CLOSE WINDOW

Q456: rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud
Wyliee-texts produced with BDRC’s OCR application

སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ། རྫོགས་སྷོ།། ། རྒྱ་གར་སྐད་དུ། བཛྲ་སཏྭ་མཱ་ཡཱ་ཛྭལ་གུ་ཧྱ་སརྦ་ཨཱ་དང་ཤ་ནཱ་མ་ཏན་ཏ།། བོད་སྐད་དུ་རྡོ་རྗེ་སེམས ་པའི་སྒྲ་འཕྲུལ་དྲ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད། ཨོཾ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ།། ཧཱུཾ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ།། ཨོཾ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང ་རྒྱལ་བ་ཀུན་གྱི་གསང་བའི་བདག། ཀུན་གྱིས་དབང་བསྐུར་གཏེར་འཛིན་པས།། དགྱེས་ཤིང་སྤྱན་གདངས་གུས་བཅས་པས།། རྒྱལ་བ་ཀུན་ལ་བསྟོད་བཀོར་ནས།། སྤྱན་སྔར་གུས་འདུག་འདི་སྐད་གསོལ།། ཨེ་མའོ་སངས་རྒྱས ་ཀུན་གྱི་གསུང་། རྟོག་པ་ཀུན་གྱི་རྒྱལ་པོ་སྟེ།། ཆོ་ག་རྒྱས་པར་བསྟན་པའི་རྒྱུད།། དྲི་མེད་ཟབ་མོ་བརྟག་དཀའ་བ།། འདུལ་བ་མདོ་སྡེ་ཆོས་མངོན་དང་།། དམ་ཚིག་བསྒྲུབ་དང་གྲུབ་པ་དང་།། སྐུ་གསུང་ཐུགས་ཀྱི་ཆོ་གའི་རྒྱུད།། མ ་ལུས་གཏན་ལ་འབེབས་པ་འདི། ། རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས།། སྒྱུ་འཕྲུལ་གང་གིས་བསྟན་པ་དེ།། དྲ་བའི་རྒྱུད་དེ་གང་ཕྱིར་བསྟན།། ལུང་ནི་གང་ཕྱིར་བརྗོད་པ་ཉིད།། གང་ཕྱིར་སྤྱི་ཞེས་བྱ་བར་བཤད།། གསང་བ་ཞེས་ནི་ཇི་ལྟ ་བུ། ། སྙིང་པོའི་དོན་ནི་ཅི་ཡི་ཕྱིར།། དེ་ཁོ་ན་ཉིད་ཅེས་ཇི་ལྟར་བརྗོད། ངེས་པ་ཞེས་པ་ཅི་ཡི་ཕྱིར།། མཚན་འདི་གང་ཟག་གང་ལ་གསུངས།། མཚན་གྱི་དྲི་བ་དྲིས་པའོ།། ཐུན་མོང་ཁྱད་པར་ཚུལ་ཉིད་ཀྱི།། སྟོན་པ་ཞེས་ནི་ཅི་ཡི་ཕྱིར།། ་གནས་དང་འཁོར་ནི་ཇི་ལྟ་བུ།། དུས་དང་སྡུད་པ་ཇི་ལྟ་བུ།། མི་སྤྱོད་པ་ནི་ཇི་ལྟར་བྱ།། རྣམ་པར་སྣང་མཛད་ཇི་ལྟར་བརྗོད། ན་རེན་འབྱུང་ལྡན་གང་གི་ཕྱིར།། སྣང་བ་མཐའ་ཡས་གང་གི་ཕྱིར།། དོན་ཡོད་གྲུབ་པ་ཇི་ལྟ་བུ།། སྦྱིན་དང་ནམ་མཁའི་དབྱིངས ་མ་དང་། ། གོས་དཀར་མོ་དང་མཱ་མ་ཀཱི།། སྒྲོལ་མ་ཞེས་པ་གང་གི་ཕྱིར།། སའི་སྙིང་པོ་ཅིའི་ཕྱིར།། ནམ་སྙིང་སྤྱན་རས་གཟིགས་དབང་དང་།། ཕྱག་ན་རྡོ་རྗེ་གང་ཕྱིར་བརྗོད།། སྒེག་མོ་ཕྲེང་དང་གླུ་གར་ཅི།། བྱམས་དང་སྒྲིབ་སེལ་ཀུན་བཟང ་དང་། ། འཇམ་དཔལ་ཞེས་པ་ཅི་ཡི་ཕྱིར།། དུས་བཞི་བདུག་སྤོས་མེ་ཏོག་དང་།། མར་མེ་དྲི་ཆབ་གང་ཕྱིར་བརྗོད།། རྣམ་རྒྱལ་གཤིན་རྗེ་གཤེད་པོ་དང་།། རྟ་མགྲིན་བདུད་རྩི་འཁྱིལ་པ་ཅི།། ལྕགས་ཀྱུ་ཞགས་པ་ལུགས་སྒྲོག་དང་།། ་དྲིལ་བུ་ཞེས་པ་གང་ཕྱིར་བརྗོད།། ཡིད་དང་ཆོས་བཟང་གཉིས་ཅི་ཕྱིར།། གཙོ་བོས་བདག་ལ་ངེས་པར་གསུངས།། གང་ཕྱིར་ཕུན་མོང་མ་ཡིན་པའི།། ནད་དང་གསང་བའི་གླེང་བཞི་ལས།། སྟོན་པ་བསྟན་པ་གནས་དང་འཁོར ་དུས་དང་སྡུས་པ་ཇི་ལྟར་བརྗོད། ། གྲགས་པ་ཐུན་མོང་གླིང་བཞི་ལས།། སྟོན་པ་འཁོར་གནས་དུས་ཇི་ལྟར།། བསྟན་པ་སྡུད་པ་ཇི་ལྟ་བུ།། སྐྱེས་བུ་ཆེན་པོས་བཤད་དུ་གསོལ།། འདི་ནི་གླེང་གཞིའི་དྲི་བ་ཚིགས་སུ་བཅད་པའོ།། ཐུན ་སོང་ཐུན་མོང་མ་ཡིན་པའི་གླེང་སླང་གཉིས་སུ་ཅི་ཕྱིར་འགྱུར། ། གང་གིས་གང་ལ་གླེང་བསླང་ཞིང་།། ཐབས་དང་འབྲས་བུ་ཅི་ཡིན་སྟོན།། ཐུན་ཐོང་ཐུན་མོང་མ་ཡིན་པའི།། སེམས་ལྔ་ཡེ་ཤེས་ལྔ་ཡི་རིམ།། གང་དང་འབྲེལ་པ། ་བཤད་དུ་གསོལ།། འདི་ནི་གླེང་བསླང་བའི་ཚིགས་སུ་བཅད་པའོ།། སྐྱེས་བུ་ཆེན་པོ་སྟོན་པའི་གཙོ།། སྒྱུ་འཕྲུལ་དྲ་བར་མངའ་བསྙེས་ཤིང་།། ཕུན་སུམ་ཚོགས་པ་ཆོས་ཀྱི་རྗེ།། གཟི་བརྗིད་ཕུང་པོ་ཕུན་སུམ་ཆོག།། བལྟ་བྱ་གང ་ལ་ཅིའི་ཕྱིར། ། གང་གིས་རྟོགས་པས་ཇི་ལྟར་འགྱུར།། རྟོགས་དང་མི་རྟོགས་ཁྱད་པར་ཅི།། རྟོགས་པའི་སྒོ་ན་དུ་རུ་གསུངས།། གཏན་ཚིགས་ཚུལ་དང་འབྲས་བུ་ཅི།། འདི་ནི་ལྟ་བའི་དྲི་བའོ།། ཐུན་མོད་སྤྱོད་པ་ཅིའི་ཕྱིར།། ཐུན ་མོང་ཐུན་མོང་གང་ཅིའི། ། ཤེས་རབ་ཚེགས་དང་ཐུགས་རྗེ་དང་།། རྟོགས་དང་ཕྱོགས་ཅིག་སྤྱོད་པ་དང་།། འབྲེལ་དང་རིག་འཛིན་སྤྱོད་པ་ཅི།། གང་གིས་གང་ལ་ཇི་ལྟར་སྤྱད།། དེ་ཡི་འབྲས་བུ་གང་ཕྱིར་འགྱུར།། གང་དུ་དེ་དང་མི ་ལྡན་པའི། ། སྤྱད་པའི་སྐྱོན་ཉིད་བདག་ལ་གསུངས།། འདི་ནི་སྤྱོད་པའི་ཁྱད་པར་གྱི་དྲི་བའོ།། ཐུན་མོང་སྤྱི་དང་ཁྱད་པར་གྱི།། རང་བཞིན་ཉིད་དང་ལྷུན་གྲུབ་ཀྱི།། དཀྱིལ་འཁོར་ཞེས་པ་གང་ཅིའི་ཕྱིར།། དེ་ཉིད་ཕྱི་ནང་གསང་བ་དང་།། འདུལ་ཐབས་གཉིས ་སུ་ཇི་ལྟར་འགྱུར། ། ཏིང་འཛིན་དཀྱིལ་འཁོར་རིམ་གསུམ་གང་།། ལྷག་པ་ཏིང་འཛིན་ཞེས་བྱ་བ།། གཉིས་ལ་སྐུ་གསུང་ཐུགས་སྦྱོར་དང་།། ཕྱི་ནད་གསང་བའི་རིམ་པ་ཅི།། གཟུགས་བརྙན་དཀྱིལ་འཁོར་ཇི་ལྟ་བུ།། གང་ཕྱིར་གཟུགས ་བརྙན་ཞེས་བརྗོད་ཅིང་། ། གང་གི་གཟུགས་བརྙན་གང་ལ་སྣོད།། ཕྱི་ནང་གསང་བར་ཇི་ལྟར་འགྱུར།། ལྷག་པ་ཞེས་པ་གང་ཕྱིར་ཏེ།། གཟུགས་བརྙན་ཞེས་པ་ཇི་ལྟ་བུ།། གཉིས་དང་གསུམ་དང་དྲུག་བསྟན་ཅིང་།། དོན་དམ་ཀུན་རྫོབ་བྱང ་ཆུབ་སེམས། ། ཕྱི་ནང་གསང་བ་ཇི་ལྟར་སྦྱོར།། ཚོགས་ཀྱི་དཀྱིལ་འཁོར་གཉིས་ཅི་ཞིག། གང་གིས་གང་དུ་གང་ཚོགས་ནས།། ཇི་ལྟར་སྤྱད་པས་ཅི་ཞིག་འགྲུབ།། འདི་དག་བསྟན་པའི་དགོངས་པ་ཅི།། གནས་སྐབས་གང་དང་འབྲེལ་བར་འགྱུར།། ་ཡན་ལག་རྩ་བ་གང་དང་འབྲེལ།། དཀྱིལ་དང་འཁོར་དུ་ཇི་ལྟར་བརྟག། གསུངས་ཤིག་སྐྱེས་བུ་མཆོག་ཆེན་པོ།། གང་དང་ངེས་པ་མ་རྙེད་པ།། ཀུན་གྱི་སྤྱོད་པར་མ་གྱུར་པ།། ལེགས་པར་གསུངས་ཤིག་རྒྱལ་མཆོག་ཆེ།། འདི་ནི་དཀྱིལ ་འཁོར་གྱི་དྲི་བ་དྲིས་པའོ། ། གང་གིས་གང་ལ་གང་དག་ཏུ།། ཇི་ལྟར་དབང་བསྐུར་ཕུན་སུམ་ཚོགས།། བདག་གིས་ཇི་ལྟར་ཤེས་པར་བགྱིས།། གང་དང་གང་དུ་ཇི་ལྟར་འབྲེལ།། སྐྱོན་དང་ཡོན་ཏན་ཇི་ལྟ་བུ།། འབྲས་བུ་རིམ་པ་བཤད་དུ་གསོལ།། ་འདི་ནི་འཇུག་པའི་ཆོ་ག་ཏུ།། ལས་ཀྱི་རིམ་པ་ཇི་ལྟ་བུ།། རྡོ་རྗེ་སེམས་དཔའ་བདེ་ཆེན་པོ།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི།། ཐབས་དང་ཤེས་རབ་གཉིས་མེད་པས།། བདག་གི་ཐེ་ཙོམ་བསལ་དུ་གསོལ།། འདི་ནི་དབང་གི་དོན་མཐའ།། ་དག་ལ་དྲི་བ་དྲིས་པའོ།། གང་ལ་གང་གིས་བརྟེན་པ་ཡིན།། དམ་ཚིག་ཞེས་པ་ཅི་ཡི་ཕྱིར།། རྩ་བ་དམ་ཚིག་དུ་ཞིག་བསྟན།། གང་པྱིར་རྩ་བར་བརྗོད་པར་བྱ།། ཡན་ལག་དུ་ཞིག་བསྟན་པ་གསུངས།། འདི་དག་ལམ་དང་བསྙེན་བསྒྲུབ་དང་།། གང ་ཟག་གང་དོན་ཇི་ལྟར་འབྲེལ། ། བསྲུངས་དང་འདས་པའི་སྐྱོན་ཡོན་ཅི།། ཕྱི་ནང་གསང་བར་ཇི་ལྟར་གསུངས།། ཀྟ་དང་སྤྱོད་དང་སྒྲུབ་པ་དང་།། ཤེས་བྱ་ཏིང་འཛིན་དམ་ཚིག་ཏུ།། གྲུབ་དང་མི་སྤང་བསྲུང་ཅི་ཞིག། རྒྱལ་མཆོག་སྐྱེས་བུས ་བཤད་དུ་གསོལ། ། ཐུན་མོང་ཐུན་མོང་མ་ཡིན་པའི།། མཆོག་དང་མཆོག་གྱུར་མ་ཡིན་པའི།། བསྒྲུབ་པའི་ཁྱད་པར་ཇི་ལྟ་བུ།། གང་གིས་གང་དུ་ཇི་ལྟར་གྲུབ།། དགུག་དང་བཅིང་དང་གསོ་དང་བསད།། དབྱེ་དང་བསྐྲད་དང་ཕམ་རྒྱལ ་ཅི། ། གཏེར་དང་མིག་རྣོན་རྐང་མགྱོགས་དང་།། རིག་འཛིན་གོ་འཕང་ཇི་ལྟར་སྒྲུབ།། རྒྱལ་བ་མཆོག་གིས་བཤད་དུ་གསོལ།། འདི་སྒྲུབ་པའི་དྲི་བ་དྲིས་པའོ།། ཕྲིན་ལས་རིམ་པ་གང་ཅི་ཞིག། གང་གིས་གང་དུ་བརྣམ་པར་བྱ།། ཐབ་དང ་རྫས་དང་ཕུར་བུ་ཅི། ། ཏིང་འཛིན་འདུག་སྟངས་དན་ཁུར་ཅི།། གདུལ་བྱ་རིམ་པ་གང་ཅི་ཞིག། ཁྱད་པར་རིམ་པ་ཇི་ལྟར་བཤད།། འབྲས་བུ་ཡོན་ཏན་ཇི་ལྟ་འགྱུར།། གསུངས་ཤིག་གསུངས་ཤིག་རྒྱལ་མཆོག་གཙོ།། ཐེ་ཙོམ་ལེགས ་པར་ཆོད་པར་མཛོད། ། འདི་ནི་ཕྲིན་ལས་ཀྱི་དྲི་བ་དྲིས་པའོ།། སྨད་འབྱུང་སྐྱེས་བུ་གང་ཞིག་གིས།། དང་པོ་ལམ་ཚུལ་ཇི་ལྟ་བུ།། ཕྱི་ནང་གསང་བའི་ལམ་ཅི་ཕྱིར།། སྟོང་པའི་རྣལ་འབྱོར་སྙིང་རྗེ་ཆེ།། ཕྱག་རྒྱ་ཅིག་དང་སྤྲོས་བཅས ་ཅི། ། རྣམ་སྨིན་དབང་སྒྱུར་ཕྱག་རྒྱ་དང་།། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅི།། མཐར་ཕྱིན་རྣམ་པ་དུ་ཞིག་གསུངས།། ཕྱི་ནང་གསང་བ་མཐར་ཕྱིན་པའི།། འབྲས་བུ་བདག་གཞན་དོན་ཉིད་ཅི།། ཉི་ཤུ་རྩ་ལྔའི་དོན་ཇི་ལྟར།། གང ་ངག་རྟོགས་པའི་རྒྱལ་པོ་སྟེ། ། སྒྱུ་འཕྲུལ་དྲ་བ་བླ་ན་མེད།། ཀུན་ལམ་འབྲས་བུ་ཐུགས་ཆུད་པ།། ཆོ་ག་རྒྱས་པར་བཤད་པའི་རྒྱུད།། སྐལ་ངན་རྣམས་ཀྱིས་མ་རྟོགས་པའི།། གསང་བ་གསང་ཆེན་མདོ་སྡེ་དང་།། འདུལ་བ་ཆོས ་ཀྱི་ཕུང་པོ་དག། ནམ་མཁར་མཐའ་ཐུག་བཤད་པ་ཀུན།། གསང་བའི་སྙིང་པོ་ལས་འཕྲོས་པས།། ཇི་སྙེད་བསྐྱེད་དང་རྫོགས་པའི་ལམ།། མ་ལུས་ཀུན་གྱི་སྙིང་པོ་འདི།། ཐེག་པ་དམན་དང་མ་སྦྱངས་དང་།། རིགས་ཆད་དབང་དང་། ་མན་ངག་བྲལ།། ཇི་ལྟར་བལྟས་ཀྱང་མི་སྣང་བ། སྐྱེས་བུ་མཆོག་གི་སྤྱོད་ཡུལ་པས།། རྡུལ་སྙེད་སྦྱངས་པའི་གང་ཟག་ལ།། གསང་ཕྱིར་གསང་བའི་ཐབས་དག་གིས།། དངོས་གྲུབ་མཐའ་ཡས་གྲུབ་ཕྱིར་བསྟན།། ཕྱི་ནང་སྣོད ་བཅུད་མ་ལུས་པའོ། ། རྟེན་དང་བརྟེན་པར་བཅས་པའི་ཆོས།། ཇི་ལྟར་གྲགས་དང་གྲགས་གྱུར་པའི།། ཐམས་ཅད་མ་ལུས་རྒྱུ་གཅིག་ཀྱང་།། རྐྱེན་སྟོབས་ནུས་པ་སོ་སོར་སྣང་།། ཁྱད་པར་རིམ་པར་གང་གནས་པ།། རང་བཞིན་གདུལ ་བྱ་བདེ་གཤེགས་དང་། ། འཁྲུལ་པའི་དབང་གིས་སོ་སོར་སྣང་།། མ་བཅོས་དང་ལ་ཐ་དད་མེད།། རང་སྣང་ལས་ཀྱིས་ཐ་དད་པའི།། བྱེ་བྲག་རྣམ་པར་བསྟན་པ་ཀུན།། དེ་བཞིན་ཉིད་ལ་དགོད་བྱིའི་ཕྱིར།། རྒྱལ་མཆོག་བདེ་ཆེན་ཡོངས ་གང་བས། ། དྲི་བའི་དོན་འདི་ལུང་བརྟན་ཅི།། ཐབས་དང་ཤེས་རབ་འབྲེལ་གྱུར་པའི། གསང་བའི་དོན་ལ་དགོད་དུ་གསོལ།། སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གིས་རྒྱུད་ལས་དྲི་བ་རྩ་བའི་རྒྱུད་ཅེས་བྱ་བ་བཤད་པ་རྟོག ་པའི་རྒྱལ་པོ་རྫོགས་སྷོ། ། །། དེ་ནས་གསང་བདག་རྡོ་རྗེ་འཆང་།། སྐྱེས་བུ་མཚན་དཔེ་རབ་ལྡན་ཅིང་།། དཔག་མེད་རྒྱལ་བས་རབ་བསྐོར་ཞིང་།། རང་འབྱུང་དག་པའི་གཞལ་ཡས་ན།། ཐབས་དང་ཤེས་རབ་འཁྲིལ་སྦྱོར ་ཞིང་། ། ཀུན་ཀྱང་དེ་དང་འཐུན་པ་སྟེ།། འཛུམ་ཞིང་སྡིག་པས་སོས་འདེབས་ཤིང་།། དགྱེས་པའི་ཚུལ་གྱིས་བཀའ་སྩལ་པ།། དཔག་མེད་རྒྱལ་བས་གསུང་བ་དང་།། གསུང་དང་གསུང་འགྱུར་ཐུགས་ཀྱི་རྒྱུད།། ཐོགས་མ་བར་དང ་མཐར་དགེ་བ། ། ཐབས་དང་ཤེས་རབ་དབྱེར་མེད་པའི།། ཆོ་ག་རྒྱས་པར་དྲིས་པའི་མཆོག། ཉོན་ཅིག་ང་ནི་སེམས་པ་བཤད།། ཆོས་རྣམས་མ་ལུས་གཉིས་མེད་པའི།། རང་རིག་བྱང་ཆུབ་སེམས་ཉིད་དེ།། ཐ་དད་མེད་པའི་རང་བཞིན ་ཉིད། རྡོ་རྗེ་ཞེས་ནི་བཤད་པ་ཡིན།། རང་བཞིན་མཐའ་ཐུག་མེད་པའི་ཆོས།། ཐབས་དང་ཤེས་རབ་འབྲེལ་བ་ཡིས།། ཐུགས་སུ་ཆུད་ཅིང་མངོན་རྟོགས་པ།། ཕྱི་ནང་གསང་བའི་སེམས་དཔར་བཤད།། རང་བཞིན་ཐབས ་དང་འབྲས་བུའི་དོན། ། ནུས་པའི་རིམ་པ་སྩལ་སྣང་བ།། ཐབས་དང་ཤེས་རབ་འབྲེལ་བའི་དོན།། སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ།། ཐ་དད་མི་ལས་ཐ་དད་པའི།། ངོ་བོ་ཐབས་དང་བདག་ཉིད་དང་།། བྱིན་བརླབས་ཤུགས་ཀྱིས ་འབྲེལ་བ་ནི། ། དྲ་བའི་དོན་ཞེས་བཤད་པ་ཡིན།། མ་བརྗོད་གྲགས་པའི་བསྟན་པ་ཉིད།། སྒྲོ་སྐུར་མེད་དང་ཞལ་ནས་གསུངས།། དྲི་མ་མེད་པའི་ལུང་ཉིད་དོ།། ལས་དང་ཡེ་ཤེས་སྤྱི་ཉིད་དང་།། རྫོགས་པས་རྫོགས་ཕྱིར་ལུང ་ཉིད་དོ། ། བསྟན་པ་སྤྱི་ཡི་བདག་ཉིད་ནི།། ཐམས་ཅད་ཀུན་གྱི་བདག་ཉིད་པས།། གཅིག་དང་དུ་མ་མི་གནས་ཀྱང་།། སོ་སོའི་བསྟན་པ་རྒྱ་མཚོའི་རྒྱུད།། འདི་སྟོན་འདིས་སྟོན་འདི་ཕྱིར་སྟོན།། དོན་ཀུན་འདི་ལ་ཡོངས་རྫོགས་པས ་ལུང་གི་སྤྱི་ཞེས་བཤད་པ་ཡིན། ། གང་ཕྱིར་གསང་བ་ཞེས་བྱ་བ།། སྐུ་དང་གསུང་ཐུགས་བདག་ཉིད་དེ།། རང་བཞིན་ཡེ་ནས་ངོ་བོ་དང་།། ཐབས་དང་འབྲས་བུར་གྱུར་པ་ཉིད།། གསང་བའི་དོན་དུ་འདི་བརྗོད་དོ།། ངང་གིས་དམན་དང ་མ་སྦྱངས་དང་། དབང་དང་དམ་ཚིག་བྲལ་བ་དང་།། རང་བརྟགས་བསྒྲིབས་པས་སའཁྱད་པར།། དེ་དང་དེ་ཡི་དབང་གིས་ན།། རོ་མྱོང་བྲལ་ཕྱིར་གསང་བར་བཤད།། རང་བཞིན་ཐབས་དང་འབྲས་བུ་ཡི།། ཆོས་རྣམས་ཐིག་ལེ་ཆེན ་པོའི་དོན། ། འཇིག་རྟེན་འདས་དང་འཇིག་རྟེན་པ།། མ་ལུས་རོ་ཅིག་དབྱེར་མེད་པ།། ཇི་སྙེད་ཐེག་པའི་ཁྱད་པར་དང་།། བསྟན་པའི་བྱེ་བྲག་གནས་པ་རྣམས། འདིར་འདུས་ཐམས་འདིས་མཚོན་པ་དང་།། རྩ་བར་འགྱུར་བ་ཁོ་ན་ཡིན ་ཐབས་དང་ཤེས་རབ་གཉིས་མེད་པའི། ། བྱང་ཆུབ་སེམས་ཉིད་བདེ་བ་ཆེ།། རང་འབྱུང་ཡེ་ཤེས་ཐོག་མཐའ་མེད།། རྡོ་རྗེ་སེམས་པའི་བདག་ཉིད་དེ།། རྒྱལ་བའི་བྱིན་རླབས་རབ་སྣང་བ།། བསམ་གྱིས་མི་ཁྱབ་ཆེ་བ་རྣམས།། འདི་ལྔ ་སྟོན་པས་སྙིང་པོ་སྟེ། ། སྙིང་པོ་དང་ནི་འོད་བཞིན་ནོ།། རྒྱུ་དང་འབྲས་བུ་བཅུད་འདུས་པས།། སྙིང་པོ་ཞེས་ནི་བཤད་པ་ཡིན།། གང་ཕྱིར་ཐམས་ཅད་བྱང་ཆུབ་སེམས།། མཐའ་དབུས་ཡོངས་སུ་མ་ཆད་པ།། དངོས་པོ ་གསུམ་གྱིས་ཁྱབ་གྱུར་པ། ། ཡོངས་སུ་རྫོགས་པའི་རྒྱུ་ཡིན་ནོ།། ཐབས་དང་ཤེས་རབ་དབྱེར་མེད་པའི།། དེ་བཞིན་ཉིད་དུ་རྡོ་རྗེས་རིག། བདག་དང་གཞན་དོན་ནུས་པ་རྫོགས།། འབྲས་བུའི་དེ་ཁོ་ན་ཉིད་དོ།། གང་ཕྱིར་དངོས་གཉིས་ཐ ་དད་པར། ། ལོག་པར་བརྟགས་པའི་སྣང་བ་རྣམས།། མུན་ལ་སྣང་དང་གསེར་འགྱུར་ལྟར།། རོ་གཅིག་ཐབས་ཀྱི་དེ་ཁོ་ན།། དེ་ཕྱིར་དེ་ཁོ་ན་ཞེས་བརྗོད།། དངོས་པོ་སྣ་ཚོགས་དབྱེར་མེད་པའི།། ཐ་དད་དོན་མིན་དོན་གཅིག་མིན།། ་དེ་ཉིད་གསང་བའི་ངེས་པ་ནི།། གཞི་དང་ལམ་དང་ངོ་བོ་དང་།། ངེས་པས་ངེས་པ་གསུམ་དུ་བསྟན།། གང་དུ་ཐེག་པ་བཞི་གསུངས་པ།། འགྲོ་བ་འདྲེན་ཕྱིར་མ་ངེས་པ།། རོ་གཅིག་ཐེག་པར་ངེས་གནས་པ།། ངེས་པའི་ཐེག་པ་བླ་ན ་མེད། ། རང་བཞིན་མ་བཅོས་རང་འབྱུང་ལས།། བྱ་བྱེད་རང་གིས་བྲལ་བ་ཡི།། སྣ་ཚོགས་སྒྱུ་མའི་དཀྱིལ་འཁོར་འཕྲུལ། རང་སྣང་སྒྱུ་འཕྲུལ་དྲ་བའོ།། རང་བཞིན་མཐའ་དབུས་མེད་པ་ལས།། རྒྱུ་རྐྱེན་ལས་ཀྱིས་སོ་སོ་འཁྲུལ།། དེ་ཉིད ་བྱང་ཆུབ་སེམས་ཉིད་དེ། ། མཐའ་དབུས་མེད་པར་མཉམ་པར་གནས།། དེ་ལྟར་སོ་སོར་སྣང་བའི་རྒྱུད།། ནམ་མཁའ་དང་རིས་ཕྱེ་བ་ལྟར།། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ཡི།། ལམ་གཉིས་འབྲེལ་བར་མངོན་བསྒོམས་པས།། ཐབས ་དང་ཤེས་རབ་དབྱེར་མེད་པའི། ། བདེ་ཆེན་ཐིག་ལེ་མངོན་སྣང་བ།། འཇུག་དང་གྲོལ་བའི་ལམ་ཉིད་དེ།། སྒྱུ་འཕྲུལ་དྲ་བའི་ལམ་དུ་བརྗོད།། རང་བཞིན་ཡོངས་ཀྱི་ཁྱབ་པ་ཡི།། དངོས་དབང་ཐབས་ཀྱིས་འབྲེལ་བ་ཡིས།། རིམ་པ་ཇི ་བཞིན་སྟོབས་གྱུར་པས། ། ཁྱད་པར་ཐབས་ཀྱི་སྒྱུ་འཕྲུལ་ཡིན།། ཐོག་མ་མེད་པའི་རྡོ་རྗེ་སེམས།། ཆོས་ཀུན་རང་གི་ངོ་བོ་ཉིད།། ཟབ་མོ་བསྟན་པ་སྤྱིའི་ལུང་།། ཐབས་དང་ཤེས་རབ་དབྱེར་མེད་པའི།། རྟོགས་པའི་ཆོ་ག་རྒྱས ་པའི་རྒྱུད། ། བསྐལ་པ་གྲངས་མེད་སྔོན་རོལ་ནས།། ཤེས་རབ་སྦྱངས་དང་སྙིང་རྗེ་ལྡན།། དང་དང་བརྩོན་འགྲུས་དམ་ཚིག་དང་།། ཆོ་གས་དག་པར་སྦྱངས་པ་ཡིས།། དབང་པོ་རབ་ཀྱི་སྤྱོད་ཡུལ་ཡིན།། རྡོ་རྗེ་གསང་བའི་ཐེག ་པ་འདི། ། ངོ་བོ་ཉིད་དང་བྱིན་རླབས་དང་།། མཚོན་དང་རྡོ་རྗེ་གྲུབ་པ་སྟེ།། རྡོ་རྗེ་ཐེག་པ་བདེ་བ་ཆེ།། རང་བཞིན་ངན་དང་དམན་པ་དང་།། ཕྱིན་ཅི་ལོག་དང་མི་མོས་དང་།། དབང་དང་དམ་ཚིག་མེད་པ་ལ།། གསང་ཕྱིར་གསང་བའི ་ཐེག་པར་གསུངས། ། ཐབས་དང་བྲལ་བའི་སློབ་དཔོན་གྱིས།། སྣོད་དང་ལྡན་པའི་སློབ་མ་ལ།། གསང་བའི་སྙིང་པོ་བསྟན་གྱུར་ན།། བདག་དང་གཞན་ཀུན་སྡུག་བསྔལ་ཞིང་།། སྲེག་དང་སྒྲིབས་པར་ཡུན་རིངས་གནས།། སྒྱུ་འཕྲུལ ་དྲ་བ་རྡོ་རྗེ་མེ་ལོང་གི་རྒྱུད་ཆེན་པོ་ལས་མཚན་གྱི་དོན་གྱི་བཤད་པ་དང་པོའོ། ། དེ་ནས་གཞན་ཡང་བཤད་བྱ་བ།། ཐུན་མོངས་མ་གྱུར་གསང་བའི་དོན།། ཐུན་མོང་མ་ཡིན་འཁོར་དག་ལ།། ཕྱོགས་བཅུ་རྒྱལ་བ་རྡོ་རྗེ་འཆང།། དཀྱིལ ་འཁོར་མངོན་དུ་ཕྱུང་བ་ཡི། ། རྡོ་རྗེ་པད་མ་འབྲེལ་བ་ཡིས།། བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས།། ཐུན་མོང་ཐུན་མོང་མ་ཡིན་པའི།། ཉོན་མོངས་ལྷ་དང་ཤེས་བྱ་རྣམས།། སྐད་ཅིག་ཡུད་ལ་གསལ་བྱས་ཏེ།། ཐུན་མོང་ཁྱད་པར་གསང་བ་ཡི།། ་ལམ་གཉིས་ངེས་པར་སྟོན་པས་ན།། སྟོན་པ་ཞེས་ནི་བརྗོད་པ་ཡིན།། དེ་ཡི་གནས་མཆོག་བཤད་བྱ་བ།། འབྱུང་དང་བཞུགས་དང་རྟེན་པ་དང་།། མཚོན་པ་བྱིན་གྱིས་བརླབས་ཕྱིར་རོ།། ཐབས་དང་ལམ་གྱིས་ཁྱད་པར་གྱིས།། ཀུན ་བདག་རྡོ་རྗེ་འཆང་ཆེན་ཉིད། ། གཙང་མ་རིགས་དག་སྤངས་པ་ཡི།། འོག་མིན་གནས་མཆོག་ཆེན་པོ་དེར།། ཡང་དག་སངས་རྒྱས་དེར་སངས་རྒྱས།། སྐལ་མེད་སྐྱེ་བོ་གདུལ་བའི་ཕྱིར།། སྤྲུལ་པ་པོ་ནི་འདིར་སངས་རྒྱས།། སངས ་རྒྱས་ཀུན་གྱི་བཞུགས་པའི་གནས། ། གཙང་མ་རིགས་དག་རྣམ་སྤངས་པ།། འཇིག་རྟེན་ལས་ཀྱིས་མཐར་གྱུར་པ།། འོག་མིན་འབར་བའི་གཞལ་ཡ་ས་ཁང་།། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི།། ཡོན་ཏན་ཁྱད་པར་ལྤགས་པ་ན།། ་གསང་བ་ཡུ་གྱི་ཐུག་ལ།། བཅུ་གསུམས་ཡི་དབང་ཕྱུག་ལྡན།། རྡོ་རྗེ་འཆང་ཆེན་དཔག་མེད་དང་།། ཏིལ་འབྲུའི་ཚུལ་ཏུ་རབ་ཏུ་བཞུགས།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། ཐོག་མ་ཐ་མ་དབུས་མེད་པའི།། རང་བཞིན་དོན་གྱི ་འོག་མིན་ནི། ། རྒྱལ་བ་ཀུན་གྱི་ཕོ་བྲང་ཕྱིར།། འདས་དང་ད་ལྟར་མ་བྱོན་པའི།། རྒྱལ་བ་ཀུན་གྱི་བསྟེན་པའི་གནས།། དེ་དག་ཉེ་བར་མཚོན་པ་ཡི།། ཡིད་དང་མཚན་མ་ལས་གྱུར་པའོ།། སྒོམས་དང་བྲིས་དང་བྱས་ལས་སོགས།། དེ་དང་འདྲ ་བའི་གཞལ་ཡས་ཁང་། ། རྒྱལ་བ་སྔགས་དང་བྱིན་རླབས་ཀྱིས།། དོར་གནས་དོན་བྱེད་མཚོན་པའི་གནས།། ཐུན་མོང་ཐུན་མོང་མ་ཡིན་པའི།། བསོད་ནམས་ཡེ་ཤེས་ཁྱད་པར་ཅན།། བསགས་པ་སྣ་ཚོགས་ལས་འབྱུང་བའོ།། རྫོགས ་ལོངས་སྤྱོད་པ་ཆེན་པོ་ནི། གཙང་མ་རིགས་དག་སྤངས་པ་ཡིན།། འོག་མིན་ཆེན་པོའི་གནས་མཆོག་ན།། རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ།། གཅིག་དང་དུ་མ་རྣམས་སྤངས་པ།། སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ།། གདོད་ནས་ཐེག། ་མཆོག་མཛོད་ཉིད་བྱེར།། སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ།། སྐད་ཅིག་གཅིག་གིས་སྤངས་པར་མཛད།། ཆོས་རྣམས་སྣ་ཚོགས་ཇི་སྙེད་པ།། དངོས་པོ་ཐ་ད་མེད་བྱེར་ཟླུམ།། ཁྱབ་དང་ལྤགས་དང་ཚད་མེད་དང་།། ཡེ་ཤེས་བཞི་དྷི ་འཁོར་ལོ་བསྟན། ། ཆོས་དབྱིངས་འདྲ་འབྲལ་མེད་པའི་ཕྱིར།། མུ་ཁྱུད་ཟླུམ་པོར་ཀུན་ནས་བསྐོར།། སྐུ་གསུང་ཐུགས་དང་བྱིན་རླབས་དང་།། ཐུགས་རྗེས་མི་ཁྱབ་མེད་པའི་ཕྱིར།། ཡོན་ཏན་རྒྱས་པའི་དབྱིབས་སུ་བསྟན།། རང་འཐུང་ཡེ་ཤེས། ་མཐའ་བྲལ་བས།། ཕྱོགས་བཅུར་འགྲོ་འོང་མི་གནས་པའི།། ཆད་དང་བྲལ་བའི་སེམས་ཀྱི་ཕྱིང།། གན་ཅ་ཚད་མེད་འཁོར་ལོ་བསྟན།། གདོང་ནས་བྱིར་རླབས་ངོ་བོའི་ཕྱིར།། མ་བསགས་ལྷུན་རྫོགས་མཛད་ཉིད་དེ།། འགྲོ་བར་འདོད ་ཀོང་བའི་ཕྱིར། ། རིན་ཆེན་འབར་བའི་གཞལ་ཡས་ཁང་།། སྣ་ཚོགས་དངོས་དང་དངོས་མེད་པའི།། ཆོས་ཀུན་དེ་བོང་རང་གནས་ཏེ།། བདག་གཞན་གཟུང་འཛིན་བྲལ་བའི་ཕྱིར།། ཕྱི་དང་ནང་བྲལ་སྒྲིབ་པ་མེད།། ཐུན་མོང་ལ་བརྟེན་ཐབས ་ཀྱི་འབྲས། ། ཡེ་ཤེས་ཐབས་ཀྱིས་འཕགས་པ་ཉིད།། གདུལ་བྱའི་བློ་ལ་མངོན་སྣང་བས།། བློ་འབུར་འདི་ནི་ལྷག་པར་མཛེས།། ཐུན་མོང་ཐུན་མོང་མ་ཡིན་པའི།། གདུལ་བྱའི་རིམ་པ་མཐོན་དམན་ཀུན།། སྟོང་སྨོན་མཚན་མེད་འོད་གསལ ་འཇུག། དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར།། ཐབས་མང་བསམ་གྱིས་མི་ཁྱབ་པས།། ལམ་བརྒྱད་རིམ་པར་བགྲོད་པ་ཡིས།། འབྲས་བུ་ཡོན་ཏན་ཀུན་རྫོགས་པས།། རྟབ་རྒྱུ་འབྲས་བཅུ་དྲུག་བསྟན།། ཞེན་དང་སྤྱོད་པའི་ལམ ་བྲལ་བས། ། འདོད་ཡོན་ཡེ་ཤེས་ལྔ་རོལ་སྟེ།། བདག་མཆོད་ཀུན་མཉེས་ལས་བྱུང་བས།། འདོད་ཡོན་ལྷ་མོས་འཁྲིགས་པར་བསྟན།། ཐབས་དང་ཤེས་རབ་ལྡན་པ་ཡིས།། མཆགས་ཐབས་དང་ལྡན་པ་དང་།། ཆེ་བའི་ཡོན་ཏན་ལྡན ་རྫོགས་པས། ། ཉི་ཟླ་པད་མ་རིན་པོ་ཆེ།། ལས་དང་ཐུགས་རྗེ་སྨོན་ལམ་གྱིས།། བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ།། སྨོན་ལམ་དབང་གིས་དེ་དག་ཏུ།། ཐོས་པ་རྒྱ་མཚོ་བསག་ཕྱིར་གནས།། དེ་ཚེ་དུས་ཀྱི་ཐ་བྲལ་ཡང་།། ངོ་བོ ་དུས་བཞི་མཉམ་པའི་དུས། ། དུས་ཀྱི་མཐའ་ལ་མངོན་རྟོགས་པས།། ཐུན་མོང་མིན་པའི་དུས་སུ་བསྟན།། དེ་ཚེ་ཕྱོགས་བཅུ་རྒྱལ་བ་ཡིས།། བསྐལ་པ་བྱེ་བར་ལུང་བསྟན་པ།། འདུལ་བའི་དུས་བབ་གསང་བའི་བདག། ལག ་ན་རྡོ་རྗེས་བསྡུ་བ་མཛད། ། དུས་གསུམ་རྒྱལ་བས་བྱིན་བརླབས་ཕྱིར།། འཁོར་བྱིན་ཟླ་སྐལ་མཆོག་ལྡན།། གསང་བའི་རྡོ་རྗེ་འཚང་བསྡུས་ནས།། འདུལ་བའི་འཁོར་ལ་བསྟན་པར་མཛད།། འདས་དང་མ་བྱོན་ད་ལྟར་གྱིས།། སྐུ་གསུཾ ་སྐུ་གསུང་ཐུགས་ངེས་པའི། ། དེ་བཞིན་ཉིད་དུ་ཐབས་གང་གིས།། གཤེགས་ཤིང་གཤེགས་དང་གཤེགས་གྱུར་པའི།། ཐར་པ་གསུམ་དང་ཡེ་ཤེས་དང་།། ཕ་རོལ་ཕྱིན་པ་དྲུག་ལྡན་པ།། ཞིང་ཁམས་ཡོན་ཏན་བསམ་མིས། ་ཁྱབ།། བྱེ་བྲག་བརྒྱད་བཅུ་ཀུན་འདུས་པའི།། རྒྱལ་བ་རྒྱ་མཚོ་ཀུན་གྱི་མཚན།། གང་ཕྱིར་རྡོ་རྗེ་ཐུགས་ཆུད་པས།། ལས་དང་སྤྱོད་པ་དཀའ་ཐུབ་དང་།། སྲིད་པའི་རི་བོས་མི་བསྐྱོད་པས།། དེ་ནི་མི་བསྐྱོད་མཆོག་ཏུ་གསུང་ཐབས་དང་ཤེས་རབ ་འབྲེལ་བ་ཡིས། ། ཇི་སྙེད་སྐུ་གསུང་ཐུགས་སྣང་བ།། མོས་དང་ཐབས་ཀྱི་ཁྱད་པར་གྱིས།། རྣམ་པར་སྣང་ཕྱིར་སྣད་མཛད་མཆོག། རྒྱལ་བ་ཀུན་གྱི་ཡོན་ཏན་ནི།། ཚོགས་རྣམས་འདུས་པའི་ངོ་བོ་སྟེ།། ཡོན་ཏན་རིན་ཆེན་ལྷར། ་འབྱུང་བས།། རིན་ཆེན་འབྱུང་བར་གསུངས་པ་ཡིན།། དཔག་ཏུ་མེད་པའི་གསུང་གི་སྒོ།། དབང་པོ་ཐབས་ཀྱི་བྱེ་བྲག་གིས།། དོན་རྟོགས་གསུང་དང་ཡི་གེའི་སྒོ།། མཐའ་ཡས་སྣང་ཕྱིར་མཐའ་ཡས་མཆོག། དཔག་མེད་བུས ་ཇེ་མཛད་པ་ཡི། ། འགྲོ་འོད་མེད་པའི་ཐུགས་རྗེ་ཡིས།། འགྲོ་བ་སྐྱོབ་པའི་དོན་མཛད་པས།། དོན་གྲུབ་ཅེས་ནི་རྣམ་པར་བསྟན།། རིག་པའི་རྒྱལ་པོ་འདི་དག་ཀྱང་།། ཐ་མལ་ལྔ་ཉིད་གནས་དག་ཅིང་།། དེ་ལས་ཐབས་དེས་མངོན་བྱས་པས། ་དེར་དབང་སྒྱུར་ཏེ་ཉིད་སྣང་བ།། རྒྱལ་པོ་ཉིད་དུ་བརྗོད་པ་ཡིན།། སྟེང་འོག་གཉིས་ལས་མངོན་གྱུར་པའི།། སྦྱོར་དང་འཇུ་འདུལ་རླུང་གི་རིམ།། གང་དེ་ཐབས་ལས་མངོན་གྱུར་པའི།། བདེ་བའི་གཟུགས་དང་ཚོར་བ་དང་། འདུ་ཤེས།། ་དང་ནི་འདུ་བྱེད་དང་།། རྣམ་པར་ཟག་མེད་བདེ་བའི་རོས།། དབང་སྒྱུར་ཡེ་ཤེས་རྒྱལ་པོར་བཤད།། གང་ཕྱིར་སྣང་དང་བསྒོམས་དང་བྲིས།། ཕྱག་རྒྱ་རྩ་བཅུད་ཐིག་ལེའི་མདོག། དཀར་དང་དམར་དང་སེར་བ་དང་།། སྔོ་དང་ལྗང་དང་རིས ་ལྡན་པའོ། ། རྒྱལ་བ་ཀུན་གྱི་བདེ་སྐྱིད་ཅིང་།། སྤྱོད་དང་དེ་ལས་འབྱུང་བའི་ཡུམ།། ཐམས་ཅད་དེ་ལས་སྐྱེད་པ་ལྔ།། ཐ་མལ་ཞེན་པ་དག་པ་དང་།། དབང་བསྒྱུར་རྒྱལ་མོ་རྗེ་རང་བཞིན།། སྲ་དང་གཤེར་དང་དྲོད་དང་བསྐྱོད།། ནམ ་མཁའི་ཁམས་ཀྱིས་གང་ཕྱེ་བ། ། སྟེང་འོག་ཐབས་ལས་མངོན་གྱུར་པ།། ཡུལ་དང་ཤེས་པ་དབྱེར་མེད་ཅིང་།། ཐུགས་རྗེ་ཤེས་རབ་འབྲེལ་པ་ཡིས།། འཁོར་བ་དང་ནི་མྱ་ངན་འདས།། གཉིས་མེད་གཟིགས་པ་སྤྱན་གྱི་མཆོག། ་ཟག་མེད་སྟོང་པའི་ཀློང་ཆེན་གྱིས།། སྐྱེད་དང་སྡུད་དང་གནས་པའི་ཕྱིར།། མཐའ་དབུས་བྲལ་བའི་དེ་བཞིན་ཉིད། ནམ་མཁའི་དབྱིངས་ཞེས་གང་བརྗོད་པའོ།། ཐུན་མོང་ཐུན་མོང་མ་ཡིན་པའི།། ལས་དང་ལྟ་བ་ཉོན་མོངས། ་དང་།། ཤེས་བྱའི་དྲི་མ་མཐའ་ཡས་པ།། རྟོགས་པས་སྦྱོང་ཞིང་སྲེག་པས་ན།། གོས་དཀར་མ་དུ་བརྗོད་པ་ཡིན།། གང་པྱིར་ལས་དང་ཏིང་འཛིན་དང་།། ཡེ་ཤེས་ཐུགས་རྗེ་བར་མེད་ཆུས།། གང་དག་འཁྲུད་དང་ཚིམ་བྱེད་པས།། ཆུ ་ནི་ལཱ་ལ་ཀྵི་རུ་བཤད། ། གང་ཕྱིར་རྟོགས་དང་ཐབས་དག་དང་།། ཏིང་འཛིན་ཐབས་ཀྱི་རླུང་དག་གིས།། བགྲོད་པ་མེད་པའི་ཞིང་ཁམས་སུ།། སྒྲོལ་པས་སྒྲོལ་མ་ཉིད་དུ་བཤད།། སྙིང་པོ་རང་འབྱུང་ཡེ་ཤེས་ཉིད།། ཀུན་བརྟེན ་གནས་དང་ཁྱབ་པའི་ཕྱིར། ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ས་ཡི་སྙིང་པོར་བརྗོད་པ་ཡིན།། རང་འབྱུང་སྙིང་པོ་བྱང་ཆུབ་སེམས།། ནམ་མཁའ་ལྟ་བུར་བསམ་བརྗོད་མེད།། མཐའ་དབུས་སྒྲོ་སྐུར་གང་འདས་པ།། ་དེ་ནི་ནམ་མཁའི་སྙིང་པོ་ཉིད།། གང་ཕྱིར་ཐུགས་རྗེ་དཔག་མེདཔས།། འགྲོ་བ་ཆུ་པོ་རྒལ་གྱི་པར།། སྐྱོ་བ་མེད་པར་གཟིགས་པས་ན།། སྤྱན་རས་གཟིགས་དབང་པད་མའི་གཙོ།། རྟོགས་དང་དབྱེད་ཏེ། རྡོ་རྗེ་ཡིས།། མཐའ་ཡི་བདག་རྟོག ་མཚན་མ་དག། འཇོམས་པས་ཕྱག་ན་རྡོ་རྗེ་སྟེ།། ཐུན་མོང་ཉིད་དང་ཁྱད་པར་གྱི།། གསང་བའི་རྣམ་པར་ཤེས་པ་བཞི།། ཐུན་མོང་ཡུལ་དང་ཁྱད་པར་ནི།། ཐབས་དང་ཤེས་རབ་འབྲེལ་པ་ལས།། མཚོན་དང་རྟོགས་དང་བསྒོམས ་པ་ཡིས། ། ལྷ་མོ་བཞིར་ནི་མངོན་སྣང་བ།། བྱང་ཆུབ་སེམས་དང་བདེ་བ་དང་། ཐབས་ཀྱི་བདེ་བས་རབ་སྐེགས་པས།། ལྷ་མོ་འདི་ནི་སྒེག་མོར་བཤད།། གོལ་དང་མ་གྲོལ་འཁོར་བ་ཡིས།། ཕྱི་ནང་སྒྲ་ཡི་བྱེ་བྲག་ཀུན།། བྲག་ཆས། ་བུར་རྗོད་མཛད་པས།། བར་ཆད་མེད་པས་ཕྲེང་བ་མ།། ཚིམ་པའི་ངོ་བོ་གང་བསྟན་པ།། དྲི་དང་ལྡན་པའི་ཁྱད་པར་ཉེད།། དབྱིངས་ཉིད་ཚིམ་ཞིང་ཡིད་བདེ་བས།། དེ་ཉིད་རྡོ་རྗེ་གཱི་ར་ཏི་མ།། རོ་ཡིས་ཁྱབ་ཅིང་གང་སྒྱུར་ལྟར།། བདེ་བ་ཆེན ་པོ་བཞི་ཡི་གར། ། ཁྱབ་དང་མཛེས་དང་ཚིམ་པ་དང་།། མི་གནས་བཀྲོལ་བས་གར་མཁན་མ།། རྒྱན་དང་ཆགས་པའི་སྒྲ་དག་དང་།། ཡིད་ཀྱི་ཕྲེང་བ་བདེ་བའི་གར།། ལྷ་མོ་བཞི་ཡི་རང་བཞིན་ནོ།། མ་རྟོགས་འགྲོ་བ་མཐའ་ཡས་ལ།། ་རང་བཞིན་ཐུགས་རྗེ་མཛད་པ་ཡིས།། ཡོངས་ལ་པན་འདོགས་སྐྱོབ་པ་ནི།། འདི་ནི་བྱམས་པ་ཞེས་བྱའོ།། རྟོགས་གོམས་མཐར་ཕྱིན་ཁྱབ་པར་གྱིས།། ལས་དང་ཉོན་མོངས་ལྟ་བའི་རིམ།། སེལ་བ་འདི་ནི་སྒྲིབ་སེལ་ལོ།། ་ཟབས་དང་ཤེས་རབ་གནས་རྟོགས་ན།། གང་པྱིར་སྤོད་ལེན་མི་གནས་པས།། བྱི་ནང་རྗོད་བཅུད་མ་ལུས་པ།། བྱེ་བ་མེད་པ་ས་ཀུན་ཏུ་བཟང་།། དགྲ་དང་གཞན་དུ་འཛིན་པ་ཀུན།། ཟུག་པ་མེད་པའི་ཤེས་རབ་ཀྱིས།། ལྟ་བའི་དབུག་ཙང ་པས་ན། ཟག་མེད་ཤེས་རབ་འཇམ་དཔལ་ས།། དབང་པོ་ཡི་གེ་ཐིག་ལེར་བཅས།། གནས་དང་རྟོགས་དང་བསྒོམས་པ་ཡིས།། མངོན་དུ་སྐད་ཕྱིར་བརྗོད་པ་ཡིན།། དུས་བཞི་རིམ་པ་གཉིས་བརྒྱད་དེ།། དེ་ཉིད་དགྲོལ་དང་བྲོད་སྐྱེད ་དང་། སྤྱོད་ཡུལ་དག་ཕྱིར་བརྗོད་པ་ནི།། དྲི་དང་བདེ་བས་དག་ཚིམ་ཞིང་།། ཡིད་ལྡོག་མེད་པས་རྡོ་རྗེ་དྲི།། ཕྱི་ནང་ཁྱབ་པའི་དཀྱིལ་འཁོར་ལ།། མེ་ཏོག་ཐིག་ལེང་བདེར་བགྲོད་པས།། རྡོ་རྗེ་ས་ཏོག་བླ་ན་མེད།། ཕྱི་ནང་སེམས་ལ་གནས ་བཅས་པའི། ། མན་པཔས་མ་པྱིར་ཤེས་རབ་དང་། ཡེ་ཤེས་སྣང་བ་བླན་མེད།། རྡོ་རྗེགས་ལ་བའི་མ་མམ།། བྱིན་དཀྱིལ་འཁོར་མ་ལུས་ལ།། རང་འབྱུང་ཏིང་འཛིན་བདེ་པ་ཡིས།། ཐམས་ཅ་དཔྱད་པར་གནས་པའི་ཕྱིར་།། ཁྱབ་བྱེད ་དྲིརྒྱབ་མ། ། དེ་བཞིན་ཉིད་ལ་དགོངས་པ་ཡིས།། འཁོར་བའི་ཆོས་རྣམས་མ་ལུས་པ།། བྱང་ཆུབ་སྙིང་པོ་ཚར་གཅད་པས།། རྣམ་པར་རྒྱལ་བ་ཞེས་སུ་བརྗོད།། གཟུང་འཛིན་ཐ་པ་ཡེ་ཤེས་ནི།། གཉིས་འཛིན་རྟོག་པའི་གཉེན་པོ་། ་ཏོགས་གོམས་དེ་ཡིས་འཇོམས་པས་ན།། ཡ་མཱན་ཏ་ཀྲི་གཤིན་རྗེགཤེད།། གང་ཕྱིར་འཁོར་བའི་རྒྱ་མཚོ་ལས།། ཐབས་དང་བཅས་པའི་རྫུ་འཕྲུལ་ལས།། འཇོམས་དང་སྒྲོལ་བར་མཛད་པས་ན།། རྟ་མགྲིན་རྒྱལ་པོ་དེ་བཤད་དོ།། འཁོར ་བའི་བདུད་ཀྱིས་དུག་ལྔ་ལ། ། ཡེ་ཤེས་ལྔ་རུ་གསལ་གོམས་པས།། གཉིས་མེད་རྩི་རུ་གང་འཁྱིལ་པ།། སྒྲིབ་ཟད་བདུད་རྩི་འཁྱིལ་པར་བཤད།། གང་དུ་ལུས་དང་བཅས་པ་ཡིས།། དབང་པོ་ཡུལ་དང་རྣམ་ཤེས་རེག། རང་ཆུད་བཅས་པའི ་ཡེ་ཤེས་ཉིད། ། སྒོ་བ་རྣམ་པ་བཞི་རུ་གསུངས།། རང་རྒྱུད་རྟག་ཆད་བཟློག་པ་དང་།། གཟུངས་དང་ལྷ་དང་བདེ་བ་དང་།། ཐིག་ལེ་རིག་པར་བཅས་པ་ཉིད།། གང་ཕྱིར་གནས་ནས་དགུག་པ་དང་།། གང་དུའང་འགྲོ་བར་མི་ནུས་དང་།། དེ་ལས་འདའ ་བར་དཀའ་བ་དང་། ། སྟིམས་ནས་བདེ་བས་དྲིལ་བུ་མ།། གཟུང་དང་འཁྱུད་དང་བསྡམ་པ་དང་།། གཉིས་སུ་མེད་པས་བདེ་ཆེན་པོ།། རང་ལུས་སྣད་སྲིད་བསྟན་གཡོག་ལ།། རྟོགས་དང་གོམས་པའི་ཚུལ་གྱིས་སྦྱར།། དེ་དག་མ་ལུས་དྲན ་བྱེད་པ། ། རིགས་པའི་རྒྱལ་པོ་ཀུན་དབྱེར་མེད།། ཀུན་བཞི་རྡོ་རྗེ་མི་ཕྱེད་པ།། ཀུན་ཏུ་བཟང་པོར་དེ་བཤད་དོ།། མ་ལུས་འདུས་བྱས་མ་བྱས་ཆོས།། མ་ལུས་ཟག་མེད་ཁྱབ་པའི་དབྱིངས།། རྟོགས་དང་ཤེས་དང་གོང་གྱུར་པ།། ཀུན་ཏུ་བཟང ་མོར་དེ་བཤད་དོ། ། མི་ཤིགས་ཐིག་ལེ་བདེ་ཆེན་པོ།། ཡེ་ཤེས་ལྔ་ལྡན་དདས་མའི་བཅུད།། རང་འབྱུང་ལུས་ཅན་ཀུན་གནས་པ།། སྟོན་པ་རིགས་པའི་གསུང་ཅན་ཉིད།། དྷ་ར་རྨ་ཙཀྲ་ཆོས་ཀྱི་གནས།། འོད་བཞི་ཨེ་སྩོགས་ཚུལ་དུ ་ནི། ། ལུས་སྦས་པ་ཡི་ཚུལ་དག་གིས།། ལུས་ཅན་ཀུན་ལ་ཁྱབ་པར་གནས།། རང་འབྱུང་ཐུགས་ཀྱི་བདེ་བ་ཉིད།། རྒྱུ་བ་བྲལ་བའི་སྙིང་པོ་སྟེ།། པ་ར་མ་ཨ་རྠ་བྱང་ཆུབ་སེམས།། ནམ་མཁའི་ཡེ་ཤེས་ཐུགས་ཀྱི་ཀློང་།། མ་ནི་མ་ཏ་དྲན་རྟོག ་ཡིད། ། རྣམ་ཤེས་རྒྱུ་བའི་དྲན་རྟོག་རྣམས།། ཡེ་ཤེས་ནམ་མཁར་གསལ་འདོད་པ།། དྲན་རྟོག་རིག་པ་འཁོར་དུ་གནས།། ཟག་མེད་རྣམ་ཤེས་བསམ་མི་ཁྱབ།། མ་ལུས་ནམ་མཁའི་ཡེ་ཤེས་སུ།། བདེ་ཆེན་རིག་པའི་མི་རྟོག་པར།། ་བསྡུས་ཏེ་ཉམས་ལ་གནས་པར་མཛད།། བདེ་བ་ཆེན་པོ་མ་སྐྱེས་པ།། ནམ་མཁའ་ལྟ་བུར་མི་བྱེད་པ།། ནམ་མཁའི་ཡེ་ཤེས་དབྱེར་མེད་སྐུ།། དུས་གསུམ་ཀུན་གྱི་ངོ་བོར་གནས།། འདི་ཞེས་ཉེ་བར་བསྟན་པ་ནི།། ཨེ་སོགས་བཞི ་ཡི་ཚུལ་གནས་ཏེ། ། ཕྱི་ནད་པར་འཁྱམས་གདོད་པར་བཅས།། གསང་བའི་འོག་མིན་རྒྱན་རྫོགས་པའོ།། ཐིག་ལེ་བཾ་དབྱིབས་སྤྲོས་པ་མེད།། བརྗོད་མེད་བསྟན་པ་གསུངས་མཛད་ཅིང་།། བྱིན་བརླབས་བདེ་ཆེན་མི་རྟོག་པ།། འཁོར ་ལ་སྡང་བར་མཛད་པའོ། ། མ་ནི་མ་ནུ་མ་ཏ་སྟེ།། སྡོམ་བྱེད་དྲན་རྟོག་ཡིད་ཀྱི་དངོས་ལས་ཅན་རྣམ་ཤེས་དེ་དག་གིས།། གསལ་བར་གོ་བར་འཁོར་དུ་བརྗོད།། ཆོས་རྣམས་ཀུན་གྱི་ངོ་བོ་ཉིད།། ཐིག་ལེ་བཅུ་དྲུག་སེམས ་ལྔའི་དངོས། ། མི་རྟོག་ལྷན་ཅིག་སྐྱེས་པའི་དོན།། བྱིན་རླབས་མངོན་སུམ་ཚུལ་གྱིས་གསལ།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཐིག་ལེ་ཟག་མེད་སྐྱེས་པའི་དུས།། བསམ་མེད་ལྷན་ཅིག་སྐྱེས་པའི་ཚེ་བདེ་བ་ཆེན ་པོའི་དུས་སུ་འདོད། ། ཤེས་པ་རྟེན་དང་བརྟེན་པར་བཅས།། ཐབས་ཀྱི་རིམ་པ་ལ་བརྟེན་ནས།། རླུང་གིས་བསྡུས་པའི་དོན་གྱིས་ནི།། རང་རིག་ཐབས་ཀྱི་རྒྱལ་པོར་གས་ལ།། གང་དང་གང་ལ་གང་དུ་ནི།། གང་གིས་གང་ཆེ ་གང་གསུངས་པ། བརྗོད་འབྱུང་རྩ་བར་དེ་གྱུར་པས།། གླེང་བཞི་ཞེས་ནི་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། དབྱེར་མེད་ཡེ་ཤེས་ཅིག་གི་དང་།། རྡོ་རྗེ་འཆང་ཆེན་ཀུན་བཟང་ལས།། སྣ་ཚོགས་སྐུ་ནི་རྣམ་པར ་འཕྲུལ། ། དེ་ཚེ་རྒྱལ་བ་ཐམས་ཅད་ཀྱང་།། ལྷ་ལ་རྡོ་རྗེ་འཛིན་པ་ཉིད།། ལྷ་མིན་སྟོན་པ་ཕྲག་དོག་རྗེ།། མི་ལ་ཐུབ་པའི་དབང་པོ་སྟེ།། བྱོལ་སོང་སྒྲ་ཡིས་འདུལ་མཛད་པ།། ཡི་དགས་དྲག་པོས་གདུང་བ་སེལ།། དམྱལ་བ་སྡུག་སྔལ ་ཆོས་ཀྱི་རྒྱལ། ། གདུལ་བའི་སྤྲུལ་སྐུ་ངོ་བོར་ཤར།། ལ་ལ་ལྷ་ལས་འཕོ་བ་དང་།། ལ་ལར་ལྷུམས་ཞུགས་བལྟམ་པ་དང་།། དཀའ་ཐུབ་བདུད་བཏུལ་སངས་རྒྱས་ནས།། འཁོར་ལོ་བསྐོར་ཏེ་མྱ་ངན་འདས།། གནས་ལ་ངེས་པ་ཡོད ་མིན་ཏེ། ། དམྱལ་བ་ཡི་དགས་བྱོལ་སོང་དང་།། མི་དང་ལྷ་དང་ལྷ་མིན་ཏེ།། སོ་སོའི་གནས་ཏེ་གང་ཡིན་པ།། འགྲོ་བ་འདུལ་བ་སྟོན་པའི་གནས།། ལྷ་རྣམས་དང་ནི་མི་རྣས་དང་།། ལྷ་མིན་ཡི་དགས་དུད་འགྲོ་དང་།། དམྱལ་བ་སོ་སོའི ་འགྲོ་རིས་དག། རང་རང་མོས་དང་ལས་དབང་གིས།། འདུལ་ཚུལ་ཐ་དད་དབང་གིས་འཁོད།། རང་རང་མོས་པའི་འཕྲང་བའི་ཚེ།། རང་རང་བརྡའ་སྐད་ཐ་དད་པས།། རྟོགས་དང་གྲོལ་བར་གང་གྱུར་པ།། རང་རང་ཇི་བཞིན་སྟོན་པའི ་དུ། ། བསྟན་པའི་ཐེག་པ་སྣ་ཚོགས་ཏེ།། རང་རང་ཞེན་པ་མཐའ་ཡས་ཕྱིར།། ཚུལ་དང་མོས་པའི་དབང་གིས་ན།། ཐེག་པ་སྣ་ཚོགས་ཚུལ་དུ་སྣང་།། ཐེག་གཅིག་མཉམ་པ་ཉིད་ཀྱི་ཚུལ།། གཉིས་དང་གསུམ་དང་བཞི་དང་ལ། ་དགུ་དང་བརྒྱད་ཁྲི་ལ་སོགས་པ།། འགྲོ་བ་འདུལ་བའི་ཚུལ་གྱིས་སྣང་།། སྐུ་དང་གསུང་ཐུགས་ལས་དག་གིས།། འདུལ་དབང་ཐབས་ནི་སྣ་ཚོགས་ཀྱིས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། དེ་ཚེ་འགྲོ་བ་སོ་སོ་ཡང་།། རང་གི ་གཞི་རྩ་དོན་རིག་ནས། ། རིམ་པ་ལྔ་འམ་ཐབས་ཅིག་གིས།། རིག་འཛིན་སངས་རྒྱས་ས་ལ་གནས།། རང་རང་ཆ་འཛིན་སྤྲུལ་པའི་ལུས།། སར་གནས་འཁོར་གྱི་དང་པོ་ཡིས།། དེ་དག་ཞུས་པའི་ལམ་གསུངས་པ།། བློ་དང་ཚི། ་དང་ཡི་གེར་བསྡུས།། རྒུད་ཅེས་བྱ་བ་རྒྱུན་དུ་གྲགས།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་།། སྒྲུབ་པ་ཕྲིན་ལས་ལམ་རིམ་ནི།། ཕྱི་དང་ནང་དང་སྦས་པ་སྟེ།། རང་བཞིན་གནས་དང ་མངོན་བྱེད་པ། ། ཐབས་ཀྱི་རྒྱུད་ནི་གསུམ་དུ་གསུངས།། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།། མདོ་སྡེ་འདུལ་བ་མངོན་པ་དང་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། སྐྱེད་རྫོགས་ཐབས་རིམ་གང་བསྟན་པ།། སྒྲ། ་འཕྲུལ་དྲ་བར་འདུས་པ་སྟེ།། དེ་ལྟར་གྲགས་པའི་ཆོས་རྣམས་ཀུན།། རྟོགས་པའི་ཆོ་ག་ཀུན་བཤད་པའི།། རྒྱུན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ།། སངས་རྒྱས་ཀུན་གྱི་གསུང་གི་མཆོག། ཐོག་མ་བར་དང་མཐར་དགེ་བ།། དུས ་གསུམ་རྒྱལ་བ་ཀུན་གྱིས་གསུངས། ། རྡོ་རྗེ་སེམས་པ་སྒྱུ་འཕྲུལ་དྲ་བ་གསར་པ་མེ་ལོང་གི་རྒྱུད་ཆེན་པོ་ལས་གླེང་གཞི་རྣམ་པར་བཤད་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་གཞན་ཡང་བཤད་བྱ་བ།། གང་ཟག་ཐབ ་ནི་ཐུན་མོང་དུ། ། བློ་ཡིས་ཡུལ་དུ་གར་གྱུར་པ།། དེ་ནི་ཐུན་མོང་ཡུལ་ཉིད་དེ།། གང་ཟག་ཐབས་དང་སྟོན་པ་ཉིད།། དེ་ཡི་སྤྱོད་ཡུལ་མ་གྱུར་ཅིང་།། ཐབས་ཆེན་གསང་བ་དང་ལྡན་པ།། དེ་ནི་ཐུང་མོང་མ་ཡིན་པའོ།། དེ་ཉིད་སྐྱེ་བོ ་འཁོར་གཉིས་དོར། ། རྣམ་གཉིས་ཚུལ་དུ་སྣང་བར་མཛད།། ཕུང་པོ་ཁམས་དང་སྐྱེ་མཆེད་ཉིད།། རྒྱལ་བ་ཡབ་ཡུམ་སེམས་དཔའ་དང་།། སེམས་མ་ཉིད་དུ་ལྷུན་གྱིས་གྲུབ།། གསང་ཡུལ་དབང་པོ་རྣམ་ཤེས་རེག། ་མ་ལུས་འཇོམས་ཕྱིར་ཁྲོ་བོ་སྟེ།། རྟག་སོགས་མཚན་མ་ལས་སྐྱེས་ཕྱིར།། ཡུམ་སྟེ་ལས་ཀྱིས་མི་གནས་བཤད།། ཡིད་ཆོས་བཟང་པོ་བཟང་མོ་ཉིད།། ཆགས་སོགས་ཉོན་མོངས་དྲུག་པོ་ཉིད།། ཐུབ་པ་སྤྲུལ་པ་དྲུག་ཏུ་བཤད།། ་དེ་ཉིད་ཕྱོགས་བཅུ་དུས་བཞི་ཡི།། ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ།། དབང་པོ་དུས་དང་ལུས་ཆོས་བཞི།། མཚན་མཉོན་མོངས་ཡུམ་ཉིད་དེ།། དེ་ཉིད་སེམས་ཕྱིར་མ་སྐྱེས་པས།། ལྷག་པའི་བདེན་གཉིས་འབྲེལ་བ་ལས།། བྱང ་ཆུབ་སེམས་ལྔ་རྣམ་པར་འཕྲུལ། ། དངོས་པོ་སྣང་གྲགས་ཆོས་ཐམས་ཅད།། སྐྱེ་བ་མེད་དང་འགག་མེད་དང་།། གནས་པ་མེད་དང་དམིགས་མེད་དང་། འགྲོ་འོད་མེད་པ་ཉིད་དུ་སྣང་།། བདག་ཕྱིར་ཡེ་ཤེས་གསལ་སྣང་ཡང་།། ་གཞན་ཕྱིར་དེ་དག་མ་རྟོགས་པས།། རང་བཞིན་ངོ་བོ་ཡེ་ནས་གསང་།། ཤིན་དུ་གབ་སྦས་གསང་བའི་དོན།། དེ་ཉིད་ལེགས་པར་བཤད་པའི་ཆེའི།། ཡེ་ནས་མཉམ་ཉིད་གསང་བ་ལ།། མ་རིག་གཏོགས་རྐྱེན་དབང་གིས།། འཁོར་བའི ་སྡུག་བསྔལ་ངོ་བོར་སྣང་། ། དེ་ཉིད་བདེ་གཤེགས་སྙིང་པོ་སྟེ།། དངོས་མེད་དངོས་པོའི་སྙིང་པོ་ཅན།། འགྲོ་བ་རྣམས་ནི་སྨིན་བྱའི་ཕྱིར།། སྐུ་གསུང་ཐུགས་ཀྱི་རང་བཞིན་ལས།། སྤྲུལ་པ་རྣམས་ནི་རྣམ་པར་འཕྲུལ།། སྐུ་དང་གསུང་ཐུག ་སྣ་ཚོགས་ཀྱིས། ། ཆོས་ཀྱི་འཁོར་ལོ་རྣམ་པར་བསྐོར།། རྒྱལ་བའི་དཀྱིལ་འཁོར་དེ་དག་ཀྱང་།། སྟོན་པ་འཁོར་གྱིས་གཅིག་ལ་གཅི།། ཡབ་དང་ཡུམ་དང་གཉིས་མེད་དང་།། གང་ལ་གང་གིས་གླེང་བསླང་བ། བརྡའ་དང་དགོངས་པ་ཚིག ་གིས་ཏེ། ། བསྟན་པའི་ཚོགས་ནི་སྣང་བར་འགྱུར།། ཕན་པ་རླུང་གི་སྦྱོར་བ་ཡིས།། ཐབས་དེས་ཡུམ་ལ་གང་བསྐུལ་བས།། གཉིས་མེད་འབྲེལ་བའི་ཆགས་པའི་འོད།། ས་ཡ་བཅུ་གསུམ་སྐུ་གསུང་ཐུགས།། བདེ་ཆེན་ལྷ་རུ་གས ་བྱས་ཤིང་། ། ནམ་མཁའི་ཡེ་ཤེས་མངོན་ཕྱུང་ནས།། བདེ་བའི་ཡེ་ཤེས་གསལ་བའི་རོ།། སྐྱེ་དང་དགའ་དང་གནས་པ་དང་།། འགྲོ་འོང་ཉིད་ལས་ཤེས་པར་འགྱུར།། གང་གིས་གང་ལ་གང་བསླང་པས།། གང་རྐྱེན་དབང་གི་དེ་དག ་ལས། ཡེ་ཤེས་གསལ་བར་གང་སྣང་བས།། སྣང་སྲིད་ལུས་དང་དངོས་པོར་བཅས།། ནམ་མཁའི་ཡེ་ཤེས་ཅིང་ཡང་སྣང།། ནང་གི་གླེ་བསླང་ཐབས་ཆེན་ཡིན།། གང་ཕྱིར་ཐབས་ཀྱིས་ཤེས་རབ་ལ།། ཆགས་པའི་ཀླུ་དང་སྦྱོར་བས ་བསྐུལ། ། ཤེས་རབ་ཐབས་ལ་ལན་བསྐུལ་བ་འང་།། ཤད་པ་ཡི་ཀླུ་གར་དང་།། སྔགས་སྦྱོར་བ་ཡི་རིམ་པ་ཡིས།། ཕྱག་རྒྱ་བཞི་ཡིས་མངོན་སྦྱར་བས།། ཐབས་དང་ཤེས་རབ་གཉིས་མེད་པའི།། རྒྱུ་བ་རླུང་གི་སྦྱོར་བ་ཡིས།། དགུག་དང ་བཀླག་པའི་ཐབས་ཉིད་དེ། ། དབབ་དང་གཟུང་དང་བསྐྱིལ་བ་དང་།། ཟློག་དང་གཟུང་དང་སྦྱར་བ་ཡིས།། བསྐྱེད་དང་རྫོགས་དང་རྫོགས་ཆེན་པོ།། ཐུན་མོང་ཐུན་མོང་མ་ཡིན་པའི།། མཐར་ཐུག་རིམ་པ་ལས་འབྱུང་བའི།། ཀུན་ཀྱང་སེམས ་ལྔར་སྣང་བ་སྟེ། ། ཐབས་ལས་བྱུང་བའི་ཐིག་ལེ་དང་།། ཤེས་རབ་གསང་བའི་ཐིག་ལེ་དང་།། གཉིས་མེད་བདེ་བ་ལས་བྱུང་བ།། སེམས་ལྔ་རིམ་པར་སྣང་བར་འགྱུར།། ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང་།། ཀུད་དག་སུང་ཐུགས་ལས ་བྱུང་བ། བྱེ་བྲག་བརྒྱད་བཅུ་ཀུན་འདུས་པ།། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཏེ།། སྭ་གསུང་ཐུགས་དང་ཡེ་ཤེས་ལྔས།། ཐབས་དང་རང་བཞིན་འབྲེལ་བ་ཡིས།། འགྲོ་བ་ཀུན་ལ་རྒྱས་བཏབ་པའོ།། སྣོད་བཅུད་བདེ་བའི་རང་བཞིན ་གྱིས། ། མ་ལུས་ལྷན་ཅིག་སྐྱེས་པར་གནས།། གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན།། སྐྱེ་བའི་གཞི་དང་ཐབས་དག་དང་། སྐྱེས་བུས་མཐར་ཕྱིར་ཡེ་ཤེས་ལྔ།། སངས་རྒྱས་ཀུན་གྱི་རང་བཞིན་ཉིད།། ཇི་ལྟ་བ་བཞིན་རྣམ་པར ་གནས། ། འགྲོ་བ་མོས་པའི་ཁྱད་པར་གྱིས།། གཟུགས་དང་ཁ་དོག་སྔགས་དང་འོད།། དཀྱིལ་འཁོར་ལ་སོགས་སོ་སོར་གནས།། གང་ཟག་བློ་དང་འཚམ་པར་བསྟན།། རྟེན་དང་བརྟེན་ཅན་ལས་བྱུང་བའི།། རང་འབྱུང་བ་དེ་ཆེན ་མི་རྟོག་པ། ། ལུས་མེད་ལུས་ལ་གནས་པ་ཡི།། ཁྱབ་པ་གཉིས་མེད་གང་བའི་ཚུལ།། གང་ཟུར་ཟག་མེད་བདེ་བ་ཡི།། ཏིང་འཛིན་བདེ་བ་ཁྱད་པར་ཅན།། རང་བཞིན་བརྟགས་དང་སྣང་བ་དང་།། བྱིན་རློབ་ནུས་པའི་ལྷའི ་ནི། ། ཕྱི་ནང་སྣོད་བཅུད་སྐུ་གསུང་ཐུགས།། མ་ལུས་སྦྱོར་བ་གསུམ་ལས་བྱུང་།། རྩ་དང་རླུང་དང་ཐིག་ལེ་དག། རིམ་པར་བསྟེན་དང་སྦྱོར་བ་དག། འཐེན་དང་སྡུད་པ་རླུང་གིས་ཏེ།། དངས་མར་ཡེ་ཤེས་རླུང་གིས་འཇུག། སྟེང་དང ་འོག་ལས་བྱུང་བ་ཡི། ། བདེ་བའི་ཐིག་ལེ་རིམ་པ་དག། དངས་སྙིགས་རླུང་གི་ཁྱད་པར་གྱིས།། ཇི་ལྟར་འདོད་པའི་འབྲས་བུ་ཉིད།། རྐྱེན་གྱིས་ནུས་པ་ཕྲེང་བ་ལྟར།། རྒྱུ་ཅིག་ནུས་པ་སོ་སོར་སྣང་།། འཇིག་རྟེན་འདས་དང་འཇིག ་རྟེན་པའི། ། ལམ་ནི་རྩ་དང་ཐིག་ལེ་དང་།། རླུང་ནི་ཕྱི་ནང་དང་ས་སྙིགས་དང་།། ལམ་དང་རྒྱུ་བའི་ཚུལ་ལས་བྱུང་།། གང་ཕྱིར་མེད་དང་ནུས་པ་མེད།། སྟོངས་དང་ལོག་པའི་ནུས་མཐུ་ཡིས།། རང་ལུས་འཇིག་དང་སྡུག་བསྔལ ་ཞིང་། ། དབང་པོ་མ་ཚང་དམན་པར་གྱུར།། གང་ཕྱིར་ཐུན་མོང་ཐུན་མོང་མིན།། སེམས་ལྔ་ཡེ་ཤེས་ལྔ་བསྟན་པ།། རང་བཞིན་ཏིང་འཛིན་གཟུགས་བརྙན་དུ།། གཟུངས་མ་རིགས་ལ་རྟེན་བཅས་པའི།། སེམས་ལྔ་ཡུན་རིང་ཐུང ་བཅས་པས། ། བདག་གཞན་ཆོས་རྣམས་མ་ལུས་པ།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ།། དངོས་པོ་མེ་ཡིན་དངོས་མེད་མིན།། བདག་གཞན་གཉིས་ཀ་གཉིས་མེད་མིན།། རང་འབྱུང་བ་ཆེན་སྒྱུ་མ་ཉིད།། རྡོ་རྗེ་བརྟེན་པོ་རང་སྣང ་ཡེ་ཤེས་སྒྱུ་མ་ལྷུན་གྱིས་གྲུབ། ། རྡོ་རྗེ་སེམས་པ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས་གླེང་བསླང་བ་བཤད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གཞན་ཡང་བཤངད་བྱ་བ།། ཀུན་གྱི་ཤེས་བྱ་ཡུལ ་བཤད་པ། ། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། གཅིག་དང་ཐ་དད་ཀུན་བྲལ་བའི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སྒོ་སྐུར་ཀུན་བྲལ་མཉམ་པ་ལས།། རྟོགས་དང་མ་རྟོགས་བྱེད་པར་ལས།། སྣ་ཚོགས་ཆོས་ན ་རྣམ་པར་འཕྲུལ། ། གཞི་དང་རྩ་བ་ལས་འདས་པའི།། རང་བཞིན་དབྱེར་མེད་དེ་བཞིན་ཉིད།། དངོས་མེད་དངོས་པོ་ཡུས་འདས་ལ།། འཁོར་དང་མྱ་ངན་འདས་པ་ཡི།། ངོ་བོ་སྣ་ཚོགས་རང་སྣང་བ།། གཉིས་མེད་ཐབས་ཆེན་རྡོརྗེ ་ཨེ་མའོ་གཉིས་མེདབདེ་ཆེན་ལས། ། སྣ་ཚོགས་གནས་དང་ལོངས་སྤྱོད་དང་། རིགས་དང་ཁ་དོག་ཚེ་ཚད་དང་།། བདེ་སྡུག་དབང་པོ་བྱེ་བྲག་དག། རང་བཞིན་སྣ་ཚོགས་རྣམ་པར་འཕྲུལ།། སྒྱུ་མཆུ་ཟླ་འཇའ་ཚོན་ལྟར།། ་བྱང་ཆུབ་སེམས་ཀྱི་ངོ་བོར་གནས།། ལས་དང་རྐྱེན་གྱིས་གང་སྣང་བ།། རང་རང་ཞེན་པའི་ཐ་དད་གྱིས།། དབང་པོ་ཁྱད་པར་སྣ་ཚོགས་པའི།། རྟོག་པའི་ནུས་པ་སྣ་ཚོགས་མཐོང་།། རང་བཞིན་གཞི་རྩ་མེད་པའི་དབྱིངས།། ལྷན ་ཅིག་སྐྱེས་དང་ཀུན་བརྟགས་པའི། ། མ་མཐོང་ལོག་ཞེན་རྟས་པ་ཡིས།། འཁྲུལ་འཁོར་ལོག་པའི་སྟོབས་སུ་སྣང་།། འཁོར་བ་མ་བསལ་དག་པ་ཡི།། ཞིང་དང་སྤྱོད་ཡུལ་ལོངས་སྤྱོད་དང་།། ཏིང་འཛིན་དབང་སྟོབས་རྫ ་འཕྲུལ་དང་། ། མངོན་ཤེས་ཡེ་ཤེས་དཔག་མེད་པའི།། སྣ་ཚོགས་སྐུ་དང་གསུང་ཐུགས་དང་།། ཡོན་ཏན་ཕྲིན་ལས་རང་སྣང་བ།། བདག་གཞན་ལྷུན་གྱིས་གྲུབ་པའི་དོན།། སྣ་ཚོགས་ཡིད་བཞིན་ནོར་བུ་ལྟར།། མ་བསགས་ལྡན ་གྱིས་གྲུབ་པའི་སྐུ། ། སྣ་ཚོགས་ཀུན་དང་དབྱེར་མེད་པའི།། ཀུན་ལ་ཡིད་བཞིན་འཐུན་པར་སྣང་།། ཀུན་ཀྱང་རང་འབྱུང་བྱང་ཆུབ་སེམས།། བདེན་པ་དབྱེར་མེད་དོན་དུ་སྣང་།། གང་ཕྱིར་ནམ་མཁའི་རང་བཞིན་ལྟར།། གང་ལ་དེ ་ལྟར་སྣང་བ་ལས། ། ཡང་དག་ཅིག་ཏུ་གཟུང་དུ་མེད།། མ་བཅོས་རང་འབྱུང་ཞི་བ་ཉིད།། རྣམ་པར་དག་པའི་སྙིང་པོ་སྟེ།། འཁོར་བ་ཉིད་ན་མྱ་ངན་འདས།། རྣམ་པར་དག་པའི་དབྱིངས་སུ་མཁྱེན།། སྒྲོ་དང་སྐུར་བ་ཀུན་བྲལ་བའི།། ་ཐམས་ཅད་རང་སྣང་སྙིང་པོ་ལས།། སྣ་ཚོགས་མ་ལུས་རྣམ་པར་འཕྲུལ།། དངོས་དང་དངོས་པོ་མེད་མིན་ཞིང་།། གང་ལ་དེ་ཉིད་ཡུལ་འདས་པ།། ནམ་མཁའ་ལྟ་བུར་དཔག་མེད་པ།། ཕྱོགས་རས་མཐའ་དབུས་རྒྱ་དཔག ་མེད་གང་གིས་ཤིང་ལ་ཁྱབ་པར་ལྟར། ། མཁའ་སོགས་རྡུལ་བྲལ་འབྱུང་བའི་བཅུད།། ཟག་པ་མེད་པའི་སྙིང་པོ་ཉིད།། ལུས་ཅན་ཀུན་གྱི་དབང་པོ་དང་།། དངས་མར་འབྲེལ་བར་གང་སྣང་ཡང་།། མཐོང་བ་ལོག་པའི ་སྟོབས་ཀྱིས་སྦྱར། ། བདག་གཞན་མེད་པའི་རང་སྣང་ཡིན།། མ་ལུས་ཐམས་ཅད་དབྱེར་མེད་པའི།། ཐབས་དང་ཤེས་རབ་བཅུད་ལྔའི་རྒྱུན།། ལོངས་སྤྱོད་ཐབས་སུ་བཅས་པ་ཉིད།། འགྲོ་བ་ཀུན་ལ་ཁྱབ་པར་གནས།། གང་ཡང་ཐབས ་དང་ཤེས་རབ་ཀྱི། ། རྫུ་འཕྲུལ་དྲ་བའི་རང་བཞིན་ཉིད།། རང་བཞིན་དབྱེར་མེད་བྱང་ཆུབ་སེམས།། བདེ་བ་ཆེན་པོའི་ངོ་བོ་ཉིད།། འདས་དང་ད་ལྟར་མ་བྱོན་གྱི།། རྒྱལ་བ་རིག་འཛིན་མཐའ་ཡས་དང་།། མ་ལུས་ཀུན་གྱིས་རྟོགས་བྱག། ་ཕྱོགས་མེད་ཁྱབ་པའི་ངོ་བོར་གནས།། གན་སྣང་མ་ལུས་དེ་བཞིན་ཉིད།། མ་བཅོས་མ་བྱས་ཞི་བ་སྟེ།། གཅིག་དང་དུ་མ་ལས་འདས་པ།། སངས་རྒྱས་ཀུན་གྱི་རང་བཞིན་ཉིད། མཐའ་བྲལ་ནམ་མཁའི་རང་བཞིན་ལྟར།། མ་ལུས ་གནས་པ་དེ་དག་ཀྱང་། ། རྟོགས་པའི་ཁྱད་པར་དབང་པོ་ཡི།། མཐོང་ཚུལ་དག་དང་མ་དག་གིས།། རང་བཞིན་ཡུལ་དུ་མ་གྱུར་པས།། ཕྱི་ནང་གསང་བ་ལ་སོགས་པའི།། དབང་ད་མན་ངག་འབྲེལ་བ་ཡིས།། དེ་ཉིད་མཐོང་རྟོགས ་དོན་ཕྱིར་བཤ། ཀང་ཕྱིར་རྡོ་རྗེ་སློབ་དཔོན་ཉིད།། ཡོན་ཏན་ཡོངས་རྫོགས་ནུས་པ་ཅན།། དད་དང་བརྩོན་འགྲུས་བཏུལ་ཤུགས་ཅན།། ཤེས་རབ་ཁྱད་པར་གང་ལྡན་ལ།། དབང་དང་དམ་ཚིག་མན་ངག་དང་།། རྒྱུ་རྐྱེན་འབྲེལ་བའི་ནུས ་པ་ཡིན། ། བདེ་བ་གསལ་བ་མི་རྟོག་པ།། ཐབས་ཀྱི་ཕུན་སུམ་ཚོགས་པར་འགྱུར།། གསང་བའི་གསང་ཆེན་སྙིང་པོ་ཉིད།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེ།། ཕྱི་ནང་བདག་གཞན་མ་ལུས་པ།། ཐམས་ཅད་དབྱེར་མེད་དེ ་བཞིན་ཉིད། ། ཐབས་བྲལ་ཀུན་ལ་རྒྱས་བཏབ་པས།། མུན་པའི་ཚོགས་སུ་གྱུར་པ་ཡིན།། མུན་སྣང་དུག་དང་གསེར་འགྱུར་རྩི།། ཐབས་མཁས་རང་བཞིན་ངེས་འགྱུར་ལྟར།། གང་དེའི་ལྟ་སྤྱོད་ཏིངད་འཛིན་གྱིས།། དེ་མ ་ཐག་ཏུ་དེ་བཞིན་འགྱུར། ། དབྱེར་མེད་ནམ་མཁའི་རང་བཞིན་དུ།། ཁ་དོག་དབྱིབས་དང་རྫས་ལ་སོགས།། མ་ལུས་ཐ་དད་མེད་པ་ལྟར།། ཐབས་མཁས་མ་ལུས་དེ་བཞིན་འགྱུར།། ཐ་མལ་པ་དང་ལོག་པ་དང་།། དཀའ་ཐུབ་ཅན། ་དང་རྐྱེན་རྟོགས་དང་།། ཕྱི་ནང་ཅན་དང་ཐ་དད་ཅན།། གཙང་མེ་ཅན་དང་ཕྱོགས་རྟོགས་ཉིད།། མཉམ་ཉིད་ལྟ་ལས་གང་འདས་པ།། ངོ་བོ་ཉིད་དང་ཐབས་དག་དང་།། དབང་པོ་ལ་སོགས་ལོག་པ་ཡིས།། དེ་ཉིད་གནོད་པའི ་སྟོབས་སུ་འགྱུར། ། གང་ལ་གང་གིས་ཟིན་པའི་ནང་།། ཐབས་དང་བརྩོན་འགྲུས་ལེགས་པ་ཡིས།། དེ་ལྟར་བརྩོན་པའི་ཁྱད་པར་གྱིས།། དེ་ཉིད་མ་སྤང་རྣམ་པར་དག། གང་ཕྱིར་དེ་ཉིད་ངེས་པ་ལ།། རྟོགས་དང ་མ་རྟོགས་ཁྱད་པར་གྱིས། ། ཐ་དད་ཆོས་སུ་གང་སྣང་བ།། དངོས་ལ་དེ་ལྟར་གནས་པ་མིན།། རྡོ་རྗེ་སྐྱེ་མེད་ཤེས་རབ་སྟེ།། མ་ལོང་ཐབས་ཉིད་སྣ་ཚོགས་སྣང་།། གཉིས་མེད་འབྲལ་བའི་མཉམ་པ་ཉིད།། མ་ལུས་དབྱེར ་མེད་དམ་པ་བཤད། ། དེ་ནས་རྟོགས་སྒོ་བཤད་བྱ་བ།། གང་ལ་གང་གིས་དོན་མེད་པས།། ལྷ་དང་སྤྱོད་དང་ལམ་འབྲས་དག། འདི་ཉིད་དྲོན་གཉེར་གཞན་མེད་པའོ།། གང་གིས་དེ་དག་དེ་དོན་དུ།། ཚིག་དང་སྔགས་རྫས་དཀའ་ཐུབ་ཀྱིས ་གང་བསྟན་དེ་ཡི་བྱིན་རླབས་ཀྱིས། ། བདག་གཞན་ཕན་པར་གང་འདོད་པའོ།། གང་ལས་གྱུར་པ་དེ་ཞིག་པས།། ལུས་སེམས་འབྱུང་བའི་བགལ་གནས།། ཕྱིན་ཆད་པ་ན་གནོད་ཆོས་མེད་པས།། དཀའ་ཐུབ་འབད་རྩོལ་མི་དགོས་སོ།། ་གང་ཕྱིར་བྱེད་པའི་རྒྱུ་བཞི་དག། མཉེས་དང་དག་པས་བདེ་བྱའི་ཕྱིར།། ལས་དང་དཀའ་ཐུབ་དྲག་ཤུལ་གྱིས།། གྲོལ་ཞིང་ཐར་པར་འདོད་པར་སྣང་།། བདེ་བཞི་བཅུ་དྲུག་ཐ་དད་ལམ།། ཁམས་གསུམ་མཐོང་བསྒོམ་སོང་ཚུལ་གྱིས།། རང ་དོན་ཟག་པ་ཀུན་བྲལ་ནས། ། རང་དོན་ཐར་པ་མྱ་ངན་འདས།། རྐྱེན་རྟོགས་པག་ཆགས་སད་པ་ཡིས།། འབྱུང་མེད་བཅུ་གཉིས་རང་བརྟགས་ནས།། མ་རིག་འཁྲུལ་འཁོར་རྒྱུ་འབྲས་ཟད།། ཡིད་བཞིན་བདེ་བ་མཆོག་གིས།། ཐ་དད་མེད ་པའི་རིག་བཱི་སེམས་པ་དེ་ན་བརྫུན་ཁྱད་པར་ཅིར་བལྟས་པ། ། གསལ་ལ་མི་རྟོག་སྙིང་པོ་ཉིད།། བདག་གཞན་ནུས་པའི་སྟོབས་སུ་སྣང་།། ཆོས་རྣམས་སྒྱུ་མ་མིག་ཡོར་དང་།། བྲག་ཆ་ཆུ་ཟླ་འདྲ་བ་ཡི།། དེ་ཉིད་མཐའ ་དབུས་བྲལ་བ་ནི། ། བདེན་གཉིས་འབྲེལ་བ་དབུ་མའི་ཚུལ།། རྡོ་རྗེ་དམ་པ་གསུམ་བཀོད་དེ།། དངོས་སྤྲོ་སྒྱུ་མ་ལས་གྲོལ་ནས།། དག་པའི་རྟེན་འབྲེལ་ལ་རྟེན་ནས།། ཡེ་ཤེས་སྒྱུ་མ་མངོན་སུམ་ཤར།། གང་ཕྱིར་ལས་དང་བྱ་བ་དང་།། ཁྲུས ་དང་གཙང་སྒྲ་ལ་བརྟེན་ནས། ། སྔགས་དང་ཕྱག་རྒྱའི་མཐུ་སྟོབས་ཀྱིས།། སྒོ་གསུམ་རྡོ་རྗེ་འཛིན་པའི་ས།། དེ་དག་ལས་འཐུན་ཁྱད་པར་ཉིད།། དེ་ཁོ་ན་ཉིད་བཞི་རྟོགས་ནས།། ལས་དང་ཏིང་འཛིན་འབྲེལ་གོམས་པས།། རྡོ་རྗེ ་འཆང་བའི་ས་ལ་གནས། ། ཏིང་འཛིན་རིག་པ་གཙོར་བྱས་ནས།། སྔགས་དང་ཕྱག་རྒྱ་བསམ་པ་ཡིས།། ཆ་ལུགས་ཇི་བཞིན་མངོན་སྦྱར་ཏེ།། གོམས་པས་བདག་གཞན་དོན་གྲུབ་པའོ།། ཐབས་དང་གྲོལ་བའི་ཁྱད་པར་གྱིས།། ་དབང་པོ་ཡུལ་དངན་པ་ཤེས་དང་།། སྣང་སྲིད་བྱི་ནང་སྣོད་བཅུར་ཀྱི།། སྤྱོད་ཡུལ་ཇི་ལྟར་འགྱུར་བ་ཀུན།། ཐབས་དང་ཤེས་རབ་དབྱེར་མེད་པའི།། གསང་བའི་ཐབས་ཀྱིས་རྒྱས་བཏབ་པས།། མ་ལུས་རྡོ་རྗེ་ཉིད་དུ་འགྱུར།། སྣང་སྲིད ་དཔའ་བོ་ཐབས་ཆེན་དེ། ། རང་བཞིན་དབྱེར་མེད་དག་པ་ཡི།། སྣ་ཚོགས་འཕྲུལ་བ་རང་སྣང་བས།། མ་ལུས་གཉིས་མེད་ཡེ་ཤེས་ཡིན།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཐབས་དང་རིག་པ་གང་ཟིན་པ།། གཞན་གྱིས་དོར་བའི་འཁོར ་བའི་ཆོས། ། ཡེ་ཤེས་བདུད་རྩིའི་ངོ་བོར་འགྱུར།། མ་ལུས་གཅིག་དང་ཐ་བྲལ་བའི།། ཇི་ལྟར་འཐུན་པའི་སྙིང་པོ་ལ།། སོ་སོའི་དོན་ལྟར་མི་གནས་པས།། བསྐྱེད་པ་ལྷ་དང་གཞལ་ཡས་དང་།། རྫོགས་པའི་ནམ་མཁའི་ཡེ་ཤེས་དང་། ་དངོས་པོ་ལྷན་ཅིག་སྐྱེས་པ་རུ།། སྣང་བ་རྐྱེན་གྱིས་སྒྱུར་བ་ལྟར།། མ་ལུས་དེ་ཡི་ངོ་བོར་འགྱུར།། དེ་དག་བལྟས་པའི་ཁྱད་པར་གྱིས།། རང་རེའི་མོས་དང་བསམ་པ་དང་།། ནུབ་པའི་རིམ་པ་ཅིར་སྣང་ཡང་།། ནམ་མཁའ་དང་བའི། ་རང་བཞིན་ལས།། ཉི་ཟླ་གཟའ་སྐར་སྤྲིན་ཁུ་རླངས།། རང་འབྱུང་རང་དངོས་འགྱུར་མེད་ལྟར།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། དངོས་དབང་དོན་ལས་མ་གཡོས་པས།། དེ་དག་དེ་ལྟར་ཉིད་སྣང་བས།། དེ་ཉིད་ནམ་མཁའི་ཁོངས་སུ ་འདྲ། ། དེ་ནས་གཏན་ཚིག་བཤད་པར་བྱ།། མ་ལུས་འགྲོ་བ་ཐམས་ཅད་ལ།། བྱང་ཆུབ་སྙིང་པོས་ཀུན་ཁྱབ་པས།། ཀུན་གྱིས་མཐོང་གོམས་བྱ་དགོས་པས།། སོ་སོ་ཐུན་མོང་གཏན་ཚིགས་དང་། ཐུན་མོང་མ་ཡིན་ལ་སོགས་པ།། རྒྱ ་མཚོ་ཀློང་དང་ཆུ་བོ་ལྟར། ། མ་ལུས་འདུལ་ཤིང་འབྱུང་བ་ཡིན།། ཐུན་མོང་བཞི་སོགས་གང་ཡིན་པ།། ལོག་ལྟ་ཕྱོགས་འཛིན་དགག་པ་དང་།། དངོས་དབང་ཐབས་དང་འབྲེལ་མཚོན་ཕྱིར།། ཐུན་མོར་གཏན་ཚིགས་བརྗོད་པ་ཡིན།། གང ་ཕྱིར་གཏན་ཚིགས་ཐམས་ཅད་ཀྱིས། ། རང་ལས་འཕྲུལ་ཕྱིར་མེ་ལོང་ཉིད།། མ་ལུས་གཅིག་དང་ཐ་དད་མིན།། གང་གི་མཐའ་ལས་ཡོངས་གྲོལ་ཏེ།། དབུས་སུ་གཟུང་མེད་གཏན་ལ་ཐེབས།། གཅིག་དང་དུ་མ་བྲལ་བའོ།། རྒྱུ་དང་རྐྱེན ་དང་འབྲས་བུ་སྟེ། ། ཐབས་དེ་གདོད་ནས་དག་པ་གསུམ།། མ་ལུས་རང་སྣང་རྟོགས་པ་ཉིད།། མཚན་ཉིད་དེ་ཡི་མཚན་ཉིད་དོ།། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།། བྱིན་གྱིས་བརླབས་དང་མངོན་སུམ་པ།། མ་ལུས་རྟོགས་པ་བཞིར ་ཤར་ཏེ། ། དེ་ཉིད་རྟོགས་པ་བཞིར་སྣང་ངོ་།། མ་སྐྱེས་དང་ལས་གང་སྣང་བ།། ཆུ་དང་རླབས་བཞིན་གཅིག་པས་ན།། དེ་དང་དེར་ཅིག་དབྱེར་མེད་པས།། དངོས་པོ་ལོ་རྒྱུས་ཉིད་ཀྱིས་ཤེས།། འཁོར་དང་མྱ་ངན་འདས་པ་ཡི།། རྩ་བ་ཆགས ་སྡང་ལྔ་ཉིད་དེ། ། གཞི་རྩ་མ་བཅོས་སྐད་ཅིག་མ།། དེ་ཉིད་རང་སྤྱིར་གར་སྣང་བ།། རྟོགས་པས་སྤྱི་དང་རང་མཚན་ཤེས།། སྣོད་བཅུད་རྒྱུད་རྣམས་མཐའ་ཡས་དང་།། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས།། དངོས་པོ་སྣང ་གྲགས་ཆོས་རྣམས་ཀུན། ། མ་བཅོས་དེ་གི་ཉིད་དུ་གནས།། མ་ལུས་སྙིང་པོ་ཐིག་ལེ་དང་།། ལྔ་བདག་བརྒྱད་བཅུ་རྩ་གཉིས་རྒྱུ།། ས་ཡ་བཅུ་གསུམ་རྩ་ཡིན་ལག། རོ་དང་གནས་སྐབས་ཀུན་ལས་གྲོལ།། དང་པོ་གནས་དང་གཉིས ་པ་གཉིས། ། གསུམ་པ་མ་ལུས་ཁྱབ་བྱེད་པ།། ཉམས་སུ་མྱོང་བྱེད་གཏན་ཚིགས་སོ།། ཐིག་ལེ་གནས་དང་ཡིག་འབྲུ་དང་།། དེ་ཡི་བྱིན་རླབས་འདྲེས་པ་ཡིས།། བདེ་བ་ཆེན་པོ་མངོན་དུ་སྣང་།། ཆུ་ལས་ཆུ་བོ་ཐདད ་དེ། ། རྒྱ་མཚོ་ལས་ནི་ཆུ་ཐིགས་དང་།། ལམ་དང་ཞིང་སའི་འབྲས་བུ་ལྟར།། ཐབས་ཀྱི་ཁྱད་པར་སྣང་བ་ཡིན།། དངོས་མ་ལྔ་ལས་གང་བྱུང་བ།། ཇི་སྙེད་ལུས་སེམས་རྩ་ཐིག་ལེ།། ཁམས་ལྔའི་རོ་དང་བཅུད་སྣང་བ།། ཡེ་ཤེས ་ཆེན་པོར་གཏོགས་པ་ཡིན། ། གསུམ་དངོས་བརྒྱད་སོགས་ཁ་དོག་དྲངས།། གནས་པ་གང་ཡིན་དེ་སྣོད་དེ།། སོ་སོའི་བཅུད་ཀྱི་ཁྱད་པར་ལས། བྱང་ཆུབ་སེམས་ཉིད་གསལ་བར་སྣང་།། དོན་དམ་ཀུན་རྫོབ་དབྱེར་མེད་པའི།། བདེན ་བཞི་དབྱེར་མེད་དངོས་མ་ཉིད། ། མ་ལུས་ཁྱབ་པའི་ཚུལ་གྱིས་སྣང་།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཐིག་ལེ་ཅིག་དང་དུ་མ་ཉིད།། བྲལ་བའི་ཡེ་ཤེས་ཆེན་པོ་ཉིད།། ཅིག་དང་དུ་མ་ལས་གྲོལ་བའོ།། བཅུད་འདུས་ཐིག་ལེ ་གཉིས་རོ་རྒྱུ། ། རླུང་དང་གདམས་དག་རྐྱེན་ལྡན་པས།། འབྲས་བུ་ལྡན་ཅིག་སྐྱེས་པར་སྣང་།། རང་ལས་གནས་པ་ཐབས་ཀྱིས་གསལ།། ཐབས་དང་ཤེས་རབ་འབྲེལ་བའི་རོ།། རྩཝ་ཡིག་བཅས་པ་བཅུད་འདུས་པས།། ཐབས ་དང་རླུང་གི་གདམ་པ་ཡིས། ། མ་ལུས་ལྷན་སྐྱེས་མངོན་སུམ་གསལ།། བདེ་དང་སྟོང་ཉིད་མི་ཕྱེད་པ།། རང་རིག་བདེ་ཆེན་མ་སྐྱེས་གཟུགས།། མ་ལུས་འོད་དང་རྣམ་པ་ལྟར།། དབྱེར་མེད་ཚུལ་དུ་རང་སྣང་བའོ།། བདེ་བས་སྐྱེད། ་བའི་རྟོག་པ་ལྔ།། རྩ་བ་ཡན་ལག་བཅས་པ་ཉིད།། མ་ལུས་ཡེ་ཤེས་ཆེན་པོ་ཉིད།། ཡེ་ཤེས་ལྔ་ཡི་རྒྱས་བཏབ་བོ།། དབང་པོ་སྣོད་བཅུད་བཅས་པ་ཡིས།། ཡབ་ཡུམ་འབྲེལ་བར་བཅས་པའི་བཅུད།། སེམས་ལྔའི ་རྒྱུད་དུ་རང་སྣད་བ། ། མཉམ་པ་བཞི་ཡི་ཚུལ་དུ་གསལ།། དེ་ལ་སོགས་པ་མཐའ་ཡས་པའི།། ཕྱི་ནང་གསང་བ་མཐར་ཐུག་པའི།། གཏན་ཚིག་མཐའ་ཡས་བཤད་པ་སྟེ།། རྡོ་རྗེ་མེ་ལོང་བཤད་པའི་རྒྱུས།། གང་གིས་རྟོག ་པ་དེ་ཉིད་ནི། ། མ་ལུས་རང་སྣང་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་རང་སྣང་བ།། ཟག་མེད་རང་འབྱུང་དང་ལས་འཆར།། ཆོས་རྣམས་འབྲས་བུར་ལྷུན་རྫོགས་པའི།། བདག་དང་གཞན་དོན་ལྷུན་རྫོགས་པ།། མ་བཅོས་ཇི ་བཞིན་དང་བཞག་ལས། ། ལྡན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་།། གང་དག་གང་སྟེ་ལ་གང་རྟེན་པས།། ལྷུན་གྱིས་གྲུབ་པས་འབྲས་བུ་ཉིད།། མ་བཅོས་སྒྱུ་མ་ལྷུན་གྲུབ་ཉིད།། དུས་བཞི་ཕྱོགས་བཅུ་མ་ལུས་པར།། སྐྲུན ་གྲུབ་འབྲས་བུར་རང་སྣང་བའོ། ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲབ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས་ལྟ་བ་མ་ལུས་པ་བཤད་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། སྒྱུ་འཕྲུལ་དྲའི ་མངོན་རྫོགས་པའི། སྤྱོད་པའི་ཁྱད་པར་མ་ལུས་པ།། འདི་དག་བཤད་པར་བྱ་བ་སྟེ།། རང་བཞིན་ཐབས་དང་མངོན་གྱུར་པས།། སྤྱོད་པ་མ་ལུས་བསྟན་པ་ཡིན།། ཨེ་མའོ་རང་རིག་སྙིང་པོ་ལས།། བདེ་སྡུག་གནས་དང་ལོངས། ་སྤྱོད་དང་།། ཚེ་དང་ཁ་དོག་ལ་སོགས་པ།། ལ་ལར་མངོན་པར་ཆགས་པ་སྟེ།། ལ་ལར་དྲག་ཤུལ་ཞེ་སྡང་སྤྱོད།། ལ་ལར་རི་བོས་ནོན་པ་ཉིད།། ལ་ལར་ལྡོངས་པའི་མུན་པ་ཉིད།། ལ་ལར་ཕྲག་དོག་སྣང་བ་ཡིན།། ལ་ལར ་སེར་སྣ་འཐབ་བརྩོད་དེ། ། ལ་ལར་འཚལ་དང་བྱ་བ་བཏང་།། རྩོལ་དང་མི་རྩོལ་ལ་སོགས་པ།། དེ་ལ་སོགས་པ་མཐའ་ཡས་རྙེད།། ཆོས་དབྱིངས་མཐའ་ཡས་མུ་མེད་པའི།། ནམ་མཁའ་དབྱིངས་ནི་མཐའ་ཡས་པར།། སྤྱོད ་པའི་ཁྱད་པར་དེ་ཉིད་དོ། ། རང་འབྱུང་ཐམས་ཀྱི་སྤྱོད་པ་ཉིད།། ཇི་ལྟར་བསམ་ཞིང་བརྟགས་པ་ལྟར།། རང་བཞིན་དབྱེ་བ་མེད་པའི་ཕྱིར།། སྒོ་གསུམ་བྱེད་སྤྱོད་བསམ་མི་ཁྱབ།། ཐབས་དང་ཤེས་རབ་རང་བཞིན་གྱིས།། མ ་ལུས་སངས་རྒྱས་གནས་གྱུར་ཀྱང་། ། མ་རྟོགས་ཐབས་དང་བྲལ་བའི་ཕྱིར།། བདེ་སྡུག་སྣ་ཚོགས་བསམ་མི་ཁྱབ།། ཐབས་ཆེན་དག་དང་ལྡན་པ་ལ།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཆེན་པོ་དག། ་བྱང་ཆུབ་ལམ་དུ་བདེ་བར་བཤད།། ཐབས་དང་མི་ལྡན་སྐྱེ་བོ་ཡིས།། ཐབས་དང་བྱ་བ་སྣ་ཚོགས་ཀྱིས།། མཛད་སྤྱོད་དཀའ་བ་སྣ་ཚོགས་པ།། མི་དང་ལྷ་ལས་ཐར་པ་མེད།། དཔེར་ན་དུག་དང་ལྡན་པ་ལ།། ཐབས ་ཀྱི་ཁྱང་པར་ཇི་བཞིན་དུ། ། རྟོགས་པའི་ཁྱད་པར་ཇི་བཞིན་དུ།། བདེ་དང་སྡུག་བསྔལ་སྣ་ཚོགས་རྒྱུན།། རང་བཞིན་གཉིས་མེད་དག་པ་ལས།། བརྟགས་པའི་བྱེ་བྲག་ཁྱད་པར་གྱིས།། མི་མཐུན་པ་དེ་སྡུག་སྣ་ཚོགས་མྱོང་།། ་མ་བཅོས་དབྱིངས་ལས་གཡོས་པ་མདོ།། གང་དག་ཐུན་མོང་ངོ་དག་ལས།། ལས་དང་བྱ་བ་སྒོ་ནས་ནི།། སྨད་དང་སྤྱོད་དང་སྤྱོད་འགྱུར་ཕྱིར།། འདི་སྐད་སྤྱོད་པས་སྤྱོད་པར་གསུངས།། རང་བཞིན་རྒྱལ་བའི་སྤྱོད་པ་ཡིས།། ་རཱདང་རབས་ལྟར་ཁྱབ་གྱུར་ཀྱང་།། སྡོང་ལེན་བྱ་བ་སྣ་ཚོགས་ལས།། སྤྱོད་པ་ཐབས་ཀྱིས་ཟིན་པ་མེད།། གང་ཕྱིར་ཐབས་དང་ཤེས་རབ་དང་།། སྒྲ་དང་རྟོགས་པ་སྣ་ཚོགས་ཀྱིས།། ཐུན་མོང་ཡུལ་དུ་མ་གྱུར་པ།། ཐུན་མོང ་མ་ཡིན་ཐབས་སྤྱོད་དེ། ། ལ་ལར་ཐུན་མོང་ཉིད་དུ་སྟེ།། ཐར་པ་དང་ནི་མཐར་པ།། ཀུན་ཏུ་རྒྱུ་དང་མུ་སྟེགས་དང་།། བུད་མེད་དང་ནི་མ་རབས་དང་།། རྒྱལ་པོ་དཔལ་པོ་དཀའ་ཐུབ་ཅན།། བྱིས་པ་ལ་སོགས་ཐ་དད་དེ།། ལ་ལར་དགོད ་དང་དྲག་པོ་དང་། ། གཤེ་དང་འཇིགས་དང་ཞི་བ་དང་། ལ་ལར་དེ་བཞིན་ཆགས་ཆེན་པོ།། གཡོ་རྒྱུ་སྤྱོད་དང་གཡེམ་པར་སྟོན།། ཞི་དང་ཆུ་དང་ཕྲག་དོག་སྤྱོད།། འདོད་དང་ལོངས་སྤྱོད་གཟིར་བ་དང་།། ཀླུ་བྲོ་གར་དང་འཇོ་སྒེག་དང་།། ་བཞིན་འཇིགས་དང་སྡིག་པ་དང་།། མ་རུངས་པ་དང་རྣམ་པར་འཚེ།། ཞིང་ཁམས་རྫུ་འཕྲུལ་སྤྱོད་པ་དང་།། ངོ་མཚར་ཆོ་འཕྲུལ་དུ་མ་དག། གང་དང་གང་གིས་མཛད་པ་དག། སྐྱེ་བོ་མ་ལུས་འདུལ་བའི་ཕྱིར།། མཛད་པ་མཐའ ་ཡས་རྣམ་པར་སྟོན། ། ཞལ་ཚངས་དང་ཁྲོལ་ཁྲོ།། ཐར་པ་ན་ཆུང་མཛེས་དང་རོལ།། གདུང་དང་རྨོངས་དང་སྡུག་བསྔལ་བ།། རང་རང་དེད་དཔོན་མཐའ་ཡས་པའི།། སྐུ་ཡི་རོལ་པ་མཐའ་ཡས་སྟོན།། བྱིན་གྱིས་བརླབས་དང་རང ་སྣང་དང་། ། བརྡའ་དང་རིག་པ་ཏིང་འཛིན་དང་།། ཚིག་ཏུ་ཆགས་སྡང་རྨོངས་པ་དང་།། ཤིན་ཏུ་རྒྱལ་དང་ཕྲག་དོག་དང་།། འཇམ་དང་དལ་དང་སྙན་མི་སྙན།། རྩུབ་དང་དྲག་དང་སྦོམ་པྲ་དང་།། རིང་ཐུང་རོལ་མོ་ལྷ་ཀླུ་དང་།། མི་དང་མི་མིན།། ་འབྱུང་བའི་སྒྲ།། ཁྱིམ་བདག་དབང་ཆེན་ལེགས་དཔོན་དང་།། ཆགས་ཅན་གཏུམ་པོ་ལ་སོགས་པའི།། སྣ་ཚོགས་རོལ་པ་མཐའ་ཡས་པ།། དག་དང་མ་དག་ཚུལ་གྱིས་ནི།། གསུང་གི་རོལ་པ་མཐའ་ཡས་སྣང་།། ལ་ལར་བྱམས་དང ་སྡང་བ་དང་། ། གཡེང་དང་མི་ག་ཡེང་རྨོངས་དང་རི།། སྡུད་ད་དང་མི་སྡུད་ཡལ་བ་དང་།། གྲོལ་དང་མ་གྲོལ་རྡོ་རྡུལ་དང་།། མ་རིག་ཡེ་ཤེས་ལ་སོགས་པ།། ཐུགས་ཀྱི་རོལ་པ་མཐའ་ཡས་པ།། ཐམས་ཅད་མཁྱེན་པའི་ཚུལ་གྱིས་སྣང་།། མཐའ ་ཡས་དབྱེར་མེད་དམ་པ་ཉིད། ། ལུང་དང་རིག་པ་མན་ངག་གིས།། ཚད་མ་དག་གིས་གང་གཅལ་བ།། ཤེས་བྱ་ཁོངས་སུ་ཆུད་པར་འགྱུར།། དེ་ནས་ཆོས་རྣམས་མ་ལུས་པ།། བདག་གཞན་ཕྱི་ནང་དབྱེར་མེད་པའི།། ཐམས་ཅད་མཁྱེན་པའི ་ཚུལ་གྱིས་སྣང་། ། མཐའ་ཡས་དབྱེར་མེད་དམ་པ་ཉིད།། དྲན་དང་ཤེས་བཞིན་བརྟན་པོ་ཡིས།། དུས་གསུམ་རྒྱ་མཚོ་གཏིང་ལྟ་བུར།། མི་གཡོ་གསལ་བའི་དང་གྱུར་ནས།། སྒོ་གསུམ་མཉམ་པར་སྦྱོར་བ་ཡིས།། དང་པོ་རྟོགས་པའི ་སྤྱོད་པ་སྟེ། ། དེ་བཞིན་ཉིད་ལ་གསལ་བརྟན་ཏེ།། སྟོང་པ་ཤེས་རབ་སྤྱོད་པར་བཤད།། དེ་ནས་ཕྱོགས་བཅུ་མ་ལུས་པ།། རང་འབྱུང་བྱང་ཆུབ་སེམས་ཉིད་ཕྱིར།། གང་སྣང་དང་རྒྱུད་དངོས་མེད་དེ།། རྒྱུ་མ་མིག་ཡོར་བྲག་ཆ་དང་།། རྨིག ་རྒྱུ་ཆུ་བུར་ལ་སོགས་པ། ། གོང་མའི་སྟོབས་དང་འདི་ཉིད་སྟོབས།། མཉམ་པར་སྦྱོར་བས་བསྒོམ་པར་བྱ།། གང་ལམ་ལྟངས་མངོན་བྱས་དང་།། ཏིང་འཛིན་རིམ་པ་གཉིས་མེད་པས།། ཀུན་ལ་སྙིང་རྗེའི་སྤྱོད་པ་དག། དམ་པ་འདི་ནི་སྤྱང ་པར་བྱ། ། རང་བཞིན་ཆེད་དུ་དམིགས་པ་དང་།། ཁྱབ་དང་ཤུགས་ལས་གང་བྱུང་བའི།། སྙིང་རྗེའི་སྤྱོད་པར་རྣམ་པར་སྤྱད།། དེ་ནས་སྒྱུ་མ་ལྟ་བུ་ཉིད།། རང་ཉིད་ཕྱོགས་མེད་སྣང་བ་ཡིས།། ཅིར་ཡང་བསྒྱུར་དུ་རུང་བའི་ཕྱིར།། རིགས་པ ་དབུ་མར་གང་གསལ་བ། ། ཉི་ཟླ་བརྩེགས་པའི་གདན་དུ་འབར།། ས་བོན་གང་ལས་ཐབས་ཆོགས།། འཕྲོ་འདུའུ་ནས་མངོན་གྱུར་པ།། རྡོ་རྗེ་གསུམ་གྱིས་ངོ་བོར་སྣང་།། དེ་ཉིད་གཅིག་དང་ལྔ་གསུམ་གྱིས།། བརྟེན་འབར ་མཛེས་པར་གསལ་གྱུར་ཏེ། ། མདུན་དང་གཞན་དུ་བསྐབས་དག་སྦྱོར།། གཅིག་དང་དེས་མེད་རིམ་པ་དང་།། འཁོར་ལོ་ཞེས་བྱ་བཞི་རུ་གྱུར།། གང་གིས་གང་དེ་མ་བརྟན་པར།། འཕྲོ་འདུ་སྒོམས་པ་དོན་མེད་དེ།། སྒྲོན་བྲལ་གསལ ་བརྟན་འདྲིས་པ་ཡིས། ། གང་བསྒོམས་གསལ་བར་མངོན་དུ་འགྱུར།། ཐ་མལ་ཞེན་རྟོག་ཟློག་པ་དང་།། ལམ་གྱི་འབྲེལ་བར་བྱ་བ་དང་།། དངོས་གྲུབ་འབྲས་ལ་མྱུར་འཇུག་པས།། རྟགས་ཀྱི་ལྷ་ནི་བསྒོམ་པར་བྱ།། དེ་ལྟར་བརྟན ་འགྱུར་གསལ་བ་ལ། ། བདག་གཞན་ཕྱི་ནང་མ་ལུས་པའི།། སྒོ་གསུམ་སྐུ་གསུམ་ཐུགས་གསལ་བས།། ཐུན་མོད་སྤྱོད་པ་རྣམ་བཅད་ལ།། སྒོ་གསུམ་མཉམ་བཞག་རྗེས་ཐོབ་མེད།། གང་གིས་དེ་ལྟར་གསལ་བྱའི་ཕྱིར།། ཕྱོགས ་ཅིག་སྤྱོད་པ་བརྩམ་པར་བྱ། ། དེ་ནས་རྩ་བ་གོམས་པ་དང་།། བསླབ་བྱ་ཁྱད་པར་མཐར་ཕྱིན་ལྟར།། གང་དེ་རིམ་པར་བརྟན་འཕེལ་ཕྱིར།། ཡན་ལག་སྤྲོས་པ་རྣམ་པར་བསྒོམ།། ལྷག་པར་བཅུ་གཅིག་དགུར་ལྡན་པའི།། ཅིག། ་ལས་རྒྱས་བསྡུས་ཕྱེ་བ་ཡིས།། འཁོར་ལོའི་རྩ་བ་ལྷ་དག་ཀྱང་།། ཡབ་ཡུམ་གནས་དགོང་གསལ་བར་བསྒོམ།། དེ་དག་ལྷག་པའི་ལྷ་དགུ་དག། ཡན་ལག་ཚུལ་དུ་སྤྲོས་ཏེ་བསྒོམ།། འདུལ་བ་གཉིས་ཀྱི་རང་བཞིན་གྱིས།། མཛེས ་པའི་ཚུལ་དང་གདུགས་པ་འདུལ། ། ལྷ་དང་ཞལ་ཕྱག་དབུ་གྲངས་ཀྱང་།། རྩ་བ་ཡན་ལག་སྤོས་ཚུལ་གྱིས།། དཀྱིལ་འཁོར་གྲངས་དང་གང་སྦྱར་བའི།། རིམ་པར་སྤྲོས་ཤིང་བསྒོམ་པར་བྱ།། གྲངས་དང་གྲངས་མེད་ཚུལ ་དག་གིས། ། དཔག་ཚད་རྒྱང་གྲགས་མཁའ་དབྱིངས་སུ།། ཞི་དང་ལོ་ལ་སོགས་པ་ཡི།། སངས་རྒྱས་སྤྲིན་ཚོགས་སྣ་ཚོགས་བསྒོམ།། དང་པོའི་བར་དང་ཐ་མའི་པར།། རིག་པའི་ཏིང་ངེ་འཛིན་གསལ་བརྟན་ནས།། སྐུ་གསུང ་ཐགས་དང་ལྡན་པ་ཡི། ། ཚོམ་བུ་རིམ་པསྒོམ་པར་བྱ།། དགོན་པའི་རིམ་པ་འམ་ནགས་ཚལ་དང་། ཆུ་འགྲམ་རི་རྩི་དུར་ཁྲོད་དང་།། སྐྱོན་བྲལ་ཡོན་ཏན་རྫོགས་པ་སྟེ།། དགྲ་དང་ཕྱོགས་མཚམས་སྐྱོན་མེད་པའི། བརྟག་པའི་རིན ་པ་ལྡན་པ་ཡིས། ། ཤིས་དང་འཐད་པའི་ས་ཕྱོགས་སུ།། གཞལ་ཡས་རིམ་རྩེགས་མཛེས་ལྡན་པ།། རྒྱན་དང་བཅས་པ་ལྡན་བྱས་ལ།། ཏིང་འཛིན་མཉམ་པའི་ཤེས་རབ་ཐབས།། མི་ལྡན་གོང་སའི་འོད་ཀྱིས་སྤྱད།། བདག ་དང་གཞན་གྱི་ནུས་པ་ཡིས། ། མཉམ་ནས་ཚོགས་ལ་འཇུག་པར་བྱ།། ཡོ་བྱད་ལྔ་ལྡན་ཐོགས་མེད་པར།། ཆོ་གའི་རིམ་པ་ཇི་བཞིན་བཙམ།། བྲོ་གླུ་གར་དང་ཏིང་འཛིན་བཅས།། བར་ཆད་མེད་པར་བསྒྲུབ་པར་བྱ།། གལ་ཏེ་འདོད ་པ་མ་རྫོགས་པར། ། སྒྱུ་མའི་ལུས་དེ་མ་བརྟན་ན།། ཡིད་ཀྱིས་རྡོ་རྗེ་གསུམ་གསལ་བས།། རྣམ་པར་སྨིན་པའི་རིག་འཛིན་དེ།། ཕྱིན་ཆད་འཇིགས་བྲལ་ཁྱུང་བཞིན་ནོ།། དེ་བས་འབྲེལ་བའི་སྤྱོད་ལྡན་ན།། དབང་སྒྱུར་ཟག་མེད ་ས་ཐོབ་སྟེ། ། བརྒྱ་དང་སྙིང་སོགས་འཇིག་བྲལ་ཞིང་།། གླིང་དང་འཇིག་རྟེན་བརྒྱ་སྟོང་དུ།། འདུལ་བའི་ཆོ་འཕྲུལ་མཐའ་ཡས་སྣང་།། འཇིག་པ་མེད་ཅིང་མི་ལྡོགས།། དཔའ་བོ་རྫོགས་པའི་རྣལ་འབྱོར་པས།། གཞན་དོན་སྤྱོད་པའི ་ཁྱད་པར་དག། འདུལ་བའི་དབང་ནི་སྣ་ཚོགས་ཀྱིས།། རྣམ་པར་བརྩེ་བ་སྣ་ཚོགས་སྤྲོ།། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། ཤེས་རབ་ཕྱི་ཡི་སྤྱོད་པ་སྟེ།། ཆོ་ག་རྒྱས་པར་བསྟན་པ་ཡིན།། དེ་ནས་གཞན་ཡང་བཤད་བྱ་བ།། ནང ་དུ་འཇུག་པའི་རིམ་པ་ཡི། ། སྤྱོད་པའི་ཁྱད་པར་ཆོ་ག་དག། དེ་ནས་རིམ་པ་འདི་དག་བཤད།། ལུས་ཅན་འགྲོ་བ་ཐམས་ཅད་ལ།། ཙཀྲ་བཞི་དང་སྐུ་གསུང་ཐུགས།། སྤོར་དང་འབར་མ་འཁྱལ་བ་དང་།། འབྲེལ་དང་མ་འབྲེལ ་ཁུག་པ་དང་། ། འཛིན་དང་འཛག་དང་གནས་པ་དང་།། དེ་བཞིན་ཁྱབ་དང་འཁྲུལ་པའི་རྩ།། གང་དུ་རྒྱུ་དང་གནས་འཛིན་པས།། རྩ་ཞེས་དེ་ལ་མངོན་བཤད་དེ།། དེ་དག་རྒྱུ་དང་ལམ་འབྲས་དང་།། ཐབས་དང་ཤེས་རབ་གཉིས་མེད་པས།། ་བདེ་བ་ཆེན་པོ་སྐྱེད་པར་བྱེད།། གོང་དང་འོག་གི་རང་བཞིན་ལས།། སྤྱི་དང་ཁྱད་པར་ཁ་སྦྱོར་འབྱུང་།། ས་བོན་ཁྱབ་བྱེད་འཁོར་ལོ་ཡས།། ཐམས་ཅད་ཁྱབ་ཅིང་འཛག་པའི་རྩ།། དངས་སྙིགས་རླུང་དང་འབྲེལ་བ་ཡིས།། ་གང་དེ་པོ་སོའི་བཅུད་རྐྱེན་གྱིས།། ཟག་དང་ཟག་མེད་བདེ་བ་སྐྱེད།། ལུས་ཀུན་ཁྱབ་པར་གནས་པ་ཉིད།། དངས་མཐུར་གྱི་རླུང་དང་འགྲོགས།། གང་ན་སྒྲ་སྦྱོར་འཁོར་ལོ་ཅན།། དེས་ཀྱང་ཀུན་ཁྱབ་ཆུབ་ཅན།། འཁྲུལ་ཞིང་འཁོར ་བས་འཁོར་ལོ་སྟེ། ། གསུང་གི་འཁོར་ལོ་ངག་གི་རྟེན།། རྫོགས་དང་མ་རྫོགས་གང་མི་གསལ།། སྒྲ་སྦྱོར་དག་དང་མ་དག་གྱུར།། བདེ་དང་སྙན་དང་མི་སྙན་དང་།། བྱ་དང་དྲི་ཟ་བུང་བ་དང་།། ཆགས་པའི་སྒྲ་ནི་སྣ་ཚོགས་བྱེད།། མདོག ་དམར་ལས་ཁྱབ་ཀླུ་ལ་སོགས། ། ཨུ་ཐའི་རླུང་དང་འགྲོགས་ཏེ་གནས།། དྷརྨ་ཙཀྲ་སྲོག་གི་རྟེན།། མ་ལུས་བཞི་རྩ་ཀུན་གྱི་སྲོག། རྩ་བཞི་ཡན་ལག་བརྒྱད་དང་ལྡན།། དངས་མ་ལྔ་འདུས་ཀུན་གྱི་གཙོ།། ཕྱི་རིམ་རིན་ཆེན ་སུལ་མདདས་འདྲ། ། མི་ཤིགས་ཐིག་ལེ་བདེ་ཆེན་པོ།། རིན་ཆེན་ཕུང་པོ་ཟ་མ་ཏོག། སྣ་ཚོགས་ཡེ་ཤེས་ལྔའི་བདག། ཐུང་ངུ་ཨའི་རང་བཞིན་ཅན།། སྲོག་གི་རླུང་དང་འགྲོགས་ཏེ་གནས།། ཕྱི་རིམ་པད་མ་འདབ་བརྒྱད་དེ།། ཆོས་ཉིད ་ཡེ་ཤེས་ཡོན་ཏན་དང་། ། རང་རྒྱུད་བཞི་ལ་ཡན་ལག་བརྒྱད།། ཐུན་མོང་ཕྱི་ཡི་རིམ་པ་ཡིན།། འདི་ལ་རྩ་གསུམ་རིམ་པ་སྟེ།། ཟག་པའི་རྩ་དང་མངོན་ཤེས་རྩ།། ཆོས་ཉིད་རིམ་པ་གསུམ་དུ་གནས།། རླུང་ཡང་ཅིག་གམ་གཉིས ་ཡིན་ཏེ། ། དེ་ལས་བྱེ་བྲག་དཔག་མེད་པའོ།། གནས་པ་དང་ནི་ལྦ་བའི་རླུང་།། གནས་པ་སྲོག་དང་ཡེ་ཤེས་ཏེ།། གྲུབ་བཞིནི་མངོན་པར་བརྗོད།། ཕྱིན་ཅན་དང་གྱེན་ཐུར་ཅན།། དེ་རེ་འང་དངས་སྙིགས་ཁྱད་པར་གྱིས།། རིས་པ་བཅ ་དུམངོན་སྣང་ཡིན། ། གཉིད་དང་འགྲོ་བའི་ས་བོན་གྱིས།། ཆགས་སྡང་དྲན་རྟོག་ཀུན་གྱི་གཞི།། གང་དུ་གནས་དང་གནས་མ་ཡིན།། རྒྱུ་ཞིང་འཕྲོ་བ་རླུང་གིས་ཏེ།། བདེ་དང་སྡུག་བསྔལ་ཇི་སྙེད་པ།། མྱོང་ཞིང་སྐྱེད་པར་བྱེད་པ ་ཡིན། ། འདི་ནི་གནས་དང་མི་གནས་ཀྱིས།། སྲོག་དབང་དྲན་པ་དབང་སྒྱུར་བས།། གནས་དང་འཕོ་བ་ཕ་རོལ་དག། གནས་པ་སྲོག་གི་རླུང་ཅན་དོ།། གང་དུ་འཁྲུལ་བ་འཛེད་པ་དེ།། པ་ལུས་འགྱེད་ཅིང་སྤྲོ་བ་ཡིན།། གྱེན་ཐུར ་འཛེག་ཅིང་འགེངས་འབྱུང་བའི། ། སྒོ་གཉིས་ལུས་ཀུན་ཁྱབ་པའི་རྩ།། དྲུག་བཅུ་རྩ་བཞི་སྙིང་པོ་ཅན།། ཕྱི་རིམ་བཞི་ཡི་རྒྱུན་དུ་འཁྱིལ།། དབུས་ནས་འཁྱལ་བ་ཐིག་ལེའི་རུ།། འཕེན་པ་བདེ་བའི་རླུང་དང་འགྲོགས། ་གང་དུའང་འཁྲུལ་ཅིང་སྤྲུལ་པའི་ཕྱིར།། སྤྲུལ་པའི་འཁོར་ལོ་ཤེས་རབ་ཉིད།། དེ་འོག་གྲུ་གསུམ་འབར་བའི་རྩ།། གྱེན་དུ་འབར་དང་ཐུར་དུ་འཕྲོ།། འོད་ཀྱིས་འབར་བའི་ས་བོན་ཅན།། རྩེ་མོའི་འོགོ་མས་རེག་པའི་# ་གཏུམ་མོ་ལྟེ་འོག་འབར་བའི་རྩེ། ། སྐྱེས་བུ་ཆགས་པ་སློང་བ་ལྟར།། འདི་དག་བདེ་བ་བསྐྱེད་པ་སྟེ།། གནས་ས་ཚད་དང་བཅས་པར་གནས།། དེའི་འོག་གཡོ་བ་རླུང་གི་རྟེན།། འབྱེད་དང་འཛུམ་པའི་ལས་ཅན་ཉིད།། དེ་དང་དེ ་གཉིས་གང་ལྡན་པས། ། ལུས་ཀྱི་དངོས་སྡིགས་འདིས་འབྱེད་པ།། བྱེ་བྲག་བརྒྱད་བཅུ་རྩ་གཉིས་རྩ།། འདུས་པས་སྐུ་གསུང་ཐུགས་ཡིན་ཏེ།། ལྟེ་བ་ཐུར་དུ་འཛག་པའི་རྩ།། རྩ་གསུམ་འདོམ་པའི་བདེ་བའི་གནང་།། རྒྱུ་བ་རླུང ་ནི་ཐིག་ལེའི་རྟེན། ། འགྱེད་ཅིང་འདུད་པ་གཡས་གཡོན་ཏེ།། བཅུ་དྲུག་འདུས་པའི་སྲོག་རྩེ་གོང་།། རྩ་གསུམ་མགྲིན་པར་འདུས་པ་ནི།། སྒྲ་སྦྱོར་འཁོར་ལོ་ངག་གི་གནད།། དེ་ནས་དངས་མའི་ཐིག་ལེ་ལ།། མ་ལུས་འདུས་པའི ་ཚུལ་དུ་གནས། ། རིག་པའི་རྩལ་བཅུད་འདུས་པས།། ཐོགས་མེད་གསལ་བའི་མངོན་ཤེས་འབྱུང་།། ཕྱི་རོལ་ཟག་པའི་རྩ་ཉིད་ལ།། བདེ་བ་ཆེན་པོའི་བཅུད་འདུས་པས།། བདེ་ཆེན་ཉམས་ཉིད་སྐྱེ་པར་འགྱུར།། ཆོས་ཉིད ་ཐིག་ལེ་མི་གཡོ་བ། ། དངས་མ་འདུས་པའི་བཅུད་ཐིམ་པས།། ཡེ་ཤེས་ལྔ་དང་ལྡན་པ་ཡི།། ཟག་མེད་ཡེ་ཤེས་བདེ་བ་ཆེ།། ནམ་མཁའི་དབྱིངས་ནི་རྒྱ་ཆེ་བ།། ཐོག་མཐའ་མེད་པར་ཁྱབ་པར་འགྱུར།། འདི་ཉིད་རྟོགས་དང་མ་རྟོག ་ལས། ། འཁོར་དང་མྱ་ངན་འདས་པ་ཡི།། སྤྱོད་པ་སྣ་ཚོགས་འབྱུང་བར་འགྱུར།། ཐབས་ཀྱི་ཁྱད་པར་ཕྱག་རྒྱ་ལྔ།། བསྐྱོད་པ་རླུང་དང་འབར་བ་མེ།། ཐིག་ལེ་ཆུ་དང་འཛིན་པས།། བདེ་ཆེན་ནམ་མཁའི་ཕྱག་ཧར ་གསལ། ། བདེ་བས་བདེ་བའི་དོན་མཐོང་བས།། རྩ་དང་ཐིག་ལེ་རླུང་དག་དང་།། བདེ་བ་རང་རིག་ས་སྐྱེས་པས།། དེ་ཉིད་བདེ་ཆེན་པི་རྟོག་པ།། རང་ཆུད་བྲལ་བས་ཟག་པ་མེད།། རང་ཆུད་མེད་པའི་བདེ་བ་ཉིད།། དངས་མའི་ཐོག་ལེས ་ཀུན་ཁྱབ་པ། ། ཕྱི་ནང་དབང་པར་བཅས་པ་ཡིས།། བདེ་བ་རྒྱུ་མའི་རང་བཞིན་འཆར།། མ་ལུས་བདེ་བ་ཆེན་པོ་ཉིད།། དེ་ལ་དེ་ཡིས་རྒྱས་བཏབ་པས།། བདེ་བ་མི་རྟོག་ལྷན་ཅིག་སྐྱེས།། ཕྱག་རྒྱ་གཅིག་ཏུ་གསལ་བར་གནས། ་གང་དུ་འཁོར་ལོ་རྩ་བཅུད་ལྡན།། ས་བོན་ཡི་གེ་བདེ་བ་དང་།། ཁམས་ལྔ་ཡེ་ཤེས་རོ་ལྡན་ཞིང་།། སྟོང་དང་བདེ་བའི་ཐིག་ལེ་འདྲེས།། རྟག་ཏུ་དྲན་པར་གནས་པ་ཉིད།། རང་འདི་ལྟར་གནས་པའི་བྱེད། འཁོར་ལ་རྗེ་བཅུད་ག་ལེ་བཅས་ལྷད་པེ་ཤེ ་སྐུ་གསུང་ཐུགས། ། རང་ལུས་སྣང་བ་སྣོད་བཅུད་ཀུན།། སྤྲོས་བཅས་ཕྱག་རྒྱའི་གྲངས་སུ་གསལ།། བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར།། དངས་སྙེགས་དབྱེར་མེད་ཐིག་ལེའི་དོན།། སོ་སོའི་ཁ་དོག་དབྱིབས་ཚུལ་དང་།། སྦས ་བའི་སྐུ་གསུང་ཐུགས་དག་ལ། ། དབྱེར་མེད་གསལ་བའི་རེག་པ་ཡིས།། མ་ལུས་བདེ་ཆེན་མངོན་དུ་གསལ།། དེ་ནས་བདེ་བ་ཆེན་པོ་ཉིད།། གར་ཐབས་རླུང་གིས་དབང་སྒྱུར་ནས།། མ་ལུས་བདེ་བའི་རིགས་པ་འཆར།། གཙང ་དང་མཛེས་པ་བྲལ་གྱུར་ནས། ། བཤུད་པ་ལྔ་དང་འདོད་པ་ལྔ།། ཐིག་ལེ་བཅུད་དང་དངས་མར་བཅས།། ཐིག་ལེ་ཆེན་པོར་འདྲེས་པས་ན།། མི་འགྱུར་འཆི་མེད་ཆེ་ལ་གནས།། རང་རིག་བདེ་བ་ཆེན་པོ་ཉིད།། ཐོག་མ་ཟ་མ་མེད ་པར་གནས། ། ཐིག་ལེ་རྒྱུ་བ་རླུང་དང་བཅས།། ཟག་མེད་དངས་མའི་སྙིང་པོར་ཐིམ།། མངོན་ཤེས་ལྔ་ལྡན་ཟག་པ་མེད།། དངས་མའི་སྙིང་པོར་ལམ་མཐར་ཕྱིན།། དེ་ནས་གསང་བ་བཤད་བྱ་བ།། འཁོར་དང་མྱ་ངན་འདས་པ་དག ་ཐབས་དང་ཤེས་རབ་ཁ་སྦྱོར་བའི། ། བདེན་གཉིས་ཉི་ཟླའི་ཁྱད་པར་ལས།། མ་ལུས་ཐམས་ཅད་གསལ་བར་སྣང་།། གང་དུ་ཐབས་དང་བྲལ་བ་ཡི།། གནས་དང་བདེ་སྡུག་བཏང་སྙོམས་དང་།། ལོངས་སྤྱོད་ཚེ་དང་ཁ་དོག་དང་།། བདག ་དང་བདག་གི་ཞེན་བཅས་པའི། ། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་དང་དྲན་པ་སྣ་ཚོགས་ཀྱིས།། ཞེན་དང་འཆིང་བའི་རང་བཞིན་གྱིས།། རང་བཞིན་བཞི་ནི་གསལ་བར་འགྱུར།། དེ་ལས་ཐ་མལ་འཁོར་བའི་ལམ།། ཐེག ་མ་མེད་ནས་ལུས་གནས་པའི། ། བདེ་ཆེན་ནམ་མཁའི་སྙིང་པོ་ཉིད།། ལུས་གཉིས་རྩ་བཅུ་ད་མ་ལུས་པ།། ཐབས་དང་ཤེས་རབ་སྐུ་གསུང་ཐུགས།། སྲིན་བུ་འཁྲུགས་པའི་ཡི་གེ་ལྔར།། དབང་པོ་གཉིས་དང་འབྲེལ་ཏེ་གནས།། ་ཐབས་དང་མན་ངག་ལྡན་པ་ཡིས།། རྒྱལ་རིགས་རྗེའུ་དང་བྲམ་ཟེ་དང་།། དམངས་རིགས་ཆེས་མ་གར་མཁན་མ།། རྡོལ་མ་ཉ་ཚོད་མ་ཉིད་དང་།། མ་དང་སྐྲག་མ་སྲིང་མོ་དང་།། མཐར་སྒེག་ལུས་འཚོང་མ་ལ་སོགས།། ་དངོས་གྲུབ་སྐྱེ་བའི་ཞིང་དུ་བཤད།། བཅུ་གཉིས་བཅུ་བཞི་བཅུ་དྲུག་དང་།། བཅོ་བརྒྱད་བཅུད་ལྡན་རབ་ཡིན་ཏེ།། ཉི་ཤུ་ལ་སོགས་འབྲིང་དུ་བཤད།། རྩ་ལྔ་ཐ་མའི་ཚད་ཡིན་ཏེ།། གཞན་ལ་དངོས་གྲུབ་མེད་པར་གསུངས།། ལས ་དང་བྱ་བ་མ་ལུས་པ། ། ཆེ་གའི་སྦྱོར་བ་རབ་ཏུ་བརྩམ།། གནས་པ་འབྱུང་བའི་བཅུད་བཞི་ལ།། འབྱུང་བཞི་གསལ་རྐྱེན་གང་ཕྲད་པས།། ཉི་ཟླ་འདྲེས་པའི་གར་ཐབས་ལས།། ལྷན་ཅིག་སྐྱེས་པ་གསུམ་ཅིག་ལས།། ཉམས ་སུ་ཡེ་ཤེས་ལྔ་ཤར་བ། ། མ་ལུས་བདེ་བ་ཆེན་པོར་འགྱུར།། གནས་བཞི་རྩ་བཅུད་ཐིག་ལེ་ལས།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཕྱག་རྒྱ་བཞིར་ལྡན་མཉམ་སྦྱོར་བས།། དངས་སྙིགས་རླུང་གིས་ངོས་བཟུང ་ནས། ། དངོས་པོ་ལྷན་ཅིག་སྐྱེས་པ་དག། བདག་པོ་གདུང་ཅན་སྦྱར་བ་ཡི།། འཕྲོ་འདུ་བཏང་དང་བཟུང་བ་དང་།། བཟློག་པས་ཉི་ཟླ་དབྱེར་མེད་མོད་།། དང་པོ་འཇུག་པ་ལས་སོགས་ནས།། རྡོ་རྗེ་འཆང་ཆེན་གསང་བདག་པར།། ལམ་ལྔ ་སེམས་ལྔ་མཐར་ཕྱིན་པས། ། སྟོབས་ཀྱི་ཁྱད་པར་གསལ་བར་འགྱུར།། ཐབས་དང་ཤེས་རབ་གཉིས་མེད་པའི།། འོག་མིན་ནམ་མཁའི་ཤར་སྒོ་ནས།། ཉི་ཟླ་དུས་ཅིག་ཤར་བ་ལ།། དུས་ཚེད་གཟའ་ཡིས་ག ་གང་བཟུང་བ། ། ཉིན་མཚན་མེད་པའི་ཡེ་ཤེས་ཉིད།། འཕེན་པ་རླུང་གི་སྦྱོར་བས་འབྱུང་།། རྣལ་འབྱོར་རིག་པར་སྣང་བ་ཡི།། ཁྱབ་པ་ནམ་མཁའི་འཇིག་རྟེན་ན།། བདེ་ཆེན་མཛེས་པའི་མེ་ཏོག་ལ།། བཅུད་ཀྱིས་ཁྱད་པ ་གང་གནས་པ། ། ཐབས་དང་ཤེས་རབ་འབྲེལ་བ་ཡི།། ཤེས་དང་བྷ་རུའི་བུང་བསྡུས་ནས།། རྣལ་འབྱོར་བཅུད་ཀྱིས་རྒྱས་འགྱུར་ནས།། བཅུ་གསུམ་ས་ལ་ལྷུན་གྱིས་གྲུབ།། འཁྱུད་པའི་གར་ཐབས་ལས་བྱུང་བའི།། བདེ་བ་ཆེན། ་བོ་མི་རྟོག་པ།། སྐད་ཅིག་ཆ་ལས་བྱུང་བ་ཡི།། ཟག་མེད་ཡེ་ཤེས་སྙིང་པོ་སྟེ།། མ་ལུས་དངས་མའི་བློ་སྣང་བ།། ཞེན་བྲལ་སྟོང་རྟོག་མི་གནས་པ།། དངོས་པོ་ལྷན་ཅིག་སྐྱེས་པ་སྟེ།། མ་ལུས་ཁྱབ་པར་གནས་པ་ཡིན། འདུ ་ཤེས་ཟད་པའི་རང་བཞིན་ཏེ། ། སྐྱེ་དང་འགྲིབ་པའི་ཐིག་ལེ་ཉིད།། བཅོ་ལྔ་རྫོགས་པའི་ཐ་མ་ཉིད།། སྦྱོར་བ་ཀུན་ཟད་སྟོང་པའི་དང་།། དེ་ཉིད་བྱིན་རླབས་ལས་གྱུར་པ།། ཕྱོགས་དུས་སྣོད་བཅུད་ངོ་བོ་ཉིད།། ཐིག་ལེ་རྡུལ་བྲལ ་ཞེན་པ་མེད། ། སྒྱུ་མ་གཟུགས་བརྙན་བྲག་ཆ་སོགས།། མ་ལུས་བདེ་ཆེན་རང་བཞིན་དུ།། ཐུན་མོང་དྲན་ཐོག་རང་འགགས་ནས།། བདེ་ཆེན་སྒྱུ་མ་མངོན་སུམ་སྣང་།། བདེ་བ་ཆེན་པོའི་སྐུ་གསུང་ཐུགས།། བཅུད་ལྔ་ཞུ་བའི ་ཡེ་ཤེས་རོ། ། ཐམས་ཅད་རྩེ་གཅིག་དྲན་པ་ཉིད།། དབྱེར་མེད་ཐབས་དང་ཤེས་རབ་སྟེ།། དྲན་པ་ཅག་ཏུ་མྱོང་བ་ཉིད།། ཐབས་དང་ཤེས་རབ་འབྲེལ་བ་ཡིས།། ས་ཡ་བཅུ་གསུམ་གྲངས་མེད་པ།། ཐིག་ལེ་བདེ་བ་ཉིད་སྣང་བ། ་རང་རང་མ་འདྲེས་ཐིག་ལེ་ལ།། སྐུ་གསུང་ཐུགས་དང་དྲན་པ་དང་།། ཡེ་ཤེས་ལྔའི་རྒྱས་བཏབ་སྟེ།། མ་ལུས་ཐིག་ལེའི་ཚོགས་སུ་སྣང་།། རང་འབྱུང་བདེ་ཆེན་རིག་པའི་ལྷ། ཅིག་དང་གྲངས་ལས་འདས་པ་ཡང་།། ཉི་ཟླ་གཉིས ་ཀྱི་གདན་ལ་བཞུགས། ། ཁྱབ་པའི་ཐིག་ལེའི་གུང་ནང་ན།། བཞུགས་ནས་བདག་པོ་རྟེན་བདག་ཅན།། རྩ་བཅུད་འབྲེལ་བའི་རྒྱན་དང་བཅས།། ཀ་བ་གསུམ་དང་ཕོ་བྲང་བཞིན།། ལྡེ་མིག་གཉིས་ལ་འབྱེད་པ་བཞི།། སྒོ་བཞི་ཕྱེ་བས། ་གཞལ་ཡས་ཁང་།། ལྷ་དང་བཅས་པ་མངོན་དུ་འགྱུར།། དགོན་པ་དུར་ཁྲོད་ལྡན་པ་ཡི།། གསང་བའི་འོག་མིན་འབར་བ་ཉིད།། རིམ་པ་ཕྱི་ནང་པར་ལྡན་པར།། ཉི་ཟླ་པད་མའི་གདན་སྟེངས་ནས།། དུས་གསུམ་ཐིག་ལེར་རོ་ཅིག ་པའོ། ། བདེ་ཆེན་གཉིས་སུ་མེད་པར་བཞུགས།། ཐབས་དང་ཤེས་རབ་དབྱེར་མེད་པའི།། ཚེམ་བུའི་ཚོགས་ཀྱང་དེ་བཞིན་ཏེ།། ཐུན་མོང་དམ་ཚིག་ཏིང་འཛིན་དང་།། བྱང་ཆུབ་ཤེས་རབ་སྙིང་རྗེ་ལྔ།། གཞན་དུ་ཐབས་དང་ཤེས ་རབ་དང་། སྤྱང་དང་གླུ་གང་རྒྱན་དང་བཅས།། མ་སྤངས་རོལ་པར་ལོངས་སྤྱོད་པས།། ཡེ་ཤེས་ཉི་ཟླ་རྒྱུན་འཆར་བ།། རླུང་སེམས་ཡེ་ཤེས་བཅས་པ་ཉིད།། རྒྱུ་བ་མེད་པས་ཟག་པ་བྲལ།། ནམ་མཁའི་མཐར་ཐུག་པར་ཉིད་དུ། ་ཟག་མེད་བདེ་བ་རྒྱུན་མི་འཆད།། དེ་ཉིད་ཚད་མེད་དཀྱིལ་འཁོར་ཏེ།། བདེ་ཆེན་མངོན་དུ་གང་བར་སྣང་།། དེ་དག་ལམ་ལ་ཞུགས་པ་ཡི།། ཕྱི་ནང་གསང་བ་མ་ལུས་པའི།། སྤྱོད་པའི་ཁྱད་པར་ཐམས་ཅད་ཀུན།། འདིར་ནི་རྒྱས་པ ་བསྟན་པ་ཡིན། ། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཕྱི་ནང་གསང་བ་ལ་སོགས་པ།། སྐབས་ལ་བབ་པའི་རྣལ་འབྱོར་པ།། གང་ཡང་རུང་བས་སྤྱོད་པར་བྱ།། དང་པོ་རྟོགས་ནས་མཐར་ཐུག་པའི།། ཕྱི་ནང་གསང་བའི་འམ ་སྤྱོད་ལ། ། སྤྱད་བྱ་ཡུལ་ཞེས་གང་འདོད་དེ།། ཐམས་ཅད་བྱུང་དོར་མེད་པར་སྤྱོད།། ཐབས་ཀྱི་ལྷ་སྤྱོད་ཏིང་ངེ་འཛིན་གྱིས།། པད་མ་ལ་ནི་འདམ་བཞིན་ནམ།། མུན་སྣང་གསེར་འགྱུར་ཐབས་བཞིན་དུ།། ཐབས་ལ་མཁས་པས ་སྤྱད་པར་བྱ། ། སྐྱེས་མཆོག་ཐབས་དང་ལྡན་པ་ཡིས།། ཞིང་དང་སྤྱོད་ཡུལ་དམ་པ་ལ།། ཆགས་བྲལ་བདེ་བར་གང་སྤྱད་པས།། ནམ་མཁའི་དབྱིངས་ཀྱི་ལོངས་སྤྱོད་ལ།། བདེ་བ་ཆེན་པོར་ལོངས་སྤྱོད་ཅིང་།། ལྷུན་གྱིས་གྲུབ་པའི ་བདག་པོར་འགྱུར། ། གང་དག་ཐབས་དང་མི་ལྡན་ཞིང་།། དོན་མེད་ལམ་ལ་མ་འབྲེལ་པར།། སྒྲ་དང་ཚིག་ལ་བརྟེན་པ་ཡིས།། གསང་བའི་སྤྱོད་པ་གང་བརྩམས་པ།། གང་བསྒྲུབས་སྣང་བར་མི་འགྱུར་གྱི།། ནུས།། ་མེད་གཡུལ་དུ་ཞུགས་པ་ལྟར།། བདག་གཞན་གཉིས་ཀ་བརླག་པ་དང་།། མཐོང་བའི་ཆོས་ལ་སྡུག་བསྔལ་ཞིང་།། ངན་འགྲོ་ལོག་པའི་གནས་སུ་འགྱུར།། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ ་པོ་ལས་སྤྱོད་པ་རྒྱས་པར་བཤད་པའི་ལེའུ་སྟེ་ལྔ་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། རང་བཞིན་ཏིང་འཛིན་གཟུགས་བརྙན་དང་།། ལྷག་གཉིས་ཏིང་འཛིན་གཟུགས་བརྙན་དང་།། བྱང་ཆུབ་སེམས་དང་ཚོགས ་ཉིད་ཀྱི། ། དཀྱིལ་འཁོར་དོན་ནི་བཤད་པར་བྱ།། གང་ཕྱིར་དབང་ཡུལ་རྣམ་ཤེས་ཀུན།། གཞན་སྣང་ཐ་དད་མ་ཡིན་པའི།། མ་ལུས་རང་རིག་བྱང་ཆུབ་སེམས།། མ་བཅེས་རང་བཞིན་འོད་གསལ་བ།། མ་ལུས་ཀུན་གྱི་སྙིང་པོ།། ་སྟེ།། ཕྱོགས་བཅུ་འདས་དང་མ་བྱོན་པའི།། རྒྱལ་བ་རྣམས་ཀྱི་རང་བཞིན་ཡིན།། འཁོར་དང་མྱ་ངན་འདས་པ་ཡི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། སྣ་ཚོགས་རང་བཞིན་དབྱེར་མེད་པར།། དེ་ཉིད་རང་བཞིན་ཆོས་སྐུ་ཡིན།། ་དེ་ཉིད་འཇིག་རྟེན་བརྟན་གཡོ་སྟེ།། ཇི་ལྟར་སྣང་གྲགས་ཐམས་ཅད་ཀུན།། ངེས་པའི་རང་བཞིན་བཞི་བཅུ་གཉིས།། རང་བཞིན་ལོངས་སྤྱོད་རྫོགས་སྐུར་བཤད།། དེ་ཉིད་ཕྱག་རྒྱ་སྣ་ཚོགས་ཏེ།། ཀུན་དུ་སྐུ་དང་གསུང་དང་ཐུགས།། ་ཡོན་ཏན་འཕྲིན་ལས་བས་མ་ཡས་མཆོག། རང་བཞིན་སྤྲུལ་སྐུབསམ་མི་ཁྱབ།། ཇི་སྙེད་འགྲོ་བ་མ་ལུས་ཀྱི།། ལུས་ཅན་སྙེད་ལ་གང་གནས་པའིའོ།། རང་འབྱུང་ཟག་མེད་ཡེ་ཤེས་གཟུགས།། མི་ཤིགས་ཐིག་ལེ་བདེ་ཆེན ་པོ། ། ནམ་མཁའ་ལྟ་བུར་ཀུན་ཁྱབ་པ།། མི་གནས་ཆོས་སྐུའི་རང་བཞིན་ཡིན།། དེ་ཉིད་རྩ་བའི་རང་བཞིན་ལས།། མ་ལུས་སྣོད་བཅུད་རང་བཞིན་ཅན།། རྟོག་པ་མ་ལུས་དཀྱིལ་འཁོར་ཏེ།། ལོངས་སྤྱོད་རྫོགས་པའི་རང ་བཞིན་ཉིད། ། དེ་ཉིད་ཐིག་ལེ་ཕྲ་རགས་པར།། སྣང་བའི་མཛད་པ་བསམ་མི་ཁྱབ།། དེ་ཡིས་དེ་འདུལ་སྣང་བའི་རྒྱུ།། སྤྲུལ་པ་རང་བཞིན་ཞེས་བཤད་དོ།། གང་འདིར་ཕུང་པོ་འབྱུང་བ་དང་།། རྣམ་ཤེས་དབང་པོ་ཡུལ་དུས་དང་།། ཉོན ་མོངས་རྟག་ཆད་ཡིད་ཆོས་བཅས། ། གང་ལ་མངོན་པར་མི་སྣང་ཡང་།། རང་བཞིན་མ་བཅོས་དཀྱིལ་འཁོར་ཏེ།། ཀུན་ལ་ཁྱབ་པར་སྣང་བ་ཡིན།། རང་སྙིང་དངས་མ་ལྔར་ལྡན་པ།། དངས་མའི་ཕུང་པོ་འབྱུང་བ་དང་།། དབང་པོ ་ཡུལ་དུ་བཅས་པ་ཡི། ། རྩ་བཅུད་ཐིག་ལེར་བཅས་པ་ཉིད།། སྐུ་གསུང་ཐུགས་སུ་རང་སྣང་བ།། མ་ལུས་ཀུན་ལ་རྒྱས་བཏབ་པོ།། བཅུད་འདུས་ཐིག་ལེ་ཆེན་པོ་ཉིད།། ཉི་ཟླ་འདྲེས་པའི་རང་བཞིན་ཉིད།། བདེ་བའི་ཐིག་ལེ་རང་སྣང ་བ། ། མ་ལུས་འདུས་པའི་ཚུལ་དག་གིས།། ཐབས་ཀྱིས་མངོན་དུ་གྱུར་ན་ཡང་།། གཉིས་མེད་ཐིག་ལེ་བདེ་བའི་རོ།། འགྲོ་བ་ཀུན་ལ་རང་བཞིན་སྣང་།། དེ་དག་ཡབ་ཡུམ་སྐུ་གསུང་ཐུགས།། རྩ་བཅུད་ཐིག་ལེར་བཅས་པ་ཉིད།། འདུ།། ་འབྲལ་མེད་པར་ཡེ་གནས་པའོ།། གང་ཕྱིར་རྒྱལ་བ་ཐམས་ཅད་ཀྱི།། ཟག་མེད་ཡེ་ཤེས་རང་སྣང་བ།། དཔག་མེད་ཡོན་ཏན་རྒྱ་མཚོ་ཉིད།། ཡེ་ཤེས་འོག་མིན་ཕོ་བྲང་སྟེ།། ཟག་མེད་ཡོན་ཏན་རྒྱན་ལྡན་པའི།། འཁོར་ལ་འབར ་བའི་ཕོ་བྲང་དབུས། ། མི་འཇིགས་ཕུང་པོའི་གདན་སྟེངས་ན།། བདག་པོ་ཀུན་བཟང་འཁོར་ལོ་བསྐོར།། བཀའ་སྡོད་སྐྱེས་བུ་མདུན་ན་གནས།། གཞན་ཡང་རྒྱལ་བ་རྒྱ་མཚོའི་ཚོ་གས།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། ་རང་རང་རིགས་ལྔ་གང་གྱུར་པའི།། རྣམ་ཐར་དབུ་དང་ཡེ་ཤེས་ཕྱག། སོ་སོའི་བཞུགས་ཚུལ་ལྡན་པ་ཡིས།། མདུན་རྒྱབ་ཕྱོགས་བཅུར་འཁོད་པ་ཉིད།། ཡབ་ཡུམ་འབྲེལ་བའི་ཚུལ་གྱིས་གནས།། རང་འབྱུང་མ་བསྒྲིབས་ཡེ ་ཤེས་ཕྱིར། ། ཟག་མེད་ཚོགས་གཉིས་ལས་བྱུང་བའི།། ནམ་མཁའི་ཁམས་དང་རྒྱ་མཉམ་པའི།། འཇིག་རྟེན་དྲངས་མེད་རྡུལ་དང་བཅས།། བཀོད་པ་ཕུན་སུམ་ཚོགས་པར་གནས།། གང་དེ་ཟག་མེད་ཡེ་ཤེས་ཀྱི།། ཕྱག་དང ་ཞལ་དང་ཐབས་ལྡན་པས། ། ཞལ་མཐོང་རིགས་ལ་དབང་སྒྱུར་བས།། རྡོ་རྗེ་འཛིན་པ་ཆེན་པོར་གྱུར།། རྒྱལ་བ་དེ་དག་མ་ལུས་པའི།། གསུང་མཆོག་བརྗོད་དུ་མེད་པ་ཉིད།། ནམ་མཁའི་དབྱིངས་ཀྱིས་མཐར་ཐུག་པ།། ་བརྡའ་དང་དོན་དང་བྱིན་རླབས་དང་།། གསང་བ་ལ་སོགས་ཅི་རིགས་པར།། དམ་པའི་ཆོས་སྒྲ་རྒྱ་མཚོ་སྒྲོགས།། ཟག་མེད་ཡེ་ཤེས་རྒྱ་མཚོ་ཡི།། བྱིན་བརླབས་ཆོ་འཕྲུལ་མངོན་ཤར་བ།། །། ཨ་ཨཱ། ཨི་ཨཱི། ཨུ་ཨཱ། ཨེ ་ཨཱཾ། ཨོ་ཨོ། རི་རཱི་ལི་ལཱི། ཨཾ་ཨཿཀ་ཁ་ག་གྷ་ད། ཙ་ཚ་ཛ་ཛྙཱཉ། ཏ་ཐཱ་ད་དྷ་ན། ཊ་ཐ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདི་དག་རབ་ཏུ་ཕྱུང་བ་ཡིས།། ཕྱོགས་བཅུ་འཇིག་རྟེན་ཁམས་བཅས་པའི།། ་ནམ་མཁའི་དབྱིངས་དང་རྒྱ་མཚོ་དང་།། འཁོར་ར་ཡུག་དང་ལྷུན་པོ་དང་།། འབབ་ཆུ་སྟེང་ཀ་མཚེའུ་བཅས།། དེ་ན་གནས་པའི་འགྲོ་བ་རྣམས།། རང་རང་ལོངས་སྤྱོད་བདེ་སྡུག་བཅས།། ཕྱི་ནང་སྣོད་བཅུད་བཅས་པ་རྣམས།། ་མ་ལུས་གཡོ་ཞིང་ལྡེག་པར་བྱེད།། སྒྲ་པོ་ཆེ་ཡང་སྒྲོགས་པར་བྱེད།། དེ་དག་སྦྱངས་ནས་མི་གནས་པར།། གསུང་གི་ངོ་བོར་བྱིན་རླབས་ཏེ།། དེ་དག་སྟོང་ཉིད་ལ་ཐིམ་པས།། མ་ལུས་སྟོང་པ་ཉིད་དུ་འགྱུར།། ཨ་ནི་སྟོང་དང་མི་སྟོང ་གི། དབུ་མ་དམིགས་སུ་འང་ཡོད་མ་ཡིན།། ཇི་སྙེད་སྣང་གྲགས་ཆོས་རྣམས་ཀུན།། ཡི་གེ་ཕྲེང་བ་ཉིད་ལ་གནས།། གང་ཕྱིར་དེ་ཡི་རང་བཞིན་ཡང་།། རང་བཞིན་ཆོ་འཕྲུལ་ཏིང་འཛིན་དང་།། གསང་བ་བྲིས་པར་གང་སྣང་བ།། ་རིག་པའི་ཁྱད་པར་སྣང་བ་ཡིན།། རྩ་བ་དང་ནི་རྒྱན་ཞེས་དང་།། ལྷ་ཡི་ཡི་གེ་མངོན་སྣང་བ།། རང་བཞིན་སྐུ་གསུང་ཐུགས་ཉིད་དེ།། ཁྱབ་པའི་ཚུལ་གྱིས་མ་ལུས་སྣང་།། གང་དུ་ཐུགས་རྗེ་བྱིན་རླབས་དང་།། ཏིང་འཛིན་རིག་པའི ་ཆོ་འཕྲུལ་ཏེ། ། རང་རང་ཁྱད་པར་མངོན་སྣང་ཡིན།། འདི་དག་རང་བཞིན་སྣ་ཚོགས་པ།། གང་དུ་ཇི་ལྟར་གནས་པ་ཀུན།། ཡི་གེར་མ་གྱུར་མེད་པར་གནས།། རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་རྒྱ་མཚོའི་གསང་བའི ་ཐུགས། ། མཐར་ཐུག་མེད་པའི་ནམ་མཁའ་བཞིན།། ཟག་མེད་རྒྱས་པས་ཀུན་ཁྱབ་ཅན།། ཤེས་བྱའི་དཀྱིལ་འཁོར་མཐའ་ཡས་པ།། གཅིག་དང་དུ་མ་མེད་ཚུལ་གྱིས།། ཡེ་ཤེས་མ་བསྒྲིབས་གསལ་བ་ཡིས།། ནམ་མཁའ ་དབྱིངས་ལྷུར་གསལ་མཁྱེན་པ། ། དུས་གསུམ་ཆོས་དང་འགྲོ་བ་དང་།། ཞིང་ཁམས་རྒྱལ་བ་དཔག་མེད་དང་།། རི་དང་རྒྱ་མཚོ་རྡུལ་བཅས་པ།། སྔ་ཕྱི་མ་བསྒྲིབས་ད་ལྟ་ཉིད།། མེ་ལོང་ལྟ་བུར་མངོན་དུ་སྣང། དཔལ་ལྡན་ནམ ་མཁའི་དཀྱིལ་འཁོར་སྐུ། ། ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཅན།། ཀུན་མཁྱེན་སྟོབས་བཅུ་མཐའ་ཐུག་མེད།། ནམ་མཁའི་དབང་ཕྱུག་བདེ་ཆེན་པོ།། མངོན་ཤེས་རྒྱ་མཚོར་ཕ་རོལ་བྱོན།། ཤེས་བྱའི་དཀྱིལ་འཁོར་ཐམས ་ཅད་ཀུན། ། སད་དང་སངས་རྒྱས་བདག་ཉིད་ཅན།། ཐོག་མ་ཐ་མ་མེད་པའི་བདག། བདེ་བ་ཆེན་པོ་སྒྱུ་མ་ཉིད།། རང་འབྱུང་ཐུགས་ལས་གཞན་པ་མིན།། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ།། གདུལ ་བྱ་གང་གི་དེ་དག་ཏུ། ། སྣ་ཚོགས་མངོན་པར་འཕྲུལ་པ་ཡིན།། གང་དུ་འགྲོ་གཏུམ་གདུག་ལྡན་པའི།། སྲིད་གསུམ་དྲེགས་པའི་བདག་པོ་དག། ཐུགས་རྗེ་འཁྲོས་པས་གདུལ་བའི་ཕྱིར།། ཁྲོ་བོའི་དེ་བཞིན་གཤེགས་པར ་མཛད། ། སྐུ་ནི་རི་རབ་ལྟ་བུ་ཉིད།། ཞབས་དང་ཕྱག་ནི་རྡུལ་རྙེད་དེ།། གང་དེ་གདུལ་བའི་ཁྱད་པར་གྱིས།། ཞལ་གསུམ་ཕྱག་དྲུག་ཞབས་བཞི་དང་།། དབུ་དགུ་བཅོ་བརྒྱད་ཕྱག་ལ་སོགས།། ཉི་ཤུ་རྩ་གཅིག་དབུ་ལ་སོགས།། དེ ་བཞིན་གཡོ་རྡུལ་མི་གཡོ་བའི། ། ཕྱག་ཞབས་ཞལ་ཡང་དེ་སྐྱེད་དེ།། མཚོན་ཆ་སྣ་ཚོགས་འཛིན་པ་དེས།། ཇི་སྙེད་ཕྱོགས་བཅུ་འཇིག་རྟེན་དུ།། ཆོ་འཕྲུལ་བཞི་ལས་སོགས་པ་ཡིན།། མཛད་པའི་གར་ཐབས་སྣ་ཚོགས ་ཀྱིས། ། དྲེགས་པ་ཆེ་དང་དབང་ཕྱུག་དང་།། ཚངས་པ་ཁྱབ་འཇུག་བརྒྱ་བྱིན་དང་།། དྲི་ཟག་ཤིན་རྗེ་གནོད་སྦྱིར་བཅས།། གདུག་པའི་ང་རྒྱལ་རྒྱུ་འབྲས་ཅན།། རྒྱུ་འབྲས་རྩད་ནས་བཅད་པའི་ཕྱིར།། མ་ལུས་པ་དག་མ་བཏང་པར།། ་ང་རྒྱལ་ཁྲོག་ཏུ་མ་ཞུམ་པ་ཡིས།། ཇི་སྐད་སྨྲས་ཀྱང་རང་རང་གི། ཉོན་མོངས་རྒྱ་མཚོ་མ་སྐམས་པར།། ཐུགས་རྗེ་ཞེལ་མནན་ཚུལ་གྱིས།། དེ་དག་མངོན་དུ་བཏུལ་བར་མཛད།། ལ་ལང་དཔལ་ཆེན་ཁྲག་འཐུང་སྟེ། ལ ་ལང་རྡོ་རྗེ་ཁྲག་འཐུང་ཉིད། ། ལ་ལར་རིན་ཆེན་ཁྲག་འཐུང་སྟེ།། ལ་ལར་པད་མ་དེ་བཞིན་གཤེགས།། ལ་ལར་སྣ་ཚོགས་ལས་སུ་བཅས། ང་རང་བཙུན་མོ་ཚོགས་དང་འཁྲིལ།། རིགས་ཀྱི་མཚོན་ཆ་སྣ་ཚོགས་འཛིན།། མདོག ་དང་ཆ་ལུགས་དེ་བཞིན་ཏེ། ། དེ་བཞིན་སྲས་དང་བཀའ་ཉན་དང་།། པོཉ་ཡང་སྤྲུལ་ལ་སོགས་པ།། རྡོ་རྗེ་བ་སྤུ་བུ་གནས།། པོ་ཉ་བྱེ་བ་དྲུག་བཅུ་དག། ཕྱོགས་བཅུ་ཀུན་དུ་རྒྱས་བཀྱེ་སྟེ།། ནམ་མཁའི་ཁམས་དང་མཉམ་པ་ཡི།། ་གདུག་པའི་ཚོགས་ནི་དེ་དག་ཀུན།། མ་ལུས་དུས་གཅིག་བཏུལ་ནས་ནི།། ཕྱིར་མི་ལྡོག་པའི་ས་ལ་བཀོད།། དེ་དག་གསུང་ཡང་སྣ་ཚོགས་ཏེ།། སྤྲུལ་པ་འགྱེད་པས་གསུང་གཅིག་ཏུ།། ཁམས་གསུམ་སྒྲ་ཡིས་གང་བར་མཛད།། ་ཧཱཾ་ཧཱཾ་ཧཱུཾ་བི་ཤྲ་ཀྲོ་དྷ་ཛྭ་ལ་མ་ཎ་ཌ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཕ་ཊ་ཕཊ་ཕཊ། ཏྲ་ཏ་ཏྲ་ཏ་ཏྲ་ཏ། ཀྲོ་ཊ་ཀྲོ་ཊ་ཀྲོ་ཊ། ཧ་ལ་ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ་ཏིཥྛ། བན་དྷ་བན་དྷ་བ་རྟ།། ད་ཧ་དདད་ཏ། གྲིཧྞ་གྲིན་གྲི་ཧཱ། པ་ཙ ་པཙ་པ་ཙ། ཙུན་ད་ནྡིན་ད་ནིནད། གརྫག་རྫ་གརྫ། ཧཱུ~ཾ་ཧཱ་ཧཱུཾ། བྷྲྀཙྪིབྷྱོ། པཊ་ཛྭ་ལ་རཾ། ཞེས་པའི་སྒྲ་ཡིས་ཐམས་ཅད་གང་།། ཇི་སྲིད་ནམ་མཁའི་མཐའ་ཐུག་པར།། རི་དང་གླེང་དང་རྒྱ་མཚོར་བཅས།། འཁོར་ཡུག་སྟོང་གསུམ ་འཇིག་རྟེན་བཅས། ། མ་ལུས་གཡོ་ཞིང་སྒྲས་བཀང་སྟེ།། གདུག་པའི་ཚོགས་དེ་འཁོར་བཅས་པ།། གང་གི་དབང་དུ་མ་བཏང་བར།། གདུག་པ་དུས་ཅིག་བཏུལ་བར་མཛད།། དེ་ཚེ་དེ་ཡི་འཁོར་གཡོག་ཀྱང་།། ཞུམ་པས་སྤྲས་ཤིང ་གསོལ་བཏབ་ནས། ། རང་སྙིང་ཕུལ་ནས་དམ་མནོས་ཏེ།། སྨོད་བཙུགས་རང་གི་ལམ་ལ་བཞག། འབར་བའི་དཀྱིལ་འཁོར་དེ་དག་ཀྱང་།། ལ་ལར་གཏི་མུག་རྨུགས་པར་མཛད།། ལ་ལར་ཆགས་ལ་ཆགས་ཆེན་པོ།། ལ་པར ་གཡེ་མ་ལ་གཡེས་པར་སྟོན། ། སྡང་ལ་དྲག་ཤུལ་སྤྱོད་པ་སྟེ།། ང་རྒྱལ་ཅན་ལ་རི་བོས་གནོན།། ཞེ་ལས་སློང་དང་ཞི་བ་ཉིད།། གསལ་དང་ཞེལ་གནོན་པ་དང་།། ཆགས་ཁྲོ་དང་ནི་སྡང་ཁྲོ་དང་།། རྨོངས་ཁྲོ་གནོན་ཁྲོ་ལ་སོགས་པར། ་བསྐལ་པ་ཞེང་གི་རྡུལ་རྙེད་དུ།། རང་གི་མཁྱེན་པའི་ཡེ་ཤེས་ཀྱིས།། གདུལ་བའི་ཐབས་ནི་སྣ་ཚོགས་སུ།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པ་ནི་ཐུགས་ཀྱི་སྤྲུལ་པ་སྣང་བར་མཛད།། གང་ཕྱིར་སྤྲོས་མེད་གོམས་པ་ཉིད།། དེ་ཉིད་ཏེ ་འཛིན་དཀྱིལ་འཁོར་ཏེ། ། ཕྱེ་ནང་སྣོད་བཅུད་མ་ལུས་པ།། ཇི་སྙེད་ཕྱོགས་བཅུར་གནས་པ་ཀུན།། རང་རིག་རྒྱལ་པོར་གནས་པ་ཉིད།། འདི་ཉིད་པོ་མོ་མ་ནིང་དང་།། མཚན་མེད་ལ་སོགས་གང་ཡང་མིན།། དངོས་དང་དངོས་མེད་ལས ་འདས་པའི། ། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།། རིག་པ་སྐྱེ་བ་མེད་པའི་ངང་།། འདི་ཉིད་གསལ་བར་བསྒོམས་པར་བྱ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨད་མ་ཀོ་ཧཾ།། སྐྱེས་དང་མ་སྐྱེས་ལ་སོགས་པའི།། ཐ་སྙད་མེད་ལ་མི་གནས ་ཤིང་། ། བློ་ཡི་སྦྱོར་བ་ལས་འདས་པས།། འདི་ནི་དེ་བཞིན་ཉིད་ཅེས་བཤད།། འདི་ལ་རིམ་པ་མེད་པ་སྟེ།། སྐྱེས་བུ་མཆོག་གི་ཡུལ་དུ་གསུངས།། མ་ལུས་རང་རིག་རྡོ་རྗེ་ཉིད།། ཁྱབ་པའི་ཚུལ་གྱིས་ནམ་མཁའ་སྟེ།། རྣམ ་ངག་རང་བཞིན་འོད་གསལ་བ། ། དམ་པའི་ཏིང་འཛིན་ཆེན་པོ་ཉིད།། གང་གིས་མ་ལུས་མངོན་གསལ་ནས།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན།། གོམས་ནས་སྤྲོས་མེད་དེ་བཞིན་ཉིད།། དེ་དག་ཏིང་འཛིན་ཐུན་མོང་ཉིད།། ་མི་ཤོགས་ཐིག་ལེ་དངས་མའི་བདག། བཞི་འདུས་ལྔ་བདག་གཉིས་སུ་མེད།། རྩ་བཅུད་ཐིག་ལེར་བཅས་པ་ཉིད། ཐབས་དང་བཅས་པའི་ཏིང་འཛིན་གྱིས།། ཡེ་ཤེས་ལྔ་ཡི་རོ་དང་བཅས།། བདེ་ཆེན་སྐྱེ་བ་མེད་པའི་དོན།། ་ཟག་མང་ཁྱབ་པ་མངོན་དུ་སྨིན།། ཡེ་ཤེས་ནམ་མཁའ་གཟུགས་ཅན་ཉིད།། ཕྱི་ནང་མེད་པའི་རང་འབྱུང་སྟེ།། གསལ་དང་བདེ་བའི་རང་བཞིན་ཅན།། ཐབས་དང་ཐིག་ལེས་དབང་བསྒྱུར་ནས།། ལུས་ཅན་ཀུན་ལ་གསལ ་པར་སྐྱེ། གནས་བཞི་འབྱུང་བའི་དངས་མ་ཉིད།། རྟེན་ཅན་བརྟེན་པར་བཅས་པ་ཉིད།། རང་འབྱུང་ཐིག་ལེ་བདེ་བ་ཉིད།། ཕྱོགས་ཆ་མེད་པར་གསལ་ཁྱབ་པས།། བདེ་བ་ཆེན་པོའི་ལུས་སུ་འགྱུར།། རང་འབྱུང་སྙིང་པོ ་དངས་མའི་ལུས། ། འབྱུང་བ་ཟག་མེད་སྙེད་པོར་ཐིམ།། ཐིག་ལེ་སྤྲོས་པ་མེད་པ་སྟེ།། ཐམས་ཅད་མ་ལུས་ཁྱབ་པར་སྣང་།། རང་ལུས་རྩ་བཙུད་ཕྱི་ནང་ཀུན།། སྙིགས་མདངས་མར་སྨིན་བྱས་ཏེ།། དངས་མ་ཡེ་ཤེས་སྙིང་པོར་གསཔ ་དེ་ཉིད་རྒྱུ་བ་མེད་པ་ཡི། ། རང་འབྱུང་ཐིག་ལེ་སྤྲོས་པ་མེད།། དངས་མ་ཟག་མེད་སྟོབས་ལས་སྣང་།། གང་ཕྱིར་སྐྱེས་དང་སྤྲུལ་པ་དང་།། བརྟགས་པའི་གཟུངས་མ་ལས་བྱུང་བ།། དབང་པོ་གཉིས་ནི་བསྲུབས་པ་ལས།། སྐད་ཅིག་བཅུ ་དྲུག་མཐའ་ཡི་ཚེ། ། ཉི་ཟླ་འདྲེས་པའི་གར་ཐབས་ལས།། དངོས་པོ་ལྷན་ཅིག་སྐྱེས་པ་གསལ།། སེམས་ལྔ་རྫོགས་པའི་སྙིང་པོ་ཉིད།། བརྗོད་མེད་རང་སྣང་བསྟན་པ་ཉིད།། མ་ལུས་སྐུ་གསུང་ཐུགས་གནས་པ།། འཁྱུད་པའི་གར་གསུམ ་བསྡམ་པ་ཡིས། ། གནས་དང་འབྱུང་བ་མ་ལུས་པ།། རང་རིག་ཡེ་ཤེས་གཟུགས་སུ་སྣང་།། ཐབས་དང་ཤེས་རབ་དབྱེར་མེད་པའི། བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ།། རྟེན་དང་བརྟེན་པར་བཅས་པ་ཉིད།། རང་ཉིད་གསལ་བར་བྱིན་རླབ ་ནས། ཇི་ལྟར་སྣང་སྲིད་ཆོས་ཐམས་ཅད།། ལྷན་ཅིག་སྐྱེས་པའི་ངོ་བོར་གསལ།། མ་ལུས་བདེ་བ་ཆེན་པོའི་རིགས།། དམ་པའི་སྦྱོར་བ་སྣང་བར་འགྱུར།། འདི་ནི་ཕྱི་ནང་གསང་བ་ཡི།། ཏིང་འཛིན་དཀྱིལ་འཁོར་ཉིད་དུ་བཤད།། ་གང་ཕྱིར་མཚན་མའི་རྣལ་འབྱོར་པས།། དངོས་དང་དངོས་མེད་རྣམ་སྤངས་པའི།། རང་རིག་སྐྱེ་མེད་དེ་བཞིན་ཉིད།། མ་བཅོས་རང་རིག་འོད་གསལ་བ།། དེ་བཞིན་ཉིད་དེ་དང་པོར་བསྒོམ།། དེ་ནས་སྙིང་རྗེ་ནམ་མཁའ་ལྟར།། ། ་གསལ་ལ་སྟོང་པའི་རྣལ་འབྱོར་བསྒོམ།། ཡང་ན་སྒྱུ་མ་བྲག་ཆ་དང་།། ཆུ་ཟླའི་ཚུལ་དུ་བསྒོམ་པར་བྱ།། དེ་ནས་རང་ཉིད་ཡི་གེ་ཉིད།། གསལ་ལ་བརྟན་ཞིང་གོམས་པ་ཡི།། མ་དག་པ་ནི་སྦྱང་བྱས་ཏེ།། དག་པའི་མཐའ་ལྔ ་བསམ་པར་བྱ། ། ཨེ་ཡཾ་བཾ་སུ་ལཾ། ས་ཆུ་མེ་རླུང་ནམ་མཁའ་དག། རིག་པ་རང་སྣང་ཚུལ་དུ་བསྒོམ།། དེ་དབུས་རིན་ཆེན་ཁང་པ་དག། མཛེས་པའི་ཚུལ་དང་ལྡན་པ་སྟེ།། བརྩིབས་བཞི་འཁོར་ལོ་ལྟེ་བར་བཅས།། མུ་ཁྱུད ་ཟླུམ་པོ་ཐོག་མཐའ་མེད། ། གྲུ་ཆང་བློ་འབུར་བར་ཁྱམས་དང་།། སྒོ་བཞི་རྟ་བབས་ཐེམ་སྐས་དང་།། ལྔ་རྩེག་ཕ་གུ་དྲ་ཕྱེད་དང་།། འདོད་ཡོན་ཀ་བ་ཟར་ཚགས།། མི་སྒྲིབ་གསལ་བའི་རྒྱན་དང་ལྡན།། མི་འཇིགས་ལ་སོགས་ལྔ ་དབུས་གདན། ། ཉི་ཟླ་པ་དམ་ལ་སོགས་པ།། ལྔ་དང་གསུམ་དང་བཞི་གཅིག་གོ། རིམ་པ་འཚམ་པའི་གདན་སྟེངས་སུ།། ས་བོན་ཆོ་ག་ལས་བྱུང་བ།། གཙེ་གཟུངས་མཐིང་ཀ་རྡོ་རྗེ་འཛིན།། འཁྲིལ་སྦྱོར་འཛུམ་པའི་བྱིན་རླབས་ཏེ།། ་དབང་བསྐུར་ཆོ་ག་ལྔ་ལྡན་པས།། སྦྱོར་བསྐུལ་སྲས་བསྐྱེད་སོ་སོར་དགོད།། ཆོས་དབྱིངས་དཀར་པོ་འཁོར་ལོ་འཛིན།། མཉམ་ཉིད་རིན་ཆེན་སེར་པོ་ལྷོ།། སོར་རྟོག་པད་མ་དམར་པོ་ནུབ།། བྱ་གྲུབ་རལ་གྲི་ལྗང་ཁུ་བྱང་།། བཙུན་མོ་རིག ་འཐུན་དྲིལ་འཛིན་འཁྱིལ། ། འཁོར་ལོའི་རྩིབས་མཚན་ཤར་ལྷོ་ནས།། ས་སྙིང་དཀར་པོ་མྱུ་གུ་འཛིན།། སྒེག་མོ་དུང་མདོག་མེ་ལོང་འཁྲིལ།། ནམ་སྙིང་སྔོན་པོ་རལ་གྲི་འཛིན།། ཕྲེང་འཛིན་མཱ་ལེ་ནམ་མཁའ་མདོག། སྤྱན་རས ་ལེ་བརྒན་པད་མ་དཀར། ། འགི་ཏི་བི་ཝང་དམར་མོ་མདོག། རྡོར་འཛིན་ལྗང་ཀུ་ལས་ཀྱི་རིགས།། ཕྱག་གཉིས་བརྒྱད་ནས་གར་མཛད་ལྡང།། གྲུ་ཆད་བཞི་ལ་རིམ་པ་བཞིན།། བྱམས་པ་དཀར་སེར་ཀླུ་ཤིང་འཛིན།། སྒྲིབ་ས་པ་དམར་སེར ་གླེགས་བམ་བསྣམས། ། ཀུན་བཟང་དམར་ལྗང་རིན་ཆེན་སྟེ།། འཇམ་དཔལ་དཀར་ལྡང་ཨུཏྤལ་བསྣམས།། བཙུན་མོ་རིགས་དང་འཐུན་པ་སྟེ།། སྤོས་དང་མར་མེ་མེ་ཏོ་ག་དྲི།། འཁྲིལ་ཞིང་འདུད་པ་ཚུལ་བཞིན་བཞུགས།། ་བསྒོ་བཞིར་རིམ་པ་ཇི་བཞིན་དུ།། སྟོབས་ཆེན་གཤིན་རྗེ་གཤེད་པོ་དང་།། རྟ་མགྲིན་བདུད་རྩི་འཁྱིལ་པ་བཞིན།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། མཐིང་ནག་སེར་ནག་དམར་ནག་དང་།། ལྗང་ནག་རྡོ་རྗེ་ཐོད་དབྱུག་དང་།། ་ཐོད་སྦྲུལ་རྡོ་རྗེ་རྒྱ་གྲམ་དང་།། ཡུམ་ཡང་སོ་སོའི་ཕྱག་མཚན་བཅས།། སྒོ་བཞིར་རྔམ་ཚུལ་འཁྲིལ་སྦྱོར་བ་ཞུགས།། ཁྱམས་ཀྱི་མདུན་དང་རྒྱབ་ཏུ་ནི།། ཀུན་བཟར་ཡབ་ཡུམ་ནམ་མཁའི་མདོག། ཕྱག་རྒྱ་མངས ་སྣ་ཚོགས་ཏེ། ། མཉམ་པ་ཞག་ཡེ་ཤེས་འཕྲོ་བའི་སྟེང།། རྡོ་རྗེ་དྲིལ་བུ་མཚན་པའོ།། ཐུབ་དྲུག་དཀར་སེར་མཐིར་ཀ་དང་།། དམར་ནག་སེར་ནག་དུ་དཀ་སྟེ།། ཕྱོགས་བཞི་སྟེ་ང་འོག་ཤར་ནུབ་ཚུལ།། བི་ཝང་གོ་ཆ་སེག་པར་སྒྲོམ།། པོ་ཏི ་ཆུར་ཤེས་པར་བྱ། ། མི་སྐྱོད་བྱེད་པོ་ལ་སོགས་པ།། རྡོ་རྗེ་འཆར་བས་རྣམ་པར་བརྒྱན།། གཞན་དག་རང་རང་གིས་ཡིན་ཏེ།། ཡ་མཱན་ཏ་ཀྲིད་རྟག་པའོ།། ཐུབ་དྲུག་ཀུན་བཟར་བརྒྱན་པ་ཉིད།། སྐུ་གསུང་ཐུགས་འབར་བྱིན་རླབས ་ལྡན། ། རྡོ་རྗེ་འཕྲོ་འདུ་སྙིང་པོར་ལྡན།། ཆོ་གའི་རིམ་པ་ཤེས་པར་བྱ།། དངས་མ་བཅུད་ལྡན་ཡེ་ཤེས་ཉིད།། མ་བཅོམ་དེ་བཞིན་ཉིད་ཡིན་ཏེ།། ཡེ་ཤེས་ནམ་མཁའི་དང་དང་འབྲེལ།། ཀུན་ལ་ཁྱབ་པའི་སྙིང་རྗེ་ཡིས།། ཁྱབ་བྱེད་བདེ ་བའི་སྙིང་པ་ཉིད། ། ཐ་མལ་རྟོག་པ་གང་དག་ནས།། བདེ་བ་ཆེན་པོར་བྱིན་གྱིས་རློབ།། འབྱུང་ལྔ་དངས་མའི་སྙིང་པོ་ཉིད།། ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཏེ།། དྷརྨ་ཙཀྲ་ཆོས་ཀྱི་དབྱིངས།། མི་ཤིགས་ཐིག་ལེ་ཀུན་གྱི་གནས། ནུས ་པའི་ཁྱད་པར་ཕྲ་རགས་བཞི། ། ཐིག་ལེའི་གཟུགས་དང་ཚོར་བ་དང་།། འདུ་ཤེས་འདུ་བྱེད་རྣམ་ཤེས་ཉིད།། ཡེ་ཤེས་ལྔ་ཡི་རང་བཞིན་ཉིད།། རྒྱལ་པོ་ལྔ་རུ་བཤད་པ་ཡིན།། འབྱུང་ལྔ་དངས་མར་བཅས་པ་ནི།། དགྱེས་པ་བསྐྱེད ་ཕྱིར་བཙུན་མོ་སྟེ། ། མིག་སོགས་བདེ་བའི་རྣམ་ཤེས་དང་།། དེ་ཡི་ངོ་བོ་ཡུལ་བཅས་ནི།། གནས་པ་རྩ་བཅུད་ཐིག་ལེར་བཅས།། ནང་གི་སེམས་པ་ཡབ་ཡུམ་ཉིད།། སོ་སོའི་རྩ་བཅུ་གནས་པའི་རྟེན།། དབང་པོ་དྲས ་བཞིར་བཅས་པ་ཉིད། ། ཕྱི་ཡི་སེམས་དཔར་བཤད་པ་ནི།། གནས་དང་དུས་ཀྱི་ཕྱེ་ཕྱིར་རོ།། གང་དེ་དང་ས་མས་བསྐྱེད་པ་ཡིས།། ལུས་ཀྱི་ཆོས་བཞིན་རྟག་ཆད་བཅས།། སྒོ་བཞི་ཡབ་ཡུམ་ཤེས་པར་བྱ།། བདེ་ཆེན་ཡིད་ཆེས་རང ་རིག་ཉིད། ། ཀུན་བཟང་རོ་ཡི་བདེ་བ་ཉིད།། ཉོན་མོངས་དྲུག་གི་ཡུལ་རྣམས་སུ།། སྤྲུལ་པའི་ཐིག་ལེར་རང་ཤར་བའོ།། འདུལ་བ་བཞི་ཡིས་དོན་མཛད་པ།། སྤྲུལ་པའི་མཛད་པ་བསམ་མི་ཁྱབ།། ཀུན་ཀྱང་དངས་མའི་རང་བཞིན ་ལས། ། ཡེ་ཤེས་ལྔ་ཡི་རོ་ལྡན་པ།། གནས་དང་ངོ་བོ་ལྔས་བརྒྱན་པ།། ཡེ་ཤེས་ལྔ་ཡིས་རྒྱས་བཏབ་པའོ།། ས་བོན་སྐུ་སྟེ་ཡི་གེ་གསུང་།། བདེ་ཐུགས་སྐུ་གསུང་དཀྱིལ་འཁོར་ལྡན།། འཕྲོ་འདུ་རྩ་བའི་ཐིག་ལེར་བཅས།། མ ་ལུས་ཀུན་ལ་འདི་གནས་པས། ། ཡན་ལག་ཉིད་དུ་འདི་ཤེས་བྱ།། སྟོང་ཉིད་རྡོ་རྗེ་ལ་སོགས་པ།། སྔོན་བྱས་རང་རྒྱུད་མེད་པ་ཡི།། རིགས་བརྟགས་གཟུངས་མ་བླང་བར་བྱ།། རང་རྒྱུད་སྒོ་གསུམ་དག་བྱས་ལ།། ལྷ་ཡི་རྣལ་འབྱོར། ་ལུས་སུ་བྱ།། རྡོ་རྗེ་སྙིང་པོ་གེ་སར་ཉིད།། ཕྲད་པས་དང་གཤེར་བ་ཆུ།། དྲོ་མེ་བསྐྱོད་པ་རླུང་ཉིད་དེ།། བདེ་བའི་དངས་མ་ནམ་མཁའ་ཉིད།། བྷྲཱུཾ་དབྱིབས་བྷ་ག་བདེ་བའི་གནས།། སྣ་ཚོགས་འདུས་པའི་གཞལ་ཡས་ཁང་།། ཉི་ཟླ་པད ་མ་ནུས་པའི་གདན། ། ཆེ་བའི་ཡོན་ཏན་རྫོགས་པར་ལྡན།། ཐབས་དང་ཤེས་རབ་འབྲེལ་བའི་རོ།། ལྔ་ཕུང་འབྱུང་ལྔ་དག་པ་ཡི།། རང་བཞིན་དེ་དང་མཉམ་སྦྱར་བས།། ཡེ་ཤེས་ཕྲ་རགས་གཉིས་སུ་མེད།། ཐབས་དང་ཤེས་རབ ་འབྲེལ་པ་ཡི། ། དབང་པོ་ཡུལ་དུས་རྣམ་ཤེས་བཅས།། རང་རང་བདེ་བར་སྐྱེས་པའི་ལྷ།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད།། ཐབས་དང་ཤེས་རབ་གཉིས་མེད་ཅིང་།། རྒྱུ་བའི་རླུང་ལ་དབང་ཐོབ་ནས།། ཐབས་ལམ་བདེ་བའི་གཉེར ་དག་གིས། ། བརྟགས་པ་རང་གི་རྟོག་པ་ཟློག། དངོས་པོ་རྣམས་ཀྱི་ངོ་བོ་ལ།། ཟློག་བྱ་ངས་ཀྱང་མི་དམིགས་སོ།། བདེ་བའི་ཐིག་ལེ་ས་བོན་ལ།། ཐབས་བཞི་རླུང་གི་གར་ཐབས་ཀྱིས།། དགའ་བའི་ཚད་ལྡན་ནུས་པ་བཅས།། ་དངོས་འདི་ལྷན་ཅིག་སྐྱེས་པར་བརྟན།། བདེ་བའི་ཕྱག་རྒྱ་ཆེན་པོ་ནི།། ཕྱི་ནང་སྣོད་བཅུད་མ་ལུས་པ།། བདེ་བ་ཆེན་པོར་རོ་ཅིག་ཕྱིར།། མ་ལུས་ལྷན་ཅིག་སྐྱེས་པར་གནས།། བཅུད་འདུས་བདེ་བའི་ཐིག་ལེ་ནི།། ཡོན་ཏན་ཀུན ་ཀྱི་ངོ་བོ་བས། ། ཆེ་བའི་ཡོན་ཏན་ཀུན་རྫོགས་པས།། སངས་རྒྱས་ཀུན་གྱི་ངོ་བོར་གནས།། དེ་ནས་རྒྱལ་བ་རྡོ་རྗེ་འཆར།། རྒྱལ་བ་ཀུན་གྱི་རྒྱལ་པོ་ཡིས།། མ་ལུས་ལྷག་པའི་ལྷར་བརླབ་ཕྱིར།། གསུང་གི་སྙིང་པོ་བརྗོད་པ། ་མཛད།། བྲུཾ་པི་ཤཱ་བཱི་ཤུད་དྷ། ཧཱུཾ་བཛྲ་དྷྲིག། ཨོཾ་ཛི་ནུ་ཛིག་སྲཾ་རད་ན་དྷིག། ཨོཾ་ཨ་རོ་ལིག། ཧཱ་པྲ་ཛྙཱ་དྷྲིག། མྲྀ་དྷཱ་ཏཱ་ཤྭ་རི། ཨེ་དྭེ་ཤ་ར་ཏི་མ~ཾ་མོ་ཧཱ་རཏྟི། བྷེ་རཱ་ག་ར་ཏི། ཏཾ་བཛྲ་ར་ཏི། ཀྵི་ཏེ་རཱ་ཛ་ཡ། ཏྲཾ་ཨ་གར་བྷ་ཡ། ཧྲིཿ ་པད་མ་བ་ད་ཡ། དྷི་ཀུ་རུ་པ་ན་ཧྲྀ་ཧཱུཾ་ལ་སྱཻ་ས་མ་ཡ་སྟཽ། ཏྲཾ་མཱ་ལཾ་ས་མ་ཡ་ཧོ། ཧཱི་གི་ཏྱཻ་ར་གོ་ཧེ། ཨ་ནརྀ་ཏྱཾ་རཱ་ག་ཡེཡ་མི།། མེ་དྷ་ར་ན་སྭཱ་ཧཱ། ཐི་ལཱཾ་ནི་ས་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཛ་དྷ་པེ་བྲི་པྲ། ་ཤ། ཧཱུཾ་པུཥྤ་ཨ་བེ་ཤ། པཾ་དཱི་པ་སུཾ་ཀི་ན~ཾ། ཧོ་གན་དྷེ་ཙིད་ཏེ། ཧཱུཾ་ཡ་མཱན་ཏ་ཀྲིད་ཛ་ཕཊ། ཧཱུཾ་བི་གྷ་ནཱན་ཏ་ཀྲིད་ཧཱུཾ་ཕཊ། ཧཱུཾ་པད་མཱན་ཏ་ཀྲིད་བཾ་ཕཊ། ཧཱུ~ཾ་པྲ་ཛྙཱ་ན་ཏ་ཀྲིད་བཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ཤྭ་རི་ཛྭ་ལ་ནི་ཕཊ ་མཧཱ་ར་ད་ནཏྟ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཕཊ། ཨོཾ་མ་ཧཱ་པད་མ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཕཊ།། ཨོཾ་མ་ཧཱ་ཀར་མ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིད་ཏ་ཧཱུཾ། ཨ་ཨ་ཨ་བཛྲ་བ་ཏྲ་ས་མན་ཏ་ཨོཾ། ཨོཾ་མུ་ནེ་ཀྲི་སྭཱཧཱ། ་ཨོཾ་མུ་ནེ་ཧཱུ~ཾ་དྲྀ་སྭཱ་ཧཱ། ཨོཾ་མུ་ནེ་སུ~ཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲྀ་སྭཱ་ཧཱ། ཨོཾ་མུ་ནེ་ཤ~ཾ་སྭཱ་ཧཱ། ཨོཾ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ཨེ་ཧ་ཧི་བྷ་ག་བྷ་ན། མ་ཧཱ་ཀ་རུ་ཎཱི་ཀ་ཏྲི་ཤ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿོཾ་ཨཿཧཱུཾ་སྭཱ་ཧཱ། བ་བ་བ་བ་བ། ཛྲ་ཛྭ་ཛྲ་ཛྲ་ཛྙཱ། ས ་ས་ས་ས་སཾ། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། ཨོཾ་ཨཱཿཧཱུཾ། སྭཱ་ཧཱ། ཨོཾ་སྒྱུ་འཕྲུལ་དྲ་བ་གཉིས་མེད་པའི།། གསང་བ་ཟབ་མོ་སྐུ་གསུང་ཐུགས།། གདོད་ནས་བདག་དང་དབྱེར་མེད་པའོ།། ད་ལྟ་ཉིད་དུ་དབྱེར་མེད་ཤོག། ཨོཾ་བཛྲ། ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་སྟེ། ཨོཾ་བཛྲ་ས་མ་ཡ་ཏོ། ཛ་ཧཱུཾ་བ་ཧོ་ཞེས་བརྗོད་པས་སྣ་ཚོགས་དཀྱིལ་འཁོར་མཛེས་བདག། གཉིས་མེད་རོ་ཅིག་འདྲེས་ནས་ཀྱང་།། སྟོང་གསུམ་དཀྱིལ་འཁོར་གསལ་བར་འགྱུར།། ཨོཾ་ཨཱ་ཧཱུ~ཾ་སྭཱཧཱ། ་སེམས་པ།། བྷྱཧཱ།། དྷཱིདྷིདྡྷོདྷ། སྱཱ་ཨ་ཨཱ་མ། ཛྫཿནཱདྷ། ནྡནྣདྷཱ་དྷཱཧྲཱདྷཱཙྪ། བདྷཱུ་བ་པོར་བལྡན་པས།། གཙོ་བོ་ལྔ་དང་གཙུ་མྱོལ།། བྲེལ་བ་སུམ་བཅུ་རྒྱ་གཉིས་དང་། ་པོ་ཁྲོ་མོ་དང་། སྒོ་བཞི་རིབ་འབྲུ་མ་ལ་སོགས་པ།། དཀྱིལ་འཁོར་རྒྱས་པ་ར་སྙིང་པོ་མཛོད།། འཁོར་ལྀ་གཉིས་རྩིསཾ་རྩིབས་སྐུ་བཅས།། འཁྱམས་དང་སྐོར་བཅས་ལྷ་ཡི་རིམ།། རང་རང་ཕྱག་མཚན་གདན་དང་བཅས་བཞུ། ་ཐབས་ཚུལ་བཞིན་གནས་པའོ།། དེ་ནས་རྒྱལ་བ་དེ་དག་གི། དཀྱིལ་འཁོར་ཆེན་པོ་དེ་དག་ལ།། དབང་བསྐུར་བྱིན་རླབས་བྱ་བའི་ཕྱིར།། གསང་བའི་སྔགས་ནི་གསུང་བར་མཛད།། ཨོཾ་མ་ཧཱ་ཤཱ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ ་ཧཾ། ཨོཾ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྲ་ཀོ་ཧི། ཨོཾ་མ་ཧཱ་པྲ་ཏ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ། ཨོཾ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱང་མ་ཀོ་ཧ། ཨོཾ་མ་ཧཱ་ཀྲི་ཏ། ཨ་ནུལཱ་ན་བཛྲ་སཱ་ཙྪ་བ་ཨཱད་མ་ཀོ་ཧཾ། ཨོཾ་སརྦ ་ཏ་ཐཱ་ག་མ་ཧཱ་ཀཱ་ཡ་བཛྲ་སཱི་བྷཱ་བ་ཨཱད་མ་ཀོ་ཧ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱ་ག་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིད་ཏ་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཧ། ཨོཾ་ས་བེ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུར་ཀ་བཛྲ་སཱ་ཐཱ་ཨང་མཀོ་ཏ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཛེ་བཛྲ་སྭ་བྷཱ་བ་ཨཱད་མཀོ་ཧ། ཞེས་བརྗོད་ཡེ་ཤེས་སྒྲ་གསུང་ཐུགས།། རྩེ་གཅིག་ཐིམ་པས་གསལ་བར་འགྱུར།། ཙིད་ཏེ་འོག་མིན་འབར་བའི་གནས།། རིན་ཆེན་འབར་བ་རྫོགས་པའི་མཛོད།། མི་ཤིགས ་ཐིག་ལེ་ཟ་མ་ཏོག། རྒྱལ་བཀུན་གྱི་བཞུགས་པའི་གནས།། ཙིད་ཏའི་ཁམས་ལྔའི་སྙིང་པོ་ལ།། བདེ་བའི་ཐིག་ལེ་ཕྲ་རགས་ཉིད།། ཡེ་ཤེས་ལྔ་ཡི་བདག་ཉིད་དུ།། གསང་བ་འཛིན་པའི་རྒྱལ་པོར་བརྗོད།། གད་དངས་མ་ཡེ་ཤེས་ལྔ། གང ་མི་ཕྱེད་རྡོ་རྗེ་རགསལ། ། དྲག་ལྔ་ཡེ་ཤེས་བསྐྱེད་པ་དང་། བཙུན་མོ་དགའ་བ་དེའི་ངོ་བོར་བརྗོད།། ཁམས་ལྔ་འདུས་པའི་ཡེ་ཤེས་ཉིད། རང་འབྱུང་ཡེ་ཤེས་བདེ་བའི་ཐུགས།། རྣམ་ཤེས་བཞིར་བཅས་ཐིག་ལ་ཉིད། ་ཐུགས་ཀྱི་སེམས་པ་ཉིད་དུ་བཤ། དེ་ཡི་གང་ལ་དབང་མྱུར་བའི།། ལ་བཞི་ཐིག་ལེ་བདེ་བའི་བཅུད།། བྷྲ་མའི་བདེ་བར་གང་འཆར་བ།། ཡུལ་བཞི་རིམ་པར་བཤད་པ་སྟེ།། དབང་སྒྱུར་གཉིས་མེད་གང་ཡིན་པས། ་ཡུམ་འབྲེལ་བའི་ད་བོར་བཤད།། རྫ་བཅུད་ཐིག་ལེར་བཅས་པའི་ཏ་ནཾ།། སོ་སའི་ནུས་པར་བཅས་པ་ཉིད།། གང་ལ་དེ་དབང་དེ་ཡེ་ཕྱིར།། འདིན་གྱི་ཡི་རིམ་པར་བཤད།། གང་དེ་ཁམས་ལྔའ་བ་འི་ཡིས།། མཉེས་དང་ཐིག་ལེ་བཀོད ་པ་དང་། ། ནམ་མ་པའི་ལགས་པ་ད། ཉིད་ཁྱབ་པའི་རང་བཞིན་ཏེ།། ཟག་མེད་པ་དེ་བའི་རང་བཞིན་གྱིས།། ཕྱོགས་བཅུའི་ནིང་ཁམས་མཉེས་པར་མཛད།། དགུག་དང་བཅིང་དང་མཉེམ་དང་གསལ།། ཐབས་ལམ་བཅུད་དུ་འབྲེལ་པ ་གསུངས། ། གང་དེ་ཐབས་ཆེན་གསལ་བྱས་པས།། ལུས་ཀྱི་ཆོས་བཞི་རྟག་ཆད་སྤངས།། བདེ་བའི་ཐིག་ལེ་རང་སྣང་བ།། མ་ལུས་འཇོམས་ལས་ཁྲོ་བོའོ།། བཅུད་ལས་འདས་པའི་ཧཱུཾ་གསུམ་ཉིད།། བྱེད་པ་བྲལ་བའི་ངོ་བོ་ཉིད།། ཡུལ་གསུམ ་བྲལ་བས་ཆོས་ཀྱི་དབྱིངས། ། མ་ལུས་རྣམ་དག་ཀུན་ཏུ་བཟང་།། དངས་སྙིགས་སྙིང་པོར་འབྲེལ་པ་ཡིས།། ཉོན་མོངས་ས་བོན་དྲུག་བཅས་པས།། ཐིག་ལེས་བཏུལ་ནས་བསྟན་པ་འཆང།། སྤྲུལ་པའི་སྐུ་རུ་བཤད་པ་ཡིན།། ཀུན་ཀྱང་ཡེ་ཤེས ་ལྔ་ཡི་རོ། ། ཁྱབ་པས་གནས་པས་རྒྱས་བཏབ་ཅིང་།། སྐ་སྲིད་པ་ཆེན་སྐུ་གསུང་ཐུགས།། དྲན་པ་རྟག་ཏུ་གསལ་བཟུང་བའོ།། དེ་ནས་གཞན་ཡང་བཤད་པར་བྱ།། གསེང་རྩེ་སྣ་ཆོག་དྲི་པའི་དབུ་ཕྱེ་ནང་རིམ་པ་ད་བུ་ཅེ་ཅན། ་པོ་བྱིན་རླབས་འཕགས་པ་སྟེ།། ཡོན་ཏན་བྱིན་རླབས་ཀུན་གྱི་གནས།། གསང་བའི་པད་མའི་རང་བཞིན་དུ།། རྡོ་རྗེ་གཉིས་མེད་ཐིག་ལེ་རལ།། རྟ་ཟླ་ཟིལ་བའི་ཐེག་ལ་ཉིད།། བན་ཚུན་འདྲེས་པ་རླུང་གིས་བྱེ།། གསང་བའི་ཁམས་ལས ་ཡེ་ཤེས་རོལ། ། སྙིགས་མའི་ཕུང་པོ་ལྔ་དག་ནས།། དངས་མ་ལྔ་ཡི་རང་བཞིན་གསལ།། རྒྱལ་པོ་དེ་བཞིན་གཤེགས་པར་གསལ།། གསང་བའི་འབྱུང་བ་ལྔར་བསྟན་པ།། དབང་ཡུལ་ཕྲད་པའི་སྐབས་ལས་ཤེས།། རིགས་མཆོག་ཡུམ་གྱི ་ཕྱག་རྒྱ་ལྔ། ། སྙིགས་མ་བྲལ་བའི་དུས་ན་བལྟ།། ཐིག་ལེ་ཐུགས་ཀྱི་བདེ་བ་རྣམས།། རང་རང་ཐིག་ལེ་བདེ་བར་གསལ།། ཡེ་ཤེས་རྣམ་ཤེས་དངས་མ་རྣམས།། བདེ་བ་ཆེན་པོ་གསལ་བར་ཤེས།། དམ་ཚིག་བདེ་བའི་ཆོས་ཀྱིས་སྒེགས།། ་སྒོ་གསུམ་འབྲེལ་ཅིང་ཐིག་ལེར་ཆགས།། གང་དུ་བདེ་བའི་སྒྲ་བསྒྲགས་ཏེ།། བསྐྱོད་ཅིང་འཕོ་བའི་གར་གྱིས་མཉེས།། ཐུགས་གང་ཐིག་ལེ་བརྟེན་པའི་གནས།། གང་ཡུལ་བདེ་བར་དབང་བྱེད་པའི།། རྟེན་དང་བཅས་པའི་བདེ་བ་ཡིས།། ་རང་རང་ཐིག་ལེ་སྐྱེད་པར་བྱེད།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཐུགས་དང་ཐིག་ལེར་བཅས་པ་ཉིད།། དགུག་འཛིན་འཁྱུད་ཅིང་གནས་པ་དང་།། ཐིག་ལེ་རླུང་དང་སྟོད་སྨད་བསྡམས།། བསྐྱོད་དང་འབེབས་པའི་ཐབས་ཡིན ་ཏེ། ཚིམ་དང་ཐིག་ལེ་དོར་བ་དང་།། ཡེ་ཤེས་གསལ་བས་བདེ་སེམས་རྒྱས།། རིམ་པ་ཇི་བཞིན་གསལ་བར་བརྟགས།། གསང་ཡུལ་དབང་པོ་རེག་པ་དང་།། རྣམ་ཤེས་གང་ཡིན་ཏ་ཀྲིད་དེ།། བདེ་བའི་རང་བཞིན་མ་སྐྱེས་པས།། རྟག ་ཆད་མཚན་མ་བདག་མེད་པ། ། སྒོ་མའི་རང་བཞིན་གསང་བའི་སྔགས།། ཤེས་སྐྱོ་བ་དེན་ཕྱིར་གསང་བའི་སྔགས།། ཤེས་པ་གསུམ་འདས་སྒྲིབ་བསད་པ།། རང་རིག་བྱེད་པ་ཡིན་ཅེས་བྱ།། རྒུན་གསུམ་ཟན་པའི་ཆོས་དབྱིངས ་ཉིད། ། རྟོགས་བྱ་ཀུན་དུ་བཟང་མོར་བཤད།། འཁོར་བའི་ས་བོན་ཉན་མོངས་བཅས།། ཟིལ་བའི་ཐིག་སྔོན་ལམ་བཞིན་དུ།། ཐལ་སྦྱོར་ཐིག་ལེའི་འཕྲོ་འདུ་ཡིས།། གསང་བའི་མཛད་པ་བཅུ་གཉིས་སྟོན།། ས་བོན་ཐིག་ལེ་མ་སྐྱེས ་གཟུགས། བསྟན་པ་རིམ་པ་གསུམ་དུ་བསྟན།། འདོད་པའི་ཡན་ལག་སུམ་བརྒྱ་དང་།། དྲུག་བཅུ་རྩ་བཞི་ལ་སོགས་པས།། ཐ་མལ་ཞོན་པ་རང་གྲོལ་ནས།། རྡོ་རྗེ་ཟེའུ་འབྲུ་འབྲེལ་བསྐྱེད་པས།། རང་འབར་ཐིག་ལེ་གཟུགས་སུ་ཆགས ་ཡབ་ཡུམ་ལྔ་ཕྱི་ཐབས་ཀྱིས་གཟུང་། ། ཉི་མ་ཟླ་བ་ཤར་བའི་འོད།། རྩེ་ནས་རྩེ་རུ་ཕྱིན་པ་ཡིས།། འཁོར་བའི་མུན་པ་ཀུན་བསལ་ནས།། མ་ལུས་ལྷན་ཅིག་སྐྱེས་པར་གསལ།། དེ་ཉིད་གསང་བར་ཤེས་པར་བྱ།། རྒྱལ་བའི་དཀྱིལ་འཁོར་མ་ལུས ་ག་བཞི་བཅུ་རྩ་ལྔར་གནས་པ་ཡི། ། ཐུགས་ཀྱི་རང་བཞིན་སྙིང་པོ་ཉིད།། རང་རང་མཚོན་པའི་རྟགས་ཡིན་ཏེ།། རྒྱས་དང་བསྡུས་པའང་དེ་བཞིན་དུ།། རྡོ་རྗེ་འཁོར་ལོ་རལ་གྲི་འབར།། དྲིལ་བུ་པད་བ་རིན་པོ་ཆེ།། རྡོ་རྗེ། ་འཛིན་པའི་རིམ་བཤད་པའོ།། གཞན་གང་གནས་སུ་རྡོ་རྗེ་ཤེས།། དང་པོ་ཐུགས་དང་གཡོན་འཁྱུད་པའོ།། རིན་ཆེན་མྱུ་གུ་རལ་གྲི་འབར།། པད་མ་དཀར་པོ་རྡོ་རྗེ་ཆེ།། ཨུཏྤལ་གླུ་ཤིང་སྥོ་ཏི་སྟེ།། གཟུགས་མཛེས་རིན་ཆེན་ཕྲེང ་བ་དང་། ། བི་ཝང་གར་སྒུར་པོག་མེ་དང་།། བྱུག་པ་སོ་སོ་རིམ་ཤེས་བྱ།། ནི་མགོ་རྡོ་རྗེ་ཐོང་རྒྱ་གྲམ།། ལྕགས་ཀྱུ་ཞགས་པ་སྥོ་ཏ་ཧོ།། འོད་འཕྲོ་མཉམ་གཞག་རྡོ་རྗེ་ཐལ།། ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ།། ཐུགས་ལ་བརྟན་པ་ཉིད ་དུ་གསུངས། ། ཐུབ་ཆེན་ངེས་པར་ཕྱག་གཉིས་ཤེས།། སེག་པར་གོ་མཚོན་བི་ཝ་བརྡབ།། སྒྲོམ་སྟོབ་སྥོ་ཏི་ཆོས་འཆད་ཚུལ།། མེ་དཔུང་བུམ་པར་ཤེས་པར་བྱ།། གཞན་ཡང་འཐུན་པ་སྐབས་ཀྱིས་བརྟག། མི་མཐུན་ཁྱད་པར་རྒྱས ་པར་བསྟན། ། རྡོ་རྗེ་རིནི་ཆེན་པད་མ་དང་།། རྒྱ་གྲམ་དྲིལ་བུ་བརྒྱད་ཤེས་བྱ།། རྡོ་རྗེ་ལྕགས་ཀྱུ་མདའ་སེ་གོལ།། རིན་ཆེན་ཉི་མ་རྒྱལ་མཚན་སོ།། པད་མ་འཁོར་ལོ་རལ་གྲི་ལྕེ།། རྒྱ་གྲམ་ཁུ་ཚུར་གོ་ཆ་མཆེ།། གཞན་ཡང་སྐབས་དང་འཐུན་པ ་སྟེ། ། རང་རང་དོན་ཉིད་རྩེ་གཅིག་པའི།། ཐུགས་ཀྱིས་རྟགས་སུ་ཤེས་པར་བྱ།། དངས་མའི་ཡེ་ཤེས་ལྔ་འབར་བས།། གཅོད་དང་མི་ཕྱེད་དགའ་བ་དང་།། མ་གོས་བདེ་བ་བསྐྱེད་པ་ཉིད།། རྣམ་པར་མི་རྟོག་རིམ་པར་ཤེས།། ། ་ཡོན་ཏན་སྐྱེད་དང་ཐ་མལ་གཅོད།། དེ་བཞིན་མ་གོས་ཡེ་ཤེས་ཉིད།། སོ་སོ་ཡོན་ཏན་ཆ་ལས་བྱུང་།། རང་རང་རྩ་བཅུད་ཐིག་ལེའི་དབྱིབས།། སོ་སོ་ཉིད་ལྟར་རང་གནས་ཏེ།། བདེ་བའི་ཐིག་ལེ་ཉིད་དུ་ཤེས།། རང་འབྱུང་དངས་མའི་ཐིག ་ལེ་ཉིད། འབྲེལ་བའི་ཚུལ་གྱིས་ཀུན་སྣང་བ།། ཁུ་བ་རྩའི་དབྱིབས་གཟུགས་ཉིད།། རང་རང་ལས་དང་རྟོག་པ་དང་།། སྙིང་པོ་ཕྱག་མཚན་དབྱིབས་བཞིན་པས།། བདེ་ཆེན་ཐུགས་སུ་གསལ་བརྟན་པ།། ཐུགས་ཀྱི་དུས་སུ་ཤེས་པར་བྱ།། ་ཐབས་དང་ཤེས་རབ་གཉིས་མེད་པའི།། ཐིག་ལེ་གསལ་བའི་རང་བཞིན་ལས།། ཐུགས་མཚན་ཆེ་བའི་ཡེ་ཤེས་ཉིད།། དཔག་ཏུ་མེད་པར་རབ་སྡང་བ།། བདེ་བ་ཆེན་པོའི་ཐིག་ལེའི་འོད།། མ་ལུས་དེ་དེར་སྣང་བ་ཉིད།། མ་ལུས་གཉིས་མེད ་ཐིག་ལེ་ཡི། ། བདེ་བ་ཆེན་པོའི་ཡེ་ཤེས་ལྔ།། དེ་ལས་ཕྱེ་བས་མཚོན་པའི་སྒོ།། ཐུགས་ཀྱི་རང་རྟགས་བསམ་མ་ཁྱབ།། བདེ་བ་ཐུགས་ལས་གཞན་མ་ཡིན།། གང་ཕྱིར་དཀྱིལ་འཁོར་འདི་དག་ཀྱང་།། ཐུན་མོང་གནས་སུ་བསྒོམས། ་པ་དང་།། མི་ཤིགས་ཐིག་ལེའི་སྙིང་པོ་ལ།། སྐུ་གསུང་ཐུགས་ཉིད་གསལ་བར་བྱ།། དོན་དམ་ཐིག་ལ་བ་རྩེ་ལ།། རིམ་པ་ཇི་བཞིན་གསལ་བར་བྱ།། ནས་གདུག་པ་གདུལ་བའི་ཕྱིར།། བར་བའི་དཀྱིལ་འཁོར་གསལ་བར་བཤད།། ་གའི་རིམ་པ་ཇི་བཞིན་གྱིས།། རང་སྙིང་རྒྱུ་ཡི་ས་བོན་ཏཱཾ།། དག་པས་རིམ་པས་གསལ་བ་ལ།། རང་རྒྱུད་འབྱུང་ལྔ་ཉོན་མོངས་ལྔ།། རང་འབྱུང་ལྔ་རུ་སྤང་བའི་ཕྱིར།། འབྱུང་བ་ལྔ་ཉིད་བསྒོམ་པར་བྱ།། ཨེ་ཡ་རཾ་སུ་ཀེ་ང་རཾ། སོ་ས། ་ལས་རྣམས་བྱས་ནས་ནི།། ནམ་མཁའ་གྲུ་གསུམ་ཟླ་གམ་རླུང་།། ཁྲག་གི་དཔའ་ཀློང་འཁྲུག་པ་དང་།། གཏི་མུག་རོ་དང་ང་རྒྱལ་རི།། ཞེ་སྡང་མེ་ཉིད་བསྙེམ་པར་བྱ།། མདོག་ཀྱང་རིམ་པར་ཤེས་བྱ་སྟེ།། ལས་དང་རང་བཞིན་ཤེས ་བཞིན་བརྟག། བྲུཾ་ལས་དུར་ཁྲོད་གཞལ་ཡས་ཁང་།། འཁོར་ལོ་རྩིབས་བཞི་ཐོད་ཕྲེང་དང་།། བར་ཁྱམས་གཉིས་ནི་སྒོ་དང་བཅས།། ཐོད་ཕྲེང་སྦྲུལ་གྱི་ཟར་ཆགས།། ཞིང་གི་གདུང་དང་ཀ་བ་སྟེ།། སྤྲིན་ནག་དུར་ཁྲོད་རྒྱ་དང ་བཅས། ། ཁྲོ་མོ་བདུད་རྩི་ལྷ་མོ་དང་།། ཐོད་པ་ལྔ་གསུམ་རྩིག་པ་ཅན།། ཉི་ཟླའི་རྒྱན་ཅན་བསམ་བྱས་ལ།། དྲེགས་པ་གནོད་སྦྱིན་སྲིན་པོ་དང་།། དྲི་ཟ་གཤིན་རྗེ་གཞོན་པར་བཅས།། དེ་བཞིན་བསལ་བར་བསྒོམ་པར་བྱ།། ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། ཆོ་ག་ལས་བྱུང་རིམ་པ་ཡིས།། གཉིས་མེད་གསལ་བས་དེ་བརྟེན་ཕྱིར།། དབང་བསྐུར་བྱིན་རླབས་རིམ་བཞིན་བྱ།། སྦྱོར་བའི་ཐིག་ལེ་འཕྲོས་པ་ཡིས།། གདུག་པ་མ་ལུས་བཏུལ་ནས་ནི།། རང ་རང་རིམ་པ་གསལ་གྱུར་ནས། ། ཧཱུཾ་གིས་ཕྱོགས་ཕྱོགས་གདན་ལ་བཞུགས།། ཧ་བརྒྱད་ས་བོན་ལས་བྱུང་བ།། དཀར་མོའི་ཚོགས་དང་རྐུན་མོའི་ཚོགས།། རྨོངས་མོ་དང་ནི་ཐལ་བྱེད་མ།། ལྦོས་མོ་དང་ནི་གཏུམ་མོ་དང་།། སྨེ་ཤ ་ཅན་དང་མ་ཚོགས་མའི། ། སོ་སོའི་ཆ་ལུགས་རྔམ་འཐོན་ནས།། སྤྲུལ་པ་བཞི་པོ་ལ་ཐ་མ་ཞིང་།། རང་རང་ལས་མཛད་སྙིང་པོ་སྒྲོགས།། འདུས་ཏེ་ཕྱོགས་ཕྱོགས་གནས་པར་བྱ།། ཧེ་བརྒྱད་ས་བོན་ལས་བྱུང་བ།། སྟག་དང་སེང་གེ་ཝ་དང ་ཁྱི། ། བྱ་རྒོད་རྐང་ཀ་འུག་པ་དང་།། ཕོ་རོག་ལ་སོགས་འཕྲ་མེན་རྣམས།། འཕྲོ་འདུལ་ལས་དང་ཕྱོགས་མདོག་མཚན།། རིམ་པ་ཇི་བཞིན་དེ་བཞིན་བས་མ།། ཕཊ་བཞིས་རྟ་དང་ཕག་གདོང་དང་།། སྦྲུལ་དང་སྤྲེའུ་གདོང་རིམ་པ་བཞིན།། ལས ་དང་སྐུ་མདོག་ཕྱག་མཚན་ཡང་། ། རིམ་པ་བཞིན་དུ་གནས་པ་ཡིན།། དེ་དག་འཁོར་ལོ་དབུས་དང་ལྔ།། ཡབ་ཡུམ་ཕྱག་རྒྱ་འབྲེལ་བར་གནས།། རྩིབས་མཚན་གྲུ་ཆད་བཞི་དག་ལ།། གནས་ཀྱི་མ་མོ་དགོད་པར་བྱ།། བར་འཁྱམས་དང་པོར ་འཕྲ་མན་བརྒྱད། ། ཕྱོགས་མཚམས་རིམ་པར་དགོད་པར་བྱ།། སྒོ་བཞིར་སྒོ་བརྔམ་ཚུལ་གནས།། བར་འཁྱམས་ཐ་མ་དག་ལ་ནི།། སླས་དང་བྱི་མོ་བྲན་མོའི་ཚོགས།། སྐུ་མདོག་ཕྱག་མཚན་བཞུགས་ཚུལ་ཉིད།། རིམ་པ་བཞིན་དུ ་བཀོད་པར་བྱ། རིན་ཆེན་ཐོད་པའི་དབུ་རྒྱན་དག། གནས་སྐབས་དག་ཏུ་འཚལ་བར་བྱ།། སྐུ་གསུངས་ཐུགས་ཀྱང་དེ་བཞིན་ཏེ།། ཡན་ལག་དཀྱིལ་འཁོར་ཉིད་དུ་བཤད།། གང་ཕྱིར་ནམ་མཁའི་ཡེ་ཤེས་ཉིད།། སྤྲོས་མེད་དམ་པ་ཉིད་དུ་འདོད།། ་བདེ་བའི་ཐིག་ལེས་ཀུན་ཁྱབ་ལ།། ཆོས་ཉིད་སྙིང་རྗེ་ཀུན་དུ་སྣང་།། ཐིག་ལེ་རང་སྙིང་ས་བོན་རྒྱུ།། ཟག་པ་མེད་པའི་སྙིང་པོ་ཡིན།། མ་ལུས་འདུས་པའི་སྙིང་པོ་ཅན།། ཐི་གི་ལེ་གོང་འོག་ཀུན་དང་འབྲེལ།། གནས་པ་ཁོང་སྟོང་ཚུལ་དག་གི།། ་མ་ལུས་ཀུན་ལ་ཁྱབ་པ་ཡིན།། ཛྷཻཾ་སྒོ་གཡོ་བའི་ས་སྒོ་ཅན།། སྐྱོད་དང་ལས་ཀྱིས་ཁྱབ་བྱེད་པ།། ལུས་ཁྱབ་གནས་དང་ལས་དག་ནི།། ཁྱད་པར་སོ་སོར་སྣང་བ་ཡིན།། དེ་སྟེང་ཏི་ལ་ཀའི་རང་བཞིནནི།། འབར་མ་བརྒྱད་དང་ལྡན་པ་ཉིད།། ་ཞུ་དང་འབར་བའི་ལས་བྱེད་པ། དྲག་མོ་ཞེས་ཀྱང་འདོད་པ་ཡིན།། ཐིག་ལེ་སྒོ་ནས་འཛག་པའི་བཅུད།། གཤེར་དང་འཛག་པའི་བམ་སྙིང་ཅན།། སྡང་དང་བེབས་པའི་རང་བཞིན་ཅན།། ལུས་ཅན་གནས་པ་གསལ་བར་བྱ།། གང་ལ་གང་རྟེན ་དེ་ཡི་རྟེན། ཐིག་ལེ་རྩར་བཅས་བདེ་བའི་རྟེན།། དེ་ཉིད་བསྐྱེད་དང་གནས་གྱུར་པ།། བརྟེན་པས་ས་ཡི་དཀྱིལ་འཁོར་ཉིད།། འཁོར་ལོ་གཞལ་ཡས་རང་བཞིན་ཏེ།། རིམ་པ་གོང་འོག་འབྲེལ་པ་ཅན།། ལུས་ལ་གནས་པས་དུར་ཁྲོད་དེ། ་ཁ་དོག་རྩ་དང་བཅུད་འདུས་པའི།། རྒྱན་དང་གདན་དུ་ལྡན་པ་ཉིད།། གང་ལ་རྟེན་པའི་ཐིག་ལེ་ཉིད།། གཉིས་མེད་བདེ་བ་ཆེན་པོའི་ལྷ།། ས་བོན་ཡི་གེ་བདེ་བ་ཡིས།། སྐུ་གསུང་ཐུགས་དང་ལྡན་པ་ཉིད།། གཅིག་ཀྱང་ཁམས་ལྔའི་བདེ་བའི ་རོས། ། མ་ལུས་ཁྱབ་པའི་ཚུལ་གྱིས་གནས།། ལུས་ལ་ཐིག་ལེ་ཆེན་པོ་གནས།། གནས་དང་བཅུད་དང་བདེ་བ་ཉིད།། ཐབས་ཆེན་ཐབས་ལས་བྱུང་བ་ཡི།། ནམ་མཁའི་ཡེ་ཤེས་དཔག་ཏུ་མེད།། འཇུག་པ་བཞི་དང་རིམ་པ་བརྒྱད།། ་ཐིག་ལེ་གཅིག་གིས་ཁྱད་པར་འཕགས།། ཉོན་མོངས་ཟད་པས་ཟད་བྱེད་དེ།། དངས་མའི་ཡེ་ཤེས་ལྔ་འབར་ཉིད།། ཡུལ་དང་བཅས་པའི་རང་བཞིན་ལས།། འབར་བའི་དཀྱིལ་འཁོར་གསལ་བར་སྣང་།། གནས་ཀྱི་ཐིག་ལེ་བདེ་བ་ཅན།། ་དུར་ཁྲོད་མ་བརྒྱད་གསང་བ་སྟེ།། གཉིས་མེད་འཕྲ་མེན་ཉིད་དུ་བཤད།། ཐིག་ལེ་ཐབས་དང་བཅས་པ་ཉིད།། དཀྱིལ་འཁོར་འཇུག་པའི་སྒོ་དང་འབྲེལ།། སྙིང་པོ་ཐིག་ལེ་ཉིད་དུ་སྦྱོར།། གང་དང་ལྷན་ཅིག་སྐྱེས་པ་ལས།། བདེ་བ་ཆེན་པོ་སྐྱེ ་པ་མེད། ། མ་ལུས་བདེ་བ་ཆེན་པོ་ཉིད།། ཁྱབ་པ་རྒྱ་ཡོངས་མ་ཆད་པའོ།། མ་ལུས་འདུས་པའི་བདེ་བའི་རོ།། ས་ཡང་བཅུ་གསུམ་འདུས་པའི་མཁའ།། རང་འབྱུང་ཁྱབ་པ་ཆེན་པོའི་གཟུགས།། ཀུན་འདུས་ཤིག་ལེ་ཆེན་པོར ་གསལ། ། རྣམ་ཐར་གསུམ་ལྡན་ཨེ་ཡི་གཟུགས།། བདེ་བ་བསྐྱེད་དང་ཐིག་ལེ་བསྐུལ།། འཕྲོ་དང་བསྡུད་དང་བསྡམས་པའི་རླུང་།། རྡོ་རྗེ་པད་མ་འདུས་པའི་ས།། རྟེན་དང་བྲལ་བ་བདེ་བའི་ས།། ཤུ་ཀྲ་ཐིགི་ལེ་གང་གཤེར་བ།། ་གསང་བ་ཆུ་ཡི་རང་བཞིན་ཡིན།། དེ་དག་ཕྱག་རྒྱས་གང་སྦྱར་བས།། བདེ་བའི་དྲོད་ནི་རང་འབར་སྐྱེ།། བྷྲཱུཾ་ལས་གསང་བའི་གཞལ་ཡས་ཁང།། སངས་རྒྱས་རིན་ཆེན་ཟ་མ་རྟོག། སྣ་ཚོགས་འདུས་པའི་སྙིང་པོ་ཅན།། ་ཁྱད་པར་འཕགས་པའི་འོག་མིན་ཏེ།། ཡོན་ཏན་རྫོགས་པའི་དངོས་གཞི་ཅན།། དགའ་བཞི་འཇུག་པའི་སྒོ་དང་ལྡན།། འབབ་འཛག་ཐིག་ལེའི་སྒྲས་དང་ལྡན།། བདེ་བཉི་ཟླ་རྒྱལ་བ་བཞུགས།། ཐིག་ལེ་འདྲེས་པ་བདེ་བའི།། 1 ་འབྲེལ་བའི་བདེ་བའི་ལྷ། ། འཐུང་དང་རྔུབ་པའི་ཐབས་ཆེན་གྱིས།། འཁོར་བའི་ས་བོན་ཟད་བྱེད་པས།། ཟད་བྱེད་ཁྲོ་བོར་དེ་བཤད་པའོ།། དཔག་མེད་ཐིག་ལེའི་རང་བཞིན་གང་།། ས་ཡ་བཅུ་གསུམ་པོ་ཟང་ན།། བདེ་བ་ཆེན་པོ་ཡ ་ཤེས་གཟུགས། ། སྐུ་གསུང་ཐུགས་དང་ལྷན་ཅིག་བཞུགས།། འདུ་ཤེས་གསུམ་ལྡན་བྱིན་རླབས་ཏེ།། གསང་བའི་ཡེ་ཤེས་ལྔ་ལྡན་པས།། དབང་ཐོབ་རྣམས་ལ་རྒྱས་བཏབ་པོ།། གསང་བ་ཐིག་ལེ་ཆེན་པོ་ནི།། རང་འབྱུང་བདེ་བ ་ཆེན་པོ་ཉིད། ། རྣམ་རྟོག་རྒྱུ་བ་ཆད་པ་ཡི།། རྡོ་རྗེ་པད་མའི་བར་ན་གནས།། འོག་སྒོ་སྙིང་པོ་པད་མ་ནི།། རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཏེ།། གསང་བ་སྐུ་གསུང་ཐུགས་ཉིད་དུ།། ཐབས་དང་ཤེས་རབ་གཉིས་མེད་གནས།། མ་ལུས། ་འདུས་པའི་ཐིག་ལེ་ཉིད།། གཉིས་མེད་བཅུད་དུ་གྱུར་པ་ན།། དེ་ཡི་བདེ་བ་ཆེན་པོ་ཉིད།། ཁྱབ་པའི་ཚུལ་གྱིས་གང་བར་བཞུགས།། ཡེ་ཤེས་རྒྱ་མཚོ་ལྷན་ཅིག་སྐྱེས།། གསང་བའི་ཐིག་ལེ་བདེ་བའི་རོ།། ཉི་ཟླ་འདྲེས་པའི་ཚུལ་གྱིས་སྣང་།། ་གསང་བའི་དཀྱིལ་འཁོར་ཆེན་པོར་བཤད།། དེ་ནས་རྒྱལ་བ་ཐམས་ཅད་ཀུན།། གདུལ་བྱའི་བསམ་པའི་ཁྱད་པར་གྱིས།། ནམ་མཁའ་དབྱིངས་ཀྱི་མཐས་གཏུགས་པར།། རྡོ་རྗེ་ཁྲོ་བོར་སྣང་གྱུར་ཏེ།། བསྐྱེད་ཅིག་གདུག་པ་འདུལ་བ་ཡི། ་དྲག་པོ་ལྷ་ཡི་སྔགས་དག་དང་།། དེ་ཡི་གཞལ་ཡས་སྣང་བར་མཛད།། བྷྲཱུཾ་པ~ཾ་ཤྭ་བི་ཤུད་དྷེ། ཛྙཱ་ན་ཀཱ་པ་ལ་དན་པཉྩཧཱུཾ། མ་ཧཱ་དེ་བསྟིར་བཾ། ཨཱུརྱ་ཙན་ཏྲ་མཎ་ཌ་ལ་ཧཱུཾ།། དེ་སྟེང་སོ་སོའི་སྒྲ་ཉིད་དག། གསལ་བའི་རིམ་པ་དགོད ་པ་བྱ། ཨོཾ་བྷུ་བཧྨ་ཤཱི་ཧེ་དྲཀ་མ་ཧཱན་ཏ་ཨུ0f7f་སརྦ་དུཥྚཱན་ཏ་ཀ་ཧན་དཏབ་ཙ་ཙྪ་ཏཱ་པཿ། ཨོཾ་བཛྲཱ་མདྷ་ཤྲཱི་ཧེ་རུ་ཀ་པ་ཧཱ་ཙཏ་ར་སརྦ་དུ་ཥྚཱན་ཏ་ཀ་ན་ད་ཧ་བ་ཙ་ཧཱུ~ཾ་ཛྫ་དྷ་ཕཊ། ཨོཾ་དང་ནམཧཱ་ཤྲཱི་ཧི་ད་ཀ་མ་ཧཱ་ཙཎ་ཎ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙཙྪ་ཛྫ་ཧཱུ~ཾ་ཕཊ། མ~ཾ་པདྨ་མཧཱ་ཤཱི་ཙཿ ་ཀམ་ཧཱ་ཙཎ་ཌ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙུ་ཧཱུཊྚ་ཧཱུ~ཾ་ཕཊ། ཨོཾ་ཀརྞ་མཧཱ་ཤྲཱི་ཧེ་རུ། མ་ཧཱ་ཙཎ་ཌ་སརྦ་དུཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དང་ཀྲོ་དྷི་ཤྭ་ཛ་ལ་ན་ཧཱུཾ་ཕཊ། ་ཨོཾ་མ་ཧཱ་སཱ་དྱ་ངན་མ་ཧཱཀྲོ་དྷི་ཤྭ་བ་དམ་ཧཱུ~ཾ་ཨུ0f7f། ཨོཾ་ཤཱི་ཤ་ཏ་ས་མན་ཏ་པད་མ་མ་ཧཱ་ཀྲོཏ། ཤྭ་རི་བའི་ཧཱུ~ཾ་ཕཊ། ཨོཾ་སརྦ་ཨ་མོ་ཀ་མ་ཧཱ་དྷི་ཤ་བི་ཤ་ཤ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀོ་རཏ། བཛྲ་ཙི་ཏ། བཛྲ་པྲ་མོ་ཧཱཿ ་བཛྲ་པ་ཏ་ལི་ཏི། བཛྲ་པུཀ་སིཏ། བཛྲ་གྷ་སྨ་རིཿ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙཎ་ཌ་ལིཿ། བཛྲ་ས~ཾ་ཧ་མུཥཱི་ཧེ། བཛྲ་བྷ་ཀྲི་མུཥཱི་ཧེ། བཛྲ་སྲིལ་མུ་ཁཱི་ཧེ། བཛྲ་ཤོན་མུ་ཥཱི་ཧེ། བཛྲ་ཀྲྀཏ་མུ་ཥཱིཿ། བཛྲ་ཀ~ཾ་ཀ་མུ་ཥཱིཿ ་བཛྲཀཀ་མུ་ཥི་ཧྱ་ཧེ། བཛྲ་ཨུ་ལི་ཀ་མུཥྚི་ཧེ། བཛྲ་ཨུ་ལི་ཀ་མུ་ཥཱི་ཧེ། བཛྲ་ཨརྱ་ཏེ་ཙེ་ཏིང་ཙ། བཛྲ་ཨ་མོ་གྷ་དྷྭཾ། བཛྲ་ལོ་ཀ་བཾ། བཛྲ་བསྨི་ས་མ་ཡ་བ་ཏོ་ཧོཿ།། བྷྱོ་བྷྱོ་བྷྱོ་བྷྱོ་དྡྷོ་བྷྱོ་བྷྱོ།། བྷྱོ་བྷྱོ་བྷཱུ་དྦྷ་བྷྱོཊྚ་བྷྱོ།། བྷྱོ་བྷོ་བྷུ་བྷཱུ་ཙྪ་བྷྱོ་བྷྱོ། ་བྷུ་བྷུ་བྷུ་བྷྱོ་བྷོ་བྷ་བྷོ།། བཛྲ་མ་ནུ་རཀྵ་སི། བཛྲ་པྲབཱ་ནི། བཛྲ་རྀཎི། བཛྲ་བིཥྤེ་བེ། བཛྲ་ཀྲྀ་མ་རི་བཛྲ་ཨིནྡན། བཛྲ་སུདྱ་ཡེ། བཛྲ་བི་དག་ལམ། བཛྲ་སཽ་མེ། བཛྲ་ཨ་མིཏ། བཛྲ་དྷན་དམ་བཛྲ་དཀྵ་སེ། བཛྲ་བག་ཤ་སཾ་བཛྲ་རཿ ་བཛྲ་དྲ་ཏི་མ་ཏ~ཾ། བཛྲ་ཨེ་ཀ་ཛ་རཾ། བཛྲན་མོ་ཧ་དཾ། བཛྲ་སི་ཏི་ཀཾ་བཛྲ་པ་ཡ་བྷེ། བཛྲ་མ་ཧཱ་མཱ་རན། བཛྲ་ཨགྣེ་བཛྲ་བ་ཧི། བཛྲ་ཙ་མནྟི། བཛྲ་པཱ་ཛ་ན། བཛྲ་བ་རུ་ནི་བཛྲ་མ་ཧཱ་ཀ་ལ། བཛྲ་ཙཀྲལ་བཛྲ་སུམ་པ་ཀ་ལན། བཛྲལ་མ་པོ་དྷང་། ་དུསྭ་རུ་ལུ་ཧཱུ~ཾ། མཧོཧི་མནམ་རྩུ་བཏོ། ར~ཾ། ཨོཾ་བཛྲ་གྲོ་དྷ་ཡ་མ་བཛྲཾ། ཨོཾ་ཀྲོལ་ཁྲོས་པས་ནི་མཛད་པ།། ཐུགས་རྗེས་མོད་པ་ལ་རྣམ་པའི་ཚགས།། འབར་བའི་བྱིན་རླབས་མང་པོ་ཆེ། དེ་ཉིད་དུ་ནི་བདག་ལ ་ཕྱོགས་བ་མ་ས་ས་ཏྱ་ཨོཾ་བཛྲ་ཀྲ་དྷ་ས་མ་ཡ་བཊ། ཨོཾ་བཛྲ་ཀྲྀ་དྷས་མ་ཡ་ཧོ།། མ་ལི། ཨུ་ལི་ཏ་ལ་ཏ་པ་ལི་དང་ཥྚ་གྷོན་ར་ཏྲཱ~ཾ། བ་ར་ཡ་ག་ནི་ཁཱ་ཨུ0f7f་ཧོ།། དྲུག་ཏེ་བར་སྦྱོར།། གསང་སྔགས་དྲག་ཅེས་བུ་ལས་ནི།། ཕྱོགས་པརྒྱ ་ཚིག་ཅང་རབ་ཏུ་ཚིག། ཀུན་དུ་རབ་ཏུ་ཚིག་པར་གྱུར།། འབར་དང་རབ་འབྱམ་ཀུན་དུ་འབར།། འབར་བའི་དཀྱིལ་འཁོར་ཁྲོ་ཚོགས་ཀྱིས།། གང་ཞིག་རབ་གང་ཀུན་དུ་གང་། འཁྲུགས་དང་རབ་འཁྲུགས་ཀུན་དུ ་འཁྲུགས། ། འཐོར་ཞིང་རབ་འཐོར་ཀུན་དུ་འཐོར།། འགུལ་ཞིང་ལྡེག་པ་དེ་བཞིན་ཏེ།། ཕྱོགས་བཅུ་དུས་བཞི་གང་བ་ཡི།། སྤྲ་བོ་ཆེ་ཡང་སྒྲོགས་པར་བྱེད།། ཕྱོགས་བཅུའི་གདུགས་པ་མ་ལུས་པ། ཐུལ་ཞིང་བརྒྱལ་ནས་མྱོས་གྱུར་ཏེ། ་དེ་དག་བདེ་བས་བསླང་བྱས་ཏེ།། བདེ་བ་ཆེན་པོ་དགྱེས་པའི་གར།། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར།། རྣམ་པར་འཕྲུལ་པའི་གཟུགས་ཀྱིས་བྱེད།། རྡོ་རྗེ་གསང་བ་རང་བཞིན་ལས།། ཐིག་ལེ་ཆེན་པོའི་དཀྱིལ་འཁོར ་བསྒྱུར། ། གདོང་ནས་ཐིག་ལེའི་རང་བཞིན་ཉིད།། མ་བཅོས་ཐིག་ལེར་གནས་པ་ཉིད། མ་ལུས་ཐིག་ལེར་རྒྱས་བཏབ་པ།། ནམ་མཁའི་གཟུགས་ཅན་དེ་བཞིན་ཉིད།། མ་ལུས་བདེ་བའི་ཐིག་ལེ་ཉིད།། ཁྱབ་པ་ཆེན་པོའི་རང་བཞིན་ཏེ། ་མཐའ་དབུས་བྲལ་བ་བདེ་བ་ཆེ།། སྙིང་རྗེ་ཆེན་པོར་བརྗོད་པ་ཡིན།། ཀུན་གྱི་རྒྱུ་ནི་ཐིག་ལ་སྟེ།། མ་ལུས་ས་བོན་རྩ་བ་ཉིད།། མི་ཤིགས་སྙིང་ཁའི་ཕོ་བྲང་ཉིད།། ཡེ་ཤེས་རྫོགས་པའི་གཞན་ཡས་ཁང་།། ནམ་མཁའ་ལྟ་བུའི་མཚན ་ཉིད་དེ། ། རྒྱལ་བ་ཀུན་གྱི་བཞུགས་གནས་སོ།། ཉོན་མོངས་གདུག་པའི་གདན་ཁྲི་ཉིད།། གདུལ་བྱ་ཐུབ་པ་ཉིད་དུ་བསྟན།། ཕུང་པོ་ཉོན་མོངས་ལྔ་དག་པ།། རྒྱལ་པོ་ལྔ་ཡི་རང་བཞིན་ཏེ།། རང་སྙིང་དངས་མར་བཅས་པ་ཉིད།། དབང་ཕྱུག། ་ལྔ་རུ་བརྗོད་པ་ཉིད།། རྣམ་ཤེས་ཡུལ་དུ་བཅས་པ་ཉིད།། རྟེན་དང་བརྟེན་པར་བཅས་པ་ཡི།། བདེ་བ་འབྲིམེན་བཅུད་དྲུག་ཉིད།། བྱི་ལྟ་ནང་ལྷ་དཀྱིལ་འཁོར་ཉིད།། དགུག་དང་འཛིན་དང་ཐིག་ལེས་བསྡམས།། ཐིག་ལེའི་རང་བཞིན ་གཉིས་སུ་མེད། ། དབུ་མའི་ཐིག་ལེ་བཅས་པའི་ལམ།། དབང་ཕྱུག་ནམ་མཁའ་དབང་མོ་ཚོགས།། དབབ་པ་ཉེ་བའི་ཚུལ་བཟུང་ནས།། ཐིག་ལེ་དབབ་པའི་ཐབས་བཞི་ཡིས།། ཕབ་པས་རང་རྒྱུད་དངོས་པོ་བསྲེག། དྲན་འབྱུང་རིག་པའི ་བྲོ་འདུ་ཚོགས། ། བདེ་བ་ཆེན་པོའི་དོན་ལ་འཇུག། གཉིས་མེད་ཐིམ་པས་དཀྱིལ་འཁོར་འབར།། སྐུ་གསུང་ཐུགས་སུ་ཀུན་གསལ་བས།། གཉིས་མེད་ཐིམ་པས་མཛེས་པར་མཛད།། རང་བཞིན་བདེ་བའི་དཀྱིལ་འཁོར་ཀུན།། ་རིག་པ་ཉམས་མྱོང་དབྱིངས་ལ་ཐིམ།། དྲན་རྟོགས་འབྱུང་བ་ཉོན་མོངས་ཀུན།། ཚིག་པ་གསུམ་ཏུ་ཤེས་པར་བྱ།། ཡེ་ཤེས་བདེ་བ་ཆེན་པོ་ཉིད།། འབར་བ་གསུམ་དུ་ཤེས་པར་བྱ།། བྱང་ཆུབ་སེམས་ཀྱི་བདེ་བ་ཡིས།། མ་ལུས་གང་ཞིང ་ཁྱབ་པར་གྱུར། ། ཐིག་ལེ་གོང་འོག་སྟེང་འོག་ཉིད།། ཐིག་ལེ་གོང་མ་ཉིད་འོག་ཏུ།། འོག་མ་ཉིད་ནི་སྟེང་དུ་འབར།། གཅིག་གཉིས་ལུས་ཀུན་ཁྱབ་པར་འཐོར།། ལུས་དང་རྩར་བཅས་འགུལ་བ་དང་།། ལྡེག་ཅིང་འབར་བའི་བདེ་བས ་གང་། ། བདེ་བས་དབང་བསྒྱུར་ཚིམ་པའི་སྒྲ།། མ་ལུས་ཁྱབ་པར་སྒྲོགས་པར་བྱེད།། སྐུ་གསུང་ཐུགས་ཀྱི་བྷ་ག་ཉིད།། བདེ་བ་ཆེན་པོ་ནམ་མཁའི་དབྱིངས།། འབྱུང་བཞི་རྡོ་རྗེ་པད་མ་ཉིད།། རེག་པ་འདུས་པའི་བདེ་བ་ཉིད།། རེ་དོགས་སྣ ་བཆད་པ་ཉིད། ། དེ་བཞིན་ཉིད་དུ་བལྟ་བར་བྱ།། ཐིག་ལེ་འདྲེས་པའི་བདེ་བ་ཡིས།། ས་ཡང་བཅུ་གསུམ་ཁྱབ་པའི་ཡིད།། མ་ལུས་མཁའ་ལྟར་དྲི་མེད་པའི།། རང་འབྱུང་ཕྱོགས་མེད་ཀུན་དུ་སྣང་།། ཐབས་དང་ཤེས་རབ་བདེ་བ་ཡིས།། ་འབྱུང་བཞི་རིམ་པའི་དངས་མ་སྟེ།། ས་བོན་བདེ་བའི་རྒྱུ་ཞེས་གྲགས།། བྷ་ག་པད་མའི་སྙིང་པོ་ཉིད།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི།། བཞུགས་གནས་བདེ་བ་ཆེན་པོའི་རྟེན།། སངས་རྒྱས་རིན་པོ་ཆེ་ཡི་སྣོད།། ཕུང་པོ་ལྔ་དང་ཉོན་མོངས ་ལྔ། ། ཡེ་ཤེས་ལྔ་ཡིས་ཟིལ་གྱིས་གནན།། ཉི་ཟླ་པད་མའི་གདན་ལ་བཞུགས།། སངས་རྒྱས་ཀུན་གྱི་སྙིང་པོ་ནི།། བདེ་བ་ཆེན་པོའི་རང་བཞིན་ཉིད།། ཐིག་ལེ་ཕྲད་པའི་དུས་ཉིད་ན།། ཡེ་ཤེས་ལྔ་ཡི་རོ་དང་ལྡན།། གདུལ་བྱ་འཇོམས ་བའི་ཁྲོ་བོ་ལྔ། ། འབྱུང་ལྔ་དབང་ཕྱུག་རྣམ་པར་བསྟན། མྱོང་དང་ཡུལ་བཅས་རྣམ་ཤེས་ཡུལ།། འགྲ་མེན་ཉིད་དུ་ཤེས་པར་བྱ།། ཕྱག་རྒྱར་བཅས་པའི་སྦྱོར་བ་བའི།། སྒོར་བཅས་ཉིད་དུ་ཤེས་པར་བྱ།། སྐལ་ཚིགས་འཇུག ་ཐིག་ལེ་ཉིད། ། དབང་ཕྱུག་བདེ་བར་ཤེས་པར་བྱ།། གཉིས་ཀ་ཕྱོགས་པའི་རང་བཞིན་ཉིད།། བདེ་བ་ཆེན་པོ་སྤྱན་དྲངས་པས།། རྟོག་པའི་བདེ་བའི་དཀྱིལ་འཁོར་འཇུག། རིམ་པ་གཉིས་མེད་བརྡ་མཇའ་མཆོག། སྐུ་གསུང་ཐུགས་ཀྱི་ཐིག་ལེ ་ཉིད། ། གཉིས་སུ་མེད་པར་ཐིག་པར་མཛད།། རྣལ་འབྱོར་དབང་ཕྱུག་ཕོ་མོ་ཀུན།། བདེ་བ་ཆེན་པོ་མཉེས་པར་གྱུར།། སངས་རྒྱས་གབ་ཆེ་སྙིང་པོ་ལ།། མ་ལུས་བདེ་བའི་རང་བཞིན་ལྡན།། ཐིག་ལེ་གཉིས་མེད་བདེ་བའི་རོ།། ཡེ་ཤེས་ལྔ ་ལྡན་ཟག་པ་མེད། ། ཕྱི་ནང་གང་བའི་དཀྱིལ་འཁོར་ཉིད།། མ་ལུས་འདུས་པའི་རང་བཞིན་ཏེ།། ཉི་ཟླ་འདྲེས་པའི་གར་ཐབས་ལས།། ལྷན་ཅིག་སྐྱེས་པ་གསལ་བར་འགྱུར།། ས་ཡ་བཅུ་གསུམ་གཉིས་འདུས་པའི།། ཐིག་ལེ་རྡོ་རྗེའི ་རང་བཞིན་ཉིད། ། གཉིས་མེད་འཁྲིལ་པ་ཞེས་བྱ་སྟེ།། རང་རིག་བདེ་བ་ཆེན་པོར་ཐིམ།། སངས་རྒྱས་རིན་ཆེན་དེ་ཡི་དབྱིག། ཁ་སྦྱོར་སྙིང་པོ་ཟ་མ་ཏོག། སྐུ་གསུང་ཐུགས་ཀྱི་ཕོ་བྲང་ལས།། མ་ལུས་ཐིག་ལེ་གནས་པར་མཛད།། སྐུ ་གསུང་ཐུགས་ཀྱི་ཕོ་བྲང་ནི། ། བདེ་བ་ཆེན་པོའི་གནས་ཉིད་དེ།། རྡོ་རྗེ་སྙིང་པོ་རྩ་དང་འབྲེལ།། གཉིས་མེད་བདེ་བའི་ཐིག་ལེར་གནས།། གསང་བའི་ཐིག་ལེ་ཆེན་པོ་ནི།། མ་ལུས་འདུས་པའི་བཅུད་ཉིད་དེ།། གསང་བ་ཡོན་ཏན་རྫོགས་པའི ་མཛོད། ། སྙིང་པོའི་ལམ་ལ་གནས་པར་བྱ།། རྡོ་རྗེ་ཟླ་བའི་འོད་ཀྱིས་བརྒྱན།། གཉིས་མེད་ཐིག་ལེས་གང་བ་ཡི།། བདེ་བ་ཆེན་པོའི་རང་བཞིན་འཆར།། བརྟེན་ལས་བྱུང་བའི་རྟེན་ཅན་ཉིད།། གང་ལ་གང་གིས་མཉམ་སྦྱར་བས།། ་ཟས་ཆེན་མ་འང་བྱུང་བ་ཡི།། བདེ་བ་ཆེན་པོ་འབར་བར་འགྱུར།། དེ་ནས་རྡོ་རྗེ་ཁྲག་འཐུང་ཉིད།། རང་རང་ཐུགས་ཀྱི་དཀྱིལ་འཁོར་ཉིད།། གདུལ་བྱའི་ངོ་ལ་དགོངས་མཛད་དེ།། ཐུགས་ཀྱི་དཀྱིལ་འཁོར་སྣང་བར་མཛད།། རྡོ་རྗེ་རྡོ་རྗེ་དྲིལ་བུ ་དང་འཇིག་རྟེན་འཁོར་ཡུག་བཅས་པ་འདེགས། ། དེ་བཞིན་འཁོར་ཡུག་བཅས་པ་འདགས།། བཞིན་འཁོར་ལོ་དགྲ་སྟ་དང་།། བརྔ་རབ་ཏུ་འཚལ་བའོ།། ནོར་བུ་རིན་ཆེན་རྩཝ་ཞགས་དང་།། རྡོ་རྗེ་དགྲ་སྟརབ་ཏུ་རྡེབས།། ཆགས་མཆོན། ་པད་མ་ཆེན་པོ་དང་།། དྲིལ་བུ་རྔ་ཡི་སྒྲ་སྒྲོགས་པའོ།། ལས་ནི་རལ་གྲི་ཤོལ་ཆེན་དང་།། འཇིག་རྟེན་རྒྱང་མར་འཕེན་པ་སྟེ།། བར་མ་རྡོ་རྗེ་དུད་དམར་འཇུག། སྟེར་ཆེན་པོ་རབ་རྡེབས་པའོ།། བཙུན་མོ་ཁྲག་འཐུང་ཆེན་མོ་ཡང་།། ་འཁྲིལ་བས་པད་མ་རག་ཏུ་སྟོག།། གནས་དང་ཡུལ་གྱིས་ཕྱག་རྒྱ་ནི།། བྱིས་དབྱུག་མདའ་གཅུ་རྒྱལ་མཚན་དང་།། བྱས་སྣོད་དེ་རྗེ་ཟ་རྡེག་ཚུལ།། ཁྱིས་སྣོད་དུང་དམ་དབྱིས་རྦྦ་དང་།། མགོ་ལུས་འབྲེལ་བའི་ཚུལ་དུ་གནས། སྟེ ་འོག་ཕྱི་ནང་སྣོལ་བ་དང་། ། བྱིས་ལྡག་ཁོག་པ་དྲལ་ཞིང་ལྟ།། རྒྱུ་མགོ་ཞིང་ཁུར་རྒྱུ་གྲི་དང་།། རྡོ་རྗེ་ལྕགས་ཀྱུ་འཛིན་པའོ།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དང་།། དྲལ་བུ་འཁྲོལ་བས་སློང་བར་བྱེད།། སླས་དང་བྱི་མོ་བྲན་མོའི ་ཚེགས། ། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས།། རང་གི་སྟན་དང་ལག་ཆ་དང་།། ཅི་བགྱིས་ཞེས་ན་ཆས་ཏེ་གནས།། ཀུན་ཀྱང་མཛེས་པའི་རྒྱན་དང་བཅས།། ཞལ་འཛུམ་སྟེག་མིག་འཁྲིལ་ཚུལ་ཅན།། དབུ་སྐྲ་རལ་པ་ལྟང་ལོ ་བཅིངས། ། ཤད་པ་ཡི་ཀླུ་ལེན་ཅིང་།། དམར་ལ་རྡུལ་ལྡེ་མ་ཆགས་པའི་ཚུལ།། སྣམ་ཞེང་ཆེ་ལ་རྐེད་པ་ཕྲ།། ནུ་འབུར་སྟོང་སྨད་བྱེ་ཞིང་འགྱེད།། དམར་ལ་ཀླན་ཞིང་འདུད་ཚུལ་ཅན།། གུས་དང་སྟེག་པའི་ངང་ཚུལ་འཆང།། ་སོ་སོའི་གདན་ལ་འཁོད་པ་ནི།། སྲིན་མོ་སྨུག་ནག་ཐོད་རློན་འཆང་།། ཚངས་མ་དམར་སར་པད་མ་བསྣམས།། ལྷ་ཆེན་ཀར་ལང་ཏྲི་ཤུལ།། གཏོགས་འདོད་སྔོན་མོ་འཁོར་ལོ་འཆང།། གཞོན་ནུར་དམར་མོ་མདུང་ཐང་འཕེན།། བརྒྱ་བྱིན ་དཀར་མེ་ཨི་ན་འདྲ་གདེངས། ། རྡོ་རྗེ་སེར་མོ་ཙ་ན་དན་འཐུང་། བདུད་རྩི་དམར་མོ་པད་མ་སྣམས།། ཟླ་བ་དཀར་མོ་བུན་ཏ་རི།། བེ་ཅོན་ལྗང་གནག་དབྱུག་ཐོ་འཕྱར།། སྲིན་མོ་དམར་མོ་དུ་དཁྲག་འཐུང་།། ཟ་བ་ལྗང་ནག་པ་སུ་འདྲེན།། དགའ་བ་དམར ་མོ་ཀ་ཏར་འཆང་། ། སྟོབས་ཆེན་དཀར་མོ་གཤོལ་འཛིན་མ།། རྡོ་རྗེ་སེར་མོ་སྤུ་གྲི་གཅོད།། འདོད་པ་དམར་མོ་མདའ་གཞུ་འགེངས།། ནོར་བསྲུངས་དཀར་མོ་བུམ་པ་འཛིན།། རླུང་ལྷ་སྔོན་མོ་བ་དན་འཕྱར།། གསོད ་བྱེད་དཀར་མོ་རལ་གྲི་སོ། ། མེ་མོ་དམར་མོ་གསལ་ཤིང་འཆང་།། ཕག་མོ་ནག་མོ་མཆེ་ཞགས་ཅན།། རྒན་བྱད་དམར་མོ་ཞིང་ཆུང་ཟ།། སྣ་ཚོགས་དཀར་མོ་ཐོད་ཁྲག་འཐུང་།། ཆུ་ལྷ་དམར་སེར་སྤྲུལ་ཞགས་འཛིན།། རྡོ་རྗེ་ནག་མོ ་ལྕགས་ཀྱུ་འཛིན། ། རྡོ་རྗེ་སེར་མོར་མགོ་ཞགས།། རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ།། རྡོ་རྗེ་ལྗང་གནག་དྲིལ་འཁྲོལ་འགྱིང།། སོ་སོ་བརྗིད་པའི་སྟབས་ལྡན་པའོ།། དེ་ནས་གཞན་ཡང་བཤད་བྱ་སྟེ།། རྣམ་པར་སྤྲོ་བའི་རྒྱས་པའི་ཕྱིར།། སྐུ ་དང་གསུང་དང་ཐུགས་ཉིད་དང་། ། ཡོན་ཏན་ཕྲིན་ལས་ཁྲོ་བའི་ཕྱིར།། ལྔ་བཅུ་བརྒྱད་ལྡན་བྱེ་བྲག་ལྔ།། སྔགས་དང་ཕྱག་རྒྱའི་ཏིང་འཛིན་དང་།། སྐུ་མདོག་བཞུགས་ཚུལ་རིམ་པ་དག། རིམ་རྣམས་ཇི་ལྟར་འགྱུར་བ་བརྟག། དེ་ལྟར་བསམས ་དང་བྲིས་པ་དང་། ། བརྗོད་དང་མོས་པའི་སྦྱོར་བ་ཡིས།། ཇི་ལྟར་འཚམ་པར་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་དགྱེས་ཆེན་པོས།། རྔམ་པའི་ཞལ་གདངས་སྤྱན་ཟློག་ཅིང་།། མཆེ་གཙིགས་ཕྱོགས་བཅུར་གོམ་པ་ཡིས།། ་འཇིགས་པའི་སྐང་སྐྱབས་ག་མ་པས།། འཇིགས་བྱེད་བཙུན་ནམ་པར་འགྱུ། ཨ་མ་ཨ་མ་མ་མ་ཨ་ཨ་ཨམ།། བབབབབབབ་བབབ། དྷདྡྷདྷཿདྡྷདྷཱདྷཛྙཱཿ། ཨུ0f89ུ0f4།། ཙྪ་དྡྷ་ད ་ྷདྷདྷཿ། ཧཱུཾ་ཀ་ར་བི་ཛ་ཡ། ནི་ལ་དཎ་ཌ། ཡ་མཱན་ཏ་ཀ་ཨརྱ་ཨ་ཙ་ལ།། ཧ་ཡ་གྲཱི་བ་ཨ་པ་རཱ་ཛཱིཏ། ཨ་མྲི་ཏ་ཀུན་ཌ་ལི། ཏྲཻ་ལོ་ཀྱ་བི་ཛ་ཡ་མ་ཧཱ་པ་ལ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུ~ཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ ་ཕཊ། འདི་དག་མངོན་དུ་ཕྱུང་བ་ཡིས།། རི་བོས་བཞི་འགུལ་བྱེད་ཅིང་།། རྒྱ་མཚོ་མ་ལུས་འཁྲུག་པ་དང་།། སྔགས་ཀྱི་སྒྲ་ཆེན་གྲག་པར་འགྱུར།། ཧཱུཾ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན།། གཤེད་པོ་མི་གཡོ་རྟ་མགྲིན་དང ་གཞིན་འཇོམས་བདུད་རྩི་ཁམས་གསུམ་རྒྱལ། ། སྟོབས་ཆེན་ཁྲོ་བོ་འདི་དག་གིས།། རང་རང་བགེགས་ཀུན་རྣམ་པར་གཟིར། མ་ལུས་འཇིགས་ཤིང་འཇོམས་པར་མཛད།། གརྫ་གརྫ། ཧ་ན་ཧ་ན་དཱ་ཧ་ད་ཧ། པ་ཙ་པ་ཙ། བན་དྷ་བ་རདྷ ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཚིན་ད་ཚིན་ད། བིན་དྷ་བིན་དྷ། སྥོ་ཊ་སྥོ་ཊ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཁྲོ་བོའི་རྒྱལ་པོ་འདི་དག་ཀྱང་།། བློ་དང་ལྡན་པའི་རྣལ་འབྱོར་གྱིས།། སྐལ་པའི ་མེ་རི་ནང་རོལ་ཏུ། ། ཐིས་འམ་བས་མ་འམ་དམིགས་བྱ་བ།། མཐིང་ཀ་དཀར་པོ་མཐོང་ནག་དང་།། ལྗང་སྔོན་དམར་གནག་དུད་ཁ་ལྡེང་།། དཀར་ལྗང་དུད་དམར་མདོག་ཏུ་སྡང་།། ཁྲོ་བོ་ལུས་དང་གྲིབ་མར་གནས།། འཁོར་ལོ་རྐྱེ་རྡོ་རྗེ ་སྟིར། ། དྲང་སྲོང་འབར་བར་བཅས་པ་དང་།། གཤིན་རྗེའི་རྐང་བཟུང་ཞིང་དབྱུག་འཕྱར།། རལ་གྲི་བདེན་བྲལ་སྟིར་དབྱུག་གཤོག། བ་དན་བརྒྱད་ཐོགས་བེ་རམ་ཉིད།། རིན་ཆེན་ནི་མགོ་གསུམ་གྱི་དབྱུག། རྡོ་རྗེ་རྩེ་གསུམ་ནི་མགོ ་དང་། ། ཟོང་གཤོལ་གཏུན་ཤིང་གཡས་གཡོན་ཐོགས།། ཡང་ན་ཞལ་སུམ་ཕྱག་དྲུག་སྟེ།། བློ་ལྡན་རྣམ་པར་བསམས་ནས་ནི།། བགེགས་དང་གདུག་པར་རྣམ་པར་འཇིག། ཕོ་བྲང་འཁོར་དང་རྣམ་པར་སྒོམ།། དེ་ནས་གཞན ་ཡང་བཤད་བྱ་བ། ། རང་ལུས་རྟེན་དང་བརྟེན་པ་ཡི།། དཀྱིལ་འཁོར་ཉིད་དུ་གསལ་བར་བརྟག། ལྟེ་བ་སྙིང་སྟེ་སྐུ་གསུང་ཐུགས།། ཐིག་གིས་ཆ་ཆེན་ཆ་ཆུང་བཅས།། གནས་བཞི་དངས་མ་འབྱུང་བ་སྟེ།། ཁོག་པ་དུར་ཁྲོད་གཞལ ་ཡས་ཁང་། ། ཀ་བ་གདུང་དང་རྟ་བབས་དང་།། ཟླ་བྲེ་རྡོ་རྗེ་རབ་དང་།། འཁོར་ལོ་དྲ་བ་དྲ་ཕྱེད་དང་།། ཉི་ཟླ་སྐར་ཁུང་རྫིང་བུ་དང་།། བསྐྱེད་ཤིང་གཡས་གཡོན་འཁོར་ལོ་བརྩེགས།། ཅོད་པན་ཉི་ཟླ་པད་མར་བཅས།། རྒྱལ་བ་བཞུམ ་པའི་གཞལ་ཡས་ཁང་། ། རང་བྱུང་རྩི་ཏའི་འཁོར་ལོ་ན།། ཐིག་ལེ་ཡེ་ཤེས་ལྔ་བདག་ཉིད།། མ་ལུས་ཐིག་ལེ་འདུས་པའི་ངོས།། ཆོ་འཕྲུལ་སྟན་དང་གདུག་པ་འདུལ།། སོ་སོར་འཁོར་ལོ་དགོད་པ་ཡི།། ཏིང་འཛིན་རྫོགས་པའི་ཚུལ ་དུ་བསྒོམ། ། འབྱུང་བཞི་དངས་མ་ཡུམ་ཉིད་དེ།། བདེ་བའི་དངས་མནམ་མཁའི་ཁམས།། ཐབས་དང་ཤེས་རབ་གཉིས་མེད་པའི།། རང་བཞིན་ཁམས་ལྔའི་རང་བཞིན་བཅུད་།། ཟླ་བ་ཉི་མ་གནས་པ་ཡི།། ཤྲཱི་ར་ཙི་ཏི་འཁྲིག་ལེ ་ནང་གི་གདུག་པ་འཇོམས་པ་དང་། ། སྤྱོད་ཡུལ་བདེ་བར་སྦྱར་པ་དང་།། ཐིག་ལེ་སོ་སོར་དགོད་པར་ནུས།། ཕྱེ་བས་རིམ་པའི་འཁོར་ལོ་སྟེ།། བདུས་པས་ཐིག་ལེ་ཆེན་པོ་ཉིད།། ཐིག་ལེ་ཡེ་ཤེས་ལྔར་ལྡན་པ།། ཐབས་ཉིད་དངས་མ ་ཡུམ་དུ་བཤད། ། རྣམ་ཤེས་ཐིག་ལེ་ཉམས་མྱོང་ཉིད།། ཐ་མལ་འཇོམས་པས་ཁྲོ་མོར་སྣང་།། གནས་ཀྱི་ཐིག་ལེ་ཙར་བཅས་པ།། འཕྲ་མེན་ཉིད་དུ་ཤེས་པར་བྱ།། གནས་བཞི་འཇུག་པའི་སྒོ་ཉིད་དེ།། སྒྲལ་ཚོགས་ལ་རྟེན་བདེ་བའི ་བཅུད། ། ཕྲོ་ཞིང་སྣང་བ་དབང་ཕྱུག་མ།། གནས་རྟེན་བཅུ་ཡི་ཐིག་ལེ་ལ།། འཇོམས་པའི་རང་བཞིན་གསལ་བར་བྱེད།། ཉམས་མྱོང་སྐྱེ་དང་རྣམ་པ་མེད།། སྤྱོད་ཡུལ་དག་པས་ནང་དུ་བཤད།། ཟླ་བ་ཉི་མ་ལ་རྟེན་ཏེ།། སྐུ་གསུང་ཐུག། ་གྱིལམ་རྒྱུད་དེ།། ཐིག་ལེ་གཡོ་དང་འབར་བ་དང་།། རི་དོགས་མེད་དང་རྣམ་པར་དྲན།། བདེ་བའི་ཡན་ལག་བཞི་རུ་འགྱུར།། འཁྲུད་པ་གར་གྱི་ཕྱག་རྒྱ་བཞིས།། རྡོ་རྗེ་སྙིང་པོའི་པད་མར་འབྲེལ།། བསྐྱེད་པ་རླུང་དང་མཉམ་སྦྱར་བས།། ་ཉི་མ་ཟླ་བ་དུས་ཅིག་འཆར།། དེ་ཉིད་ཀུན་དུ་ཁྱབ་པ་ལས།། མ་ལུས་ལྷན་ཅིག་སྐྱེས་པར་འགྱུར།། བདེ་བ་ཆེན་པོ་གཉིས་མེད་པ།། ཁ་སྦྱར་བསྲུབ་པའི་ཐབས་ལས་སྐྱེས།། ཐབས་ལས་བྱུང་བའི་གསང་ཐིག་ལེ།། མ་ལུས་འདུས་པ ་བཅུད་ཀྱི་འོ། ། རྟེན་ལས་རྟེན་ཅན་ཉམས་མྱོང་བ།། ལྷག་པའི་ཡེ་ཤེས་ཐབས་ལས་སྐྱེས།། ཆོས་དབྱིངས་ལ་སོགས་ཡེ་ཤེས་ལྔ།། ཐུགས་ཉིད་མཚོན་ཕྱིར་མཚན་མ་སྟེ།། གང་ལ་རྟེན་དང་འབར་དང་འཛག། བདེ་བའི་རླུང་དང ་ནམ་མཁའི་ཁམས། ། དེ་བཞིན་བཙུན་མོད་གྱེས་སྐྱེད་པ།། མི་ཕྱེད་གཉིས་མེད་ལྷན་ཅིག་པ།། གང་དེ་ཐབས་ལས་བྱུང་བ་ཡི།། དངོས་གཉིས་ཡུལ་དང་དབང་པོའི་ཚོགས།། ལྷན་ཅིག་སྐྱེས་པའི་ཐིག་ལེ་ཉིད།། མ་ལུས་བདེ་བར ་རང་སྣང་བ། ། གཉིས་མེད་འདུས་པའི་སྟོབས་ལས་བྱུང་།། གནས་ཡུལ་ཕྱག་རྒྱའི་ཐིག་ལེར་བསྟན།། དགུག་དང་འཁྱུད་དང་བསྡང་དང་འབེབས།། ཡེ་ཤེས་འཇུག་པའི་སྒོ་ཡིན་ཏེ།། སྐལ་ཚིགས་རྒྱུད་པའི་ཐིག་ལེའི་རྒྱུན།། དབང ་ཕྲུག་མར་ནི་ཤེས་པར་བྱ། ། བ་སྤུ་ཐིག་ལེ་འབྲལ་བ་ཉིད།། འཕྲ་མོ་བསམ་མི་ཁྱབ་སྣང་བ།། གྲངས་ལས་འདས་པའི་ཕྱག་རྒྱ་སྟེ།། བསམ་བྱས་ནམ་མཁའི་ཞིང་དུ་སྦྱར།། སྐུ་བཞི་ལས་བྱུང་གསང་ཐིག་ལེ།། ཁམས་གསུམ ་བཅུད་འདུས་བདེ་ཆེན་པོ། ། ཡུངས་ཀར་ལྷུང་མེད་བརྟན་པ་ལས།། མ་ལུས་ཁྱབ་པའི་ཚུལ་གྱིས་སྣང་།། ཐིག་ལེ་བདེ་ཆེན་ཐབས་སྦྱར་བ།། ཐོབ་དང་གོམས་པའི་རང་བཞིན་ལས།། ཞེན་པའི་འདུ་ཤེས་བྲལ་འགྱུར་བས།། རང་དབང ་མེད་པའི་རྟགས་འབྱུང་སྟེ། ། སྦར་ཞིང་མནན་པའི་ཆོ་ག་བྱ།། སྣང་དང་རིག་པ་སྣ་ཚོགས་ཆོས།། བདེ་བ་ཆེན་པོའི་ཐིག་ལེར་བརྟེན།། ཉི་མའི་སྙིང་པོ་ལྟ་བ་ལྟར།། བལྟས་པས་མཐོང་བ་མེད་པའི་དོན།། མ་ལུས་བདེ་ཆེན་རྒྱན་དུ་སྐད ་དེ་ནས་གཟུགས་བརྙན་དཀྱིལ་འཁོར་བཤད། ། འཁོར་དང་མྱ་ངན་འདས་པ་ཡི།། ཇི་སྙེད་མ་ལུས་ཆོས་བསྟན་པ།། རང་འབྱུང་ཡེ་ཤེས་ཆེན་པོ་སྟེ།། དེ་ཉིད་དངོས་པོ་སྣ་ཚོགས་མཆོག། ཇི་སྙེད་བརྟེན་གཡོ་སྣང་བའི་ཆོས།། ་ཆེན་པོ་རིགས་པ་གནས་པའི་ཆོས།། མ་ལུས་ཀུན་ལ་འཐུན་སྣང་བ།། རང་འབྱུང་ཐབས་ཀྱི་ངོ་བོ་ཉིད།། དེ་དག་གདོད་ནས་མ་སྐྱེས་པའི།། རྡོ་རྗེ་ཤེས་རབ་སྟོང་ཉིད་དེ།། གང་ཡང་དངོས་མིན་ངོ་བོ་ཉིད།། ཤེས་རབ་ཡུམ་གྱི་རང ་བཞིན་ནོ། ། ཇི་སྙེད་ནམ་མཁའི་མཐར་ཐུག་པ།། རང་འབྱུང་བྱང་ཆུབ་སེམས་ཀྱི་གཟུགས།། མ་ལུས་ཀུན་གྱི་རང་བཞིན་ཉིད།། དཔག་མེད་འཐུན་པར་སྡང་བ་སྟེ།། མེ་ལོང་དང་པའི་རང་བཞིན་ཉིད།། སྣ་ཚོགས་གཟུགས་དང ་འགྲེལ་བ་བཞིན། ། མ་ལུས་རིག་པའི་ཐིག་ལེ་ལས།། མ་ལུས་སྐུ་ཡི་དཀྱིལ་འཁོར་སྣང་།། ཇི་སྙེད་རབ་འབྱམས་མ་ལུས་པའི།། འཁོར་དང་མྱ་ངན་འདས་པ་དང་། ཟིན་དང་མ་ཟིན་གཉིས་ཀའི་སྒྲ།། ངེས་པ་དང་ནི་མ་ངེས་པའི།། ་འཁྲུལ་དང་མ་འཁྲུལ་སྣ་ཚོགས་པ།། བརྗོད་དང་བསམ་དང་འཕྲུལ་པ་དང་།། བྱིན་རླབས་མཐའ་ཡས་རང་སྣང་བ།། བྱང་ཆུབ་སེམས་ཀྱི་གསུངས་མཆོག་སྟེ།། ནམ་མཁའི་སྒྲ་དང་བྲག་ཆ་ལྟར།། རང་རྒྱུད་མེད ་པའི་རིག་པ་ཉིད། ། བསམ་པ་མཐའ་ཡས་ཇི་སྙེད་པར།། མ་ལུས་གསུང་གི་དཀྱིལ་འཁོར་ཉིད།། རང་རྒྱུད་བརྟན་པོ་མིན་པར་གནས།། གང་དུ་ནམ་མཁའ་མཐས་ཀླས་པར།། བསྐལ་པ་མཐའ་ཐུག་མེད་པའི་བར།། ནམ་མཁའི་ཆར ་དང་ཆུ་བུར་དང་། ། སྤྲིན་དང་ཆུ་རླབས་ཕུང་པོ་ལྟར།། ཡེ་ཤེས་བདེ་དང་སྡུག་སྔལ་དང་།། ངེས་དང་མ་ངེས་དམ་པ་དང་།། དམན་དང་ཆགས་དང་ཆགས་བྲལ་དང་།། ཟིན་དང་ཞེན་དང་མ་ཞེན་དང་།། རྣམ་པ་རྣམ་མེད་བརྟགས་པའི་ཆོས།། དྲན ་རྟོག་རིག་པ་གང་ཡང་རུང་། ། མ་ལུས་རིག་པ་རང་སྣངས་པ།། སྔ་མ་དྲན་པའི་རྣམ་པའམ།། རྨི་ལམ་སྒྱུ་མའི་ཉམས་མྱོང་ལྟར།། སྣ་ཚོགས་སྣང་ཡང་རང་རྒྱུད་མིན།། གང་ཡང་རང་རྒྱུད་ཀུན་བྲལ་བའི།། མ་ལུས་དཀྱིལ་འཁོར་བཤད་པ ་རྣམས། ། རང་རྒྱུད་མེད་པས་གཟུགས་བརྙན་ཏེ།། ཐབས་དང་ཤེས་རབ་གཉིས་མེད་པའི། གཟུགས་བརྙན་དཀྱིལ་འཁོར་ལྷུན་གྱིས་གྲུབ།། རང་འབྱུང་ཡེ་ཤེས་སྐྱེ་འགག་མེད།། མ་ལུས་མི་ཕྱེད་རྡོ་རྗེའི་གཟུགས།། རྣམ་པ་མཐར་ཐུག་མེད་པ།། ་ཉིད།། ཡོན་ཏན་ལྷུན་གྲུབ་རང་སྣང་བས།། དེ་ཡི་བརྙན་མ་རང་བཞིན་འཆར།། མཐའ་ཐལ་རང་འབྱུང་དཀྱིལ་འཁོར་ནི།། ཅིར་ཡང་སྣང་ལ་མི་དམིགས་ཕྱིར།། ཡང་དག་བརྟན་པར་མི་གནས་པས།། མ་ལུས་གཟུགས་བརྙན་དཀྱིལ་འཁོར ་ཤར། ། བདེ་ཆེན་རང་འབྱུང་ལྷུན་གྲུབ་ཉིད།། ཡོན་ཏན་རྫོགས་པའི་ནོར་བུ་ལྟར།། དཔག་མེད་ཆོས་སུ་སྡང་བའི་ཕྱིར།། བདེ་བ་ཆེན་པོའི་གཟུགས་བརྙན་ཏེ།། སྐྱེ་བོ་དག་དང་མ་དག་པའི།། གདུལ་བྱ་མཐོན་དམན་རིམ་པ་ལ།། རིག་སྤྱད་སྤྲོ་བ ་སྐྱེད་པའི་ཕྱིར། ། དང་པོ་ནས་བཟུང་མཐར་ཐུག་པར།། རང་རང་བསམ་པ་དེ་བཞིན་དུ།། དེ་དག་ངོ་ལ་དེ་ལྟར་སྣང་།། གཟུགས་བརྙན་གྱི་ཡི་རིམ་པ་སྟེ།། ཐུན་མོང་ཡུལ་དུ་གྱུར་ཕྱིར་རོ།། མ་ལུས་ཐ་དད་མེད་པ་ཡི།། ཕྱི་ནང་སྣོད་བཅུད་རྫོགས ་པའི་ལུས། ། བཅུད་ལྡན་བདེ་བ་མཛད་པའི་གནས།། མི་ཤིགས་ཐིག་ལེ་ཀུན་གྱི་དངོས།། རང་འབྱུང་བདེ་བ་ཆེན་པོའི་གཟུགས།། དངས་སྙིགས་འབྲེལ་བའི་ནུས་མཐུ་ལས།། ཟག་པ་ཡོད་དང་མེད་པ་ཡི།། དངོས་པོ་གཉིས་ཀྱི་ཆས་སུ ་སྣང་། ། རྒྱུ་ཡི་ཐིག་ལེའི་རང་བཞིན་ལ།། ནུས་པའི་ཁྱད་པར་སོ་སོ་ཡིས།། འབྱུང་བ་དང་ནི་ཡུམ་ཉིད་དང་།། བདེ་བ་ཆེན་པོ་ལ་སོགས་པ།། ཐིག་ལེ་ནུས་པའི་སྟོབས་ལས་སྣང་།། མ་ལུས་འཁོར་ལོའི་སྙིང་པོ་ཉིད།། ཐིག་ལེ་འབར ་བ་བདེ་བའི་གཟུགས། ། རྩ་ཡག་བྱེ་བྲག་བཅས་པ་ནི།། བཅུད་འདུས་ཐིག་ལེ་རོས་གང་བ།། མ་ལུས་བརྟེན་ཅན་དཀྱིལ་འཁོར་ཉིད།། མ་ལུས་སྣོད་བཅུད་ཀུན་དུ་སྣང་།། ཐབས་ཆེན་གསང་བའི་རིམ་པ་ཉིད།། ཁམས ་བཞི་ལས་བརྟེན་ཐིག་ལེ་ཉིད། ། གཡོ་དང་འཛག་ཅིང་གནས་དང་ཐིམ།། བྱེ་བྲག་གསུམ་ལས་རྒྱུད་པ་ཡིས།། གྲུ་དང་སྒྱུ་མའི་འཁྲུལ་ཆུ་ལ།། ཞུགས་དང་འཐུངས་པའི་སྤྱོད་ཡུལ་ལམ།། མེ་ལོང་དང་པའི་རི་བོ་ཡི།། རྩེ་བྱིན་མ ་ལུས་བལྟས་པ་ལྟར། ། བདེ་ཆེ་གཟུགས་བརྙན་ཉིད་དུ་སྣང་།། རིམ་པ་བཞི་ཡི་ཐིག་ལེ་ཉིད།། བདེ་བའི་འདུ་བྱེད་གང་བསྐུལ་བ།། གནས་བཞིའི་ཐིག་ལེའི་བྱེ་བྲག་གསལ།། མུ་ཏིག་ཕྲེང་བས་རྒྱུས་པ་ལྟར།། འཛག་དང་འབར་བའི ་ཐིག་ལེ་ཉིད། ། ཏིལ་འབྲུ་འབྲས་བུ་སྨིན་པ་ལྟར།། མ་ལུས་ཏིལ་གྱི་ཕུང་པོ་ལྟར།། ཐིག་ལེའི་ལུས་གནས་པ་ཡིན།། ཉམས་མྱོང་གསལ་བར་འབར་བའི་ཚེ།། འདར་དང་རྡུལ་དང་པ་སྤུ་ལྗང་།། འབར་དང་སྒྲ་འབྱིན་དཔའ་བོའི་གང། ་རྣམ་པར་རོལ་པའི་ཚོགས་སུ་སྣང་།། སྣང་སྲིད་བདེ་བ་ཆེན་པོ་ཉིད།། ཐ་མ་ལ་ནུབ་ཅིང་བརྟན་གྱུར་ན།། ཐིག་ལེ་ནམ་མཁའི་སྟོབས་ཀྱིས་སྦྱང་།། རྩེ་གཅིག་ནམ་མཁའི་མཐོང་སྟོབས་ཀྱིས།། ཐིག་ལེ་སྟོང་པར་ཐིམ་པ་ན།། ཡེ་ཤེས་ནམ ་མཁའི་གཟུགས་སུ་ངེས། ། སྣང་སྲིད་སྣོད་བཅུད་མ་ལུས་ཀུན།། བདེ་ཆེན་རིག་པའི་གཟུགས་བརྙན་དུ།། རྒྱ་མཚོ་འཛིངས་ནས་ལྟས་པ་ལྟར།། མ་ལུས་དེ་ལྟར་སྣང་བ་ཡིན།། རིག་པས་ཉམས་སུ་མྱོང་བ་དང་།། སྤྱོད་ཡུལ་དག་པས ་ནང་དུ་བཤད། ། རང་འབྱུང་བདེ་བ་ཆེན་པོ་ཉིད།། གསང་བའི་གང་ཟག་གདུལ་བ་དང་།། གསང་བའི་ཉམས་མྱོང་མངོན་བསྟན་ཕྱིར།། ཐབས་དང་ཤེས་རབ་མངོན་པར་འཕྲུལ།། ཐབས་དང་ཤེས་རབ་འདུས་པ་ཡི།། ཆོ་གའི ་བྱ་བ་ཀུན་ལྡན་ཅིང་། ། དབང་བསྐུར་བྱིན་རླབས་སྦྱངས་པ་དང་།། བརྒྱ་ཕྲག་གསུམ་དང་དྲུག་བཅུ་དང་།། དྲུག་བཅུ་རྩ་བཞི་རྫོགས་པ་ཡིས།། ཆུ་སྐྱེས་སྙིང་པོ་རྡོ་རྗེ་ཅན།། ཉི་མ་མེ་ཤེལ་འོད་འབྱུང་བ།། རང་འབྱུང་རླུང་གི་ཕྱག་རྒྱས་མྱོད།། ་ནོར་བུ་ཆུ་འཛག་རང་དབང་མེད།། མ་ལུས་རིག་པའི་ཐིག་ལེར་བསྡུས།། རྒྱུ་བའི་རླུང་ནི་ཆང་བ་ན།། རིག་པ་སྟོང་པའི་ཐིག་ལེར་ཐིམ།། ཨ་ཏ་ལ་རྟེན་ཐིག་ལེར་རིམ།། རྒྱུ་དང་མི་རྒྱུའི་རང་བཞིན་ལས།། འཁོར་དང་མྱ་ངན་འདས་པར་སྣང་།། ་གསང་བའི་ཐིག་ལེ་ལ་རྟེན་པས།། མ་ལུས་བདེ་ཆེན་འཁོར་ལོས་སྒྱུར།། ལུས་ཀྱི་ཐིག་ལེ་དང་པོར་ཏེ།། དེ་ནས་རིག་པའི་ཐིག་ལེ་ཡིན།། དེ་ནས་ཡེ་ཤེས་ཐིག་ལེ་ཉིད།། ཐ་མ་ཆོས་ཉིད་ཐིག་ལེར་ཐིམ།། དེ་ནས་དུས་གསུམ་འདུ ་འབྲལ་མེད། ། བདེ་ཆེན་ནམ་མཁའི་ཁམས་ཉིད་དེ།། ཟབ་ཅིང་རྒྱུ་བ་མེད་པ་ཡི།། རང་བརྒྱུད་ཞན་ཆགས་ཀུན་བྲལ་བའི།། བདེ་བ་ཆེན་པོའི་གཟུགས་བརྙན་ཤར།། མ་རྟོགས་ཁྱབ་པའི་གཟུགས་བརྙན་ཏེ།། རྟོགས་པས་ཉམས་མྱོང་།། ་གཟུགས་རྙན་ཉིད།། མཐར་ཕྱིན་ཡེ་ཤེས་གཟུགས་བརྙན་འདི།། དམན་དང་ཡན་ལག་མ་ཚང་དང་།། དབང་དང་མན་ངག་མེད་པ་དང་།། དཀའ་ཐུབ་ཅན་དང་མ་སྨིན་དང་།། སྐལ་མེད་ཡལ་བའི་ཡུལ་མིན་པས།། གསང་བའི་གསང་ཆེན ་དམ་པ་ཉིད། ། དེ་ནས་གཞན་ཡང་བཤད་བྱ་བ།། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཉིད།། ཐ་མ་ལ་ཐོད་པ་བསྐྱེད་པའི་ཕྱིར།། ཆོ་ག་བརྒྱས་པར་བཤད་པར་བྱ།། དཀྱིལ་འཁོར་ཆེན་པོ་རྟོགས་འོད་ཀྱང་།། ཇི་བཞིན་མངོན་དུ་གྱུར ་ལ། ལྷག་པར་འདི་ཡིས་རྟོགས་འགྱུར་བས།། ལྷག་པ་ཞེས་ནི་བསྟན་པ་ཡིན།། གང་གིས་གང་ལ་གང་མཚོན་པས།། ལྷག་པར་མཚོན་པར་ཉེ་བ་དང་།། གང་ལ་རྟེན་ཏེ་གང་བསྒྲུབས་པ།། ལྷག་པར་མྱུར་དུ་འགྲུབ་པའི་ཕྱིར།། འདིས། ་ནི་ལྷག་པ་ཉིད་དུ་བརྗོད།། གང་ལས་གང་དེ་ཐབས་འདི་ཡིས།། མངོན་པར་ལྷག་པས་ལྷག་པའོ།། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས།། ཐབས་དེ་གང་གིས་མངོན་སྟོན་ཅིང་།། དངོས་གཞི་ཉིད་མ་ཡིན་པའི་ཕྱིར།། གཟུགས་སྙན་ཉིད ་དུ་བསྟན་པ་ཡིན། ། གང་ལ་བརྟེན་པའི་ཐབས་ཉིད་ཀྱིས།། དེ་ཉིད་འདྲ་བར་སྣང་བ་ལྟར།། མ་མཐོང་མོས་པའི་འདུལ་བྱ་ལ།། དེ་དང་འདྲ་བའི་ཐབས་ཉིད་དེ།། དངོས་མིན་འདྲ་ཕྱིར་གཟུགས་བརྙན་ནོ།། རྒྱལ་བ་ཀུན་གྱི་རང ་བཞིན་ནོ། ། དཔག་མེད་ཡེ་ཤེས་ལྷུན་རྫོགས་པའི།། ཡེ་ཤེས་རང་འབྱུང་ལྔའི་གཟུགས།། ཟག་མེད་གདུལ་བྱའི་ངོ་ལ་སྣང་།། དེ་ཡི་ཡོན་ཏན་གཟུག་རྙན་གྱིས།། ཟག་བཅས་མོས་པའི་གང་ཟག་ལ།། སྐུ་གསུང་ཐུགས ་ཀྱི་རྣམ་པ་ཉིད། ། འདྲ་བར་མཚོན་ཕྱིར་གཟུགས་བསྟན་ན།། གང་ཕྱིར་ཆོས་དབྱིངས་ངོ་བོ་ལ།། ཐ་དད་དབྱེ་བ་མི་གནས་ཀྱང་།། མོས་དང་དྲག་པོའི་དབང་གྱུར་ཏེ།། གང་གིས་གང་དེ་མི་འདུས་པས།། ཐུགས་རྗེས་ཀུན་ལ ་ཁྱབ་པའི་ཕྱིར། ། ལོངས་སྤྱོད་སྤྲུལ་པའི་དཀྱིལ་འཁོར་བསྟན།། ཞེན་པ་ཅན་དང་ང་རྒྱལ་ཅན།། ཐབས་དང་དྲག་པོས་ཚར་གཅོད་ཕྱིར།། དེ་ལྟར་སོ་སོར་འཚམ་པ་སྟེ།། ལྷག་པ་གཟུགས་བསྟན་གཉིས་སུ་བཤད།། གང་དུ་བཀྲ་ཤིས ་ཡིད་འོང་བའི། ། སྟེང་འོག་ཕྱོགས་བཞི་བར་མཚམས་དག། ལེགས་པས་ཡིད་འོང་བར་ཆད་མེད།། ཕྱི་ནང་རིའི་དགོན་པའི་མཆོག། རང་གིས་གཞི་ལེགས་བརྟགས་ལ།། པྲ་དང་ཉམས་ཀྱི་ལྟས་བརྟགས་ལ།། མ་དག་མཚན་ངན་སྤངས་བྱས ་ལ། དག་ཅིང་ཉམས་དགའ་བླང་བར་བྱ།། ས་བཞི་བྱིན་བརླབས་བཀྲ་ཤིས་པ།། གལ་ཏེ་ཅོད་པ་ཞི་བྱའི་ཕྱིར།། སྣང་དང་མི་སྣང་བདག་པོ་ལ།། མགུ་བས་བར་ཆད་མེད་པར་བསླང་།། གང་དེ་དབང་དུ་བྱ་བའི་ཕྱིར།། ཆོ་གའི་ཡན་ཤ་ཅན་རྩམ ་ཏེ། ། མཆོད་དང་མཉེས་པས་ཚིམ་བྱས་ལ།། ས་བཞི་བདག་གིས་དབང་དུ་བྱ།། ཐུན་མོང་སྐྱོན་གསལ་དག་བྱས་ནས།། མི་དམིགས་ཆོས་ལ་བློ་སྦྱངས་ཤིང་།། དངོས་གྲུབ་མྱུར་ཞིང་ཉམས་དགའ་བའི།། ཕྱི་ནང་དག་པ་ཆེན་པོར་སྦྱང་།། ་རང་བཞིན་བྱིན་བརླབས་ཀུན་གྱི་དངོས།། གདོད་ནས་མ་བཅོས་གནས་པ་ལ།། ལྷག་པའི་བདེན་པ་དབྱེར་མེད་པས།། ལྷ་དང་གཞལ་ཡས་ངོ་བོར་བརླབ།། གང་དེའི་བར་ཆད་བསྲུང་བའི་ཕྱིར།། སྤྲུལ་པའི་དཀྱིལ་འཁོར་གསལ་བ ་ལ། རྡོ་རྗེ་ཁྲོ་བོའི་འཁོར་ལོ་སྤྲོ།། ཧཱུཾ་བཞི་སྔགས་དང་བཅས་པས་བསྲུང་།། དེ་དག་ལེགས་པར་བཟུང་བའི་ཕྱིར།། མ་དག་པ་ནི་མཚམས་བཅད་དེ།། ལས་ཀྱི་བྱ་བ་ཀུན་རྫོགས་ནས།། རྒྱལ་བཀུན་ལ་གསོལ་བཏབ་ལ།། འདོད་པའི་དོན་རྣམས ་གྲུབ་པའི་བར། ། དངོས་གྲུབ་གཏེར་དུ་མིང་གིས་གཟུང་།། གང་ཕྱིར་བཤད་པའི་ཆོ་ག་ཡིས།། མ་དག་པ་དང་ངན་པ་དག། རྟོགས་དང་ཏིང་འཛིན་ཆོ་ག་ཡིས།། མཉམ་པས་རེ་དོགས་མེད་པར་གནས།། དཀྱིལ་འཁོར་ཕྱི་ནང་བཤད་པ་བཞིན།། ཚད ་ནི་རྗེས་སུ་འཐུན་པ་སྟེ། ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ།། ཡང་ན་སོར་བཞི་ཚད་དུ་སྟེ།། ཡང་ན་འཛུབ་གང་ཚད་དུ་བྱ།། ཡང་ན་ལུས་གང་ཚད་དུ་སྟེ།། ཡང་ན་ལུས་ནི་གསུམ་བཞི་ཉིད།། ཡང་ན་བཅཝ་བརྒྱད་ཉིད་དུའམ།། ཉི་ཤུ་ལྔ་ཡི་ཚད་དུ་བྱ།། ་ཡང་ན་རྒྱང་གྲགས་དཔག་ཚད་དེ།། རང་གི་རིག་པ་རྗེས་མཐུན་པར།། ནམ་མཁའི་དབྱིངས་དང་མཉམ་པའི་ཚད།། ཚད་དང་ལྡན་པའི་དཀྱིལ་འཁོར་དེ།། ཡིད་འོང་བྱུག་བདུག་ཉི་ཤུ་ལྔས།། མཛེས་ཤིང་ལེགས་པར་བྱས་ནས་ནི།། གང་དང་འབྲལ ་བའི་ཚིག་བརྩམ། ། གཞན་དུ་ལོངས་སྤྱོད་མ་བྱས་པའི།། རས་བལ་དུ་ཁྲོད་རྒྱུ་ལས་བྱས།། གསར་ཞིང་གྲིམས་ལ་འཇུར་མདུད་མེད།། བྱིན་བརླབས་ལྔ་དང་སྐུ་གསུང་ཐུགས།། ཐིམ་པས་ཡེ་ཤེས་ཐིག་སྐུད་དེ།། རིག་པས་ཐིག་ནི་གདབ་པར་བྱ།། ་ཐབས་དང་ཤེས་རབ་གཉིས་མེད་པའི།། གསད་པའི་འཕྲོ་འདུ་དེ་བཞིན་ནོ།། དཀྱིལ་འཁོར་ཡིད་འོང་ཕོ་བྲངས།། མ་ནོར་གསལ་བས་ཐིག་ཏུ་བཤད།། གང་གིས་གང་མཚོན་དེ་བཞིན་ཏེ།། ཁ་དོག་ལྔ་དང་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་རྣམ་ཤེས་སོགས ་ཡེ་ཤེས་དཀྱིལ་འཁོར་མཚོན་ཕྱིར་རོ། ། རྟོགས་པས་འཁོར་བའི་རྒྱ་དྲལ་ཕྱིར།། མཚོན་ཞེས་ཀྱང་ནི་བརྗོད་པ་ཉིད།། མ་མཐོང་རྨོངས་ལ་སྟོན་ཕྱིར་མཚོན།། ཁ་དོག་ཉི་ཤུ་རྩ་ལྔ་འམ།། ལྔའི་ཆེན་གྱིས་བྲི་བར་བྱ།། གསེར་དང་དངུལ་དང་བཻ་དཱུརྱ ་པད་མ་ཨིན་ཌི་ནི་ལ་ཉིད། ། རིན་ཆེན་ལྔ་དང་ལྡན་པ་ཡིས།། མཁས་པས་འབྱོར་ལྡན་ཅི་བདེར་བྲི།། ཡང་ན་འབྲས་དང་ས་ལུ་ལ།། ཁ་དོག་བསྒྱུར་བས་དེ་བཞིན་ནོ།། དམན་དང་འབྱོར་པ་ཆུང་པ་ཡིས།། འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ།། ཐབས་དང ་ཤེས་རབ་གཉིས་མེད་པའི། ། རྒྱལ་བ་བཅུ་ཉིད་ཐིམ་པ་ཡིས།། ཡེ་ཤེས་རིན་ཆེན་ཕྱི་ནང་མེད།། དག་པའི་དེ་བོར་བལྟ་བར་བྱ།། ཨོཾ་ཨཾ་ཧཱུཾ་སྭཱ་ཧཱ། སརྦ་པཉྩ་ར་ད་ན་ས་མ་ཡེ་ཧཱུཾ།། འབྲུ་བཅུ་སྲུང་ཞིང་འབུམ་པ་ཡི།། སྔགས་དང་ཕྱག་རྒྱས་བྱིན་གྱིས ་བརླབ། ། ཞི་བའི་དཀྱིལ་འཁོར་མ་ལུས་ལ།། ཡེ་ཤེས་རིན་ཆེན་རྩིག་པ་སྟེ།། དྲ་བ་དྲ་ཕྱེད་རྟ་བབས་དང་།། རྡོ་རྗེ་ཟླ་ཕྱེད་འདོད་ཡོན་དང་།། རིན་ཆེནས་གཞི་སྐྱེད་ཤིང་དང་།། རྫིང་བུ་དྲིལ་བུ་གཡེར་ཁས་སྤྲས།། རྟག་ཏུ་བྲི་ཞིང་བསྒོམ་པར་བྱ།། ་གདུག་པ་འདུལ་བའི་དཀྱིལ་འཁོར་ལ།། ཐོད་པསྣ་ལྔ་སྣ་གསུམ་དང་།། ཐོད་སྐམ་རྩིག་པའི་རིམ་པ་བཞིན།། ཚངས་དང་ལྷ་དབང་ལ་བརྟེན་པ།། མཆོག་ཆེན་བརྒྱད་ནི་ཡིན་པར་འདོད།། ལྷག་མ་རྣམས་ཀྱིས་ཐོག་ཕུབ་སྟེ།། གཟའ་བརྒྱད་ཉི ་ཟླའི་ཀློ་སྐར་ལྡན། ། སྤྲུལ་དང་ཐོད་པའི་ཕྲེང་བ་ཉིད།། དྲ་བ་དྲ་ཕྱེད་རྣམ་པར་སྤྲས།། ཕྱི་ནང་རྒྱུ་འབྲས་གདུག་པ་དག། གདུལ་ཕྱིར་རྟ་བབས་བཞིར་བཤད་དེ།། སོར་ཕྲེང་ཐོད་པའི་ཕྲེང་བ་དང་།། དབང་པོ་ཉི་ཟླའི་ཕྲེང་བས་སྤྲས།། ཁྲོ་མོ་ཤ་ལྔ་བདུད ་རྩི་དང་། ། དུར་ཁྲོད་འདོད་ཡོན་ལྡན་པའོ།། དུར་ཁྲོད་ས་གཞི་ཁྲག་དང་བཅས།། སྐྱེས་བུ་གསལ་ཤིང་ཕྱོགས་མཚམས་བརྒྱད།། རག་ཏའི་མཚོ་བརྒྱད་རྦ་རླབས་འཁྱིལ།། ཐོད་ཚལ་བརྒྱུས་པ་དུར་ཁྲོད་རླུང་།། འཇིགས་པའི་སྒྲ་དང་མེ་འོང་ལྡན།། ་ཞིང་འཕན་ཕྱོགས་མཚམས་བརྒྱད་དང་བཅས།། ལྷ་ཆེན་ཐོད་པ་སྲུབ་སྟོངས་ན།། ཙི་ཏའི་ཏོག་ལས་འོད་ཟེར་འཕྲོ།། ཧེ་རུ་ཀའི་དཀྱིལ་འཁོར་ཉིད།། མ་ལུས་བྲི་ཞིང་བསྒོམ་པར་བྱ།། མ་ལུས་འགྲོ་བའི་རེ་སྐོར་བས།། རིན་ཆེན་འཕྲེང ་དང་རྒྱན་དུ་ལྡན། ། མི་འཇིགས་སྟོབས་སོགས་ཀུན་ལྡན་པས།། སྟོབས་ལྡན་ཐེག་པར་གནས་པ་ཡིན།། སྤྱོད་ལ་སྐྱོན་གྱིས་མ་གོས་པས།། པད་མ་འབར་བས་མཛེས་པར་སྣང་།། ཐབས་དང་ཤེས་རབ་གཉིས་མེད་པས།། ཉི་ཟླ་མཛེས ་པའི་གདན་ལ་བཞུགས། ། བདེ་ཆེན་དོན་ལས་མི་འདའ་བས།། འཁྲིལ་སྦྱོར་དགྱེས་པའི་ཚུལ་དུ་བཞུགས།། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས།། ཡོངས་རྫོགས་སྐུའི་བརྒྱན་དུ་གནས།། ལམ་དང་བྱང་ཆུབ་ཡན་ལག ་རྣམས། ། རྫོགས་ཕྱིར་ཕྲེང་བ་ལས་སོགས་ཚུལ།། ཐུགས་རྗེ་འཁོར་བ་མི་གཏོང་བས།། ཆུ་སྲིན་ཀླུ་ཕྲུག་བཟུང་བ་བཞིན།། ཐུགས་རྗེ་བར་ཆད་མི་མདའ་བས།། འབྲེལ་བ་བར་ཆད་མེད་པར་གནས།། བརྩོན་འགྲུས་འཁོར་བ་སྤོད་པའི་ཕྱིར།། ་རི་དགས་དག་ནི་མཉམ་པར་གནས།། ཟག་མེད་སྤྱན་གྱིས་ཀུན་གཟིགས་པས།། དགེ་སྡིག་སྤྱན་གྱིས་གཟིགས་པར་བསྟན།། མ་ལུས་ཟིལ་གནོན་སྟོབས་རྫོགས་ཕྱིར།། བྱ་ཁྱུང་དག་ནི་གནས་པར་སྟན།། ཆོས་ཀྱི་འཁོར་ལོ་སྐོར་བྱས ་ཤིང་། ། ཉོན་མོངས་ཚད་པའི་གདུང་སེལ་བས།། ཐུགས་རྗེ་གདུགས་ཀྱི་འཁོར་ལོ་བསྟན།། མ་ལུས་ཅིག་ཏུ་འདུས་པས་ན།། ཏོག་སྟོང་འོད་ཟེར་འབར་བ་སྟེ།། གདུལ་བྱའི་བསམ་པའི་དོན་ཕྱིར་བསྟན།། ལྷ་རྣམས་སོ་སོའི་རྣམ་པ་ནི།། སྐུ་མདོག་སྣ ་ཚོགས་བཞུགས་ཚུལ་དང་། ། གདན་དང་ཕྱག་མཚན་རྒྱན་དུ་བཅས།། ཕོ་མོའི་ཚུལ་དང་བཅས་པ་རྣམས།། དེ་བཞིན་ཉིད་ལ་དམིགས་པ་དང་།། གདུལ་བྱ་གཟིགས་པའི་ཚུལ་ཉིད་ཀྱིས།། གཙོ་འཁོར་ཕྱི་ནང་ལྟ་ཚུལ་གྱིས།། བཞུགས་ཐབས་རིམ ་པ་སོ་སོར་བསྟན། ། རང་རང་སྙིང་པོ་གང་ཡིན་པ།། ཁ་དོག་སོ་སོར་ཕྱེ་ནས་ནི།། གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར།། རིམ་པ་བཞིན་དུ་གསལ་བར་བྱ།། རང་རང་ཐུགས་མཚན་གང་ཡིན་པ།། ཁ་དོག་དབྱིབས་དང་བཅས་པ་ཉིད།། ཐམ ་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། ། རིམ་པ་ཇི་བཞིན་དགོད་པར་བྱ།། གདུག་པ་འདུལ་བའི་དཀྱིལ་འཁོར་ཡང་།། དུང་ཆེན་རས་ཆེན་ལ་སོགས་པ།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཉིད།། རིམ་པ་བཞིན་དུ་གསལ་བར་དགོད།། དེ་བཞིན་ཉིད་ལ ་དམིགས་མེད་དེ། ། སྟོང་ཞིང་མི་དམིགས་རིག་པ་ཉིད།། གང་ལ་རྟོག་དཔྱོར་མི་གནས་པ།། ཆོས་དབྱིངས་དེ་བཞིན་ཉིད་དུ་བསྒོམ།། བདེན་གཉིས་དབྱེར་མེད་མཉམ་པ་ཉིད།། ཡེ་ནས་ཁྱབ་ཀྱང་མ་རྟོགས་པས།། ཕྱོགས་མེད་སྙིང་རྗེ་ནམ་མཁའ ་ལྟར། ། རྣལ་འབྱོར་པས་ནི་བསྒོམ་པར་བྱ།། རང་འབྱུང་ཡེ་ཤེས་རྣམ་པས་ནི།། ཡིག་འབྲུ་རྣམ་པ་གསལ་བ་ལས།། ཞེ་ན་འཛིན་སྦྱངས་ནས་ཡིག་འབྲུ་ཡི།། འཕྲོ་འདུས་འབྱུང་ལྔ་རིམས་ཀྱིས་བསྐྱེད།། བྲམ་གིས་གཉིས་མེད་འོད་སྦྱངས་ནས།། ་གཞལ་ཡས་ཁང་ལྟར་ཡིན་པར་སྒོམ།། རྣམ་པའི་གང་ཡིན་དེ་དག་དང་།། རང་རིག་ས་བོན་གཉིས་མེད་ལས།། འདྲེས་པས་གང་ཡིན་གཙོ་བོ་ཉིད།། བསྐྱེད་ཅིང་དབང་བསྐུར་བྱིན་བརླབས་ནས།། འཁོར་ཡང་མི་ཕྱེད་འདྲེས་པར་བསྒོམ།། ་ཡོངས་རྫོགས་སྨིན་ཅིང་རྟས་པ་ལ།། ཛ་ཧཱུཾ་བཾ་ཧོས་གཉིས་མེད་དེ།། འདོད་པ་མཐར་ཐུག་པར་དུ་བསམ།། ལས་ཀྱི་བྱ་བ་ཀུན་ཟིན་ནས།། ཐུན་མོང་མཆོད་པ་སྣ་ཚོགས་དང་།། ཀུན་བཟང་མཆོད་པ་ལ་སོགས་པ།། ལྷ་མོ་བརྒྱད་དང་བཅུ་དྲུག་གིས། ་ཆོད་པའི་རིམ་པ་ཙམ་པར་བྱ།། རིན་ཆེན་ལྔ་དང་རྟ་གླང་དང་།། འབྲུ་དང་པད་མཛོད་ཁང་ཁྱིམ་དང་།། བུ་དང་ཆུང་མ་བྲན་ཁོལ་དང་།། གནས་དང་ཞིང་དང་ན་བཟའ་དང་།། རྒྱན་ཕྲེད་བཟང་བཏུང་ལོངས་སྤྱོད་དང་།། རྫིང་དང་ཆུ་མིག་འབབ་ཆུ་དང་། ་མཚེའུ་དང་ཁྲོན་པ་ལུ་མ་དང་།། རི་དང་དེའུ་དང་བསྐྱེད་མོས་འཚལ། ཁོར་ཡུག་དང་ལྡན་པ་དང་།། སྐྱེ་བོ་མང་པོ་བྲོ་ཀླུ་དང་།། ནམ་མཁའི་དབྱིངས་དང་མཉམ་པའི།། མཆོད་པ་སྣ་ཚོགས་རྒྱས་པར་མཆོད།། དཔའ་བོ་ཤ་ལྔ་བདུད་རྩི་ལྔ།། ་བཅུད་དང་རོལ་མོ་སྣང་བ་དང་།། སྣ་ཚོགས་དྲི་དང་བྱུག་པ་མཆོག། དག་ཅིང་ལེགས་པར་དབུལ་བར་བྱ།། ཐར་པ་ལ་སོགས་ཞིང་གི་མཆོག། དངོས་དང་ལྟ་སྤྱོད་ཏིང་འཛིན་གྱིས།། བསྒྲུབ་བྱ་མ་ལུས་ཀུན་སྒྲོལ་ཏེ།། རྡོ་རྗེ་ཞིང་དུ་བསྐྱེད་པར ་བྱ། ། ལྷ་མོ་མི་མོ་རག་པ་མོ།། ཆོ་གའི་སྦྱོར་བ་རང་རྟོག་བཞིན།། དངོས་དང་ཏིང་འཛིན་སྦྱོར་བ་ཡིས།། བདེ་བ་ཆེན་པོ་རོལ་མོ་ཡིས།། ཕྱི་ནང་ནམ་མཁའིཐམས་བཀང་སྟེ།། རིན་ཆེན་ལྷ་མོ་ཡོ་བྱད་དང་།། རེག་པ་མཉམ་མྱོང་བདེ་བ་ཡིས།། རྒྱལ ་སྲས་ཞིང་གི་རྡུལ་སྙེད་ལ། ། གཉིས་མེད་དག་པའི་ཚུལ་གྱིས་མཆོད།། རོལ་མོ་གླུ་དབྱངས་བཅས་པ་ཡིས།། དཀྱིལ་འཁོར་རིམ་པ་བསྟོད་པར་བྱ།། རྡོ་རྗེ་གསུང་གི་བཟླས་པ་ཡིས།། མཚན་མ་ལེགས་པར་སྣང་བ་ན།། སྦྱང་དང ་བྱིན་བརླབས་དབང་བསྐུར་དང་། ། མཆོད་དང་བརྟན་པའི་ཆོ་ག་དག། རྟོག་པའི་ཆོ་ག་རྒྱས་པར་བྱ།། དཀྱིལ་འཁོར་དེ་ཡི་ཕྱོགས་བཞི་རུ།། རྣམ་བཞི་ལས་ཀྱི་མེ་ཐབ་ལ།། དུས་བཞིར་རང་རང་རྫས་དག་གིས།། ལྷ་བཞི་ཚུལ་གྱིས ་མཆོད་པར་བྱ། ། དེ་ནས་གནང་ཐོབ་དབང་ཕྱུང་ཉིད།། དཀྱིལ་འཁོར་ཞུགས་ཤིང་ནུས་ལྡན་ནས།། ཐུགས་རྗེས་འཁོར་བ་བསྒྲལ་བའི་ཕྱིར།། སྐལ་ལྡན་སློབ་མ་གཞུག་པར་བྱ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ།། ་མངོན་དུ་མཐོང་ཞུགས་བསོད་ནམས་གང་།། འདིར་ཞུགས་པ་ཉིད་དེ་བཞིན་ནོ།། གང་དུ་སྐུ་གསུང་ཐུགས་ལྡན་པ།། གང་དུ་མོས་པས་སྤྲོ་བསྐྱེད་ཕྱིར།། རྒྱལ་བ་ཀུན་ཀྱང་འཕྲུལ་མཛད་དེ།། སྒོ་གསུམ་བྱིན་གྱིས་རློབ་པར་མཛད།། རྣལ་འབྱོར ་ཆོ་ག་རྫོགས་པས་ཀྱང་། ། གདུལ་བྱ་ཞི་དང་ཁྲོ་བ་ལ།། སོ་སོའི་མཚན་མ་ཉིད་བསྟན་ཕྱིར།། སྐུ་གསུང་ཐུགས་ཀྱི་རྣམ་པ་དག། བྲིས་དང་བརྡུངས་དང་བླུགས་པ་དག། སོ་སོའི་གནས་སུ་ལེགས་པར་དགྲམ།། མ་ལུས་སྐུ་གསུང་ཐུགས ་དཀྱིལ་འཁོར། ། འདི་ལས་མ་ཏོགས་ལྷ་གཞན་མེད།། གང་དུ་དབང་དང་འབྲེལ་བ་ནི།། བཅཝ་ལྔའི་རིམ་པས་བྱིན་བརླབས་ཕྱིར།། བཞི་དང་བརྒྱད་ཀྱི་དཀྱིལ་འཁོར་ལ།། ཡབ་ཡུམ་བཅོ་བརྒྱད་ནས་པར་བྱ།། བཅུ་གཉིས་བཅུ་དྲུག་དཀྱིལ ་འཁོར་ལ། ། བཞི་བཅུ་གཉིས་དང་ལྡན་པར་བྱ།། ཉི་ཤུའམ་ཉི་ཤུ་རྩ་ལྔ་ལ།། རྒྱས་པའི་ཆོ་ག་རིམ་པར་དགོད།། འདི་དག་ལུགས་དང་འབུར་དང་བཟོ།། བྲི་དང་བསྒོམ་པ་དག་ཀྱང་རུང་།། འདི་ནི་ཕྱིའི་དཀྱིལ་འཁོར་རོ།། ཟབ་མོའི་དབང་གི་དཀྱིལ ་འཁོར་ནི། ། མཐུན་མོ་ཐུན་མོང་མ་ཡིན་པའི།། སོར་བཞི་འཛུབ་གང་ལ་རྟེན་ཏེ།། ཕྱི་རོལ་རྣམ་པའི་རྗེས་འབྲད་མིན།། མཐོང་དང་བརྟན་དང་གོམས་པ་ནི།། རིམ་པ་བཞིན་དུ་གསལ་བས་འབྱུང་།། རྒྱུད་པ་ལམ་གྱི་རིམ་པ་ཡིས།། མཐར་ཕྱིན ་ཉམས་སུ་མྱོང་བར་འགྱུར། ། དབང་བསྐུར་ཐབས་ཀྱི་རིམ་པ་ཡིས།། བྱིན་བརླབས་མན་ངག་ཡིད་ཆེས་བྱ།། འདི་ནི་དབང་གི་དཀྱིལ་འཁོར་ཏེ།། དེ་བཞིན་གནས་སྐབས་གཞན་དུ་ཡང་།། ཐུན་མོང་ཚེགས་ལ་སྦྱར་བའི་ཕྱིར།། འབྱུང་ལྔ་རྒྱུ ་དང་བདག་ཉིད་དང་། ། མཁའ་དག་བྱིན་བརླབས་སོ་སོར་གདོན།། རང་གི་ཆོ་གའི་སྦྱོར་བ་ཡིས།། ཇི་ལྟར་བརྩམས་པ་གྲུབ་པར་འགྱུར།། བསོད་ནམས་ཚོགས་ཞེས་བྱ་བར་བཤད།། གཞན་ཡང་སྟོབས་ལྡན་རྣལ་འབྱོར་པས།། གང་འདོད་མངོན ་དུ་བསྒྲུབ་པའི་ཕྱིར། ། འཆི་མེད་ཚེའི་དཀྱིལ་འཁོར་དང་།། མཚན་མ་པྲིའི་དཀྱིལ་འཁོར་དང་།། དུག་འཇོམས་བདུད་རྩིའི་དཀྱིལ་འཁོར་དང་།། ཆོ་འཕྲུལ་རོ་ལངས་ལ་སོགས་པ།། གང་བསྒྲུབ་དོན་ཕྱིར་གང་བཤད་པ།། དེ་ཉིད་བསྒྲུབ་པའི་དཀྱིལ ་འཁོར་རོ། ། ལས་བཞི་ལྷའི་རྣལ་འབྱོར་གྱིས།། རིགས་དང་འཐུན་པའི་ས་གཞི་ལ།། ཐབ་ཁུང་སོ་སོའི་མཚན་མ་ཅན།། ཕྲིན་ལས་དཀྱིལ་འཁོར་ཉིད་དུ་བཤད།། སློབ་དཔོན་ནུས་པ་སྟོབས་ལྡན་པས།། རྡོ་རྗེ་ལུས་སུ་བརྟན་བྱའི་ཕྱིར།། རྒྱད ་གྲགས་དཔག་ཚད་ལ་སོགས་པ། ། སྐུ་གསུང་ཐུགས་སུ་མངོན་གསལ་བ།། རྣལ་འབྱོར་སྐལ་ལྡན་སྤྱོད་ཡུལ་དེ།། ཚོགས་ཀྱི་དཀྱིལ་འཁོར་ཉིད་དུ་བཤད།། །། དེ་ནས་གཞན་ཡང་བཤད་བྱ་བ།། མཚན་མ་རྟོག་པའི་རང་བཞིན་གྱིས།། ་མཐོང་བྱ་དོན་ལ་སྒྲིབ་པས་ན། དེ་དག་སྦྱང་བའི་ཆོ་ག་བཤད།། ཐ་མལ་ཞེན་པས་བརྟགས་པའི་དོན།། ལྷག་པའི་བདེན་གཉིས་རྟོགས་བསྒོམས་པས།། ཕྱི་ནང་སྣོད་བཅུད་མ་ལུས་པ།། སྐུ་གསུང་ཐུགས་ཀྱི་ངང་དུ་བསྲེག། དཀྱིལ་འཁོར་ལྷའི་མཚན ་མ་དག། རྣམ་པ་ཇི་སྙེད་གནས་པ་དག། རང་རིག་རྣམ་པར་འཕྲུལ་པ་ཉིད།། མཚན་མ་ཐིག་ལེའི་ངང་དུ་སྦྱངས།། ཐིག་ལེ་རིམ་པའི་སྣང་ཚུལ་ཏེ།། ཕྱི་ནང་མེད་པའི་བྱང་ཆུབ་སེམས།། དངོས་དང་དངོས་མེད་ཀུན་སྦྱངས་ཏེ།། རང་རིག་བྱང་ཆུབ ་སེམས་ཀྱི་མེ། ། ཕྱོགས་བཅུར་འབར་ཞིང་དབྱིངས་ལ་སྡུད།། རྣལ་འབྱོར་ལས་རུང་གོམས་པ་ཡིས།། གཞན་དོན་རྩོམ་པའི་དོན་བྱེད་ན།། དང་པོར་ཉེས་བྱས་གསུམ་སྦྱང་ཕྱིར།། རྣམ་གསུམ་ཁྲུས་ཀྱི་རིམ་པ་ཙམ།། གདུག་པ་འདུལ་བའི།། ་དཀྱིལ་འཁོར་གྱིས།། བར་ཆད་བགེགས་དང་དཔལ་བྱས་ལ།། བཀུག་བཅིངས་བསྟིམས་ལ་རྣལ་དུ་གཞག། བསྲུང་དང་བྱུག་གདུག་རྒྱན་གྱིས་བརྒྱན།། འཁོར་བའི་ས་བོན་ཀུན་བཀོད་དེ།། ལས་ཀྱི་ཆོ་ག་ཐིམ་པ་དང་།། དཀྱིལ ་འཁོར་འཕྲོ་འདུ་རིམ་པ་ཡིས། ། འཁོར་བལ་ཁོན་སྦྱང་བར་བྱ།། དེ་ཚེ་སྡོང་བུ་གནས་བཀོད་དེ།། སྡོང་བུ་རེལ་ལྷ་རྣམས་ཀྱི།། སྙིང་པོ་ཆང་བར་གདགས་པ་དང་།། གསོལ་གདབ་གནང་བྱིན་སྲས་སུ་བསྐྱེད།། འཇུག་པང ་དབང་བསྐུར་ལས་རྫོགས་ནས། ། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ།། ལས་བཞི་མའི་ལས་བྱས་ནས།། རྟོག་ཚོགས་ལྷ་གསུམ་དབྱེར་མེད་པའི།། རང་རང་གནས་སུ་དག་པ་ལ།། སྦྱིན་སྲེག་གླུ་བྲོ་གར་གྱིས་མཆོད།། ལས་ཀྱི་བྱ་བ་ཀུན ་བིན་ནས། ། ཐིག་ལེ་ཆེན་པོ་དངལ་བསྡུ།། །། དེ་ནས་གཞན་ཡང་བཤད་བྱ་བ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ།། མ་ལུས་བྱང་ཆུབ་སེམས་ཉིད་དེ།། དེ་རྟོགས་བྱ་ཕྱིར་བཤད་པར་བྱ།། ཆོས་རྣམས་མ་ལུས་ཐམས་ཅད་དང ་དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། ། ཐ་དད་དབྱེ་བ་མི་གནས་ཏེ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད།། རང་འབྱུང་མཐོན་དམན་མེད་པ་ཡིས།། སྐུ་གསུང་ཐུགས་དང་ལུས་ངག་ཡིད།། མ་ལུས་བཞི་རྩ་སྙིང་པོ་སྟེ།། རང་འཐུང ་བྱང་ཆུབ་སེམས་ལ་འདུས། ། དེ་ཉིད་རང་རིག་འོད་གསལ་བ།། དངོས་པོ་མ་ཡིན་དངོས་མེད་མིན།། གཉིས་ཀ་མ་ཡིན་གཉིས་མེད་མིན།། མཐའ་དབུས་ཆ་ཤས་ཀུན་བྲལ་བའི།། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ།། དེ་བཞིན་གཤེགས ་པའི་སྤྱོད་ཡུལ་ཏེ། ། རྟོག་གི་རྣམས་ཀྱི་ཡུལ་མིན་པས།། གསང་བའི་གསང་བ་བྱང་ཆུབ་སེམས།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསད།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ལས ་སྐྱེ་བ་མེད། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གས་།། འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ན་འགག་པ་མེད།། ཨེ་མའི་ངོ་མཚར་མེད་ཀྱི་ཆོས།། རྫོགས་པའི་སངས་རྒྱ ་ཀུན་གྱི་གསང། ། གནས་པ་མེད་ལས་ཐམས་ཅད་གནས།། གནས་པ་ཉིད་ལ་གནས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། དམིགས་པ་མེད་ལས་ཐམས་ཅད་དམིགས།། ་དམིགས་པ་ཉིད་ན་དམིགས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོག་པའི་སངས་རྒྱས་ཀུན་གྱི་གསར།། འགྲོ་འོང་མེད་ལས་འགྲོ་དང་འོང་།། འགྲོ་འོང་ཉིད་ན་འགྲེ་འོང་མེད།། མ་སྐྱེས་རིག་པའི་བྱང་ཆུབ་སེམས།། དངོས་མེད ་དངོས་པོའི་རང་བཞིན་དུ། ། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད།། གཡོ་དང་མི་གཡོར་བཅས་པ་ཡི།། ཕྱི་ནང་སྣོད་བཅུ་དམ་ལུས་པ།། རང་འབྱུང་སེམས་ཀྱི་དཀྱིལ་འཁོར་ཉིད།། རང་བཞིན་གནས་དང་རྟོགས་པ་དང་།། བསམས་དང་དམིག ་དང་གོམས་པ་ཡི། ། སྐུ་གསུང་ཐུགས་ཀྱི་མཚན་མ་དང་།། ལྷ་དང་ལྷ་མིན་གསང་བ་དང་།། ཤ་ཟའ་བྱུང་པོ་མི་འམ་ཅི།། གྲུལ་བུམ་ཡི་དགས་ཀླུ་རྣམས་དང་།། རྒྱུ་བའི་སྲོག་ཆགས་མ་ལུས་དང་།། རྩ་ཤིང་གེལ་པ་འབྲས་བུ་དང་། ་ཕུན་སུམ་ཚོགས་པ་མ་ལུས་པ།། མཅོས་དོན་གྱི་ལྷ་ཉིད་དེ།། བྱང་ཆུབ་སེམས་སུ་ཁྱབ་པར་མེད།། ལྷ་ཞེས་གཞན་དུ་བསྟན་པ་ཡིན།། ཚིག་གི་ཐ་སྙད་ཙམ་དུ་ཟད།། བྱང་ཆུབ་སེམས་ལ་གཉིས་མེད་པར།། རྟོགས་པའི་དོན་ལ ་ཅིག་ཏུ་བསྟན། ། སྙིང་རྗེ་ཆེན་པོའི་རང་བཞིན་གང་།། གནས་པའི་དོན་དང་མ་ཕྲད་པས།། མ་ལུས་སྙིང་རྗེའི་གནས་གྱུར་པ།། སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ།། མི་འགལ་དོན་དུ་རབ་སྦྱོར་བ།། ཀུན་རྫོབ་བྱང་ཆུབ་སེམས་སུ ་བརྗོད། ། ཇི་སྙེད་རྣམ་པར་བཅས་པའི་ཆོས།། མ་ལུས་མཐའ་ཡས་བསྟན་པ་ཀུན།། བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཏེ།། ནམ་མཁའི་ཆོ་འཕྲུལ་ཇི་བཞིན་དུ།། སྣ་ཚོགས་སྣང་བཞིན་དངོས་པོ་མེད།། དེ་དག་ཇི་ལྟར་གནས ་ཀྱང་རུང་། ། བྱང་ཆུབ་སེམས་ལས་གཞན་མིན་ཡང་།། ཐན་མོང་ཡུལ་ཕྱིར་ཕྱི་རུ་བཤད།། རང་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ།། རང་འབྱུང་འཁོར་ལོ་དྲག་གནས་པ།། གཡོ་བ་ཡམ་གིས་བསྐྱོང་བྱེད་པ།། འགྲོ་བ་ཀུན་གྱི ་ལུས་ལ་གནས། ། འཕེན་དང་སྡད་པའི་རང་བཞིན་ཅན།། སྙིགས་པའི་དུས་སུ་འང་བདེ་བ་འཆར།། སྨིན་པ་གྲ་གསུམ་སྨད་ན་གནས།། རྣམ་ཐར་སྐ་གསུམ་རྩ་བདུད་ཅན།། འབར་ཞིང་ཐིག་ལེ་འབེབས་དང་གནས།། རང ་ལུས་བདེ་ཆེན་སྨིན་བྱེད་པ། ། དེ་ལ་གང་རྟེན་བདེ་བའི་གནས།། སངས་རྒྱས་རིན་ཆེན་གབ་རྩེ་ལ།། ཐུང་ངུ་ཨ་སྙིང་ལྟེ་བར་གནས།། འཁྲུལ་ཞིང་འཛག་དང་གནས་པའི་རྩ།། རྡོ་རྗེ་དབུ་མའི་ལམ་དང་འབྲེལ།། ཁྱབ་ཅིང་རྒྱས ་པའི་སྙིང་པོ་ཅན། ། སུམ་བཅུ་གཉིས་གཉིས་རྩ་ཡིག་ལྡན།། དྷརྨ་ཙཀྲ་སྙིང་པོའི་གནས།། རྩ་བཞི་ཡན་ལག་བརྒྱད་ཀྱི་དངོས།། དངས་སྙིགས་ཤེས་པ་བརྒྱད་ཀྱི་རྟེན།། རྔུབ་བཞི་ཡིས་ཤེས་པར་བྱ།། དངས་མ་འདུས།། ་པའི་ཐིག་ལེ་ཉིད།། ཨ་ལ་བརྟེན་པའི་ཧཱུཾ་གི་སྡུད།། ཡེ་ཤེས་ལྔ་ཡི་རང་བཞིན་ཅན།། བདེ་བ་མངོན་ཤེས་ཆོས་ཉིད་ལ།། རིམ་པས་མཐར་བྱིན་འབྱུང་བར་འགྱུར།། བཅུ་དྲུག་སྒྲ་སྦྱོར་ཐིག་ལེ་ཅན།། འདབ་མ་ཨ་ལི་ལྡན་པ་ཡིས།། ་མ་ལུས་སྒྲ་སྐད་བདག་ཉིད་ཅན།། ཁྱབ་པ་གསུང་གི་བདག་ཉིད་ཅན།། སྡེ་ཚན་བཅུ་དང་ལྡན་པ་ཉིད།། འབྱུང་འཇུག་གནས་པའི་ལམ་ཡིན་ཏེ།། ཐབས་དང་ཤེས་རབ་བསྐུལ་བ་ཡིས།། བདེ་བ་འབྱུང་འགྱུར་ཐེ་ཚོམ་མེད།། སུམ་བཅུ ་རྩ་གཉིས་དཀྱིལ་འཁོར་ན། ། ཐིག་ལེ་དེ་ཡི་མཉམ་པའི་དབྱིངས།། མ་ལུས་འབྱུང་བའི་རྒྱུར་གྱུར་ཅིག། ལུས་ཅན་ཀུན་ལ་ཁྱབ་པར་གནས།། ཀུན་གྱི་དངོས་ཡིན་ཀུན་གྱི་རྩེ།། མ་ལུས་ཀུན་འདུས་གཉིས་སུ་མེད།། སྤྱི་ཙུག ་འདུས་པའི་སྙིང་པོ་ནས། ། རྐང་མཐིལ་གསང་པའི་གནས་ཡན་ཆད།། སྐུ་གསུང་ཐུགས་ཀྱི་ཀ་བས་བཟུང་།། སྣོད་བཅུད་རྒྱུད་རྣམས་རང་བཞིན་བཅུད།། དངས་སྙིགས་འདྲེས་པ་ཐབས་ཀྱིས་འབྱེད།། གཡོ་ལྡང་སྨོན་འཇུག་གནས ་མཐར་ཕྱིན། ། སྐད་ཅིག་རིམ་པ་སྐྱེ་འགྱུར་བ།། ཁམས་ལྔ་འདུས་པའི་རོ་ཡི་སྟོབས།། སེམས་ལྔ་རིམ་པས་ཤེས་པར་འགྱུར།། འདི་ཉིད་གསུམ་དུ་བཤད་པ་སྟེ།། སྐབས་ཀྱི་རིམ་པས་སྦར་བ་ཉིད།། རྩཝ་དང་ཐིག་ལེ་བདེ་བ་ཡིས ་ཕྱི་ནང་གསང་བའི་ཚུལ་དུ་བཤད། ། ། དེ་ནས་རྒྱལ་རིགས་རྗེ་རིགས་དང་།། བྲམ་ཟེ་གདོལ་པ་གར་མཁན་མ།། ཡིད་འོང་ན་ཚེད་དར་ལ་བབ།། ནུས་དང་ཆགས་པ་ཆེ་བ་དང་།། བཀའ་བློ་བདེ་ཞིང་ཡིད་མི་འཁྲུག། ལུས་རན ་ཤམདངས་དཀར་དམར་བྱེད། ། གང་སྙན་དྲན་པས་ཡིན་འཕྲོག་མ།། བཅཝ་བརྒྱད་བཅུ་དྲུག་བཟུབ་ཞི་དང་།། བཅུ་གཉིས་ལྡན་པའི་ཕྲ་མོ་ལ།། སྦྱོར་བ་ཚང་ཞིང་རྟགས་ཐུང་ནས།། བ་མལ་སྤངས་པའི་སྦྱོར་བ་ཡིས།། ས་ཡང ་བཅུ་གསམ་གཉི་ལྡན་པའི། ། སང་དབང་འདུས་པའི་ཁམས་ལྔ་ལས།། གསེར་འགྱུར་སྨན་དང་མུན་སེལ་ལྟར།། བབས་དང་ཤེས་རབ་གཉིས་མེད་པའི།། ཉི་མཐབ་ཅེ་ཟད་པའི།། མ་ལུས་འདུས་པའི་རྩེ་འཁོར་ལོ།། འབྲུང་འཇུག ་གནས་པ་རླུང་དང་འགྲོགས། ། ལྡང་བས་པ་མལ་ཤེས་པ་འགག། གཡོ་བས་ཉམས་ཉིད་རྩེ་ཅིག་པ།། སྨོན་པས་ཡིད་ཅིག་འདྲེས་པ་སྟེ།། འཇུག་པ་ཛཿཧཱུཾ་བཾ་ཧོཿསྟེ།། ཤེས་པ་བདེ་བར་འཇུག་པ་ཉིད།། གནས་པས་ཡུན་རིང་གནས ་པ་སྟེ། ། མཐར་བྱིན་འདྲེས་པའི་གར་ཐབས་ཀྱིས།། བརྗོད་བྲལ་ཐིག་ལེའི་བསྟན་པ་འཆར།། བ་མལ་ཞེན་པ་ནུབ་གྱུར་ནས།། ཞེན་པ་ལྡོག་ཅིང་རིག་པ་ཟེ་མ།། རྣམ་ཤེས་རྒྱལ་བ་ལ་སོགས་འབྱུང་།། ཡིད་འོང་གཟི་ལྡན་ཕྱག་རྒྱ་མ།། ་མཐོང་བས་ལུས་སེམས་བདེ་བ་དང་།། ཟད་པས་སྡུག་བསྔལ་ཉམས་པར་འགྱུར།། དྲེས་པས་བདེ་བ་བརྒྱན་པོ་འཐུང་།། བབས་དང་ལྡན་པས་སྣང་གྱུར་ན།། བསྐལ་པར་སྦྱངས་པས་མི་འགྲོངས་པའི།། ནམ་རྟོག་ཞེན་པ་ལོག ་ནས། ། ད་ལྟར་བདེ་བ་ཆེན་པོར་སྨིན།། ཐོབ་པ་བརྟན་འདོད་རྣལ་འབྱོར་པས།། མཐོང་དང་ཐོས་དང་ལྷན་ཅིག་གནས།། འཁྲུད་དང་ཟད་དང་སྤྱད་པ་ཡིས།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ།། དབང་དང་མི་ལྡན་སྐལ་ངན་དང་།། དམན་པས། ་མི་རྟོགས་ཡུལ་མིན་པས།། གསང་བ་ཞེས་ནི་བཤད་པ་ཡིན།། དེ་ནས་གཞན་ཡང་བཤད་བྱ་བ།། རིམ་པའི་ཏིང་འཛིན་མཔར་ཕྱིན་ནས། སུ་དང་གསུང་དང་ཐུགས་ལྡན་པའི།། ཚེམ་ཐ་གསུམ་པར་ལྡན་པ་ཡཾ།། སུམ་བཅུའི་དཀྱིལ ་འཁོར་བསྒོམ་པར་བྱ། ། གང་དུ་རྒྱས་པའི་དབང་གྱུར་ལ།། རིགས་ལྔ་ཡེ་ཤེས་ལྔར་ལྡན་ཅིག། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། བདུན་བཅུའི་རིམ་པ་བསྒོམ་པར་བྱ།། མོས་ཆུང་གསང་བར་སྤྱོད་འདོད་པས།། ཆོམ་བུ་ཅིག་པའི ་དཀྱིལ་འཁོར་ཏེ། ། བཅུ་འམ་ཡང་ན་བཅཝ་བརྒྱད་པའི།། ཚོམ་བུ་ཐ་མ་བསྒོམ་པར་བྱ།། འདིར་ནི་དཀྱིལ་འཁོར་ཀུན་འདུས་པའི།། ཚོགས་ཀྱི་འཁོར་ལོ་སྒོམ་པར་བྱ།། དུ་གདུག་པ་འདུལ་བ་ལི། ཀྱིལ་ལོང་རིམ་པ་དེ་བཞིན་ཏ། མི ་པ་བསྐུར་བའི་ཁྲོ་བོ་ནི། ། རིམ་པ་མ་འདྲེས་ཙམ་དུ་བསྒོམ།། རྣལ་འབྱོར་ཡོ་བྱད་ཚོགས་པ་ཡིས།། དཀྱིལ་འཁོར་ཏིང་འཛིན་སྤྱོད་ཚོགས་པ།། མ་ལུས་ཚོགས་པས་ཚོགས་ཞེས་བྱ།། དང་པོར་དེད་དང་བརྩོན་འགྲུས་དང་།། དམ་ཚིག ་ལྟ་སོགས་སྔོན་སོང་ཞིང་། ། རིམ་བཞིན་ཏིང་འཛིན་མཐར་ཕྱིན་པས།། ནུས་པ་ཡོད་པའི་རྣལ་འབྱོར་པ།། སྐལ་ལྡན་དྲོད་ཚད་མཉམ་པ་འམ།། མི་ལྡན་འཕྲོ་འདུས་སྦྱངས་པས་གྲུབ།། རབ་ཏུ་དབེན་ཞིང་ཡིད་འོང་བ།། རི་རྩེ་གསང ་འདབ་ཆུ་གླིང་ངམ། ། དུར་ཁྲོད་རི་བོར་ནགས་འདབས་ཏེ།། སྐྱེ་བོ་འདུས་དང་རྣམ་བྲལ་ཞིང་།། བར་ཆད་བྲལ་བའི་ས་ཕྱོགས་དེར།། རྣལ་འབྱོར་རྒྱལ་པོ་ལྟ་བུའི་ཕྱིར།། རིན་ཆེན་ཡིད་འོང་མཛེས་བརྒྱན་པའི།། འཁོར་ཁང་ཕྱི་ནང།། ་བར་ལྡན་པ།། འཆགས་སར་བཅས་པར་བཙམ་པར་བྱ།། རྣལ་འབྱོར་ཕོ་མོ་གྲངས་མཉམ་པ།། ལྷ་སྤྱོད་ཏིང་འཛིན་དམ་ཚིག་ཚད།། བྲོ་གར་འདུ་ཕྲོ་ཡོ་བྱད་དང་།། ཀླུ་ཚིག་སྒྲ་ཡི་ཡོ་བྱད་དང་།། བཟའ་དང་བཏུང་བའི་ཡོ་བྱད་དང་།། རྒྱན ་དང་བགོ་བའི་ཡོ་བྱད་དང་། ། ཨཱ་ལི་ཀཱ་ལི་མཉམ་སྦྱར་ཞིང་།། ཉི་ཟླ་བརྩེགས་པའི་ངོ་བོར་བཞུགས།། ལྷ་དང་མི་དང་ཡོ་བྱད་དང་།། གནས་དང་སྤྱོད་པ་ཀུན་ཚོགས་པས།། དེ་དག་ཚོགས་བསུ་བཤད་པ་ཡིན།། ཐབས་དང་ཤེས་རབ ་འབྲེལ་གྱུར་ནས། ། ཡབ་ཡུམ་གསལ་བའི་ཏིང་འཛིན་ལ།། མཐའ་ཐུག་མེད་པའི་རྒྱལ་བ་རྣམས།། ནམ་མཁའི་ཆར་བཞིན་ཀུན་གུག་ལ།། ཡབ་ཡུམ་གཉིས་མེད་འདྲེས་པ་ལ།། དབང་བསྐུར་བྱིན་བརླབས་རྒྱན་བཏགས་ཏེ།། ་བདུད་རྩི་ལྔ་དང་ཤ་ལྔ་དང་།། བཟའ་བཏུང་ལྷ་ལ་ལྷ་རོལ་ཞིང་།། འོད་ཀྱིས་མ་ལུས་ཚིམ་པ་དང་།། འགྲོ་མང་བདེ་བ་ཐོབ་པར་བྱ།། བྲོ་ལྔ་གར་ལྔ་སྟབས་ཚིག་ལྔ།། བྲོ་གར་རྩེ་འཇོ་བརྗོད་པ་ཡིས།། རིགས་ཀྱི་འོད་ཟེར་འཕྲོ་འདུར ་གསལ། ། འགྲོ་བའི་ཕྱི་ནང་མུན་གསལ་ཏེ།། རིགས་འཛིན་ས་ནས་ས་རུ་བསྐྱད།། ཀླུ་ལྔ་ཚིག་ལྔ་རིགས་ལྔ་ཡིས།། ཕྱོགས་ཕྱོགས་བལྟས་ཏེ་བརྗོད་པ་ནི།། འགྲོ་བ་ཀུན་གྱིས་བདེ་ཐོབ་ཅིང་།། ཆོས་ཀྱི་དུང་ཆེན་སྒྲ་ཡང་སྒྲོགས།། ཕྱི་ནང་དུ། ་ཀྱི་ཡོ་བྱད་ནི།། རིན་ཆེན་ཟེའུ་བྲོག་རྣཆས་དང་།། ལག་གདུབ་རྐང་གདུབ་མགུལ་ཏོ་དང་།། ན་བཟའ་རྒྱན་གྱིས་གང་རྒྱན་པས།། ཡིད་འོང་ཏིང་འཛིན་གསལ་བ་དང་།། འགྲོ་བས་ལྟ་བའི་འོས་སུ་འགྱུར།། རླུང་དང་ནུས་པའི་སྟོབས་ལྡན ་ཞིང་། ། སྒོ་གསུམ་བག་ཆགས་ཟད་འགྱུར་ཏེ།། བྱིན་བརླབས་རླུང་ལ་དབང་ཐོབ་པས།། ཨཱ་ལི་ཀཱ་ལི་མཉམ་སྦྱར་བ།། བཅུ་དྲུག་རྫོགས་པའི་དུས་སྦྱར་བས།། བདག་པོ་གདུང་ཅན་ཕྲད་པའི་ཚེ།། ཉེ་ཟླ་དུས་གཅིག་ཤར་བའི་ཚེ།། ་ཐུན་མོང་ཐུན་མོང་མ་ཡིན་པའི།། སྤྱོད་ཡུལ་ནུས་པ་ཀུན་བཟློག་ནས།། མཐོང་ལམ་རང་གི་མཚན་ཉིད་སྐྱེ།། ཟླ་བ་འམ་ཟླ་ཕྱེད་དུས་མཚམས་སོགས།། བདེ་ཆེན་ཉམས་མྱོང་རྐུན་མི་འཆད།། མཐོང་བའི་དོན་ལ་མཉམ་གཞག་པས ་བརྟན་ཞིང་ངེས་པས་གདེང་དུ་གྱུར། ། སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ།། བདེ་ཆེན་ཟག་མེད་ཏིང་ངེ་འཛིན།། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་།། བདེ་བ་ཆེན་པོར་རྒྱུན་མི་འཆད།། སྤྲུལ་པའི་ལོངས་སྤྱོད་མཛད་པ་ཡིས།། འཇིག་རྟེན་ཁམས་མང ་འགྲོ་བ་དག། དེ་ཚེ་འགྲོ་བའི་དབྱིངས་སུ་སྦྱོར།། རྡོ་རྗེ་ལུས་ཐོབ་དེ་ཕྱིན་ཆད།། སྐྱེ་ཤི་མེད་པའི་གཡུང་དྲུང་ཡིན།། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ།། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས།། ཡེ་ཤེས ་ཐིག་ལེ་དེ་ཉིད་ལ། ། ཡེ་ཤེས་ཐིག་ལེ་ཉིད་སྣང་བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། གང་ཟག་རིམ་པར་འཇུག་པ་རྣམས།། དང་པོར་དངོས་དོན་མཐོང་བ་ཡིས།། ཚེ་འདིས་ས་ལ་བགྲོད་བྱ་ཞིང་།། བསམ་བྱས་ལྷུན་གྲུབ་ཉིད ་ཐོབ་ཕྱིར། ། ལྟ་སྤྱོད་ཏིང་འཛིན་རིམ་འབྲེལ་བས།། བར་ཆད་མེད་པའི་ལམ་ལ་འབད།། གནས་སྐབས་རིམ་པ་ཇི་སྙེད་ཀྱང་།། ཐ་མལ་བ་དང་ལོག་སྤྱོད་དང་།། མོས་པ་ལ་སོགས་ཡུལ་མིན་དེ།། ནུས་དང་གྲུབ་པ་ཐོབ་པ་ཡིས། ་གསང་བ་ལམ་དང་འབྲེལ་བར་བྱ།། རྣལ་འབྱོར་ཆེན་པོ་ལྔ་ལ་གནས།། རིམ་ནས་རིམ་པར་བརྟན་གྱུར་ཏེ།། གསལ་ལྡན་མི་གཡོ་ཐོབ་པ་ལ།། ཉམ་ང་མེད་པའི་སྟོབས་ལྡན་པས།། པད་མ་ལ་ནི་འདམ་བཞིན་ཏེ།། སྤྱོད་པ ་སོ་སོ་གནས་པ་ཡིས། ། རྩ་བ་སྤྲོས་བཅས་རྣལ་འབྱོར་ཏེ།། བསྒྲུབ་པ་དུས་ཀྱི་ཚོགས་ལ་གནས།། ཡན་ལག་ཚོགས་ཀྱི་སྤྱོད་པར་གསུངས།། གང་ཕྱིར་དཀྱིལ་འཁོར་ངེས་བསྟན་པ།། རང་རིག་མཐའ་དབུས་མེད་པ་དཀྱིལ།། ཡེ་ཤེས ་བཞི་འབྲོས་འཁོར་ལོའི་ཚུལ། ། འཇིག་རྟེན་འདས་པ་དཀྱིལ་ཉིད་དེ།། འཇིག་རྟེན་སྣ་ཚོགས་འཁོར་དུ་བཤད།། རིག་པའི་དོན་ཉིད་དཀྱིལ་ཉིད་དེ།། ཆོ་འཕྲུལ་རང་འབྱུང་འཁོར་དུ་གསུངས།། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། ་རིགས་བཞི་ལྷ་དང་ལྷ་མོ་དང་།། ཁྲོ་བོ་ཁྲོ་མོ་འཁོར་དུ་བཤད།། ལྷ་ཡི་ཏིང་འཛིན་དཀྱིལ་ཉིད་དེ།། སྤྱོད་པ་ཡོ་བྱད་འཁོར་དུ་བཤད།། གང་ལ་གང་གིས་རྒྱས་བཏབ་པ།། གོམས་དང་རྟས་པའི་དབང་གིས་ནི།། ཇི་ལྟར་སྣང་གྲགས་ཆོས ་ཐམས་ཅད། ། དེ་དང་དེའི་ངོ་བོར་འགྱུར།། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དཀྱིལ་འཁོར་མ་ལུས་པར་བཤད་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། དབང་བསྐུར ་ཆོ་ག་ཕུན་སུམ་ཚོགས། ། ཐབས་ཀྱི་ས་ལ་སྦྱོར་བྱེད་པའི།། རྟོག་པའི་ཆོ་ག་བཤད་པར་བྱ།། རྒྱལ་བ་ཀུན་གྱི་གསང་ཆེན་པོ།། མ་ལུས་པ་ཡི་རྒྱ་མཚོ་ཉིད།། རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཏེ།། འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལ།། ་རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ།། ཡེ་ཤེས་ལྷ་མོ་ལ་བརྟེན་ནས།། ཡེ་ཤེས་ཆེན་པོའི་དབང་བསྐུར་བས།། གསང་བདག་རྡོ་རྗེ་འཆང་ཆེན་འགྱུར།། ཡེ་ཤེས་རྒྱ་མཚོ་དབང་ཕྱུག་གིས།། དང་པོ་ནས་བཟུང་བཅུ་པའི་བར།། ཏིང་འཛིན ་འབར་བའི་དཀྱིལ་འཁོར་དུ། ། རིག་པའི་ལྷ་མོ་ལས་བརྟེན་ནས།། ཏིང་འཛིན་ཆུ་བོས་དབང་བསྐུར་བས།། ས་དང་ཡེ་ཤེས་ཞིང་ཁམས་དང་།། རྫུ་འཕྲུལ་མཛད་པའི་རིམ་པར་འཕེལ།། མཐོང་ལམ་རྡོ་རྗེ་སྐུ་ཐོབ་པས།། ངེས་འབྱེད་ཉམས ་ལྡ་རྣལ་འབྱོར་ལ། ། རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ།། རིག་པ་རྩལ་གྱིས་གཟུངས་བརྟེན་ནས།། ཟག་མེད་རྡོ་རྗེ་སྐུ་ལ་སྦྱོར།། རིག་པ་བརྟན་ཐོབ་རྣལ་འབྱོར་པས།། ལས་དང་སྐལ་ལྡན་རྣལ་འབྱོར་ལ།། ལྷག་པ་ག ་བརྙན་དཀྱིལ་འཁོར་དུ། ། རིག་མའི་ཕྱག་རྒྱ་མཛེས་མ་ལ།། དབང་བསྐུར་བྱིན་བརྙས་བརྟེ་བྱས་ནས།། ཆོག་ཐབས་ཀྱི་དབང་བསྐུར་ཞིང་།། བརྒྱུད་པ་དབང་གི་མན་ངག་གིས།། སྦྱོར་བ་ཉམས་ལྡན་རྣལ་འབྱོར་ཐོབ།། ཡེ་ཤེས་རྒྱ་མཚོ་ཐོ ་ལྡན་ཞིང་། ། ཐུགས་རྗེ་རྒྱ་མཚོས་འགྲོ་བ་སྐྱོབ།། དམ་ཚིག་དབང་དང་རིག་པའི་དྲོད།། དམ་པར་བརྒུད་པའི་དབང་ཐོབ་ཅིང་།། དགོངས་བྲ་བ་དེན་ལ་མཁས་པ་དང་།། རྐྱེན་ཐུབ་ས་བོན་གཟི་བརྗིད་ཆེ།། ལས་དང་བྱ་བ་མ་རྨོངས་ཤིང་།། མ་ཡེ ་བརྩོན་འགྲུས་བར་ཆད་མེད། ། རི་དགས་རྒྱལ་པོ་སེང་གེ་ལྟར།། གཟི་ཆེན་གཞན་གྱི་ཉམ་ང་མེད།། བྱིན་བརླབས་འདུས་པའི་ནུས་པ་ཅན།། ཚིག་དང་བདེན་པའི་བྱིན་རླབས་འགྲུབ།། དེ་ཡིས་དབང་བསྐུར་ཆོ་ག་རྩམ།། དད་དང་དམ་ཚིག ་ལྡན་པ་དང་། ། སྙིང་རྗེ་ཆེ་ལ་སློབ་ལ་བརྩོམ།། བརྩོན་འགྲུས་ཤེས་རབ་པུན་སུམ་ཚོགས།། བསྐལ་པ་ཞིང་གི་རྡུལ་སྙེད་དུ།། ཐོས་བསམ་བསྒོམས་ལ་རབ་གནས་པའི།། འགྱུར་མེད་བརྟན་པའི་བསམ་པ་ཡིས།། ཐ་མལ་བསམ་པ ་སྤང་བྱས་ཏེ། ། བླ་མ་ལ་ནི་དེ་བཞིན་གཤེགས།། འདུལ་དབང་ཐབས་མཁས་བསམ་པར་བྱ།། བླ་མ་སངས་རྒྱས་དེས་ཀྱང་ནི།། སྙིང་རྗེས་ནད་པ་བཞིན་བསམ་ཞིང་།། སྐྱོན་དང་མནར་དང་སླུ་སེམས་སྤང་།། རང་རང་ནུས་པ་ལྡན་པ་དང་།། ་བདག་གཞན་དོན་རུས་བརྩོན་འགྲུས་ལྡན།། བརྟུལ་ཤུགས་གསུམ་དང་རབ་ལྡན་ཞིང་།། དངོས་གྲུབ་དོན་དུ་གཉེར་བ་ཡི།། གསང་ཆེན་རིགས་སུ་ངེས་པ་དང་།། གཞན་གྱི་དབང་དུ་མི་འགྱུར་ན།། དབང་དང་མན་ངག་སྦྱིན་པར་བྱ།། རི ་བོའི་ཕྱོགས་སོགས་འབྱོར་པ་མོད། ། ལྗོན་ཤིང་མེ་ཏོག་རྒྱས་པའི་ཚུལ།། ཙན་དང་དྲི་བསུང་ལྡན་པའི་རི།། བདག་དབང་བར་ཆད་མེད་པའི་གནས།། ཕྱི་དང་ནང་དང་གསང་བ་ཡི།། རི་བོ་དགོད་པ་ཡོད་ཏན་གནས།། མ་ལུས་འདུས་པའི ་དགོན་པ་དེ་། རྙེད་དང་དེར་ནི་གནས་པར་བྱ།། ས་བཅུ་མཐར་ཕྱིན་གང་ཟག་ལ།། ཞིང་ཁམས་མཐའ་ཐུག་མེད་གནས་སུ།། རྒྱལ་བ་རྡོ་རྗེ་འཆང་ཆེན་གྱིས།། ཡེ་ཤེས་ལྷ་མོ་ལ་རྟེན་ཏེ།། སྐད་ཅིག་ཡེ་ཤེས་དབང་སྐུར ་པས། ། བཅོ་བརྒྱད་ཡོན་ཏན་ལྷུན་གྲུབ་པ།། སྐད་ཅིག་ཉིད་ལ་ལྷུན་རྫོགས་ཏེ།། པད་མ་སྤྱན་གྱི་ས་ལ་གནས།། ཡི་གེ་འཁོར་ལོ་ས་ལ་སྨིན།། བདག་གཞན་འབྱེད་པ་མེད་པ་ཡི།། བདེ་ཆེན་ཕྱོགས་རིས་མེད་པར་དགོངས།། འཕེལ ་འགྲིབ་མེད་པའི་རང་བཞིན་པས། ། གཞན་དོན་ཡིད་བཞིན་ནོར་བུ་བཞིན།། ས་ཐོབ་གོམས་རྟེན་སྐྱེས་བུ་ལ།། ཏིང་འཛིན་རིག་པའི་ཕོ་བྲང་དུ།། རྒྱལ་ཚབ་སྐྱེས་བུ་མཐའ་དག་གིས།། རིག་པའི་ལྷ་མོ་ན་སོ་མེད།། རིགས་བྲལ། ་ཏིང་འཛིན་སྟོབས་ལས་གྲུབ།། དེ་ལ་སློབ་མས་ངེས་བརྟེན་ནས།། ཇི་ལྟར་ཚུལ་ཇི་བཞིན་དུ།། ཏིང་འཛིན་བྱིན་བརླབས་དབང་བསྐུར་ནས།། རྣམ་པ་དང་བྲལ་དབང་རྣམས་ནི།། ཉམ་མྱོང་དབང་དུ་རང་ཤར་ཏེ།། ཐོབ་དང་བརྟན་དང ་གོམས་པ་ཡིས། ། འཇིག་རྟེན་བརྒྱ་དང་སྟོང་ཕྲག་བཅུ།། འབུམ་སོགས་བདག་གཞན་དོན་རྫོགས་ཏེ།། སྐད་ཅིག་ཉིད་ལ་རག་ལུས་པས།། རྒྱལ་ཚབ་ཆོས་ཀྱི་རྒྱལ་པོར་བཤད།། ལམ་ཞུགས་རིགས་ཕྱེད་རྟགས་ཐོབ་ལ།། སློབ་དཔོན ་མཐར་ཉི་ལམ་གནས་པས། ། རྒྱང་གྲགས་དཔག་ཚད་ལ་སོགས་པར།། རྡོ་རྗེ་ཐིག་ཚད་སྦྱོར་བརྗོད་པའི།། ། ཕྱག་རྒྱ་དཀྱིལ་འཁོར་གསལ་ལྡང་པ།། སྣ་ཚོགས་དཀྱིལ་འཁོར་མཆོག་ཏུ་གསུངས།། ས་ཚོགས་རི་པས་དབང་བསྐུར་བའི། ་སངས་རྒྱས་སྟོང་གི་དཀྱིལ་འཁོར་དུ།། སྟོབས་ལྡན་བུ་མོ་ལ་བརྟེན་ཏེ།། ཐབས་དང་ཏིང་ངེ་འཛིན་དབང་བསྐུར་པས།། རྡོ་རྗེ་ཚེ་ལ་དབང་ཐོབ་ཅིང་།། ཆོ་འཕྲུལ་མངོན་ཤེས་ལྡན་པར་འགྱུར།། དང་པོ་ཡོན་ཏན་ཀུན་ལྡན་པའི།། རིགས ་སུ་ངེས་པའི་བུ་མཆོག་སྟེ། ། དད་བརྩོན་བརྟུལ་ཞུགས་ལྡན་པ་ཡི།། མི་འགྱུར་བརྟན་པའི་རིགས་ཅན་ལ།། དྲོད་ལྡན་གནང་ཞིང་དབང་ཐོབ་པ།། རྒྱལ་པོ་ལྟ་བུ་བཱ་མ་ཡིས།། ལྷག་པ་གཟུགས་བརྙན་བྱིན་ལྡན་དུ།། དད་མོས ་བརྩོན་འགྲུས་འཇུག་པའི་སེམས། ། མི་ལྡོག་དང་བརྟན་ཚུལ་གྱིས་བཞུགས།། དབུ་བརྒྱན་ཅོད་པན་ཕྲེད་བ་དང་།། གདུགས་དང་བུམ་པ་བཟའ་བཏུང་དང་།། གོ་ཆ་ཕྱག་རྒྱ་རྒྱལ་མཚན་དང་།། སྙིང་པོ་ལྔ་ཡིས་དབང་བསྐུར་བ།། རང་བཞིན ་ངོ་བོས་གནས་ཚུལ་ལ། ། རྫས་ཐབས་ཏིང་འཛིན་དབང་སྐུར་བས།། ནུས་པའི་བྱིན་བརླབས་མངོན་པ་ཤར་གནས།། ཐེག་ཆེན་རྡོ་རྗེ་རིགས་སུ་འགྱུར།། དེ་ནས་སྐལ་ལྡན་སློབ་མ་དེ།། ཐ་མ་ལ་འདུ་ཤེས་ཀུན་བཟློག་སྟེ།། རང་རང ་ལྟར་བྱས་གསལ་བ་ལ། ། ནུས་པའི་ཚད་དང་ཉམས་སྦྱར་ནས།། ཉན་པའི་དབང་དང་བསྒོམ་པ་དང་།། འཆང་དང་འཕྲིན་ལས་བྱེད་པ་དང་།། རྡོ་རྗེ་རྒྱལ་པོ་སློབ་དཔོན་དབང་།། རང་བཞིན་ངོ་བོས་གནས་པ་ལ།། ཇི་ལྟར་ཆུ་ལ་ཆུ་བཞག་དང ་ཐབས་དང་ཏིང་འཛིན་དབང་བསྐུར་བས། ། མི་ནུས་ནུས་པ་ཐོབ་པའི་ཚད།། མི་ནུས་པ་ལ་བསྐུར་བ་མིན།། ཆད་ལྡན་རྣམས་ལ་རིམ་པས་བསྐུར།། རིག་མ་ལས་ཀྱི་ཕྱག་རྒྱ་མོ།། བཅུ་དྲུག་བཅོ་བརྒྱད་ལྡན་པ་ཡི།། དྲི་ཞིང་ཡོན་ཏན་ལྡན་པ་ལ།། ་ཐབས་དང་ཤེས་རབ་གཉིས་མེད་པའི།། རྒྱལ་བ་ཀུན་གྱི་བཅུད་འདུས་པའི།། རྡོ་རྗེ་པད་མའི་རྩ་འཁོར་ལོ།། ཡེ་ཤེས་ལྔ་ཡི་རོ་ལྡན་པ།། ཐབས་དང་ཤེས་རབ་སྣོད་ཀྱི་མཆོག། ཐབས་གསུམ་ཚུལ་གྱིས་རྩེར་བསྟིམས་པས།། འདུས ་གསུམ་རྒྱལ་བ་ཐམས་ཅད་ཀུན། ། ཉུངས་དཀར་ཚད་ཙམ་རྡོ་རྗེ་སེམས།། རྩེ་ནས་རྩེ་རུ་ཐིམ་པ་ལས།། གནས་ངན་ལེན་པ་གསུམ་སྦྱངས་ཏེ།། རྩ་བཅུད་ཐིག་ལེའི་ངོ་བོ་ཉིད།། མར་མེ་འོད་ལྟར་གསལ་གྱུར་པས།། བདེ་ཆེན་ཉམས་དང་། ་རྟགས་ཐོབ་པ།། ད་ལྟ་ཉིད་འབྱུང་ཐེ་ཚོམ་མེད།། རྡོ་རྗེ་ཉི་མ་རབ་ལྡན་པའི།། བཅུ་བཞི་བཅུ་དྲུག་རབ་ལོན་པ།། ཕྱི་ནང་གསང་བའི་ཡོན་ཏན་ཉིད།། བྱིན་བརླབས་རིག་མ་ལྷ་མོར་བྱས།། ཆགས་པ་བསྐྱེད་པ་ཐབས་རྣམས་ཉིད།། བློ་དང་ལྡན ་པས་མངོན་སུམ་བྱ། ། དེ་ནས་ཆོ་ག་ཀུན་རྫོགས་ནས།། བླ་མས་གཉིས་མེད་གཏང་བྱའི་ཕྱིར།། བྱིན་བརླབས་སྦྱོར་བ་བྱས་ནས་ཡང་།། གཉིས་ཀའི་སྲིན་ལག་བཟུང་ནས་ནི།། སློབ་མ་འདི་ལ་ལེགས་གཏད་ལ།། གསང་བའི་གནང་བ་སྦྱིན་པར་བྱ། ་ཀྱེ་བུ་འདི་བཟུང་བཟང་བ་ཡིན།། དི་རིང་ཕན་ཆད་བུ་མཆོག་ཁྱོད།། སྒོ་གསུམ་ལྷ་རུ་མཉམ་སྦྱོར་བས།། ཐ་མ་ལ་དམན་པའི་ལྟ་བ་སྤངས།། བདེ་བ་ཆེན་པོ་ཉམས་མྱོང་བས།། དཀའ་ཐུབ་ཐེག་པའི་ལྟ་བ་སྤངས།། ཐབས་དང་ཤེས ་རབ་གཉིས་མེད་པས། ། བདེ་བའི་ཉམས་མྱོང་བརྟན་པར་བྱོས།། བརྟན་པ་བར་ཆད་མེད་བསྒོམས་པས།། རྡོ་རྗེ་འཆང་གི་ས་ལ་འགྲོ།། དེ་བས་སྐལ་ལྡན་རིགས་བཟངས་ཀྱེ།། གཏན་དུ་འབྲལ་བར་མ་བྱེད་ཅིག། སྦྱོར་བའི་ཐབས་དང་ཏིང་འཛིན ་དང་། ། རྒྱུ་བའི་རླུང་ལ་དབང་ཐོབ་པས།། ཐིག་ལེའི་ལས་ལ་ཐོགས་པ་མེད།། རྒྱལ་བའི་དཀྱིལ་འཁོར་རྡུལ་ཕྲན་རྙེད།། མ་ལུས་འདུས་པའི་ཐིག་ལེ་ཉིད།། ས་ཡང་བཅུ་གསུམ་གཉིས་ལྡན་པ།། ཉམས་མྱོང་བརྟན་ཅིང་གཉིས་མེད་སྦྱར།། ་རླུང་གིས་བརྟེན་པའི་ཐིག་ལེ་ཉིད།། རོ་ཅིག་དུས་མཉམ་ཚུལ་བྱུང་བ།། དྲག་པ་མ་ཡིན་དལ་བ་མིན།། དགོངས་པ་ཉམས་དང་ཞེན་ཆགས་མིན། མཱ་ལི་ཀཱ་ལི་ཞུ་པའི་སེམས།། སངས་རྒྱས་ཕྲེང་བ་གཉིས་སུ་མེད།། རྡོ་རྗེ་པད་མ་རབ་བསྐྱེད་ཅིང ་འཁྱུད་པ་གར་གྱི་ཕྱག་རྒྱ་ལས། ། ཉི་ཟླ་རྩེ་ཕྲད་འབྱོར་པ་ན།། བྱེད་པ་རླུང་གི་ཐིག་ལེ་བཟུང་།། རྒྱུ་བ་གཅད་ཅིང་ཐིག་ལེ་མནན།། ཤེས་པ་ནམ་མཁའི་ངང་ལ་གཏད།། དབང་པོ་ཤེས་རབ་ཆེ་ཆུང་གིས།། ལན་གསུམ་བརྟན་པར་འགྱུར་བ་འམ། ་མཐོབ་པར་དུ་སྦྱིན་པར་བྱ།། རྡོ་རྗེ་ཟླ་འོད་མཛེས་ལྡན་མ།། དམན་དང་རིགས་ངན་རྣམ་པར་སྤངས།། རྡོ་རྗེ་དབང་པོས་མ་ཕོག་ཅིང་།། གཞན་དབང་ལོངས་སྤྱོད་མ་བྱས་པ།། བཅུ་གཉིས་བཅུ་བཞི་བཅོ་ལྔའང་རུང་།། ཐབས་དང་ཟས་དང་སྤྱོད་ལམ ་ཀྱིས། ། བསྙེན་པའི་ཆོ་ག་གཞུང་བཞིན་བྱ།། རྡོ་རྗེ་ལྕེ་དང་སྲིན་ལག་དང་།། སྲིན་ལག་བཅོས་མ་ལ་སོགས་པ།། ཐབས་དང་བྱུག་པའི་ཡན་ལག་གིས།། གསང་བའི་ཕོ་བྲང་རྒྱས་པར་བྱ།། འཁོར་བ་ཟིལ་གནོན་དུ་རྙེད་ནས།། བདག་པོ་གདུང་ཅན ་རྣམ་པར་སྦྱར། ། ཐིག་ལེ་མྱུར་བུ་ལ་རྟགས་བྱུང་ནས།། རྒྱུ་བ་རླུང་གི་ཚད་དུ་ཟུང་།། ཉི་ཟླ་དུས་གཅིག་ཤར་བ་ལ།། འཁོར་བ་ཟིལ་གནོན་ཐབས་ཆེན་པོ།། མྱོང་བས་ཆུ་རྒྱུན་ཏིང་འཛིན་ཐོབ།། གལ་ཏེ་རྩ་དང་བྲལ་བ་ན།། ཕཊ་དང་ལྡན་ན་འགྲོ ་བར་འགྱུར། དངོས་རླུང་མཉམ་པས་ཟིན་པར་འགྱུར།། བཟློག་པ་འདྲེན་པའི་ཧཱུཾ་གིས་ཤེས།། སྡུད་པའི་ཧཱུཾ་གིས་བསྡམས་གནས་པ།། ཐིག་ལེས་ལུས་ལ་ཁྱབ་པར་བྱེད།། དང་པོར་ས་བོན་འཇོག་པ་སྟེ།། གཉིས་པས་ནུས་པསྐྱེད་པ་ཡིན། ་གསུམ་པས་ཉམས་མྱོང་བསྐྱེད་པ་ཡིན།། བཞི་པས་དེ་ཉིད་བརྟན་པར་བྱེད།། ལྔ་པས་བརྟན་པས་ཉམས་བླངས་པས།། མཆོག་གི་དངོས་གྲུབ་ཆེ་འདིས་འགྲུབ།། རྡོ་རྗེ་སློབ་དཔོན་གནང་ཐོབ་པ།། ནུས་ལྡན་རབ་གནས་ཆོ་ག་བརྩམ།། དེ་ནས ་སློབ་མ་ཚུལ་བཞིན་པཞག། ། སྒོ་གསུམ་ཉེས་པ་ཀུན་བྲལ་བའི།། སྒོམ་པའི་དམ་ཚིག་པོག་བྱས་ལ།། དབང་བསྐུར་རིམ་པ་སྦྱིན་པར་བྱ།། དབང་གི་ཉམས་མྱོང་བརྟན་བྱེའི་ཕྱིར།། གདམས་ངག་རྗེས་འབྲུན་སྦྱིན་པར་བྱ།། གདམས་པ། ་ཉམས་བརྟན་ལ་པ་རི་པ་སྟེ།། ལམ་ཐར་ཕྱིན་པ་འབྲས་བུ་ཉིད།། དྲོད་མཐར་ཕྱི་དང་ས་བརྒྱད་དང་།། གྲགས་ཆེན་སངས་རྒྱས་སོ་དག་ལ།། རང་རིག་རྟས་དང་ཐུགས་རྗེ་ཡིས།། འདྲེན་སྟོབས་མཁའ་འགྲོ་གསུམ་དུ་སྣང་།། མཁའ་དང་སྒྲ ་དང་གཟུགས་ཅན་གྱི། ། པད་མ་ཅན་ཞེས་གྲགས་པ་ཡི།། སྦྱོར་དང་ཀླུ་དབྱངས་སྣང་བ་དང་།། གཟུགས་ཙམ་བརྟན་པས་གྲོལ་བར་འགྱུར།། དབང་སྐུར་རྩ་བའི་དཀྱིལ་འཁོར་ནི།། མ་བཅོས་རྡོ་རྗེ་དབྱིངས་དཀྱིལ་འཁོར།། ཁྲོ་བོའི་དཀྱིལ ་འཁོར་ཡན་ལགས། ། བསྲུབ་དང་གདུག་པ་གདུལ་ཕྱིར་ཡིན།། དང་ལ་རྩ་བའི་དབང་ཐོབ་ནས།། ཕྱེ་མའི་དཀྱིལ་འཁོར་དབང་ཐོབ་བྱ།། གདུལ་བྱ་མོས་པའི་དབང་བརྩོན་ལ།། ཐུན་མོང་ཙམ་དུ་ངེས་པ་མེད།། དང་གོགཉིས་པ་གསུམ་པ་དག། ་རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན།། བཞིན་པ་ལྡན་ལྔ་པ་ཉིད།། ཧེ་རུ་ཀ་ཡི་དཀྱིལ་འཁོར་རོ།། དུས་གསུམ་རྒྱལ་བས་བྱོན་བརླབས་པའི།། མ་ནོར་ལམ་སྟོན་སློབ་དཔོན་ལ།། མཉེས་དང་བཀུར་བར་མི་བྱེད་ཅིང་།། རང་རང་ནུས ་ཤིང་འཇུག་པ་ལ། ། དབང་བསྐུར་གནང་བ་མ་བྱིན་པར།། གསང་བ་བཤད་དང་ཉན་པ་དང་།། སྐོལ་དང་བསྒྲུབ་པ་ལ་སོགས་པས།། བསྐལ་པ་བྱེ་བ་དཔག་མེད་དུ།། འབྲས་བུ་ཐོབ་པར་མི་འགྱུར་གྱི།། དམྱལ་བའི་གནས་སྐྱེ་བར ་འགྱུར། དེ་ནི་དམ་པ་ཀུན་བརྙས་པས།། ནད་དང་སྡུག་བསྔལ་མང་བ་དང་།། མཁའ་འགྲོ་མ་དང་གདོན་གྱི་ཚེ།། དེ་ནས་ངེས་པར་འཆི་བར་འགྱུར།། བྱིན་བརླབས་ལྡན་པའི་བླ་མ་ཡིས།། དད་བརྩོན་བརྟུལ་ཞུགས་རབ་ལྡན་པའི ་རིགས་དེས་སྐྱེས་བུ་མཆོག་ཉིད་ལ། ། ཐབས་ཀྱིས་དབང་བསྐུར་བྱིན་བརླབས་ན།། རྒྱལ་བ་དང་ནི་མཁའ་འགྲོ་དང་།། རིགས་འཛིན་གྲུབ་པ་པོ་མོ་ཡིས།། ཚེ་འདིར་བསམ་པ་ཀུན་སྐོངས་ཤིང་།། བྱིན་བརླབས་དབང་དང་དངོས་གྲུབ་ཀྱི། ་ཕུན་སུམ་ཚོགས་པའི་བདག་པོར་འགྱུར།། གང་གིས་གང་ལ་དབང་བསྐུར་བས།། ཐ་མ་ལ་ཞེན་པ་དག་པ་དང་།། བདེ་ཆེན་ལམ་ལ་མངོན་ཞུགས་པས།། དངོས་གྲུབ་གང་ལ་ཐོགས་མེད་དེ།། ལས་རྣམས་གང་བརྩམས་འགྲུབ། ་པ་དང་།། འདོད་པའི་དོན་ལ་རོལ་པ་ཡིས།། ས་བཅུ་རིམ་པ་མཐར་ཕྱིན་ནས།། པད་མ་སྤྱན་གྱིས་ཐོབ་སྟེ།། ཡི་གེ་འཁོར་ལོ་ས་ལ་གནས།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། ཉི་ཤུ་རྩ་ལྔ་ལྷུན་གྲུབ་པ།། དབང་གི་འབྲས་བུ ་རང་ལས་ཤར། ། ཐབས་ཆེན་འདི་དང་གང་བྲལ་ན།། བསྐལ་པ་གང་གཱའི་བྱེ་སྙེད་དུ།། བརྩོན་པས་འབྲས་བུ་ཚོལ་བྱེད་པ།། འདོད་པའི་འབྲས་བུ་སྟོངས་པར་འགྱུར།། ། གང་ཕྱིར་སློབ་དཔོན་སློབ་མ་དང་།། དཀྱིལ་འཁོར་རིམ ་པ་ཇི་བཞིན་དུ། ། ལུས་དང་ཏིང་འཛིན་བྱིན་བརླབས་ཀྱིས།། འཇུག་པའི་ཆོ་ག་གསུམ་དུ་བཤད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་གསང་ཆེན་པོ།། སྒྱུ་འཕྲུལ་དྲ་བའི་ལམ་ཆེན་པོ།། མ་ལུས་ཆོག ་རྒྱ་ཆེན་པོ། ། དཔལ་ལྡན་རྡོ་རྗེ་མེ་ལོང་གི། འཇུག་པའི་རིམ་པ་ཇི་བཞིན་དུ།། གསང་བ་ཀུན་ལ་ཤེས་པར་བྱ།། རྡོ་རྗེ་བླ་མ་དེ་ཉིད་ཀྱིས།། ཆ་བྱད་གུས་ལྡན་མཛེས་པ་ཡིས།། མེ་ཏོག་ལྡན་པས་འཁོར་ལོ་ཉིད།། མངོན་བྱས ་སྐུ་གསུང་བསྐུལ་པ་ཡིས། ། དམ་ཚིག་དྲན་ཏེ་དགོངས་པར་འགྱུར།། རྡོ་རྗེ་སེམས་པའི་དཀྱིལ་འཁོར་དུ།། གསལ་དང་རིག་པའི་སྟོབས་ཀྱིས་ནི།། རྡོ་རྗེ་སློབ་མ་བྱིན་བརླབས་ཕྱིར།། སློབ་དཔོན་དག་ཀྱང་འཇུག་པར་བྱ།། དེ་ནས ་སློབ་མ་འཇུག་བྱ་སྟེ། ། ཁྲུས་བྱས་དྲི་ཞིམ་གོས་བཟང་གོནོ།། དང་དང་གུས་ལྡན་རིན་ཆེན་བཅས།། གུས་བཅས་སྙན་པའི་ཚིག་གིས་ནི།། ལུས་དབུལ་དག་པའི་སེམས་ཀྱིས་གནས།། བདུད་བརྩེ་འཁྱིལ་པའི་སྦྱོར་བ་ཡིས།། བར ་ཆང་སྦྱོར་བསལ་བསྲུང་བ་བྱ། ། ཆོ་ག་གང་ཡིན་ལྷར་བསྐྱེད་ལ།། མཚན་མ་རྫོགས་པར་ནན་ཏན་བྱ།། རྒྱལ་བ་ཀུན་གྱི་དམ་ཚིག་ལྔ།། འབྲུ་གསུམ་སྐུ་གསུམ་ཐུགས་ལྡན་སྦྱིན།། སྙིང་ཁར་རྡོ་རྗེ་བརྟན་བྱས་ལ།། དམ་ཚིག་ལེགས ་པར་དཔོག་པར་བྱ། ། ཙན་དན་དཀར་དམར་བྱིན་བརླབས་ཆུ།། ལན་སུམ་བྲུང་ལ་སྣོད་དོར་རོ།། དེ་ནས་རང་གིས་དམ་བསྒྲགས་ཏེ།། གསང་བའི་དོན་ལ་ངེས་པར་བྱ།། རང་རང་འབྲེལ་པའི་ལྷ་ཉིད་ལ།། རིན་ཆེན་དོར་དེ་བརྟག་པར ་བྱ། ། སྔགས་དང་ཕྱག་རྒྱས་དེ་བཀུག་ལ།། བསྟི་མ་ལ་དབྱེར་མེད་གནས་པ་ལ།། རྟག་ཏུ་བྱིན་བརླབས་གནས་པའི་ཕྱིར།། ལེགས་པ་བརྟན་པའི་ཆོ་ག་བྱ།། མི་ཤེས་རབ་རིབ་བསལ་བྱས་ལ།། འཁོར་ལོ་མངོན་པའི་ང་རྒྱལ་བྱ།། དེ་ནས ་ལྷ་དང་དཀྱིལ་འཁོར་གྱི། ། དག་པ་རིམས་ཀྱིས་བསྟན་པར་བྱ།། དེ་ནས་བླ་མ་སངས་རྒྱས་ལ།། མ་ལུས་ཅི་ཡོད་འཐུལ་བར་བྱ།། བྱིན་བརླབས་ཆོ་ག་དག་པ་ཡི།། དཀྱིལ་འཁོར་མཆོད་དང་བསྒོམས་པ་དང་།། ཞུགས་པའི་ཡོན་ཏན་བས་། ་མི་ཁྱབ།། རྡོ་རྗེ་འཛིན་པ་ཉིད་དུ་འགྱུར།། དེ་ནས་རིགས་སུ་ངེས་པ་ཡིན།། དང་པོར་འཇུག་པའི་རིམ་པ་བསྟན།། རྩ་བ་ཡང་ལག་ཀུན་ཐོབ་ནས།། རིམ་པ་བཞིན་དུ་དབང་བསྐུར་རོ།། དེ་ནས་བླ་མའི་བཀའ་མནོས་ལ།། འདོད་པའི་དངོས་གྲུབ། ་གྲུབ་པར་བྱ།། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བའི་མེ་ལོང་གི་རྒྱུད་ལས་དབང་བསྐུར་མ་ལུས་པ་བཤད་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། རྡོ་རྗེ་དམ་ཚིག་བླ་ན་མེད།། ་སྡོམ་པ་བསྟན་པོ་དམ་བཅས་པ།། འདི་དག་ལེགས་པར་བཤད་པར་བྱ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། འདས་དང་མ་བྱོན་དུས་གསུམ་དུ།། རྒྱལ་ཁྲིམས་ཐ་ཚིགས་བཀས་བཅད་ལྟར།། རིམ་པའི་དམོད་པོ་རབ། ་བཅད་པའི།། བྱིན་བརླབས་རང་བཞིན་འདའ་དཀའ་བ།། ཀུན་གྱིས་བསྲུང་བྱ་ཡིན་པར་བཤད།། གང་ཕྱིར་དམ་པས་བྱིན་བརླབས་པའི།། དམ་ཚིག་ཆེན་པོ་འདི་ཉིད་ལ།། འདས་དང་ད་ལྟར་མ་བྱོན་པའི།། རྒྱལ་བ་སྲས་དང ་བཅས་པ་དང་། ། རིག་འཛིན་རྣམས་དང་མཁའ་འགྲོ་དང་།། ལྷ་རྣམས་དང་ནི་མི་རྣམས་དང་།། ཀླུ་དང་མི་མིན་འབྱུང་པོའི་ཚོགས།། རྫུ་འཕྲུལ་ལྡན་པའི་ལྷ་ཆེན་ཀྱང་།། དམ་པ་འདས་པས་འཚིག་པར་འགྱུར།། དམ་པ་ཉིད་ཀྱི་རང་བཞིན ་འདི། ། རྒྱལ་བ་ཀུན་གྱི་དགོངས་པ་ལ།། སྒྲ་བཞིན་སྤྱོད་པའི་གང་ཟག་རྣམས།། ལོག་པར་སྤྱད་པས་ཚིག་པར་འགྱུར།། དམ་པ་རྣམས་ཀྱིས་བཀས་བཅད་ཅིང་།། བྱིན་བརླབས་དམོད་པོར་རང་བཞིན་གྲུབ།། དམ་པ་འདི་ལས་གང་འདས ་པ། ། རྡོ་རྗེ་ཅན་ཡང་ཚིག་པར་འགྱུར།། དམ་པ་རྣམས་ཀྱི་དགོངས་པ་ལ།། དབང་དང་བྱིན་བརླབས་ཐོབ་པ་ཡིས།། དམ་པའི་ཚུལ་བཞིན་དེས་སྤྱད་ན།། མི་མཐུན་ཕྱོགས་རྣམས་འཚིག་པར་འགྱུར།། དེ་ཕྱིར་དུས་གསུམ་སངས་རྒྱས ་ཀྱིས། ། དམ་ཚིག་ཅེས་ནི་རྣམ་པར་བསྒྲགས།། བླ་ན་མེད་པའི་དམ་ཚིག་ནི།། མ་ལུས་རང་རིག་བྱང་ཆུབ་སེམས།། མཐའ་དབུས་འགྲོ་འོང་ལས་གྲོལ་བ།། བཞི་རྩ་མེད་པའི་སེམས་ཉིད་དེ།། གང་གིས་དོན་རྟོགས་གནས་གྱུར་པ།། ། ་དོན་དམ་བྱང་ཆུབ་སེམས་སུ་བརྗོད།། མ་སྐྱེས་བྱང་ཆུབ་སེམས་ཉིད་ནི།། སྐྱེ་བའི་རང་བཞིན་ཉིད་སྣང་བ།། རང་ལུས་རྒྱལ་བའི་ཕྱག་རྒྱ་སྟེ།། མ་ལུས་དེར་སྣང་ངོ་བོ་གཅིག། རང་ལྟར་སྒོ་གསུམ་གསལ་རྟོགས་པ།། ཀུན་རྫོབ་བྱང་ཆུབ ་སེམས་སུ་བཤད། ། གསང་བ་བཤད་དང་དབང་བསྲུར་དང་།། མན་ངག་ལུང་དང་ཉམས་ཆག་སྐོང་།། མཆོག་དང་ཐུན་མོང་ལ་སོགས་པ།། དངོས་གྲུབ་སྟེར་ཞིང་གྲོལ་བྱེད་པ།། འདི་ནི་སངས་རྒྱས་མཉམ་པའི་ཕྱིར།། སྐད་ཅིག་གདུང ་ཉམས་མི་བྱ། ། རང་གི་ལྷ་དང་གཉིས་མེད་ནས།། ཕྱག་རྒྱ་བཞིར་གསལ་རྣལ་འབྱོར་པས།། རང་གི་སྒོ་གསུམ་མཉམ་པར།། ཆུ་བོ་ལྟ་བུར་བར་ཆད་མེད།། སངས་རྒྱས་ཀུན་གྱི་གསང་བ་ནི།། ཐེག་ཆེན་གསང་བ་ཉིད་ཡིན་པས།། སྣོད ་མེད་དམན་སོགས་ལོག་པ་ལ། ། བསད་བཅུ་ལ་སོགས་བརྗོད་མི་བྱ།། དང་པོར་གསད་པར་སྲོག་གཅིག་པས།། བྱང་ཆུབ་སྙིང་པོར་མི་བྲལ་བས།། རང་སྲོག་རང་གིས་གཅོད་ཀྱང་སྦ།། བརྩེ་གདུང་དམ་ཚིག་བྲལ་མི་བྱ།། ལམ་དང་བསྒྲུབ། ་པའི་རྩ་བ་དང་།། དངོས་བསྒྲུབ་ཀུན་གྱི་རྩ་བ་དང་།། འདི་དག་ཉམས་ན་ཀུན་ཉམས་པས།། རྩ་བ་ཞེས་སུ་བསྟན་པ་ཡིན།། ཡན་ལག་ཐུན་མོང་དམ་ཚིག་དང་།། ཐུན་མོང་མིན་པར་ཤད་པར་བྱ།། དང་པོར་གསང་བའི་ལུང་ཐོབ་ནས།། ནུས ་པ་མངོན་དུ་སྣང་བར་དུ། ། བདག་དང་གཞན་ཕྱིར་ཐུན་མོང་གི། འགལ་དང་སྒྲོ་སྐུར་ཀུན་འདས་ཤིང་།། ཀུན་དང་བསམ་པ་དགའ་བྱེད་པ།། ཐུན་མོང་དམ་ལས་མི་འགལ་བ།། ཐུན་མོང་དམ་ཚིག་ཡིན་པར་བཤད།། ཐུན་མོང་མ་ཡིན ་གང་ཟག་གིས། ། ཐབས་ཆེན་ཐུན་མོང་མ་ཡིན་པ།། ཉོན་མོངས་ལྔ་དང་སྤྱད་པ་ལྔ།། བདུད་རྩི་ལྔ་དང་ཤེས་པ་ལྔ།། གྲུབ་པ་ལྔ་ཡི་ཆོས་རྣམས་ཉིད།། སྐྱེས་སྤུ་རིགས་ཕྱེད་སྤྱོད་ཡུལ་ཏེ།། ཐུན་མོང་རྣལ་འབྱོར་ཡུལ་མིན་པས།། ཐུན་མོང ་མ་ཡིན་ཞེས་སུ་བཤད། ། དང་པོ་ནས་བཟུང་རྟགས་ཐོབ་པར།། རྩ་བ་ཡན་ལག་བཅས་པ་ཡི།། ལུས་སེམས་མ་ཡངས་རྩེ་གཅིག་པས།། རྣམ་པོ་དང་བཅས་དང་དུ་བླ་།། ས་ཐོབ་གོམས་དང་མཐར་ཕྱིན་པར།། ཏིང་འཛིན་དོན་ལ ་གནས་པའི་ཚེ། ། འགལ་བའི་སྒོ་གསུམ་མི་འབྱུང་བས།། ཏིང་འཛིན་རྒྱུན་གྱི་དམ་ཚིག་ལ།། རྣམ་པའི་དམ་ཚིག་མ་ལུས་འདུས།། དོན་ལས་ལངས་ཚེ་སྙིང་རྗེ་དང་།། རྩ་བ་ཡན་ལག་ཤུགས་ལྡན་ཡིན།། སངས་རྒྱས་ས་ལ་གནས ་པན། ། འདའ་བ་མེད་པའི་དམ་ཚིག་སྟེ།། རྒྱ་མཚོདྲན་བཞིན་ཐོས་སྤང་ས་མེད།། སྲུང་མེད་ལེ་གས་དམ་ཚིག་སྟེ།། དམ་ཚིག་འདི་ནི་རྨང་པོ་ཆེ།། བསྟེན་པ་རྟགས་དང་ལྡན་པར་དུ།། སྤྱི་ཡི་དམ་ཚིག་བསྲུང་བྱ་ཞིང་།། བསྒྲུབ་པ་གང་ཡིན་གྲུབ་པ་ན། ་ཁྱད་པར་རང་རང་རྟོགས་པ་ཡི།། དམ་ཚིག་མེད་པར་འགྲུབ་མི་འགྱུར།། གང་ཟག་གང་ལ་དགའ་བ་ལ།། དམ་ཚིག་དཀའ་ཐུབ་སྒོ་ནས་ནི།། གསང་བའི་དོན་ལ་དགོད་བྱའི་ཕྱིར།། དམ་ཚིག་རྣམ་པ་མཐའ་ཡས་བསྟན།། དང་པོ་ལས། ་ཅན་རྣལ་འབྱོར་ལ།། རྩ་བ་ཐུན་མོང་དམ་ཚིག་བརྟན།། བརྟན་ནས་ཉམས་ལྡན་གང་ཟག་ལ།། ཐུན་མོང་མིན་པའི་དམ་ཚིག་བསྟན།། རྟོགས་པའི་འཇིགས་མེད་གང་ཟག་ལ།། འདའ་ཉམས་མེད་པའི་དམ་ཚིག་སྟན།། ་ས་ཐོབ་གོམས་མཐར་ཕྱིན་པ་ལ།། ཏིང་འཛིན་རྒྱུན་གྱི་དམ་ཚིག་བསྟན།། དངོས་གྲུབ་རྟོགས་པ་ཀུན་དང་འབྲེལ།། དམ་ཚིག་འདི་ནི་རྡོ་རྗེ་ཆེན།། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི།། རྩ་བ་ཡན་ལག་བཅས་པ་འདི།། ཐོབ་ནས ་དམ་པར་གང་བསྲུངས་པ། ། ཡོན་ཏན་ཆུང་ཡང་འགྲུབ་པར་བཤད།། མཆོག་དང་ཐུན་མོང་ལ་སོགས་པ།། དངོས་གྲུབ་རྟོག་པ་མ་ལུས་པ།། ཆོ་ག་གང་དང་ཏིང་འཛིན་གང་།། སྒྲུབ་པ་གང་དང་གང་ཡང་རུང་།། མ་ཉམས་ཚུལ་དུ ་རབ་བརྩོན་པས། ། མྱུར་དུ་གྲུབ་པ་ཉིད་དུ་འགྱུར།། གལ་ཏེ་བྱིན་གྱིས་མ་བརླབས་ན།། རྡོ་རྗེ་འཆང་ཉིད་བརླག་པར་འགྱུར།། རྒྱལ་བ་ཀུན་གྱི་ཡོན་ཏན་ཉིད།། དམ་ཚིག་རྡོ་རྗེ་ལས་བྱུང་བས།། དམ་པ་འདི་ལ་གང་བརྟེན་པས།། ཡང ་བཞིན་ནོར་བུ་ལྟ་བུར་གྱུར། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་དང་ཡན་ལག་གི། བསྲུང་བྱ་དཀའ་ཐུབ་དམ་པ་འདི།། ཀུན་གྱིས་འདས་པ་མ་ཡིན་ཞིང་།། གནས་པ་དམ་པ་ཉིད་ཡིན་ཏེ།། ལས་དང་སྐལ་པ་དམན་པ ་དང་། ། རིགས་དམན་ལེ་ལོའི་ཆེ་བ་དང་།། རང་བཞིན་ངན་པའི་གང་ཟག་གིས།། བློན་པོ་གང་ཞིག་འདའ་བྱེད་ཅིང་།། དངོས་གྲུབ་གཉིས་ལ་རྒྱབ་ཕྱོགས་ནས།། དམ་པ་རྣམས་ལ་སྨོན་བྱེད་པ།། སངས་རྒྱས་ཀུན་ལ་ཉེས་བྱས་པས།། རྡོ་རྗེ་འཛིན ་རྒྱལ་ཁྲོས་ནས་ནི། ། བདུན་རྒྱུད་ཚུན་ཆད་བརླག་པར་མཛད།། མཁའ་འགྲོ་མ་དང་རིག་འཛིན་དང་།། ཁ་འབར་གཏུམ་འཁྲུག་རྔམ་པའི་ཚོགས།། དེ་མ་ཐག་ཏུ་སྲོག་བཅད་ནས།། དམྱལ་བའི་གནས་སུ་སྐྱེ་བར་འགྱུར།། གལ་ཏེ་འཇིག ་པར་གྱུར་ན་ནི། ། འཇིག་རྟེན་བཞིན་དུ་སྐྱེ་འགྱུར་ཞིང་།། ཇི་སྲིད་ནམ་མཁའ་འཇིག་པ་འམ།། ཕྱི་ཡི་རྒྱ་མཚོ་ཟད་པའི་ཚེ།། ཐར་ཏེ་གཞན་དུ་ནམ་ཡང་མིན།། དམ་པའི་ཐ་མ་སྤོང་བ་དང་།། རྡོ་རྗེ་མཆད་ལ་འཁུ་བ་དང་།། བྱང་ཆུབ་སེམས ་ཉིད་མི་དྲན་ཞིང་། ། སྔགས་དང་ཕྱག་རྒྱ་ཡལ་བ་དང་།། སྣོད་མིན་གསང་ང་བཤད་པ་དང་།། གསང་བའི་དོན་ལ་སྐུར་བ་ནི།། འདིར་ཡང་སྡུག་བསྔལ་མྱོང་འགྱུར་ཞིང་།། སྐད་ཅིག་འགགས་པས་དེ་མ་ཐག། བར་མིའི་ལུས་དང་བྲལ་གྱུར་པའི།། ་རྡོ་རྗེ་དམྱལ་བར་སྐྱེ་བུར་འགྱུར།། གང་དུ་རྩུབ་ཡན་ལག་བཅས།། བསྲུང་དང་དཔོག་པར་བྱ་བའི་ཆོས།། ཐུན་མོང་དབང་དང་འབྲེལ་བཅས་པའི།། ཐུན་མོང་སྟི་ཡི་ཡུལ་གྱུར་པ།། དེ་ནི་ཐུང་མོང་བསྲུང་བྱ་སྟེ།། འདི་ནི་ཕྱི་ཡི་དམ་ཚིག་གོ།། ཐབས་དང ་ཤེས་རབ་སྒྱུར་བའི་སེམས། ། ཐིག་ལེའི་སེམས་ལྔའི་ལམ་གྱི་རིམ།། རིག་པ་མ་ལུས་གསལ་བའི་ཚེ།། ཐིག་ལེ་གཉིས་མེད་ཉམས་སུ་བྱུང་།། དེ་བའི་ཐིག་ལེ་བཅུང་བསྐུར་བས།། ཚོགས་དྲུག་རང་སྣང་ཐིག་ལེའི་གྲོགས།། མ་ལུས་ཐིག ་ལེས་བྱིན་བརླབས་པས། ། ཐམས་ཅད་བདེ་ཆེན་ཕྱག་རྒྱར་གསལ།། ཐིག་ལེ་རིག་པ་ཁར་དབྱུང་མིན།། འཁོར་ལོ་ཁ་སྦྱོར་བདེ་བ་ཡིས།། ཐ་མལ་བདེ་བར་དབང་པོར་བསྒྱུར།། རྒྱལ་བའི་དགོངས་སྤྱོད་ཐབས་ཀྱིས་མྱོང་།། ཐ་མལ་ཞེན་པ ་རྣམ་པར་བཟློག། ཐབས་ལྡན་དོན་ལ་གསང་བའི་དོན།། རང་སྙིང་འོད་ཀྱི་དཀྱིལ་འཁོར་ལྔ།། འཆར་དང་ནུབ་པའི་རིམ་པ་ཡིས།། ཐབས་ཆེན་གསང་བའི་ཐིག་ལེ་ལྟར།། ཤེས་ནས་སྤང་དུ་མེད་པར་གནས།། རང་འབྱུང་གནས་པའི་བཅུད ་ལྔ་ནི། ། རང་ལུས་རྟེན་གྱི་དོན་སྣང་བ།། ཁྱབ་པར་རྒྱུ་བའི་ཚུལ་དག་གིས།། དངས་སྙིགས་གཉིས་ཀྱིས་ཚུལ་དུ་གནས།། རང་ལུས་རྟོག་པ་དངས་སྙིགས་དང་།། ཁ་དོག་ཡན་ལག་ཉིན་ལག་གིས།། བདེ་བའི་ཡེ་ཤེས་ལྔར་ཤེས་དང་།། བདེ་བ་ཆེན་པོ་ཉིད ་དུ་གསུངས། ། ཁམས་ལྔ་བཅུད་ལས་སྐྱེས་པ་ཡི།། མ་ལུས་ཐིག་ལེའི་རང་བཞིན་ཏེ།། ཡེ་ཤེས་ལྔ་ཡི་རོ་ལྡན་པས།། རྒྱལ་བ་སྔ་རུ་ཡང་དག་གསུངས།། ཐབས་དང་ཤེས་རབ་རྡོ་རྗེ་དྲིལ།། ཉི་ཟླའི་རིམ་པའི་འོད་གསལ་བ།། སེམས་ལྔས ་མཁའ་ལ་གསལ་བའི་ཚེ། ། རྟེན་ཅན་རྟེན་དང་གཉིས་མེད་པ།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་།། མ་ཟིན་རྡོ་རྗེ་ལྕེ་ཡིས་བླང་།། གཉིས་ཀྱི་རྟོག་པ་མ་ལུས་པ།། བདེ་ཆེན་རོ་ཅིག་བྱིན་གྱིས་བརླབས།། སྐད་ཅིག་འབྲལ་མེད་བདེ་བའི ་སེམས། དུས་གསུམ་མི་འབྲལ་བརྟན་པར་གནས།། རླུང་དང་ཐིག་ལེའི་བཟླས་པ་ཡིས།། ཐམས་ཅད་བདེ་ཆེན་ཕྱག་རྒྱར་གསལ།། བདེ་ཆེན་ཐབས་དང་ཉམས་ཀྱིས་སྟེ།། བརྗོད་དང་ཚིག་གིས་ཕེབས་པ་མིན།། གཉིས་སྦྱོར་ཕྲད་པའི ་བདེ་བ་ཡིས། ཐ་མ་ལ་ཟད་དང་བདེ་ཆེན་སྦྱོར།། གང་གིས་སྦྱིན་པར་མི་ནུས་པ།། ད་ལྟར་ནུས་པ་རང་གིས་མྱོང་།། གཞན་གྱི་རྫུན་པའི་དོན་འདི་ནི།། ཐབས་ཀྱིས་བདེན་པར་མངོན་དུ་བསྟན།། ཐ་མ་ཞེན་པ་སྤང་བའི་ཕྱིར།། ཁ་ན་མ་ཐོ་བག ་ཚ་བྲལ། ། སྐྱེས་དང་ནུས་དང་གནས་པའི་ཚེ།། རང་བཞིན་ལྔ་ནི་ཤུགས་ཀྱིས་གྲུབ།། རང་གི་རྩ་བཅུད་སོ་སོ་ལས།། བདུད་རྩི་བྲལ་བ་མེད་པར་གནས།། འབྱུང་ལྔ་དབང་པོ་གཤུགས་སོགས་བཅས།། ཐབས་ལྡན་སྦྱོར་བའི་བྱིན་བརླབས ་ཀྱིས། ། བདེ་ཆེན་ལྷན་ཅིག་སྐྱེས་པར་ཤེས།། ཉི་ཟླ་རླུང་གིས་ཟིན་པ་ཡི།། མཚན་མ་བྲལ་བ་ངོ་བོ་ལས།། ཞེན་པ་མེད་པའི་ཐབས་ཆེན་པོས།། ལྷན་ཅིག་སྐྱེས་པའི་རང་བཞིན་ལས།། ཡེ་ཤེས་ལྔ་ཡི་རོ་གད་པས།། མ་ལུས་རྒྱལ་བ་ལྔ་རུ་ཐུག། ་འདི་ནི་ཕྱི་ནང་གསང་བ་ཡི།། རང་བཞིན་དམ་ཚིག་ཆེན་པོ་ཡིན།། དམ་ཚིག་རྣམ་པ་མཐའ་ཡས་པ།། ཤིན་ཏུ་འདུས་པ་རྣམ་པ་གཉིས།། འབྲིང་དུ་རྩ་བ་ལྔ་ཉིད་དང་། ཡན་ལག་བཅུ་རུ་ཤེས་པར་བྱ།། ཤིན་ཏུ་རྒྱས་པའི་དམ་ཚིག་ནི།། ་སྤྱིར་ནི་སུམ་བརྒྱ་དྲུག་བཅུ་སྟེ། རང་བཞིན་འོད་གསལ་བ་ཉིད་དང་།། ཉིད་ཀྱི་དཀྱིལ་འཁོར་སྣང་བ་དང་།། དུས་བཞི་རྒྱལ་མཆོག་ཉིད་དང་ནི།། བསྲུབ་མེད་མཉམ་པར་རྫོགས་པ་ཉིད།། ལྷུན་གྲུབ་བདེ་གནས་དམ་ཚིག་དང་།། རྣམ་དག ་བྱང་ཆུབ་བཟུང་འཛིན་བྲལ། ། རྟོགས་ནས་དོན་འཛིན་དམ་ཚིག་དང་།། སེམས་ལ་གནས་བཅས་དམ་ཚིག་དང་།། ཡེ་ནས་མ་བཅོས་དམ་ཚིག་དང་།། འདུས་བྱས་རྣམ་དག་དམ་ཚིག་དང་།། ཆོས་རྣམས་དབྱེར་མེད་དམ་ཚིག་དང་།། ཉེ་བས ་ཐམས་ཅད་འཇིགས་མེད་དམ་ཚིག་དང་། ཐམས་ཅད་འཇིགས་མེད་དམ་ཚིག་དང་།། གཡུང་དྲུང་ཚེ་འཕེལ་དམ་ཚིག་དང་།། ཐམས་ཅད་བསྲུང་དུ་མེད་པ་སྟེ།། འདི་དག་ལྟ་བའི་དམ་ཚིག་ཡིན།། ཐམས་ཅད་སྦྱོར་བའི་དམ་ཚིག་དང་། མ ་ལུས་བསྒྲལ་བའི་དམ་ཚིག་དང་། ། མ་བྱིན་ལེན་པའི་དམ་ཚིག་དང་།། བརྫུན་དུ་སྨྲ་བའི་དམ་ཚིག་དང་།། ཐམས་ཅད་སྤྱོད་པའི་དམ་ཚིག་དང་།། དམ་རྫས་སྤྱོད་པའི་དམ་ཚིག་སྟེ།། འདི་དག་སྤྱོད་པའི་དམ་ཚིག་ཡིན།། བསྒྲུབ་པའི་དམ་རིག ་རྣམ་གསུམ་ནི། ། རྡོ་རྗེ་སྐྱེས་གནས་དམ་ཚིག་དང་།། འདྲེན་བྱེད་གནས་སྟོབས་དམ་ཚིག་དང་།། ལམ་ལ་སྟོན་བྱེད་དམ་ཚིག་དང་།། རབ་ཏུ་རྟོགས་བྱེད་དམ་ཚིག་དང་།། སྦྱར་བྱེད་བྱང་ཆུབ་དམ་ཚིག་དང་།། ཐམས་ཅད་དབང་སྐུར་དམ་ཚིག་དང་།། ་རིག་འཛིན་གནས་སྟོབས་དམ་ཚིག་སྟེ།། བསྒྲུབ་བྱ་རྟོགས་པའི་དམ་ཚིག་ཡིན།། ཡུམ་གྱུར་དབྱིངས་ཕྱུག་དམ་ཚིག་དང་།། ཐབས་ཉིད་ཤེས་རབ་སྦྱོར་དམ་ཚིག། ཤེས་རབ་ཐབས་སུ་སྦྱོར་དེ་བཞིན།། གླང་པོ་བརྗིད་གནོན་དམ་ཚིག་དང་། ་ཐམས་ཅད་མི་ཆུང་དམ་ཚིག་དང་།། ཐམས་ཅད་བསྲུང་བའི་དམ་ཚིག་དང་།། ཏིང་འཛིན་ཕྱག་བརྒྱའི་དམ་ཚིག་སྟེ།། བསྒྲུབ་པ་ཐབས་ཀྱི་དམ་ཚིག་ཡིན།། ཚེགས་ཀྱིས་མཆོད་པའི་དམ་ཚིག་དང་།། ཚོགས་ཀྱི་དཀྱིལ་འཁོར་དམ་ཚིག ་དང་། ། རིགས་ཀྱི་ཕྲིན་ལས་དམ་ཚིག་དང་།། ཕྲན་མེན་ཚིམ་བྱེད་དམ་ཚིག་སྟེ།། བསྒྲུབ་པའི་འཕྲིན་ལས་དམ་ཚིག་ཡིན།། ཡང་དག་དོན་སྟོན་དམ་ཚིག་དང་།། གསུང་མཆོག་མཐའ་ཡས་དམ་ཚིག་དང་།། ཐམས་ཅད་སྐད་མཇལ་དམ་ཚིག ་དང་། ། ཡེ་ཤེས་མེད་འཇལ་དམ་ཚིག་དང་།། སྟོང་གསུམ་ཀུན་གྲགས་དམ་ཚིག་དང་།། ཡེ་ཤེས་གསུན་མཆོག་དམ་ཚིག་དང་།། བསམ་ཡས་རྡོ་རྗེ་གསུང་དམ་ཚིག། མི་གྱུར་རྡོ་རྗེ་དམ་ཚིག་སྟེ།། བདག་གིས་ཤེས་བྱའི་དམ་ཚིག་ཡིན།། ཤེས་བྱ་ཏིང ་འཛིན་དམ་ཚིག་བཞི། ། ། ནམ་མཁའ་སྡང་བྱེད་དམ་ཚིག་དང་། རྟེན་བྱེད་ས་ཡི་དམ་ཚིག་དང་།། བསྲེག་བྱེད་མེ་ཡི་དམ་ཚིག་དང་།། འཁྲུ་བྱེད་ཆུ་ཡི་དམ་ཚིག་དང་།། གཡེངས་བྱེད་ཆེན་པོའི་དམ་ཚིག་སྟེ།། ཤེས་རབ་ལྔ་ཡི་དམ་ཚིག་དང་།། ་ཕུང་པོ་ལྔ་ཡི་དམ་ཚིག་ནི།། ཐབས་མཆོག་ལྔ་ཡི་དམ་ཚིག་ཡིན།། ཆོས་རྣམས་གཟུགས་བརྙན་དམ་ཚིག་དང་།། སྒྲ་ལྟར་ཤེས་པའི་དམ་ཚིག་དང་།། དྲི་ལྟར་ཤེས་པའི་དམ་ཚིག་དང་།། རོ་ལྟར་ཤེས་པའི་དམ་ཚིག་དང་།། རེག་ལྟར་ཤེས ་བའི་དམ་ཚིག་ནི། ། གཉིས་སུ་མེད་པའི་དམ་ཚིག་ཡིན།། ཁ་དོག་ལྔ་ཡི་དམ་ཚིག་དང་།། ཕྱོགས་ལྔ་ཡི་ནི་དམ་ཚིག་དང་།། དབང་ལྔ་ཡི་ནི་དམ་ཚིག་སྟེ།། གསུམ་པོ་སྤྱིར་ཁྱབ་དམ་ཚིག་ཡིན། བདེ་བའི་རང་ཉིད་དམ་ཚིག་དང་།། ་ལྷན་གྲུབ་ཡེ་ཤེས་དམ་ཚིག་དང་།། མི་འཇིགས་རྒྱལ་མཆོག་དམ་ཚིག་དང་།། མཉམ་རྫོགས་ལྡན་གྲུབ་དམ་ཚིག་དང་།། ཕྱོགས་དུས་དབྱེར་མེད་དམ་ཚིག་དང་།། ཉིད་ཀྱི་དཀྱིལ་འཁོར་དམ་ཚིག་དང་།། ཆོས་ལ་སྐྱོན་མེད་དམ་ཚིག་དང་། ་བརྗོད་མེད་སྤྲོས་མེད་དམ་ཚིག་དང་།། ཕྱོགས་དུས་གཉིས་མེད་དམ་ཚིག་དང་།། གཉིས་མེད་བྱང་ཆུབ་སེམས་དམ་ཚིག། འདུས་མ་བྱས་པའི་དམ་ཚིག་དང་།། ཐམས་ཅད་རྒྱས་འདེབས་དམ་ཚིག་དང་།། ཐམས་ཅད་མི་འགོག་དམ་ཚིག ་སྟེ། ། ངོ་བོ་ཏིང་འཛིན་དམ་ཚིག་ཡིན།། གྲུབ་པར་བྱ་བ་ལྔ་བསྟན་པ།། ཆོས་ཀྱི་འཁོར་ལོའི་དམ་ཚིག་དང་།། རིན་ཆེན་འབྱུང་བའི་དམ་ཚིག་དང་།། པད་མ་ཆགས་མེད་དམ་ཚིག་དང་།། དོན་རྣམས་གྲུབ་པའི་དམ་ཚིག་དང་།། འཇིགས་བྱེད་རྡོ་རྗེ ་དམ་ཚིག་དང་། ། དེ་བཞིན་སྐུ་ཉིད་དམ་ཚིག་དང་།། ཐམས་ཅད་འབྱོར་ལྡན་དམ་ཚིག་སྟེ།། སྐུ་ཡི་དམ་ཚིག་བདུན་དུ་བཤད།། ཡང་དག་དོན་སྟོན་ལ་སོགས་པ།། གསུང་གི་དམ་ཚིག་བརྒྱད་པོ་ཉིད།། རང་ལ་རྫོགས་པར་ཤེས་བྱ་སྟེ།། འབྲས ་བུའི་གསུང་བས་བསྒྲུབ་བྱ་ཡིན། ། རང་རིག་དབང་སྒྱུར་དམ་ཚིག་དང་།། ཆེ་མཆོག་རྣམ་དག་དམ་ཚིག་དང་།། རང་བཞིན་འོད་གསལ་དམ་ཚིག་དང་།། བྱང་ཆུབ་སྡོམ་བྱེད་དམ་ཚིག་དང་།། ཐམས་ཅད་དབང་སྒྱུར་དམ་ཚིག་དྲུག། ཐུགས་ཀྱི ་དཔ་ཚིག་ཉིད་དུ་བགད། ། བྱང་ཆུབ་ཞིང་བཀོད་དམཚིག་དང་། ཡེ་ཤེས་བཞུགས་གནས་དམ་ཚིག་དང་། གཞལ་ཡས་ཁང་བསྟན་དམ་ཚིག་དང་།། སྣ་ཚོགས་ཀུན་སྦྱར་དམ་ཚིག་དང་།། ཟད་མེད་གཏེར་ལྡན་དམ་ཚིག་དང་།། བསྒྲུབ ་ཟད་མེ་དམ་ཚིག་དང་། ཟང་པདག་ཏང་ཆེན་དང་ག་ན།། ཡ་ཏད་དམ་ཚིག་པ་ན་དུ་བཤད།། ཐམས་ཅད་བྱིན་རློབ་མ་ཚིག་དང་།། བདུད་སྔ་མར་གཅོད་མ་ཚིག་དང་། སེམས་ཅན་དོན་བྱད་དམ་ཚིག་ནི།། ཕྲིན་ལས་དམ། ་ཚིག་གསུམ་དུ་བཤད།། སྤོང་གི་རྗེད་མ་ཚིག་དང་།། ཆགས་པའི་ཡེ་ཤེས་དམ་ཚིག་དང་།། གཏི་མུག་ཆེན་པོའི་དམ་ཚིག་དང་།། ཕྲག་དོག་ཆེན་པོ་དམ་ཚིག་དང་།། ང་རྒྱལ་བ་དེ་མཆོག་དམ་ཚིག་དང་།། ཉོན་མོངས་ལྔ་ཡི་དམ་ཚིག་སྟེ།། མི ་སྤང་བ་ཡི་དམ་ཚིག་ཡིན། ། གཏན་དུ་མ་ཡེངས་སྲུང་བ་ནི།། མཉམ་པ་ལྔ་ཡི་དམ་ཚིག་དང་།། བདེད་པ་དབྱེར་མེད་དམ་ཚིག་དང་།། སུ་གསུང་ཐུགས་སྦྱར་དམ་ཚིག་དང་།། ལམ་ལྔ་རྫོགས་པའི་དམ་ཚིག་དང་།། ཐམས་ཅད་སྦྱོར་བའི་དང ་ཚིག་དང་། ། རྡོ་རྗེ་ལོག་འཇོམས་དམ་ཚིག་དང་།། འཁོར་བ་ཟིལ་གནོན་དམ་ཚིག་དང་།། མ་བཅོས་ལྷད་གྲུབ་དམ་ཚིག་དང་།། ཐིག་ལེ་བདེ་སྦྱོར་དམ་ཚིག་ནི།། ལྟ་བ་རྒུར་བསྲུང་དམ་ཚིག་དང་།། ཏིང་འཛིན་རྒྱུན་བསྒོམ་དམ་ཚིག་དང་། ་བཅིང་བ་ཕྱག་རྒྱའི་དམ་ཚིག་དང་།། བཟླས་པ་སྒྲ་སྙན་དམ་ཚིག་དང་།། སྒོ་གསུམ་མཉམ་པའི་དམ་ཚིག་དང་།། ཤེས་རབ་བདེ་སྐྱོང་དམ་ཚིག་ནི།། ཏིང་འཛིན་རྒྱུན་གྱི་དམ་ཚིག་ཡིན།། ཐ་སྙད་ཟིལ་གནོན་དམ་ཚིག་དང་།། སྤྱོད་ལ ་བདེ་འབྱོར་དམ་ཚིག་དང་། ། རིག་པ་ཐོད་རྒལ་དམ་ཚིག་དང་།། མ་བཅོས་གནས་དག་དམ་ཚིག་དང་།། རང་འབྱུང་གནས་བྲལ་དམ་ཚིག་སྟེ།། གཅིག་ཅར་གནས་པའི་བསྲུང་ཐབས་ཡིན།། ཐམས་ཅད་སྐྱེད་བྱེད་དམ་ཚིག་དང་།། རྒྱུད་དྲུག ་སྦྱོར་བྱེད་དམ་ཚིག་དང་། ། རྟོགས་པས་ཚི་མ་བྱེད་དམ་ཚིག་དང་།། ཁྱབ་པ་ནམ་མཁའི་དམ་ཚིག་དང་།། གཞན་དོན་ཤུགས་གྲུབ་དམ་ཚིག་ནི།། དམ་ཚིག་ཆེ་བ་བསྟན་པ་ཡིན།། དམྱལ་ཆེན་དམྱལ་བ་ཕལ་བ་དང་།། ཡི་དགས་བྱོལ་སོང ་སྲིན་བུ་དང་། ། གནོད་སྦྱིན་མངལ་སྲིན་ཁ་འབར་ལྕེ།། ལྷ་དང་ལྷ་མིན་རུ་དྲ་དང་།། རྩངས་པ་ལ་སོགས་འཁོར་བ་སྟེ།། ཆད་པའི་སྐྱེ་གནས་བསྟན་པ་ཡིན།། བསྲུང་བའི་དམ་ཚིག་ཆེན་པོ་ཡིན།། གལ་ཏེ་སྟོང་པའི་དོན་རྟོགས་ན།། ་སྐད་དང་ཉམས་པའི་ཚུལ་མེད་དེ།། ཚད་པའི་ཡུལ་ལས་འདས་པ་ཡིན།། གང་ཟག་འགའ་ཞིག་སྤྱོད་ཡུལ་ནི།། གལ་ཏེ་རྩ་བའི་དམ་ཉམས་ན།། བླ་མ་གྲོགས་པོ་བརྒྱ་དག་ལ།། བཤགས་པ་སྟོང་བྲག་རྒྱ་རུ་བྱ།། བཟླས་པ་བྱེ་བ ་ཕྲག་བདུན་བྱ། ། གཏོར་མ་འབུམ་ཕྲག་བདུན་དུ་བྱ།། སྦྱིན་བསྲེག་འབུམ་ཕྲག་བཅུ་གཅིག་བྱ།། དེ་ནས་སླར་ཡང་བླང་བ་འམ།། བླ་མས་གནང་ནས་གནས་པར་བྱ།། གལ་ཏེ་ཡུལ་དེ་མི་གནས་སམ།། ལོ་གསུམ་པ་ན ་ཚད་འདས་པ་འམ། ། གལ་ཏེ་བཤེགས་པའི་ཚུལ་མཐོང་བས།། མ་དད་འདོད་པའི་སེམས་སྐྱེས་ནས།། བསྐལ་པའི་ཚད་ལས་འདས་པ་སྟེ།། བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར།། བཤགས་ཀྱང་དག་པར་མི་འགྱུར་ཏེ།། རྡོ་རྗེ་དམྱལ ་བ་ཞེས་བྱ་བར། ། མི་ཟད་སྡུག་བསྔལ་མྱོང་ནས་ནི།། ཇི་སྲིད་ནམ་མཁའ་གནས་པའི་བར།། མཚོན་ཆའི་འཁོར་ལོ་བཞིན་དུ་འཁོར།། ཡན་ལག་དམ་ཚིག་ཉམས་གྱུར་ན། བཟླ་བ་བདུན་དུ་སྨྲ་བཅད་བྱ།། སྦྱིན་བསྲེག་སྟོང་རྩ་བརྒྱད་དུག།། ་བཟླས་པ་བྱེ་བ་ཚད་འབུམ་གཅིག། གཏོར་མ་ཁྲི་ཕྲག་ཅིག་ཏུ་གཏང་།། དེ་ནས་སླར་ཡང་བླང་བ་དང་།། དག་དང་ཚངས་པར་བསྒྲགས་པར་བྱ།། དག་པའི་སྣོད་དང་མི་ལྡན་པར།། གསང་བ་སྟོན་ཅིང་འཆད་པ་དང་།། དབང་མ་ཐོབ་པར ་བཀའ་འགོམ་དང་། ། བདེ་གཤེགས་བཀའ་ལས་འདས་པ་དང་།། ཚད་དང་ལྡན་པའི་སྣོད་མིན་ལ།། གསང་བ་ཚད་དུ་སྒྲོགས་པ་དང་།། གསང་བ་ཉམས་སུ་མི་ལེན་པར།། འཕྱར་བས་ཀུན་ལ་སྤེལ་པ་ནི།། ཚད་ལས་འདས་པའི་གང ་ཟག་སྟེ། ། སངས་རྒྱས་ཀུན་ལ་བརྙས་བྱེད་པས།། དུས་གསུམ་སངས་རྒྱས་ཁྲོས་པ་ཡིས།། བདུན་རྒྱུད་ཚུན་ཚད་བརླག་པར་མཛད།། བླ་མ་དང་ནི་གྲོགས་རྣམས་དང་།། ཕ་མ་གཉེན་བཤེས་རྒྱལ་བློན་དང་།། རྒྱལ་འབངས་ཉེས་མེ། ་སྡང་པ་ནི།། དམ་ཚིག་ཉམས་པའི་རྟགས་སུ་བཤད།། ཟབ་མོ་དག་ལ་གགས་བྱུང་དང་།། བསྒྲུབས་པས་འདོད་པ་མི་འབྱུང་ཞིང་།། བསྲུང་བའི་ལྷ་རྣམས་གཡེལ་བ་དང་།། མཉེས་ཡ་ཁ་འབྱུང་བ་དག། དམ་ཚིག་ཉམས་པའི་སྟགས ་སུ་བཤད། ། དང་པོར་བླ་མའི་ལུང་ཐོབ་ནས།། རང་གིས་ཉམས་པ་མ་ཚོར་ཞིང་།། བདེ་ལེགས་བསམ་པ་འགྲུབ་འགྱུར་ཞིང་།། བདག་གཞན་བསམ་པའི་ཁྱད་པར་དག། སྔོན་དུ་ཡིད་བཞིན་ནོར་བུ་བཞིན།། འགྲུབ་ཅིང་སྔགས་པས་ཐོབ ་པ་ནི། ། མ་ཉམས་དོན་དང་ལྡན་པའི་རྟགས།། རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ཡིན།། གལ་ཏེ་མ་ཉམས་རྟགས་བྱུང་ནི།། བསྐར་གསོའི་ཆོ་ག་མྱུར་དུ་བརྩམ།། གལ་ཏེ་ཉམས་ལ་རྟགས་མེད་ཅིང་།། ལེགས་པར་སྣང་ན་མི་རུང་ཏེ།། ་བདག་གིས་བོན་ཚིག་པ་སྟེ།། བདེ་བ་ཟང་བྱས་གཏན་དུ་སྡུག།། མཉམས་རྟགས་བྱུང་མྱུར་བསྐངས་ན།། སྔོན་གྱི་བག་ཆགས་ཟད་པར་འགྱུར།། ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དམ་ཚིག ་མ་ལུས་པ་བཤད་པའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་ཡང་དག་བཤད་བྱ་བ།། མཆོག་དང་ཐུན་མོང་ལ་སོགས་པ།། བསྒྲུབ་པའི་ཁྱད་པར་ཇི་སྙེད་པའི།། རྟོག་པའི་ཆོ་ག་མདོར་བསྡུས་བཤད།། རྒྱུད་ཀྱི་རྒྱལ་པོ་མ་ལུས ་ལས། ། ཐུན་མོང་དག་ལ་མོས་ཞུགས་པས།། ཐུན་མོང་ཡོ་བྱེད་ཏིང་འཛིན་དང་།། སྔགས་དང་ཕྱག་རྒྱ་འབྲལ་གོམས་པས།། རྟགས་དང་ནུས་པ་མཐར་ཕྱིན་པས།། གང་ལྟར་དམིགས་པ་འགྲུབ་འགྱུར་ཏོ།། ཟག་ཅས་ཐུན་མོང ་དངོས་གྲུབ་ཡིན། ། དེ་ལས་གཞན་པ་བཤད་པར་བྱ།། ། གང་དུ་མཆོག་གི་རྣལ་འབྱོར་པ།། དབང་དང་དམ་ཚིག་ཏིང་འཛིན་དག། ཕྱི་ནང་གསང་བའི་རིམ་ཐོབ་ན།། མི་ལྡོག་བརྟན་པའི་རྣལ་འབྱོར་ཐོབ།། མཐོང་ནས་བསྒོམ་ལཾ ་མ་ངེས་རིགས། ། ཏིང་འཛིན་གང་བསྒོམས་པར་ཚད་མེད།། ཚེ་འདིས་དབང་བསྒྱུར་འཇིགས་བྲལ་ཏེ།། དེ་ནས་སྐུ་ལྔའི་བདག་ཉིད་ཐོབ།། མཆོག་ལྡན་མཆོག་གིས་མཆོག་ཐོབ་པས།། མཆོག་གི་དངོས་གྲུབ་ཐུན་མོང་མིན།། དད ་དང་དམ་ཚིག་ཤེས་རབ་དང་། ། བརྩོན་འགྲུས་བརྟུལ་ཞུགས་བཟོད་པ་ཐོབ།། བརྟན་ཅིང་སྙིང་རྩེ་དབང་རྫོགས་ཤིང་།། བསྒྲུབ་དང་ལམ་གྱི་སྦྱོར་བ་ཤེས།། ཡིད་ཐུབ་མི་ལྡོག་བརྟན་པ་དང་།། ཉམས་ཐོབ་དང་དུ་ལེན་པ་ནི།། ཅིག། ་དང་ལྔ་གསུམ་གང་ཟག་གིས།། རི་བོ་རི་སུལ་གསལ་བར་དང་།། ཆུ་གླིང་ངམ་གྲོག་བྲག་རྗོད་དང་།། དུར་ཁྲོད་རི་ཕུག་ཆུ་མདོ་དང་།། ཡིད་འོང་བཀྲ་ཤིས་ཉམས་དགའ་བར།། ཆོ་ག་བྱིན་བརླབས་རྫོགས་པ་ཉིད།། ལས་ཀྱི་ཆོ་ག་གང་ཡིན ་པ། བདག་གམ་གཞན་གྱིས་བྱས་པ་ན།། བདག་དབང་བཀྲ་ཤིས་ཕུན་སུམ་ཚོགས།། དམ་ཚིག་དབང་དང་ལྟ་བ་དག། སྔོན་དུ་བྱ་བ་རྫོགས་པ་ཡིས།། སྔོན་དུ་རྣལ་འབྱོར་གསུམ་ཐོབ་བམ།། དང་པོ་ཡིད་བརྟན་གང་ཡིན ་ཀྱང་། ། གང་ལ་ཡིད་ཀྱིས་དམིགས་པ་དེ།། ཆོ་ག་ཏིང་འཛིན་འབྲེལ་བ་ཉིད།། རང་རང་རྟག་པ་གནས་བཞིན་དུ།། ཐ་མལ་པ་དང་ལེ་ལོ་དང་།། ཐེ་ཙོམ་དད་པའི་སྟོབས་ཀྱིས་ཏེ།། གལ་ཏེ་དེ་དག་མི་ལྡན་ན།། ས་ཐོབ་ཀྱིས་ཀྱང་མ་ཡིན་ན།། ་གང་ཟག་སྐྱེས་པོས་སྨོས་ཅི་དགོས།། གལ་ཏེ་དགུག་པའི་ལས་བྱན།། བདག་ཉིད་དབང་དྲག་ཁྲོ་བོ་སྟེ།། དམར་ཐག་དུད་ཀའི་མདོག་འདྲ་བའི།། གང་ལྟར་གནས་པའི་འཕྲོ་འདྲ་ནི།། ཞགས་པ་ལྕགས་ཀྱུ་ཤེ་དག་སྟེ།། དམིགས་པ་བརྟན ་ཅིང་རྟགས་ཐོབ་ནས། ། མངོན་དུ་གྱུར་གྱི་བར་དུ་ནི།། རང་སྔགས་བརྗོད་པ་དེ་ཡི་མཐར།། ཆེ་གེ་མོ་ཞིག་ཛ་ཧཱཾ་ཞེས།། དགྲ་དང་བགེགས་དང་ལྷ་དང་གཟུགས།། མཐུ་དང་རྫུ་འཕྲུལ་ལྡན་ཡང་རུང་།། ཐ་མ་ལ་དབང་མེད་བཞིན་དུ་དགུག། ་གལ་ཏེ་དེ་ཡི་དགོས་པ་དག། མྱུར་དུ་གྲུབ་པར་མ་འགྱུར་ན།། དེ་དག་ལེགས་པར་གྲུབ་ཀྱི་བར།། གང་ཡིན་མཁས་པས་བཅིང་བར་བྱ།། ངག་དང་ཐབས་དང་ཏིང་འཛིན་གྱིས།། འགྲུབ་པར་འགྱུར་བར་གདོན་མི་ཟ།། བདག་ཉིད་དབང་དྲག ་གསལ་བ་ཡི། ། ལྕེ་ལ་དབང་གི་འཁོར་ལོ་བསམ།། ཡི་གེ་གསུམ་ལྡན་དགུ་བཀོད་ནས།། འོད་ཀྱིས་ནམ་མཁའི་ཁམས་བཀང་ཞིང་།། པད་མ་ར་ག་ཞུ་འདྲ་བས།། གང་ཐིམ་བདག་གི་དབང་གྱུར་ཞིང་།། བདེན་པ་བདར་ཞིང་དག་གིས་བཅིག། ་ཡང་ན་གང་ལ་གང་ཆགས་པའི།། རྫས་ལ་རིང་དུ་འདོད་པ་ལྟར།། འདོད་པ་གྲུབ་ན་དམ་བཅས་ཞིང་།། ཡིད་འོང་འདུལ་བའི་ཏིང་འཛིན་གྱིས།། དགའ་བའི་ཐབས་ཀྱིས་བསྟེན་བྱས་ན།། གལ་ཏེ་འགྲོ་ཞིང་བྲོ་འདོད་ན།། དབང་དྲག་ཕྱག་རྒྱས ་བསྡིགས་བཅིང་གཟིང། ། དགའ་བའི་ཐབས་ཀྱིས་ཡིད་འཕྲོགས་ནས།། རོལ་མོ་སྐུ་མཁན་དག་དེ་ཡིས།། འདུས་པའི་གང་ཟག་ཆགས་པ་ཅན།། བྱ་བ་ཐབས་ཀྱིས་བྲལ་བ་ལྟར།། བྲལ་བ་མེད་པར་གནས་པར་འགྱུར།། ཏིང་འཛིན་པཅན ་པའི་ནུས་པ་ཡིས། ། གང་ཡང་རུང་བའི་སེམས་ཅན་དེ།། སྣ་ཚོགས་ཁྲོ་བ་ཁྲོ་མོ་ཡིས།། འོད་དང་ཕྱག་རྒྱ་འབར་བ་ཡིས།། བཅིངས་ནས་མདུན་དུ་གནས་པར་བལྟ།། དགའ་དང་བསྡིགས་པ་རྫས་ཀྱི་མཐའ།། ཏིང་འཛིན་བརྟན་པས་ངེས་པར ་འགྲུབ། ། མེད་ལས་དངོས་པོར་ངེས་གྲུབ་ཅིང་།། མི་མཐུན་བརྒྱད་སོགས་ངེས་འགྲུབ་ན།། ཡོད་དང་སྣང་བའི་འགྲོ་བ་དག། དབང་པོས་བསྐུར་བ་སྤོས་ཅི་དགོས།། གལ་ཏེ་གསོ་བའི་ལས་བྱས་ན།། ལས་ནི་གཉིས་ཏེ་བཙམས་པས་གྲུབ། ་བདག་ཉིད་རྟག་པར་སྐྱེས་ནས་ནི།། དབང་བསྐུར་བྱིན་བརླབས་ཀུན་བསྟིམས་ནས།། མདུན་དུ་ཤེལ་གྱི་བུམ་པ་རུ།། ཐུགས་ལས་ཆུ་ཡི་ལཱ་མ་བསྐྱེད།། ཕྱོགས་བཅུའི་རྒྱལ་བ་དེར་གྱུར་ནས།། བུམ་པར་ལྷ་མོ་འོད་དུ་ཞུ།། ནད་དང་སྡུག་སྔལ ་བྱང་བར་བསམ། ། དམར་སེར་བ་ཡི་འོ་མ་དང་།། སྨན་དང་རིན་ཆེན་སྤོས་དང་འབྲུ།། བདུད་རྩི་སྙིང་པོ་ཆེ་རྐྱེན་ལ།། མཱ་མ་ཀཱ་ཡི་སྔགས་ཀྱིས་གདབ།། ཨོཾ་མ་མཱ་ཀི་སརྦ་པ་པ་དུ་རུ་དུ་རུ་སྭཱ་ཧཱ།། ནད་དང་སྡུག་བསྔལ་ལྡན་པའི་ལུས།། བསླུས ་བས་འཚོ་བར་ཐེ་ཚོམ་མེད། ། བདག་ཉིད་བརྟུལ་ཞུགས་བདེ་ལྡན་པས།། སྔོན་དུ་བྱ་བ་སྔོན་སོང་བས།། དགོན་པ་བས་མཐའ་རབ་དབེན་པར།། མ་སྨས་མ་རུལ་ཆད་ལྡན་པའི།། དུར་ཁྲོད་ཞིང་ཆེན་མཚན་ལྡན་ལ།། ཁྲུས་དང་བྱུབ ་བ་དུག་ཀུན་བྱས་ནས། ། ཕོ་མོ་ལ་སོགས་ཡིན་པ་ཡི།། ལས་དེ་ངེས་པར་འགྲུབ་པར་འགྱུར།། དེ་དག་མ་ཎ་ཌ་ལ་གཙང་མ་ཡི།། དབུས་སུ་ལེགས་པར་གཞག་ནས་ནི།། བདག་ཉིད་ཁྲོ་བོ་གང་ཡང་རུང་།། གསལ་བས་ཚངས་པ་བརྒྱ ་བྱིན་རུང་། ། རང་སྔགས་སྲོག་སྙིང་ཛ་ཡིས་དགུག། ཕྱག་རྒྱ་བཞི་ཡིས་དབབ་པར་བྱ།། གལ་ཏེ་འདར་དང་རྒོད་པ་དང་།། ངུ་དང་འཇིགས་པའི་སྒྲ་བྱུང་ན།། དམ་ཚིག་ཕྱག་རྒྱ་སྙན་པར་བྱ།། དམ་ཆུ་བྱིན་ལ་མནས་སྦགས་ཏེ།། གང་འདོད། ་ལས་ལ་མ་དག་པར་བྱ།། གལ་ཏེ་འཇིག་རྟེན་ཐེ་ཚོམ་ཟོས།། དེ་ཡིས་ཟོས་དང་རྒྱལ་བ་དང་།། འབྲལ་དུ་བདག་ཉིད་འཆི་བར་འགྱུར།། གང་ཞིག་ཏིང་འཛིན་བརྟན་པ་ཡིས།། བར་ཆད་མེད་པར་བསྒྲུབས་པའི་ཚེ།། གདངས་ལྡན་ཡིད་འོང། ་དང་པོ་སྟེ། དྲི་ཞིམ་འོད་ཆགས་གཉིས་པ་ཡིན།། དགའ་བའི་སྒྲ་སྒྲོགས་གསུམ་པ་ཡིན།། བཀྲག་དང་གཟི་མདངས་ཉམས་སོར་ཡིན།། ཞིང་ཆེན་ཁ་ནས་ཏྲི་བྱུང་ན།། ཏིང་འཛིན་རྡོ་རྗེ་སོ་ཡིས་བཅད།། རོ་ལངས་བརྡབས་ན་གསེར ་དུ་གྱུར། ། ལྕེ་ཡི་རལ་གྲིས་དེ་བཅད་ན།། ཅི་ཀྱང་མི་ཚུགས་གོ་མཚོན་ཏེ།། ལྷ་མིན་གཡུལ་ཡང་ཕམ་བྱེད་ན།། དཔའ་བོ་སྟོབས་ལྡན་སྤོས་ཅི་དགོས།། དེ་ཡི་དབང་པོ་ལྔ་དག་ལ།། མངོན་ཤེས་ལྔ་ཡི་དངོས་གྲུབ་ཡོད།། རང་གི་རྟོག་པ ་དེ་བཞིན་དུ། ། མཁས་པས་བསྒྲུབས་ན་འགྲུབ་པར་འགྱུར།། གལ་ཏེ་བཅུ་བདུན་བཅོ་བརྒྱད་མའི།། ཞིང་མཛེས་བཀྲུ་ཞིང་བྱུགས་བྱས་ཏེ།། རྒྱན་དང་གོས་ཀྱིས་ལེགས་པར་གདགས།། དྲི་ཞིམ་དབང་པོ་དག་པ་ལ།། བདག་ཉིད་དབང ་དྲག་རྣལ་འབྱོར་གྱིས། ། ཡེ་ཤེས་འཇིག་རྟེན་གང་རུང་བའི།། ལྷ་མོ་ཡིད་འོང་འོད་འབར་མ།། སྔགས་དང་ཕྱག་རྒྱས་བཀུག་བཅིངས་ནས།། རྟགས་བྱུང་བར་དུ་སྙིམ་པར་བྱ།། དྲི་དང་སྒྲ་དང་འོད་དག་དང་།། འདར་དང་འགུལ་དང་དགོད་པ་དག ་དང་པོའི་རྟགས་ནི་ཡིན་པར་བཤད། ། ལྷ་དང་གཏམ་དང་གཉིས་པ་སྟེ།། དངོས་སུ་ལངས་པ་ཚད་ཡིན་པས།། པདམ་པ་དར་མནས་བསྒྲགས་དབང་དུ་བསྡུ།། གལ་ཏེ་སྦྱར་དུ་སོད་པ་ན།། ཆོ་འཕྲུལ་ཆེ་ཞིང་ལོག་སྟོན་ན།། དབང་དག་ང་རྒྱལ ་ཆེན་པོ་ཡིས། ། དབང་དུ་བསྡུ་དང་ཟིལ་གྱིས་མནན།། དེ་དག་ཆགས་པས་རོལ་སྤྱད་ན།། སྐད་ཅིག་ཆོ་འཕྲུལ་བཞི་ཐོབ་སྟེ།། སྐེ་ཤི་མེད་པར་གནས་པ་དང་།། མ་ལུས་བདེ་ཆེན་འབར་བ་དང་།། ཞིང་ཁམས་ཀུན་ཏུ་དགྲོད་པ་དག། ཐོགས་པ ་མེད་པ་འགྲུབ་པར་འགྱུར། ། གཙང་མ་བྱིས་པ་མམེད་པ།། ཡིད་འོང་ལེགས་པ་བཙལ་བླངས་ནས།། དག་ཅིང་བདུད་རྩིས་དྲི་བླུགས་ལ།། འདའ་ཧཱུཾ་མ་ཏས་ལེགས་བྱུག་ལ།། ཁ་དོག་ལྔ་ཡི་གཟུགས་ཀྱིས་གདགས།། ཚངས་པ་དང་ནི ་བརྒྱ་བྱིན་དང་། ། ལྷ་མོ་གང་རུང་སྙིང་པོས་དགུག། རྟག་ཏུ་ཕྱག་རྒྱ་བཞིས་བསྟིམ་ཞིང་།། བདག་ཉིད་ཧ་ཡ་གྷྲི་མ་འམ།། ཡ་མཱན་ཏ་ཀ་ལ་སོགས་པ།། གང་རུང་ཁྲོ་བོར་གསལ་བསྒོམས་ལ།། དྲག་ཏུ་དགུག་ཅིང་བསྟིམ་པར་བྱ།། རྟཿ། ་བྱུང་མཐར་ཐུག་མངོན་གྱུར་ནས།། ལེགས་ཉེས་དེ་ཡིས་སྨྲ་བར་འགྱུར།། གལ་ཏེ་འདང་ཞིང་མི་བརྗོད་ན།། ཨོཾ་གྱི་འོད་དང་ཨ་མྲི་ཏས།། ལྕེ་ལས་ཐབས་ཀྱིས་དབང་བསྐུར་ཞིང་།། ཧ་ཡ་གྲཱི་བས་གང་མོས་བསྡིགས།། ལེགས་པར་སྨྲ ་པར་ཐེ་ཚོམ་མེད། ། གལ་ཏེ་གསང་པའི་ལས་བྱེད་ན།། གསལ་ལ་བརྟན་ཐོབ་རྣལ་འབྱོར་པས།། དུར་ཁྲོད་ཤིང་ཅིག་བཞི་མདོའམ།། ལྷ་འདྲེས་མངོན་དུ་གནས་པའི་སར།། བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ།། དུང་ཁ་ནག་པོ་འོད་འབར་བ།། ་སྨན་བཟློག་མཚོན་ཆ་མེ་ལྟར་འབར།། སྤྲུལ་པའི་ཆར་ལྟར་འཁྲུག་པར་བསམ།། མདུན་དུ་ཧོམ་ཁུམ་ཁྲུ་གང་ཚར།། གྲུ་གསུམ་དུར་སོལ་ཁྲག་ཆེན་བྱུག། ནང་དུ་ལིང་ཀ་བདུད་རྩི་ལྔ།། ཆགས་པའི་རྒྱུ་དང་ཚ་བ་དང་།། ཤེས་པ་ཆགས ་པའི་རྟེན་ལས་བྱས། ཕོ་ཉས་མི་རུས་བཅས་བཀུག་ལ།། བསྟིམས་ལ་ཕྱག་རྒྱས་བཅིང་བར་བྱ།། ལྕགས་སམ་ནག་པོའི་ཤིང་ལས་བྱས།། དྲག་པོའི་ཕུར་བས་གནམ་གསུམ་གདབ།། ཧྲིཿཥཱི་དྲག་པོས་གཡས་གཡོན་ནས།། ཁྲོས་པའི ་སེམས་ཀྱིས་བསྲེག་བྱས་ནས། ། དེ་ནང་དྲག་པོ་ཚེར་མ་ཅན།། ནམ་ཕྱེད་གཅེར་བུས་བསྲེགས་བྱས་ནས།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། གལ་ཏེ་དབྱེ་བའི་ལས་བྱེད་ན།། བདག་ཉིད་ཡ་མཱན་ཏ་ཀ་སྟེ།། རྔམ་ཞིག་གདུག་གཏུམ་པ ་རྒྱལ་ཅན། ། ཤིན་ཏུ་འཇིགས་ཤིང་སྡིགས་པར་བསྒོམ།། ཉི་མས་འཇིགས་པའི་དང་རུང་དང་།། མུན་པས་འཇིགས་པའི་གུང་རུ་ལ།། གང་ཡིན་དེ་ཉིད་དྲིས་ལ་བླན།། ལྷ་དང་ལྷ་མིན་གཉིས་ལ་གཏད།། རླུང་གི་ཕྱོགས་སུ་དེ་ཡིས་བསྐྱོར། ་སྤྲུལ་པ་པོ་ཉེས་གཡུལ་འགྱེད་ཅིང་།། འཐབ་ཅིང་རྩོད་པར་རྣམ་པར་བསམ།། བར་དུ་ཁྲག་དང་བྱེ་རོག་འཐབ།། མེཆུ་རླུང་གིས་འབུད་བསམས་ན།། དེ་ནི་གང་ཡིན་སུ་ཡང་རུང་།། འབྲལ་ཞིང་འཐབ་པ་ཉིད་དུ་འགྱུར།། རྒྱལ་པོ་བྲམ་ཟེ་བློན་པོ་དག། ་གདུག་པ་གནོད་པ་ཅན་གྱི་རིགས།། མིག་ནས་བསླང་བར་བྱ་བའི་ཕྱིར།། བདག་ཉིད་ཨ་པར་ཙི་ཏ་སྟེ།། དྲག་པོ་ཁྲོས་པའི་ཚུལ་དུ་བསྒོམ།། དགྲ་བགེགས་གར་ཡང་རུང་བ་ཡི།། འོག་ཏུ་རླུང་སྙིང་བཅས་པར་བྲི།། སྟེང་དུ་མིང་རུས་བཅས ་བསྐྱོན་ལ། བདུན་ན་གནས་པའི་གདུལ་བྱད་།། རླུང་ལྷ་རྔ་མོའི་སྟེང་དུ་ཞོན།། པོ་ཉ་སྤྲུལ་པ་མཐའ་ཡས་ཀྱིས།། འཁྲིད་ཅིང་འཚགས་པར་རབ་བསམས་ལ།། གཤིན་རྗེའི་དྲུང་དུ་ཁྲིད་པར་བསམས།། འདི་ནི་དབུགས་མེད ་པརྒྱལ་བ་ཡང་། ། གཞན་དུ་དྲག་པོས་ཕྱིན་འགྱུར་ན།། སྲོག་དང་ལྡན་པས་སྨོས་ཅི་དགོས།། གལ་ཏེ་དགྲ་དཔུང་ཐམ་འདོད་ན།། བདག་ཉིད་མི་གཡོ་མགོན་པོ་སྟེ།། ཇི་ལྟར་གནས་པར་རབ་ཏུ་བསྒོམ།། དེ་ཡི་གཟུགས་བརྙན་བྲིས་ནས་ཀྱང་། ་ཚོ་གས་དེ་རུ་བྱིན་བརླབས་ལ།། སྔགས་ནི་བདུན་འབུམ་ལ་སོགས་པ།། ལྕགས་རྣ་བདུན་ལས་བཅུ་གཉིས་ཚད།། རལ་གྲི་སྙིང་པོར་བཅས་པ་ལ།། གསལ་བར་དེ་དག་རྟགས་བྱུང་ལས།། འོད་དང་སྒྲ་དང་ས་གཡོས་དང་།། རལ་གྲི ་སྐད་ནི་འདོན་པ་ན། ། བྱུང་བས་གཡུལ་ལས་ལྡོག་པ་དང་།། བསྐོར་བས་དམག་དཔུང་བྲོས་པར་འགྱུར།། བདག་ཉིད་རྒྱལ་ཞིང་ཆེ་འདོད་ན།། བདག་ཉིད་གསལ་ཞིང་རྟན་གྱུར་ནས།། ཞེ་སྡང་རྡོ་རྗེར་གསལ་བྱས་ལ།། དུར་ཁྲོད་རས་ལ ་མེད་རུས་བྲིས། ། སྔགས་དང་ཕྱག་རྒྱས་བཀུག་བསྟིམས་ལ།། ངེས་པར་བསྟན་པའི་ལྷས་བྱུང་ནས།། ཧེ་རུ་ཀ་ཡི་ཞབས་ཀྱིས་གནོན།། རྟ་གྲིན་གད་མོ་དྲག་པོས་བསྡིགས།། ཁྱུང་གཤོག་ཕྱག་རྒྱ་ཟིལ་གྱིས་གནོན།། བདག ་དང་བྱིའི་སྒོམས་ནས་གདོན། བདག་ཉིད་ཐེམ་པའི་འོག་ཏུ་གནོན།། ཡང་ན་བདག་གི་འོག་ཏུ་གནོན།། རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ཡིས།། སྟེང་ནས་གནོན་ཅིང་བདེན་པ་བདང་།། བདག་ཉིད་དེ་ཡི་རྒྱལ་པོར་འགྱུར།། དབུལ་པོ་གཏེར་དང་ཕྲད ་འདོད་ན། ། བདག་ཉིད་ལས་ལ་གོམས་པ་ཡིས།། རིགས་ལྔ་ལྷག་པའི་ལྷ་གསལ་ནས།། སོ་སོའི་ཕྱག་མཚན་ཡུངས་འབྲུ་ཙམ།། དབང་པོར་མཐོང་གི་བར་དུ་ནི།། བསམ་ཞིང་སྔགས་བཟླས་བདེན་པ་བདར།། མཚན་མ་བརྟན་པོ་གསལ། ་བན།། གང་ན་ཡོད་པའི་ཕྱོགས་དེར་དོང་།། བདེན་པ་ཏིང་འཛིན་སྔགས་བཅས་མཐུས།། འདུག་གམ་སྨྲ་འམ་མཐོང་བ་འམ།། ཕྲ་མོ་དེར་ནི་ལྷུང་བར་འགྱུར།། དེ་ནས་གཏེར་དང་ཕྲད་གྱུར་ནས།། དཔྲལ་བ་ཀུན་ལས་ཐར་པར་འགྱུར།། དེ་ནས ་རྡོ་རྗེ་རྣལ་འབྱོར་པས། ། མངོན་ཤེས་མིག་དང་ལྡན་འདོད་ན།། བདག་ཉིད་ལྷ་ཡི་རྣ་ལ་འབྱོར་པ།། རབ་ཏུ་དབེན་པའི་ས་ཕྱོགས་སུ།། མིག་སྣ་ལྔ་དང་བདུན་པའི་ཞག། དེ་ཡི་ཞུན་མར་རུང་བར་བཅས།། འཕྲུལ་གྱི་འོ་མ་དག་གིས ་སྦྱར། ། རྡོ་རྗེ་པྲ་ཡིས་ཞག་བདུན་བསྒྲུབ།། ཉམས་དང་དྲོད་རྟགས་ཐོབ་པ་ན།། མིག་ལ་ལེགས་པར་སྔགས་ཀྱིས་བྱུག། སྐད་ཅིག་སྟོང་གསུམ་བཅས་པ་ཡིས།། ཕྱོགས་བཅུ་མངོན་པར་ཤེས་པས་མཐོང་།། གང་ཟག་རྒྱུད་ནི ་བརྟག་པ་དང་། ། སྡུག་བསྔལ་དྲག་པོས་ཞོན་བཟློག་ཅིང་།། སོ་སོ་དག་པའི་ཞིང་ཁམས་ཀྱིས།། ཡིད་བདེ་གྲུབ་པར་བྱ་བའི་ཕྱིར།། མངོན་ཤེས་མཚན་མས་ལེགས་པར་བསྒྲུབ།། རྐང་མགྱོགས་ཐོབ་པར་འདོད་པ་ཡིས།། བདག་ཉིད ་ལྷག་པའི་ལྷར་བསྒོམས་ནས། ། བརྟན་ཞིང་བར་ཆད་མེད་ཐོབ་ནས།། ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ།། ཡ་མ་ལས་རླུང་གི་དཀྱིལ་འཁོར་སྟེ།། སྐད་ཅིག་དཔག་ཚད་བརྒྱར་འགྲོ་བ།། དེ་ལ་གནས་བསམ་མ་ཡེངས་པས།། རླུང ་གིས་ཁྱབ་པ་ཇི་ལྟ་བར། ། དཔག་ཚད་བརྒྱ་ཕྲག་དུ་མ་ཡང་།། སྐད་ཅིག་ཙམ་གྱིས་བགྲོད་པར་འགྱུར།། གལ་ཏེ་རྫུ་འཕྲུལ་བཞི་དག་གིས།། རིག་འཛིན་གོ་འཕང་འགྲོ་འདོད་ན།། སྔོན་དུ་དག་པའི་དོན་ཐོབ་ནས།། ཕྱག་རྒྱ་གསལ་བར་གྱུར ་པའི་ཚེ། ། ནམ་མཁའ་ལྡིང་གི་ཟླ་བ་ལ།། ཧཱུཾ་ལས་རྡོ་རྗེ་ཆོ་ག་གསུམ།། རིམ་པར་བརྟན་པའི་དབང་ཐོབ་ནས།། དངས་མའི་ཕྱག་རྒྱལ་བརྟེན་པས།། རྡོ་རྗེ་བཟླར་བཅས་རླུང་བརྟེན་པས།། གང་འཐང་ཞིང་དུ་བསྐྱོད་པའིས།། རྡོ་རྗེ་རེགེ་པ་འཛིན ་པ་ཡིས། ། ཞིང་ཁམས་དགེ་བའི་བྱ་བ་འགྲུབ།། མདུན་གྱི་ནམ་མཁར་ཟླ་བ་ལ།། ཨོཾ་ལ་ཆོ་གའི་ཚུལ་གྱིས་བསྐུར།། བརྟན་པའི་འཁོར་ལོ་ཟླ་རླུང་གིས།། དངས་མའི་སྟོབས་ཀྱིས་ལུས་གནས་པས།། དེ་བཞིན་གཤེགས་པའི་རིག་འཛིན ་པ། ། ཞིང་ཁམས་སོ་སོར་སྐྱོང་བྱས་ནས།། རང་གི་བསམ་པ་བསྒྲུབ་པར་བྱ།། ནམ་མཁའ་དབྱིངས་ཀྱི་ཟླ་བ་ལ།། ཏྲཾ་ལས་སྐྱེས་པའི་ཆོག་གཡིས།། རིན་ཆེན་རླུང་ཟླར་བཅས་པ་ཡིས།། ཏིང་འཛིན་དྲག་པོ་བསྐྱོད་པའི་ཤུགས།། དངས་མ་ལུས ་ཡིད་བཅས་པ་ཡིས། ། དག་པའི་ཞིང་ལམས་ཀུན་བསྐྱོད་དེ།། ལྷག་པའི་བསམ་པ་འགྲུབ་པར་འགྱུར།། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར།། པད་མར་བཅས་པའི་ཟླ་བ་སྒོམ།། ཧྲིཿལས་སྣ་ཚོགས་ཆོས་མཆོག ་སེམས། ། གསལ་བརྟན་རླུང་གིས་སྟོབས་བསྟན་པས།། དངས་མའི་ལུས་ཡིད་གང་ཡིན་པ།། ཞིང་བསྐྱོད་བསམ་པ་གྲུབ་པར་འགྱུར།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། གསལ་བྱེད་སྣ་ཚོགས་བཅས་པ་བསྒོམ།། ཨ་འམ ་ཧ་ལས་རང་ཉིད་ཀྱི། ། ལས་ཀྱི་ཕྱག་རྒྱར་གོམས་པར་བྱ།། བརྟན་ནས་དངས་མ་རླུང་སྟོབས་ཀྱིས།། ཞིང་ཁམས་གང་དུ་མངོན་བསམས་པའི།། འདོད་པའི་བསམས་པ་གྲུབ་པར་འགྱུར།། འདིས་ནི་འབྱུང་ཞིང་དབང་མེད་ཅིང་།། འཆི་མེད ་རླུང་ལ་དབང་ཐོབ་ནས། ། ཆོ་འཕྲུལ་བཞི་ཡིས་ཟིལ་མནན་ནས།། མངོན་ཤེས་གདུག་པ་འདུལ་བ་ཡིས།། ལས་རྣམས་མི་འགྲུབ་ཅིག་ཀྱང་མེད།། དེ་ནས་གཞན་ཡང་ཆགས་ལྡན་རིམ།། སྐལ་བས་དམན་དང་སྦྱོར་བས་ཟད།། བདེ་བའི་དོན ་འདོད་བཀའ་ཐུབ་ཅན། ། འདི་དག་དོན་ལ་ཐབས་ཀྱི་དགོད།། ཐབས་ལྡན་ལུས་ཀྱི་གོང་བུ་ལ།། རང་རང་ཆོ་གའི་ཐབས་ལྡན་ན།། བདེ་ཆེན་གར་ཐབས་སྣ་ཚོགས་པ།། རྣམ་པར་འཕྲུལ་པའི་རོ་ཡིས་བྱེད།། བདེ་ཆེན་ལོངས་སྤྱོད་ཆོས་ཀྱི་གནས།། ་སྤྲུལ་པའི་ཐིག་ལེ་བདེ་བའི་རོ།། མ་ལུས་མཁའ་ལྔའི་རང་བཞིན་གྱིས།། རང་ལུས་མ་བཅོས་གནས་ཉིད་བདེ།། བརྟུལ་ཞུགས་ཐིག་ལེ་གསུམ་ཐོབ་ནས།། སྒྲོལ་མ་དང་ནི་ཐིག་ལེ་དང་།། གནས་དང་ཐབས་དང་ཏིང་འཛིན་གྱིས།། བྱེ་བྲག་བརྒྱད ་བཅུ་ཀུན་འདུས་པའི། ། ཐབས་ཀྱིས་མཚོན་པ་ལས་བྱུང་བས།། དངོས་གྲུབ་ཆོ་ག་སྣ་ཚོགས་འགྲུབ།། རང་རྟེན་ཐིག་ལེར་བཅས་པ་ཡིས།། དངས་མའི་རང་བཞིན་ཁྱབ་གནས་པ།། བསྐུལ་བ་ཐབས་ཀྱི་སྦྱོར་བ་ཡིས།། མ་ལུས་བསྐྱོད་ཅིང་འགགྲ ་བར་བྱེད། ། དངས་སྙིགས་རྒྱུ་དང་མི་རྒྱུ་བའི།། རླུང་གི་ཐིག་ལེས་དབང་བསྐུར་ནས།། འཕྲོ་ཞིང་འཛག་པའི་ཐིག་ལེ་ཉིད།། རླུང་གིས་འཆིང་བ་ཉིད་ཡིན་ཏེ།། ཐིག་ལེ་སྙིགས་མར་ཉམས་གྱུར་པ།། ཐབས་དང་རླུང་བཅུད་སྟོབས་ལྡན་པས།། པད་མ་ལ་ནི ་ཆུ་བཞིན་ནོ། ། རང་འབྱུང་ཐིག་ལེག་རང་བཞིན་ལས།། རྟེན་དང་ཟག་པ་སྙིགས་མ་དང་།། འཁོར་བའི་རྩ་དང་ས་བོན་དང་།། ལེ་རྟོག་ཐིག་ལེ་ཞེན་བཅས་པ།། རང་འབྱུང་ནམ་མཁའི་ཐིག་ལེས་འཇིག། རང་ལུས་བདེ་ཆེན་སྙིང་པོ ་ལ། ། ནམ་མཁའ་སྤྲིན་ལྟར་མི་བྱེད་ཅིང་།། དངས་སྙིགས་བདེ་བའི་རང་བཞིན་ཉིད།། ཐིག་ལེ་ཆུ་དང་འོ་མ་དང་།། གནས་པ་རླུང་དང་རྟེན་སྟོབས་ཀྱིས།། དངས་སྙིགས་ཕྱེ་ལ་དངས་མ་བསྟིམ།། རང་སྙིང་ལུས་ལ་འོད་སྣང་བའི ་ཕྱི་དང་དངོས་རྟོག་མ་ལུས་པ། ། རླུང་སོགས་འཁོར་ལེའི་འཕེན་སྟོབས་ཀྱིས།། དེར་མི་གནས་པར་གོམས་པར་བྱ།། གང་དུ་ས་བོན་སྙིགས་བཅས་པ།། ནམ་མཁའི་ཡེ་ཤེས་ལྔ་འབར་བས།། གང་དུ་རྒྱུ་བར་བཅས་པ་ཡིས།། དེ་མ ་ཐག་པར་རྣམ་པར་བརླག། རླུང་དང་རྩ་དང་ཐིག་ལེ་བཅས།། ཐབས་ཀྱིས་བསྐུལ་བའི་རོ་ལྡན་པས།། མ་ལུས་ཐིག་ལེའི་རང་བཞིན་པས།། མི་མཐུན་ཞན་པས་རྣམ་གྲོལ་བས།། རང་སེམས་རྟེན་བཅས་ཐིག་ལེ་ནི།། དངས་མའི་ཡེ ་ཤེས་བློ་ལྡན་པས། ། ཀུན་ཁྱབ་བདེ་འབྱུང་སྙིང་པོ་ཅན།། གསང་བའི་རིག་པའི་གཏེར་ཁ་འབྱེད།། ཕྱི་ནང་རྒྱུ་བ་ཐིག་ལེར་བཅས།། སྙིང་ནང་བདེ་བར་འབར་གྱུར་ནས།། རང་ལུས་རྟགས་སུ་བདེ་ཆེན་འབར།། མངོན་ཤེས་རིན་ཆེན་རྩ་ལ ་པོག། རིག་པའི་མངོན་ཤེས་ལྔ་རུ་འཆར།། དེ་ནས་མི་འགྱུར་སྟོང་པའི་རྩ།། འགྱུར་མེད་ཀུན་སྣང་རླུང་ལ་ཐིམ།། དམན་པས་མི་འགྲུབ་ཁྱད་པར་ཐབས།། གསང་བའི་ཐིག་ལེ་འབབ་ཞོན་གྱིས།། རྩ་བཅུད་ཏིང་འཛིན་འབྲེལ་བའི་སྟོབ། ་བསྐལ་པ་དུ་མའི་སྟོབས་འགགས་ཏེ།། དངས་མའི་ཡེ་ཤེས་རླུང་དུ་གྲུབ།། ཕྱིན་པ་མེད་པར་མཐར་སོང་པ།། བདེ་ཆེན་གོམས་པའི་སྟོབས་ལས་གྱུར།། བཅུད་ལྔ་འདུས་པའི་ཐིག་ལེ་ནི།། རོ་ལྔ་འདྲེས་པའི་བདེ་ཆེན་དེ།། བསྒོམ་དང ་མཐར་བྱིན་ཁྱད་པར་གྱི། ། བདེ་བ་ཆེན་པོ་རིགས་མཆོག་གནས།། དེ་ནས་གང་ཡིན་བརྗོད་བྱ་བ།། ཟབ་མོ་ཀུན་རྫོགས་བརྟུལ་ཞུགས་ཅན།། དབང་པོ་དང་ཞིང་སྨིན་པ་ཡི།། ཆགས་ཅན་ཉི་ཟླ་ནུས་འཛིན་པས།། སྤྱི་གཙུག་ཐིག་ལེར ་འཁོར་ལོ་དང་། ། གསང་པའི་འོག་མིན་ནུས་ལྡན་པ།། འབྱོར་པའི་རྟེན་ཅན་འདི་ཉིད་གནས།། ཐབས་དང་རོལ་པའི་ཁྱད་པར་དང་།། ཏིང་འཛིན་རླུང་གི་དབང་ཐོབ་སྟེ།། འབྱུང་བཞི་སྙིགས་ཕྱེ་དངས་དུས་སུ།། ཉི་ཟླ་འདྲེས་ཏེ ་གར་ཐབས་ཀྱིས། ། ལྷ་མོ་རྣམས་དང་ལྷན་ཅིག་ཏུ།། རོལ་པའི་ཐབས་ཀྱིས་གང་རྩེན་པ།། བྱེ་བྲག་བརྒྱད་བཅུ་གཉིས་འདུས་པའི།། པད་མའི་སྙིང་པོ་ཀུན་བཀུག་སྟེ།། ཐིག་ལེ་དཔའ་བོ་ལྔ་ཡི་སྟོབས།། མི་སྡོད་འཕྲོ་བའི་རང་བཞིན ་ཉིད། ། ཐབས་དང་ལྡན་པའི་རྣལ་འབྱོར་གྱིས།། བཅིངས་ལ་བཟུང་ཞིང་གནས་པར་བྱ།། དེ་དང་རྩེ་ཕྲད་གཉིས་བཟློག་པས།། བདེ་བའི་མྱུ་གུ་གསོ་བྱས་པས།། ཐ་མལ་ཞེན་པ་ཀུན་བྲལ་ནས།། རྟོག་དང་ལྷན་ཅིག་གང་སྐྱེས་པ།། དངས ་སྡིགས་ཕྱེ་བའི་ཉམས་དག་གིས། ། སྙིགས་མ་བག་ཆགས་ཞེན་བཅས་པ།། དེ་ཡི་སྟོབས་ཀྱིས་གནས་མི་འགྱུར།། གསང་བའི་ཐིག་ལེ་སྟོབས་ལྡན་པས།། རིགས་ངན་ཐ་མལ་ཞེན་ཆགས་དང་།། དྲན་རྟོགས་མ་ལུས་ཕན་བྱས་སྟེ། ་ཕྱི་ནང་སྣོད་བཅུད་མ་ལུས་པ།། ལྷན་ཅིག་སྐྱེས་པའི་རང་བཞིན་དུ།། མ་ལུས་དཔུང་བཙུགས་རྒྱལ་བར་མཛད།། རྡོ་རྗེ་པད་མའི་སྙིང་པོ་ལ།། དགའ་བའི་རོལ་པའི་བདག་ཉིད་ཀྱིས།། ཐབས་དང་ཤེས་རབ་གསལ་བའི་རོ།། ཕྱོགས་བཅུའི ་རྒྱལ་བ་འདུས་པའི་ཚེ། ། ཟག་མེད་ཡོན་ཏན་གཏེར་ཆེན་དེ།། གསང་བ་ཐབས་ཀྱིས་སྟོབས་ལས་གྲུབ།། བདེ་ཆེན་སྙིང་པོ་ཐིག་ལེའི་རོ།། དབབ་དང་གཟུང་བཟློག་འབྱོངས་པ་ཡིས།། རྩ་གསུམ་གང་ཞིག་ཐིམ་པའི་ཚེ།། བར་ཆད་མེད ་པའི་བདེ་བ་དང་། ། ཐམས་ཅད་མཁྱེན་པའི་མངོན་ཤེས་དང་།། སྐྱེ་ཤི་མེད་པའི་ཚེ་འཐོབ་ཅིང་།། མི་འགྱུར་ཆོས་སྐུ་ཐིག་ལེ་ལ།། རྒྱུ་བ་སྤངས་པའི་ཚུལ་གྱིས་གནས།། བདེ་ཆེན་ཆོ་འཕྲུལ་དཔག་མེད་པས།། གསང་བའི་ཞིང་ཁམས ་དག་བྱེད་ཅིང་། ། གསད་པ་ཆོས་ཀྱི་འཁོར་ལོ་བསྐོར།། བདེ་ཆེན་ཉམས་དང་དགའ་བའི་གང།། ཆགས་པའི་སྒྲ་ནི་སྣ་ཚོགས་པས།། ཇི་སྲིད་ནམ་མཁའི་མཐར་ཐུག་པར།། ཀླུ་ནི་སྣ་ཚོགས་ལེན་བྱེད་ཅིང་།། མཛེས་དང་ངོ་ཚ་སྤངས ་བའི་ཚུལ། ། མདོག་དམར་རཱ་དང་ལྡན་པ་ཡིས།། རོལ་པའི་ཚུལ་ནི་སྣ་ཚོགས་ཀྱིས།། རྡོ་རྗེ་བཅུད་ཆེན་ཟླ་བཅས་ཟླ།། ཉི་མ་ཆགས་པ་དང་བཅས་པའི།། པད་མའི་སྙིང་པོའི་གླེངས་མཛད་ཅིང་།། དགའ་བའི་འོད་དང་འཁྲུད་པའི་ག ་རླུང་གི་སྙིང་པོ་བརྗོད་བྱེད་ཅིང་། ། སྲིད་པའི་མྱུ་གུ་འགོག་པར་མཛད།། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་མེ་ལོང་གི་རྒྱུད་ཆེན་པོ་ལས་བསྒྲུབ་པ་མ་ལུས་པ་བཤད་པའི་ལེའུ་སྟེ་དགུ་པའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། རྟོག་པའི་རྒྱལ་པོ་མ་ལུས་པ།། བྱ་བ་ལས་ཀྱི་རིམ་པ་དག། བཞིར་ནི་གསལ་བར་གསུངས་པ་ཡིན།། དང་པོར་ཞི་བའི་རང་བཞིན་ཏེ།། དེ་འོག་རྒྱལ་བས་རྒྱས་ཕྱིར་རོ།། རྒྱས་པས་དབང་དུ ་བྱ་བ་དང་། ། དབང་མི་འདྲ་བ་བསྒྲལ་ཕྱིར་ཏེ།། ཐུན་མོང་ཁྱད་པར་ཡོན་ཏན་རྫོགས།། བྱ་བའི་ལས་ལ་མ་རྨོངས་ཤིང་།། ནུས་པ་བརྟན་པའི་རང་བཞིན་གྱིས།། རིམ་པ་ཇི་བཞིན་བརྩམས་པར་བྱ།། གངས་དཀར་འདབ་ས་དང་ཡིད་འདར་བ།། ་ཞི་བའི་ལྗོན་ཤིང་མེ་ཏོག་ཚལ།། འབྲས་ལྡན་རྒྱས་པའི་རང་བཞིན་ནོ།། སུམ་མདོར་མ་གྲོགས་གཏིང་ཟབ་པས།། དབང་དུ་བསྡུ་བའི་གནས་སུ་བཤད།། དུར་ཁྲོད་མཚན་ཅིག་རྒྱ་གྲམ་གནས།། འབྱུང་པོ་འདྲ་སར་དྲག་པོ་ཤིས།། ཞི་ལ ་ས་བཞི་དཀར་ལྡན་པ། ། ཟླུམ་པོ་གསུམ་རིམ་ཨོཾ་དང་བཅས།། འཁོར་ལོ་འོད་དཀར་དང་བཅས་པ།། ཞི་བའི་ཐབ་ཀྱི་རང་བཞིན་ནོ།། རྒྱས་ལ་སེར་པོ་ཙན་དན་བཅས།། གྲུ་བཞི་རིམ་གསུམ་ཏྲ་དང་བཅས།། རིན་ཆེན་འོད་ཟེར་འགྲོ ་བཅས་པ། ། ཐབ་ནི་རྒྱས་པར་གསུངས་པ་ཡིན།། དབང་ལས་དམར་ཆགས་འོད་ཅན།། ཟླ་གམ་གཞུ་འདྲ་པད་མས་མཚན།། རིམ་གསུམ་ཧྲི་དང་བཅས་པ་ནི།། དབང་དུ་བྱ་བའི་ཐབ་ཡིན་ནོ།། དྲག་པོས་ནག་དུང་སོལ་ཅན།། ་གྲུ་གསུམ་རྡོ་རྗེ་རྩེ་གསུམ་གདེང།། ཐོད་འཕྲེད་འོད་ནག་རིམ་གསུམ་ཧཱུཾ།། དྲག་པོ་ཐབ་ཀྱི་རིམ་པ་ཡིན།། འོ་མ་ཅན་དང་གསེར་ཅན་དང་།། ཆགས་པ་ཅན་དང་ཚེ་རམ་ཅན།། ཕྲིན་ལས་བཞི་ནི་སོ་སོ་ཡི།། ཡམ་ཤིང་བསྲེག་ཤིང ་ཉིད་དུ་བཤད། ། ལིང་ག་ཁ་དོག་སོ་སོ་སྟེ།། གནས་ཀྱང་ཐག་ཁུང་བཞི་དང་མཚུངས།། མར་དཀར་འབྲས་ཀར་ཏིལ་དཀར་དང་།། ནས་དཀར་ཆན་དང་འོ་མ་ཞེ།། དངུལ་ཕྱེ་གཏོར་མ་དཀར་པོར་བཅས།། ཞི་བའི་བསྲེག ་གཏོར་རྫས་སུ་བཤད། ། མར་རྙིང་བུ་རམ་སྦྲང་རྩི་དང་།། འབྲས་དང་ཆན་རྣམས་ལྡོང་རོས་དང་།། མེ་ཏོག་གསེར་དང་ཙན་དན་བཅས།། གསར་ཕྱེ་གཏོར་མ་སེར་པོར་བཅས།། འདི་དག་རྒྱས་པའི་རྫས་ཉིད་དེ།། དཔལ་དང་གཟི་བྱིན ་རྒྱས་པར་འགྱུར། ། ཚ་བའི་མར་དང་ཆང་སྦྱར་དང་།། རམ་བུ་པད་མ་རག་ཏ་དང་།། འབྲས་དམར་ཙན་དན་ཟངས་ཕྱེ་དང་།། གཏོར་མ་དམར་པོ་དབང་རྒྱས་ཡིན།། ཚིལ་ཆེན་མར་དང་ཚ་བ་གསུམ།། ཀླུང་ཆེན་ཤ་ཁྲག་སྲན་ཆན་དང་།། ་ངག་གསུམ་ཐལ་མི་ཚ་བའི་མར།། སྐེ་ཚེ་ཕྱེ་གསུམ་མི་ཁྲག་དང་།། མི་རུས་སྤེལ་མར་བཅས་གཏོར་མས།། བསྒྲལ་བ་དྲག་པོའི་རྫས་སུ་བཤད།། དངུལ་ལམ་དཀར་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ།། ལོགས་ལ་ཞི ་བའི་ལ་དཀོད་ལ། ། དེ་བཞིན་གཤེགས་པར་གསལ་བས་གདབ།། གསེར་རམ་སེར་པོའི་ཤིང་རྣམས་ལ།། མགོ་རྩེ་རྒྱ་མདུད་གྲུ་བཞི་བཅས།། ལོགས་ལ་རྒྱས་པའི་ལྷ་བསྒོམས་ཏེ།། རིན་ཆེན་ང་རྒྱལ་བཅས་པས་གདབ།། ཟངས་སམ ་བྷུ་རུ་དམར་ཤིང་རྣམས། ། མགོ་བ་རྒྱ་མདུད་རྩེ་ཟླ་ག་མ།། ལོགས་ལ་དབང་གི་ལྷ་དཀོད་ལ།། ཆགས་པ་རྡོ་རྗེར་གསལ་བས་གདབ།། ལྕགས་སམ་ནག་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུད་རྩེ་གཟུར་གསུམ།། ལོགས་ལ་དྲག ་པོའི་ལྒ་བཀོད་ལ། ། ཞེ་སྡང་རྡོ་རྗེར་གསལ་བས་གདག། ཨོཾ་དང་དྲྀ་ཧྲི་ཧཱ་ཉིད་ལས།། འབྱུང་ལྔའི་རིམ་པ་གསལ་སྟངས་སུ།། ཨེ་བཾ་མ་ཡ་ཐུམ་ལས་སྐྱེང།། ཞལ་ཡས་ཟླུམ་པོ་གྲུ་བཞི་དང་།། བླགམ་གྲུ་གསུམ་ཇི་བཞིན་དབྱིངས ་ཁ་དོག་རང་གི་ཚུལ་བཞིན་བསྐྱེད། ། རང་རང་ས་བོན་གདན་སྟེངས་ལཾ།། འོ་དད་བཞིན་བྲོ་འདུའི་ཆོ་ག་ཡིས།། ལས་བཞི་གཙོ་བོ་ལས་བཞིན་བསྐྱེད།། འཁོར་ཡང་གཙོ་བོའི་ཆ་འདྲ་བ།། ཕྱག་མཚན་རང་དང་ཐུགས་རྟགས་ལ།། ལས ་བཞི་རྟགས་ཀྱི་མཚན་མ་སྟེ། ། ཁ་དོག་ལས་ཀྱིས་དབྱེ་བར་བཤད།། དབང་བསྐུར་ལས་བཞི་རིགས་ཀྱིས་བརྒྱན།། ལས་བཞི་འོད་ཀྱི་འཕྲོ་འདྲ་ཅན།། ཆོ་གས་གསལ་བར་བསྐྱེད་བྱས་ལ།། སྤྱན་དྲང་བ་སྟེམ་སོགས་ལས་རྫོགས་བྱ།། ལས ་དང་ཏིང་འཛིན་བཞི་ཉིད་ཀྱིས། ། ལས་བཞི་རྩེ་གཅིག་ཏིང་འཛིན་བྱ།། གང་དུ་དམིགས་པ་རྩེ་གཅིག་པས།། ལས་བཞི་བྱ་བའི་ཆོ་ག་དག། མ་ལུས་པ་དག་འགྲུབ་འགྱུར་ན།། ཕྲ་མོའི་ལུས་རྣམས་སྨོས་ཅི་དགོས།། ཤར་ཕྱོགས་སུ་ནི་ཁ ་བལྟས་ཏེ། ། དང་བའི་ཡིད་ནི་མི་གཡོ་བས།། རྫོགས་པའི་དཀྱིལ་ཀྲུང་ལ་གནས་ཏེ།། མ་རུངས་གདུག་པ་ཞི་བར་བྱ།། ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ།། དགའ་བའི་འདུ་ཤེས་རྩེ་གཅིག་པས།། རིན་ཆེན་དཀྱིལ་དཀྲུང་ལ་གནས་པས།། དཔལ ་དང་གཟི་བྱིན་འཕེལ་བར་བྱ། ། ནུབ་ཀྱི་ཕྱོགས་སུ་ཁ་ལྟས་ཏེ།། ཆགས་དང་ཞེན་པ་རྩེ་གཅིག་པ།། པད་མའི་དཀྱིལ་དཀྲུང་ལ་གནས་ཏེ།། མ་ལུས་དབང་དུ་བསྡུ་བར་བྱ།། ། བྱང་ཕྱོགས་ཉིད་དུ་ཁ་བལྟས་ཏེ།། ཁྲོས་པའི་སེམས་ཀྱིས་སོ་བཅ ་ཞིང་། ། རུ་སྦལ་དང་ནི་གྱད་སྟབས་ཀྱིས།། གདུག་པ་བསྐལ་ཏེ་ལམ་དུ་ཞུགས།། སོ་སོའི་སྔགས་ཀྱི་རིམ་པ་དག། སྔ་དྲོ་ཞི་བའི་ལས་བྱས་ཏེ།། གུང་ལ་རྒྱས་པ་ཉིད་དུ་བྱ།། དགོངས་ཀ་དབང་གི་དུས་ཉིད་དེ།། དྲག་པོ་ནམ་གྱི་གུང་ལ་བྱ།། ནམ ་ཟླ་དུས་བཞིར་བསྲུབས་པས་ན། ། ངེས་པར་ལས་བཞི་འགྲུབ་པར་འགྱུར།། ཨོཾ་ཆེ་གེ་མོ་ཤ་ན་ཏི་ཀུ་རུ་སཱ་ཧཱ།། ས་ཆེ་གེ་མོས་པུཥྚི་ཏི་ཀུ་རུ་སྭཱ་ཏཱ།། ཧཱི་ཆེ་གེ་མོ་བ་ཤ~ཾ་ཀུ་རུ་ཧཱུཾ་སྭ་ཧཱ།། ཧཱི་ཆེ་གེ་མོ་མཱ་ར་ཡ་ཕཊ། ལིང་གའི་གནས་ཀྱང ་ལས་བཞིའི་དབྱིབས། ། དགུག་དང་པུར་བུ་བཞི་བཏབ་ལ།། རི་ལུ་འམ་ལྷག་མ་བཏུབས་པ་ཏེ།། སོ་སོ་ལྕེ་ཡི་ཞལ་དུ་སྟབ།། རྩེ་མོ་ཞི་བྱེད་ཡན། རྒྱས།། སྡོང་པོ་དབང་ལ་རྩ་བ་དྲག། ཁཾ་དང་མངར་སྐྱུར་ཚ་བའི་ཤིང་།། རོ་ཡི་མཆོད་པ་དེ ་བཞིན་ཏེ། ། རྒྱུད་གཟངས་རྒྱལ་པོ་སྨད་འཚེད་མ།། ཤན་པའི་ཁྱིམ་ནས་མ་བླངས་ཏེ།། ལས་དང་འཐུན་པའི་ར་སྐྱེས་མནན།། ས་བོན་བཞི་ལས་རིམ་པ་བཞིན།། པ་བ་ཀ་དང་དབང་ཆེན་དང་།། གཟི་བྱིན་ཅན་དང་འཇོམས་བྱེད་བཞི།། སུ ་མདོག་ལས་བཞིས་ཕྱེ་བ་སྟེ། ། སྐུ་འདི་སྒོམ་དང་ཞགས་པ་དང་།། རྩེ་གསུམ་གཡོན་པ་བགྲང་ཕྲེང་ཉིད།། རིགས་བཞིས་ལས་བཞི་བྱིན་བརླབས་དབུ།། སྤྱན་དྲང་མཆོད་བསྟན་ལས་རྫོགས་ནས།། ལྟོ་བར་བྲུཾ་ལས ་གཞལ་ཡས་སུ། ། ལས་དང་མཐུན་པའི་ལྷ་བསྐྱེད་ལ།། རང་རང་རྟོག་པའི་ཆོ་ག་བཞིན།། བསྲེག་དང་བྲོ་ག་ར་ལས་བྱས་པས།། གང་ཡང་འགྲུབ་པར་ཐེ་ཙོམ་མེད།། ཞེ་སྡོང་ཅན་དང་ང་རྒྱལ་ཅན།། སྡུག་བསྔལ་བདུག་སེམས་ནད ་གཟིར་བ། ། དེ་འདྲ་ཞི་བར་བྱ་བའི་ཕྱིར།། ཞི་བའི་ལས་ནི་རྩོམ་པ་ཡིན།། ཚེ་ཐུང་ན་དམ་དཔལ་ལོངས་སྤྱོད།། ཕོངས་དང་ཉམ་དང་འཇིགས་པ་དག། དངས་སྙིགས་ཟད་ནས་སྙིང་པོར་ཐིམ།། ཐིག་ལེ་མེ་ཤིགས་བཅུད་འདུས་པ།། ་རློང་ཉིད་ཐིག་ལེའི་རང་དུ་འགག། ཆུ་བའི་རླུང་ལ་དབང་ཐོབ་ཅིང་།། མངོན་ཤེས་སྐྱེ་འཇིགས་ཐོབ་བྲལ་བས།། བདེ་ཆེན་ནམ་མཁའ་ཡེ་ཤེས་ཉིད།། རྡོ་རྗེ་ཐིག་ལེ་འགྱུར་འཇིག་མེད།། སྟེང་དང་འོག་ལས་གང་སྦྱང་བས།། སྐུ་གསུམ ་ཐུགས་ཀྱི་ཕོ་བྲང་དག། བདེ་ཆེན་ཏིལ་འབྲུ་བཅུད་བཞིན་དུ།། ཉི་ཟླ་གནས་པའི་བར་དུ་འབར།། འབབ་པ་ཐིག་ལེ་ཟླ་བའི་གཟུགས།། ཁ་བཅད་རླུང་གིས་བཟུང་བྱ་ཞིང་།། འོག་གིས་ཕུལ་ཞིང་སྟེང་གིས་དྲང་།། མ་ལུས་བདེ་ཆེན་ཁྱབ་པར ་གནས། ། མི་རྟོག་གསལ་བ་མཐར་ཕྱིན་པ།། སེང་ཕུག་ཟླ་བ་རྫོགས་པ་ལྟར།། ཐབས་དང་ཏིང་འཛིན་སྦྱོར་བ་ཡིས།། བདེ་བའི་ཡེ་ཤེས་ཆེན་པོ་ལ།། མ་ལུས་ཡོན་ཏན་རྫོགས་པར་གནས།། ཆགས་ཅན་བརྟུལ་ཞུགས་བྲལ་བ ་ཡི། ། ལུས་དང་དྲན་རྟོགས་བག་ཆགས་བཅས།། རིགས་དང་རིགས་མིན་གང་ཡང་རུང་།། སྒོ་གསུམ་མ་ལུས་བཅས་པ་དག། སྟོང་སྒོའི་གདུལ་བྱ་དེས་འདུལ་ཡིན།། དང་པོར་གསང་བའི་རིམ་ཐོབ་པས།། རླུང་དང་ཐིག་ལེའི་ལས། ་གོམས་ནས།། བདེ་ཆེན་བྱང་ཆུབ་སེམས་ཀྱི་རོ།། སེམས་ལྔའི་ཚུལ་གྱིས་གང་སྣང་བ།། གཡོ་ཐོབ་བརྟན་པའི་ཉམས་ཉིད་ཀྱིས།། ལུས་དང་ཕྱིནང་དྲན་རྟོགས་བཅས།། ནམ་མཁའི་གཟུགས་ཅན་ཉིད་དུ་སྐྱེ།། ལུས་དང་སྣང་བར ་བཅས་པ་ཡི། ། ནམ་མཁའི་མཐའ་ལྟར་མི་ཕྱེད་པ།། བདེ་ཆེན་ཐིག་ལེ་ཨ་དང་གནས།། ཐིག་ལེ་སྟོང་པའི་རི་མོ་ཅན།། གསལ་བར་ཤེས་པ་རྒྱུ་བས་མངོན།། འོག་ནས་བསྐུལ་ཞིང་སྟེང་ནས་མནན།། དངས་སྙིགས་བ་སྲེ་བའི་ཐབས་ལ ་འཇུག། བདེ་བའི་རླུང་ཅན་ཡ་མ་གི་སྒོ།། ། སྤྱོད་པའི་སྦྱོར་བས་གྱེན་དུ་ཕུལ།། རྒྱུ་བ་རླུང་གི་སྙིང་པོ་ཅན།། དཔའ་བོ་ལམ་ནས་ཐུར་དུ་ཐེན།། རིགས་པའི་ཡེ་ཤེས་གནས་པའི་རླུང་།། སྟོང་ཉིད་ནམ་མཁའི་དབྱིངས་སུ་ཐིམ།། བྱི་ནང ་རྒུ་བ་ཆད་པ་དང་། ། རིག་པ་ཐིག་ལེའི་དང་ལ་གནས།། བདེ་བའི་རྟགས་ནི་འབྱུང་འགྱུར་ཏེ།། འདར་དང་རྡུལ་དད་པ་སྤུ་ལྡང་།། སྒྲ་དང་ལུས་བདེ་རྒྱུག་པ་དང་།། རྒོད་དང་བརྒྱལ་སོགས་གང་བྱུང་བ།། བརྟན་དང་སྦྱང་བའི་ཆོ་ག་བྱ།། ་མི་འཐུན་ལོག་པའི་ཆོས་བརྟགས་ན།། ཐབས་ཀྱི་རིམ་པའི་ཆོ་ག་ཡིས།། གདོན་དང་སྤོས་དང་གནོན་པ་དག། ཇི་ལྟར་རིགས་པར་རྟག་པར་བྱ།། རང་ལུས་ཐིག་ལེའི་ཉམས་མྱོང་ལ།། བར་ཆད་མེད་པར་གསལ་འཇུག་པ།། ཐ་མལ་ཞེན་པ ་སྦྱར་བ་དང་། ། བདེ་བའི་དབང་ཕྱུག་སྨིན་པ་དང་།། དྲན་རྟོག་རྒྱུད་སོགས་ཞི་བ་དང་།། བདེ་ཆེན་རྒྱས་པས་ཁྱབ་པ་དང་།། རླུང་དང་བདེ་བའི་རྣལ་འབྱོར་གྱིས།། ཐམས་ཅད་དབང་དུ་སྡུད་པ་དང་།། དྲན་རྟོག་ཨ་ཡི་དང་དུ་གནས།། འདི་ནི་ནང་གི་རིམ ་པ་ཡིན། ། དེ་ནས་གསང་བ་བཤད་བྱ་བ།། ཐབས་དང་ཤེས་རབ་འབྲེལ་པ་ལས།། གསང་བའི་ཕྲིན་ལས་བཞིར་བྱུང་བ།། བཀའ་ཐུབ་ཅན་དང་ཐ་མལ་དང་།། ཐུན་མོང་ལམ་ལས་བཟློག་ཕྱིར་རོ།། འདོད་ཆགས་ཞེན་ཅིང་དབང་པོ་སྨིན།། ་ཚད་ལྡན་ཡུལ་དང་བཅས་པ་ཡིན།། བདེ་ཆེན་དགོངས་པ་ཐིག་ལེའི་གནས།། ཡོན་ཏན་ཁྱད་པར་ཀུན་ཏུ་རྫོགས།། གཉིས་མེད་འཁྲིལ་པའི་ངོ་བོ་ནི།། བདེ་བ་ཆེན་པོ་འབྱུང་བའི་གནས།། གསང་བའི་བྷ་ག་རྒྱས་པ་ནི།། ཞི་རྒྱས་དབང་དྲག ་ཚུལ་བཞིན་དང་། ། ནུས་པ་བྱིན་རླབས་གང་ལྡན་པ།། གསང་བའི་ཐིག་ལེའི་ཚུལ་ལ་གནས།། པད་མ་གསང་བའི་ཐབ་ཁུང་དུ།། གསང་བའི་སྦྱིན་བསྲེག་གང་ཕུལ་བ།། ལོ་དང་ཟླ་བ་མ་ཡིན་པར།། མྱུར་དུ་བདེ་ཆེན་ལུས་སུ་འགྱུར།། ་ཐབས་དང་ཤེས་རབ་ལས་འབྱུང་བའི།། དངས་སྙིགས་བཅུད་དང་བག་ཆགས་དང་།། ཉི་ཟླ་ཁུ་བར་བཅས་པ་ནི།། བདེ་ཆེན་གསང་བ་མཆོད་པའི་རྫས།། གདུང་དང་བདེ་བ་བྲལ་བ་དང་།། ཞེན་རྟོག་དེ་ཉིད་ཆགས་པ་ཡི།། རང་གི་ལིང ་གདེ་ཉིད་ལ། ། གསང་བའི་ཕུ་བ་བའི་རྫོགས་པ།། གསང་བའི་ཡུལ་ལ་བཏབ་པ་ཡིས།། ལྷན་ཅིག་སྐྱེས་པའི་ཏིང་འཛིན་ལ།། ལས་བཞི་མ་བཅལ་རྫོགས་པར་ལྡན།། རོལ་པའི་ཚུལ་དང་ཐིག་ལེ་གཉིས་པ་ད་མཛ་རྗེ་སྙིང་པོའི། 1 ་དང་སྦྱོར་ཚུལ་གང་ཡིན་པ། ། གསང་བའི་སྦྱོར་བའི་དུས་སུ་བལྟ།། གནས་པ་རྩ་ཡི་ཚུལ་དག་ནི།། ཁ་དོག་དབྱིབས་སོགས་ཐ་དད་པས།། མཆོད་རྫས་ཉི་ཟླར་བཅས་ཀུན་ལ།། གཟར་བུ་གཉིས་བཅས་ཐབས་ཕུལ་བས།། ཐིག་ལེ་ཆེན་པོར ་འབབ་པར་འགྱུར། ། གསང་བའི་དོན་ལ་དགའ་བ་དང་།། རིག་པའི་བཏུལ་ཞུགས་སྤྱོད་པ་དང་།། དབང་པོ་དར་ཅིང་སྨིན་པ་དང་།། ཐིག་ལེའི་དོན་ལ་མོས་པ་དང་།། རླུང་དང་བཅུད་ལ་གོམས་པ་ཡི།། རྣལ་འབྱོར་པོ་མོ་བཅས་པ་ཀུན། དྲན་རྟོག ་ཕྱི་མ་བཅས་པའི་ཡིད། ། གདུལ་བྱའི་དོན་དུ་དེ་བཤད་དོ།། གང་དག་ཐབས་ལ་མཁས་པ་དང་།། དབང་དང་དམ་ཚིག་ལྡན་པ་ཡིས།། ཐབས་དང་སྦྱོར་བ་ལ་ཚོན་ཞིང་།། ཉི་ཟླ་རྩ་སྦྱོར་དབང་ཐོབ་ནས།། བཟུང་ཟློག་འབྱོངས་པའི་ཀར་ཐབས ་ཀྱིས། ། དངོས་པོ་ལྷན་ཅིག་སྐྱེས་པའི་དོན།། སེམས་ལྔའི་ཚུལ་གྱིས་གསལ་བར་སྐྱེ།། ཉི་ཟླ་ཞོན་པའི་རྫུ་འཕྲུལ་དང་།། རྒྱུ་བའི་རླུང་ལ་དབང་ཐོབ་པས།། ཁམས་བཞི་འདུས་པའི་སྙིང་པོ་ལས།། བདེ་ཆེན་ཐིག་ལེ་མེ་ཏོག་པ།། ཐབས་ཀྱིས ་དེ་ལྟར་མངོན་དུ་སྣང་། ། ཐབས་དང་བྲལ་བའི་སློབ་དཔོན་གྱིས།། སྐལ་མེད་ལས་ཀྱིས་དམན་པ་ལ།། དབང་དང་བརྒྱུད་པ་བྲལ་བ་ཡིས།། ཚིག་དང་རིགས་པ་ཅི་བསྟན་ཀྱང་།། རིགས་ངན་རྒྱལ་སར་བཞག་པ་ལྟར།། བདག་པར་གན ་རླག་འཇིག་པར་འགྱུར། ། གང་དུ་གསད་པའི་ཐིག་ལེ་ཉིད།། གསང་བའི་ལམ་ལྔར་ཉམས་སྐྱེས་པས།། ཟག་མེད་བདེ་བའི་དཀྱིལ་འཁོར་དུ།། མཁའ་འགྲོ་གསུམ་ལ་གང་བརྟེན་ནས།། ཡེ་ཤེས་ཐིག་ལེ་རྒྱ་དཔག་མེད།། རིམ་པས། ་བཐར་ཐུག་གནས་སུ་འགྱུར།། གང་ཞིག་འདི་ལ་འདྲིས་གོམས་པས།། རྒྱུ་བ་ཐིག་ལེར་ཐིམ་པ་དང་།། དྲན་རྟོག་ནམ་མཁར་གསལ་བ་དང་།། བདེ་ཆེན་སྔོན་དུ་སྨིན་པ་ཡིས།། འཆི་མེད་སངས་རྒྱས་ས་ལ་སྤྱོར།། འཇིགས་པ ་ཀུན་ལས་གྲོལ་བ་དང་། ། ལྷ་མོ་ཚགས་ཀྱིས་བྱིན་བརླབས་ནས།། རོལ་རྩེད་སྣ་ཚོགས་བསྒྱུར་བྱེད་ཅིང་།། ཐབས་དང་ཤེས་རབ་གཉིས་མེད་ཅིང་།། ལོངས་སྤྱོད་རྫོགས་པའི་ཞལ་མཐོང་ཞིང་།། རྡོ་རྗེ་དབང་གིས་མཚམས་སྦྱར་ནས།། ཡེ ་གེ་འཁོར་ལོ་ཚོགས་མཆོག་མཉེས། ། ནམ་མཁའི་མཐར་ཐུག་བར་དུ་ནི།། བདེ་ཆེན་ཡེ་ཤེས་ཟག་པ་མེད།། ཡེ་ཤེས་རྒྱ་མཚོ་བྱིན་བརླབས་ཅན།། ནམ་མཁའ་ལྟ་བུར་དཔག་མེད་པ།། རྒྱལ་བ་ཀུན་གྱི་ངོ་བོར་འགྱུར།། རྡོ་རྗེ་སེམ? ་པ་སྒྱུ་འཕྲུལ་དྲབ་གསང་བ་མེ་ལོང་གི་རྒྱུད་ལས་ཕྲིན་ལས་མཐའ་ཡས་པ་བཤད་པའི་ལེའུ་སྟེ་བཅུ་པའོ། ། ། དེ་ནས་གཞན་ཡང་བཤད་བྱ་བ།། གསད་པའི་ལམ་ལ་གང་དགའ་བས།། ཐུན་མོང་མ་གྱུར་གསང་བའི ་ལམ། ། རིམ་པ་ཉིད་དུ་བཤད་པར་བྱ།། དད་དང་བརྟུལ་ཞུགས་ཆེ་བ་དང་།། ཐེག་པ་ཆེན་པོར་རིགས་དེས་ཤིང་།། སྙིང་བརྩེད་དབང་དང་དམ་ཚིག་ལྡན།། སྒྲུབ་ལ་བརྩོན་པའི་གང་ཟག་གིས།། ལུས་དང་ལོངས་སྤྱོད་འཚོ་བ་དང་། བུ་དང་ཆུང་ས་ཎྜ ་སྲིད་ཀྱིས། ། དང་པོར་བླ་མ་མཉེས་བྱས་ལ།། ཐབས་ལ་མཁས་པས་འདོད་པ་བླང་།། ཕྱི་ནང་སྣོད་བཅུད་མ་ལུས་པ།། རང་འབྱུང་ཡེ་ཤེས་རང་སྡུད་པ།། གཅིག་དང་དུ་མ་མེད་ཚུལ་གྱིས།། ། བདེན་པ་གཉིས་མེད་འབྲེལ་བ་ཉིད ་བྱིན་བརླབས་སྒྲ་དང་གཏན་ཚིགས་ཀྱི། ། རང་འབྱུང་ཡེ་ཤེས་མངོན་དུ་སྣང་།། རང་གནས་འཁོར་ལོ་བསམ་མི་ཁྱབ།། རྟོག་གེ་སྤྱོད་ཡུལ་མ་གྱུར་པ།། ཐབས་ཆེན་ཐབས་ལས་འབྱུང་བ་ཡི།། འཕེལ་དང་དགའ་བདེ་ལོངས་སྤྱོད ་ཕྱིར། ། རྒྱས་པའི་ལས་ལ་འབད་པར་བྱ།། དབང་ཆེན་གཟི་བྱིན་ཆེན་པོ་དང་།། རྒྱལ་རིགས་བློན་པོ་བྲམ་ཟེ་དང་།། གདུག་པ་དབང་དུ་བསྡུ་བའི་ཕྱིར།། རྗེས་དགུག་དབང་གི་ལས་བརྩམ་མོ།། དགྲ་དང་བགེགས་སོགས་མ་རུངས ་པ། ། གང་གིས་འདུལ་བར་མི་ནུས་པ།། གཟིར་ཞིང་འདུ་ཤེས་བསྒྱུར་བའི་ཕྱིར།། དྲག་པོ་བསྒྲལ་པའི་ཕྲིན་ལས་བརྩམ།། གང་ཡང་རུང་བའི་དངོས་པོ་ལ།། དང་པོ་མི་འཐུན་ཞི་བར་བྱ།། དེ་ནས་ཡོན་ཏན་རྒྱས་པར་བྱ།། ་དེ་ཉིད་དབང་བསྡུ་ལས་ལ་སྦྱར།། གང་ཏེ་དབང་དུ་མ་གྱུར་ན།། དྲག་པོས་གཟིར་ཏེ་བསྒྲལ་བར་བྱ།། གལ་ཏེ་ལོག་པར་ལྷུང་སྲིད་པས།། འོག་མིན་གནས་སུ་ཕཊ་ཀྱིས་འཕང་།། ངེས་པར་འགྲུབ་འགྱུར་གདོན་མི་ཟ།། དང་པོར་སྔོན ་བྱའི་ལས་ཀྱིས་ནི། ། ནུས་དང་མི་ནུས་ཁྱད་པར་རྟག། དེ་ནས་ནུས་པ་ཐོབ་པ་སྟེ།། དེ་ནས་བདེ་བའི་རྩལ་ཐོབ་ནས།། ཐོགས་པ་མེད་པའི་ཕྲིན་ལས་འགྲུབ།། ཟག་མེད་ལམ་ལ་གོམས་སྦྱངས་པས།། ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི།། གདུལ། ་བྱ་ཞིང་དང་ནུས་མཐུ་དང་།། བྱིན་བརླབས་རྩལ་གྱི་ཁྱད་པར་འཕགས།། མཐར་ཕྱིན་སྐུ་ལྔའི་ཞིང་ཐོབ་པས།། མ་རྩལ་ཆུ་དང་རླབས་བཞིན་དུ།། དཔག་མེད་ཡོན་ཏན་ངོ་བོའི་ཕྱིར།། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཡིན།། ལས་དང་ཉེན་མོངས་གདུག་པ་དང་། ་གདུག་བསྔལ་རྟོག་པ་ཇི་སྙེད་པ།། ཆོ་ག་ཐབས་དང་ཏིང་འཛིན་གྱིས།། ལྷན་ནེ་ལྷང་དེར་ཞི་བར་འགྱུར།། ང་རྒྱལ་རིན་ཆེན་བཟི་བརྗིད་ཀྱིས།། དཔལ་དང་ལོངས་སྤྱོད་འཕེལ་བ་དང་།། ཚེ་དང་ལང་ཚོ་སྟོབས་ལྡན་ཞིང་།། ཡོན་ཏན་ནམ་མཁའི ་མཐའ་དང་མཉམ། ། འདོད་ཆགས་རྡོ་རྗེ་ཏིང་འཛིན་གྱིས།། བདུད་དང་གདུག་པ་རྒྱལ་པོ་དང་།། ལྷ་དབང་སྲིན་པོ་མཁའ་འགྲོ་མ།། ཕྱག་ན་རྡོ་རྗེའང་དབང་དུ་འགྱུར།། ཞེ་སྡང་རྡོ་རྗེ་ཏིང་འཛིན་གྱིས།། ཆོ་ག་རྫས་དང་སྔགས་ལྡན་པས།། ཆོས ་སྐུ་རྡོ་རྗེའང་འཇིག་འགྱུར་ན། ། གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས།། རང་ལུས་བདེ་ཆེན་ཀུན་གྱི་དབྱིངས།། རང་ལུས་ཐིག་ལེའི་ཐབས་མཁས་པས།། སྦྱོར་བ་རླུང་གི་གོམས་སྟོབས་ཅན།། དཀྱིལ་འཁོར་ནང་ལ་གནས་གྱུར་པས།། ཉམ ་ཀྱིས་ལས་བཞི་གསལ་གྱུར་ཏེ། ། རིམ་པ་ཇི་བཞིན་འགྱུར་བ་དང་།། རང་གི་མངོན་པར་གསལ་གྱུར་པ།། ནུས་པ་བརྟན་པས་མངོན་དུ་འགྱུར།། གཞན་མིན་འཁོར་ལོ་ཕོ་བྲང་ཉིད།། གནས་དང་འཇུག་དང་གཟུང་བ་དང་།། བསྟིམ་ཞིང་གནས། ་པ་གང་ཡིན་པ།། དེ་དག་ཉིད་དུ་བཤད་པ་ཡིན།། དྷརྨ་ཙཀྲ་གཞལ་ཡས་ཁང།། རྩ་བཞི་ཡན་ལག་བརྒྱད་དཀྱིལ་ན།། ཨེ་བཾ་མ་ཡ་ལས་བཞི་དབྱིབས།། ཁ་དོག་ལས་ཀྱིས་གཙེར་གྱུར་པ།། བག་ཆགས་ས་བོན་སྙིགས་མ་དང་།། རྟོག་དང་ཐ་མལ ་ཞེན་པའི་རྫས། ། ཉམས་མྱོང་འགྱུར་མེད་བཞིར་གནས་ཏེ།། ཐིག་ལེས་དེ་ཉིད་ཞི་བ་དང་།། རང་ལུས་ཕྱི་ནང་ཐིག་ལེས་རྒྱས།། རླུང་དང་ཐིག་ལེ་རྟོག་པར་བཅས།། ནུས་པས་དབང་དུ་འདུས་པ་དང་།། ཐིག་ལེས་མ་བཅོས་ནམ་མཁའི་དང་། སྲོག ་དང་ཐིག་ལེར་བཅས་བསྡུས་པ། ། ཨ་ཡི་དང་དུ་ཐིམ་འགྱུར་ཏེ།། རྐུ་བ་དངས་ཤིང་འབར་བ་མནོན།། མི་འགྱུར་དབྱིངས་ལ་གནས་པར་བྱ།། རང་ལུས་ཐབས་ཀྱི་ངོ་བོ་ལས།། འཁོར་ལོ་བཞི་དང་མི་རླུང་དང་།། སྤྱོད་པ་རླུང་གིས་ལས་རུང་བས ་ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། ། ཐིག་ལེས་རྒྱུད་དང་ལུས་རྒྱས་པས།། བདེ་ཆེན་དབང་ཐོབ་ཞེན་ཆགས་བྲལ།། ཏིང་འཛིན་སྦྱོར་བས་གང་བསྐུལ་ན།། རིམ་པའི་རྟགས་དང་ནུས་པ་བྱུང་།། ཁ་དོག་གྲངས་དང་སྙིང་པོ་དང་།། དབྱིབས ་དང་ཚང་དང་ཐིག་ལེ་ཡི། ། ཁྱབ་པ་ལ་སོགས་མཐའ་ཡས་པ།། བཞུགས་ཚུལ་དེ་ཉིད་དེ་བཞིན་ནོ།། འཁོར་ལོ་བཞི་ཡི་ཐབ་ཁུད་དུ།། གཏུམ་མོ་བྱིན་ཟའ་ལས་བསྐུལ་པས།། དངས་སྙིགས་རྟོགས་པའི་བག་ཆགས་དག། མི་ཤིགས་ཐིག ་ལེར་མཆོད་པ་པུ་ལ། ། ཕྱི་ནང་རྨྱ་བ་མ་ལུས་པ།། རང་བྱུང་འཁོར་ལོ་ཐིག་ལེ་མཆོག། སྤྱོད་ཡུལ་མཐུན་མོང་མ་ལུས་པ།། བྱི་ཡི་རྣམ་པ་ལམ་བྱེད་པས། ཐུན་མོང་གྱི་ཡི་ལམ་དུ་བཤད།། དེ་ཉིད་ན་དུཿལ་པོ་ལོ།། ཤི་ལས་ནང་དུཉམས་སྐྱེད་པ། མ་པའདི་ནི ་ནདུ་གད་། དབང་ཐོབ་སྦྱངས་པ་མ་རྟོགས་པ།། སྐལ་ངན་རིགས་ཆད་ཡུལ་མིན་པ།། ། གསང་བས་གསང་པ་ཞེས་བཤད་དོ།། དང་པོ་བློ་ལྡན་གང་ཟག་ནི།། མ་ལུས་བདེན་པ་དབྱེར་མེད་ལ།། རང་བཞིན་རིག་པའི་གཏན་ཚིགས་ཀྱིས།། ཕུང་པོ ་ཁམས་དང་སྐྱེ་མཆེད་ལ། ། ཐབས་དང་ཤེས་གཉིས་མེད་པའི་དོན།། ཡེ་ནས་སངས་རྒྱས་རྫོགས་པ་ཉིད།། དེ་ཉིད་དུས་གསུམ་མ་སྐྱེས་པ།། གང་ལ་རྟེན་ནས་རྟོགས་པ་ལ།། ལམ་གྱི་ཡན་ལག་ཀུན་རྫོགས་ཏེ།། ས་བཅུ་རིམ་པར་མ་བཀོད་རྫོགས།། ་མ་ལུས་ཡོན་ཏན་རང་ཤར་བས།། ཐམས་ཅད་མ་ལུས་མི་འདའ་ལ།། ཚོགས་གཉིས་རྫོགས་པའི་འབྲས་བུ་ཉིད།། དབང་པོ་ཅིག་ཅར་སྤྱོད་ཡུལ་ཡིན།། གང་སུ་བློ་དང་མོས་པ་དང་།། རྟོགས་ཆུང་མཚན་མ་དགའ་བ་ལ།། ཐུན ་མོ་སྒོ་འཐུན་ཁྱད་པར་ཅན། ། རིམ་པའི་རྣལ་འབྱོར་བརླབ་པར་བྱ།། དང་པོར་ཕྱི་ནང་སྣོད་བཅུད་ཀུན།། རང་ས་ཉིད་ནི་མི་དམིགས་པ།། མ་བཅོས་མ་གསལ་མི་གནས་པ།། དངོས་པོ་ཅི་ལའང་མི་རྟག་ཅིང་།། དེ་ཉིད་ལ་ཡང་མི་རྟོག་པ།། འཛིན ་རྟོག་ཞེན་པ་མི་གནས་པར། ། བསམ་དང་བསམ་བྱ་མེད་ཚུལ་གྱིས།། བདག་གཞན་ཕྱི་ནང་མ་ལུས་པ།། གང་གི་ངོ་བོང་མ་གྲུབ་པ།། ཅི་ལའང་མི་གནས་སྦྱོར་བ་ཡིས།། རང་སར་མི་རྟོག་ངོ་བོ་ཉིད།། བཅོས་པ་མེད་པའི་ཚུལ་དུ་བསྒོམ།། གལ་ཏེ་མཚན ་མའི་རྒྱུ་བ་དག། ཆུ་ལས་རྙོག་པའི་ཚུལ་བྱུང་ན།། མ་བཅོས་རང་བཞིན་གཞག་པ་ཡིས།། མ་ལུས་རྟོག་མེད་དེ་བཞིན་ཉིད།། རང་བཞིན་བཞག་པས་དག་པར་འགྱུར།། ནམ་མཁའ་དག་པར་འགྱུར་བའི་ཚེ།། སྤྲིན་ཀྱང་རང་འབྱུང་དག་པ་ལྟར།། ་བྱུང་ཚོར་དྲན་ཏོག་མ་ལུས་པ།། ཆོས་ཉིད་སྟོང་པའི་རང་བཞིན་ནོ།། གང་དུ་སྣང་སྲིད་མ་ལུས་པ།། ཕྱི་ནང་མེད་པའི་སེམས་ཉིད་དེ།། དེ་ཉིད་སྟོང་པའི་རང་བཞིན་དུ།། གོམས་ཤིང་ནུས་པ་བརྟན་པའི་ཚེ།། དེ་ཉིད་རྣལ་འབྱོར་དེ་ཉིད་ནི།། སྟོང་པ་ཆེན ་པོ་རྣལ་འབྱོར་ཡིན། ། སྒོ་གསུམ་བྱེད་སྤྱོད་མ་བཅོས་པ།། མ་བརྟགས་མི་རྟོག་ཅིར་མི་གནས།། འདི་ནི་རྣལ་འབྱོར་རྩེ་གཅིག་པས།། བྱ་བ་སྤངས་པའི་སྤྱོད་པ་ཡིན།། དེ་ནས་དེ་ལས་ལངས་པའི་ཚེ།། སྒྱུ་མ་ཆུ་ཟླ་སྨིག་སྟུ་དང་།། འཛའ་ཚོན ་ལྔ་བ་ཆུ་བུར་ལྟར། ། སྣང་ཡང་དངོས་པོར་གནས་མ་ཡིན།། རིགས་པ་ཕྱི་ནང་མ་ལུས་པ།། སྟོང་པའི་ཚེ་འཕྲུལ་སྣང་དུ་ཟད།། མ་ལུས་རིག་པའི་ངོ་བོ་སྟེ།། དེ་ཡང་རྒྱུ་མའི་རང་བཞིན་ལྟར།། ཞེ་ནས ་མེད་པའི་ཚུལ་དུ་བསྒོམ། ། ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི།། དཔག་མེད་ངོ་བོར་རང་སྣང་ཡང་།། བྱིན་བརླབས་ཆོ་འཕྲུལ་རང་སྣང་བ།། དེ་ལྟར་མ་རྟོགས་དམན་པ་ལ།། རང་འབྱུང་སྙིང་རྗེར་འཆར་བའི་ཕྱིར།། སྙིང་རྗེ་ཆེན་པོ་རྣལ་འབྱོར ་ཡིན། ། འགྲོ་བ་གང་དང་གང་དག་ལས།། སྙིང་རྗེ་ཆེན་པོ་གང་གཟིགས་པས།། སྣ་ཚོགས་མཛད་པའི་ཚུལ་ཉིད་ཀྱིས།། དེ་སྙེད་སྤྱོད་ལ་མཐའ་ཡས་ཏེ།། དོན་དང་འཐུན་པར་འབའ་ཞིག་སྟོན།། ཐ་མལ་པ་དང་ཐབས་ཉིད་དང་།། ལུས ་ངག་ཡིད་ཀྱིས་ཅི་འཚམ་པར། ། དོན་འགྱུར་སྤྱོད་པ་བསམ་མི་ཁྱབ།། གང་དུ་བྱམས་དང་སྙིང་རྗེ་ཡིས།། མ་ཁྱབ་མིང་གི་རྣལ་འབྱོར་ཏེ།། ཐེག་པ་ཆེན་པོའི་རིགས་ཆད་ཅིང་།། དམན་པའི་རིགས་སུ་གྱུར་པ་ཡིན།། རྩ་བ་མེད་པའི ་སེམས་ཉིད་ནི། ། ཆོས་རྣམས་ཀུན་གྱི་རྩ་བ་སྟེ།། ནམ་མཁའི་རིས་དང་དབྱེར་མེད་ལྟར།། མ་ལུས་རང་རྒྱུད་བྲལ་བ་ཡི།། ངོ་བོ་བདེན་མིན་བརྫུན་པ་མིན།། ཆོས་རྣམས་མིང་ཙམ་དངོས་པོ་མེད།། སྒོ་གསུམ་འདི་ལྟར་བརྟན་པ་ནི།། ། ་ཐུགས་རྗེ་ཆེན་པོ་སྤྱོད་པ་ཡིན།། དེ་ནས་སྒྱུ་མའི་རང་བཞིན་ཉིད།། རང་བཞིན་གཉིས་མེད་རིགས་པ་ནི།། ཡི་གེ་ཧཱུཾ་དུ་གསལ་བར་བསྒོམ།། ཕྱི་ནང་སྣོད་བཅུད་མ་ལུས་པ།། འཕྲོ་འདུས་ཧཱུཾ་དུ་གསལ་བར་བྱ།། རྡུལ་ཕྲན་དེ་སྐྱེད་འདུ ་པ་ལས། ། ཐིག་ལེ་མི་དམིགས་སྟོང་པར་བལྟ།། མ་དང་ཨ་ལས་ཉི་ཟླའི་གདན།། གང་བསྒྲིལ་ཧཱུཾ་བཅས་གསལ་བར་བྱ།། རང་རང་གསུང་ཡང་འགལ་བ་མེད།། སྒྲིལ་མའི་སྙིང་པོ་ཕྱག་མཚན་ཏེ།། འཕྲོ་འདུ་འཕྲ་མོའི ་རང་བཞིན་སྐུ། ། གསལ་ལ་སྐྱོན་དང་བྲལ་བར་བསྒོམ།། དེ་ནས་རང་རང་ཚད་གྱུར་པའི།། རིགས་པའི་ཕྱག་རྒྱ་ཆེན་པོ་ཉིད།། ཞི་དང་ཁྲོ་བོ་སྐབས་ཉིད་དུ།། ཇི་ལྟར་འཐད་པར་བསྒོམ་པར་བྱ།། ཡང་ན་ཞལ་ཅིག་ཕྱག་གཉིས་ཏེ།། ་ཡད་ན་ཞལ་གསུམ་ཕྱག་དྲུག་བསྒོམ།། གནས་ཅིག་གནས་གསུམ་གནས་ལྔར་ཡང་།། ཡན་ལག་ལྷ་ནི་ཚང་བར་བསྒོམ།། བསྒོམ་ནས་སྙིམས་ཏེ་སྤྱོད་ཡུལ་ཀུན།། དེ་ལྟར་གསལ་བར་བརྟག་པར་བྱ།། རྩ་བ་ཅིག་པའི་ལྷ་སྒོམ ་པ། ། ཕྱག་རྒྱ་ཅིག་པའི་རྣལ་འབྱོར་ཡིན།། སྒོ་གསུམ་བསྒོམ་པ་རབ་འབད་པས།། རྣམ་པར་གཡེང་བའི་ཆོས་སྤྱོད་འདས།། མ་ལུས་རྩ་བའི་སྤྱོད་པ་སྟེ།། ཕྱོགས་ཅིག་པ་ཡི་སྤྱོད་པར་གསུངས།། དེ་ནས་རྟོག་པའི་ཡན ་ལག་དག། གཉིས་ཀ་ཐབས་དང་ཤེས་རབ་ཏུ།། བརྟགས་ཏེ་དེ་ལྟར་བསྒོམ་པར་བྱ།། འོད་ཟེར་འཕྲོ་བ་འབྲུ་གསུམ་ཉིད།། ཡང་ན་ཡེ་ཤེས་ལྔ་ཉིད་དེ།། གནས་ཅིག་སྙིང་པོར་གནས་པར་བྱ།། དེ་བཞིན་གཙོ་བོ་གཙོ་མོ་དང་། ་སེམས་པ་དང་ནི་སེམས་མ་དང་།། ཁྲོ་བོ་ཁྲ་མོ་སྤྲུལ་པ་དང་།། ཡིད་ཆོས་དག་ལའང་ཤེས་པར་བྱ།། ཞལ་དང་ཕྱག་དང་ལྷ་གྲངས་དང་།། ཚོམ་བུ་སྤྲོས་པས་སྤྲོས་བཅས་ཡིན།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། ཆོམ་བུ ་ལྔ་ལ་ཁྲོ་བཅས་བསྒོམ། ། ཡང་ན་སྐུ་གསུང་ཐུགས་ལྡན་པའི།། ཚོམ་སྤུ་གསུམ་དང་བཅས་པ་ཡི།། ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ།། རིགས་ཀྱི་གཙོ་སྟེ་ཐུགས་ཀྱི་མཆོག། ཁྲོ་བོ་ཚོགས་དང་བཅས་པ་ཡི།། མོས་པའི་ཚུལ་དང ་སྦྱོར་བ་ཡིས། ། ཚེམ་བུ་གཅིག་པའི་ལྷ་རྣམས་བསྒོམ།། སློབ་དཔོན་མཐར་ཉེའི་ལམ་གནས་པས།། རྒྱང་གྲགས་དཔག་ཚད་ལ་སོགས་པ།། རྡོ་རྗེ་ཐིག་ཚད་བོར་ཙམ་གྱིས།། ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ།། སྣ་ཚོགས ་དཀྱིལ་འཁོར་མཆོག་ཏུ་གསུངས། ། དང་པོ་རྒྱང་གྲགས་དཀྱིལ་འཁོར་ཏེ།། དེ་ནས་དཔག་ཚད་དཀྱིལ་འཁོར་ཉིད།། ནམ་མཁའི་དབྱིངས་ནི་བསམ་ཡས་པར།། སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ།། དེ་ནས་ཡོ་བྱད་ལྔ ་ལྡན་པས། ། ཏིང་འཛིན་མོས་པ་སྤྱོད་འཐུན་པའོ།། སྐྱེ་བོ་ཙམ་དུ་གྲངས་འཐུན་པས།། ཚེམ་བུས་འདོད་པའི་དོན་བསྒྲུབ་བྱ།། ཐབས་དང་ཤེས་རབ་འབྲེལ་བ་ཡི།། ཕོ་མོ་འདུས་པའི་གྲངས་མཉམ་པར།། ཡོ་བྱད་འདུས་པའི་ཚོགས་ལྡན ་པས། ། དགོན་པར་འཁོར་ཁང་རབ་བརྩིགས་ཏེ།། རང་རང་ཐབས་དང་ཤེས་རབ་ཏུ།། བརྟགས་ཏེ་ཡོ་བྱད་ལོངས་སྤྱོད་ཅིང་།། རྡོ་རྗེ་གླུ་བྲོ་གར་ཐབས་ཀྱིས།། ཞག་ནི་གསུམ་བཅུ་ཕྲག་དྲུག་གམ།། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།། ་ཚེལ་དབང་སྒྱུར་ཟག་མེད་ཐོབ།། དེ་ནས་རྒྱ་ཕྲག་བཅུ་དྲུག་གིས།། སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར།། སྐྱེ་བོ་མཛྲ་བ་ཀུན་ཚོགས་པ།། རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ།། འབྱོར་པའི་ལོངས་སྤྱོད་ཚད་པ་ནི།། བདེ་བའི་ལོདྲ ་སྤྱོད་ཚོགས་སུ་བཤད། ། ལྷ་དང་དམ་ཅན་ཀུན་འདུས་པས།། འདུས་པ་ཆེན་པོའི་ཚོགས་སུ་གསུངས།། ཐམས་ཅད་སྤྱོད་པ་མི་འཛིན་པས།། ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས།། ཚོགས་ཆེན་པོ་རུ་ངེས་པར་བཤད།། ་བར་ཆད་མེད་པའི་ལམ་རྫོགས་པས།། རིག་པའི་སྐྱེས་བུ་ཐུབ་པ་མེད།། ལྷ་མི་ཆ་བྱད་འཛིན་མོད་ཀྱི།། འབྱུང་ཚོ་འཕྲུལ་དབང་སྒྱུར་ཐོབ།། ཞིང་དང་ལོངས་སྤྱོད་དག་པཾ་ཡིས།། གོང་ནས་གོང་དུ་མཉམ་པར་སྦྱོར།། རྡོ་རྗེ་རིག་པ ་འཛིན་གྱི་སྒྲ། ། འདི་ཁམས་ཀུན་ལ་གནས་པར་བྱེད།། གལ་ཏེ་མཚན་མར་ཞན་དབང་གིས།། རྟོགས་པའི་སྐྱབས་ནི་ཆུང་གྱུར་ནི།། བྱང་ཆུབ་ཕྱག་རྒྱ་རྡོ་སྭཱ།། མཚན་དང་དཔེ་བྱད་ལ་སོགས་པ།། ཆགས་ལུགས་མངོན་དུ་འབྱུང ་ན་ཡང་། ། ཞི་བ་དེ་ཉིད་མཐོང་བ་མིན།། གང་དུ་སྦྱར་བའི་ཡུམ་རྣམས་ཀྱང་།། ཐུན་མོང་ལམ་དང་སྐབས་གཉིས་སུ།། ནུས་པའི་ཁྱད་པར་ཆེ་ཆུང་གིས།། ཕྲིན་ལས་བཞི་རུ་བཤད་པ་ནི།། དཀར་མོ་བོང་ཆུང་སྐད་ཆེན་ལ།། བཞིན ་ལུས་གཙུག་པུད་གཡས་སུ་འཁྱིལ། ། ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་།། རླུང་ཁར་ལྕི་བས་ཞི་བ་བྱ།། ཟླ་དང་ཡན་ལག་མང་བ་དང་།། ཕྲ་ཞིང་བཤན་ལ་གཟངས་སུ་རིང་།། བཞིན་ལུས་སེར་ཞིང་གྲུ་བཞིར་གནས།། རྣམ ་འཕྱངས་ཤ་དང་ནུ་མ་རྒྱས། ། འཕེལ་བའི་དུསུ་འདི་དག་བཟུང་།། བཞིན་མདོག་པད་འདྲ་སོགས་ཀ་ལ།། སྨིན་སྒྱུས་རིང་ལ་སྟོད་སྨད་ཕྱེད།། ལུས་དང་ཆུ་རླུང་དྲི་ཞིམ་ཞིང་།། བདེ་བ་ལྡན་ཞིང་ཡན་ལག་མེད།། འདི་ནི་སྡུད་པའི ་མཆོག་དུ་འགྱུར། ། ནག་མོ་གྲུ་གསུམ་རྩིང་མགོ་མ།། ཁྲོ་གཉེར་བྱས་པའི་ལུས་ལྡན་ཞིང་།། གཏུམ་ཞིང་བརླིང་ཚིག་འཛེམ་པ་མེད།། རྩང་མེའི་ཏོག་བྲལ་གསོད་པར་བཤད།། གང་དུ་ནུས་པ་བརྟན་ཐོབ་པ།། དེ་དག་ས ་ནས་སར་སྤྱོད་པ། ། རིག་པའི་སྐྱེས་བུ་དམ་པ་ཉིད།། རྣལ་འབྱོར་རིམ་པའི་ལུང་ལྡན་པ།། མ་སྐྱེས་མཉམ་ལ་དབང་སྒྱུར་ཞིང་།། མ་ལུས་གསེལ་བར་མཐར་ཕྱིན་པའོ།། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། རང་སྣང་རིག་པ་མངོན་བྱས་པ།། ་རིགས་འཛིན་མཆོག་སྟེ་ལྷུན་གྲུབ་པའོ།། ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་།། ས་སྦྱོང་སེམས་དཔའ་སྐྱེད་དུ་མེད།། བདེ་གཤེགས་ཉིད་དང་སྤྱོད་ཡུལ་ཅིག། རིག་པའི་སྐྱེས་བུའི་ལུང་ཐོབ་བོ།། གལ་ཏེ་འབྱུང་བའི་ལུས་འཇིག་ན། ་བདག་ཉིད་སྒོག་སུམ་ལྟ་བ་ཉ་ཞིང་།། འབྱུང་བ་བསགས་པའི་ལུས་ལས་གྲོལ།། ཏིང་འཛིན་ཕྱག་རྒྱ་ཆེན་པོར་སྨིན།། ཁྱུང་ཕྲུག་སྦུབས་དང་བྲལ་བ་ལྟར།། མ་ལུས་ཕྱག་རྒྱ་རྒྱུ་མའི་མཆོག། རྣམ་པར་སྨིན་ཅེས་དེ་ལ་མཆོད།། 6 ་པ་ཟད་པ་རྡོ་རྗེ་ལུས། ། ཕྱིན་ཆད་འགྱུར་འཇིག་ཆོས་དང་བྲལ།། བདེ་བ་ཆེན་པོ་ལུང་ཐོབ་པས།། ཟག་བཅས་བསླབ་པའི་ཆོས་དང་བྲལ། ཞིང་ལ་དབང་སྒྱུར་སྤྲུལ་པའི་ལུས།། ཏིང་འཛིན་ལོངས་སྤྱོད་དཔག་ཏུ་མེད།། བསྒྲུབས་པའི ་ནུས་པ་གང་བརྟན་པ། ། རྡོ་རྗེ་ལུས་གྱུར་འཇིག་པ་མེད།། འཇིག་པ་ལྔ་བྲལ་ཟག་པ་ཟད།། དབང་སྒྱུར་གསུམ་ལ་དབང་ཐོབ་པས།། བདེ་བ་ལོངས་སྤྱོད་དཔག་ཏུ་མེད།། གྲངས་མེད་བསྐལ་པར་དོན་བྱེད་ཅིང་།། མཐོང་བས་དེ་བཞིན ་གཉིས་མེད་རིགས། ། རྒྱལ་འཚ་བ་སྐྱེས་བུ་ས་སྤྱོད་པ།། ཕྱི་ནང་སྣོད་བཅུད་མ་ལུས་པ།། ནམ་མཁའ་ལྟ་བུར་དཔག་མེད་ཅིང་།། མཐའ་དབུས་བསམ་པའི་རྒྱུན་ལས་འདས།། འཇིགས་བྲལ་དབུགས་ཕྱིན་མྱ་ངན་འདས།། རང ་སྣང་དཔག་མེད་ཞལ་མཐོང་བས། ། གཞན་དུ་བལྟ་བའི་ཡུལ་དང་བྲལ།། ཏིང་འཛིན་རིག་པསྒོམས་པའི་མཐུ།། མཚན་མ་སྡུག་པོ་ཡུལ་ལས་འདས།། འཇིག་རྟེན་སྟོང་ཕྲག་དབང་སྒྱུར་ཞིང་།། གཉིས་མེད་ཕྱག་རྒྱ་ཆེན་པོའི་རིགས ་ནམ་མཁའ་མཐའ་ཐུག་མེད་པ་ལྟར། ། བསྒོམས་དང་ནུས་པའི་རྩལ་སྟོབས་ཀྱིས།། བག་ཆགས་མཚན་མའི་ཚད་ཚིང་ལ།། ཏིང་འཛིན་རིག་པའི་མེ་བྱུང་བས།། ཞིང་ཁམས་རྒྱ་བྲལ་དཔག་མེད་དུ།། ཏིང་འཛིན་རིག་པས་གང་སྦྱངས ་བ། ། བསྒོམས་དང་ཏིང་འཛིན་རིག་པ་ཡིས།། རྡོ་རྗེ་འཛིན་པའི་ལུང་ཐོབ་པ།། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན།། དེ་ནས་རིག་པའི་རྩལ་རྫོགས་ཤིང་།། ཡེ་ཤེས་ལྷ་མོ་རོལ་དབང་གིས།། མཐར་བྱིན་རིག་པའི་སྐྱེས་བུ་སྟེ།། ཞིང་ཁཾས ་བྱ་བའི་དབང་ཐོབ་ཅིང་། ། རྡོ་རྗེ་འཛིན་པ་ཉིད་ཀྱི་སྲས།། དབང་དང་ཆོ་འཕྲུལ་ཀུན་ཐོབ་པ།། ནམ་མཁའི་མཐའ་ལྟར་དགོངས་པས་ཁྱབ།། མཉམ་གཞག་རྗེས་ཐོབ་ཁྱད་པར་གྱིས།། རྒྱལ་བའི་ལུང་མནོད་དཀའ་ལ་གནས།། ་ཞིང་ཁམས་དག་པར་ཀུན་སྤྱོད་ཀྱང་།། རྨད་འབྱུང་གསང་བའི་རང་བཞིན་ལ།། སྤྱོད་ཀྱང་ལྟ་བའི་རང་བཞིན་གྱིས།། ཕྱོགས་བྲལ་ནམ་མཁའ་མི་མཐོང་བས།། དབང་དང་དགོངས་པས་མཐར་ཕྱིན་འགྱུར།། དབང་དང་དམ་ཚིག་བརྟུལ ་ཞུགས་ཏེ། ། དང་པོར་སླབ་པ་མཐར་ཕྱིན་ཅིང་།། ཐིག་ལེ་རྫོགས་པར་འདོད་པ་ཡིས།། གསང་བ་ནད་གྱི་དོན་ལ་སྦྱར།། ཐུན་མོང་བྱ་བ་མཐར་ཕྱིན་ནས།། ལུས་དང་སྤྱོད་ཡུལ་བཅས་པ་དང་།། ལྷ་ཡི་རྣལ་འབྱོར་མ་ལུས་པ། ་བདེ་ཆེན་ཐིག་ལེ་ཉིད་དུ་བལྟ།། ལྷ་དང་བདེ་བར་མཉམ་སྦྱོར་བས།། ཐིག་ལེ་བདེ་བར་སྣང་བ་ནུབ།། སྐུ་བཞི་དཀྱིལ་འཁོར་ཁམས་ཐིག་ལེ།། དངས་མ་ལྔ་རུ་མཉམ་སྦྱོར་བ།། ངོ་བོ་དང་ནི་རྐྱེན་དག་གིས།། ཐབས་ཀྱི་རིམ་པ་སྐུལ ་ལས་ཤེས། ། བདེ་བའི་ཐིག་ལེ་ཉམས་མྱོང་བ།། མི་རྟོག་བདེ་བ་ཆ་ཤས་མེད།། མི་ཤིགས་ཐིག་ལེ་ཀུན་གྱིས་བདག། སྟོང་ཉིད་འབྲེལ་པའི་རི་མོ་ཅན།། ཐ་མལ་བྱ་བ་ཀུན་བྲལ་བ།། སྤྱོད་པ་ཉིད་དུ་བསྟན་པ་ཡིན།། ཐིག་ལེ་བཞུ ་པའི་རང་བཞིན་གྱིས། ། འཛག་འབར་ཐིམ་གང་བདེ་བ་ནི།། ས་ཡང་བཅུ་གསུམ་བདེ་བས་བརྒྱན།། ལུས་ཀུན་ཁྱབ་པའི་ཐིག་ལེ་ཤུམ།། ཏིལ་འབྲུ་བཅུད་ཀྱིས་ཁྱབ་པ་ལྟར།། མ་ལུས་ཁྱབ་པའི་རོས་གང་བ།། མ་ལུས་འོད་དང ་སྙིང་པོ་ལྟར། ། སྣང་སྲིད་ཐིག་ལེ་ཆེན་པོ་ཉིད།། བདེ་བ་ཆེན་པོས་ཁྱབ་པར་གསལ།། མ་ལུས་འདུས་པའི་ཐིག་ལེ་ནི།། ཁམས་ལྔ་འདྲེས་པའི་སྙིང་པོ་སྟེ།། མི་ཤིགས་ཐིག་ལེ་བདེ་བའི་བཅུད།། མ་ལུས་བདེ་བའི་རྒྱས་བརྟབ་པྲ། ་ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ།། དུས་གསུམ་རྒྱལ་བའི་དགོངས་པ་སྟེ།། ཐིག་ལེ་ཅིག་གིས་ཀུན་ཁྱབ་པས།། བདེ་ཆེན་སྙིང་རྗེས་ཅིག་ཏུ་འཁྱིལ།། དེ་ཉིད་བདེ་ཆེན་ཕྱག་རྒྱ་སྟེ།། ནང་གི་ཕྱག་རྒྱ་གཅིག་པར་བཤད། ་དེ་ཉིད་ངེས་པར་ལས་རུང་བས།། ཐིག་ལེ་བདེ་ཆེན་དང་བཅས་པའི།། བྱེ་ཕྲག་བརྒྱད་བཅུ་མ་ལུས་པར།། སོ་སོའི་ཐིག་ལེར་སྐུ་འཕྲོས་ཤིང་།། ཁམས་ལྔ་ཡེ་ཤེས་རོ་དང་བཅས།། ས་བོན་ཐིག་ལེ་བདེ་བས་བརྒྱན།། མེ་ཏོག ་ཐིག་ལེ་ཐུགས་མཆོག་སྒྲ། ། རང་ལུས་སྨིན་ནས་སྣང་བར་སྤྲོ།། གང་ནས་གང་ལ་སྤྲོས་གྱུར་པ།། དེ་སྲིད་ཐིག་ལེའི་ཕྱག་རྒྱ་སྟེ།། བདེ་བའི་ཐིག་ལེས་གྲངས་ལས་འདས།། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས།། མི་ཕྱེད་རོ་ཡིས་གང་ཁྱབ ་པས། ། གྲངས་འདས་བདེ་ཆེན་ཚོ་ག་རྫོགས་ནས་མ་ལུས་བདེ་བའི་ཕྱག་རྒྱར་སྣང་།། གང་དེ་དེ་ཡིས་རྒྱས་བཏབ་པས།། དེ་ཉིད་བདེ་ཆེན་ཐིག་ལེར་སྨིན།། རྣམ་པར་ཕྱི་ནང་སྙིགས་མར་བཅས།། བདེ་ཆེན་ཐིག་ལེའི་ངོ་བོར་སྨིན།། སྙི ་མ་འབྱུང་བའི་ལུས་ལས་འདས། ། སྙིང་པོར་བར་ཆད་མེད་པའི་ལུས།། ཐིག་ལེས་ཐ་མའི་སྣོད་གང་པས།། མ་ལུས་བདེ་བ་ཆེན་པོར་སྨིན།། དེ་ནས་ཐབས་དང་ཏིང་འཛིན་དང་།། རླུང་གི་འདྲེས་པའི་སྟོབས་ལྡན་པ།། རིན་ཆེན་ལུང ་གི་ཐིག་ལེར་ཞུགས། ། སྐད་ཅིག་སྔོན་ཤེས་ལྔར་སྨིན་ཅིང་།། འགྲོ་བ་རིས་དང་ཐར་པར་འགྱུར།། མི་ཤིགས་ཨ་ལ་ཐིག་ལེ་ཐིམ།། འབྱུང་འཇུག་མེད་པའི་རླུང་འཐོབ་ཅིང་།། ། འགྱུར་འཇིག ་སལ་གནས། བལ་བཙྪ་མ་པའི་བད་པ་ཉྀད། སང་བཟིགས་ཉིད་།། ག་མེ་ཐུང་དུ་མ་དུ་རྩིས། ས་མེ་པཆགས་ཐལ།། དོ་ན་པགས་དང་བྱུང་ག། ཅན་ད་ཐ་བའི་དེ་ན་། མ་ང ་ཚ་བ་འམ། ། རྒྱ་མཚོ་དང་ནི་རླན་བཞིན་ནོ།། རླུང་དང་ཐིག་ལེ་རིག་པ་དང་།། ཚེ་དང་ལོངས་སྤྱོད་བྱུང་བ་དང་།། འདོད་ལྔ་ཀུན་ལ་དབང་སྒྱུར་ཐེབ།། བདེ་བའི་ཕྱག་རྒྱ་ཆེན་པོ་ནི།། མ་ལུས་ཟག་མེད་ཐིག་ལེ་སྟེ།། རྒྱ་བྲལ་རིག་པའི་ཐིག་ལེ་ཉིད།། ་སྙིགས་མའི་ཟག་པ་རླུང་ཟད་པས།། ཏིང་འཛིན་བདེ་ཆེན་ཐིག་ལེར་གསལ།། རིག་པ་བདེ་ཆེན་རོར་གསལ་བས།། ཅི་མཐོང་བདེ་ཆེན་ཕྱག་རྒྱ་ཉིད།། འདུས་པས་སྒྱུར་བའི་སྤྱོད་ཡུལ་ལམ།། མུན་འགྱུར་དུག་རྩི་ཇི་བཞིན་དུ།། རྒྱ་དང་བྲལ ་བའི་ཞིང་ཁམས་དག། བདེ་ཆེན་ཕྱག་རྒྱ་ཆེན་པོར་འགྱུར།། གང་དག་སྒོམས་པའི་སྐྱེས་བུ་ནི།། ཐ་མལ་པ་དང་བརྐམ་ཆགས་པ།། རྣམ་པའི་སྤྲོས་པ་མ་ལུས་པ།། བསྒོམས་དང་ཆེད་དུ་མ་བྱས་པར།། བདེ་ཆེན་ཐིག་ལེར་ལྷན ་གྱིས་གྲུབ། ། དཔེར་ན་ཆུ་དང་རླབས་བཞིན་ནས།། རྒྱ་མཚོར་ཕྱིན་པའི་འདུ་ཤེས་ལྟར།། གོམས་པས་བདེ་ཆེན་གསལ་མཐར་ཕྱིན།། རྐྱེན་དང་གནོད་པ་མ་ལུས་པ།། རེག་དང་མཐོང་ཐོས་དྲན་པས་ཀྱང་།། བདེ་ཆེན་ཐིག་ལེ་ཉས ་སུ་འབར། ། བསྐལ་པ་དུ་མར་གནས་གྱུར་ཅིང་།། འབྱུང་བ་ལྔ་དང་སྤྱོད་ཡུལ་ཀུན།། རང་ལུས་བདེ་བར་བསྲེ་བ་འགྲུབ།། གསང་བའི་ལམ་ལ་གོམས་བྱེད་ན།། མཚོན་བྱེད་རིགས་པའི་བདེ་བ་ཡིས།། ལྷ་ཅིག་སྐྱེས་པའི་དགའ ་བརྟོགས། ། མཐར་ཕྱིན་ལམ་གྱི་རིམ་པ་འགྲུབ།། དབང་པོ་དར་ཞིང་ཆགས་པ་དང་།། བདེ་ཆེན་མོས་པའི་རྣལ་འབྱོར་པས།། ཨེ་དང་བཾ་ལ་གནས་པ་ཡིན།། བྱང་ཆུབ་རྡོ་རྗེ་དྲིལ་ལས་འབྱུང་།། དངོས་པོ་ལྷན་ཅིག་སྐྱེས་པ་ཡིས།། མ ་ལུས་བདེ་བར་རྟོགས་བྱས་ལ། ། ཕྱི་ནང་སྦྱོར་བའི་ཆོ་ག་ཡིས།། གང་ཞིག་རྟགས་དང་ལྡན་པའི་ཚེ།། གསང་བའི་ཕྱག་རྒྱ་བཞི་ལྡན་པས།། བདེ་ཆེན་མཆོག་ལ་རོལ་པར་བྱ།། ཡེ་ཤེས་ཉིད་ཟླ་རོ་དང་མཉམ་ལེན་པས།། རེ་དོགས ་ཆད་པའི་ཐིག་ལེ་འབྱུང་། ། ལྷུང་མེད་གནས་དང་ཐིམ་པ་དང་།། བདག་པོ་གདུང་ཅན་ཕྲད་པ་ལས།། ཉིན་མཚན་བྲལ་བའི་སྣང་བ་ལྟར།། དུས་ཅིག་ཉི་ཟླ་ཤར་བའི་ཚེ།། མ་ལུས་བདེ་བས་ཁྱབ་གྱུར་ན།། གཡོ་བ་མེད་པའི་ཚིགལ་འཆར། ་གལ་ཏེ་ཉམས་པའི་ལྟས་བྱུང་ནས།། ཐབས་དང་ཉམས་དང་རོ་པ་ཡིས།། རིམ་པ་བཞིན་དུ་བསླབ་པར་བྱ།། ཐ་བས་དང་ཤེས་རབ་གཉིས་མེད་པའི།། ཉི་ཟླ་འདྲེས་པའི་ཐིག་ལེ་ཉིད།། དངོས་བྲལ་ལྷན་ཅིག་སྐྱེས་པ་ཉིད།། རྒྱལ་བ་ཀུན ་གྱི་ཕྱག་རྒྱ་ཡིན། ། ལྷན་ཅིག་སྐྱེས་ལ་གནས་པའི་ཚེ།། མ་ལུས་བདེ་ཆེན་རོ་གཅིག་པས།། བདེ་ཆེན་ཕྱག་རྒྱ་ཅིག་ཏུ་གནས།། རྡོ་རྗེ་པད་མའི་ཐིག་ལེ་ཉིད།། ས་ཡ་བཅུ་གསུམ་ཕྲག་གཉིས་རྩ།། ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས།། ་སོ་སོ་བདེ་བའི་ཕོ་བྲང་དུ་ཐིག་ལེས་གང་བར་སྤྲོས་པའི་ཚེ།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། ཉམས་མྱོང་རོ་ཡིས་རྒྱས་བཏབ་པོ།། ལུས་ཀྱི་བདེ་བ་མཐར་ཕྱིན་ནས།། རྒྱུ་རྐྱེན་རྟེན་འབྲེལ་ལས་འདས་པའི།། རིག་པའི་བདེ་བ ་ལ་གནས་བྱ། ། གལ་ཏེ་ཉམས་ན་བསམ་པ་འམ།། བལྟ་དང་མཉན་པ་ལ་སོགས་པས།། བར་ཆད་མེད་པར་བསྒོམ་པར་བྱ།། རིག་པ་བདེ་བར་གང་སྨིན་པས།། སྒོ་གསུམ་བདེ་བ་ཆེན་པོར་སྨིན།། སྤྱོད་ཡུལ་རླུང་དང་ཐིག་ལེར་བཅས།། ་གོམས་པའི་ཐབས་ལ་དབང་སྒྱུར་བས།། རྟེན་དང་བརྟེན་པར་བཅས་པ་ཡིས།། ཐིག་ལེ་རླུང་ལ་དབང་སྒྱུར་ཞིང་།། ལྷ་མོ་མི་མོ་གནོད་སྦྱིན་མོ།། མཁའ་འགྲོ་རྣམས་ལ་དབང་བྱེད་ནུས།། ཐིག་ལེ་དབབ་དང་འཛིན་པ་དང་།། ཟློག ་དང་སྦྱོར་ལ་དབང་སྒྱུར་ཏེ། ། གལ་ཏེ་མཁའ་ལ་འཕྲོས་པའི་ཚེ།། དངོས་གྲུབ་ལམ་དང་བྲལ་བ་ཡིན།། ཕྱིན་ཆད་མཆོད་དང་ནུས་པ་སྦྱིན།། རང་གི་སྐབས་ནི་མ་རྟོགས་པ།། གཞན་དུ་ཐིག་ལེ་མི་ལྟུང་ཞིང་།། དབང་སྒྱུར་ལམ་ལ་གོམས ་པར་བྱ། ། ཉི་ཟླ་འདྲེས་པའི་བདེ་བ་ཉིད།། ཟག་མེད་སྙིང་པོར་ཐིམ་པའི་ཚེ།། སེམས་ཀྱི་བདེ་བར་རང་སྣང་ཞིང་།། སེམས་ཀྱི་བདེ་བ་བར་ཆད་མེད།། གསལ་བྱེད་སྟོབས་དང་བྲལ་བའི་ཚེ།། མ་ལུས་བདེ་ཆེན་ཕྱག་རྒྱ་སྟེ།། ལུས་སེམས་མཧེ ་དུ་གནས་པ་ཉིད། ། ཚད་དང་རྒྱ་དབྱིངས་རོ་ལངས་འདས།། དཔག་མེད་བདེ་བའི་རོལ་མོ་ནི།། སངས་རྒྱས་ཀུན་གྱི་དགྱེས་ཆེན་ཏེ།། ཐིག་ལེ་ས་བོན་ཟབ་པ་བྲལ།། བདེ་ཆེན་ཉམས་མྱོང་རྒྱུན་མི་ཆད།། རང་ཉིད་ཐིག་ལེར་ཉམས་མྱོང་བས།། ་སྙིང་པོའི་ཐིག་ལེ་བྲལ་བ་མེད།། ཕྲ་ཞིང་རྡུལ་བྲལ་དྲི་མ་མེད།། རྡོ་རྗེ་ཐིག་ལ་དྲིལ་བུ་ཉིད།། འབད་རྩོལ་མེད་པར་རང་སྣང་བ།། བྲལ་ཐོབ་མེད་པའི་ངོ་བོར་གནས།། གང་དུ་ཡོན་ཏན་ཚོགས་ཀྱིས་རབ་རྒྱས་པ།། བདེ་ཆེན་ཆུ ་རྒྱུན་ལྟ་བུའི་རྒྱུན་ལས་བྱུང་། ། ཚོགས་གཉིས་ཡོངས་རྫོགས་བདག་གཞན་ལྷུན་གྱིས་གྲུབ།། གཞན་ན་མེད་དེ་རང་ཉིད་སྣང་བར་ཟད།། རང་བཞིན་གནས་ཕྱིར་གཞན་ནས་འོང་བ་མེད།། ཞེན་པ་བཟློག་པས་བདག ་ཞལ་བདག་གིས་མཐོང་། ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས་ལམ་གྱི་ཁྱད་པར་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། མ་ལུས ་ཀུན་གྱི་བསྒྲུབ་བྱ་ཉིད། ། ཕྱོགས་བཅུ་མ་ལུས་རྡུལ་སྙེད་ཀྱི།། ཆེ་བའི་ཡོན་ཏན་བཤད་པར་བྱ།། མཐར་བྱིན་ལྔ་ཡི་རང་བཞིན་ནི།། རྟོགས་དང་འབྲས་བུར་གནས་མོད་ཀྱི།། མཐོང་དང་གོམས་དང་གྲུབ་པ་ཉིད།། ཐུན་མོང་འབྲས ་བུར་ཡང་དག་བཤད། ། ཡང་དག་ཐར་ཕྱིན་འབྲས་བུ་རིན།། ཐབས་ཆེན་ཐབས་ལས་བྱུང་བ་ཡི།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། དཔག་མེད་ཡོན་ཏན་ལྷུན་རྫོགས་པ།། ཚད་དང་དམིགས་པ་ལས་འདས་པ།། བསམ་གཡས་ལྷུན་གྱིས ་གྲུབ་པ་སྟེ། ། ནམ་མཁའ་མཐའ་ལྟར་དཔག་མེད་པ།། ཐམས་ཅད་མཁྱེན་པ་ཡེ་ཤེས་ནི།། མ་ལུས་མཆོག་གི་གཏེར་གྱུར་པ།། ཟད་འཕེལ་མེད་པའི་ནོར་བུ་སྟེ།། མ་ལུས་ཀུན་ལ་མཉམ་དུ་གནས།། སངས་རྒྱས་ཀུན་གྱི་རང་བཞིན་ནི།། ་རྒྱ་དབྱིངས་ཚད་ལས་འདས་པ་ཡི།། དག་དང་མ་དག་ཅི་སྣང་ཡང་།། བླང་དོར་ཕྱོགས་རིས་ཡོངས་ཀྱི་མེད།། རང་འབྱུང་འོད་གསལ་མཎ་ཌ་ལ་དང་།། མ་ལུས་ཅིག་གི་རང་བཞིན་ཏེ།། ཐུགས་རྗེས་བྱིན་རླབས་ཚད་མེད་པས།། མ་ལུས ་བསམ་པ་སྐོང་བར་མཛད། ། ར་འབྱུང་ཡེ་ཤེས་ལྷུན་གྲུབ་ནི།། ཆོས་རྣམས་ཀུན་གྱི་ངོ་བོ་པས།། མ་ལུས་ཕྱོགས་མེད་རང་སྣང་ཡང་།། ཞེན་དང་ཆེད་དུ་བྱས་པ་མེད།། ས་དང་ལམ་ལ་སོགས་པ་ཡི།། ཐེག་པ་ཀུན་གྱི་འབྲས་བུ་ནི།། རང ་རང་ལྟོས་པའི་མཐར་ཐུག་ཀྱང་། ། ཆེ་མཆོག་ལྷུན་གྲུབ་མཉམ་དང་བྲལ།། སྐད་ཅིག་ཉིད་ལ་ལྷུན་རྫོགས་པའི།། སངས་རྒྱས་དཔག་མེད་ཡོན་ཏན་རྣམས།། རིགས་བདག་རྡོ་རྗེ་འཆང་ཆེན་གྱིས།། ཡེ་ཤེས་ལྷ་མོ་རོལ་དབང་གིས།། ཉི་ཟླའི ་བདེ་བའི་མངོན་ཐོབ་སྟེ། ། རྡོ་རྗེ་འཆང་གིས་ས་ལ་བཀོད།། དཔག་མེད་རྒྱལ་བ་ཐམས་ཅད་ཀྱི།། འགྲོ་བའི་གདུལ་བྱ་མཐའ་ཡས་པས།། སྐུ་གསུང་ཐགས་ཀྱང་དེ་བཞིན་ཏེ།། བཞུགས་ཚུལ་དཔག་མེད་རྣམ་པར་སྣང་།། ཆེ་བའི་ཡོན་ཏན ་ལྷུན་རྫོགས་པའི། ། སངས་རྒྱས་དྲུག་པའི་རང་བཞིན་ཏེ།། ནམ་མཁའ་མཐས་གཏུགས་མཚན་མ་ཡི།། བདེ་ཆེན་ཡེ་ཤེས་རྒྱས་པར་གནས།། བཅུ་དྲུག་ཞག་གིས་རྫོགས་པ་ལྟར།། མ་ལུས་རྫོགས་པའི་ཡེ་ཤེས་ཉིད།། ་ས་མཐའི་ཉེས་པ་ཀུན་བྲལ་བ།། ཀུན་གྱི་ཡོན་ཏན་བདག་ཉིད་གནས།། སངས་རྒྱས་ཞིང་ཁམས་མཐའ་ཡས་པའི།། ནམ་མཁའི་མཐའ་ཐུག་བར་དུ་ནི།། གདུལ་བྱའི་གདུལ་སྙེད་གནས་ཀྱི་བར།། སྐད་ཅིག་འདྲ་བྲལ་མེད་པར་གནས།། ཅུད ་འདུས་ཐིག་ལེ་ཆེན་པོ་ནི། ། བདེ་བའི་ཟག་མེད་ཐིག་ལེ་སྟེ།། ཨ་དང་བདེ་བར་འབྲེལ་བ་ཡི།། མ་ལུས་ཁྱབ་པའི་ཚུལ་དུ་བཞུགས།། ཐིག་ལེའི་བྱེ་བྲག་བརྒྱ་བཅུའི་རྩ།། བཅུད་འདུས་གསང་བའི་ཐིག་ལེའི་རོ།། མ་སྐྱེས་མཉམ་ལ་གནས ་འགྱུར་ཞིང་། ། མ་ལུས་གང་བའི་ཚུལ་གྱིས་ནི།། ཞིང་ཁམས་ཕྱོགས་བཅུ་མཐའ་ཡས་པ།། ཟག་མེད་ཐིག་ལེར་རོ་ཅག་པས།། ནམ་མཁའི་གཟུགས་ཅན་དེ་བཞིན་ཉིད།། སྐུ་བཞི་འདུས་པའི་ཁམས་ཐིག་ལེ།། དངས་མ་ལྔ་འདུས་སྙིང ་པོ་ཅན། ། གསུམ་འདུས་མི་འགྱུར་སྙིང་པོ་སྟེ།། བདེས་གང་བཞི་བཅུ་རྩ་གཉིས་པོ།། ཐིག་ལེ་རོ་ཡིས་གང་བྱེ་བ།། དཔག་མེད་སྐུ་གསུང་ཡོན་ཏན་ཐུགས།། བསམ་གྱིས་མི་ཁྱབ་རང་སྣང་བ།། ཐིག་ལེ་ཕྱག་རྒྱ་བསམ་མི་ཁྱབ།། ཕྱིན། ་དངས་སྙིགས་མ་ལུས་པ།། རང་འབྱུང་དངས་མའི་ཐིག་ལེ་ཉིད།། གཞན་མེད་ཕྱོགས་མེད་རང་སྣང་བ།། ཕྱོགས་མེད་བདེ་བ་ཆེན་པོ་ཉིད།། གསང་བའི་ཐིག་ལེ་ཆེན་པོ་ནི།། ཡོན་ཏན་རྫོགས་པའི་ངོ་བོ་སྟེ།། བདེ་བ་ཆེན་པོའི་སྙིང་པོ་ལས།། ་དཔག་མེད་ཡོན་ཏན་དམ་པར་འཕྲུལ།། བདེ་བ་ཆེན་པོའི་ཐིག་ལེ་ནི།། འདྲ་འཕྲོ་བྲེལ་བས་ཟག་པ་མེད།། ཕྱོགས་རིས་འདས་པས་མ་ཁྱབ་མེད།། ཐོག་མཐའ་མེད་པར་མཉམ་པ་ཡིན།། རྒྱལ་བ་ཀུན་གྱི་རང་བཞིན་ཏེ།། ཐིག་ལེ་རོ། ་ལ་མཉམ་བཞུགས་པས།། ནམ་མཁའི་མཐས་གཏུགས་ཆོས་ཐམས་ཅད།། བདེ་བ་ཆེན་པོར་གསལ་བར་མྱོང་།། མཚན་དང་དཔེ་བྱད་ཆད་འདས་པ།། རང་ལ་རྫོགས་པའི་ཐིག་ལེ་ཉིད།། ཇི་སྙེད་བདེ་བའི་རོལ་པ་ཀུན།། རང ་ལ་རྫོགས་པ་ཉིད་དུ་གནས། ། སངས་རྒྱས་ཀུན་གྱི་བདེ་བ་ནི།། རང་འབྱུང་ཐིག་ལེ་ཆེན་པོ་སྟེ།། ཨཱ་ལི་ཀ་ལི་ཞུ་བ་ལས།། ནམ་མཁའ་ཁྱབ་པའི་བདེ་བ་འབྱུང་།། གསང་བའི་ཐིག་ལེ་ཀུན་ཀྱིནྡ།། ནམ་མཁའི་ཐིག་ལེ་གསང་བའི་ངང་།། ་ཁྱབ་པ་ཆེན་པོ་ཕྱོགས་ཆ་མེད།། ལུས་གནས་རང་བཞིན་མ་སྐྱེས་པ།། བདེ་བའི་དབང་ཕྱུག་སྐུ་གསུང་ཐུགས།། ནམ་མཁའ་ལྟ་བུར་དཔག་ཏུ་མེད།། ཐབས་དང་ཤེས་རབ་དབྱེར་མེད་པའི།། གསང་བའི་ཐིག་ལེ་བཞུགས་སྡེ ་གནས། ། དཔག་མེད་ཏིལ་འབྲུ་རྡུལ་སྙེད་ཀྱི།། རྒྱལ་བ་ཀུན་དང་ལྷན་ཅིག་ཏུ།། མ་ལུས་བདེ་བ་ཆེན་པོའི་རོ།། ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས།། མ་གསུངས་རིག་པས་ཉམས་གཏང་བས།། མི་འཛིན་ལོངས་སྤྱོད་ཆེན་པོའི ་གནས། ། རང་འབྱུང་ཉི་ཟླ་རྟེན་གྱི་རོ།། མ་སྤངས་འདུས་པས་འདུ་བྲལ་མེད།། གང་བའི་ཐིག་ལེ་བཅུད་འདུས་པ།། ནམ་མཁའ་གང་བ་བདེ་བའི་རོ།། གཉིས་མེད་འཁྲིལ་བའི་སྟོབས་ལས་བྱུང་།། མཁའ་དབྱིངས་བྱང་ཆུབ་འབྱོར། ་པའི་སེམས།། མ་གཏད་མ་སྤྲོས་ཐིག་ལེ་ཆེ།། ནམ་མཁའི་རྒྱས་པའི་མཐའ་བཞིན་དུ།། བདེ་བའི་ཚད་ཀྱང་དཔག་ཏུ་མེད།། ཡབ་ཡུམ་གནས་པའི་གྲངས་ཚད་ཀྱང་།། ནམ་མཁའི་ཁམས་ཀྱི་རྡུལ་སྙེད་དེ།། རེ་རེའང་བདེ་བའི ་དཀྱིལ་འཁོར་ནི། ། རྡུལ་སྙེད་ནམ་མཁའི་མཐའ་དང་མཉམ།། ཡབ་ཡུམ་གཉིས་མེད་འབྲེལ་བ་ཡི།། ཐབས་དང་ཤེས་རབ་བཅུད་འདུས་པ།། གང་ཡང་མི་སྒྲིབ་ཐིག་ལེའི་རོ།། སྣང་གསུམ་མཚན་མ་ལས་འདས་པ།། སངས་རྒྱས ་རིན་ཆེན་ཀུན་གྱི་བཅུད། ། བྱེ་བ་རྡུལ་སྙེད་གྲངས་འདས་པའི།། མ་ལུས་ཀུན་དང་ལྷན་ཅིག་ཏུ།། མོ་ས་དང་ཆགས་པའི་ཁྱད་པར་གྱིས།། ཆ་ལུགས་མཐའ་ཡས་སྣང་བ་ནི།། ལ་ལར་ཆགས་པར་ལྟ་བའི་ཚུལ།། དེ་བཞིན་འཇམ་པར།། ་སྨྲ་བ་དང་།། ལ་ལར་འཁྱུད་ཅིང་ལྟ་བ་སྟེ།། ལ་ལར་སེན་ཐབས་ཞལ་སྐོར་ཞིང་།། ལ་ལར་མཉེ་དང་སྡེབས་དང་འབུད།། འགྱེད་དང་འདུད་དང་འགྱིང་བ་ཡི།། དཀར་འཛིན་སྟོན་དང་ལྟེ་བ་སྟོན།། འོ་དང་ཚིར་དང་རྒོད་པ་དག། སྣ་ཚོག ་རོལ་པ་འདི་དག་གིས། ། མ་ཆགས་པ་དག་ཆགས་བྱེད་ཅིང་།། ཆགས་བྱེད་མྱུར་དུ་ཉམས་པར་བྱེད།། ཐ་སྐམ་མྱུར་དུ་ཟེངས་བྱེད་ཅིང་།། བདེ་ཆེན་ལོ་ཏོག་སྐྱེད་པར་བྱེད།། བྱེ་བ་རྡུལ་སྙེད་བཅས་པ་ཡི།། ལྷ་དང་ལྷ་མོ་འཁོར་བཅས ་པས། ། སྟེག་ཅིང་འཛུམ་པས་ལྷན་ཅིག་ཏུ།། རོལ་ཅིང་ཀླུ་ནི་ལེན་པར་བྱེད།། ཨེ་མའོ་སངས་རྒྱས་ཀུན་གྱི་རང་བཞིན་བདེ་བ་ཆེ།། ལྷན་ཅིག་སྐྱེས་པ་མཁའ་ལྟར་རྡུལ་དང་བྲལ་བ་སྟེ།། རྡོ་རྗེ་པད་མ་མ་བཅུད་བསྐྱོད་པས་ནི། བརྟགས་པའི་སྣང ་བནུབ། ། མ་ལུས་ཁྱབ་པས་མཁའ་ལྟར་དགའ་བར་བྱས་ཀྱང་དབང་པོ་རླུང་གི་བརླབས།། བདེ་བའི་ས་བོན་ཟག་པ་རྣམས་ནི་སླར་ཡང་ལྡང་བར་བྱེད།། ཆུ་བ་རྣམ་པར་ཆད་པའི་ཁ་སྦྱོར་བདེ་ཆེན་ནི།། ནམ་མཁའི་རྒྱ་མཉམ་ཡུན་ཡང་དེ་སྲིད ་བར་དུ་གནས་པ་སྟེ། ། འདོད་པའི་ཡོན་ཏན་ལྔ་ནི་ལྷ་མོ་ཁྱོད་ལ་ཚང་བ་སྟེ། བདག་ནི་ཁྱོད་ལ་སྟེན་ཅིང་དགའ་བས་མིག་བཏེག་མ་ལུས་རྒྱལ་བའི་ཞིང་དུ་ལྟ།། གང་ཚེ་འགྲོ་བ་ཐ་མལ་བ་དེར་སྤྱོད་ཡུལ་ལ་ཆགས་པར་ཞུགས་པ་ན།། དགའ་དང་བདེ་དང་རྩེ་ཅིག་ཡིད་འོང་འདོད་པར་རབ ་བཞུགས་པས། ། དབང་པོ་གཉིས་རོ་ལ་ཉི་ཟླ་ཕྲད་ཅིང་བདེ་ཆེན་མཆོག་སྐྱེས་ཆེ།། སྐྱེ་རྒ་ན་འཆི་རོ་དོགས་ངོ་ཚ་མཚགྲགས་པའི་ཆོས་བརྒྱད་ཆོད་ཀྱང་བྱིས་པས་མི་ཤེས་སོ།། གང་ཞིག་ཐབས་དང་ཤེས་རབ་བྲལ་བས་གསད་པའི་དོན ་འཇུག་པ། ། རྒྱ་མཚོ་ལ་ནི་ས་བོན་བཏབ་བཞིན་འདོད་པའི་འབྲས་བུ་མི་འབྱུང་སྟེ།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ཐ་སྐབས་ཏེ།། རྒྱལ་བ་ཉིད་ཀྱང་ཐབས་དང་ཤེས་རབ་བྲལ་བས་བྱང་ཆུབ་མྱུ་གུ་གཏན་ནས་སྐམས་ཏོ།། འདི ་ནི་གླུ་རུ་བླངས་པ་ཡིས། ། རྡུལ་སྙེད་བཅས་པའི་འཁོར་ཚོགས་རྣམས།། རང་རང་རྒྱན་དང་གོས་དོར་ཏེ།། དཔའ་བོ་སྒེག་མོའི་ཚུལ་འཛིན་ཅིང་།། དཀྱིལ་འཁོར་ཕྱོགས་བཅུའི་རྡུལ་སྙེད་དུ།། གླུ་དང་གར་ནི་སྣ་ཚོགས་ཀྱིས།། ཐ་མལ་ཡིད་རྟོག་བཅ ་ནས་ནི། ། བདེ་ཆེན་ཡིད་ནི་འཕྲོག་པར་མཛད།། དེ་བཞིན་དཀྱིལ་འཁོར་བསམ་ཡས་དང་།། ཞིང་ཐབས་བདེ་བ་རྨད་འཐུང་བ།། འདུལ་བའི་ཐབས་ནི་སྣ་ཚོགས་པ།། དཔག་མེད་མཐའ་ཡས་ཅིར་སྣང་ཡང་།། རང་བྱུང་ཡེ་ཤེས་བྱང་ཆུབ ་སེམས། ཐིག་ལེ་ཅིག་གི་ངོ་བོ་ལས།། མཛད་པའི་གར་ཐབས་སྣ་ཚོགས་ཀྱིས།། འདུལ་བའི་དབང་དུ་ཅི་ཡང་སྤྲོ།། ཐབས་ལ་ཐབས་ཀྱིས་དབང་རྒྱུར་བས།། ཐབས་ཆེན་ཐབས་ལས་བྱུང་བའི།། ངོ་མཚར་ཡ་མཚན་སྤྲང་པོ་ཆེ།། སངས ་རྒྱས་ཀུན་གྱི་རང་བཞིན་ཏེ། ། ཐབས་ཆེན་སྒྱུ་མ་སྨད་དུ་བྱུང།། སྒྱུ་མ་སྐྱེ་འགག་མེད་པའི་དབྱིངས།། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས།། མ་ལུས་ཀུན་འདུས་རྣམ་པར་དག། ཐམས་ཅད་རང་རིག་བྱང་ཆུབ་སེམས།། ཀུན་ནས་འཁྱིལ ་བའི་དཀྱིལ་འཁོར་ཏེ། ། ཀུན་གྱི་རང་བཞིན་འབྱུང་གནས་ཉིད།། བྱ་བ་བྱེད་ལ་བྱས་པ་མེད།། ཟད་དང་འཕེལ་བ་མེད་པ་ཡི།། དངོས་གྲུབ་གཏེར་ཆེན་བསམ་མི་ཁྱབ།། ཡེ་ཤེས་ཐིག་ལེ་རང་སྣང་བ།། བསམ་གྱིས་མི་ཁྱབ་མཐའ་ཡས ་མཆོག། མཐའ་དབུས་མེད་པའི་ཡེ་ཤེས་ནི།། གཅིག་ཅེས་འདི་ཞེས་བརྗོད་དུ་མེད།། ནམ་མཁའ་དང་འབྱུང་རྟག་པ་ལྟར།། འཕོ་འགྱུར་མེད་པས་དེ་བཞིན་ནོ།། ནམ་མཁའ་མཐའ་དབུས་མེད་པ་བཞིན།། རང་འབྱུང་ཡེ་ཤེས་ཐོག་མཐའ་མེད། ་མ་བྱུང་མ་སྐྱེས་བྱང་ཆུབ་སེམས།། ཡེ་ཤེས་ཉི་མའི་འོད་ལྟར་གསལ།། སངས་རྒྱས་སེམས་ཅན་གྲོལ་ཐར་ཀུན།། མ་ལུས་རང་རིག་འོད་གསལ་བས།། རང་འབྱུང་ཡེ་ཤེས་རང་སྣང་ཕྱིར།། མཁྱེན་དང་བསྒྲིབ་པ་ཆུང་ཟད་མེད།། མཁྱེན་པའི ་ཡེ་ཤེས་ཉག་ཅག་ལ། ། རང་གི་ཆ་ཤས་ཆོས་བྲལ་བས།། ནམ་མཁའི་མཐའ་ཐུག་ཆོས་རྣམས་ཀུན།། སྐད་ཅིག་མ་འདྲེས་ཚུལ་དུ་མཁྱེན།། རང་རིག་བྱང་ཆུབ་སེམས་ཉིད་ལས།། མཐོན་མན་གླང་དོར་མ་དམིགས་པས།། འཁོར་བའི་ངོ ་བོར་རང་སྣང་ཡང་། ། མ་ཆགས་ཀྱོན་མེད་པད་མ་འདྲ།། དཔག་མེད་ཡོན་ཏན་ངོ་བོ་རྣམས།། རང་འབྱུང་རག་པ་རང་སྣང་བས།། མ་ལུས་ངོ་མཚར་རྒྱ་མཚོ་རྣམས།། རང་སྣང་གཞན་ལས་ཐོབ་བྱ་མེད།། བྱིན་རླབས་ཆོ་འཕྲུལ་རྨད་ཀྱི་ཆོས། རང ་འབྱུང་ཉིད་ལས་རྣམ་པར་སྤྲོ། ། ཚུལ་ནི་རྣམ་པ་སྣ་ཚོགས་ཏེ།། དག་དང་མ་དག་ཁྱད་པར་གྱིས།། ངོ་བོ་ཅིག་ལས་མ་གཡོས་ཀྱང་།། མོས་པས་མཐོང་ཚུལ་དེ་བཞིན་ནོ།། གསུང་ནི་ནམ་མཁའི་ཁྱབ་པར་ནི།། ཕྱོགས་བཅུ་ཁྱབ་པར་སྒྲ ་མས་པ་ཁས་པ་བཞིན་དུ་ལྷ་ཆགས་པའི་ཁས་མ་ལས་འདུལ་གབས་གས་། དྲུགས་ནི་སྲམ་པན་ཐཱ་ས།། བངྐ་དང་དུ་བ་ས་རྗེ་ལྡན་པའི།། ཡང་ནགས་མ་ཁྱེན་པ་ཐལ་ཤེས་། ་ཐུགས་ལ་སྒྲུབ་པར་མེད།། ཡོན་ཏན་ཆད་ཀྱད་བྲལ་བ་སྟེ།། ནམ་མཁའི་ནར་བུ་གཏེར་འཆང་བ། དཔག་མེད་བསམ་པ་བཀང་པའི་ཕྱིར།། བྱེན་རླབས་ཡིད་བཞིན་ནོ་བུའི་ཚུལ།། ཕྲིན་ལས་བྱིན་རྫས་རང་སྣང་བ།། འཐའང་མེད་པ ་དོན་ཚུལ་གྱིས། ། དཔག་པསམ་བྲམ་དང་རིན་ཆེན་གྱི།། བྱ་བྱེད་མེད་པར་དོན་རྣམས་རྫོགས།། མ་ལུས་སྤྲོས་པ་རྣམ་དག་ཅིང་།། རང་འབྱུང་རིག་པ་མཐའ་དབུས་མེད།། མ་ལུས་ཀུན་གྱི་འབྱུང་གནས་ཏེ།། བདེ་བ་ཆེན་པ་ཆོས་ཀྱི ་སུ། ། འད་པའི་ལོངས་སྤྱོད་ཐམས་ཅད་ནི།། གཉིས་མེད་དང་ལ་ཀུན་རྫོགས་པས།། དེ་ཉིད་ཆད་བྲལ་མངའ་བརྙེས་པས།། ལོངས་སྤྱོད་ཡངས་སུ་རྫོགས་པའི་སྐུ།། སྲ་ཅིག་ཐིག་ལའི་ད་བོ་ལས།། འཇིག་རྟེན་ཁམས་ནི་ཐམས་ཅད ་ཇི་ལྟར་འདུལ་བའི་ཚུལ་བཞིན་དུ། ། རྣམ་པར་འཕྲུལ་པ་སྤྲུལ་པའི་སྐུ།། མ་བྱུང་མ་སྐྱེས་དོན་རྟོགས་པས།། མ་ལུས་བྱེ་། རྡོ་རྗེ་ཉིད།། མེ་འཇིགས་གཉེན་པོ་ཀུན་བྲལ་བ།། རྡོ་རྗེ་སྐུ་ཞེས་རྣམ་པར་སྟན། གང་དུ་མངོན་པར་བྱང ་ཆུབ་པའི། ། འོད་གསལ་ནམ་མཁའ་མཐའ་དབུས་མེད།། སྐུ་བཞི་མཐའ་ཡས་མ་རེག་པ།། དང་པོ་མངོན་པར་བྱང་ཆུབ་པའོ།། མ་ལུས་དབྱེ་བ་མཐའ་སྤངས་ཤིང་།། དེ་ལྟར་ཀུན་དང་མཉམ་པར་གནས།། དོན་གྱིས་མ་ལུས་བྱག། ་འབྱུང་བ།། བརྗོད་མེད་དོན་གྱི་གསང་ཉིད་དོ།། དང་ཕྱག་རྩ་གཟིགས་ཚུལ་གྱིས།། ཏིད་ནི་དགོངས་པས་འདུལ་བ་ལ།། བརྗོད་མེ་ཚུལ་གྱིས་གང་སྟོན་པ།། བརྡ་ཡིས་གསུང་དུ་རྣམ་པར་སྙན།། ཀཱང་ཡང་རུང་བ་མཐོང་བ ་དཔའ་བོས་བལྟས་པས་གཡུལ་སེལ་ལྟར། ། དངོས་པོས་བྱང་ཆུབ་ནམ་མཁར་རྟོགས།། རྒྱན་བརླབ་པ་རྟོགས་པའི་གསུངས་ཞེས་བྱ།། གང་གདན་དུ་གང་སྣང་བ།། གཉེན་པོ་བར་ཆད་མི་གནས་ཤིང། གཞན་དག་པ་མ་ཆེད ་མི་ཐབ་པ། ། ཟིལ་གྱིས་གནོན་པའི་གསུང་དུ་བརྗོད།། ཚིགས་ཅིག་བརྗོད་པས་ཚིག་མཐའ་ཡས།། མོས་པ་དེ་སྙེད་རྣམ་གྲོལ་ཅིང་།། ཡོན་ཏན་རྒྱ་མཚོ་ཕུན་སུམ་ཚོགས།། འདི་ནི་བརྗོད་པ་ཚིག་གི་གསུང་།། ཇི་སྙེད་མང་པོར་རྣམ ་སྤོས་ཀྱང་། ། ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད།། རྟོག་ལ་རྣམ་རྟོག་མཚན་མ་ཡང་།། མི་རྟོག་ཡེ་ཤེས་གྲོལ་བའི་ཐུགས།། གཉིས་མེད་བདེ་བ་ཆེན་པོ་ཡིས།། འདོད་པའི་ལོངས་སྤྱོད་ལྔ་ལ་རོལ།། མ་ལུས་བདེ་བར་སྣང་བའི་ཚེ།། འདུན ་བདེ་བ་ཆེན་པོའི་ཐུགས། ། བདག་གཞན་བྱི་ནང་མི་མངའ་ཡང་།། རང་འབྱུང་གཉིས་ཀྱི་ཕྱོགས་བྲལ་བས།། གདུལ་བྱའི་བསམ་པ་ཀུན་མཁྱེན་པས།། འགྲོ་བ་མ་ལུས་བསྒྲལ་བའི་ཐུགས།། ཇི་སྙེད་རིག་པའི་དོན་སྣང་ཞིང ་མ་ལུས་ཀུན་གྱི་དེ་བོ་ལ། ། སྟེ་འཇིག་གཉེན་པོ་གདོད་ནས་སྟོང་།། མི་འགྱུར་རྡོ་རྗེ་ཐུགས་ཞེས་བྱ།། དཔག་མེད་ནམ་མཁའི་ཞིང་ཁམས་དང་།། ཆེ་བའི་ཁྱད་པར་བསྟན་པའི་གདན།། ཟག་པ་མེད་པའི་རྒྱན་རྣམས་དང་།། ཡེ་ཤེས་འབར ་བ་གཞལ་ཡས་ཁང་། ། མཐའ་དབུས་མེད་པ་ཁྱབ་པ་ཡི།། འོད་ཟེར་ཚོགས་ནི་རྣམ་པར་སྣང་།། གཞན་ཡང་ཡོན་ཏན་ཆེན་པོ་ནི།། མཐའ་དབུས་མེད་པའི་ནམ་མཁའ་ལྟར།། དཔག་ཅིང་གཞལ་བར་མི་ནུས་ཏེ།། ཟག་མེད་ཆེ་བའི་ཡོན་ཏན ་སྡང་། ། གཞན་ཡང་མཛད་པའི་ཕྲིན་ལས་ནི།། གདུལ་བྱའི་ཡུལ་ནི་ཇི་སྙེད་པ།། མཛད་པའི་སྒྲ་ནི་བསམ་ཡས་ཏེ།། མཐའ་ཐུག་མེད་པར་རྣམ་པར་སྣང་།། འདི་དག་འདུས་པས་བཤད་བྱ་ན།། ནི་རྒྱས་དབང་དྲག་ལ་སོགས་པས།། མཐའ ་ཡས་བཞིས་ནི་རྣམ་པར་བསྡུས། ། ལྡན་གྱིས་གྲུབ་པར་ཀུན་ཀྱང་གྲུབ།། མདོར་ན་འབྲས་བུའི་རྣམ་གྲངས་ནི།། བསྡུས་པས་ཉི་ཤུ་རྩ་ལྔར་གནས།། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མ་ལོང་གི་རྒྱུད་ཆེན་པོ་ལས་ལྡན ་གྱིས་གྲུབ་པ་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ། ། །། དེ་ནས་གས་བདག་རྡོ་རྗེ་འཛིན།། དཔག་མེད་རྒྱལ་བས་དབང་བསྐུར་བ། གསང་བའི་བདག་པོ་སྔགས་ཀྱི་མཛོད།། གཏང་འཛིན་རྒྱལ་བ་སྟོབས་པ ་ཚེ། རང་གི་ལག་གི་རྡོ་རྗེ་ཉིད།། དགའ་ཞིང་མགུ་བས་གསོར་བྱས་ཏེ།། བྱེ་བ་རྡུལ་སྙེད་བཅས་པ་ཡིས།། རབ་ཏུ་བསྐོར་བ་བྱས་པ་ཡིས།། འཇིག་རྟེན་དྲུག་ཏུ་བཅས་པ་དག། འཁྲུགས་ཤིང་རྣམ་པར་གཡོ་མཛད་དེ།། ཀུན་དུ ་རབ་གཡོ་རྣམ་པར་གཡོ། ། སྟོང་གསུམ་འཇིག་རྟེན་འཁོར་ཡུག་བཅས།། འོད་དང་སྒྲ་ཡིས་གང་མཛད་དེ།། རྨད་འབྱུང་སྐུ་གསུང་ཐུགས་རྣམས་ཀྱི།། ངོ་མཚར་ཆོ་འཕྲུལ་རྣམ་པར་སྣང་།། ངོ་མཚར་ཆོ་འཕྲུལ་རྨད་འབྱུང་གི། ཕྱི་ནང ་གསང་བའི་མཆོད་པ་དང་། ། འདོད་ཡོན་ལྔ་ཡིས་ཁྱབ་མཛད་དེ།། རྒྱལ་བའི་ཚོགས་ཀུན་མཉེས་པར་བྱས།། ཀུན་ཀྱང་དགའ་ཞིང་མོས་པ་ཡིས།། ཞིང་ཁམས་རྡུལ་དང་མཉམ་པ་ཡི།། འཁོར་ཚོགས་རྣམས་ནི་བསྟོད་པ་འདི།། སྣ ་ཚོགས་སྒྲས་ནི་གླུ་རུ་བླངས། ། ཨོཾ་ཨཿཧཱུ~ཾ་ཨ་ལ་ལ་ཧོ།། སྒྱུ་འཕྲུལ་དྲ་བའི་ཐུགས་ནི་མ་སྐྱེས་ཡེ་ཤེས་འདོད་པའི་ཐུགས།། མི་རྟོག་གསལ་བའི་ཐུགས་ནི་ཀུན་ལ་ཁྱབ་པར་གནས།། གང་ཡང་དབྱེར་མེད་འདུས་བྱས་མ་ཡིན་འདུས ་མ་བྱས་མིན་སྐྱེ་འཇིག་མེད། ། དམ་པའི་ཐུགས་ལ་བྱུང་ཚེར་གཡོ་འགོག་ཅི་ཡང་མེད་པས་བདེ་ཏོ།། སྒྱུ་འཕྲུལ་དྲ་བའི་སྐུ་ནི་སྣ་ཚོགས་འོད་འབར་བདེ་བའི་སྐུ།། སྣ་ཚོགས་མཐའ་ཡས་ཇི་ལྟར་སྣང་བ་ངོ་བོས་དབེན།། དེ་ཉིད་འདྲ་བའི་ཐབ། ་ཀྱིས་དེ་ལྟར་ཡིད་འཕྲོག་ཚིམ་པའི་སྐུ།། མཐའ་ཡས་སྣ་ཚོགས་བྱེ་བྲག་ཇི་ལྟར་གསལ་ཡང་ནམ་མཁའི་དང་དུ་བྱེ་བྲག་མེད་ཏོ།། སྒྱུ་འཕྲུལ་དྲ་བའི་ཡོན་ཏན་ཡིད་བཞིན་ནོར་བུ་རིན་པོ་ཆེ།། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དཔག་ཏུ ་མེད་རྒྱས་པར་སྣང་། ། འགྲོ་བ་རྣམས་ནི་ཡིད་འཕྲོག་བལྟས་པས་ཆོག་ཤེས་མེད་པར་མཛེས།། རྒྱལ་བ་མ་ལུས་ཡོན་ཏན་རྫོགས་པར་སྣང་ལ་དེ་དག་མཐའ་ཐུག་མེད་ཏོ།། སྒྱུ་འཕྲུལ་དྲ་བའི་གསུང་ནི་ཟབ་ཅིང་བརྒྱ་ཆེར་ནམ་མཁའ་འདྲ།། ་མ་ལུས་གོ་ཞིང་ཚིམ་མཛད་རྡོ་རྗེའི་སྒྲ་འབྱིན་སྙན་སྒྲོགས་པ།། རྡོ་རྗེ་སྒྲ་ཆེན་མཐའ་ཡས་མོས་དང་། འཐད་པ་དེ་བཞིན་རྣམ་པར་སྣང་ཧོ།། སྒྱུ་འཕྲུལ་དྲ་བའི་ཕྲིན་ལས་སྣ་ཚོགས་བྱ་བ་ལྷུན་གྱིས་གྲུབ།། བསྐལ་པ་ཞིང་གི་རྡུལ་སྙད་འགྲོ ་བ་མ་ལུས་ཀུན་འདུལ་བ། ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྫུ་འཕྲུལ་སྣ་ཚོགས་འདི་ནི་རྣམ་པར་རོལ་ཏོ།། དེ་ནས་རྒྱལ་མཆོག་སྐྱེས་བུ་ཡིས།། རྡོ་རྗེ་འཛིན་པ་ལ་སོགས་པ།། བྱེ་བ་རྡུལ་སྙེད་བཅས་པ་ལ།། གསང་བ་འདི་ནི ་གཏད་པར་མཛད། ། ང་ཡི་གསང་བའི་སྙིང་པོ་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། བསྟན་པ་ཀུན་གྱི་རང་བཞིན་ཏེ།། མ་ལུས་ཀུན་གྱི་ཐབས་སུ་སྣད།། གསང་སྔགས་རྡོ་རྗེ་ཐེག་པ་སྟེ།། དཔལ་ལྡན་སྒྱུ་འཕྲུལ་ཐུགས་ཀྱི་རྒྱུད།། ་ཆོས་རྣམས་མ་ལུས་ཀུན་སྣང་བ།། གསང་བའི་མེ་ལོང་ཐབས་ཀྱི་རྒྱུད།། རྒྱལ་བ་རྡུལ་སྙེད་ཀུན་འདུས་ནས།། དམ་པ་འདི་ལ་སྔགས་པར་མཛད།། སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ།། ཟབ་མོའི་ལུང་གི་དེས་དོན་འདི།། རིགས་ཆད་དམན ་པའི་གང་ཟག་གིས། ། ཐམས་ཅད་ལ་ནི་མེ་ལོང་ལྟར།། བལྟས་ཀྱང་གཟུགས་བརྙན་མི་སྣང་བས།། སྟོན་པ་གཉིས་ལ་རྒྱབ་ཕྱོགས་ཤིང་།། བརྟགས་པ་ཕྱི་རོལ་ཆོས་ལ་ཞེ་ན།། སློབ་དཔོན་ལ་ནི་བརྙེས་བྱེད་དང་།། རྡོ་རྗེ་སྤུན་ལ་སྡང་སེམས ་ཆེ། ། ཟབ་མོའི་དོན་ལ་སྐུར་བྱེད་ཅིང་།། གསང་རྒྱུད་དོན་ལ་འཕྱ་བ་དང་།། སེར་སྣ་རང་ཕྱོགས་ཆགས་པ་ཆེ།། དད་དང་དམ་ཚིག་མི་ལྡན་ཞིང་།། རྒྱལ་སྲིད་རིན་ཆེན་མེ་ཧོང་བའི།། ཕྱི་ནང་གཉིས་ལྟའི་གང་ཟག་ལ།། བསྐལ་པ་ཞིང ་གི་རྡུལ་སྙེད་དུ། ། ཡུས་སེམས་བྲལ་བར་བྱེད་གྱུར་ཀྱང་།། གསང་པའི་གླེགས་བམ་མི་བསྟན་ན།། དབང་དང་དངོས་གྲུབ་རྣམས་ཀྱང་མིན།། རྨོངས་པས་གལ་ཏེ་བྱིན་ན་ནི།། དེ་ཉིད་མནར་མེད་དམྱལ་བར་ལྟུང་།། དད་དང་དམ་ཚིག ་ལྡན་པ་ཡིས། ། པུན་གསུམ་ཚོགས་པ་ཀུན་གཏོང་ཞིང་།། དམ་པའི་ཡོ་བྱད་ལྡན་གྱུར་པས།། ལུས་དང་སྲོག་ལའང་མི་ལྟ་ན།། དམན་པའི་ལོངས་སྤྱོད་ནམས་ཀྱང་མིན།། ཐེག་པ་ཆེན་ལ་མོས་པ་དང་།། བཏུལ་ཞུགས་སྙིང ་བཅེར་གུས་པར་ལྡན། ། རྡོ་རྗེ་སློབ་དཔོན་བསྙེན་བཀུར་ཞིང་།། སྐྱོན་དང་སྤྱོད་པ་ཡོངས་སུ་བཟོད།། བསྐལ་པར་འགྲོགས་ཀྱང་ཡིད་མི་འཁྲུག། ཉེས་དང་ལེགས་པ་ཅི་ལ་ཡང་།། ངོ་མཚར་སྐྱོ་བའི་འདུ་ཤེས་མེད།། རང་བཞིན ་བཟང་དང་ཚུལ་ཤིས་དང་། ། འགྲོགས་པས་དུག་ནད་མི་ལྡང་བའི།། དམ་པ་འདི་ལ་གསང་བ་གཏད།། སློབ་དཔོན་མན་ངག་མི་ལྡན་ཅིང་།། གསང་བའི་དོན་ལ་མ་གོམས་པས།། རང་རྟགས་ལོག་པའི་ཚད་མ་ཡིས།། ་གསང་བའི་སྦས་དོན་གཏན་ལ་འབེབས།། བླུན་པོ་མུན་པས་མཆོད་པ་རྣམས།། ལོག་པར་ཞེན་པའི་རྗེས་འབྲངས་ནས།། མཐོང་བའི་ཆོས་ལ་དམྱལ་བར་སྨིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕྱག་རྒྱ་གསང་ཆེན ་སྙིང་པོ་འདི། ། མ་ལུས་ཀུན་གྱི་གསང་ཡིན་པས།། རྟོགས་ནས་གསལ་བར་གང་བྱེད་པ།། དབང་དང་དཀྱིལ་འཁོར་རྫོགས་པ་སྟེ།། བདག་དང་གཞན་དོན་ལྷུན་གྱིས་གྲུབ།། རྡུལ་སྙེད་ཞིང་ལ་བསྙེན་བསྐུར་ཞིང་།། ཚེགས་ཀྱི ་བླ་མ་བསྟེན་བྱས་པའི། ། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། དེ་བས་རྒྱལ་སྲས་ཅིག་གི་ཡུལ།། རྙེད་དང་བཀུར་སྟིས་འཚོ་བ་ཡིས།། གྲགས་པའི་སྟོབས་ལྡན་རྣམ་པར་སྤངས།། ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ།། ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་མཐར་ཕྱིན་པའི་ལེའུ་སྟེ། བཅུ་གསུམ་པའོ།། ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང ་གི་རྒྱུད་ཆེན་པོ་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་བི་མ་ལ་ཏྲ་དང་། བན་དྷེ་ཛྙཱ་ན་ཀུ་མ་ར་ས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སླད་ནས་བི་མ་ལ་མི་ཏྲ་ཉིད་ལ་བྲེ་ཟེ་མོ་དགེ་སློང ་མ་ཡོང་དང་ཡང་དུནན་དུ་ཞུས་པའི་དི་གཞན་ལ་སྤེལ་ན་དམ་ཚིག་ཉམས་སྷོ། བོད་སྐད་དུགསང་པའི་སྙིང་པོ་དེ་ཁོན་ཉིད་ངེས་པ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ་