡིན་པས།། ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ།། ཇི་ལྟར་དམིགས་པ་བཞིན་དུ་འགྲུ་བ།། རྗེ ་ལྟར་སྤྱོད་ཀྱང་བསོད་ནམས་ཚོགས། ། མཉམ་རིག་ཡེ་ཤེས་ཆེན་པོ་ཡིན།། ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི།། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ།། སྣང་བ་ཉིད་ན་འཇའ་ཚོན་བཞིན།། རང་བཞིན ་མེད་པར་ཀུན་ཏུ་སྣང་། ། དེ་ཉིད་ཆོས་སྐུ་ཡིན་པར་བཤད།། ཅིས་ཀྱང་མ་གོས་མ་སྤངས་པའོ།། སོ་སོར་སྣང་ཞིང་འཐུན་པའི་གཟུགས།། བདག་དང་བདག་ཏུ་མ་བརྟགས་པ།། དེ་ལྟ་བུའི་དད་དུ་སྣང་།། ཆོས་རྣམས་སྒྲ་ལྟར་ཤེས་པར་བྱ་བའི། ་དམ་ཚིག་ནི།། སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང་།། དངོས་པོ་མེད་ལས་དངོས་པོ་སྒྲ།། བརྗོད་དང་སྒྲའི་དངོས་པོ་མིན།། ཆོས་རྣམས་སྒྲ་ལྟར་ཤེས་པར་བྱོས།། ཐམས་ཅད་མ་ལུས་དོན་འབྱུང་བ།། ཚིག་གིས་མཚོན་ལས་གུང ་ན་མེད། ། སྒྲ་ཉིད་དོན་གྱིས་དངོས་པོ་མིན།། དོན་ཉིད་སྒྲ་ལས་གུང་ན་མེད།། ཆོས་རྣམས་དྲིའི་མཚན་ཉིད་དུ་ཤེས་པར་བྱ་བའི་དམ་ཚིག་ནི།། ཆོས་རྣམས་ཐམས་ཅད་དངོས་མེད་པར།། སྣ་ཚོགས་འབྱུང་ཞིང་རྣམ་པར་འཕྲོ།། དེ་བཞིན་དྲི་ཡི ་པོ་ཡང་། ཡོད་པ་མ་ཡིན་ཀུན་ཏུ་མནམ།། ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས།། ཆོས་ཀུན་དེ་ལྟར་ཤེས་པར་གྱིས།། དྲི་ཡིས་རབ་དུ་ཚིམ་འགྱུར་ཡང་།། དྲི་དང་དངོས་པོ་གཉིས་སུ་མེད།། དངོས་གྲུབ་ཐམས་ཅད་དེ་ལྟར་རོ།། ཆོས་ཐམས ་ཅད་རོ་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། ། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། བཞི་རྩ་མེད་ལས་ཐམས་ཅད་འབྱུང་།། དེ་བཞིན་དབང་པོ་དངོས་མེད་དང་།། རྫས་ཀྱི་དངོས་པོ་མེད་པ་ཡི།། རྣམ་ཤེས་དབང་པོ་ཡུལ་ཚོགས་ན།། རོ་ཡི ་དབང་པོ་ཐམས་ཅད་འགྲུབ། ། རོ་དང་རོ་རུ་རྟོགས་པ་ཡང་།། རང་བཞིན་མེད་པ་སྐད་ཅིག་མ།། ཆོས་ཐམས་ཅད་རེག་བྱ་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི།། གཟུགས་རྣམས་དབུ་བརྡོས་པ་འདྲ།། ཚོར་བ་ཆུ་ཡི་ཆུ་བུར་བཞིན།། མཚན་འཛིན ་སྨིག་རྒྱུ་བཞིན་དུ་གནས། ། རྣམ་ཤེས་སྒྱུ་མས་དབང་བསྒྱུར་ན།། མཚན་མ་སྣ་ཚོགས་འབྱུང་བར་ངེས།། བདེ་བའི་རོ་མཆོག་ཀུན་ཀྱང་མྱོང་།། དེ་ཉིད་བསོད་ནམས་ཚེགས་ཆེན་ཏེ།། བདེ་བ་ཆགས་མེད་ཡེ་ཤེས་ཡིན།། རེག་གི ་དངོས་གྲུབ་དེ་ལྟར་རོ། ། འདུས་བྱས་རྣམ་པར་དག་པ་ཞེས་བྱ་བ་འདིམ་ཚིག་ནི།། ཡང་དག་ཉིད་ལ་གནས་བཅས་ན།། ཕྱི་ནང་སྣོད་བཅུང་རྣམ་པར་དག། རིགས་པ་སྣང་བ་དེ་བཞིན་གཤེགས།། སྤྲུལ་པ་ཛིན་པ་གྲམ་ཀྱི་གྱིས་ག ་ནི་མཚན་མ་དངོས་པོ་མེད། ། གཅིག་ལ་ལྔ་ལྔར་བཤིག་པ་དང་།། ཐམས་ཅད་ནམ་མཁའི་དང་དུ་གནས།། ནམ་མཁའ་དེ་བཞིན་ཆོས་ཀྱི་དབྱིངས།། འདུས་བྱས་ཉིད་ཀྱི་དངོས་གྲུབ་བོ།། འདུས་བྱས་ཀུན་ཏུ་འབྱུང་བྱ་ཞེས་པ་པ་དམ་ཚིག་ནི།། ་གཤེགས་སྐུ་སྒྲ་མར་སྣང་བ་དང་།། ལོག་རྟོགས་སྒྱུ་མར་སྣང་བ་གཉིས།། གཞི་རྩ་མེད་དེ་རང་བཞིན་སྟོང་།། རིགས་དང་རྒྱུད་དུ་རྟག་ཏུ་མེད།། རིགས་དང་ཁ་དོག་དབྱིངས་མེད་པས།། ཕྱི་ནང་སྣོང་བཅུད་རྣམ་པར་སྣང་།། སྣང་བ་ཉིད་ན ་ཆོས་ཀྱི་སྐུ། ། ཅར་ཡང་འགྱུར་ཞིང་ཐམས་ཅད་འགྲུག།། ཀུན་འབྱུང་དངོས་གྲུབ་དེ་ལྟར་རོ།། གླང་པོ་བརྗིད་གནོན་ཞེས་བྱ་བའི་དམ་ཚིག་ནི།། སེམས་ཅན་མ་ལུས་ཐམས་ཅད་ཀུན།། རྣམ་རྟོག་འདུ་བྱེད་མང་པོས་གཡེངས།། ཇི་ལྟར ་བུས་པ་ཤེད་མ་བྱེ། ། བྱ་བྱེད་མང་པོས་གཡེངས་པར་གནས།། བྱ་བྱེད་མང་པོས་བདག་མེད་པས།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། མཚན་མ་མཉམ་པའི་དབྱིངས་སུ་གནས།། འདུ་བྱེད་སྣ་ཚོགས་མི་གཡོ་བརྟན།། དབང ་ལྔ་རྫོགས་པ་ཞེས་བྱ་བའི་དམ་ཚིག་ནི། ། ཆོས་རྣམས་ཐམས་ཅད་སྐྱེ་མེད་པས།། ཤིན་ཏུ་བརྟན་པ་དབང་ཐོབ་འགྱུར།། རང་རིག་ཡེ་ཤེས་འོད་གསལ་བས།། ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ།། ཆོས་རྣམས་ཐམས ་ཅད་དབྱེར་མེད་པས། ། ཀུན་ལ་སྤྱོད་པའི་དབང་ཐོབ་སྟེ།། སྤྱོད་ཅིང་ཆགས་པ་མེད་པའི་ཚུལ།། ཀུན་ཀྱང་རང་བཞིན་ཡེ་ནས་ཟླུམ།། ཐམས་ཅད་རྒྱས་འདེབས་ཞེས་བྱ་བའི་དམ་ཚིག་ནི།། ཕྱོགས་བཞི་མཚམས་བཞི་སྟེང་འོག་པ ་རང་བཞིན་ཆེན་པོས་ཀུན་ཏུ་ཁྱབ། ། རང་བྱུང་དེ་ཉིད་དངོས་མེད་པར།། ཀུན་གྱི་ཕྱག་རྒྱ་སྒྲ་ཡིན་ནོ།། ཆོས་དབྱིངས་དེ་ཉིད་ཟབ་པ་ཡི།། བདག་ལ་གནས་ཤིང་བརྟག་དཀའ་བའོ།། མཉམ་པའི་དབྱིངས་སུ་ཐམས་ཅད་འདུས།། ཡེ་ནས ་བདེ་གནས་ཞིང་དུའོ། ། ཆོས་རྣམས་དབྱེར་མེད་པ་ཞེས་བྱ་བའི་དམ་ཚིག་ནི།། ཡེ་ནས་དབྱིངས་སུ་རོ་གཅིག་པས།། དེ་ལ་ང་ར་དང་བདག་མ་རྟོགས།། རང་བཞིན་རྣམ་པར་དག་པ་ལ།། གཙང་དང་སྨེ་བའི་བློ་ཙམ་མེད།། ཐམས་ཅད་བདེར ་གཤེགས་སྙིང་པོ་པས། ། རྐྱེན་གྱིས་རྡུལ་གྱིས་ག་ལ་འགོ། ཤེས་རབ་མཆོག་གིས་དེ་ལྟར་རྟོགས།། མ་ལུས་ཀུན་འདུས་དབྱིངས་ཤེས་བྱོས།། ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཤེས་རབ་བློ་རྩལ་ལྡན་པ་ཡིས།། ། ་བརྟག་རྟོགས་མཚན་མ་ཀུན་བཤིག་ནས།། མཚན་མ་མེད་པའི་ཕྱག་རྒྱ་རུ།། ཐམས་ཅད་འདུས་པར་ཡང་དག་རྟོགས།། རྟོག་པ་ཉིད་ཀྱང་དངོས་མེད་ལ།། དེ་ཉིད་སྣ་ཚོགས་བར་བ་ཡི།། སྣང་བ་ཉིད་ན་བྱེད་པ་མེད།། དེ་ཉིད ་འཇིགས་པའི་ཕྱག་རྒྱ་ཡིན། ། གཡུང་དྲུང་ཚེ་འཕེལ་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་ཐམས་ཅད་བདག་ཡིན་པས།། གང་དུ་འགྲོ་ཞིང་གང་དུ་སྟེ།། འཇིག་དང་སྐྱེ་བའི་དངོས་པོ་མེད།། དངོས་མེད་དེ་ལ་སུ་ཞིག་གསོད།། གང་ཞིག ་གཉིས་སུ་འཛིན་པ་ལ། ། སྐྱེ་དང་འཆི་བ་དེ་ལ་ཡོད།། ཡེ་ཤེས་ཅན་གྱི་བརྟགས་པ་ན།། སྐྱེ་འཇིག་ཉིད་ན་དངོས་པོ་མེད།། ཐམས་ཅད་མི་འགོག་པ་ཞེས་བྱ་བའི་དམ་ཚིག་ནི།། མཆོག་གསུམ་རྫོགས་པ་མན་ཆད་ནས།། ངན་སོང་གརླ ་རྣམས་ཡན་ཆད་དུ། ། ཡང་དག་པར་ནི་དབྱེར་མེད་དེ།། གང་ཡང་སྤང་བར་བྱ་བ་མིན།། ཐེག་པ་མཐོན་དམན་བསམ་ཡས་པ།། དོན་དུ་མི་འགྱུར་ཡོད་མ་གསུངས།། ངན་སོང་གནས་རྣམས་ཐམས་ཅད་ཀུན།། བླ་མེད་བྱང་ཆུབ་རྒྱུ་ཡོད་པའོ།། ་ཐམས་ཅད་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་ཀུན་དུ་བཟང་པོ་ཡི།། འདོད་པའི་ཡོན་ཏན་ལྔ་རྣམས་ལ།། ཐོགས་པ་མེད་པར་སྤྱད་བྱས་ཏེ།། བསོད་ནམས་ཚོགས་ཆེན་ཡིན་པར་བརྟག། དེ་བཞིན་གཤེགས་པ ་ལྔར་ཡང་བརྟག། གཞན་ཡང་སྟོང་ཁམས་ཐམས་ཅད་ནི།། ཤེས་རབ་དབྱིངས་དང་འདོད་ཡོན་རྣམས།། རབ་འབྲིང་ཐ་མ་ཐམས་ཅད་སྤྱོད།། ཐམས་ཅད་མི་ཆུད་པ་ཞེས་བྱ་བའི་དམ་ཚིག་ནི།། ཕྱོགས་དུས་མཉམ་པའི་དཀྱིལ ་འཁོར་དུ། ། རྡོ་རྗེ་རིགས་མཆོག་མ་རྟོགས་པར།། ཐེག་པ་དམན་དང་ལྟ་བ་དམན།། དེས་ནི་ཐེག་མཆོག་རྟོགས་མི་འགྱུར།། མི་མཉམ་པའི་དོན་ཉིད་ཀུན་ཁྱབ་ཀྱང་།། ཉོན་མོངས་སྡུག་བསྔལ་ཉིད་ཀྱིས་བསྒྲིབས།། དེ་ཡིས་ཡང ་དག་ཉིད་མི་མཐོང་། ། མ་མཐོང་བ་ལ་མི་ཆུད་བྱ།། ཐམས་ཅད་བསྲུང་དུ་མེད་ཅེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་མ་ལུས་སངས་རྒྱས་ལ།། བསྒྲུབ་ཅིང་བསྲུང་བར་བྱ་བ་མེད།། དགེ་དང་མི་དགེ་གཉི་ག་མེད།། ཉོན་མོངས་སྤངས ་ཤིང་བྱང་བསྒྲུབ་མེད། ། དེ་བཞིན་ཉིད་ཀྱི་གློང་གྱུར་ན།། བདེ་དང་མི་བདེ་དབྱེར་མེད་དེ།། ཡེ་ནས་དག་མཉམ་ཉིད་དུ་གནས།། དེ་ལ་བསྲུང་བྱ་རྡུལ་ཙམ་མེད།། ཐམས་ཅད་བསྲུང་བ་མེད་པ་ཞེས་བྱ་བའི་དམ་ཚིག་ནི།། སེམས་ཅན ་ཁམས་གསུམ་འཁོར་བ་ཡི། ། ཐོག་མ་མེད་ནས་འཁོར་བ་ཡི།། ཕྱིན་ཅི་ལོག་ལ་འརྡོལ་ཏོག་སྤྱོད།། བཟུང་འཛིན་དོན་ལ་ཤིན་ཏུ་ཆགས།། དེས་ན་འཁོར་བར་རྟག་ཏུ་འཕྱན།། དེ་བས་རང་སེམས་རྟོགས་བྱས་ཏེ།། ལེ་ལོ་མེད་པར ་ཡོངས་སྤངས་ཏེ། ། དམེད་བདག་མེད་མཉམ་པར་བསྲུང་།། ཐམས་ཅད་འཇིགས་པར་བྱེད་པ་ཞེས་བྱ་བའི་དམ་ཚིག་ནི།། རྡོ་རྗེ་སེམས་དཔའས་བཀས་བཅད་པ།། སྡོམ་པའི་རྩ་བ་ཐམས་ཅད་ཀུན།། དོན་བཞིན་དུ་ནི་མ་སྣངས ་ཡཀྵ་ཁྲོ་བོ་མེ་དཔལ་གྱིས། ། སྙིང་ནས་དྲངས་ཏེ་ཁྲག་འཐུངས་ནས།། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ཡི་སྡུག་བསྔལ་བཟོད་བརླག་ཆད།། དམ་ཚིག་འདི་ནི་རྡོ་རྗེ་ཆེ།། དམ་རྫས་སོ་སོར་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི།། ་རིགས་ལྔ་སོ་སོར་དབྱེ་བ་ཡི།། རྡོ་རྗེ་སེམས་དཔའ་གླང་པོའི་ཤ། རིན་པོ་ཆེ་ནི་རྟའི་ཤ། པད་མ་རིགས་ནི་ཨ་རི་ཀའི་ཤ། དོན་ཡོད་ནམཁའ་ལྡིང་གི་ཤ། བདེར་གཤེགས་རིགས་ནི་ཤ་ཆེན་ནོ།། དབྱེ་བ་འམ་ཡང་ན་མི་དབྱེ་བར།། དེས ་པར་དང་དུ་བླང་བའོ། ། ཡང་ན་ཐམས་ཅད་གཅིག་ཏུ་བསྡུ།། ཡང་ན་མཚན་ཉིད་མེད་པར་རྟག། ཏིང་འཛིན་ཕྱག་རྒྱའི་དམ་ཚིག་ནི།། བདེར་གཤེགས་དཀྱིལ་འཁོར་མ་ལུས་ཀུན།། ཡེ་ནས་རང་བཞིན་གསལ་བ་ལ།། ཐམས ་ཅད་ཀུན་ལ་ཡོད་བར་བཤད། ། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཉིད།། བླ་ན་མེད་པའི་མཆོག་ཡིན་ཏེ།། རྡོ་རྗེ་རིགས་མཆོག་ཐམས་ཅད་ཀྱི།། བར་མ་ཆད་པར་རྟག་ཏུ་བསླབ།། བྱང་ཆུབ་ཤིང་དུང་སྐྱེ་བར་འགྱུར།། བླ་མེད ་བྱང་ཆུབ་མཆོག་ཀྱང་གྲུབ། ། སྐྱེ་འཆི་མེད་པའི་བདེ་འགྲུབ་སྟེ།། སེམས་ལ་དབང་ཡང་ཐོབ་པར་འགྱུར།། སྤྱོད་ཡུལ་ཐམས་ཅད་སྨོན་ན་ཤེས།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པའི་ལེའུ ་སྟེ་བདུད་བཅུ་རྩ་དྲུག་པའོ། ། །། གང་ཞིག་དཀྱིལ་འཁོར་འདི་སྤངས་ན།། ཉོན་མོངས་ངན་སོང་གནས་སུས།། བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར།། བླ་མེད་འགྲོ་བའི་རྒྱུ་ཡང་ཆད།། རིགས་ཆད་ཉིད་དུ ་བར་འགྱུར། ། རྡོ་རྗེས་པས་དཔའ་བ་སྒྲུབ་འདོད་པས།། རྟག་ཏུ་མཉམ་པའི་དོན་རྟོགས་ལ།། སྤྱ་ནི་འཇའ་ཚོན་ཚུལ་འདྲ་བར།། སྡང་ལ་རང་བཞིན་མེད་པར་བསྒོམ།། འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར།། གསལ་ལང ་བཞིན་མེད་པར་བསྒོམ། ། ལྷ་ཡི་སྐུ་རྣམས་གསལ་བསྒོམས་ན།། བསོད་ནམས་ཚོགས་ཚན་ཐོབ་པར་འགྱུར།། དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན།། ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར།། རྣལ་འབྱོར་པས་ནི་ཨུ0f7f ་ཏུ་བསྒོམ། ། ཡི་དམ་ལྷ་དེ་སྤངས་བྱས་ན།། ངན་སོང་མི་པདེ་རྟག་ཏུ་མྱོང་།། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པའི་དོན་ནི།། སྔགས་དང་ཕྱག་རྒྱ་བར་མི་བཅད།། རྣལ་འབྱོར་འགྲུབ་པའི་ལམ་ཡང་ཡིན།། མི་གཏོང་སྡོ་མ་ཞིང ་འདྲེན་པའང་ཡིན། ། དོན་མཆོག་རྫོགས་པའི་གནས་ཡིན་ཏེ།། རྟག་ཏུ་མཉམ་གཞག་ཕྱག་རྒྱ་ཡིན།། དུས་གསུམ་གཏིང་འབྱིན་སྔགས་ཡིན་ཏེ།། ཡང་དག་དོན་ཆེན་ཀླུང་འདོད་པས།། དུས་མཚམས་མེད་པར་ཕྱག་རྒྱ ་སྔགས། ། ཡིད་བརྟན་དྲག་ཏུ་བཟླས་བརྗོད་བྱ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། ཕྱག་རྒྱ་བསྐྱོད་དང་ཡི་གེ་ཨོཾ།། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པ།། བླ་མེད་དཀྱིལ་འཁོར་སྟོན་པ་པོ།། ཡོན་ཏན་ཟད་མེད་སྦྱིན ་པ་ཡིན། ། བྱང་ཆུབ་ལམ་ཆེ་འདྲེན་མཛད་པ།། ཆགས་མེད་ཞིང་དུ་འགོད་པ་ཡིན།། ཉོན་མོངས་སྡུག་བསྔལ་བརྩད་གཅོད་ཅིང་།། འཁོར་བའི་ལམ་རྣམས་སྤངས་པར་བྱད།། མ་རིག་མུན་སེལ་སྒྲོན་མ་ཡིན།། ལོང་བ ་རྣམས་ཀྱི་དམིགས་བུ་མཁན། ། དེ་ལ་རྟག་ཏུ་མཆོད་བྱས་ན།། སངས་རྒྱས་བྱང་ཆུབ་ཐག་མི་རིང་།། རྡོ་རྗེ་མཆེད་དང་ལུམ་དྲལ་གྱི་མཚན་ཉིད་བསྟན་པ།། རྡོ་རྗེ་རིགས་ཀྱི་སྨན་ཡིན་ཏེ།། ཐོག་མ་མེད་ནས་ལས་འན ་པས། ། ལྟ་སྤྱོད་འཐུན་པས་འདིར་སྐྱེས་ཏེ།། གཅིག་ལ་གཅིག་ནི་མིག་དང་འདྲ།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། དམ་ཚིག་ངན་སེམས་དབྱེ་བྱས་།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར།། དེ་བས་དམ་ཚིག ་འདའ་མི་བྱེད། ། གསང་བའི་དམ་ཚིགཱ་བསྟན་པ་ནི།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི།། སྲིང་གསུམ་པ་ལུས་ཀུན་ལ་ཁྱབ།། ཕྱིན་ཅི་ལོག་གིས་རབ་བསྒྲིབས་ནས།། དབུལ་པོ་གཏར་དང་གྱད་ཀྱི་ནོར་བུ ་འདྲ། དེ་བས་རྡོ་རྗེ་གསང་མཆོག་འདི།། ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས།། ཆོས་ལ་སྟོན་ཡོད་མ་ཡིན་ཏེ།། སེམས་ཅན་དོན་ཕྱིར་ཤིན་ཏུ་གསར་།། ཐེག་པ་དམན་དང་ཕྱིན་ཅི་ལྡོག། དེ་ལ་གསང་དོན་བསྟན ་བྲང་ན། ། རང་བཞིན་གསང་དོན་མི་ཤེས་པར།། འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ།། ཤིན་ཏུ་ངེས་པའི་དོན་བཟུང་ནས།། གསང་དོན་དེ་ཉིད་ལོག་པར་ཁྲིད།། མརྟོགས་དེ་ཉིད་དམྱལ་བར་འཁོར།། དེ་བས་ཤིན་ཏུ་གས ་བར་བྱ། ། ཐུགས་རྗེ་ཆེན་པོ་དང་ལྡན་པཔ།། ཐར་ལམ་ཀུན་ལ་མཁས་པར་བྱ།། ཤེས་རབ་མཆོག་དང་ལྡན་པས་ན།། སེམས་ཅན་སྣོད་ཀྱི་རིམ་པ་བཞིན།། ཐེག་པ་མཐོན་དམན་དོན་ཉིད་ནི།། སོ་སོར་མཚམ་པར་བསྟན ་དགོས་སོ། ། དང་དུ་བླང་དང་མི་སྤང་བ།། རྣལ་འབྱོར་པས་ནི་རྟག་ཏུ་སྤྱད།། ཆགས་པ་མེད་པར་གྱུར་པ་དང་།། དངོས་གྲུ་བ་ཡ་མཚན་ཆེན་པོ་ནི།། དམ་ཚིག་མདོ་བཤད་ནང་ནས་འབྱུང་།། མཚོགས་པ་ཞེས་སྤང ་བྱུངང་། ། ཡི་དགས་སྲིན་པོའི་ནང་དུ་སྐྱེ།། ཡང་ནི་དམ་ཚིག་འདི་ལྟ་བུ།། ཇི་ལྟར་སྤྱད་ཀྱང་སྡོམ་པ་མི་འདའ་སྟེ།། བྱེད་སྤྱོད་ཚོགས་ཆེན་གཉིསུ་འགྱུར།། འགྲོ་དང་ཉལ་དང་འདུག་པ་ན།། མཉམ་པ་དེ་ཡི་དབྱངས ་རགནས། ། ཤེས་རབ་མཆོག་གིས་ཏོག་ཏུ་གྱིས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བྱེ་ལམ་ན་མཁའ་གཅོད་བཞིན་གྱིས།། འཛིན་ཆགས་མ་ལུས་ཐམས་ཅད་ཀུན།། མཁའ་ལ་རླུང་ཆེན་འཕྲོ་བ་བཞིན། ་ཡིད་ཀྱི་རྟོག་ཆགས་མ་ལུས་པ།། ཚུལ་ཉ་ཆེན་འཕྱོ་བ་ལྟར།། རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས།། དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས།། ཚིག་ཙམ་མ་ཡིན་བློ་གཏིང་སྤོས།། རྡོ་རྗེ་ཐེག་མཆོག་ཁ་འ་ཆེས་ལ། @# ་པའི་དོན་ཉིད་མི་ཤེས་པར། ། གསང་སྔགས་དམ་ཚིག་མཉམ་ཟེར་ཞིང་།། ཐུགས་ཐུབ་དག་གིས་སྤད་བྱས་པ།། དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར།། མཉམ་པའི་དོན་ཉིད་ཇི་ལྟ་བུ།། མཉམ་དང་རྟོགས་པ་གང་ཡང་མེད།། ་ཛལ་མི་གནས་ཡུལ་ལ་སྤྱོད།། སྤྱོད་པར་བྱེད་དང་སྤྱོད་པ་མེད།། དེ་ལྟར་རྟོགས་པའི་རིགས་མཆོག་ནི།། རྡོ་རྗེ་རིགས་འཛིན་སྐྱེ་བ་ན།། འཇིག་མེད་ཀུན་ཏུ་བཟང་པོར་སྦྱོར།། ཡོན་ཏན་མི་ཟད་གནས་པ་ཡིན།། མཉམ་པའི་དོན་ཉིད་མི ་ཤེས་ཤིང་། ། ཀུན་རྫོབ་དོན་དམ་གཉིས་མེད་ལ།། ཆོས་དང་གང་ཟག་གཉིས་མེད་ན།། འདི་ནི་བྱང་ཆུབ་ས་པ་ཡིན།། ལས་དང་ཉོན་མོངས་ཐམས་ཅད་ལ།། མཉམ་པའི་དོན་ཏུ་མི་ཤེས་ཤིང་།། རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན།། ་འདི་ནི་རང་སངས་རྒྱས་ཀྱི་ས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་།། སྤང་དང་མི་སྤོང་བྱེད་འགྱུར་བ།། འདི་ནི་ཉན་ཐོས་ས་བ་ཡིན།། དགེ་བཅུ་དག་ལ་གཙོར་ལེན་ཅིང་།། དགེ་དང་མི ་དགེ་མི་མཉམ་པས། ། ལྷ་དང་མིའི་སྐྱེ་གནས་ཏེ།། འདོད་ཁམས་དག་ཏུ་འཁོར་བའི་ས།། མཉམ་པའི་དོན་ཉིད་མི་རྟོགས་ཤིང་།། ཚད་མེད་བཞི་དང་བསམ་གཏན་བཞི།། རིམ་པ་སོ་སོར་བདག་འཛིན་ཅིང་།། གཟུགས་ཚོགས ་དག་ལ་བདག་ཏུ་རྟོགས། ། འདི་ནི་ཚངས་གནས་རིམ་པར་ས།། མཉམ་དང་གཟུགས་མེད་མ་རྟོགས་པར།། མིང་བཞི་མེད་པར་མ་ཤེས་ཏེ།། སྐྱེ་མཆེད་བཞི་ལ་གནས་འགྱུར་བས།། སྲིད་པའི་རྩེ་མོའི་ས་རུ་སྱེ།། ཐམས་ཅད ་མཉམ་པར་མ་ཤེས་ན། ། མ་ལུས་ཀུན་ལ་ཞེ་སྡང་ཞིང་།། སྙིང་རྗེ་ཡང་དག་མེད་འགྱུར་ན།། འདི་ནི་མི་ཟད་ཆེན་པོ་ཡི།། དམྱལ་ཁམས་བཅུ་དྲུག་གནས་པ་ཡིན།། ཆགས་མེད་དངོས་པོ་མི་ཤེས་ནས།། ཐམས་ཅད་ཀུན་ལ་འདོད ་ཆགས་ཤིང་། ། ལུས་ཀྱིས་བསྒྲིབས་དང་ཟས་ཀྱིས་བསྒྲིབ།། ཡི་དགས་ཆེན་པོའི་གནས་སུ་སྐྱེ།། ང་དང་བདག་མེད་མི་ཤེས་ཤིང་།། ཆོས་རྣམས་ཀུན་ལ་ཆོངས་བྱས་པས།། ཤེས་རབ་མི་གསལ་དོན་མེད་པས།། དགེ་སྡིག་གཉིས ་ཀྱི་དོན་མ་རྟོགས། ། འདི་ནི་བྱོལ་སོང་གནས་སུ་སྐྱེ།། ཤིན་ཏུ་ང་རྒྱལ་ཆེར་སྐྱེད་ཅིང་།། ཐམས་ཅད་བདག་གིར་བཟུང་བས་ན།། ཀུན་དང་རྩོད་པའི་ལས་བྱེད་པ།། ལྷ་མ་ཡིན་གྱི་གནས་སུ་སྟེ།། ཐེག་མཆོག་མཐོ་དམན་ཐམས་ཅད་དང་།། ་འཇིག་རྟེན་ལྟ་བ་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོས་རབ་བརྟགས་ན།། རང་བཞིན་མེད་ལ་ཅིར་ཡང་འགྲུབ།། རང་བཞིན་དབྱིངས་ལས་ཉམས་པ་མེད།། ཤེས་རབ་ཆེན་པོ་མིག་ལྡན་པས།། མཐོ་དམན་གནས་དང་ལམ་དྲུག་དང་།། ་རང་བཞིན་མེད་ལ་ཅིར་ཡང་འགྲུབ།། སོ་སོར་དེ་བཞིན་འཁོར་བར་གཟིགས།། སྔགས་མཆོག་བླ་ན་མེད་པས་ནི།། མཚན་མ་ཀུན་དང་མི་བརྟག་པར།། མཚན་མ་ཀུན་དང་ཐམས་ཅད་མེད།། ཀུན་དང་མཉམ་པ་ཉིད་ཡིན་པས།། ་འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོར་ལྟ་བ་བརྗོད་མི་བྱ།། སྤྱི་ནི་ལོག་རྟོག་བསམ་ཡས་པ།། ཡེ་ནས་ཡོད་པ་མ་ཡིན་ཏེ།། སོ་སོའི་རྣམ་རྟོག་བག་ཆགས་ཀྱིས།། བཟུང་འཛིན་དྲ་བས་བསྒྲིབས་འགྱུར་ཏེ།། ཅི་ཡང ་མེད་ལ་ཅིར་ཡང་སྣང་། ། སྣང་བ་ཉིད་ལ་རང་བཞིན་མེད།། དེ་ལྟར་རྟོགས་ན་བདེར་འགྲོའི་གནས།། རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས།། རྣལ་འབྱོར་ཆེན་པོའི་ལྟ་སྤྱོད་ནི།། ཅིར་ཡང་སྤྱོད་ཀྱང་རང་བཞིན་མེད།། མཁའ་ལ་བྱ་ཆེན་ལྡིང ་བབཞིན། ། ཆུ་ལ་སྐྱེར་ཆེན་འཕྱོ་བ་བཞིན།། མཁའ་ལ་རླུང་ཆེན་འགྲོ་བ་བཞིན།། རྣལ་འབྱོར་ལྟ་བ་དེ་ལྟར་ལྟ།། རྣལ་འབྱོར་སྤྱོད་པ་ཆེན་པོ་ནི།། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད།། བདེ་བའི་རོ་མཆོག་མྱོང་བར་འགྱུར།། དེ ་ལ་སུ་ཞིག་ཆགས་པར་བྱེད། ། སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན།། བདེ་བའི་མཆོག་ཉིད་བསོད་ནམས་ཚོགས།། དེ་ལྟ་བུའི་ངང་དུ་སྤྱོད།། འདི་ནི་སྤྱོད་པ་བརླབས་ཆེན་ཡིན།། ལྷ་སྤྱོད་ཡ་མར་མ་འགྱུར་བར། ་སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྦྱར།། ཁ་ཅིག་ལྟ་བ་མཉམ་གནས་ཀྱང་།། སྤྱོད་པ་དག་དང་ཡོད་མི་འཐུན།། ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་།། མཉམ་པའི་ལྟ་བ་ཡོད་མི་ཤེས།། ཁ་ཅིག་ལ་སྤྱོད་གཉི་ག་མེད།། ཡང་དག ་སྐྱེས་མཆོག་དམ་པ་ཡིས། ། དོན་དམ་ཀུན་རྫོབ་དབྱེར་མེད་པས།། ཡང་དག་ཉིད་དུ་རབ་ཏུ་རྟོགས།། བླ་མེད་ཐེག་ཆེན་དང་གནས་ནི།། དོན་དམ་ཀུན་རྫོབ་དབྱེར་མེད་དེ།། ཀུན་རྫོབ་ཙམ་དུ་ཐམས་ཅད་ལ།། དག་དང་མ་དག་གཉི་གང་འཛིན།། ཐབས ་ཀྱི་ཐེག་པ་ཆེན་པོ་ནི། ། རྣམ་པར་བྱང་དང་སྡུག་བསྔལ་དག། ཀུན་རྫོབ་ཏུའང་དབྱེར་མེད་དེ།། ལྟ་བ་མཐོ་དམན་དེ་ཙམ་མོ།། ཐབས་ཀྱི་ལྷ་སྤྱོད་ཆེན་པོ་ནི།། བླ་མེད་ཐེག་པ་ལས་འཕགས་པ།། དོན་དམ་ཏུ་ནི་ནོར་བདུན་ནོ།། ཀུན་རྫོབ་དུ་ནི་མཉམ ་རྫོགས་སོ། ། མཉམ་པ་ཉིད་ལས་མ་གཡོས་བཞིན།། ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན།། ཐབས་དང་ཤེས་རབ་རྣམ་པར་དག། ཐམས་ཅད་དག་ཅེས་བྱ་བའི་ཡང་།། དངོས་པོ་གསལ་དག་མ་ཡིན་ཏེ།། སྣང་སྤྱོད་གཉིས་ན་རྣམ་པར་དག། ་དམ་ཚིག་ཆེན་པོའི་མདོ་རྣམས་ལས།། རིགས་ལྔ་དག་ཏུ་བསྟན་པ་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རིགས་ཆེན་དག་ཏུ་ཟད་པར་འདུས།། མ་ལུས་ཆོས་ཀུན་དབྱེར་མི་དམིགས།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། རིགས ་ངན་འཇོམས་པས་རྡོ་རྗེ་ཡིན། ། མེ་དམིགས་དབྱིངས་ནས་ཀུན་འབྱུང་བ།། ཡོན་ཏན་ཆེན་པོ་གནས་ཡིན་ཏེ།། ཞིང་ཁམས་མི་ཟད་གནས་ཀྱང་ཡིན།། འདི་ནི་རིན་ཆེན་རིགས་སུ་གསུངས།། ཆོས་རྣམས་ཐམས་ཅད་དབྱེར་མེད་པས། ་ཆགས་དང་ཆགས་པར་བྱ་བ་མེད།། དེ་བཞིན་ཉིད་དུ་གཅིག་པ་སྟེ།། ཉེས་པས་མི་གོས་པད་མ་བཞིན།། ཐམས་ཅད་མ་ལུས་དབྱིངས་འདུས་པས།། འདི་ལ་བྱ་བ་རྡུལ་ཙམ་མེད།། མ་བྱས་བཞིན་དུ་དོན་གྲུབ་པ།། སྐྱོན་ཡོད་བྱང་ཆུབ ་ཉིད་དུ་སྦྱར། ། འདི་ནི་ལས་རྣམས་གྲུབ་པ་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མཐའ་དང་དབུས་མེད་དུ་མར་བྲལ།། གང་ཡང་མ་ཡིན་དེ་བཞིན་ཉིད།། དབྱེར་མེད་པའི་ཚུལ་རྟོགས་ཏེ།། འདི་ནི་དེ་བཞིན་གཤེགས་པའི ་རིག་པ། ། སྔང་སྲིད་མ་ལུས་ཐམས་ཅད་ལ།། གསལ་ཞིང་དྲོ་བའི་གནས་བྱེད་ཅིང་།། མཚན་མ་བག་ཆགས་སྲེག་བྱེད་པ།། འདི་ནི་མིའི་རིགས་སུ་བཤད།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དངོས་པོར་སྣང་ལགཟུང་དུ་མེད། ་བསྐྱེད་ན་ཐམས་ཅད་ཀུན་སྨྲ་སྟེ།། འདི་ནི་རླུང་ཆེན་ཡིན་པར་བཤད།། དམ་ཚིག་ཆེན་པོའི་མདོ་རྣམས་ལས།། འབྱུང་བ་ལྔ་རྣམས་བཤད་པ་ནི།། ཐམས་ཅད་མ་ལུས་འབྱུང་བའི་གནས།། ཐམས་ཅད་ཀུན་གྱི་མཛོད་སྐྱེད་ཡིན།། ཆོས ་རྣམས་མ་ལུས་ཐམས་ཅད་ལ། ། སྲ་ཞིང་རྟེན་པའི་གནས་ཡོད་པས།། དངོས་པོ་མེད་པའི་ཚུལ་རྟོགས་ཏེ།། འདི་ནིས་ཆེན་ཡིན་པར་བཤད།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ནམ་མཁའ་ཆེན་པོ་ཡིས།། ཕྱི་དང་ནང་གི་གོ་འབྱེད ་པའོ། ། ཐམས་ཅད་གསལ་བའི་ངང་ཉིད་དེ།། འབྱུང་བ་བཞི་པོ་ཐམས་ཅད་ཀྱང་།། ཐམས་ཅད་ནམ་མཁའི་ངང་དུ་ཐིམ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་ཀྱི་དབྱིངས་སུ་འབ།། ཉོན་མོངས་ལྔ་པ་ཞེས་བྱ་བའི་དམ་ཚིག ་ནི། ། མ་རིག་པ་ནི་རིག་པར་འགྱུར།། ཕྱིན་ཅི་ལོག་ནི་ཡང་དག་སྟེ།། ཉོན་མོངས་ལྔ་པོ་དེ་བཞིན་གཤེགས།། དངོས་མེད་ཏོགས་ན་བྱང་ཆུབ་ལམ།། མ་རྟོགས་ངན་སོང་གསུམ་དུ་འགྲོ། དེ་བས་ཐོས་བསམས་བསྒོམས་པ་ཡིས།། ཡང ་དག་དོན་ཉིད་རྟོགས་བྱས་ཏེ། ། ཐམས་ཅད་སངས་རྒྱས་ཉིད་དུ་སྦྱོར།། འདོད་ཆགས་རང་བཞིན་མེད་པས་ན།། ཡང་དག་དོན་ལ་ཆགས་བྱེད་དེ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། མ་ཆགས་པ་ལ་ཆགས་པ་དང་།། ཤིན་ཏུ་ཆགས།། ་མཆོག་ཆེན་པོ་ཡིན།། རྒྱལ་བའི་ཞིང་ཁམས་འབྱུང་འགྱུར་ཏེ།། སྣང་བ་མཐའ་ཡས་ཞིང་དག་ཡིན།། ཐམས་ཅད་པདམ་བརྫུས་སྐྱེས་ཡིན།། རྡོ་རྗེ་འཛིན་གྱི་ས་ར་སྱེ།། ཞེ་སྡང་ཆེན་པོའི་མཚན་ཉིད་ནི།། ཕྱིན་ཅི་ལོག་ལ་ཞེ ་སྡང་ཞིང་། ། ཞེ་སྡང་དངོས་པོ་མེད་ཤེས་ན།། སྡང་དང་མི་སྡང་མཉམ་ཤེས་ཏེ།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། མཉམ་པ་ཆེན་པོའི་ངང་ཉིད་ནི།། ཐམས་ཅད་ཀུན་ལ་དབྱེར་མེད་དེ།། དེ་ལྟར་མ་རྟོགས་ཀུན་ལ་སྣང་།། ་དེ་བཞིན་པལ་གྱིས་མཉམ་མི་ཤེས།། དེས་ནི་ཞེ་སྡང་ཉིད་དུ་མཐོང་།། ཡང་དག་རྟོགས་པས་རབ་རྟབས་ན།། ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན།། གཏི་མུག་རྨོངས་པ་ཞེས་བརྗོད་པས།། ཆོས་རྣམས་མ་ལུས ་ཐམས་ཅད་ཀུན། ། དོན་དམ་དུ་ནི་དབྱེར་མེད་ལ།། ཀུན་རྫོབ་སྒྱུམ་མིག་གསོར་ཚུལ།། སྣང་བ་ཉིད་ན་དངས་མེད་པས།། དེ་ལ་སུ་ཞིག་བདག་ཏུ་འཛིན།། ཐམས་ཅད་དབྱེར་མེད་མི་དམིགས་པ།། ཤེས་རབ་ཅན་གྱི་གཏི་མུག་ཡིན།། ་དེ་རྟོགས་དེ་བཞིན་གཤེགས་པའོ།། ང་རྒྱལ་མཚན་ཉིད་བརྗོད་པ་ནི།། མཉམ་པ་ཉིད་ལ་གནས་བཅས་ནས།། ཕྱིན་ཅི་ལོག་དང་ཐེག་དམན་ལ།། ཤིན་ཏུ་ང་རྒྱལ་ཆེན་པོར་སྣང་།། ང་རྒྱལ་ཞི་བ་སོ་སོ་མིན།། རང་བཞིན་མེད་པས ་དབྱིངས་སུ་འདུས། ། འདི་ནི་ཡོན་ཏན་འབྱུང་གནས་ཡིན།། དེ་བཞིན་དག་པར་ཤེས་པར་བྱོས།། ཕྲག་དོག་མཚན་ཉིད་བརྗོད་པ་ནི།། ང་དང་བདག་ཏུ་འཛིན་པ་སྟེ།། འཛིན་ཉིད་དངོས་པོ་ཡོད་མ་ཡིན།། མཉམ་མི་ཤེས་ལ་ཕྲག་དོག ་ཅིང་། ། ཐམས་ཅད་མཉམ་པ་ཉིད་དུ་འདུས།། མི་མཉམ་མལ་ཤིན་ཏུ་སྡོམ།། དེ་བས་ཕྲག་དོག་ཆེན་པོ་ཡིན།། ཕྱིན་ཅི་ལོག་ཏུ་བདག་ཏུ་བཅིངས།། བཟུང་དང་འཛིན་པས་ཤིན་ཏུ་དོག། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དོག ་ཡངས་མེད་དེ་ཐམས་ཅད་མཉམ། ། དེ་ཉིད་ཤེས་པས་ལས་རབ་འགྲུབ།། ཕུང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི།། ཕུང་པོ་ལྔ་པོར་སྣང་བ་ཡང་།། ཀུན་རྫོབ་བྱ་བ་སྣ་ཚོགས་བྱེད།། བདེ་བའི་ཡུལ་དང་མི་བདེའི་ཡུལ།། སོ་སོའི་རོ་རྣམས ་མྱོང་བྱེད་ཅིང་། ། ལྔ་པོའི་མཚན་ཉིད་བཤིག་བྱས་ནས།། སོ་སོའི་མཚན་ཉིད་དངོས་པོ་མེད།། གང་གིས་དེ་ལ་དངོས་བཟུང་ན།། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ལ་གཟུགས་ཀྱི་མཚན་ཉིད་ནི། སྣང་བ་ཉིད་ནི་རང་བཞིན་མེད།། ་སྣང་མེད་དེ་ཉིད་སྣ་ཚོགས་སྟོན།། སྣང་དང་མི་སྣང་གཉིས་སུ་མེད།། དེ་རྟོགས་རྣམ་པར་ཐར་པའི་གནས།། གཟུགས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ།། ཚེར་བའི་མཚན་ཉིད་བརྗེད་པ་ནི།། ཀུན་ལ་རྣམ་གསུམ་འབྱུང་མོད་ཀྱི།། ་བདེ་དང་མི་བདེ་དངོས་པོ་མེད།། ། མ་ཡིན་ལུང་མ་བསྟན།། སྣ་ཚོགས་ཚེར་བ་འབྱུང་འགྱུར་ཡང་།། ཚེར་དང་འབྱུང་བ་གཉིས་སྟོང་།། སྟོང་ཉིད་དངོས་པོ་ཡོད་པ་ཡིན།། དེ་རྟོགས་ཆོས་ཀྱི་གོ་དགོས་ཡིན།། འདུ་ཤེས་མཚན་ཉིད ་བཤད་པ་ནི། ། གསུམ་ཚོགས་མཚན་མར་འཛིན་པ་ཡིན།། སོ་སོ་མཚན་ཉིད་བཤིག་པ་ན།། དངོས་པོ་མེད་དེ་དེ་བཞིན་ཉིད།། དངོས་པོ་དེ་ནི་སྣ་ཚོགས་པ།། བྱ་བྱེད་མེད་པར་ཀུན་ཏུ་འཇུག། ཁམས་གསུམ་མ་ལུམ་ཐམས་ཅད་ལ། ་མཚན་མ་ཆེ་ཆུང་བསམ་མི་ཁྱབ།། ཁྱབ་མེད་དངོས་པོ་ཡོད་མ་ཡིན།། དེ་ལྟར་རྟོགས་ན་སངས་རྒྱས་མཚན།། འདུ་བྱེད་མཚན་ཉིད་འདི་ལྟར་གནས།། བ་བརྒྱད་པའི་གྲངས་འགྱུར་ཏེ།། ལྔ་བཅུ་རྩ་གཅིག་ཀུན་ལའཕོ།། དེར་རྟོགས ་བ་ཡོད་མ་ཡིན། ། མེད་བཞིན་ལོག་གཡོ་རྣམ་པར་འབྱུང་།། དེ་ལ་དངོས་པོར་འཛིན་པ་ནི།། རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས།། ཁམས་གསུམ་བཙོན་ཀུན་ཏུ་འཁོར།། ཡང་དག་དོན་ཕྱིར་རིག་པས་ནི།། འཕྲོ་བའི་གཞི་རྩ་དེ་བཞིན ་དེ། ། དེ་ལ་རྣམ་རིག་འབྱུང་བ་ནི།། དངོས་པོ་མེད་དེ་སྐད་ཅིག་མ།། ཡེ་ཤེས་དབྱིངས་ལ་རོལ་པ་མཛད།། སྤྲུལ་པའི་ཚོགས་ཆེན་ཡིན་པར་བཤད།། ཀུན་གྱི་འབྱུང་གནས་རྣམ་ཤེས་ཏེ།། དེ་ཡི་དངོས་པོའི་རང་བཞིན་ནི།། ཁ་དོག ་དབྱིབས་དང་རིག་རྒྱུན་མིན། ། གང་ཡང་མ་ཡིན་ཉིད་མི་དམིགས།། འདི་ནི་ཀུན་ལ་དབང་སྒྱུར་ཏེ།། མཐོ་རིས་འགྲོ་འམ་ངན་སོང་འགྲོ།། ཏོགས་དང་མ་རྟོགས་ཁྱད་པར་རོ།། བཞི་པོ་མཉམ་པའི་དང་ཤེས་ན།། འདིན་ཡེ་ཤེས་ཆེན།། ་པོ་ཡིན།། ཁ་དོག་ལྔ་ཡི་མཚིག་ནི།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་།། རང་གི་ནམ་ཏོག་བསྒྲིབས་བྱས་ཏེ།། ཡེ་ཤེས་ལྔ་མ་དོན་མ་མཐོང་།། མ་མཐོང་མོངས་པ་ཐམས་ཅད་ལ། ་ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར།། དཀར་དང་དམར་དང་སེར་བ་དང་།། ལྗང་ཁུ་ལ་སོགས་ནག་པོར་བསྟན།། ཆོས་རྣམས་བདག་མེད་རྟོགས་བྱས་ནས།། བྱང་ཆུབ་སེམས་ཉིད་དག་པའི་ཕྱིར།། ཤིན་ཏུ་མདོག་ནི་དཀ ་བསྟན་པ། ། དེ་རྟོགས་བྱ་ཕྱིར་དག་པའི་མདོག། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། པད་མར་གཞེས་བརྗོད་དེ།། ཆགས་དང་ཆགས་པར་བྱ་བ་མེད།། ཆགས་མེད་ཕྱིར་ཡང་དམར་བའོ།། ཡོན་ཏན་གང་ཆེན ་ཟད་མི་ཤེས། ། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ།། དེ་བཞིན་ཉིད་དབྱིངས་མ་ལུས་ལ།། ཟད་མེད་རིན་ཆེན་གཏེར་འགྱུར་ཏེ།། མདོག་ནི་གསེར་གྱི་མདོག་ཏུ་བསྟན།། ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ།། ཐུགས་རྗེ་ཆེན་པོའི་བྱིན ་བརླབས་ཀྱིས། ། དབྱིངས་སུ་ཡང་དག་བསྡུ་དགོས་པས།། ལས་རྣམས་མ་ལུས་རྫོགས་པར་བྱེད།། ཀུན་ཏུ་ལས་ནི་ལྗང་གུའི་མདོག། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།། ཅིས་ཀྱང་མི་ཚུགས་བཅོས་སུ་མེད།། ཁ་དོག་ནག་པོ ་དངོས་པོ་ལ། ། མཚོན་གཞན་དག་གིས་བསྒྱུར་དུ་མེད།། དེ་བཞིན་ཀུན་ལ་ཤེས་པར་བྱོས།། ཕྱོགས་ལྔ་ཞེས་བྱ་བའི་དམ་ཚིག་ནི།། མཐའ་དང་དབུས་མེད་དེ་བཞིན་དུ།། དབྱེར་མེད་ངང་དུ་གནས་པ་ལ།། ཡེ་ཤེས་རྟོགས ་པའི་དོན་བྱ་ཕྱིར། ། ཕྱོགས་དང་དབུས་སུ་གནས་པར་བྱ།། སེམས་ཅན་མ་རིག་མདོངས་པ་ལ།། ཉོན་མོངས་མ་རིག་གསལ་བྱའི་ཕྱིར།། ཡེ་ཤེས་སྒྲོན་མ་འོད་འབར་བས།། མ་རིག་མུན་པ་སེལ་བར ་བྱེད། ། དེ་ཕྱིར་དེ་ལ་ཤར་ཞེས་བྱ།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཉོན་མོངས་སྡུག་བསྔལ་མི་གནས་ཤིང་།། མ་རིག་མུན་པ་ནུབ་གྱུར་པས།། དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ།། སེམས་ཅན་ཀུན ་གྱི་ཉོན་མོངས་ཀུན། ། ཡེ་ཤེས་ཆེན་པོ་བདག་མེད་པས།། སྡུག་བསྔལ་རབ་ཏུ་བྱང་བྱས་ནས།། དེ་ལ་བྱང་གི་ཕྱོགས་ཤེས་བརྗོད།། དེ་ལྟར་མ་ལུས་ཐམས་ཅད་ལ།། ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ།། རྣམ ་རྟོག་མཚན་ཉིད་བྱང་གྱུར་ན། ། དེའི་ཡོན་ཏན་ཆེན་པོ་རྫོགས།། དེ་ལྟར་ཆོས་རྣམས་མ་ལུས་ཀུན།། རང་བཞིན་ཉིད་ཀྱིས་དབྱིངས་སུ་འདུས།། ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དུ་ཟླུམ་པའི ་ཚུལ། ། ཕྱོགས་རྣམས་ཀུན་ལ་དེ་ལྟར་ལྷ།། མ་རིག་ཕྱིན་ཅི་ལོག་རྣམས་ཀྱི།། ཕྱོགས་རྣམས་སོ་སོར་བཟུང་འགྱུར་ན།། རྟག་ཏུ་ཉོན་མོངས་འཁོར་བར་འགྱུར།། དབང་པོ་ལྔ་ཞེས་བྱ་བའི་དམ་ཚིག ་ནོ། ། ཡུལ་ལྔ་དག་ལ་དབང་བྱེད་ཅིང་།། ཕྱིན་ཅི་ལོག་ནི་དངོས་པོར་འཛིན།། དངོས་པོར་བཟུང་བས་ཁམས་གསུམ་འཁོར།། གཟུགས་རྣམས་མ་ལུས་ཐམས་ཅད་ལ།། སྣང་ཞིང་དངོས་པོ་མེད་པ་དང་། ་ལྗང་ལྷ་མོ་དདངོས་པོར་བརྟག། བདག་དང་ལྷ་ཉིད་གཉིས་པའོ།། སྒྲ་རྣམས་སྣ་ཚོགས་གྲགས་པ་ཡང་།། སྒྲ་ཉིད་དངོས་པོ་མེད་པར་ཤེས།། སྐུ་བརྗོད་མ་ལུས་ཐམས་ཅད་ནི།། ཆོས་ཀྱི་སྒྲ་ཆེན ་སྣ་ཚོགས་ཡིན། ། དྲིའི་དངོས་པོར་སྣང་བ་ཡང་།། དྲི་ཉིད་རང་བཞིན་གང་ཡང་མེད།། དྲི་སྣོམ་ཆོས་ཀྱི་དྲི་ཡིན་ཏེ།། ཤེས་རབ་ཆེན་པོས་དེ་ལྟར་རྟོགས།། རོ་ཡི་དངོས་པོ་སྣང་བ་ཡང་། ་རོ་ཡི་རང་བཞིན་ཡོད་མ་ཡིན།། རོ་བྲོ་དེ་བཞིན་ཉིད་ཀྱི་རོ།། བདེ་བ་དེ་ཡིས་ཚིམ་པར་བྱེད།། རེག་བྱ་སྣ་ཚོགས་སྣང་བ་ཡང་།། རེག་བྱའི་དངོས་པོ་ཡོད་མེད་དེ།། རེག་བྱར ་སྣང་བ་ལོངས་སྤྱོད་ཡིན། ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ།། མི་ཤེས་ཕྱིན་ཅི་ལོག་རྣམས་ཀྱིས།། དབང་པོ་ཡུལ་ལ་ཆགས་འགྱུར་ན།། རྟག་ཏུ་འདོད་དང་མི་བྲལ་ཞིང་།། ངན་སོང་གསུམ ་དང་མི་ཁོམ་བརྒྱད། ། རྩ་བ་སོག་མའི་མེ་བཞིན་དུ།། ཁམས་གསུམ་དག་ཏུ་འཁོར་བར་འགྱུར།། དེ་བས་ཡེ་ཤེས་ཆགས་མེད་རྟོགས།། བྱས་ལ་མི་སོགས་བསོད་ནམས་བྱོས།། ་ཀུན་ལ་སྤྱོད་ཅིང་མི་གོས་པས།། ཡེ་ཤེས་ཆེན་པོ་རྟག་ཏུ་བསྒོམས།། མཉམ་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་དང་།། ཀུན་རྫོབ་སྒྱུ་མར་མཉམ་པ་དང་། ་དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེར་མེད་པར་མཉམ་པ་དང་། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང་།། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པའོ།། དེ་ལ་དོན ་དམ་པར་སྐྱེ་བ་མེད་པར་མཉམ་པ་ནི། ། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དང་སྟོང་པའི་མཐའ།། ཡང་དག་པ་དང་ཆོས་ཀྱི་དབྱིངས།། མཚན་ཉིད་མེད་ཅིང་དམིགས་སུ་མེད། ་གཟུང་དུ་མེད་ཅིང་སྨོན་པ་མེད།། ཡེ་ནས་མྱ་ངན་འདས་པ་ཡིན།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ཀུན་རྫོབ་སྒྱུ་མ་མཉམ་པ་དང་།། འདུས་བྱས་དངོས་པོ ་སྣ་ཚོགས་ནི། ། སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་།། འཕྲལ་གྱི་བྱ་བ་ཀུན་ཀྱང་བྱེད།། རྟོག་པ་ཀུན་གྱི་མཚན་མ་སྣང་།། འདི་དག་ཐམས་ཅད་གཟུགས་བརྙན་ཏེ། བྱ་བྱེད་སྣང་ཞིང་དངོས་པོ་མེད།། ཆུ་ཟླའི་ཚུལ་དུ ་ཐམས་ཅད་གནས། ། ཐམས་ཅད་སྣང་ལ་རང་བཞིན་མེད།། དོན་དམ་ཀུན་རྫོབ་དབྱེར་མེད་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། བཞི་རྩ་མེད་ལས་ཐམས་ཅད་འབྱུང་།། ཡོད་དང་མེད་པ་གཉིས་ག་མིན།། ་དོན་དམ་ཀུན་རྫོབ་དབྱེར་མེད་དེ།། འདུས་མ་བྱས་ཉིད་འདུས་བྱས་སྣང་། སྣང་བ་ཉིད་ནི་དངོས་པོ་མེད།། དངོས་མེད་དེ་ཉིད་སྣ་ཚོགས་ཏེ།། དེ་ཉིད་སྒྱུ་མ་མིག་ཡོར་ཚུལ།། འབྱུང་བ་ཆེན་པོ་ལྔ་དེ་བཞིན་གཤེགས ་པ་ལྔར་མཉམ་པ་ནི། ། ས་ཆུ་མེ་རླུང་ནམ་མཁའ་ལས།། ཡ་མཚན་སྣ་ཚོགས་འབྱུང་འགྱུར་བ།། གཞི་རྩ་ཡོད་པ་མ་ཡིན་ཏེ།། རང་བཞིན་རང་གིས་དེ་ལྟར་འབྱུང་།། སོ་སོའི་རིགས་ཚོགས་སྣང ་བ་ནི། ། ཐབས་ཆེན་དག་ཏུ་རྟག་ཏུ་མཉམ།། མཚན་ཉིད་སོ་སོར་གནས་པ་ནི།། ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ།། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི།། རྣམ་རྟོག་ཀུན་བཞི་མ་ཡིན་པ། ་རང་བཞིན་མེད་པ་དོན་གྱི་བཞི།། འདོན་ཆོས་ཀྱི་དབྱིངས་ཞེས་བྱ།། དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ང་དང་བདག་ཏུ་མི་འཛིན་ཅིང་།། ཀུན་ཀྱང་དབྱེར་མེད་པ་ཡིན་པས།། ཐམས་ཅད་མེ་ལོང་ལྟ་བུའི ་ཚྭལ། ། ཐ་མ་ཅ་དཀུན་ལ་ཡུང་རྟོག་ཅིང་།། ཆོག་དང་བརྟག་པར་བྱ་བ་མེད།། དུས་གསུམ་ཀུན་ཏུ་མི་དམིགས་པ།། འདི་ན་མཉམ་ཉིད་ཡེ་ཤེས་ཡིན།། ལོག་ཏོགས་དབང་པོའི་སྤྱོད་ཡུལ་སྤངས།། དབང་པོ་ཡུལ་རྣམས་དངོས་མེད་པར ་མས་ཅད་དབྱེར་མེ་དེ་བཞིན་ཉིད། ། ས་སོར་རྟོག་པའི་ཡེ་ཤེས་ཡིན།། མཉམ་པ་རྣམ་ལྔ་དེ་ལྟར་བཏགས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། ཡེ་ནས་རང་བཞིན་མེད་པ་དང་།། ཐབས་ཆེརན་ལྡན ་གྱིས་གྲུབ་པར་རྟགས། ། འདི་ནི་ཡང་དག་རྟོགས་པ་ཡིན།། ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ།། རང་རིག་མཐའ་དབུས་མེད་པའི་དཀྱིལ།། ཡེ་ཤེས ་བཞི་འཕྲོ་འཁོར་ལོའི་ཚུལ། ། ཡང་ན་རྡོ་རྗེ་སེམས་དཔའ་ཉིད།། རིགས་བཞིའི་ལྷ་དང་ལྷ་མོ་དང་།། འཁོར་གྱི་ཁྲོ་བོ་ཁྲོ་མོ་དང་།། ཡང་ན་འདས་པའི་དཀྱིལ་ཉིད་དེ།། འཇིག་རྟེན་སྣ་ཚོགས་འཁོར་ཡིན་ནོ།། ་ཚོགས་ཀྱིས་མཆོད་པ་ཞེས་བྱ་བའི་དམ་ཚིག་ནི།། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་།། བྱང་ཆུབ་སེམས་དང་མ་ཆགས་པའི།། གཉིས་སུ་མེད་པར་ཐིམ་གྱུར་ན།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་ལྡན།། འདོད་ཡོན ་ལྔ་པོ་ཐམས་ཅད་དང་། ། སྣ་ཚོགས་སྣང་བ་ཐམས་ཅད་ཀུན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་།། གཟུགས་མཛེས་ལྷ་དང་ལྷ་མོར་བརྟགས།། ཐམས་ཅད་མ་ལུས་སྒྲ་རྣམས་ནི།། ཆོས་ཀྱི་སྒྲ་ཆེན་ཡིན་པ་དང་།། ངན ་སོར་སྦྱོང་ཞིང་ཐར་ལམ་སྟོན། ། སྟོང་གསུམ་གྲགས་པའི་སྒྲ་ཆེན་དང་།། ཐམས་ཅད་འཇལ་བའི་སྒྲ་ཡང་ཡིན།། བདེ་བ་ཚིམ་བྱེད་བསོད་ནམས་ཏེ།། བརྗོད་མེད་མི་གནས་ཡེ་ཤེས་ཡིན།། འདི་ནི་ཚིགས་མེད་པད་མའི་གསུང་།། ་ཆོས་ཉིད་དངོས་པོ་མེད་པ་ལ།། དྲི་ཡིས་མཆོག་ཏུ་ཚིམ་བྱེད་པ།། བསོད་ནམས་ཚོགས་ཆེན་ཡིན་པར་བཤད།། ཆགས་མེད་ཡེ་ཤེས་ཚུལ་ཡིན་ཏེ།། དེ་བཞིན་དྲི་ཡིས་མཉེས་མཆེད་ན།། རིག་འཛིནས་རྣམས་སྐུ ་བར་འགྱུར། ། ངན་སོང་གསུམ་དུ་ཆོས་ཀྱི་དྲི།། ཀུན་དུ་བདེ་ནས་ཐོབ་པར་བྱེད།། བདེ་གཤེགས་དཀྱིལ་འཁོར་མ་ལུས་ལ།། བདེ་བའི་རོ་ཡིས་མཆོད་པར་འགྱུར།། ཚིམ་བྱེད་བསོད་ནམས་ཚོགས་ཆེན་འགྱུར།། དངོས་པོར ་མི་འཛིན་བསོད་ནམས་ཚོགས། ། དེ་ལྟ་བུ་ཡི་རོ་མཆོག་གིས།། ཐམས་ཅད་ཀུན་ལ་ཚིམ་པར་འགྱུར།། ཡི་དགས་གནས་སུ་ལོངས་སྤྱོད་ལྡན།། དཀྱིལ་འཁོར་མ་ལུས་མཆོད་པ་ཡིན།། བདེ་བ་ཆེན་པོ་རྫོགས་པའོ།། རྣལ ་འབྱོར་ལས་སུ་རུང་རྣམས་ཀྱིས། ། རྣམ་པ་མང་པོས་བརྒྱན་པ་དང་།། སྦྱོར་མཆོད་དག་གིས་ལོངས་སྤྱོད་ན།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་འགྱུར།། བདེ་ཆེན་དཀྱིལ་འཁོར་འབར་འགྱུར་ནས།། སྡིག་པའི་མུན་ནག ་སེལ་བར་བྱེད། ། དཔུང་གི་ཚོགས་ཀྱིས་མི་ཐུབ་པའི།། མཐུ་ཆེན་དག་ཀྱང་འགྲུབ་པར་བྱེད།། ཚོགས་ཀྱི་ཕྲིན་ལས་ཞེས་བྱ་བའི་དམ་ཚིག་ནི། བྱེད་པ་མེད་པའི་ཚུལ་གྱིས་ནི།། ཀུན་ལ་ཐོགས་པ་མེད་པར་སྤྱད།། ཐམས་ཅད་མ་ལུས ་འདུལ་བར་བྱེད། ། མི་མཐུན་ཕྱོགས་ནས་དབང་དུ་བྱེད།། ཡོན་ཏན་ཆེན་པོ་འཕེལ་བར་བྱེད།། ཁྲོ་བོ་གཏུམ་པའང་ཞི་བར་བྱེད།། ཐམས་ཅད་ཀུན་ལ་སྤྱད་བདེ་བ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། དབྱིངས་སུ་བསྡུས་པས། ་དཀྱིལ་ཡིན་ཏེ།། འཕྲོ་འདུ་མང་པོའི་འཁོར་གྱིས་བསྐོར།། མཉམ་པ་ཆེན་པོའི་ངང་ཉིད་ནི།། དེ་ལྟ་བ་ཡི་ཚུལ་དུ་གནས།། འཁོར་བའི་ཕྲ་མེན་ཚིམ་བྱེད་ཅེས་བྱ་བའི་དམ་ཚིག་ནི།། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ།། རྟག་ཏུ ་མཉམ་བཞག་ཁྲོ་བོའི་ཚུལ། ། འཁོར་གྱི་ཁྲོ་རྣམས་དེ་བཞིན་ཏེ།། མདོག་དང་ཕྱག་རྒྱ་ཐམས་ཅད་དང་།། སྔགས་མཆོག་དམ་པ་མ་ལུས་འདོན།། དེ་ནས་ཕྲ་མེན་འཁོར་འདུས་ནས།། སོ་སོའི་ལས་དང་མཐུན་བྱས་ཏེ།། སོ་སོའི་གན ་སུ་བཞག་པར་བྱ། ། དབང་དུ་སྤུ་དང་བསྒོབ་པའི་ཐབས།། ཇི་ལྟར་འཚམ་པ་བཞིན་དུ་བྱ།། མ་ལུས་ཐམས་ཅད་བྱོས་ཤིག་པར།། ལྷག་མ་བྱིན་ནས་དབང་ཡང་བསྐུར།། གཞན་ཡང་འགྲོ་བ་ཐམས་ཅད་ལ།། འདོད་ཡོད་ལྔ་ཡི ་པ་གཏང་། ། དེ་ནས་ལས་རྣམས་རྫོགས་བྱས་ནས།། དབང་ཕྱུག་ཆེན་པོའི་གནས་བརྟན་ནས།། རིགས་ལྔ་ཡེ་ཤེས་ལྔ་ལ་སོགས།། འཁོར་གྱི་དཀྱིལ་འཁོར་མ་ལུས་པ།། བདག་ལ་ཐམས་ཅད་བསྡུ་བར་བྱ།། དེ་ལྟར་བསྒྲུབ་པའི་ངང ་འཆང་བ། ཡེ་ཤེས་ཚོགས་གཉིས་རྫོགས་བྱས་ནས།། རིག་འཛིན་རིག་པའི་ས་ལ་གནས།། ཐག་དམེན་སྤྱོད་པར་ཡོད་མི་འགྱུར།། མི་ཁོམ་གནས་སུ་སྠཱ་མི་འགྱུར།། སྨྱེ་ཤི་མེད་པའི་གཡུང་དྲུང་ཐོབ།། སངས་རྒྱས་ནི ་སྤྱོད་པར་བྱེད། ། ངན་སོང་གནས་རྣམས་སྟོངས་པར་བྱེད།། ཡང་དག་མཆོག་གི་སྙིང་པོ་འགྲུབ།། དབང་པོ་ཡུལ་དུ་སྣང་བ་ཀུན།། ཡུལ་རྣམས་ཡོད་པ་མ་ཡིན་ཏེ།། ཀུན་བཞི་རྣམ་པར་ཤེས་པ་ཉིད།། དངོས་པོ་སྣ་ཚོགས་པར་སྣང་།། ་སྟེ། སྣང་བའི་དངོས་པོ་རྣམས་བཤིག་ན།། སོ་སོའི་མཚན་ཉིད་རྣམ་བཤིག་ནས།། གཞིགས་ན་ནམ་མཁའི་ངང་དུ་ཞི།། ནམ་མཁའ་དེ་ཉིད་ལྔས་གཞིགས་ནས།། མཚན་ཉིད་མེད་པའི་དབྱིངས་སུ་ཐིམ།། ཐམས་ཅད་ཀུན་གྱི ་འབྱུང་གནས་སོ། ། གཞི་རྩ་མེད་པའི་སྐད་ཅིག་མ།། སྣང་བ་མི་འགོག་ཐབས་ཡིན་ཏེ།། རང་བཞིན་མེད་པ་ཤེས་རབ་ནི།། ཉོན་མོངས་རྣམ་པར་ཤེས་པ་ནི།། ཀུན་བཞི་ཉིད་སྣང་སྤྱོད་ཡུལ་ལ།། དེ་དང་བདག་ཏུ་རྣམ་པར་རྟོགས། ་བདེ་སྡུག་མཚན་མ་སོ་སོར་འཛིན།། ཀུན་བཞི་དངོས་པོ་མེད་པ་ལ།། བག་ཆགས་སྩོགས་པའི་གནས་མེད་དེ།། སྣ་ར་བའི་དངོས་པོ་མེད་པ་ལ།། ཉོན་མོངས་བློ་ཡིས་བླང་དུ་མེད།། བསྒོ་དང་བསྐོ་བར་བྱ་བ་མེད།། དེ་ལྟར་སྒོ་ཕྱར། ་དངོས་པོ་མེད།། མེད་བཞིན་སེམས་ཀྱིས་ལོག་བརྟགས་པ།། ཁམས་གསུམ་བཙོན་རང་རྟག་ཏུ་འཁོར།། ཡིད་ཀྱི་རྣམ་པར་ཤེས་པ་ནི།། སྣང་དང་མི་སྣང་གཉིས་གལ།། སྐད་ཅིག་ཡུད་ཙམ་རྟོག་པ་ཡིན།། རྟོག་པ་ཉིད་ཀྱང་། ་མ་གྲུབ་ན། ཡུལ་གྱི་དངོས་པོ་གང་ལ་འགྲུབ།། ཡིད་ཀྱི་དེ་བཞིན་རྒྱུན་ཉིད་ནི།། སྔ་མ་འདས་ཤིང་མི་དམིགས་པ།། ཕྱི་མ་མབྱུང་རྟག་ཏུ་མེད།། དེ་ལྟར་རང་བཞིན་དམིགས་སུ་མེད།། རྩི་ཤིང་ཁ་ན་རླུང་འཕྱོ་འདྲ། ་རྒྱུད་ནི་ཡོངས་སུ་མ་ཆད་པ།། འདི་ནི་ཀུན་དུ་འབྱུང་བ་ཡིན།། དེ་ལྟར་དོན་རྣམས་དངོས་པོ་མེད།། ཆུ་དང་རླུང་དང་རླབས་འདྲ་བ།། དེ་གསུམ་གཅིག་དང་སོ་སོ་མིན།། དེ་བཞིན་ཀུན་གཞི་ཉོན་མོངས་ཡིད།། གཅིག་པ་མ་ཡིན་སོ་སོ ་མིན། ། ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས།། ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་།། གཅིག་ཏུ་ཡང་ནི་བརྗོད་པ་མེད།། དེ་ལྟར་མ་རྟོགས་སེམས་ཅན་ཡིན།། བརྟོགས་ན་སངས་རྒྱས་གུད་ན་མེད།། བྱང་ཆུབ་སེམས་ཀྱི ་དེ་བཞིན་ནི། ། ཤིན་དུ་མི་དམིགས་རྟག་དཀའ་བ།། ཡངས་ལ་རྒྱ་ཆེ་གཏིང་ཟབ་པ།། ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ།། གང་ནས་མ་འོངས་གར་མི་འགྲོ།། འོད་དང་འགྲོ་བར་བྱ་བ་མིན།། ཤིན་དུ་བརྟག་དགའ་མི་དམིགས་པ།། ་མཐའ་དང་དབུས་ཀྱང་རྟག་ཏུ་མེད།། གཟུང་འཛིན་བྲལ་བའི་རང་ཉིད་ནི།། དམིགས་མེད་ཚུལ་དུ་དེ་ལྟར་སྣང་།། དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་།། རང་རིག་ཁོ་ན་ཙམ་དུ་ཟད།། སེམས་ཅན་མ་ལུས་ཐམས་ཅད་ཀྱིས།། དེ་ལྟར ་ཁོང་དུ་ཆུད་པར་བྱོས། ། ཉོན་མོངས་སྡུག་བསྔལ་མེད་པ་དང་།། བླ་མེད་འབྲས་བུ་ཐོབ་པར་འགྱུར།། སེམས་ཅན་མ་ལུས་ཐམས་ཅད་ལ།། སྙིང་རྗེའི་ཐག་པ་མ་ཆགས་པར།། ཉོན་མོངས་ལམ་ལས་གྲོལ་བྱེད་ཅིང་།། བྱམས་པ ་དག་གིས་མཉེས་པར་གྱིས། ། དེ་བཞིན་འཁོར་བའི་བརྩོན་ར་ལ།། སྙིང་རྗེའི་ཞགས་པ་ཆེར་བརྐྱང་ནས།། ཉོན་མོངས་འདམ་ནས་འདྲེན་པར་བྱེད།། སྙིང་རྗེ་ཆེན་པོ་སྐྱེ་མ་བྱེད།། དེ་བཞིན་སྐྱེ་བོ་ཕལ་རྣམས་ལ།། ལས་ཀྱི་སྒྲིབ ་པས་མི་གོས་ཤིང་། ། ཐམས་ཅད་མངོན་པར་སངས་རྒྱས་པར།། དགའ་བ་དག་ལ་འགྱོད་པ་མེད།། སེམས་ཅན་དེ་དང་བདག་མེད་ལ།། ཐུགས་རྗེས་གཉིས་རྟོག་མི་འབྱེད་དེ།། བུ་ཅིག་འདྲ་བར་བློ་གཞག་བྱ།། ཐམས་ཅད།། ་དྲི་མ་མེད་པར་བྱ།། ཆོས་རྣམས་ཐམས་ཅད་སྟོང་པ་བས།། དེ་ལྟ་དངོས་དང་རྟོག་པ་མེད།། ནུམ་མཁའི་དྲང་དུ་གནས་པ་ལྔ།། དེ་ལ་བཅོས་ཤིང་བསྒྱུར་དུ་མྱེད།། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད།། སྣང་བ་ཐམ་ཅ ་དངོས་མེད་པས། ། ཡོད་དང་མེད་པ་ཐམས་ཅད་ཀུན།། མཚན་ཉིད་མེད་པས་མི་དམིགས་སོ།། འཇིག་རྟེན་འདས་དང་འཇིག་རྟེན་པ།། ཆོས་རྣམས་སྣ་ཚོགས་སྣང་བ་ཡང་།། བདག་ལས་གཞན་པ་མ་ཡིན་པས།། ཀུན ་ལ་སྨོན་ཅིང་ཆགས་སུ་མེད། ། བྱང་ཆུབ་སེམས་རྣམས་ཐམས་ཅད་ནི།། ཤིན་ཏུ་བརྟག་བཀའ་ཏིང་ཟབ་པས།། རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན།། མི་དམིགས་མི་དམིགས་དམིགས་སུ་མེད།། སེམས་ཉིད་དེ་ཉིད་ཇི་ལྟ་བུ། ་བྱང་ཆུབ་དེ་ཉིད་སེམས་ཡིན་ནོ།། སེམས་དང་བྱང་ཆུབ་དབྱེར་མེད་པས།། སེམས་ཅན་མ་ལུས་ཐམས་ཅད་དང་།། དུས་གསུམོ་ཆོས་རྣམས་ཐམས་ཅད་ཡིན།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སེམས་དང་བྱང་ཆུབ་ཉིད ་དུ་འུག་བོ་དྷི་ཆེན་པོས་དེ་སྐད་བཤད། ། སྐྱེས་བུ་བློ་རྩལ་རབ་ལྡན་པས།། ཅི་ལང་ཐོགས་པ་མེད་པར་སྤྱད།། སྤྱད་པ་ཉིད་ན་ཆགས་པ་མེད།། དུས་མཐའ་མེད་པར་མ་ཉམས་གནས།། འདི་ལྟར་སྣང་བ་ཐམས་ཅད་ལ།། ་མངོན་སུམ་ཚད་མས་རྟག་མཐོང་ཡང་།། སྣང་བ་ཉིད་ན་དངོས་པོ་མེད།། དེ་བཞིན་ཡང་དག་ཉིད་དུ་རྟོགས།། གང་ཞིག་སྟོང་པའི་ངང་ཡོད་ཅེས།། མེད་པའི་རང་བཞིན་རྟོགས་པ་དེ།། རི་བོང་རྭ་དང་མོ་ཤམ་བུ།། ཚིག་ཙམ ་གདགས་སུ་རུང་མོད་ཀྱི། ། ཐམས་ཅད་མིང་ཙམ་སྟོང་ཉིད་མེད།། ཐམས་ཅད་མ་ལུས་སྟོང་ཞེས་ཏེ།། དྲན་མེད་བརྡོས་པ་མ་ཡིན་པས།། རྟོགས་མེད་རང་བཞིན་འོད་གསལ་ཞིང་།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། རྡོས ་པ་ཙམ་གྱི་ཆོས་མེད་དོ། ། ཤེས་པ་འབའ་ཞིག་ཁོ་ནའོ།། ཐམས་ཅད་གཉིས་མིང་རྟོགས་གྱུར་ན།། དེ་ཉིད་དོན་དམ་དབྱིངས་ཡིན་ཏེ།། ། གཞན་ནས་བཙལ་ཞིང་གཞག་དུ་མེད།། ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར ་མད་ལས་བཙལ་ན་བསྐུར་བཏབ་སྟེ། ། ཡོད་མེད་གཉིས་ལས་བཙལ་བྱས་ན།། དེ་ནི་ལུང་དུ་མ་བསྟན་འགྱུར།། རྣམ་པར་རྟོག་པ་མི་མངའ་སྟེ།། དེ་ཡིས་མི་མཁྱེན་ཅི་ཡང་མེད།། རྣལ་འབྱོར་ལྟ་བ་དེ་ལྟ་བུ།། ཚིག་གས ་སྔ་ཕྱི་ཡོད་མོད་ཀྱང་། ། དོན་གྱི་ཅིག་ཆར་རྫོགས་པར་བསྒོམ།། དེ་ལྟ་བུ་ཡི་དོན་རྟོགས་ཀྱང་།། འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཀྱང་།། ཐེག་ཆེན་སྒྲོམ་ལས་ཉམས་པ་མེད།། གོང་གི་དོན་ལྟར་མ་རྟོགས་པའི།། ་བློ་ངན་མཉམ་པར་ཁུངས་ཕྱུང་ནས།། མ་རྟོགས་ལ་ལོ་སྙོམ་ལས་བྱས།། དོན་མ་གྲུབ་པར་ངན་སོར་འགྲོ།། སེམས་ཀྱིས་མཉམ་པར་མ་རྟོགས་ན།། ཚིག་གིས་མ་ཉམས་པས་སངས་མི་རྒྱ།། དེ་བས་དོན་ཚིག ་ལྡན་པར་བྱོས། ། འོན་ཏར་ཐེ་ཙོམ་མེད་པར་འགྲུབ།། རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས།། དུས་མཐའ་མེད་པར་དེ་ལྟར་བསྒོམ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། སྤྱོད་ཡུལ་སངས་རྒྱས་ཉིད་དུ་གཅིག། ་རྟག་ཏུ་བསོད་ནམས་ཚོགས་ཆེན་ལྡན།། བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས།། དེ་ན་བྱང་ཆུབ་སྙིང་པོ་ལེན།། ཞེས་གསང་བའི་ཚིག་ཏུའོ།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དབང་པོ་དང་ཡུལ་དུ་འདུས་པ་སྙན་པའི་ལེའུ ་སྟེ་བདུན་ཅུ་བདུན་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་ཐམས་ཅད་ཕྱག་རྒྱར་འདུས་ཤིང་ཕྱི་ནང་སྣོད་བཅུད་ཐམས ་ཅད་ལ། འདི་ལྟར་བརྟགས་ཤིང་ཕྱག་བརྒྱའི་དམ་ཚིག་བསྲུང་བ་དང་། དམ་ཚིག་ནི་གནས་ཡིན་ནོ།། ཕྱག་རྒྱས་བསྡུས་ཤིང་སྤྲོས་པ་ཡང་འདི་ཡིན་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། གསང་བ་དེ་ཉིད་ཁོ་ན་ལས།། བྱང ་ཆུབ་མཆོག་འདི་བསྟན་པའོ། ། མཉམ་པ་ཆེན་པོའི་དཀྱིལ་འཁོར་ནི།། ཕྱོགས་བཅུ་དུས་བཞི་མ་ལུས་པའི།། འདས་དང་མ་འདས་ཐམས་ཅད་ཀུན།། ཡེ་ནས་དབྱེར་མེད་དེ་བཞིན་ཉིད།། མཉམ་དང་མི་མཉམ་བྱ་བ་མིན།། ་དེ་བཞིན་ཉིད་ཀྱི་དང་དུ་འུབ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྗོད་པ་མ་ལུས་ཐམས་ཅད་ཀུན།། ཆོས་ཉིད་དང་ལས་མ་རྟོགས་པ།། ལོག་རྟོགས་ཉོན་མོངས་རྡུལ་ཙམ་མེད།། ཕྱག་རྒྱ་སྣ་ཚོགས་འདོའ་བར ་ཡང་། དེ་བཞིན་ཉིད་ལས་མ་གཡོས་ཏེ།། བདག་ཉིད་དབྱིངས་ལས་མི་གཞན་ཕྱིར།། མཉམ་ལ་མཉམ་པར་གནས་པ་ཡི།། རྣམ་གསུམ་ཚུལ་གྱིས་བསྒོམ་བྱས་ཤིང་།། ཕྱག་རྒྱ་བསྐྱེད་ཅིང་ལོག་འདུལ་བ།། བྱ་བྱེད་མེད་པའི ་ཚུལ་གྱི་སུ། ། ལས་རྣམས་མ་ལུས་རྫོགས་པར་བྱེད།། དེ་ལྟར་རྟོགས་ཤིང་རིགས་ཀྱི་མཆོག། བདག་ཉིད་ཕྱག་རྒྱ་ཀུན་གྱི་བདག། ཡེ་ནས་རང་བཞིན་འོད་གསལ་བས།། བྱང་ཆུབ་སྐྱེ་འཁྲུད་དྷཱ་ཡང་ཡིན།། འབྲས་བུ་ཡང ་ངག་ཉིད་དུའོ། ། རྒྱུ་འབྲས་དབྱེར་མེད་རྡོ་རྗེའི་ས།། བཅུ་གསུམ་དོན་གྲུབ་དེ་གནས་པ།། མཐར་བྱིན་གང་ལའང་མི་གནས་པའོ།། རང་བཞིན་ཕྱག་བ་རྒྱ་ཆེན་པོ་ནི།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། ཐམས་ཅད་ཤྲེ་རབ ་ངང་དུ་གནས། ། རིག་སྔགས་བདེ་གཤེགས་ཡབ་ཡུམ་དུ།། མ་བཅོས་ཡེ་ནས་དེ་ལྟར་གནས།། ཐབས་དང་ཤེས་རབ་ཉིད་ལ་རོལ།། བདེ་མིན་མ་ཆགས་ཚོགས་ཆེན་པོ།། ཡང་དག་ཉིད་ལ་རབ་ཏུ་རྫོགས།། ལྷག་པའི ་ཕྱག་རྒྱ་ཆེན་པོ་ནི། ། ནརང་གི་རྟགས་ནི་ཕྱིར་བྱུང་སྟེ།། མདོར་བསྡུས་ཕྱག་རྒྱ་ཆེན་པོ་དང་།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་པ།། ལག་གི་འདུ་འཕྲོ་བསམ་ཡས་དང་།། ཡན་ལག་སྟབས་ཆེན་བསྐུལ་བསོགས་ཀུན།། ཉིད ་ཀྱི་དབྱིངས་ལས་མ་གཡོས་ཀྱང་། ། རང་བཞིན་ཉིད་ཀྱིས་དེ་ལྟར་གནས།། འཇོམས་ཤིང་ཅིས་ཀྱང་མི་ཚུགས་པ།། རང་བྱུང་ཆེན་པོ་ལྷ་ཡི་ལྷ།། ཐམས་ཅད་ཀུན་ལ་འབིགས་པར་བྱེད།། དཔའོ་ཞེས་ཀྱང་གདགྲ་པར་བྱའོ།། ་ལས་དང་ལས་ཀྱིས་མཾ་གོས་པ།། གཉིས་མེད་དབྱིངས་ཀྱི་དོན་རྟོགས་ཤིང་།། མ་ཆགས་པ་ལ་ཆགས་པ་དང་།། ཤིན་དུ་རྣམ་པར་དག་པ་ཡི།། དེ་བཞིན་ཉིད་དབྱིངས་དཀྱིལ་འཁོར་ལ།། སྐུ་གསུང་ཐུགས་ལྡན་ཟད་མི ་ཤེས། ། ཡོན་ཏན་མི་ཟད་གཏེར་དུ་འགྱུར།། བཞི་ནི་མི་ཟད་པར་ལྡན་པའོ།། སྐུ་གསུང་ལས་རྣམས་རྫོགས་བྱེད་པའོ།། རྣམ་པར་རྟོག་མེད་ཚུལ་གྱིས་ནི།། ཐམས་ཅད་ཀུན་ལ་ཆགས་མེད་རོལ།། འདུལ་བའི་དོན་ལན ་བསམ་མི་ཁྱབ། ། འཇོམས་དང་མ་ཆགས་ཀུན་འབྱུང་དང་།། ཐམས་ཅད་དབང་བསྡུས་དོན་གྲུབ་པ།། མ་ལུས་ཀུན་འདུས་རྣམ་པར་དག། ཀུན་ནས་ཟླུམ་ཞིང་འོད་ཟེར་འཕྲོ།། རིགས་བཞི་མ་ལུས་ཐམས་ཅད། ་ཀུན་མཉམ་རྫོགས་དབྱིངས་སུ་ཐམས་ཅད་འདུས།། རིགས་རྣམས་གཅིག་མེད་གཅིག་པ་སྟེ།། ལྷུན་ཐུབ་དཀྱིལ་འཁོར་དང་ཉིད་དུ།། ཕྱག་རྒྱའི་དམ་ཚིག་མཚན་ཉིད་ནི།། ཐུགས་ཀྱི་རྟགས་སུ་བསྟན་པ་ཡིན། ་དཔེར་ན་རྒྱལ་པོས་རྒྱས་བཏབ་ན།། སེམས་ཅན་ཀུན་གྱི་ཡོད་མི་འདའ།། དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིན།། ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང་།། སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་ན།། བདུད་དང་མུ་སྟེགས་མང་པོ་ཀུན།། མི་འཐུན ་ཕྱོགས་ཀྱིས་དབང་བྱར་མེད། ། རྡོ་རྗེ་སེམས་དཔའི་རིགས་དེས་ན།། འདི་ལྟ་བུ་ལ་རྟག་ཏུ་གནས།། རྡོ་རྗེ་ལྟ་བུའི་བློ་མེད་ན།། རྡོ་རྗེའི་རིགས་སུ་ཡོང་མི་བཤད།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཕྱག་རྒྱའི་དམ་ཚིག་གི་ལཿ ་སྟེ་བདུན་ཅུ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་དུ་བརྗོད་དོ།། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞི་རང་བཞིན་འདི།། དེ་བཞིན་གཤམ ་པའི་ངོ་བོ་ཉིད། ། གཟུང་འཛིན་སྤྲོས་ལ་ཚེལ་བའི།། རྣམ་རྟོག་ཞགས་པས་སོ་སོར་ཟིན།། ས་རྣམས་ཁྱད་པར་བཀོད་པ་ཡང་།། གསང་བའི་སྙིང་པོར་འགྲོ་བའི་ལམ།། ཡེ་ཤེས་ངོ་མཚར་རབ་འབྱམ་གྱིས།། དོན་དུ་མི་འགྱུར་ཡོང་མ་གསུངས།། ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། ཕྱག་རྒྱག་སང་ཆེན་སྙིང་པོ་འདི།། ཏོག་ནས་སྨྲ་བར་བྱེད་པ་གང་།། དེ་ནི་དང་ཡིན་དབང་ཡང་རྫོགས།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། གསང་བ་འདི་ལས་གཞན་མི་མངའ།། སྒོང་དང་སྐུར་བ ་ཞི་བ་ཡི། ། གསང་བའི་སྙིང་པོ་དེ་ཁོ་ན་དེ་ཉིད་ངེས་པའི་དབྱིངས་ལས་ཕྱུང་།། དེ་ནི་ངེས་པར་ལུང་བསྟན་ཏེ།། སྲས་ནི་ཐུགས་ལས་སྐྱེས་པ་ཡིན།། ས་རབ་རིག་པ་འཛིན་ལས་གནས་ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད ་དབྱེར་མེད་པར་དགྱེས་ནས་དྲས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་དང་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡོངསུ་གཟུང་བའི་ལེའུ་སྟེ་བདུན་བཅུ་དགུ་པའོ།། ། འཕགས ་པའི་རྒྱལ་པོ་རྒྱུ་འཕྲུལ་དྲ་བའི་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར ་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུ་མཆོག། གསང་བ་ཆེན་པོ་འདི་ཡོད་པར།། མེ་མར་མུར་གྱི་ངོང་འབོགས་ཤིང་།། སྤུ་གྲི་སོ་ནི་གཏམས་ལས་ཀྱང་།། འཛེགས་ནས་བུ་དག་འགྲོ་བར་བྱོས།། ཁོ་ན་གནས་པའི་ཡང་ཁོང་དུ།། ་ལྕགས་ཀྱི་སྒྲོམ་བུ་ཁ་བསྡོམ་མོ།། ཐམས་ཅད་ལ་ཡང་མེ་ལོང་བཞིན།། བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་།། ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས།། རྡོ་རྗེ་ཐ་མས་སྒོམས་ཕྱེ་ནས།། ཡིད་བཞིན་རིན་ཆེན་གཏེར་ཕྱུང་བ།། སྐལ་ལྡན་མཆོག་གིས ་སྤྱང་དུ་གསོལ། ། ཡི་གེ་ཀུན་ལ་མི་སྣང་ཞིང་།། བླ་མའི་ཐུགས་ལ་གནས་པ་ནི།། སྐལ་ལྡན་མཆོག་གི་སྤྱོད་ཡུལ་ཏེ།། ཀུན་དང་ཐུན་མོང་དེ་མ་ཡིན།། དཔེར་ན་སེང་གེའི་འོ་མ་ནི།། གསེར་གྱིས་ཕྱིས་བུས་འཛིན་འགྱུར་གྱི།། སྣོད་གཞན་དག་ཏུ་ཐུགས་པ ་ནི། ། སྣོད་ཀྱང་ཆག་ལ་འོ་མའང་པོ།། ཡོང་གིས་གསེར་གྱི་རང་བཞིན་ལ།། དབྱིབས་ཀྱི་ཁྱད་པར་ཅིར་ཡང་སྣང་།། གསེར་ལས་གྱུར་པ་རྡུལ་ཙམ་མེད།། དེ་བཞིན་ཆོས་ཀྱི་མཚན་ཉིད་ཀྱང་།། མཚན་མ་སྣ་ཚོགས་ཅིར་སྣང་ཡང་།། ཉིད་ལས་གྱུར་པ་རྡུལ ་ཙམ་མེད། ། གསང་བའི་སྙིང་པོར་ཁོ་ན་ཉིད་ངེས་པ་ལས་ཆོས་ཉིད་ཀུན་ཏུ་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བརྒྱད་བཅུ་པའོ།། ། རྫོགས་སྷོ།། 6།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོའི་ཕྲེང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ ་