CLOSE WINDOW

Q45: dpal gsang ba me 'bar ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་གཱ་ཡ་དྷར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @།། རྒྱུ་ག་སྐད་དུ། ཤྲཱི་ཛྭ་ལ་ཨག་ནེ་གྲཧྱ་ཡ་ཏན་དྷ་རཱ་ཛཱ། བོད་སྐད་དུ། དཔལགས་བ ་མེའབར་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ ་བྷ་ག་ལ་སྙོམས་པར་བཞུགས་སོ། ། དེའི་ཚེ་འཁོར་འདུས་པའི་ནང་ན་རྡོ་རྗེ་ཕག་མོས་གསོལ་པ།། རྣལ་འབྱོར་གང་ལགས་འཕོ་བ་གང་།། འཆི་བ་གང་ལགས་ཤི་བ་གང།། རོ་ནི་གང་ལགས་རོ་ཆེན་གང་།། དེ་བཞིན་ཤིབ་ཆེན་པོ་གཔ ་ཐལ་བ་གང་ལགས་ཐལ་ཆེན་གང་། ཚ་ཚ་གང་ལགས་ཚ་ཚ་ཡི།། ཆེན་པོ་གང་ལགས་གནས་ནི་གང་།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཐབས་དང་ཤེས་རབ་སྙོམས ་འཇུག་པ། ། རྣལ་འབྱོར་ཞེས་ནི་གསུངས་པ་ཡིན།། དུས་མིན་ལྷ་ནི་གསོད་པ་སྟེ།། དང་པོར་འཕོ་བའི་རྟགས་དང་ཡང་།། དུས་ཚོད་ངེས་པར་ཤེས་བྱ་སྟེ།། བར་ཆད་མེད་པའི་ཏིང་འཛིན་གྱིས།། འཁྲུལ་འཁོར་བཅས་ཏེ་ཁྱད ་པར་གྱི། འབྲས་བུ་འབྱུང་བར་འཕོ་བར་ངེས།། ཁམས་དང་འབྱུང་བ་སོ་སོར་ཐིམ།། སྲོག་གི་རྩོལ་བ་ལ་ཐིམ་སྟེ།། རྩོལ་བ་རྣམ་ཤེས་ལ་ཐིམ་པའི།། སྐད་ཅིག་དང་པོ་འཆི་བ་སྟེ།། རྡོ་རྗེ་ཅན་སོགས་རིགས་བཞི་དང་།། རྣམ ་སྣང་ཐར་དབྲལ་བ་ཡི། ། སྐད་ཅིག་དང་པོ་ཤི་བ་སྟེ།། དེ་ནས་ཞག་བདུན་བར་དུ་བཞག། ལུས་ཀྱི་མཁའ་འགྲོ་མྱ་ངན་འདས།། དེ་ནས་ཤིབ་ཆེན་པོར་གྲགས།། ལུས་ནི་ཏ་ལའི་མགོ་བོ་འདྲ།། འདི་ཉིད་དོ་ཞེས་གསུངས་པ་སྟེ།། ཡེ་ཤེས། ་དབབ་དང་ཡེ་ཤེས་བརྟན།། མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད།། སྤྱི་བོ་མགྲིན་པ་སྙིང་ག་རུ།། དྲི་ཡི་ཐིག་ལེ་གསུམ་བྱས་ཏེ།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། ཐོག་མར་དྲི་ཞིམ་སྣ་ཚོགས་ཀྱིས།། ཁྲུས ་བྷྱས་གནས་ནི་བཅུ་གཉིས་སུ། ། དྲྀ་ཡི་ཐིག་ལེ་བཅུ་གཉིས་བྱ།། དང་འབོམ་པར་འགྲོས་བྱིན་གྱིས་བརླག།། གཞན་ཡང་བརྒྱན་ལ་སོགས་བཀུན།། དངོས་སུ་གནས་པས་རབ་ཏུ་ངེས།། རི་མོར་བྲིས་པ་འབྲིང་པོ་སྟེ། ་དྲི་ཡི་ཐིག་ལེ་ཐ་མར་ངེས།། གཡས་བརྐྱང་ལ་སོགས་འདུག་སྤངས་ཀྱིས།། ཧེ་རུ་ཀ་གྲགས་ཆེན་པོར་བཞེངས།། རང་གི་བདག་པོ་གང་ཡིན་པ།། ཧེ་རུ་ཀ་དྲངས་པ་དང་།། དེ་ལ་དུས་དྲུག་མཆོད་པས་མཆོད། ་དག་རོན་ཆེན་པོ་སྟེ།། འཆི་བ་ཞེས་ནི་རྣམ་རྟོག་སྟེ།། མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད།། རང་བཞིན་བསྲེགས་པ་ཐལ་བ་སྟེ།། རྩ་བའི་དཀྱིལ་འཁོར་ལ་རྟེན་ནས།། ཆོས་སྐུ་གཟུགས་བརྙན་རིམ་བཞིན་བརྩིག། ་ཡང་ན་བུམ་པ་ལྟ་བུ་ཡི།། གཞལ་ཡས་ཁང་པ་བརྩེག་མར་བརྩིག། མི་འཆི་བཅུ་ཕྱེད་སྙིང་པོ་དང་།། ཙན་དན་གུར་གུམ་ལ་སོགས་པའི།། དྲིའིས་ཆུ་གི་ཞོམ་མན་མ་ངོ་སོགས་པ། ཤི་ལྡན་མིའི་ཤི་ཨུམ། ང་བས་དུ་ཡོད་པའི་ཁུང ་ཤིང་ཚད་དང་འཐུན་པ་ཡིས། ། ཐ་བ་ཁུང་ཆེན་པོར་རྫོགས་པར་བརྩིག། བླ་མ་དམ་པ་མཉེས་བྱས་ལ།། ཞལ་ནས་ཡང་དག་ཤེས་པར་བྱ།། ཟུར་བཞི་རྒྱལ་པོ་ཆེན་པོ་བཞི།། ཕྱོགས་བཞི་མི་འཇིགས ་སེང་གེ་བརྒྱད། ། ཀ་བ་བཞི་དང་གདུང་བཞིར་ལྡན།། ཆོ་ག་ཡོངས་སུ་རྫོགས་པ་དང་།། རིག་པའི་དཀྱིལ་འཁོར་བཞུག་པ་དང་།། སྔར་གྱི་དབང་ཐོབ་རྫོགས་པར་བསྐུར།། དེ་ནས་རྒྱུན་བཞག་མེ་སྦར་ཏེ། ་མེ་ལྷ་ལ་སོགས་གཞན་དང་འདྲ།། དེ་ནས་རིག་པ་དེ་ཉིད་ཀྱང་།། མི་ཡི་ཁང་པ་མཛེས་པ་རུ།། རང་བཞིན་སྤྱན་དྲངས་བཞུགས་སུ་གསོལ།། མེ་མཆེད་སྡིག་པ་བསྲེག་པ་ཡི།། སྔགས་དང་རྫས ་སོགས་གཞན་དང་འདྲ། ། མེ་དང་དུ་བ་རླུང་སོགས་ཀྱི།། མཚན་མ་མཁས་པས་བརྟག་བྱ་སྟེ།། བཀྲ་ཤིས་རྟགས་རྣམས་བྱུང་ན་ལེགས།། མེད་ན་སྡིག་པ་བསྲེག་པར་བྱ།། དུང་ལ་སོགས་པ་བྱུང་ན ་རག་མ་བྱུང་ན་ཡང་ཆོག་རྣམས། ། རྫོགས་པ་ལས་བྱུང་རུས་པ་རྣམས།། འདི་ནི་ཟིལ་བ་ཆེན་པོ་སྟེ།། དེ་འོས་གཞན་ལ་ཐལ་བར་གསུངས།། ད་ནས་རུས་བཞག་གསུམ་ནི།། གུར་གྲུམ་ལ ་སོགས་དྲིས་གཏོར་ཏེ། ། རུས་པའི་མཚན་མ་བརྟག་བྱ་སྟེ།། ཁ་དོག་དབྱིབས་དང་དྲི་དང་རོ།། བླ་མའི་ཞལ་ནས་ཤེས་པར་བྱ།། གདོན་བསལ་ཁྲུས་བྱ་རུས་པ་བརྡུང་།། མ་ཉམས་དུམ་བུ་གཅིག་པ་ལ།། དྲི་སོགས ་བསྒོས་པའི་ནང་དུ་སྟེ། ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡི།། སྟེང་དུ་སེང་གེའི་ཁྲི་དག་ལ།། སེང་གེ་རྒྱལ་ཆེན་འོག་གི་བརྒྱན།། སྟེང་ནས་གདུགས་དང་རྒྱལ་མཚན་ཏེ།། གནས་དེར་རུས་པ་བཞག་བྱས་ལ།། མེ ་ཏོག་བྱས་ནས་ཞག་ལྔ་རུ། ། བསྙེན་པ་བྱས་ཏེ་དྲུག་པ་ལ།། གདུང་བྱུང་སྟ་གོན་བདུན་པ་ལ།། ཚ་ཚ་རབ་ཏུ་གནས་པར་བྱ།། དང་པོར་རོ་སྲེག་དུས་སུ་ཡང་།། ཤི་བ་དང་པོ་ནས་བཟུང་སྟེ།། ཞག་ལྔ་རོ་ཡི་བསྙེན་པ་སྟེ།། ་དྲུག་པ་རོ་ཡི་སྟ་གོན་ནོ།། བདུན་པ་དུར་ཁྲོད་རབ་ཏུ་གནས།། དང་པོར་སྣང་བ་གཉིས་པར་རོ།། གསུམ་པ་རུས་པ་མྱ་ངན་འདས།། མྱ་ངན་འདས་པ་རྣམ་པ་གསུམ། གཞན་ལ་མེད་ཅིང་རང་ལ་མེད།། དམན་ལ་མེད་ཅིང་དེ་རྗེས་མེད།། ་ཐབས་སུ་མ་གསུངས་ཤེས་རབ་ཀྱི།། རྩ་རྒུད་བཤད་རྒྱུང་ཕྱི་མ་དང་།། ཕྱི་མའི་ཕྱི་མར་མ་གསུངས་པའོ།། མྱ་ངན་འདས་པ་རྣམ་པ་གསུམ།། བདུད་རྩི་སྒྲོན་མར་ཡི་ཡི།། རྒྱུད་དུ་ཁྱོད་ལང་ཡིས་བཤད། ་ནས་ཚ་ཚའི་རིམ་པ་ཡང་།། སྣང་བ་རྒྱལ་པོ་ལ་སོགས་ལ།། འཐུན་པའི་གཏམ་གྱིས་ས་སོགས་བླང་།། མི་སྣངས་བདག་ལ་སོགས་ལ།། གཏོར་མ་མེ་ཡིས་ས་སོགས་བླང་།། དེ་ནས་སྡུད་པ་རྣམ་ལྔ་ཡང་།། ་ཕན་པ་རྡོ་རྗེ་ཅན་དང་ཡང་།། གཟི་བརྗིད་གར་དང་རྡོ་རྗེ་རྒྱལ།། སྲད་བུས་ས་གཟུངས་སྦྱང་སོགས།། ཆོ་ག་གཞན་དང་འཐུན་པར་བྱ།། དུར་ཁྲོད་གནས་སུ་རྩ་བ་ཡི།། དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱ།། ་ཟངས་སུ་ཡོད་གཏོར་མ་གཏང་སྦྱིན་པསྲེག་དག་གིས་ཞི་བྱས་ཏེ།། གཅིག་གས་ལྔའམ་བདུན་ནས་ནི།། ཉི་ཤུ་རྩགཅིག་བརྒྱརྩ་བརྐྱང་།། ཅི་ནུས་པར་ནི་གང་བ་པར་བྱ།། དུས་ནམ་ཚན་པ་ཤབ།། ང་བའན ་ལ་བར་རྩག་ཕྲག་རྒྱ་ཅན་འཇིགྶགྶ་པ། ། བསུམ་པ་བཞཔ་གས་པ་དག། ཆོས་པག་ལ་གགགས་བརྒྱག་དག།། ས་དམ་ག་པ།། ས་པ་དུང་རྫུ་འདུ།། གསས་པས ་གདག། བཞི་པ་ནམ་མཁར་གསུངས་པའོ།། དང་པོ་འབོ་བས་མ་ལྷུང་ལ།། གཉིས་པ་རབསྲེག་མ་ལྷུང་བའོ།། གསུམ་པཚཆས་མ་ལྡངན།། འཆི་བ་བས་པ་དམ་པ་སྟེ།། སྲིང་བའི་འཆི་བ་ལས་གྲོལ་ངས།། དམན་པའི ་བབལསོགས་པས། ། ལྷུང་ཞིང་འཆི་བ་ཁོ་ནར་ངེས།། དེ་བས་སྲིད་ལས་གྲོལ་འདོད་པས།། བླ་མ་དམ་པ་རབ་མཉེས་ཏེ།། འཕོ་བ་ལ་སོགས་གདམ་དག་བྱུང་།། རྒྱུད་འདི་གཏད་ཀྱིས་ལེགས་པར་གཟུང་།། ངའི་ཚེ་འཇིག་རྟེན ་གྱི་ཁམས་ཀྱིས་ཆེན་པོ་ཡང་གཡོས་པར་གྱུར་ཏོ། ། མཆོད་པ་སྣ་ཚོགས་པའི་ཆར་ཡང་བབ་བོ།། དཔའ་བོ་དང་མཁའ་འགྲོ་མ་དང་དུར་ཁྲོད་ན་གནས་པའི་རོ་ལངས་ཆེན་པོ་ཐམས་ཅད་རྒྱུད་ཀྱི་དོན་ལ་རྗེས་སུ་ཡིད་རང་བར ་གྱུར་ཏོ། ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སྷོ།། པཎ་ཌི་ཏ་གཱ་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། @#།། རྒྱ་གར་སྐད་དུ། ཤྲཱི་ཨ་མྲི་ཏ་གུ་ཧྱ་ཏན་ཏྲ ་