CLOSE WINDOW

Q455: dpal gsang ba'i snying po de kho na nyid rnam par nges pa
Wyliee-texts produced with BDRC’s OCR application

མཚར་བསྟོད་པའི་ལེའུ་སྟེ་སུམ་བཅུ་རྩ་གསུམ་པའོ། ། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་རྫོགས་སྷོ།། །། ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་གརྦྷ་ཏ་ཏཱ་བི་ནི་ཐུ་མ་ཁོད ་སྐད་དུ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོའི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད.་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དང་དབྱེར ་མེད་པར་རང་བཞིན་ཏེ། ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན ་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག ་པའི་ཡེ་ཤེས་ཀུན་དུ་འཁྱིལ་པ། ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། སྤགས་པ་ཚད་དཔག་ཏུ་མེད་པ་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས ་པའི་ཕྲེང་བ་དང་། ཆུ་འཕྱང་དང་ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྣ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ་མི་སྒྲུབ་པར་གསཔ ་བའི་རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་དུ་ཡང་ནང་དུ་གྱུར་པ་ན་མི་འཇིགས་པ་སེང་གེའི་ཁྲི་དང་། ་སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲིདར། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པད་མ་རིན་པོ་ཆེའི་གདན་ལ་སྐུ་མདུན། ་དང་རྒྱ་བ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེའི་བྱད་དུ་ལྡན་པ་བསམ་གྱིས་མི་ཁྱབ་པ། ཐམས་ཅད་དུསྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་དུ་སྣང་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་རྡུལ ་ཐུགས་ཀྱི་དཀྱིལ་མོ་དཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས ་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཆེར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན་ཀྱང་འཐིང ་དང་། དཀར་པོ་དང་། སེར་པོ་དང་ལེ་བ་རྒན་དང་། ལྗང་ཁུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་བྱི་དང་དྲ་བའི་ཀྱིས་དང་། སྤྱོད་པའི་བྱིས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ ་མེད་པར་ཆོས་ཀྱི་དབྱིངས་ཀུན་དུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ།། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་།། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན ་པོ་རྡོ་རྗེ་སྡོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱོང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན ་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོ་དབྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་དང་། འབྱུང་བ་དང་མ་བྱོན་པའི་ཚོགས་དང་། འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རེག ་བྱེད་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཚད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗིད་ཀྱིས ་མི་ལང་བ་དང་གཉིས་སུ་མེད་པར་ཞུགས་སོ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་ཐུགས་དང་། ཡོན་ཏན་དང་ཕྲིན་ལ། ་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་ཨེ་ཨེ་མའོ།། དེ་བཞིན་ཉིད་དབྱིངས་དབང་སྣར། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་དང་། རང་སྣང་བ་ཉིད་ཏིང་ངེ་འཛིན། གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས ་སེལ་མེད་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་མི་ཟད་པར་ལྡན་པ་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླིང་བཞིའི་ལེའུ་སྟེ་དང་པོའོ།། ་དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་དུ་བཟང་པོས་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེ་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏོ།། ཞུགས་པས་ཕྱོགས་བཅུ་ངས་བཞིའི་དེ་བཞིན་གཤེགས་པམ ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མཱཾ་རྡོ་རྗེ་ཕུང་པོ་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམ ་མང་པོ་ཀུན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། ས་བཅུ་སྨན་དང་མཱ་མ་ཀི། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུགས་མ། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། ཐམས་ཅད་མ་ལུས་ཆོས་སོ ་ཅོག། སངས་རྒྱས་ཉིད་ལས་གཞན་མ་ཡིན།། སངས་རྒྱས་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱི་མི་མཉེས་སོ།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།། དེ་ནས་བཙུན་མོ་བྱབ་མོ་ཆོས་ཀུན་དུ ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་རྗོད་འདི་ཡོད། ། ཀྱེ་མ་ཕྱོགས་བཅུའི་སྣོད་ཁམས་ཡེ་ནས་དབེན།། སྲིད་པ་གསུམ་ཉིད་དག་པའི་ཞིང་།། སྙིགས་མ་ལྔ་ཉིད་བདེ་ལྡན་གནས།། ཕུང་པོ ་ཉིད་རྫོགས་སངས་རྒྱས། ཐམས་ཅད་མཆོག་གི་སྙིང་པོ་པས། གཞན་དུ་རྒྱལ་བའི་ཆོས་མི་བཙལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོས།། བཙལ་ཀྱང་རྒྱལ་བས་མི་མཉེས་སོ་ཞེས་བརྗོད་པས། ཐམས་ཅད་ཡེནས་སངས་རྒྱས་པར་དེ་བཞིན ་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། དེ་ནས་གཉི་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ།། ཨེ་མའོ་ངོ་མཚར་སྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང།། བྱེ་བ་མེད་ལས ་ཐམས་ཅད་སྟེ། ། རྒྱས་པ་ཉིད་ནས་སྐྱེ་བ་མེད།། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག་པི་མད་ལས་ཐམས་ཅད་འགག། འགག་པ་ཉིད་ན་འང་འགག་པ་མེད།། ཨེ་མ་ངོ་མཚར་སྨད་ཀྱིས་ཆོས།། རྫོགས་པའི་ས ་རྒྱས་ཀུན་གྱི་གསང་། ། གནས་པ་མེད་ལས་ཐམས་ཅད་གནས།། གནས་པ་ཉིད་ན་ལ་གནས་པ་མེད།། ཨེ་མ་ངོ་མཚར་སྤྲད་ཀྱིས་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། དམིགས་པ་མེད་ལས་ཐམས་ཅད་དམིགས།། དམིགས་པ་ཉིད་ན ་དམིགས་པ་མེད། ཨེ་མ་ངོ་མཚར་སྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགྲོ་འོང་མེད་ལས་འགྲོ་དང་འོང་།། འགྲོ་འོང་ཉིད་ན་འང་འགྲོའོང་མེད།། ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས ་ཐམས་ཅད་ཀྱང་མཉེས་པས་ཁྱབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཡེ་ནས་གསང་བའི་ཆོས།། སྣ་ཚོགས་སྣང་ལ་རང་བཞིན་གསང་།། ངོ་བོ་ཉིད་ཀྱིས ་རབ་ཏུ་གས་པ། ། གཞན་དུ་མིན་ལ་ཤིན་དུགས།། ཞེས་བརྗོད་པ།། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཡེནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན་པང།། འགྲོ་བའི་རྣམ་པར་རྟོག་པ་མ་རིག། ་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་བདེར་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱི་སྤྲུལ།། སྣ་ཚོགས་ལུས་དང་། ་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིར་སོ་སོར་འཛིན།། སུས་ཀྱང་མ་བཅིངས་བཅིངས་མེད་དེ།། བཅིང་པར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་བདག་ཏུ་འཛིན་པ་ཡིས།། ནན་གྱིས་མཁའ་ལ་མདུད་པ་དོར།། ་བཅིངས་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས།། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད།། ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིནི་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཤེས་བྱ་བའི་རིག་པའི་རྗེས་བུ་ཐུབ་པ་དྲུག་དེ་བཞིན ་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འཐོན་ཏོ།། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣརེལ་ཞིང་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ཐུབ་པ་བཅོམ་ལྡན ་འདས་རེ་རེས་འདུས་པ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། བལྟམ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བརྟུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན ་ལས་འདས་པ་ལ་སོགས་པར་སྟོན་པའི་ཐུབ་པ་དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་བྲན་དུ ་གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཀུན་དུ་སྲུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱ་པ་དང་ལྡན་པ་བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་ཕྱོགས་བཅུར་སྡང་བར་གྱུར་ཏོ།། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས། ་ཀྱིས་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་གསུངས ་སོ། ། གསུང་ངོ་གསུང་བར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་། གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཛིན་པ་དང་། ཁྲུལ་པ་ལ། འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི ་འབྲས་བུས་མི་གོས། ། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆད་དུ་བརྗོད་པ་འདི་བརྗོད་དོ།། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཚེས། མ་རིག་རྟོག་པའི་གཟུང ་འཛིན་གྱིས། ། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། མི་མཐུན་བདེ་སྡུག་མྱོང་བར་འགྱུར།། རང་བཞིན་ཉིད་ལས་ཉམས་པ་མེད།། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། བདག་དང་བདག་གི་གཞན་མེད་དེ། རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ།། ་བདག་དང་བདག་གི་གཞན་རྣམས་ནི། ལོག་པར་རྟོག་པ་ཙམ་ཉིད་ལས། ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། གཞན་དུ་གཡོ་བ་ཅི་ཡང་མེད། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། གཞི་རྩ་མེད་དབྱིངས་སྐད་ཅིག། ་རྣམ་པར་དག་པའི་དབྱིངས་ཉིད་ཚུལ། ཉིད་ལ་དབང་སྣར་ཉིད་སྤྱོད་ཕྱིར།། བདག་དང་གཞན་དང་རྟོག་པའི་རྒྱུན།། རྣམ་དག་བླ་མེད་ཐེག་པའི་མཆོག། ཐེག་པ་བཞི་ཡིས་ངེས་འབྱུང་ལ།། ཐེག་པ་ཅིག་གིས་འབྲས་བུར་གནས།། ཡང་དག ་རྟོགས་པས་རབ་བརྟགས་ན། ། རང་བཞིན་མེད་ལས་ཅིར་ཡང་འགྲུབ།། སངས་རྒྱས་མྱ་ངན་ཡོད་མི་འདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།། མ་རིག་སྨིན་མཛད་འདུལ་བའི་ཕྱིར།། བྱུང་ནང་མྱ་ངན་འདའ་བར་སྟོན།། འདུལ་བ་མདོ་སྡེ ་ཆོས་མངོན་དང་། དམ་ཚིག་སྒྲུབ་དང་སྒྲུབ་པ་དང་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ།། གསང་བའི་སྙིང་པོ་ལས་འཕྲོས་ཏེ།། རང་བཞིན་གསང་བའི་སྙིང་པོ་འདི།། སྡེ་སྣོད་ཀུན་དང་དྷཱུ ་ཀུན་གྱི། ། འབྱུང་གནས་གཏན་ལ་ངེས་པར་འབེབས།། ཆོས་རྣམས་མིང་དུ་བཏགས་པ་ཙམ།། སྟོན་པས་དོན་དང་འཐུན་ཕྱོགས་སུ།། མིང་དང་ཚིག་ཏུ་བཏགས་ནས་བསྟན།། སྟོན་མིན་ཚིག་ལ་དངོས་པོ་མང་།། ཅེས་ཆེད ་དུ་བརྗོད་དོ། ། དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་ཡོན་ཏན་དང་། ཕྲིན་ལས་རྡོ་རྗེ་ལས་ཕྱུས་དོ།། ཨ་ཧོ། སྲིད་རྩ་ཉེས་དམིགས་བདག ་ཏུ་རྔོག་ལས་འབྲོས། ། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ།། ལོག་རྟོག་ཉིད་ལས་གཞན་དུ་གཡོ་བ་ཅི་ཡང་མེད།། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས།། ་དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། ངོ་མཚར་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཞིང་ཁམས་ལས།། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས། ཐུབ་པ་དྲུག་གི་སྤྲུལ་པ ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོར་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ ་སྟེ་གསུམ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གུང་ན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་འཛིན་ལས་མི་གཡོ་བར་ཆོས་ཐམ ་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་རབ་ཏུ་བརྟན་གྱུར་ཨ་དཀར་ལས། ཤིན་ཏུ་ཕྲ་བའི་ཨ་རྣམས་སྷོ།། ཕྱོགས་བཅགང་བར་གསལ་གྱུར་ནས། བསྡུས ་ཀྱང་འཕེལ་འགྲིབ་མེད་པར་བསྟན། ། དེ་ལས་མིང་ཚོགས་གསལ་འབར་ཀུན།། སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བརྟན་ཐུང་ཡེ་ཤེས་ཆུ་ཡིན་ནོ།། ཨ་ཨཱ། ཀ་ཁ་ག་གྷ་།། ཙ་ཚ་ཛ་ཛྷཿ། ཊཊཌཱ་ཌྷ་ཎ། ཏ་ཐད་དྷན། ་བ་བ་བ་བྷ་མ། ཡ་ཝ་ར་ལ་ཤ་ཥ་ས་ཧཀྵ། ཨོཾ་ཨཱི་ཨུ་ཨཱུ། ཨེ་ཨཱི་ཨོ་ཨཽ་འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐས་ཡས་པ་རྣམ་པ་དྲུག་ཏུ་གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན ་ཉིད་ཙམ་དུ་གྱུར་ཏོ། ། ཧོཿདེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་ནི་སྟོང་དང་མི་སྟོང་གི། དབུ་མའང་དམིགས་སུ་ཡོད་མ་ཡིན།། ཐམས་ཅད་མིང་ཙམ་སངས་རྒྱས་ཀུན།། ཡི་གེ་ཕྲེད་པ་ཉིད་ལ ་གནས། ། ཨ་ཉིད་སྣ་ཚགས་པར་སྣང་བའི་ཀ་ལ་སོགས་པ་བཞི་བཅུ་གཉིས།། གྷ་ཡི་མིང་གིས་ཐམས་ཅད་བསྡུས།། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། ཨེ་མ་ངོ་མཚར་ཡམ་མཚན་གྱི།། འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། ཚིག ་རྣམས་མ་ལུས་འཛིན་པའི་གནས། སྣ་ཚོགས་དོན་ཆེན་ཀླུ་ཞིང་སྟོན།། དངོས་མེད་ཡི་གེའི་རང་བཞིན་སེམས།། བདག་མེད་མཐའ་བྲལ་མི་དམིགས་ཀྱང་།། དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས།། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན།། ཕྱོགས་བཅུ་དུས ་བཞིར་གཤེགས་པ་ཡིས། ། ཡེ་ཤེས་སེམས་དཔའ་ཀླུ་གསུང་ཐུགས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད།། ཡི་གེ་མགོ་ནས། ལ་རྫོགས།། སེམས་ཀྱི་རང་བཞིན་ཡི་གེ་སྟེ།། ཡི་གེའི་དངོས་པོ་ཡོད་མ་ཡིན།། དམིགས་མེད་དེ་ཉིད་སྣ་ཚོགས ་པིའི་ཁྲུག་སུང་ཐུགས་ཀྱི་འཁོར་ལོ་ཆེ། ། སྐུ་གསུང་ཐུགས་ནི་ངོ་མཚར་གྱི།། ངོ་མཚར་འཕྲུལ་ཆེན་རབ་འགུགས་པ།། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ།། ཡི་གེ་ཞེས་ནི་དེཔྱིར་བརྗོད།། མགོ་ནི་མ་ནོར་ལམ་ཡིན་ཏེ།། ཏིག་ནི་ཤེས་རབ་མིང་དུ ་སྨྲ། ཤང་དཐབས་ཆེན་ཚིགས་སུ་གཅོད། ཨ་ནི་སྐྱེད་མེད་དེ་བཞིན་ཉིད།། ཨཱ་ནི་ཐོག་མཐའ་སྟོང་པ་ཉིད།། བ་ནི་སྤུ་འཕྲུལ་རྡོ་རྗེ་ཉིད།། རྦ་ནེ་སྣང་བའི་སྐུ་འཕྲུལ་ཉིད།། ན་རྫུ་འཕྲུལ་ཡིད་བཞིན་ཉིད། དྷད་སྟུ་ཕྲུལ་སྣང་བདག་ཉིད། ་སྒྱུ་འཕྲུལ་ཀུན་ཏུ་ཉིད།། ཐ་ནི་དྲབས་མངོན་རྫོགས་ཉིད།། ཏ་ནི་དྲ་བས་བརྟན་པ་ཉིད།། ད་ནི་དྲ་བས་ལྷ་ན་ནི་ཉིད།། ཌྷ་ནི་དྲ་བས་འཁྲིལ་བ་ཉིད།། ན་ནི་དྲ་བས་ཀུན་དུ་འགྱུར།། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག། ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག། ་གོན་ཤངས་ཀྱི་ཐུགས་ཀྱི་མཆོག། གྷ་ན་ལྗགས་ཀྱི་ཐུགས་ཀྱི་མཆོག། ད་ནི་ཐུགས་ཀྱི་འཇིགས་བྱེད་པའོ།། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག། ཚན་སྟན་གྱི་སྐུ་ཡི་མཆོག། ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག། ཛྙཱ་ནི་ལྗགས་ཀྱི་སྐུ་ཡི་མཆོག། ་ཉ་ནི་སྐུའང་འཇིག་བྱེད་པའོ།། པ་ནི་སྤྱན་གྱི་གསུང་གི་མཆོག། པ་ནི་སྙན་གྱི་གསུང་གི་མཆོག། པ་ནི་ཤངས་ཀྱི་གསུང་གི་མཆོག། བྷ་ནི་ལྗགས་ཀྱི་གསུང་གི་མཆོག། མ་ནི་གསུང་ཡང་འཇིག་པར་བྱེད།། ཡ་ནི་སྐྱེ་བ་རྣམ་པར་དག། ཝ་ནི ་གནས་པ་དག་པ་ཡིན། ། ར་ནི་འཇིགས་པ་དག་པ་སྟེ།། ལ་ནི་སྟོང་པ་དག་པའོ།། ཤ་ནི་རྟག་པ་མེད་པ་སྟེ།། ཁ་ནི་ཆད་པའང་ཡོད་མ་ཡིན།། ས་ནི་མཐའ་བྲལ་བདག་མེད་པ།། ཧ་དི་མཚན་མ་མེད་པ་ཉིད། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས།། ཨི ་ནི་རྡུལ་སྙད་ལྷ་རྣམས་སུ། ། ཨི་ནི་རྡུལ་སྙེད་ལྷ་མ་ཡིན།། ཨུ་ནི་རྡུལ་སྙེད་མི་རྣམས་ས།། ཨཱུ་ནི་རྡུལ་སྙེད་དབྱོལ་སོང་རྣམས།། ཨེ་ནི་རྡུལ་སྙེད་ཡི་དགས་སུ།། ཨི་ནི་རྡུལ་སྙད་དམྱལ་བ་རྣམས།། ཨོཾ་ན་ཐམས་ཅད་འཇིགས་པར་བྱེད།། ཨོཾ་ན ་ཐམས་ཅད་ཞིག་པ་ཡི། ། ཡི་གེ་འཁོར་ལོ་ཚིགས་ཆེན་འདི།། སྐུ་གསུང་ཐུགས་ཀྱི་ཕྲེད་པས་བསྡུས།། ཞེས་བརྗོད་དོ། ཨ་ཧོ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད ་ཀྱིས་གསུང་བ་འདི་ཉིད་སྐུ་དང་། གསུང་དང་ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ་ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་སྐུ་འཁོར་ལོ།། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར ་མི་ཚོགས་བཞི་བཅུ་གཉིས། ། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ།། འདའ་བར་མི་མཛད་དབང་མེད་ཟླ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས་དེ་བཞིན་གཤེགས ་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡི་གེ་འཁོར་ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་འཕྲོ ་བ་འདི་ཆེད་དུ་བརྗོད་དོ། ། རྩ་བ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། སེམས་ཉིད་ཡི་གེའི་རང་བཞིན་ཏེ།། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན།། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས།། དྲ་བའི་དཀྱིལ་འཁོར་མངོན ་རྫོགས་པས། ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། དཀྱིལ་འཁོར་ཐམ་ཅད་འགྲུབ་པར་འགྱུར།། བདུད་རྩི་འགྱུར་ཞིང་འབྱུང་བ་དང་།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་།། ལོངས་སྤྱོད་འབྱུང་བ་ངན་སོད་སྟོ། ཅིར་ཡང་གཞན་དུ་འགྱུར་བ ་འགྲུབ། ། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་།། འབར་ནས་མེ་ཡང་འཚིག་པ་དང་།། ཆུར་འགྱུར་འབབ་པའང་དེ་བཞིན་ཏེ།། འཇིག་རྟེན་ཁམས་འདིར་འདོར་བ་དང་།། ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར།། དགུག་དང་བཏང་དང་བཅིང ་དང་གྲོལ། ། གསོ་དང་གསད་དང་ཕ་མ་དང་རྒྱལ།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། དེ་ཉིད་ཡེ་ཤེས་རང་སྣང་བའི།། མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས།། མུན་ལ་སྣང་འབྲུང་ཇི་བཞིན་དུ་འགྱུར་བས་ཆ་གསེར་འགྱུར ་སྨན་གྱི་ཚུལ། ། སྟོན་པ་མཆོད་བརྩོན་རྟོགས་པ་གསལ།། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས།། མཉམས་ཤེས་ཤིང་ཡོ་བྱད་ལྡན།། འགྲུབ་འགྱུར་མི་ལྡན་མེད་ཅིང་བརླག། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི ་དངོས་གྲུབ་མཆོག་གི་སྙིང་པོ་ནི། ། ཟད་པའི་དུས་མེད་ཡིད་བཞིན་མཛོད།། འཕེལ་འགྲིབ་མེད་པར་འབྱུང་བ་སྟེ།། དངོས་པོ་མེད་ལས་དངོས་པོ་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། དངོས་རྣམས་ཉིད་ན་དངོས་མེད་པ། རྟོག་པའི་དབང་སྐུར། ་ཏི་འཛིན་ཡིན།། གང་གིས་དམིགས་མེད་མི་ཤེས་པ།། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།། དེ་ཕྱིར་དངོས་དང་དངོས་མེད་པར།། འཇིགས་པས་དམིགས་མེད་ཤེས་པར་གྱིས།། བཞི་རྩ་མེད་པའི་སེམས་ཉིད་ནི། ཕོ་མོ་མ་ཡིན་མ་ནིང་མིན།། མཚན ་མེད་པ་ཡིན་རིགས་རྒྱུད་མིན། ། ཁ་དོག་མ་ཡིན་དབྱིབས་མ་ཡིན།། གནས་སུ་མ་ཡིན་གང་ཡང་མིན།། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཐབས་ལ་ཐབས་འབྱུང་ཐབས་བསམ་ཡས།། ཐ་དད་མེད་ལ་ཐ ་དད་པའི། ། ནང་དང་ནང་གི་ཕྱི་རོལ་གྱི།། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག། གང་གིས་གླང་ཆེན་མྱོས་འདྲའི་སེམས།། མཉམ་པར་བཞག་པས་བཏུལ་ནས་སུ།། སྔགས་དང་ཕྱག་རྒྱས་རབ ་བསྟན་ན། ། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ།། །། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི ་བརྗོད་དོ། ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ།། དཀྱིལ་འཁོར་བསམ་ཡས་ལྷུན་གྱི་གྲུབ།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས།། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། གྲུ་ཆད ་བཞིས་བརྒྱན་པར་ཁྱམས་ལྡན། ། ཀུན་ཏུ་གྲུ་བཞི་སྒོ་ཁྲུད་ལྡན།། རོལ་མོ་སྣ་ཚོགས་སྤྲིན་སྤུང་བཞིན།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་རྒྱན།། སེང་གེ་གླང་ཆེན་རྟ་དང་ཁྲུད།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པད་མ ་རིན་པོ་ཆེ། ། གདན་ལ་རྫོགས་དང་སེམས་དཔའི་ཚུལ།། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་།། གཡས་ན་མཐོང་ཐོས་སྡོམ་པ་དང་།། མྱོང་དང་བཙུན་མོའི་ཚིགས་སུ་བཅས།། གྲུ་ཆད་ལ་ནི་མཐོང་བྱེད་དང་།། ཐོས་བྱེད་སྡོམ་བྱེད་མྱོང ་བྱེད་རྣམས། ། བཙུན་མོའི་ཚོགས་དང་བཅས་པར་གནས།། པར་བྱམས་ལ་ནི་ཐུབ་དྲུག་དང་།། མདུན་དང་རྒྱབ་ན་བྱེད་པ་དང་།། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོམས་པ་ནི།། བཙུན་མོའི་ཚོགས་དང་ལྡན་པར་གནས།། ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པད་མ་རལ་གྲི་དྲིལ་བུ་འབང་།། ཨུཏྤ་ལ་ཀླུ་ཤིང་ལ་སོགས་མཚན།། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།། འཐིང་ཁ་དཀར་པོ་སེར་ལེབ་རྒན།། ལྗང་ཁུ་ལ་སོགས་སྣ་ཚོགས་པའི།། མཉེན་ལྕུག་འཁྲིལ ་ལྡེམ་གཞོན་ཚུལ་ཅན། ། གསལ་འཚེར་ལྷུན་སྟག་གཟི་བྱིན་འབར།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བའི་ཕྲེང་བས་འཁྲིགས་པ་སྟེ།། མཐའ་དབུས་མེད་པར་ཁྱབ་པ་ཡི།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་འགྲུབ།། ་སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི།། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་འདུལ་བའི་ཕྱིར།། འཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། སྟོན་ཉིད་སྒྱུ་མ་མི་གཡོར་ཚུལ།། ཚུལ་ཉིད་དབྱིང ་ལས་གཡོས་པ་མེད། ། མ་གཡོས་བཞིན་དུ་སྣ་ཚོགས་པའི།། དེ་ཚེ་མི་མཐུན་སྣ་ཚོགས་ལ།། སོ་སོ་འདྲ་བར་སྣང་བ་ནི།། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།། ལས་འཕྲོའི་དབང་གིས་སོ་སོར་སྣང་།། དཔེར་ན་མེ་ལོང་ཆུ་ཟླ་བ་ཞི།། དེ་ཚེ་འགྲོ ་དྲུག་ཐམས་ཅད་ལ། ། ། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན།། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བསེ་རུའི་གཟུགས།། གཞན་ཡང་ཐེག་མཆོག་རིམ་པ་བཞིན།། འོག་མིན་བླ་མེད་གནས ་མཆོག་ཏུ། ། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན།། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད ་སེལ། ། འཁོར་གྱིས་དེ་བཞིན་སྐུ་བལྟས་ན།། བྱང་ཆུབ་སྒྲུབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐུ་ལ་སྣང་།། དེ་ནས་ས་བཅུའི་རིམ་གྱི་འབྱེད།། བླ་མེད་བྱང་ཆུབ་ཡང་དག་འཐོབ།། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྤྱོད་ཟད། ་མེད་རིན་ཆེན་གཏེར།། སྦལ་པོ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད་རྫོགས།། སྤྱོད་ཡུལ་ཀུན་དུ་མཎ་ཌ་ལ།། ཚེགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། ཐབས་དང་ཤེས་རབས་ཡི་མཆོག། དེ་ལ་སོགས་ཏེ་བསམ ་ཡས་མཆོག། སྐྱེ་ཤི་མེད་པ་གཡུང་དྲུང་སྐུ།། ཉོན་མོངས་ཀུན་གྱི་ཞིང་དུ་གནས།། ཟད་མི་ཤེས་པའི་གཏེར་དུ་འགྱུར།། རྡོ་རྗེ་འཛིན་པ་རིག་པའི་སྐུ།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།། ཐམས་ཅད་མཁྱེན་འི་ཡེ་ཤེས ་ས། ། དེ་ཚེས་ལྔ་ཀུན་ཀྱང་རྫོགས་ཞེས་བརྗོད་པས།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལོང་བ་ཞིང་གི་རྡུལ་སྙེད་ཅིག་གསལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས ་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ།། དམིགས་བྱེ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི ་ཁྱབ། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མེ་ལང་།། མཉམ་དང་མི་མཉམ་ཀུན་གྱི་ཁྱབ་མེད་ཁྱབ་པའི་དབྱིངས།། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་འབྲོས་སྤྲོས་པ་མེད།། ཧོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། བྷྲཱུཾ་ལི་སྭ་བི་ཤུད་དྷེ། ཧཱུཾ་བཛྲ་དྷྲྀཀ། ་ཨོཾ་ཛི་ན་ཛེ་ཀ། སྥོ་རང་ན་དྷིརྐ། ཨོཾ་ཨཱ་རོ་ལི་ཀ། ཧཾ་པྲཛྙཱ་དྷི་ཀ། མྲྀ་དྷ་ཏྭེ་ཤྭ་རཱི། ལཱཾ་དྷེ་ཥ་ར་ཏེ། མཱཾ་མོ་ཧ་ར་ཏི། བཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵཾ་ཧི་རཱ་ཛ་ཡ། ཏྲཾ་ཨ་ག་དྲ་ཡ། ཏྲི་ཧ་ཧཱུཾ་པད་མ་པད་མ། ཛྷི་ཀུ་རུ་བན་ཏྲེ། ཧཱུཾ་ལཱ་སྱེ་ས་མ ་!། བ་ལྷས་མ་ལ་ཏོ།། ནཱ་ག་ཏཱ་རཱ་གཿ། ཨོཾན་ཏེ་རཱ་ག་ཡཱ་མེ་མཱ་དྷ་ན་སྭཱཧཱ། ལས་རབ་ཡ་སཱད། རཱས་རཱ་ཛཱ་ཡ་སྱཱཿ། ཊཱ་སྭར་ཛཱ་ཡ་སྭཱཧཱ། མྲྀ་ཤྲཱི་ཨ་ག་ཡ་སྟན། རྔ་ཆུབ་ཕྲབས། རཱུ་པྲ་ཥྚ་ཨ་བེས། ་དྭེ་བཾ་སུ་ཥྤེ་ནི། ཏོ་གད་དྷེ་ཙི་ཏ་ཏེ། ནཱ་ཡ་མཱན་ཏ་ཀྲྀཏ་ཕཊ། ཧཱུ~ཾ་བད་མཱན་ཏ་ཀྲི་ཏ་པཊ། ཧཱ་པྲ་ཛྙཱན་ཏ་ཀྲི་ཏ་ཕཊ། དཱཾ་བི་བྷ་རཱན་ཏ་ཀྲི་ཏ་ཕཊ་ཨོཾ་མ་ཧཱ་བཛྲ་དྷ་ར་མ་དྭེ་ཀྲེ་དྷེ་ཤྭ་རཱི་ཛཱ་ལཱི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ར་དྷ་ན་དྷ་ར་མ་ཧཱ་ཀྲེ་དྷེ་ཤྭ་རཱི་ཛཱ་ལཱ་ནི་ཏཱ ་ཕཊ། ཨོཾ་མ་ཧཱ་པད་པ་དྷཱ་ར་པཧཱ་ཀྲོ་དྷ~ཾ་ཤཱ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཪྐ་བྷ་ར་མ་ཧཱ་ཀྲོདྷ་ཤྭ་རཱི་ཛ་ལ་ནི་ཧཱུ~ཾ་ཕཊ། ཧཱུཾ་ཧཱུ་ཧཱུཾ་བཛྲ་ཙིཏྟ་ཨ་ཨ་ཨ་བཛྲ་བྷ་དྲས་མན་ཏ་ཨོཾ། ཨོཾ་མུ་ནེ་ཧྲཱི་སྭཱ་ཧཱ། ཨོཾ་མུ་ནེ་ཧཱི་སཱ་ཧཱ། ཛེ་མུན་བུ་། མོ་མུ་མ+འུ་ཤྨ་མོ་པུ་ནེ་ཐཾ་ཧཱཿ། ་ཨོཾ་པུ་ནེ་ཀྵཾ་སྭཱཧཱ། ཨོཾ་མུ་དེ་ཡ་སྭ་ཧཱ། ཨོཾ་ཨེ་ཧྱེ་ཧི་ཐཱ་ག་དྷཱན་མ་ཧཱ་ཀ་རུ་ཎི་ཀ་རུ་དྲི་སྱ་ཧོ་ས་མ་ཡ་སྟ། ཛཿཧཱུཾ་བ་ཧ~ཾཿ~ཾ་ཨ་ཧཱུཾ་སྭཱ་ཧཱ། བ་བ་བ་བ་ག། པ་པ་བ་བ་པ། ཛ་ཛ་ཛ་ཛ་ཛ། པ་པ་པ་པ་པ། ས་ས་ས་ས་ས། བ་པ་བ་པ་པ། མ་མ་མམ ་པ་པབ་བ་པ། ཡ་ཡ་ཡ་ཡ་ཡ། བབབ་པ་པ། ཨོཾ་ཨ་ཧཱ་སཱརྠ།། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྨད་པོ་ཆེ།། དེ་ཉིད་དུ་ནི་མཉམ་སྦྱོར་བའི།། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ་ཨོཾ་བཛྲ་ས་མ་ཡ་སྟེ། ཨོཾ་བཛྲ་ས་མ་ཡ་ཧེ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྲགས་སོ།། རབ་ཏུ་གྲགས་སོ།། ཀུན་ཏུ་གྲགས་སོ།། དེ་ནས་བཅོམ ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ།། དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོས་བདག་ཉིད་ཆེན་པོའི་ཡེ་ཤེས་དང ་བྱིན་བསྡུ་བ་ཞེས་བྱ་བའི་འདི་སུ་དང་གསུང་དང་། ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་པཱུད་དོ།། ཨོཾ་མ་ཧཱ་ཤཱ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧ~ཾ། ཨོཾ་མ་ཧཱ་ཨཱ་དང་ཤ་ཛྙཱ་ན་བཛྲ་སཱ་ཊ་ཨཱད་མ་ཀོ་ཧ། ཨོཾ་མ་ཧཱ་པྲ་ཏྱ་བེ་ཀ་ཎཱ་ཛྙཱ་ན་བཛྲ་སྭ ་ཐཱ་བ་ཨཱད་མ་ཀོ་ཧི། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧ། ཨོཾ་མ་ཧཱ་ཀྲི་ཏྱ་ཨ་ནུཥཱན་ཛཱ་ན་བཛྲ་སྭ་བྷ་བ་ཨཱད་མ་ཀོ་ཏཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་དཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱད་མ་ཀེ་ཧེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཐཱ་ག་བཛྲ་སཱ་བྷཱ་བ ་ཨཱད་མ་ཀོཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཥཛྲ་པྲ་བྷེ་བ་ཨཱད་མ་ཀོ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཊ་ཨཱད་མ་ཀོ་ཨུ྅།། ཞེས་བརྗོད་པས་ཐིམ་པར་གྱུ་ར། གས ་བར་གྱུར་འབར་བར་གྱུར་ཏོ། ། ཨེ་མདོ་མཚར་སྨད་ཀྱི་ཆོས།། རྫོགས་པའི་སངས་རྒས་ཀུན་གྱི་གསུང།། སྒྲ་དང་མིང་ཚིག་ཀུན་ལས་འདས།། སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་།། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། ་བསམ་གྱིས་མི་ཁྱབ་ཀུན་དུ་ཁྱབ། སྒྲ་དང་མིད་ཚིག་སོ་སོར་གྲགས།། ཐམས་ཅད་གསུང་དགི་ཕྱག་རྒྱའི་མཆོག། རྒྱུད་མཆོག་སྐུ་འཐུལ་དྲ་བ་ལས།། བདེ་ལྡན་གསུང་གི་དོན་འབྱུང་བས།། ཐམས་ཅད་པད་མའི་དང་གྱུར་ན།། གྲོལ་ཐར ་ལམ་དང་འཁོར་བའི་སྒྲ། ། རྡེ་སྐད་བརྗོད་ཀྱང་གསུང་མཆོག་ཡིན།། ཐེག་པ་མཐོ་དམན་ཐམས་ཅད་དང་།། ལག་འགྲོ་མ་ལུས་ཐམས་ཅད་སྐད།། བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས།། བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས།། གྲགས ་ཉིད་མ་ཆགས་དང་དུ་གསུངས། ། གསུང་བ་ཉིད་ན་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ།། ཀུན་ལ་གྲགས་ཤིང་སོ་སོར་མཇལ།། དཔེར་ན་དེ་བཞིན་སྨིནས་ངས་བཞིན།། གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ། འདི་ནི་གསུང ་མཆོག་རྒྱལ་པོ་ཡིན། ། ཐེག་པ་མཐོ་དམན་ཐམས་ཅད་ཀྱང་།། དེ་བཞིན་ཉིད་ལས་མ་གསུངས་ཏེ།། གདུལ་བྱའི་ཐབས་སུ་སོ་སོར་ཐོས།། ཇི་ལྟར་གསུང་བ་ཀུན་བརྗོད་ཀྱང་།། དེ་བཞིན་ཉིད་ལས་གསུངས་པ་མེད།། ཡི་གེ་མེད་དང ་རིག་པའི་གསུང་། ། ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་།། ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས།། འགྲོ་དོན་སྣ་ཚོགས་སོ་སོར་གསལ།། གསལ་ཉིད་གསུང་གི་རྡོ་རྗེ་མཆོག། དེ་བཞིན།། སུང་གི་འགྲེ་དོན་རྣམས།། དེ་བཞིན་ཉིད་ལས ་པ་གཡོས་ཀྱང་། ། དཔེར་ན་བྲག་ཆའི་སྐུ་བཞིན་ནོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་བསྡུས་པ་དང་། གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐས? ་ཅད་ཀྱིས་ཡན་ལག་ཐམས་ཅད་ཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ། ། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ།། གསང་བ་དེ་ཉིད་ངེས་པ་ཡི།། སྙིང ་པོ་ཕྱག་རྒྱ་འདའ་དཀའོ། ། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། ལྔ་གཉིས་ཟུང་དུ་སྤང་བ་ལས།། སྐུ་རབས་ཕྱག་རྒྱ་འབྱུང་བའི་རྒྱུ།། ཨོཾ་དང་མུཾ་གཉིས་རྩེ་སྦྱར་ཏེ།། འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲང་བ།། རྒྱལ་བ ་ཀུན་དང་མཉམ་སྦྱོར་བའི། ། བདེ་བ་ཆེན་པོ་སྦྱིན་པའི་རྒྱ།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར།། ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།། འབྲུ་བཞི་སྦས་ནས ་ཐུགས་ཁར་བཀན། ། མུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་ཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱི་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ཨོཾ་བསྒྲེད་རྩེ་མོར་འཁོར་ལོ་འབར།། ཟླ་བཏུལ་འབྲུ་སྲས་དྲིས ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ལམ་བསྦེད་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུ་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས ་ཐུགས་ཁར་བཀན། ། སྲ་བསྒྲེར་རྩེ་མོར་རིན་ཆེན་འབར།། བཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚལ་གྱིས་ཆོས་ལ་བརྟན།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། པཾ་བསྐྱེད་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ ་ལྔ་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ཨཾ་བསྒྲེང་རྩེ་མོར་པད་མར་འབར།། ཟླ་བ་ཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན།། འབྲུ ་བཞི་སྦས་ནས་ཐུགས་ཁར་བཀན། ། བྱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱི་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཁ་ར་བ་ཀན།། ཧ་བསྒྲེང་རྩེ་མོར་རལ་གྲི་འབར།། ཟླ་བརྟུལ ་འབྲུ་བསྔས་དྲིལ་བསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ཏཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་བསྟ། ་ཨུཏྤ་ལ་ཀླུ་ཤིང་ལ་སོགས་མཚན།། རིན་ཆེན་མྱུ་གུ་རལ་གྲི་འབར།། པད་མ་དཀར་པོ་རྡོ་རྗེ་འབར།། ཆོས་ཀྱི་འཁོར་ལོ་རིན་ཆེན་སྟེ།། གཟུགས་མཛེས་རིན་ཆེན་ཕྲེང་བ་དང་།། བི་ཝང་གར་མཁན་མཆོག་ཉིད་དེ།། མེ་ཏོག་ཕྲེང་དང ་ལོས་མཆོག་དང་། ། མར་མེ་བྱུག་པ་ལ་སོགས་པའི།། ལས་ལ་འཁྲིལ་ཞིང་ཆོས་ལ་བརྟན།། དབུ་རྣམས་འབྱོར་ཞིང་འདུད་པའི་ཚུལ།། གོང་གི་ཕྱག་རྒྱ་ཆེན་པོ་བཞིན།། གཉིས་མེད་དབྱིངས་ཀྱི་དང་ངུ་འཁྲིལ།། སྒོ་བཞི་ཁྲོ་བའི ་ཕྱག་རྒྱ་ནི། ནི་མགོ་གདེངས་དང་རྡོ་རྗེ་གནོན།། ཐོད་སྦྲུལ་ཆེན་པོས་གནོན་པ་དང་།། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན།། ལྗགས་ཀྱུ་ཞགས་པ་སྥོ་ཏ་ཏོ།། སྒོ་བཞིར་གནས་པ་དེ་དག་ཀྱང་།། འདུད་ཚུལ་འཁྲིལ་བ་གོད་མ་བཞིན།། ཐུབ་དྲུག ་ཕྱག་རྒྱ་སྣ་ཚོགས་ཏེ། ། མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ།། སེགས་པར་དང་ནི་བི་ཝར་དང་།། གོ་ཆ་པོ་ཏི་རིན་ཆེན་སྨོས།། མེ་དང་ཆུ་ནི་རབ་ཏུ་བསྟན།། ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས།། ཀུན་བཟང་མཉམ་བཞག་ཡེ་ཤེས་འགྲོ།། ་ཡུམ་འགྱུར་མཉམ་རྫོགས་པད་མོའི་དཀྱིལ།། གཞན་ཡང་ཕྱག་རྒྱས་ཚོགས་ཏེ།། ཡང་ན་དེ་བཞིན་གཤེགས་ཉིད་དམ།། ཡང་ན་རྗེ་ཐལ་མོ་ཉིད།། བྷག་རྒྱ་ཆེན་པོའི་ཚོགས་མཆོག་ནི།། ཐབས་དང་ཤེས་རབ་ལྡན་འབྱོར་སྨྲ། ས། ་སྤྱོད་མ་བསྐུལ་ཐམས་ཅད་ཀུན།། ཕྱག་རྒྱ་ཆེན་པོའི་ངང་དུ་གནས།། ཡན་ལག་བཞི་བཅུ་རྩ་གཉིས་ལྡན།། དེ་ཉིད་ཡན་ལག་སྤྲོས་བདག་སྟེ།། བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར།། དེ་ལྟར་ལྡན་པའི་གཙོ་མཆོག ་གིས་རྒྱལ་བརྒྱལ་མཆོག་དེ་ཤིན་དུ། ། བཅུ་གཉིས་དྲུག་གི་འད་འགྲོའབར།། དེ་ལ་སོགས་ཏེ་བསམ་མི་ཁྱག།། ཕྱོགས་བཅུ་དྲས་བཞི་བས་པ་ཡས་སུ།། འདུལ་བའི་དོན་རྣམས་སོ་སོར་སྟོད།། ཟག་པ་མཐོ་དཔ ་ཐམས་ཅད་དང་། ། ཕྱིན་ཅི་ལོག་རྣམས་ཐམས་ཅད་དང་།། འི་ཁྲོ་ཚོགས་ཆེན་ཐམས་ཅད་ལ།། སོ་སོར་འཐུན་པར་ཀུན་དུ་སྟོ།། དཔེར་ན་གར་མཁན་ཉིད་དྲ་བ།། ལུས་ལས་མ་བཀོད་སྣ་ཚོགས་སྟོན།། མདོར་ན་ཕྱག་རྒྱ་ཐམས་ཅད ་ནི། ། འདི་ཞེས་གཅིག་ཅེས་བརྗེད་ཏུ་མེད།། གཉིས་དང་གསུམ་དུ་རྣམ་པར་འཕྲོ།། སྐྱོད་དང་སྤྲོ་བའང་དེ་བཞིན་ཉིད།། མདོར་ན་བསྐུལ་བསྐྱེད་ཐམས་ཅད་ཀུན།། ཕྱག་རྒྱ་ཆེན་པོའི་ངང་དུ་གནས།། གནས་ཉིད་མེ་གནས་གནས་པ ་མིན། ། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡན་ལག་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ། བརྒྱད་པའོ།། ། ་དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག། ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ།། ཐུགས་ཀྱི ་དཀྱིལ་འཁོར་དམ་པ་སྟེ། ། སོར་ནི་བཞི་ཡི་ཚད་དུ་བྱ།། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ།། སྙིང་པོ་ལྔ་དང་སྨན་ལྔ་དང་།། བདུད་རྩི་ལྔ་ནི་རབ་བསྙམས་ལ།། རིག་པས་ཐིག་ནི་གདབ་པར་བྱ།། ལྟེ་བརྩིབས་དང་ལྡན་པ་ཡི།། རྩིབས ་བཞི་འཁོར་ལོ་མུ་ཁྱུད་བཅས། ། གྲུ་ཆད་བཞི་དང་གྲུ་བཞི་ཡི།། བར་ཁྱམས་སྒོ་ཁྲུད་ལྡན་པར་བྱ།། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། ཙནའི་འབྲུ་ཙམ་པད་མའི་གདན།། ཡུངས་འབྲུ་ཙམ་གྱི་ཡི་གེ་ལ།། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི།། ་བཅོས་བུ་རས་ན་སྣ་ཚོགས་དང་།། རྒྱན་ཕྲེང་བྲོ་བའི་བཏུལ་བས་བསྐོར།། ཀླུ་ཚིག་བྲོ་གར་རོལ་མོ་ཡི།། སྤྲིན་དཔུང་ཚོགས་ཀྱིས་རབ་ཏུ་མཆོད།། ཡུམ་དང་འཇོམ་སེམས་མ་ཡིས།། ཇི་ལྟར་འདོད་པའི་ལམ་བཞིན་མཆོད།། དབྱིབས ་དང་ཁ་དོག་མཚན་ལྡན་པར། ། ཞལ་དུ་གྱུར་པའི་མེ་པོས་ལ།། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས།། ལམ་བཞིའི་མཆོད་པར་རབ་ཏུ་བྱིན།། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ།། ཤིན་ཏུ་ཕྲལ་སྦྱངས་པ་ཡིས།། བསམ་ཡས་དག་ལ ་འང་དེ་བཞིན་བྱ། ། རིག་པས་དཔག་པ་ཙམ་དུའོ།། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི།། སེམས་ཀྱི་ཡིད་བཞིན་སྤྲིན་ཚེགས་ཀྱིས།། ཕྱོགས་བཅཝ་ཐམས་ཅད་སངས་རྒྱས་ཞིང་།། མཉེན་འཇལ་རེག་ན་བདེ་བ་ཡི།། སྣ་ཚོགས་རིན ་པོ་ཆེ་ཡི་གཞི། ། མཛེས་པར་བྲིས་ཤིང་སྤྲས་པ་དང་།། ཀུན་འབྱུང་རིན་ཆེན་ཕུང་པོར་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒྱན་དང་དཔག་བསམ་ལྗོན་པའི་ཚལ།། ཀླུ་དབྱངས ་ཚིགས་སུ་བཅད་པའི་སྒྲ། ། བླ་རེ་རྒྱལ་མཚན་ན་བཟའ་གདུགས།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། བཟའ་དང་བཏུང་བའི་མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པ་ཡི།། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས།། བྲོ་གར་ལ་སོགས ་བསམ་ཡས་ཀྱི། ། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། སྐལ་ལྡན་ཀསལ་བའི་ཁྱད་པར་གྱིས།། རིམ་གྱིས་ཡང་ན་གཅིག་ཅར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི།། མཏོད ་པའི་ཕྱག་རྒྱ་ཆེན་པོར་བསྒོམ། ། གསལ་ལྡན་མ་འམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད།། མཉེས་ནས་གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན ་པོ་མཆོད་པ་ཡིས། ། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།། སྲིད་གསུམ་འགྲོ་བ་ཐམས་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་འགྱུར།། སྒྱུ་འཕྲུལ་དྲབ་བསྟན་པ་ཡིས།། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།། ་སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།། ལུས་ངག་སེམས་དང་ཆོས་ཐམས་ཅད།། གང་ནའང་མི་གནས་མི་དམིགས་པ།། མིག་གཡོར་ཚུལ་དུ་སྦྱོར་བ་ཡིས།། དམ་མཁའ ་ལ་ནི་ནམ་མཁའ་སྒོམ། ། ཀུན་བྱས་དབང་ཕྱུག་རིག་པས་འཇུག། དེ་ནས་སློབ་མ་གཞུག་པར་བྱ།། དེ་ནས་རིགས་ཀྱི་བུ་མཆོག་དེས།། རྒྱལ་སྲིད་དང་ནི་རང་གི་ལུས།། བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་།། ་ཡིད་འཐང་དབུལ།། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན།། དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན།། ཉེ་བའི་དཀྱིལ་འཁོར་སྤོས་ཅི་དགོས།། ཉེས་པ་ཐམས་ཅད་དག་པར་འགྱུར།། ང་བརྩོན་བརྟུལ་ཞུགས་རབ་རྟོགས་ནས།། ་ཕན་པའི་དབང་སྦྱིན་ནུས་པའི་དབང་།། རིམ་པ་བཞིན་དུ་སྦྱིན་པར་བྱ།། སྙིང་རྗེས་ཆུང་མ་ཟོས་པར་གཟུང་།། ཡང་ན་ཐལ་མོ་རབ་བསྣོལ་ནས།། ཕྱག་རྒྱ་ཆེན་པོའི་འཕང་དུ་ནི།། དཀྱིལ་འཁོར་འཇུག་གང་ཚད་དུ་བྱ།། མཁས་པས་ཚེ ་ག་བཞིན་དུ་བྱ། ། ཡང་ནས་གཞི་ར་བ་བསྙམས་ལ།། དཀྱིལ་འཁོར་ཁྲུ་ཀང་ཚད་དུ་བྱ།། ཡང་ན་ལུས་གང་ཚད་དུ་སྟེ།། ཡང་དཔུང་ནི། སུམ་གྱི་ཚད་པ།། པུར་བུ་སྲད་བུ་ཚོན་བྱད་དང་། ཀོས་རྒྱན་མཛེས་པའི་ཡིད་འོང་གྲོགས།། ཐིག་བདག་ཆོག་ཕུན་སུམ་ཚོགས། ་མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ།། ཡང་ན་ལུ་ནི་བཅུ་དྲུག་དང་།། ཉི་ཤུ་འམ་ཉི་ཤུ་རྩ་ལྔར་བྱ།། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ།། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད།། ཡང་ན་རྒྱང་གྲགས་དཔག་ཚད ་ཙམ། ། ནམ་མཁའི་དབྱིངས་ནི་བསམ་ཡས་པར།། སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་སྒོམ།། མ་མཐོང་རྨོངས་ལ་བསྟན་ཕྱིར་མཚོན།། ཁ་དོག་ཉི་ཤུ་རྩ་ལྔ་འམ།། ལྔ་ཡི་ཚོན་གྱིས་བྲི་བར་བྱ།། འདུལ་བའི་ཆོ་ག་བཞིན་དུ ་དགྱེས། ། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག། ཡི་གེ་འམ་བརྡའ་འམ་སྙིང་པོ་འམ།། ཕྱག་རྒྱ་འམ་སྐུ་གསུང་ཐུགས་ལྡན་པར།། བྱིན་བརླབས་ཡ་མཚན་སྤྲང་པོ་ཆེ།། འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ།། ས་ལས ་སོགས་ལ་ཕྱག་རྒྱར་བྱས། ། རྣམ་གྲོལ་རིམ་པ་ཐོབ་པར་འགྱུར།། དག་པའི་ཡེ་ཤེས་ཀྱིས་སྦྱངས་ན།། སྤོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། ་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། རང་སྣད་དབྱེར་མེད་དཀྱིལ་འཁོར་ལ།། འཇུག་པའི་མཚན་ཉིད་མཉམ་སྦྱོར་བས།། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས།། ཉེ་བར་གྱུར་པའི་དམ ་ཚིག་མཆོག། དཔག་བསམ་ཤིང་དང་ཡིད་བཞིན་གྱི།། རིན་པོ་ཆེ་དང་འབྱུང་བ་ཀུན།། དེ་དག་རྫས་ཡོད་མ་ཡིན་ཏེ།། རང་སེམས་བསོད་ནམས་བརྟན་པ་ཡིན།། ངོ་མཚར་ཆོ་འཕྲུལ་རྨད་པོ་ཆེ།། གཞན་ནས་ཡོད་འོངས་མ་ཡིན་ཏེ། ་ཐབས་ལ་བརྟན་པའི་ཤེས་རབ་ཉིད།། དེ་ལྟ་བུ་ཡི་དང་དུ་བྱུང་།། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད།། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ།། ཡེ་ཤེས་རོལ་པ་ཉིད་ཀྱང་གསོལ།། རྒྱལ་བ་མངོན་ཟུང་སྐྱོབ ་པ་དང་། ། བྱིན་བརླབས་སྟོན་པའང་དེ་བཞིན་ཏེ།། བྱ་བྱེད་ནུས་པའི་གཟི་བྱིན་གྱིས།། སྒྱུ་མ་རྡོ་རྗེ་པ་ཆེན་པོ་མཆོག། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན།། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།། མཉམས ་འཇུག་ལ་རབ་བརྩོན་པས། ། ཞག་ནི་སུམ་བཅུ་ཕྲག་དྲུག་གམ།། བཅུ་གཉིས་བཅུ་བཞི་བཅུ་དྲུག་གྲིས།། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ།། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས།། སྐུ་ལྔ་ལྷུན་གྱི་རྫོགས་པ་ནི།། ཡེ་ཤེས་ཐིག་ལེ་དེ་ཉིད་ལ།། ་ཡེ་ཤེས་ཐིག་ལེ་ཉིད་སྣང་བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའོ།། ཞིང་ཁམས་རྣམ་དག་བསམ་ཡས་པ།། རྒྱ་དང་བྲལ་བའི་གཞལ་ཡས་ཁང།། འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། ་དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན།། མཐོང་ནས་ཉེ་བར་མཉེས་པ་དང་།། རྒྱ་ཆེན་གསུང་ལས་དོན་འབྱུང་བ།། མཐུན་པའི་ཤེས་རབ་སྣང་བའོ།། གཅིག་དང་དུ་མར་བྲལ་བ་ཡི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སངས་རྒྱས ་ཀྱིས་ཀྱང་མི་གཟིགས་ཏེ། རང་བྱུང་ཡེ་ཤེས་གནས་མེད་སྣང་།། ལོག་པར་རྟོག་བརྟགས་རྣམ་དག་ཅིང་།། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར།། ཐུགས་རྗེ་ཆེན་པོས་འབྲེལ་བས་ན།། འགྲོ་དྲུག་དུས་གནས་མ་ལུས་སྣང་།། བདེ་བ་ཆེན་པོའི ་དཀྱིལ་འཁོར་ན། སྟངས་དབུལ་གཉིས་སམ་ཡང་ན་ལྔ། བྱས་ཏེ་དང་ལྡན་རབ་ཞུགས་ན།། འདོད་པའི་ཡིད་འད་མཉམ་པར་འགྱུར། རྒལ་བ་མཉམ་པའི་ཡ་ཤེས་དེ།། གཉེར་ན་ཉེ་བར་འབྱུང་བ་ཡིན།། ཡ་མཚན ་ཆེན་པོ་འབྱུང་བར་ངེས་དང་མེད་ཉམས་ན་ཕུང་པར་འགྱུར། ། ཞེས་ཆེད་དུ་བརྗོད་།། གསང་བའི་སྙིང་བ་དེ་ཁོན་ཉིད་ངེས་པ་ལས་རྡོ་རྗེ་བཀོད་པ་གསང་པད་མ་ཚིག་གི་ལེའུ་སྟེ་དགུ་པའོ།། ། དནཔ ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཚལ་པོ་སྦྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། བད་བའི་འབྲུ་ཚོགས་གསལ་བའི་དྷཱན། ་ལས་ནས་པད་མོར་བསྐྱལ།། རྩ་ནས་བསྟམ་ཞིང་དཀྱིལ་འཁོར་བསྒྱུར།། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་ལེའི་ངོ་བོ་ཉིད།། ཙཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས།། རིན་ཆེན་དཀྱིལ་འཁོར་གས་པ་དྨོ་ས།། ་གསང་བ་གསང་མཚོན་གསང་མཆོག་ལས། གསང་བ་ཀུན་ལ་མཉན་པར་བྱ། གསང་བའི་དོན་ཉིད་བརྟག་པ་ལས།། གཞན་དུ་སྨྲབ་བྱ་བ་ཡིན།། གསལ་བའི་འཁོར་ལོ་གཞལ་ཡས་སུ།། གསལ་བའི་ཐིག་ལེ་ངོ་བོ་ཉིད།། ཡཾ ་ཕྲེང་བའི་ཚོགས་མཆོག་ལས། ། རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་བསྟིམ།། ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་།། རྒྱལ་བ་ཐམས་ཅད་མཉེས་མཆོད་ལ།། རྒྱལ་བ་ཀུན་དང་མཉམ་པར་འགྱུར ་ལག་པའི་འཁོར་ལོག་ཞལ་ཡས་སུ། ། གསལ་བའི་ཐིག་ལེ་ངོ་བོ་ཉིད།། དྷཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས།། ལས་ཀྱི་དཀྱིལ་འཁོར་གསལ་སྤྲོཿས།། ཨོཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས།། ལས་རྣམས་མ་ལུས་ཀུན་གྱིས་ཤིག ་པོ་ཉ་མང་པོའི་འདྲ་ཕྲོ་ཀུན། ། ཁྱོད་ཀྱི་དགོས་པ་བྱེད་པ་ཡིན།། སྤུ་བྱེད་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་ལེའི་ངོ་བོ་ཉིད།། དྲི་ཡི་ཕྱག་རྒྱའི་ཚོགས་མཆོག་ལས།། ཚོགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐམ།། ཨོཾ་ས་ཀྱི་ད ་རྩི་བླ་མེད་ཀྱིས། ། དང་ལྡན་སྐྱེས་བུ་ངོམས་པར་བྱོས།། རབ་འབྲིང་ཐ་མའི་བློ་ཅན་ལ།། འཐུན་པའི་གསང་བསྒྲགས་གཞན་དུ་མིན།། བསྐྱེད་ཆེན་འཁོར་ལོའི་གཞལ་ཡས་སུ།། གསང་བའི་ཐིག་ལེའི་ངོ་བོ་ཉིད།། ཧཱུཾ་ཨོཾ་སྭ་ཨཾ་ཧ་རྣམས་ལས ་ཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། ། ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད།། སློབ་དཔོན་མཉེས་པར་མ་བྱས་ཤིང་།། དབང་རྣམས ་ཐོབ་པར་མ་བྱས་པར། ། ཉན་པ་ལ་སོགས་རྩོམ་པ་རྣམས།། འབྲས་བུ་མེད་ཅིང་རླག་པར་འགྱུར།། དབུ་རྒྱན་ཅོད་པན་ཕྲང་བ་དང་།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་།། གདུགས་དང་བུམ་པ་བཟའ་བཏུང་དང་།། སྙིང་པོ་ལྔ་ཡིས་དབང་བསྐུར་ན།། ་དུས་འདི་ཕྱིན་ཆད་རྒྱལ་བའི་སྲས།། ངན་སོང་ཐམས་ཅད་མེད་པ་དང་།། ཚེ་རིང་བདེ་སྐྱིད་ཕུན་སུམ་ཆོག། མཐོ་རིས་ཐར་པའི་བདག་པོར་འགྱུར་ཞེས་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དབང་སྦྱིན་པའི་ལེའུ་སྟེ ་བཅུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། ་བྱིན་གྱིས་བརླབས་དང་མངོན་སུམ་པར།། རབ་ཏུ་རྟོགས་པ་རྣམ་བཞི་ཡིས།། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།། ཡན་ལག་དབང་པོ་རྣམ་ཤེས་ཀུན།། རྣམ་སྨིན་ཨོ་དུ་ཤེས་པར་བྱ།། རྫོགས་པའི་དཀྱིལ་འཁོར་ཉིད་དུ་སྒོམ།། ཡང ་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། ། གཟུགས་སྒྲ་དྲི་རོ་རེག་ལ་སོགས།། རྣམ་སྨིན་མུམ་དུ་ཤེས་པར་བྱ།། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ།། ཡང་ན་ཁྲོ་མོའི་དཀྱིལ་འཁོར་སྒོམ།། གོས་རྒྱན་བཟའ་བཏུང་ཀླུ་དང་ཆག། ཕྲ ་གར་ཚོགས་ཀྱི་སྤྲིན་ཕུང་གིས། ། ཧུ་དུ་ཤེས་པས་རབ་སྤྱད་ན།། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས།། ལྷ་མོ་ཀླུ་མོ་རིགས་ངན་མོ།། དབྱེའམ་ཡང་ན་མི་དབྱེ་བར།། བསྙེན་པ་དང་ནི་ཉེ་བསྙེན་པོ།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། ་ཡུམ་གྱི་པད་མའི་དཀྱིལ་འཁོར་དུ།། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ།། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ།། དགྱེས་མཉམ་ཚོགས་ཀྱི་སྦྱིན་པས་བསྟིམ།། བསྒྲུབ་པའི་ཉི་ཟླའི་དཀྱིལ་འཁོར་དེ།། དཀྱིལ་འཁོར ་ལྕེ་ཡིས་བླང་། ། མཁའ་འགྲོ་གས་ལ་འབར་ཚེ་ལ་སོགས།། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར།། ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས།། ཉི་ཟླའི་སྟེང་དུ་མངས་པས་བཞག། ང་རྒྱལ་ལག་གི་འདུ་བྱེད་བསྒོམ།། ཏྲཱཾ་དུ་གྱུར་པས། ་རྣམ་པར་དག། དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར།། སྐུར་འགྱུར་འོད་ཟེར་འཕྲོ་བས་བརྗིད།། གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ།། ངོ་མཚར་ངན་འགྲོ་ཐར་པའི་ཐབས།། ཡེ་ཤེས་སྐྱེ་མེད་དེ་བཞིན་ཉིད།། སྔ་མར་སྣང་བ་མི་གཡོང ་ཚུལ། ། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་།། རྡུལ་ཆ་ཙམ་ཡང་གོས་པ་མེད།། སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང་།། མཉམ་གཉིས་ལྷག་པའིའམཉན་གཉིས་ཀྱིས།། དཀྱིལ་འཁོར་ཀུན་དུ་བཟང་པོའི་ཞིང་།། བྱེད་སྤྱོད་ཚོགས་ཆེན་གཉིས ་གྱུར་ནས། ཡན་ལགམ་ཉམས་ཡོ་བྱད་ལྡན།། ཆོ་ག་རྫོགས་པར་ཤེས་པ་ཡིས།། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས།། ངེས་པར་ལེགས་པའི་དགོས་པ་འགྲུབ།། ལྔ་དང་ལྔ་ཡི་སྦྱོར་བ་ཡིས།། ཚེམ་བུ་ལྔ་ཡི་ལྷ་བཀོད ་ལ། ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ།། འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ།། དེ་བཞིན་རིགས་དང་རྡོ་རྗེའི་རིགས།། པད་མའི་རིགས་ཏེ་སྐུ་གསུང་ཐུགས།། ཁྲོ་བོའི་ཚོགས་དང་ལྡན་པ་ཡི།། ཆོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ།། རིམ ་ཀྱི་རིགས་ཏེ་རིགས་ཀྱི་གཙོ། ། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག། ཁྲོ་བའི་ཚོགས་དང་ལྡན་པ་ཡི།། ཚམ་བུ་གཅིག་པའི་ལྷ་རྣམས་བསྒོམ།། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང་།། ཕོ་ཉ་ཕྱག་བསྟན་བཀའ་ཉན་ཚོགས།། ཅི ་བགྱི་ལ་སོགས་ཚོགས་རྣམས་ཀྱིས། ། དངོས་གྲུབ་ལས་རྣམས་རྫོགས་པར་བྱེད།། རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི།། མཉམ་རྫོགས་ལྷུན་གྲུབ་གདང་གནས་ཤིང་།། སྤྱོད་པ་ཅི་ལ་འང་ཐོགས་མེད་པ།། ཐམས་ཅད་ཡེ་ནས ་དབྱེར་མེད་པའོ། ། རྡོ་རྗེ་རིགས་སུ་ཐམས་ཅད་དཀྱིལ།། འོད་འབྲོ་འབར་བར་རབ་ཏུ་བསྒོམ།། ཆགས་མེད་ཚུལ་དུ་བསྟིམ་པར་བྱ།། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ།། ཡང་ན་སྐུ་གསུང་ཐུགས་ཉིད་དེ།། ཐམས་ཅད་མ་ལུས་སུ་གསུང ་ཐུགས། ཏིང་འཛིན་གསལ་བར་འོད་ཟེར་འཕྲོ།། གཉིས་མེད་དབྱིངས་ཀྱི་དང་དུ་ཐིམ།། རིགས་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར།། དཀྱིལ་འཁོར་མ་ལུས་འབར་བར་འགྲུབ།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། རྡོ་རྗེ་རིགས་སུ་རྩེ ་པའི་གནས། ། སྔགས་འཆང་དངོས་གྲུབ་ཡང་དག་ནི།། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ།། ཆགས་པ་མེད་པའི་ཚུལ་གྱིས་སུ།། འོད་ཟེར་རྣམ་པ་མང་པོ་འཕྲོ།། གཉིས་སུ་མེད་པར་བསྟིམ་པར་བྱ ་དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། ། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས།། དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ།། སེམས་དཔའ་སེམས་མ་ཉིད་དུ་བསྒོམ།། སོ་སོའི་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་ཡང་དག་སོ་སོར་གསལ ་གནས་དང་ལོངས་སྤྱོད་ཅི་བདེ་དང་། ། མ་ཉམས་བློ་ནི་རབ་ལྡན་པས།། དང་པོ་དམ་མནོས་བཞིན་དུ་བྱ།། ལེ་ལོ་སྒྱིད་སྙོམས་མེད་པ་ཡིས།། ཐེ་ཚོམ་མེད་པར་བསྒྲུབ་བྱས་ན།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། རྡོ་རྗེ་གསང ་མཆོག་དམ་པ་ཐོབ། ། བསྒྲུབ་པའི་ཞག་དང་ཚེས་གྲངས་ནི།། རྒྱུད་ལས་སྨོས་པ་བཞིན་དུ་བཤད།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། གསད་པའི་སྙིང་པོ་དེ ་ཁོ་ན་ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར་གྱིས་ལེའུ་སྟེ་བཅུ་གཅིག་པའོ། ། །། དེ་ནས་དེ་བཞིན་གཤེགས་དགྱེས་པ་ཆེན་པོས་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི།། དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན།། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས།། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར།། ཀླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས།། ཆོས་ཀྱི ་དངོས་གྲུབ་ཐོབ་པར་འགྱུར། ། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས།། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ།། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས།། ཡིད་བཞིན་ཀུན་དང་བདུད་རྩི་འགྲུབ།། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས།། ཐམས ་ཅད་ཐམས་ཅད་འགྲུབ་པར་འགྱུར། ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས།། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན།། རུས་མཐུ་ཅན་དུ་གང་གྱུར་པ།། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས།། མེ་དང་ལྷ་དང་ཚངས་པ་ཡི།། སྐྱེ་བ་རྣམ ་དག་འཛིན་མོད་ཀྱང་། ། ཁྱད་པར་ས་ལ་གནས་འགྱུར་ཡིན།། ཕ་རོལ་ཕྱིན་པ་ཀུན་དུ་རྫོགས།། ཐབས་དང་ཤེས་རབ་ཐབས་ཀྱི་མཆོག། ཤེས་རབ་མཆོག་གི་མཆོག་འགྱུར་བ།། ས་ཡི་ཁྱད་པར་བཅུ་དང་གསུམ།། རྒྱུ་འབྲས་ཁྱད་པར ་ལྷུན་གྱིས་རྫོགས། ། མཁའ་དཀྱིལ་དག་པའི་དབྱིངས་ཉིད་ཟླ།། ཡེ་ཤེས་རྒྱལ་པོ་སྟངས་དབྱལ་བསྒོམ།། རྒྱལ་འིའི་དཀྱིལ་འཁོད་མཐའ་ཡས་ཀུན།། མ་ལུས་པར་ནི་བསྒོམ་པར་འགྱུར།། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་།། རྫོགས་པའི་སངས ་རྒྱས་རྙེད་མི་འགྱུར། ། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།། སངས་རྒྱས་གཞན་ན་མ་ཚོལ་ཅིག། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། ཆོ་ག་ལྷག་གམ་མཚད་ཡང་།། སྐྱོན་ཉིད ་ངག་སྟེ་ཉེས་པ་མེད། ། ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ།། གསང་བའི་སྙིང་ཟེ་ཁོ་ན་ཉིད་ངེས་པ་ལས་ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ ་པ་ཧཡོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཅིག་ཏུ་འདུས་ནས་དགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན ་དུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། མེ་ཏོགས་པ་དང་ལོག་པར་རྟོགས།། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། འདུལ་བ་དགོངས་པ་གསང་བ་དང་།། རང ་བཞིན་གསང་བའི་དོན་རྣམས་ནི། ། ཡི་གེ་སྒྲ་རྟགས་མིང་ཚོགས་ལས།། བརྟེན་པའི་ཚིག་གིས་རབ་མཚོན་ཏེ།། ཁོང་ནས་གབ་སྦས་དོན་འབྱིན་པ།། སྟོན་པ་རྡོ་རྗེའི་ཐུགས་ལ་གནས།། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས།། དཀྱི ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། ། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ།། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག། གཡང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས།། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ།། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ།། ་བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོ་གས།། དབང་པོ་ཡུལ་དུས་རིག་པ་རྣམས།། ཀུན་དུ་བཟད་པའི་དཀྱིལ་འཁོར་ལ།། བདག་ཉིད་ཆེན་པོ་ལྷག་པ་ཡིས།། ཐུགས་ཀྱི་ཡེ་ཤེས་ལྔས་བལྟས་ཤིང་།། སྙིང་པོ་ཐིག་ལེ་མཉམ་སྦྱོར་བ།། བདེ་བའི་ཡེ་ཤེས ་རོལ་མོ་ཡིས། ། ཡེ་ཤེས་དགྱེས་ལ་མཆོད་པ་དབུལ།། ཟག་པ་མེད་པའི་བསོད་ནམས་ཀྱིས།། ཡེ་ཤེས་སྒྱུ་མར་རང་སྣང་བའི།། རོལ་མོ་དཀྱིལ་འཁོར་མཐའ་ཡས་མཆོག། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། དེ་ནི་སངས་རྒྱས་ཀུན་གྱི ་དངོས། ། ཕྱོགས་བཅུ་དུས་བཞི་མ་དོན་རྫོགས་པའི།། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས།། མ་ལུས་བདག་ཉིད་ཞལ་མཐོང་བའི།། དབང་སྒྱུར་མཆོག་ཉིད་དམ་པ་ཡིན།། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད།། རྫོགས་པའི་དཀྱིལ་འཁོར ་ལྷུར་གྱི་གྲུབ། ། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས།། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས།། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་།། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མཆོག། སྒྱུ་མའི་དཀྱིལ་འཁོར་སྒྲོལ ་བ་ཡིས། ། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད།། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ།། ཐོས་བསམ་བསྒོམ་ལ་མཉམ་སྦྱོར་གྱིས།། རང་འབྱུང་ཀུར་ངོ་ལ་ལྷུན་གྱིས་གྲུབ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས།། འདའ་བར་མི་མཛད ་དམ་ཚིག་མཆོག། གང་ཞིག་འདི་ལ་མོས་འགྱུར་བ།། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས།། ཕྱོགས་རུས་ཀུན་ནས་ཐམས་ཅད་དུ།། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི།། ཉེ་བའི་སྲས་སུ་དགོངས་པར་འགྱུར།། སྐལ་པ ་ཞིང་གི་རྡུལ་སྙེད་དུ། ། ཤིན་དུ་སྦྱངས་ལ་རབ་གནས་པའི།། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི།། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། འདས་དང་ད་ལྟར་བྱུང་བ་ཡི།། རྒྱལ་བའི ་དཀྱིལ་འཁོར་མ་ལུས་པ། ། ། བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས།། འབྱུང་དང་མ་འོངས་ཐམས་ཅད་ཀུན།། འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར།། འདི་ནི་གསང་ཆེན་ངེས་པ་ཡི།། འབྲས་བུ་ལམ་དུ་གྱུར་པར་ཡིན།། རྒྱལ་བའི་དཀྱིལ ་འཁོར་མ་ལུས་ལ། ། འདི་ལས་གསང་བའི་ངེས་དོན་མེད།། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ།། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག། ཐོས་བསམ་བསྒོམ་ལ་རབ་སྤངས་པའི།། ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་།། སྣོད་ལྡན ་ང་ཚུལ་བཟང་ལ་བསྟན། ། ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན།། གཞན་དུ་ནམ་ཡང་སྦྱིན་མི་བྱ།། རྨོངས་ལ་ཕྱིར་བས་གལ་ཏེ་བྱིན།། དུས་མིན་པར་ནི་སྲོག་ཟད་ནས།། བསྲེགས་དང་སྦྲེབས་པ་ཡུན་རིང་གནས།། ཞེས་དེ་བཞིན ་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་དུ་གསང་བ་མན་ངག་གི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད ་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། ། ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ།། བསོད་ནམས་ཀྱིལ་འཁོར་སྐུ་ཡི་ཚོགས།། སྣང་སྟོང་ཐིག་ལེ་ཀུན་དུ་རྫོགས་སོ།། ཨོཾ་རྡོ་རྗེ ་བསོད་ནམས་ཐིག་འི་ཆེ། ། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན།། རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ།། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཏོཿ། ཨོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ།། ཡོན་ཏན་ཕྲིན་ལས་ཀུན་དུ་རྫོགས།། ཡེ་ནས་ལྷུན་རྫོགས་ཀུན་དུ་བཟ ་འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཏོ། ། ཨོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས།། མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ།། མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ།། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་དྷོཿ། ཨོཾ་ཕྱོགས་བཅཝ ་འཇིག་རྟེན་རྡུལ་སྙེད་དུ། ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད།། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས།། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ། ཨོཾ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས།། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ།། སྐུ་གསུང ་ཐུགས་ཀྱིས་ཀུན་དུ་ཁྱབ། ། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ།། ཞེས་ཆེད་དུ་བསྒྲགས་སོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དོ། ། ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་དང་བྲལ ་བ་དག་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཚལ་ནས། ། རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ།། དེ་རབ་ཏུ་ཚ ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང་། འདི་བས་ཤིན་དུ་གྲང་ཡང་ཅི་མ་རུང་སྙམ་པའི་མོདོ་ལ་རབ་ཏུ་སླེབས་པ་དང་།། པད་མ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་ཉེན་པ། དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས ་པ་བརྒྱད་དང་། ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་དུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅི། བསྐལ་བ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཉམས་སུ་མྱོང་ངོ་།། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་ཡི་དགས་ལྟོགས་པ་དང་། སྐོམ་པའི་སྡུག་བསྔལ ་གྱིས་ཉེན་པ་དང་། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་གྱུར་པ་དང་། ཡོད་མེད་པར་ཡང་གྱུར་ཅིང་ཤིན་དུ་རརིད་ཅིང་སྐམས་པ་དང་། ལུས་དང་ཡན་ལག་དང་། དབང་པོ་མ ་འཚམ་པར་གྱུར། བསྐལ་པ་ཆེན་པོ་དྲུག་དུ་སྐྱེས་སོ།། དེ་ནས་ལས་ཀྱི་སྒྲིབ་པ་རྫུན་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་སྔོན་གྱི་སྲིད་པས་མཚམས་སྦྱར་ནས། ཡི་དགས་སྲིན་པོར་བཅུ་གཙུག་པ་གཏུར་ལོ་རུ་མིནང་འགོ་ཏུ་བ་དང་།། ་མགོ་སྣ་ཚོགས་པ་དང་། ལུས་བརྒྱལ་མགོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ཚོགས་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་དང་། འཁོར་རབ་ཏུ་མང་པོ་དང་། འཇིག ་པའི་གཟུགས་སྣ་ཚོགས་དང་། འཇིགས་པའི་ང་རོ་སྐྲ་སྐད་སྣ་ཚོགས་པ་སྒྲོགས་པ་དང་། གཟུགས་དང་། ད་རོ་དང་དྲི་དང་། ཁ་རླངས་ཀྱིས་ཐམས་ཅད་ཀྱི་བུད་ཞེས་བྱེད་པ་དང་། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བའི་དང་ཚ་བའི་དབུགས ་ཀྱི་ཕྱོགས་བཅུ་ཀུན་དུ་ཁམས་འཁྲུག་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་མཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིགས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ།། དེ་སྔོན་བསྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཆེན་པོའི་རྡོ་རྗེ་བཀོད་པ་སྒྱུ་འཕྲུལ་དྲ་བས ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་གཟི་བརྗིད་ཆེན་པོ་བསྟན་པའི་ཕྱིར། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།། གསུང་དང་ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་འདས་དགྱེས་པ་ཆེན ་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཆེན་པོ་རྣམ་པར་སྤྲོས་པའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་མངོན་དུ་བྱུང་སྟེ། ཧི་ཧི་དགྱེས་པའི ་གཟིམ་དངས་ཀྱིས་པད་མ་རྒྱས་པར་མཛད་ནས་ནི་གཉིས་སུ་མེད་པར་དགྱེས་པའི་འཁྲིལ་བ་ཐིམ་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱ་ཧཱ་ཧཱུཾ་བཾ་ཤྭ་བཛྲ་ཀྲོ་དྷ་ཛ་ལ་མ་ཎ་དྲལ་ཕཊ་བཊ་ཕཊ་ཏ་ཧ་ཨ་ཏ་བ་ཧཱུ~ཾདྷཱུ་པཿ། ཞེས་བརྗོད་པས། འཇིག་རྟེན ་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཁྱབ་པར་གྱུར་ཏོ། ། ཁྲོ་བོ་དཀྱིལ་འཁོར་གྱིས་ཚེགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ ་གཡོས། ། ཀུན་ཏུ་གཡོས་སོ།། འུ་འ་རབ་ཏུའུར་རུང་། ཀུན་དུ་རབ་ཏུའར་འུར་རོ།། ཆེ་མཆེ་མ་རབ་ཏུ་ཆེམ་ཆེ་མ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། ཤིག་ཤིག། རབ་ཏུ་ཤིག་ཤིག། ཀུན་ཏུ་རབ་ཏུ་ཤིག་ཤིག་གོ།། གཏོར་གཏོར་རབ་ཏུ་གཏོར་གཏོར། ཀུན་ཏུ ་རབ་ཏུ་གཏོར་གཏོར་ངོ་། ། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་། ཁམས་ན་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་བརྒྱལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན ་པོ་ཉིད་འཇིག་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐྱེ་བུད་ནེས་བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་གནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུས་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད ་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱིས་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བ་སྐུམ་དུ་བཞུགས་སོ།། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི ་ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ། ལྷོ་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པད་མར་གྱུར་ཏེ་ནུབ་ཕྱོགས ་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ།། དེ་དག་ཀུན་ཀྱང་འཇིག་བྱེད་ཆེན་པོའི་ཆ་ལུགས་དང་། རྔམ་པའི་ང་རོ་དང་། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང ་གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་ལ་སོགས་པ་ཁྱོད་ཤུག་གིས་གདན་བྱས་པ་ལ་བཞུགས་སོ།། བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུལ་འཁྱིལ་བའི་ཚུལ་གྱིས་བཞུགས་སོ།། རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ ་སྟེམ་ཏེ་བསྡུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ཏེ། དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པོའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས ་པ་བསྟན་ནས་མགྲིན་གཅིག་ཏུ་གདུག་པའིང་རོས་གླང་པོའི་གཏུམ་ཆོག་ཏུ་སྨྲས་པས། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཤིན་དུ་གདག་པའི་སེམས་ཀྱིས་ཁྲོས་ནས་རྔམ་མོ།། ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་ནས། ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་དུ་ཁྲོས་ནས་རྔམ་པའི་སྐད་ཀྱིས། ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཏི་ཁཱ་ཧི། ཞེས་བརྗོད་པས ་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོའི་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང་། ནང་གྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་གཏུབས་ནས་ཁྲག་ཀུན་འཐུངས་ནས་ཕུས་ཀུན་འཆོས་སོ།། དེ་ནས་ཧཱུཾ ་ཏཱ་ཧཱུཾ་བྷྱོ་ཨེ་ཨར་ལི་ཛ་ཛ་ཞེས་བརྗོད་པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་འབྲུ་གཅིག་ཙམ་གྱི་ནང་དུ་ཆུད་པར་བསྡུས་སོ།། དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ་དྲག ་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྔོ་མོའི་ཡང་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་འཁྲུག་མོ་དང་དབང་མོ་དང་། འཇུག་སྲིང་མོ་དང་། གནོན་ནུ་མ་དང་། དམར་མོ་དང་བདུད་རྩི་མོ་དང་། ནི ་བ་མོ་དང་། པོ་ཆེན་མོ་དང་སྲིན་མོ་དང་། ཟབ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་པ་དང་། གཅིག་བུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན ་བྱེད་མ་དང་། སྣ་ཚད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་མར་ཆེན་མོ་དང་། བྲམ་སྣ་སྔོནག་མོ་དང་། གསུས་འཛིན་སེར་ནག་ཆེན་མ་ལ་སོགས་པ་བྲན་དང་། ཡང་བྲན་དང་། གཡོག་དང་ཡང་གཡོག་དང་། ་ལོལོ་ཤིང་གི་རྡུལ་སྙེད་བསྡུས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོ་སྣང་བར་བྱས་ནས། དེ་དག་ཀུན་གྱེས་པར་རོལ་པའི་དཀྱི ་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་།། ཨོཾ་ཧཱུཾ་ཨཱཾཿབཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་ཤིན་དུ་ཆགས་པའི ་ཡིད་གཡོས་ནས་པད་མའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་ཚངས ་མ་དང་། འཁྲུག་མོ་དང་། དཔད་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞིབ་མོ་དང་། བེ་ཆེན་མོ་དང་། ཟབ་མོ་དང་སྲིན་མོ ་རྣམས་འཁྲིལ་ལོ། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི་སྐུལ་ཁྲག་གིས་མྱོས་མ་དང་། གཅིག་བུ་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག ་བཐུང་ཆེན་པོ་ཀུན་དུ་ལས་ཀྱི་སྐུ་ལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཚད་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ལོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེ་དག་གི་ཧཱུཾ་ཞེས་བརྗོད་པས ་པད་མའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་བརྩམ་པར་གྱུར་ཏོ། ། དེ་ནས་དཀྲིས་ཏེ་ཧ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་དཀར་མོའི་ཚོགས་དང་། ཀུན་པོའི་ཚོགས་དང་། རྨོངས་མོ ་ཚོགས་དང་། ཐལ་བྱེད་མའི་ཚེགས་དང་། སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དརྨེ་ཤ་ཅན་གྱི་ཚོགས་དང་། མ་ཚོགས་མའི་ཚོགས་རྣམས་རང་རང་གི་ཤ་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་ཏོ།། འཐོན ་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག་ཆ་དང་བཅས་ནས་འབོད་དོ། ། དེ་ནས་ཤིན་དུ་གྱེས་ཧེ་ཧེ་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་མོས ་ཚོགས་དང་། སྟག་གདོང་ཆེན་མོའི་ཚེགས་དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། གཞད་གདོང་ཆེན་མོའི་ཚོགས་དང་། ཀང་ཀའི་གདོད་ཆེན་མོའི་ཚོགས་དང་། ངུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི། ་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་། ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ།། འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ།། དེ་ནས་ཤིན་དུ ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་པར་བྱས་ནས་ཕཊ་ཅེས་བརྗོད་པས་རྡོ་རྗེ་སྲིད་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོད་མིའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་ས་མི་།། རྣས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས། ་འཐོན་པར་གྱུར་ཏོ།། འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཤིན་དུ་རྔམ་པའི་གཟུགས་ཀྱིས་གནས་སོ།། དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས། མ་མོ།། ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོ་བདུད་རྩི་ཆེན་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། ཨོཾ་བཛྲ་མ་ཏ་ཨ་མྲི་ཏ་མ་ཧཱ་ཀྲོ་དྷ་ཨེ་ཨཾ་ཨཾ་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི ་སྣམས་ནས་གཏེན་ནས་མི་གཙང་བའི་འདམ་གྱི་རྒྱ་མཚོ་ཆེན་པོར་ཆུད་པ་ལས་སྣུམ་ནས། ཁྲོ་བོ་ཨུ་ཙུསྨ་ཀོ་དྷ་ཕྱུང་ནས་འདམ་ཁུ་ཀུན་འཐུངས་པས་དྲན་པ་སླར་རྙེད་དེ། ཁྲོ་བོའི་དཀྱིལ་འཁོར་གྱིས་ཚོགས་དེ་དག་ཐམས་ཅད་ཀྱང་དབུ་དགུ ་བརྒྱ། ། ཕྱག་སྟོང་བརྒྱད་བརྒྱ་ཞབས་བརྒྱད་རཿ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་།། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི ་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། ། དེ་ནས་དེ་དག་ཤིན་དུ་འདང་ཞང་རབ་ཏུ་ཟད་ཅིང་ཞུམ་པའི་དངོས་སྤྲས་པའི་ཚིག། འབངས་སུ་མཆི་འབངས་སུ་མཆི། འབངས་སུ་ནན ་ཏན་མ་བགྱིས་ན། མགོ་དང་ལུས་ནི་བརྒྱར་འགས་ཤིང་། སྙིང་ཡང་འགས་ཤིང་བཏུབས་འགྱུར་ཅིང་།། ལ་ཕྱོགས་ཚིག་ནས་བརླག་པ་དང་། དམྱལ་བར་ལྷུང་ནས་འབོད་པར་ཤོག། ཅེས་འབངས་སུ་མཆི་བར་མ་ནས་བོར། ་ནས་དཀྱིལ་འཁོར་གྱི་གདན་དུ་གཞག་གོ། ཐམས་ཅད་ཀྱིས་མགྲིན་ཅིག་ཏུ་སྨྲས་པ་བདག་ཅག་རྣམས་ཀྱི་མཆིས་བྲང་དང་། མ་དང་སྲིང་མོ་བུ་མོ་རྣམས་དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། དཔའ་བོ་ལྷ་རྗེས་བཞེས། ་སུ་གསོལ།། བདག་ཅག་སོ་སོའི་འཁོར་བཅས་ཀྱིས།། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི།། མིང་ཙམ་འཛིན་པར་བྱེད་པ་ཡང་གཙུག་གི་ནོར་བུ་འབར་བ་ལྟར། གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། སེམས་ཀྱིས་བླངས་ཏེ་སྟྭཾ། ་བོ་ཡིས། གཙུག་ཏུ་གཞག་ཏེ་བཀུར་བར་བྱ། དེ་ཡི་དགོས་པ་ཅི་ཡང་རུང་། མ་ལུས་རྫོགས་པར་བདག་ཅག་སྒྲུབ། གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། སྨྲས་པ་བཞིན་དུ་མ་བཞིས་ན་བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། ་བཀས་བཏུབས་དུམ་བུར་རུལ་བར་མཆིས་ཞེས་སྨྲས་སོ།། དེ་ནས་དེ་དག་གི་ཆུང་མའི་ཚིགས་དང་། སྲིད་མོ་དང་མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་ཅིག་ཏུ ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན།། དཔའ་བོ་ཆེན་པོའི་འབངས་སུ་མཆི།། དཔའ་བོ་ཆེན་པོ་བདག་ཅག་རྣམས་ལས་ཀྱི་དངོས་གྲུབ་སྐུལ་དུ་གསོལ་ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པཆན ་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀོད་དོ། ། གསང་བའི་སྙིང་པོ་འོན་ཉིད་ངེས་པ་ལས་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྤྲིན་རྣམ་པར་སྨོས་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། ། ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དགདམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་བཙུན་མོའི་ཚོགས་དང་བཅས་པ་དེ་དག་གིས་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ཡེ་ཤེས་རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧི་རུ་ཀ་མ་ཧཱ་ཙཎ་ཌ་སརྦ་དུཤྩི་ཏ་ཀ་ཧ་ན་ད་ཧ་བ་ཙ་ཧཱུཧྞཧཱུ~ཾ་ཕཊ། ཨོཾ་བཛྲ་མཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎ་ཌ་སརྦ ་ཥྚཾ་ཏ་ཀ་ཧ་ན་ད་ཧ་བ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རད་ན་མ་ཧཱ་ཤཱི་ཧེ་རུ་ཀ་མ་ཧཱ་ཙན་ཌ་སརྦ་དུཥྚཱཾ་ཏ་ཀ་ཧཱ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པད་མ་མ་ཧཱ་ཤཱི་ཧེ་རུ་ཀ་མ་ཧཱ་ཙིཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ ་ཙན་ཌ་སརྦ་དྲཥྛི་ཏ་ཀ་ཏན་ཧཱུ་པ་ཙཏཱ་ཏྲཱ་ཧཱུ~ཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ས་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚཧཱུ~ཾ་བཛྲ། ཨོཾ་མ~ཾ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཧྲཱིཿ། རཱི་ཛྭ་ལ་ནི་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ་སྱརྱ་རད་ནས་ཧཱ་ཀྲོདྦྷ་ཤྭ་རོ་བོ་དྷམ་ཧཱུ~ཾ་ཕཊ། ཨོཾ་ཧྲྀ་ག་ཏཱ་ས་མ་ཏ ་པད་མ་མ་ཧཱ་ཀྲྀ་དྷིཤྭ་རཱི་ལ་ཧི་ཧྞཱ་ཕཊ། ཨོཾ་སརྦ་ཨ་མོ་ག་ཀརྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤ་ཏྲཱ~ཾ་བཊ། ཨོཾ་བཛྲ་ཀེའུ་རིཧྣ། བཛྲ་ཙེ་འུ་རིཏ། བཛྲ་པྲ་མོ་ཧ། བཛྲ་བེ་ཊ་ལི་ཧི། བཛྲ་ན་ཎ་ཌ་ལི་ཧ། བཛྲ་པུཀ་སོ་ཧི། བཛྲ་གམྦ་རིཿ། ་སྨ་ཤ་ནི་ཏ། བཛྲ་སྲིད་ཧ་མུ་ཀ་ཧ~ཾ། བཛྲ་བྱ་ཀྲི་མུ་ཀ་ཧེ། བཛྲ་སྲིལ་མུ་ཀ་ཧེ། བཛྲ་ཤོ་ན་མུ་ཀ་ཧེ། བཛྲ་གྲི་ཏ་མུ་ཀ་ཧེ། བཛྲ་ཀཾ་ཀ་མུ་ཀ་ཧེ། བཛྲ་ཝ་ཁཱ་མུ་ཀ་ཧེ། བཛྲ་ཧུ་ལུ་མུ་ཀ་ཧེ། བཛྲ་ཨརྱ་ཏེ་ཛ་ཏེ་ད་ཛཿབཛྲ་ཨ་མུ་ཀ་ཧཱུཾ། ་བཛྲ་ལོ་ཀ་བཾ། བཛྲ་པ་སྨི་པ་ལ་ཡ་པ་ཏི་ཧོཿ། བྷྱོབྷྱོ་བྷྲྀ་བྷྱོ་བྷྱོ་བྷྱོ་བྷྱོ།། བྷྱོཎྱོ་ཎྱོ་བྷྱོ་བྷྱོ་བྷྱོ་བྷོ།། བྷྱོཎྱོ་བྷྱོ་ཛྱོ་བྷྱོ་བྷོ་བྷྱོ།། བྷྱོ་བྷྱོ་བྷྱོ་ཎྱོ་བྷྱོ་བྷྱོ་བྷོ།། ཨོཾ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧ་ཧི་ཨ་ན་ཡ། ཛཿཧཱུཾ་བཾ་ཧོཿོཾ་བཛྲ་ཀོ་དྷ་ས་མ་ཡ་ཧཱུཾ། ་ཨོ་ཁྲོ་ལ་ཁྲོས་པས་ནི་མཛད་པ།། ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས།། འབར་བའི་བྱིན་རླབས་སྤྲང་པོ་ཆེ།། དེ་ཉིད་དུ་ནི་བདག་ལ་སྩོལ།། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ།། བཛྲ་ཀྲོ་དྷ་ས་མ་ཡ་ཧོ།། བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨ ་ལི་ཨཱ་ལི་ཏ་བི་དང་ལི་དཾཥྚི་ཀོན་རོའུ་དྲི་ཁ་ར་པ་ཡོ་ནི་ཁཱ་ཧི་ཧོ། ། བྷཱུཾཧཧེ་ཕཊ་བྷྱོ།། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀུན་ཚིག། རབ་ཏུ་ཚིག་ཀུན་ཏུ་རབ་ཏུ་ཚིག་གོ།། འབར་རབ་ཏུ་འབར། ཀུན་དུ ་རབ་ཏུ་འབར་རོ། ། ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་དུ་རབ་ཏུ་གང་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚིགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས ་པའི་ལེའུ་སྟེ་བཅུ་དྲུག་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ།། འབར་བའི་འཁོར་ལོ་རྩིབས་བཞི་ལ་གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན།། ་གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད།། འབར་བའི་འཕྲོ་བ་མང་པོས་འཁྲུག། ཁྱུ་མཆོག་མ་ཧེ་གཟིག་དང་སྟག། གཏུམ་པ་དོམ་གྱི་སྦར་བ་ཡིས།། དབང ་ཕྲུག་ལྷ་ཆེན་ལས་སོགས་བཟུང་། ། སྨུག་ནག་སྔོ་ནག་སེར་ནག་དང་།། དམར་ནག་ལྡང་ནག་འཇིགས་པའི་སྐུ་བག་སུཾ་ཕྱག་དྲུག་ཞབས་བཞིར་བགྲང་།། ཀོ་རློན་གོས་ནི་སྣ་ཚོགས་གྱོན།། རྔམ་པའི་སྒྲ་སྐད་འཇིགས་པར་སྒྲོགས།། སྦྲུལ་དང་། ་ཐོད་ཕྲེང་ཉི་ཟླར་བཅས།། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས།། རྡོ་རྗེ་དུང་ཆེན་གང་བ་དང་།། རལ་གྲི་དགྲ་སྟ་གཤོལ་ལ་སོགས།། རང་གི་ལག་ཆ་སྣ་ཚོགས་བསྣམས།། བཙུན་མོ་འཇིགས་པའི་ཚོགས་དང་འབྲེལ།། གནས་དང་ཡུལ ་གྱི་ཕྱག་རྒྱར་དང་། ། སྒོ་བཞི་ཕྱག་རྒྱ་རབ་མཛེས་ཞིག་། སྲས་དང་བྱི་མོ་བྲན་མོའི་ཚོགས།། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས།། རང་གི་སྟན་དང་ལག་ཆ་དང་།། ཅི་བགྱིས་ཞེས་ནི་ཆས་ཏེ་གནས་ཞེས་བརྗོད་པས། འཇིག་རྟེན་དྲུག ་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་དུ་གསལ་བར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན ་འདས་དགྱེས་པ་ཆེན་པོས་མཉེས་པའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། ། དེ་ལ་མཆོད་སྦྱིན་དམ་པ་འདི།། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ།། དེ་ནས་གཉིས་མེད་བློ་ཡིས་ནི།། བློ་ངན་འཇིག་རྟེན་སྙིང་རེ་རྗེ།། གཉིས་སུ ་མེད་པར་བསྒྲོལ་བར་བྱ། ། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་པས།། བདག་ཉིད་མཉེས་པས་མཉེས་པར་བྱ།། མཉམ་པའི་གྲུབ་རྫས་ཆེན་པོ་དག། བདག་དང་མཉམ་པའི་ཚོགས་ལ་དབུལ།། བཟའ་དང་བཅའ་དང་བཏུད་དང་བའོ།། ་ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ།། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།། བདེར་གཤེགས་ཡོན་ཏན་རྨད་པོ་ཆེ།། གཞན་ནས་ཡོད་འོངས་མ་ཡིན་ཏེ།། ལྷ་སྲིན་ལ་སོགས་སྨོས་ཅི ་དགོས། ། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས།། ཕྱག་རྒྱ་ཆེན་པོར་རྫོགས་གྱུར་ཅིག། གསལ་བའི་ཡིད་གཉིས་མེད་པ་ན།། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར།། ཞེས་བརྗོད་པས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས ་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག ་ཆེན་པོ་འདི་བརྗོད་དོ། ། བླ་མེད་ཐེག་པ་རབ་དེས་ན།། ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་།། བྱས་ལ་མི་སོག་ཚོགས་འགྱུར་ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ་བའི་དབང་གིས ་གིས་ཚུལ་ཁྲིམས་དང་། ། ཇི་སྙེད་སྡོམ་པ་བས་མ་ཡས་པ།། མ་ལུས་ཀུན་འདུས་རྣམ་པར་དག། ཡོད་མེད་དབུ་མའང་མི་དམིགས་ཤིང་། སྦྲུམ་མིག་གཡོད་ལྟ་བུར་ཚུལ།། སྲོག་མེད་སྲོག་གཅོད་གཅད་དུ་མེད།། སྲོག ་ཀྱང་སྐྱེས་བུའི་ལོ་རྟོགས་ཙམ། ། བདེན་པ་གཉིས་ཀར་དབྱེར་མེད་པས།། འཕྲུལ་དགའ་ཚུལ་ཏེ་ཐ་དད་མེད།། གཞན་དང་མ་བྱིན་མེད་པའི་ཕྱིར།། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།། ཆོས་རྣམས་སྒྱུ་མ་ལྟ་བུ་ལ།། མིང་དང ་ཚིག་ཏུ་བརྟགས་པ་བརྫུན། ། བརྫུན་ཉིད་ལ་ནི་བརྫུན་སྤྱོད་པ།། བརྫུན་ཞེས་བརྟགས་ཙམ་ཡོད་མ་ཡིན།། མ་ཆགས་པ་ལ་ཆགས་པ་དང་།། ཆགས་པ་ཉིད་ན་ཆགས་པ་མེད།། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ།། ཤིན་དུ་ཆག ་པ་ཆེན་པོ་ཡིན། ། བླ་མ་མི་སྤང་བླ་མ་བཀུར།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། ཡང་དག་ལམ་དུ་ཞུགས་ལ་བྱམས།། གསང་བའི་དོན་ཕྱིར་སྨྲ་མི་བྱ།། འདི་ནི་རྩ་བ་ལྔ་རྣམས་ཏེ།། བསྒྲུབ་དང་བསྲུང་བའི་དམ་ཚིག ་མཆོག། གཏི་མུག་ཆགས་དང་ཞེ་སྡང་དང་།། ང་རྒྱལ་ཕྲག་དོག་མི་སྤང་།། དཀར་རྩི་དམར་རྩི་དྲི་ཤ་ཆེན།། དག་པའི་སྣོད་བཅུད་མི་དོར་རོ།། ཡན་ལག་བཅུ་ཡི་དམ་ཚིག་ཏེ།། ཡེ་ནས་དག་མཉམ་རྟོགས་པས་སྤྱད།། བསྲུང་ཞིང ་བསྒྲུབ་པའི་དམ་ཚིག་ལྔ། ། རྩ་བ་ཡིན་ཏེ་རིགས་མེད་འགྱུར།། མི་སྤང་མི་དོར་ལྔ་གཉིས་ནི།། ཡན་ལག་དམ་ཚིག་འདའ་དཀའ་བོ།། མཉམ་ལ་མཉམ་པར་སྦྱོར་བ་ཡིས།། མཉམ་པའི་དམ་ཚིག་ལ་གནས་ན།། མཉམ་རྫོགས་ཆེན ་པོ་ཐོབ་འགྱུར་པས། ། འདས་ནས་སངས་རྒྱས་མ་ཡིན་ནོ།། རྩ་བ་ཉམས་པའི་ཕྱལ་བ་དག། གསོལ་ཉེ་བར་མི་བརྩོན་དང་།། སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད།། ཉམས་གྱུར་ཉེས་པ་བརྗོད་མི་ལང་།། རྩ་བའི་དམ་ཚིག་ཉམས་གྱུར་ན།། ། ་བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར།། ཡིད་དུ་མི་འོང་སྣ་ཚོགས་པའི།། འབྲས་བུ་མི་འདོད་བཞིན་དུ་འདུད།། ཡན་ལག་དམ་ཚིག་ཉམས་གྱུར་ན།། འབྲས་བུ་མེད་ཅིང་ངན་སོང་ལྟུང་།། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ།། སངས་རྒྱས་ཀུན ་གྱི་བདག་ཉིད་ཡིན། ། རྩ་བའི་དམ་ཚིག་ལྔ་ལ་ནི།། གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ།། ཡན་ལག་དམ་ཚིག་ལྔ་གཉིས་ལ།། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ།། དམ་ཚིག་འདི་ནི་རྨང་པོ་ཆེ།། འཇིག་རྟེན་དྲུག་གི་ཕྱོགས ་བཙུན། ། སྲིང་གསུམ་འགྲོ་བ་ཇི་སྙེད་པ།། ཏོག་འདྲལ་དམ་ཚིག་དེ་སྙེད་སྤྲོ།། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི།། སྒྲུབ་བྱེད་དམ་པ་མ་ལུས་འགྲུབ།། དེ་ལ་སོགས་པ་མཐའ ་ཡས་མཆོག། རྒྱལ་བའི་རིགས་མཆོག་འཛིན་པ་དེ།། འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར།། དམ་པ་མཆོག་དང་དམ་པ་ཡས།། སྲས་དང་སྤུན་དང་བྱིན་གྱིས་རློབ།། བདེར་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས།། འཇིག ་མེད་ཀུན་དུ་བཟང་པོར་སྦྱོར། ། ཇི་བཞིན་ཉིད་དང་འདུལ་བའི་ཐབས།། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་རྣམ་དག་ལྷུན་གྱིས་གྲུབ།། ཉམས་ན་བསྐངས་པས་རྫོགས་པ་དང་།། དེ་ལ་སོགས་ཏེ་མཐའ་ཡས་མཆོག། ཅེས ་བརྗོད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། ། གསང་བའི་སྙིང་པོར་ཁོ་ན་ཉིད་ངེས་པ་ལས་དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་དགྱེས་པ་ཆེན་པོས་ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བ་གཏུམ་ཆེན་རྔམ་པ་ལ།། ཁྲོས ་པའི་ཡིད་ཀྱིས་མཆོད་སྦྱིར་བྱ། ། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག། བདུད་རྩི་ལྔ་འམ་ཟས་ལྔ་ལ།། མཚན་མ་མིང་དུ་བཅས་པར་བྱ།། བཀུག་ནས་རྡོ་རྗེ་པུ་རབས་གདབ།། རྡུལ་དུ་བྱས་ནས་ཚོགས་ལ་དབུལ།། ཨེ་ཡི་ཚོགས ་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒུད་དུ་སྦྲེལ་བསྡམས་ནས།། བཅིངས་འགྱུར་བསྐྱོད་ན་ཕྱོགས་བཅུར་གཡོ།། མྱོས་ནས་གལ་ཏེ་འཚིག་པར་འགྱུརརེ།། བ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བའི་གཟི་ཆེན་ལྷུན་ཆེན་ལ།། ཆག ་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། རྡོ་རྗེ་གསུང་ཡང་དབང་དུ་འགྱུར།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། མཚན་མ་མིང་དུ་བཅས་པར་བྱས།། རྡོ་རྗེ་ཆགས་པའི་ཕུ་རབས་གདབ།། ཆགས་པའི་ཚོགས་ལ་ཐིབ་པར་དབུལ།། བ་གྱི་ཚོགས ་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། འགུག་འགྱུར་རྡོ་རྗེ་འང་ཕྱི་བཞིན་འབྲང་།། ཅི་འདོད་དེ་བཞིན་འོང་བར་འགྱུར།། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བའི་འདུ་འཕྲོ་གཟི་བྱིན་ལ།། དགའ་བའི་ཡིད་ཀྱིས ་མཆོད་སྦྱིན་བྱ། ། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། མཚན་མའི་མིང་དུ་བཅས་པར་བྱ།། ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག། ང་རྒྱལ་དགའ་འཕྲོའི་ཕུར་རབས་གདབ།། རྡོ་རྗེ་གརྦ་བྱིན་འབ་བ་བྱུང་།། ་མའི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། གཟི་བྱིན་འབར་བའི་འཕྲུལ་ཆེན་འཕྲོ།། ཡིད་བཞིན་ནམ་མཁའ་གང་བར་འགྱུར།། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། གསལ་བའི་གཟི་བརྗིད་བར ་བ་ལ། ། དད་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།། གཏུམ་པོ་རྔམ་པོ་ལྡན་རེར་འགྱུར།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག། ལྷན་ནེར་གསལ་བའི་ཕུར་བ་ས་ག་བ།། འབར་བའི་ལྷན་ནེའི་ཚིགས་སུ་དབུལ།། ཡ ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམ།། འབར་བ་ལྟན་ནེའི་བྱིན་གྱིས་རླབ།། ཐམས་ཅད་གཡོ་བ་མེད་པར་བྱེད།། སླས་དང་བྱི་མོ་བྲན་མོའི་ཚོགས།། ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན།། རང་གི་དམ་ཚིག་རབ ་བསྒྲགས་ན། ། གང་འདོད་ལས་ནི་བྱེད་པར་བསྒོ།། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། ཤིན་ཏུ་གདུག་ཅིང་གཏུམ་བག་ཅན།། ཐམས་ཅད་མ་ལུས་འདུལ་མཛད་པའི།། དབང་དང་བྱིན་རླབས་སྤྲང་པོ་ཆེ།། ལྷ་ཆེན་ལ་སོགས་དབང་བསྡུས་ནས།། ་འཁོར་རྣམས་དབང་ཕྱུག་སླས་སུ་བྱས།། སོ་སོའི་ལས་རྣམས་བསྐོས་པ་དེ།། ཇི་ལྟར་ཁས་བླངས་དམ་ས་པ།། མཐོགས་མྱུར་དུ་མངོན་པར་ཕྱུང་།། དམ་བཅས་བཞིན་དུ་མ་བྱས་ན།། ཇི་ལྟར་རང་གི་མནས་བོར་བའི།། སྡོམ་བྱས་དེ་ལས ་འདའ་མ་བྱེད། ། སྡོམ་བྱས་དེ་ལས་འདས་གྱུར་ན།། མགོ་ལུས་སྙིང་ཡང་ཚལ་བ་བདུན།། ཡ་ཀྵ་ཁྲོ་བོས་གཏུགས་པར་འགྱུར།། དེ་བས་རྣལ་འབྱོར་སྔགས་འཆང་གིས།། ཇི་ལྟར་བཅོལ་བ་བཞིན་དུ་བྱོས།། ལས་དེ་མངོན་དུ ་མ་བྱས་ན། ། རང་གི་ཁས་བླངས་མནས་པོར་བཞིན།། རལ་མྱགས་ཚིག་ནས་དམྱལ་བར་འགྲོ།། རྣལ་འབྱོར་དམ་ལ་གནས་གྱུར་པའི།། ལས་རྣམས་ཡོངས་སུ་བྱ་བ་དང་།། འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས།། པྲ ་མེན་མ་ཡང་དངོས་གྲུབ་ཐོབ། ། བཅོལ་བའི་ལས་རྣམས་མངོན་དུ་བྱོས།། ཞེས་བསྒོའོ།། ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིན་ནོ།། ཁྲག་འཐུང་ཆེན་པོ་ལ་སོགས་པའི།། བྲོ་གར་གླུ་ཆག་ཆེན་པོ་ཡིས།། ཐམས་ཅད་ཐམས་ཅད་ཅི ་འདོད་པར། ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། མཛོད་ལྷ་ཆེན་པོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་པོས་ནི།། ཐམས་ཅད་ཀུན་ལ་ཟ་བར་བྱེད།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། འདྲ་བར་འདོད་ན་འདུ་བར་བྱེད།། འཕེལ ་བར་འདོད་ན་འཕེལ་བར་བྱེད། ། ལྦོས་མོ་ཆེན་མོ་ལས་སོགས་པའི།། བྲོ་གར་གླུ་ཚིག་ཆེན་པོས་ནི།། ལྷན་ནེར་འདོད་ན་ལྡན་ནེར་བྱེད།། རྨུགས་པར་འདོད་ན་རྨུགས་པར་བྱེད།། སེང་གདོང་ཆེན་མོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན ་མོས་ནི། ། ཐམས་ཅད་ཀུན་ལ་ཟ་བར་བྱེད།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། བཞད་གདོང་ཆེན་མོ་ལས་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་ལ་བྱིན་པར་བྱེད།། ཀུན་ལ་རབ་ཏུ་ཉམས་པར་བྱེད།། སླས་དང་བྱི ་མོ་བྲན་མོ་ཡི། ། བྲོ་གར་གླུ་ཚིག་ཆེན་མོས་ནི།། སྤྲད་ཅིང་གཏང་བར་བྱ་བ་སྟེ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ལྗོན་པ་དང་ནི་ལྕུག་ཕྲན་ཚལ།། གདོང་ཅིག་མ་དང་མེ་རེག་དྲུག། དང་བའི་དགའ་བས་ཆགས་པ་དང་།། ཁྲོས་པས་ཀ ་ལི་རབ་ཏུ་བྱ། ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ།། གསེང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པ་ཕྲིན་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ།། ཉེ་ཤུ་པའོ།། ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་དུ་རྔམ་པའི་གདདས་ཀྱིས་ཀླུ་འདི་བླངས་སོ།། ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། འོད་ཟེར་ཉི་མའི་བུམ་གྱིས་གཟི།། ཁྲོ་གཉེར་གློག་སྟོང་འགྱུ་བ ་བཞིན། ། མཆེ་བཟང་ཡག་ཟ་བྱེད་ཆེ་ཧོཿཧཱུཾ་རྔམ་པའི་ང་རོ་འབྲག་སྟོང་ལྡིར།། གཏུམ་ཆེ་མ་རི་རབ་འབུམ་པ་སྙིལ་སྐད།། ཨ་ཨ་ཧཱ་ལའི་གང་རྒྱངས་ཆེ།། དབྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿཧཱུཾ་ཁྲེ་བོ་ཤེས་རབ་འོད་པོ་ཆེ།། ཡེ ་ཤེས་དཀྱིལ་འཁོར་ཀུན་དུ་གསལ། ། འབར་བའི་ཡེ་ཤེས་ཀུན་དུ་འཇོམས།། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ།། ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ།། ཁྲོས་པའི་དཀྱིལ་འཁོར་ཆེར་ཆེན་འབེབས།། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི ་གཏེར། ། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཚེ་ཧོཿཧཱུཾ་བདུད་ཀུན་གྱིས་ནི་བདུད་ཆེན་པོ།། བདུད་ཀྱི་བདུད་དེས་དུད་རྣམས་འཇོམས།། འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ།། འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ།། རྡོ་རྗེ་བྲག་སྟེ་སྲབ་པོ་རྡོརྗེ། ་ཆུ་བོ་སྡུད་པ་པོ།། རྡོ་རྗེ་མེ་སྟེ་ཀུན་འབར་ཆེ།། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ།། ཞེས་ཆེད་དུ་ཀླུ་འདི་བླངས་སོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་བཅོམ་ལྡན ་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་བརྗོད་དོ། ། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི།། དེ་བཞིན་གཤེགས་པའི་ངོ་བོ་ཉིད།། གཟུང་འཛིན་སྤྲོས་ལ ་འཕེལ་བ་ཡི། ། རྣམ་རྟོག་ཞབས་པས་སོ་སོར་ཟིན།། ས་རྣམས་ཁྱད་པར་བཀོད་པ་ཡང་།། གསང་བའི་སྙིང་པོར་འགྲོ་བའི་ལམ།། ཡེ་ཤེས་ངོ་མཚར་རབ་འབྱམ་ཀུན།། དོན་དུ་མི་འགྱུར་ཡོད་མ་གསུངས།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི། ། ཕྱག་རྒྱ་གསང་ཆེན་ངེས་པ་འདི།། རྟོགས་ནས་སྨྲ་བར་གང་བྱེད་པ།། དེ་ཉིད་ང་ཡིན་དབང་ཡང་རྫོགས།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། གསང་བ་འདི་ལས་གཞན་མི་མངའ།། སྒོ་དང་སྐུར་བཞི་པ་ཡི།། ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་།། དེ་ནི་ངེས་པར་ལུང་བསྟན་ཏེ།། སྲས་ནི་ཐུགས་ལས་སྐྱེས་པ་ཡིན།། ས་རབ་རིག་པ་འཛིན་ལ་གནས་ཞེས་བརྗོད་པས།། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད ་པར་དགྱེས་ནས་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། ། འཕགས་པ་རྟོགས་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་བ་ལས་མཚན་ཉིད་དང་རླུང ་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ། འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་གོ།། གསང་བར ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ། རྫོགས་སྷོ།། ། རྒྱ་གར་སྐད་དུ། བཛྲ་སཏྭ་མཱ་ཡཱ་ཛྭལ་གུ་ཧྱ་སརྦ་ཨཱ་དང་ཤ་ནཱ་མ་ཏན་ཏ།། བོད་སྐད་དུ་རྡོ་རྗེ་སེམས ་