CLOSE WINDOW

Q438: sbyin pa'i rabs las 'byung ba'i smon lam
Wyliee-texts produced with BDRC’s OCR application

སྔགས་ཀྱི་རྒྱལ་མོ་མ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཟས་གོམས་བཟང་པོ་རོ་ཞེམ་ཞིང་མདོག་དྲུག་ལ་དྲི་བསུང་དང་ལྡན་ཞིང་དང་ལྡང་བ།། ཡོན་ཏན་ཟ ་སུམ་ཚོགས་པས་བརྒྱན་པ། ། དཔག་བསམ་གྱི་ཤིང་ལྗོན་པའི་ནགས་ཚལ་དཀོན་ཞིང་དྲི་མ་མེད་ལ། རྒྱན་གྱིས་གྲུབས་པ། ཡལ་གའི་ཐོར་ཏོའི་ལྗིད་ཀྱིས་གསུར་ཐལ་མགོ་ལྕོགས་མ་ཏོག་ཁ་ཕྱེ་ཞིང་འདབ་མས་ལེགས་པར་བརྒྱ་ནཏེ། བུད་པ ་ལང་ལོང་ཁྲུས་ལྡིང་ཞིང་འཕུངས་པ་རྣམས་ཀྱིས་བཞི་པ་ཅིང་ནོན་པའི་ཤུགས་ཀྱིས་བག་ཙམ་འདིར་ལྡེམ་ལྡེམ་ལ། ། རིན་ཆེན་ཡལ་ག་དང་མ་རྒང་སྡུག་འཕྲན་གྱི་བླ་རེ་འཇོལ་བ་དག་མངོན་པར་སྒྲུབ་པར་བྱེད་པ། འགྲོ་བ་དག་ཏུ་མཚོར་བར ་འགྲོ་བའི་གཡང་ས་ཆེན་པོ་ཡང་བ་དག་ཏུ་མར་མེ་སྣང་གསལ་དག་ཅིང་དྲི་མ་མེད་པ་ལྟ་བུ་བྱིན་པ་གང་ལས་བསོད་ནམས་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་དང་། དགེ་བ་དང་དགེ་བའི་རྒྱུ་དང་འཐུན་པ་བདེ་དགུའི ་གཞིར་གྱུར་པ་དེས་ན་སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་གེ་མོ་ཞིག་གི་ལུས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྒྲུབས་པ་ལ་ཚེ་དང་། ཁ་དོག་དང་། སྟོབས་དང་། གཟི་བྱིན་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། ཤེས་རབ་དང་། སྤོབས ་པ་ཕུན་སུམ་ཚོགས་པར་གྱུར་ཅིག། སྦྱིན་བདག་གི་བསོད་ནམས་མ་སྐྱེས་པ་རྣམས་ནི་སྐྱེ་བ་གྱུར་ཅིག། སྦྱིན་བདག་གི་ལོངས་སྤྱོད་ཀྱིས་ཟིན་པ་རྣམས་ནི་འཕེལ་ཞིང་རྒྱས་པར་གྱུར་ཅིག། དེ་བཞིན་དུ་སྦྱིན་བདག་གི་ཕ་མ་མཆོག་ཏུ་དཀའ་བ་བྱེད ་བྱེད་པ། གསོགསོ།། གནམ་གནམ། བསྐྱེད་བསྐྱེད། བསྲིད་བསྲིད་ལ་འཛམ་བུའི་གླིང་བཀྲ་ཡེར་ཡེར་མིག་གིས་མཐོང་བར་བྱེད་པས་ཀྱང་བསོད་ནམས་ཀྱི་ཕུད་ཀྱི་སྐལ་ཤས་ཐོབ་པར་གྱུར་ཅིག། དེ་བཞིན་དུ་སྦྱིན་བདག་གི་ཆུང་མ་རྣམས་དང་། བུ་རྣམས་དང་། ་བུ་མོ་རྣམས་དང་། སྦྱིན་བདག་གི་གཉེན་མངའ་མཛའ་བཤེས་རྒྱས་པའི་ཚན་རིས་གང་དག་འཁོད་ཅིང་འཚོལ་གནས་པ་དེ་དག་ཀྱང་ཚེ་རིང་ཞིང་ལོངས་སྤྱོད་ཆེ་ལ་གཡོག་འཁོར་མང་བར་གྱུར་ཅིག། གང་དག་འདས་ཤིང་ཚེ་འཕོས་པ་དེ་དག་ཀྱང་འགྲོ་བ ་དང་། ། སྐྱེ་བའི་གནས་དང་གནས་ཐ་དད་པའི་ཁྱད་པར་ཐོབ་པར་གྱུར་ཏེ། ལྷའི་གནས་སུ་སྐྱེས་པར་གྱུར་ནས་འཕགས་པ་བྱམས་པའི་ཞལ་སྔ་ནས་མཉེས་པར་བྱེད་པར་གྱུར་ཅིག། དེ་བཞིན་དུ་རྒྱལ་པོའི་མཆོག་རྒྱལ་པོ་ཆེན་པོ་མངའ་བདག་དམ་པ་དཔལ་ལྷ ་བཙན་པོས་མ་ཕེབས་པ་རྣམས་ནི་ཕེབས་པར་གྱུར་ཅིག། ཕེབས་ཟིན་པ་རྣམས་ནི་ཆེན་དུ་ཕེབས་པར་གྱུར་ཅིག། སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བརྙེས་པར་གྱུར་ཅིག། དེ་བཞིན་དུ་ཉེ་འཁོར་གྱི་གྲོང་ན་གནས་པའི་རིགས་བཞི་སྟེ། ་བྲམཟེ་དང་། རྒྱལ་རིགས་དང་། རྗེའི་རིགས་དང་། དམངས་རིགས་ལ་སོགས་པ་ཡུལ་གྱི་མི་རྣམས་ལ་ནད་མེད་ཅིང་གནོད་པ་མེད་པར་གྱུར་ཅིག། དེ་བཞིན་དུ་མི་འཛོད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བ་རྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བན ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུརྩ་བརྒྱད་དང་། ཀུའི་རྒྱལ་པོ་དགའ་བོ་དང་། བསྙེན་དགའ་བོ་དང་། གནོད་སྦྱིན་གྱི་སྡེ་དཔོན་བདེ་བའི་རི་བོ་དང་། གངས་ཅན་དང་། ལྔ་རྩེན་དང་། ལྔ་ལེན་ལ་སོགས་པ་དང་། ནོར་བུ་བཟང་དང་། རྫོགས་བཟང་གཉིས་དང་། འཕྲོགས ་བུལྔ་བརྒྱའི་འཁོར་དང་བཅས་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྦྱིན་བདག་གི་ཁྱིམ་འདིན ་གནས་པའི་ལྷ་རྣམས་དང་། སྦྱིན་བདག་གིས་བསྟན་པའི་ལྷའི་ཁྱད་པར་གྱིས་དེ་དག་གཟི་བྱིན་དང་། སྟོབས་དང་། གཞལ་མེད་ཁང་རྣམས་རྒྱས་པར་གྱུར་ཅིག། དེ་དག་གཟི་བྱིན་དང་ལྡན་པར་གྱུར། སྟོབཔ་དང་ལྡན་པར་གྱུར། གཞན་གྱིས་མི་ཚུགས་པར་གྱུར།། ་ཆེ་བར་གྲགས་པར་གྱུར་ནས། སྦྱིན་བདག་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་མཛོད་དང་། བང་པ་དང་། ཁ་ལང་གི་ཁྱུ་དང་། ཕྱུགས་གདགས་སྣ་ཚོགས་ཀྱི་ཁྲུ་དང་།། ཞིང་གི་རྨོ་བཀོ་དང་། ལམ་གྱི་སྒོ་རྣམས་དང་། བླ་འོག་གི་བྱ་བ་ཐམས་ཅད་ལ་ཆོས་བཞིན་དུ་བསྲུང ་བ་དང་བསྐྱབ་པ་དང་། སྦ་བ་བྱེད་པར་གྱུར་ཅིག། གནོད་པ་རྣམས་ནི་ཟློག་པར་གྱུར་ཅིག། དོན་དུ་བསྒྲུབས་པ་རྣམས་ནི་སྣང་བར་གྱུར་ཅིག། དེ་བཞིན་དུ་སྦྱིན་བདག་གི་དད་པ་དང་སྦྱར་ཏེ། དམྱལ་བར་སྐྱེས་པ་རྣམས་ཀྱི་གནོད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག ་དུང་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་རྣམས་ཟློགས་པར་གྱུར་ཅིག། ཡི་དགས་ཀྱི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག། མི་རྣམས་ཚོལ་ཁྲོས་གཡེན་སྤྱོ་བའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག། ལྷ་རྣམས་ཀྱི་འཆི་པོ ་སུ་ང་དང་གྲོང་དག་ཇི་ཇུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག། མདོར་ན་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱིས་ཀྱང་མྱ་ངན་བ་ད་སྐྱེས་མ་བྱུང་བ། མ་བྱས་མ་བཅས་པ། ་འའ་གྲོ་བདག་མི་གནས་པ། དམིགས་ས་མེད་པ། བདེ་བ་ཞིས་སུནོམ་པ། བདེ་ལེགས་ཅན། གནས་དང་། གླིང་དང་། སློབ་པ་དང་། སྒྲུབས་དང་། དཔུང་གཉེན་དང་། མི་གཡོ་བ་གང་ཡིན་པའི་མྱངན་ལས་འདས་པའི་ཆོས་ཀྱི་མ་ངོག་དེ་ག ་ཐོབ་པར་གྱུར་ཅིག། གནོད་སྦྱི་གང་དག་བཞོན་པ་མི་ཟད་དཔུང་ཅན་ལྷ་རྫས་གོས་གྱོནི་ཕྲེང་བ་ཐོགས།། གང་དག་འཇིག་རྟེན་གསུམ་མཆོག་མཁས་པ་རྣམས་ཀྱིས་བརྗོད་པའི་སངས་རྒྱས་སྐྱབས་སོང་བ་ལྔས་རྩེན་ལག་ན་རྡོ་རྗེ་ནོར་སྦྱིན་དཔལ ་ཙན་ནོར་བུ་བཟང་སྲས་ལསོགས་པ། དེ་དག་ཐམས་ཅད་ལྷན་ཅིག་རྟག་ཏུ་བྱེད་ཀྱི་ཁྱིས་དུ་མས་བཞིན་སྲུང་བར་ཤོག། སྔས་ཅན་དང་ནི་འཕྲོགས་བུ་སྡུག་འབོར་བ་ཅས་ནོར་བུ་བཟང་སྲས་དཔུང་དང་བཅས་རྣམས་དང་། ་གནོད་སྦྱིན་དབང་པོ་ལག་ན་རྡོ་རྗེ་རང་གི་སྡེ་ཚན་བཅས་དང་རང་གི་སྡེར་བཅས་དང་།། གནན་པ་གནོད་སྦྱིན་པང་པོགང་དག་སྡེ་ཆེན་གས་སྟན་ན་དག་པ་དགའ་བ་རྣམས།། ཐམས་ཅད་འཐུན་པར་ཁྱོད་ཀྱི་ཕ་ཚན་དང་ནི་གཉེན་སྡུག་བཅས་ལ་རྟག་ཏུ་སྐྱོང་གྱུར་ཅིག། ་མཚན་མོ་དང་ནི་ཉི་མ་འཆར་ཁ་ཉི་མའི་གུང་རྣམས་དང་།། ཉི་མ་ནུབ་ཀར་རྟག་ཏུ་ཁྱོད་ལ་བཀྲ་ཤིས་ལྡན་པར་ཤོག། དཔལ་ཆེན་ལག་ན་རྡོ་རྗེ་ནོར་བུ་བཟང་དང་འཕགས་སྐྱེས་སོགས།། ཁྱོད་དང་གཉེན་འདུན་རྣམས་དང་བཅས་ལ་ཡོངས་སུ ་སྐྱོསྤྱོ་གྱུར་ཅིག། གཏོང་ལ་དཔའ་བ་རྣམས་ཀྱང་ཁྱིམ་འཁོར་སྟོབས་དང་འབྱོར་པ་སྒྲུབ་ཅིང་མི་ནད་མེད་པར་ཤོག། ཡོན་གནས་རྣམས་ཀྱང་ཡོན་ཏན་ཚོགས་པས་འཕེལ་བར་འགྱུར་ཞིང་འབྲུ་རྣམས་རབ་ཏུ་རྒྱས་པར་ཤོག། མཆོད་རྟེན་རྣམས ་ཀྱང་མཆོད་པར་འགྱུར་ཞིང་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང་འབར་བར་ཤོག། རྒྱལ་པོ་ཆོས་བཞིན་བྱེད་པས་སྐྱོང་གྱུར་སེམས་ཅན་མཐའ་དག་རབ་ཞི་བདེ་བ་མྱོང་གྱུར་ཅིག། སྦྱིན་པའི་རབས་ལས་འབྱུང་བའི་སྨོན་ལམ་རྫོགས་སྷོ།། ་