CLOSE WINDOW

Q428: 'phags pa dpung bzang gis zhus pa zhes bya ba'i rgyud
Wyliee-texts produced with BDRC’s OCR application

སཱ་ལ་སེགས་པས་སྦྱར་ཅིང་ཞུས་ཏ་གཏན་ལ་ཕབ་པའོ། ། #།། རྒྱ་གར་སྐདདུ། ཨཱརྱ་སུ་བཱཧུ་བ་རི་པྲྀད་ཙྪ་ནཱ་མ་ཏན་ཏྲ། བོད་སྐད་དུ། འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ ་ལེ། ། གནོད་སྤྱིར་བདག་པོ་ཉམ་སྟོང་གི་གཟི།། ཐུགས་རྗེས་རྩེ་ཅིག་ཡིད་ཀྱུར་བཞུགས་པ་ལ།། དཔུང་བཟང་ཚུལ་བཞིན་གུས་པར་ཕྱག་འཚལ་ནས།། རིག་དང་གསང་སྔགས་ཚོགས་ཀུན་གྲུབ་པ་ཞུས།། བདག་གིས་ས་སྟངས་མ་རྣམས་བཟླམ ་བརྗོད་དང་། སྨྲྀད་དང་ཡང་དག་སྡོམ་པ་མི་བཟང་བས།། རབ་ཏུ་བསྒྲིམས་ཀྱང་གྲུབ་པ་མ་མཐོང་ན།། ཡབ་གཅིག་ཅི་སླད་དཀའ་ཐུབ་དོན་མ་མཆིས།། གཙོ་བོ་གཟི་བརྗིད་ཉི་འོད་མེ་ལྟ་བུ།། ཁྱོད་ཀྱིས་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག།། བདེན ་བའི་གསུང་གིས་རབ་ཏུ་བཀའ་སྩལ་ན། ། ཅི་ལྟར་སྔགས་རྣམས་འབྲས་བུ་མ་མཆིས་འགྱུར།། རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས།། བསྒྲུབས་ཀྱང་གསང་སྔགས་འབྲས་བུ་མི་སྩོལ་ལ།། བསྙེན་པས་ཅི་སྟེ་ཅུང་ཟད་འགྲུབ་མེད་ན།། ་སྒྲུབ་པ་ཉོན་མོངས་ཁོ་ན་ཅི་རུང་ལགས།། རྒྱལ་བས་ཡེ་ཤེས་ཞི་བ་གང་ཡིན་པ།། དེ་ཡིས་འདི་དག་གསོ་བར་སྔོན་གསུངས་ན།། གང་ལ་སྔགས་དང་རིག་པ་གྲུབ་མེད་པ།། དེ་དག་རྣམས་ཀྱང་ཅི་ལྟར་གསོ་བར་བགྱི།། ཐུགས་རྗེར་ལྡན་པས་འགྲོ་ལ་སྨན ་སླད་དུ། ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པའི་རྣམས།། དེ་དག་བཟླས་བརྗོད་སྦྱིན་བསྲེག་བརྡུལ་ཞུགས་དང་།། བསྙེན་ལ་སོགས་པས་མ་གྲུབ་ཅི་ལས་གྱུར།། ཆོ་ག་ཉམས་ས་མ་འོན་ཏེ་མཐུ་མ་མཆིས།། དུས་ཀྱི་རང་བཞིན་ལགས་ས་པ ་སྡིག་པས་བསྒྲིབས། ། གསང་སྔགས་གཞན་དུ་གྱུར་ཏམ་འཚེལ་ལས་གྱུར།། ཐམས་ཅད་མ་ལུས་བཅོམ་ལྡན་འདས་ཀྱིས་གསུངས།། སྲས་ཀྱི་ཚིག་དེ་ངེས་པར་གསན་གྱུར་ནས།། ཡུད་ཙམ་དགོངས་ནས་དཀྱུས་རིང་སྤྱན་ཕྱེ་སྟེ།། ཕྱག་གིས་རྡོ་རྗེ་མེསྟག ་ཟེར་འཕྲོ་བ། ། གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད་གསུངས།། ཨེ་མའོ་ཟླ་བའི་འོད་ལྟར་ལྷ་མ་མེ་བའི།། སྙིང་རྗེས་སེམས་ཅན་ཕན་ཕྱིར་ཁྱོད་འདྲི་བ།། ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས།། བདེ་གཤེགས་སྲས་ནང་ཕ་རོལ་ཕྱིན་པར་གྱུར།། བྱང ་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས། ། རང་གི་སྡུག་བསྔལ་རྣམས་ཀྱིས་མི་བརྗེད་ཀྱང་།། གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་ཏེ།། དེ་དག་བདེ་བས་དགའ་དང་ལྡན་པར་གྱུར།། བུ་ཁྱོད་རང་བཞིན་བཟང་པོ་འདི་ལྟ་བུས།། གང་ཕྱི་ས ་ཅན་ཕན་ཕྱིར་ཁྱོད་འདྲི་བ། ། དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས་དང་། གསང་སྔགས་མདོ་སྡེའི་ཚུལ་བཞིན་ངས་བཤད་དོ།། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ།། དེ་ཡི་བརྟུལ་ཞུགས་དང་པོར་ངས་བཤད་དོ།། དེ་ཡིས་བདེ་བར་གཤེགས ་ལ་རང་བསྐྱེད་ནས། ། དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་སྐྱེད།། སེར་སྣ་དྲེགས་དང་རྒྱགས་པ་རྣམས་སྤངས་ཏེ།། དཀོན་མཆོག་གསུམ་ལ་དད་པས་བསྙེན་བཀུར་བྱ།། རྡོ་རྗེ་རིགས་ཤེས་བརྗོད་པ་རྒྱ་ཆེན་དང་།། ང་ལ་ཡང་ནི་དད་ཅིང་དགའ་བར་བྱ།། ཚིག ་རྩུབ་ཕྲ་མ་འཕྱལ་པ་སྨྲ་བ་དང་། ། གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་དང་།། རུ་དང་གཞན་གྱི་སྲོག་གཅོད་གདོད་བྱེད་དང་།། ཆང་དང་བྱེད་པ་རྟག་དུ་སྤང་བར་བྱ།། རྨོངས་པ་དག་གིས་ལུས་དང་ངག་དང་ནི།། དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས། ་བྱས་ཀྱང་། ཐམས་ཅད་ལོག་པར་ལྟ་བས་བཙེམ་པས་ན།། དེ་ཡི་རྣམ་སྨིན་མེ་འདོད་འབྲས་བུར་གྱུར།། དཔེར་ནས་དང་ཆུ་དང་དུས་ལྡན་ཡང་།། ས་བོན་ཚིག་པ་མྱུ་གུ་མི་བསྐྱེད་ལྟར།། དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི།། སེམས་ལ་དགེ ་བའི་ཆོས་རྣམས་མི་སྐྱེའོ། ། དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ལ།། ཡང་དག་ལྟ་བ་ལ་ནི་སྟེན་པར་གྱིས།། རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི། ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས།། ལྷ་དང་ལྷ་མིན་ཤ་ཟ་ཁྲག་མཐུང་བ།། མཚན་མོ་རྒྱུབ་མི ་བཟང་འཇིག་རྟེན་ན། ། སེམས་ཅན་རྣམས་ལ་གནོད་པ་བྱེད་ཅིང་རྒྱུ།། བཟླས་བརྗོད་བརྩོན་པའི་སེམས་ནི་གཡེངས་པར་བྱེད།། དེ་དག་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར།། ད་ཡིས་གསང་སྔགས་རིག་པའི་ཚོགས་མཐོང་ན།། སྐྲག་པར་བྱེད་དོ་སྙམ ་དུ་དོགས་བསྐྱེད་པ། ། དེ་ཕྱིར་ཟློས་པའི་སེམས་ནི་གཡེང་བར་བྱེད།། དེ་ལྟར་གནོད་བྱེད་དེ་དག་གཞོམ་པ་དང་།། བདག་ཉིད་འབྱོར་པར་བྱ་ཕྱིར་ངས་གསུངས་པའི།། དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ།། དམ་ཚིག་ཅི་བཞིན་བསོད་ནམས་དོན་དུ་ལྟ། ་སྣ་ཚོགས་པོ་ཡི་གདོན་རྣམས་གནས་པ་ལ།། གང་ཞིག་རྣམ་པ་སྣ་ཚོགས་ལས་བྱེད་ཅིང་།། དཀྱིལ་འཁོར་དེ་ནི་གནོད་བྱེད་གཞོམ་པའི་ཕྱིར།། མེ་ཡིས་རབ་ཏུ་བསྒྲིབས་ནས་འཇུག་པར་བྱ།། གང་ཡང་རིག་པ་མཆོག་ཏུ་གསུངས་པ་དང་།། ཁྲོ་བོའི ་དཀྱིལ་འཁོར་དུ་ཡང་གཞུག་པར་བྱ། ། དེར་ནི་དམ་ཚིག་སྣ་ཚོགས་དས་བཤད་པ།། སྡིག་པ་བསལ་ཕྱིར་རྒྱུན་དུ་བལྟ་བར་བྱ།། རྡོ་རྗེ་རིག་གཙོ་བོ་ཉ་མོ་ཡི་ཚོགས།། རིག་པ་མང་པོས་བསྟེན་པའི་ལྷ་མོད།། ཟློས་པ་མཐོང་ན་བགེགས་རྣམས་བུ་པ་དང་། ་རྣམ་པ་ཟོན་ཞིང་ཤིན་ཏུ་སྐྲག་པར་འགྱུར།། ཅི་ལྟར་ཅི་ལྟར་དཀྱིལ་འཁོར་མཐོང་བ་དང་།། དེ་ལྟ་དེ་ལྟར་རྡོ་རྗེ་རིགས་བསྟེན་དང་།། རིག་པའི་ཚོགས་ལ་བསྟེན་པའི་བསོད་ནམས་ཀྱིས།། དེ་ཡི་ལུས་ལ་མ་ལུས་བྱིན་བརླབས་འཇུག། མི་ཚུགས། ་རྡོ་རྗེའི་བདག་ཉིད་དེ་མཐོང་དང་།། ས་ཕྱོགས་རྡོ་རྗེའི་མའབར་དེ་ཤེས་ནས།། ལྦཀླུ་ལྷ་མིན་གནོད་སྦྱིན་གྲུབ་པའི་རྣམས།། བཟླས་བརྗོད་བྱེད་པས་སྐྲག་ནས་འཁྱེར་པར་འགྱུར། དེ་ཡི་དམ་ཚིག་མཐོང་བའི་བུ་དག་གིས།། འཇིག་ཏན་འཇིག་ནན ་འདས་པས་བཤད་པ་ཡིས། ། གསང་སྔགས་དེས་ནི་མ་བསྟིམས་བཞིན་དུ་འགྲུབ།། བགགས་རྣམས་ཐམས་ཅད་བརླག་པར་བྱེད་པར་འགྱུར།། དེག་དང་དེམ་ཚིག་མཐོབ་སྙིང་རྗེ་མེད།། དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅེང།། སངས་རྒྱས་མ་དང ་གཞན་ལ་བཏེ་ལས། ། ང་ཡིགསང་སྔགས་བཟླས་ན་བྲང་བར་འགྱུར།། བས་མ་བཞན་ཅིང་ཉམས་ཀྱིས་མི་ལྕོགས་པས།། དཀྱིལ་འཁོར་དེ་ཀུན་བལྟ་བར་མི་ནུས་ནའང་།། དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི།། གཙོག་ཙམ་ཞིག་ཀྱང་དཔས་མཐོང་། ་བྱ་ན། གདོ་ཀུན་ཆགས་དང་མཚན་མོ་བ་དང་། ས་ཐའི་གདོད་རྣམས་ཅན་དང་། དབ་དང་།། སྒྲལ་ཚོགས་དང་ཤེགས་དང་ལོག་ལེན་ནམས། བརྡུལ་བྲགས་གནས་པ་དེ་ལ་གྲགས་མིལ།། པེ་ན་ལོ་ཏོ་ག་ཐམས་ཅད་པ་དག་ལ་ན ་རས་སྐྱོན་མེད་པར་ནི་ས་བལྟར། ། དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག། སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པ་སྐྱེ།། རྒྱལ་བ་དེས་གསུངས་སོ་སོ་ཐར་པ་ཡི།། ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས།། སྔགས་པའི་མངས་ཀྲ། ་འ་ཚག་སྤང་།། རྣག་མ་རྣམས་དེ་རྣམས་སུ་ཐ་བར་བྱ།། དེ་ལྟར་སྡུག་པའི་ཆོས་ལས་རྣམགྲོལ་ནས།། བདེ་བ་གཤེགས་པས་ལགས་པར་གསུངས་པའི་ཆོས།། དག་ཅིང་གྲོལ་བ་དང་ནི་ལྡན་འགྱུར་བའོ།། བས་པས་སྟོན་མ་ཐུག་པར་ག། ཁ ་ཞིང་བེན་པས་ཡི་ཕྱོགས་སུན། ། འཇིམ་པའ་མ་ནི་བྱེ་མ་ལས་བྱས་པའི།། བདག་ཤགས་མཆོད་ཏན་ཏན་འབྲེལ་སྙིང་པོ་ཅན།། སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུག་པ།། རིང་བསྲེལ་ཅན་གྱི་སྐུ་གཟུགས་མཆོད་རྟེན་ལ།། བསྟོད་ཅིང་ཕྲེང་བདྲེད་པང་ཅི ་འབྲལ། གགས་དམྱལ་མཚན་པ་ད་རོ་མོདང། མཆོག་དད་པ་ཡིས་ནི་མཆོད་པར་བྱ།། ནམ་ཡང་འཐོར་ལོག་ཅིག་པའི་ཤིག་ནི། དང་ལྡན་དང་པར་དུའི་གྲོ་ལྟང། དེ་བཞིན་བསླབ་པ་ཡིན་ཐོགས་མད་ན།། ལུས་པ་དད་ས་ཐ ་མ་འགྱུར་རོ། ། དེན་པོ་ལྡན་པཟུགས་པཅ་གསང་།། གས་ན་བཙུན་ནི་ཆོས་ལ་གཞོལ་བ་དང། སྐྱོངས་པཚནད་དཔའ་འདང་པོ་ལ།། ནན་པང་བྦའི་སྦྱི་པ་ག་ཅན།། གྲས་གོམ་གོ་ཡོངས་ད་བ་དང་། ཐམ། ་ད་ནི་རྟགཞན་མཆོད་མི་བྱེད།། སྦྱིན་ཞིང་བཟོལ་བྱས་པ་ཐོབ་དང་།། དཀོན་མཆོག་གསུམ་ལ་དང་བ་གྲོགས་པོ་ཡིན།། དེ་ལྟའི་ཡོན་ཏནམ་ལུས་ལྡན་པདག།། བཙད་པའི་དུས་དཤིན་དུ་གན་པས་ན།། ཡོན་ཏན་བྱེད་དང་བཞི་ཆ་འམན་ངམ། ་མ། དེ་ལ་བ་དག་སྔགས་པའི་གྲོགས་པོར་བསྟེན།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་སྣ་དང་པོའོ།། །། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང་།། རྒྱལ་བ་སྔོན་ཆད་གདན་བཞུགས་བཞུགས་པའི།། གནས ་གང་བསོད་ནམས་ལྡན་གང་ཡིད་དགའ་བ། ། ལྷ་དང་ལྷ་མིན་སོགས་པས་ཕྱག་འཚལ་མཆོད།། གོསོ་སྦྱོང་སྡོམ་པ་དག་དང་ལྡན་པ་ཡིས།། བདག་ཉིད་དག་པར་བྱ་ཕྱིར་བསྙེན་པར་བྱ།། དེ་ལྟ་བུ་དག་མེད་གཞན་ཡང་ནི།། ཆུ་བོ་ཆུ་གུང་འབབ་ཆུ་མོད ་པ་དང་། པད་མ་ཨུད་པ་ལས་ནི་བརྒྱན་པའི་མཚོ།། སྐྱེ་བོ་རྣམས་ཀྱང་ཤིན་ཏུ་མི་རྒྱུ་ག།། ང་ཞི་ན་མཐའི་ཆུན་མང་བ་དང་།། མི་བཟད་གདོན་རྣམས་ཀྱང་ན་མི་གནས་པ།། མེ་ཏོག་འབྲས་བུ་གཅད་མ་ཡོད་པ་དང་།། སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་ད་ལ ་བ་དང་། ས་སྟངས་གནས་མལ་ཤིན་ཏུ་གཙང་བ་དང་།། གང་ན་སྟག་གཟིག་སེང་གི་མེད་པ་དང་།། ཡིད་འོང་མཉམ་ཞིང་ཚེར་མ་མེད་པ་དག། མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན།། གྲོག་པོ་གྲོག་མཁར་ཐལ་བ་སྐྲ་ཤད་དང་།། ཉལ་ཉིལ་སོལ། ་བཚ་སྒོའམཆོག་ཅན་སྲང་།། དེར་ནིས་བཀོས་སྦྱངས་ནས་གནས་བརྩེགས་པ།། དྲོལ་བརྟན་ཞིང་འཇིམ་པས་ནལནལ་བྱ།། ཤར་རམ་བྱང་ངམ་ནུབ་དུ་སྒོ་གཏོད་ཅིང་།། ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོམ་གཏོད།། དྲི་གཙང་བང་བ་དེ་ཡི་ཕྱོགས་ཅིག་ཏུ།། རྒྱལ ་བ་ལམ་མཆོག་རྣམ་ལ་སྟོན་པ་ཡི། ། རས་ཀྱི་སྐུ་གཟུགས་ལས་ཕྱིར་བསྟན་པར་གདགས།། ཡང་ན་ཤིང་གཟུགས་ལེགས་པ་མཆོད་ཕྱིར་བཞག། ཐ་ག་པས་བཏགས་འཇམ་ལ་སྙོམས་པ་དང་།། ཐགས་བཟང་དེ་བཞིན་སྲ་ཤད་མེད་པ་དང་།། འོ་ལག། ་ཆེ་ཞིང་མཉམས་འཚར་བཅས།། རས་ཀྱི་གཟུགས་དམིལ་དངོས་གྲུབ་གཏེར།། གཙང་མ་སྤོས་ཆུས་བཏབ་པ་དེ་ལ་ནི།། མཚོན་རྩི་སྦྱིན་མེད་སྡོད་གསར་བླུགས་པ་ཡིས།། ཞུས་བྱས་གཙང་མ་གསོ་སྦྱོང་གཟུང་བའི་མི།། མཁས་པས་པ ་གླང་སྤུ་ཡིས་བྲི་བར་བྱ། ། ཕྲེང་བ་བདུག་སྤོས་མར་མེ་ལྷ་བཤོས་དང་།། བྱུག་པ་དག་གིས་སྒྲ་གཟུགས་ཆེར་མཆོད་དེ།། ནུབ་ཕྱོགས་ཞལ་བསྟན་མི་གཡོ་བརྟན་པར་གདགས།། དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ།། གཙུག་ཕུད་གཞག་སྟེ་སྐྲའི ་བྲེགས་ནས་སུ། ། འབྱུང་ཁར་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར།། གོས་དཀར་དག་གམ་ཤིང་ལོ་འམ་གསོ་མའམ།། ཟར་མ་འམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ།། སླུ་བ་འམ་ལྕགས་སམ་འཇིམ་པ་ལས་བྱས་པའི་དབྱིབས་ནི་ལེགས་ཤིང་མི་རྩུབ ་འཇམ་པ་དང་། ། མ་ཆག་ཟླུམ་ཞིང་མི་གིས་རྨ་མེད་པ།། ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ།། ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ།། བཟའ་བཏུང་མོད་ཅིང་ཆངས་རིགས་མང་བ་དང་།། འགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་།། བྲམ་ཟེ་ཕྱི་རོལ་སྐྱེ ་བོ་མེད་པར་བརྟེན། ། ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས།། རིགས་ཀྱིས་རློམ་ཞིང་སྙིང་རྗེ་མི་ལྡན་པ།། དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར།། བྲམ་ཟེ་སངས་རྒྱས་པ་ལ་ཅི་ལྟར་དམན།། ་སྨྲ་བ་ལས་བྲམ་ཟེ་དག་ལ་རྨངས་རིགས་རྣམས།། བསྙེན་བཀུར་དང་ནི་མཆོད་པ་འབྱུང་བས་ན།། རྨངས་རིགས་ཀྱིས་ཀྱང་གསང་སྔགས་ཅི་ལྟར་བཟླས།། ལྷ་དང་འགྲོན་མཆོད་པ་དང་ལས་དྲུག་དང་།། རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་དང་།། བུ་ཡི་དོན་དུ་འགྲོ། ་བར་བྱ་བ་དག། བྲམ་ཟེ་རྣམས་ཀྱི་ངེས་པར་གྲུབ་པ་ཡིན།། རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས།། གྲུབ་པས་འདི་ལ་ཐེ་ཚོམ་མ་བྱེད་ཅེས།། བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས།། བདག་དང་གཞན་གྱི་སེམས་ནི་བསྲེག་པར་བྱེད།། ཡན ་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། ། ཉི་མ་ཕྱེད་འཚམས་ཚུན་ཆད་བསླང་བར་བྱ།། བྲམ་ཟེའི་དུས་ནི་ཕྱེ་དྲོ་ཡིན་པས་ན།། དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ།། དགེ་དང་མི་དགེ་ཤེས་པ་བཟུང་ན་ནི།། བྲམ་ཟེ་རྨོངས་རིགས་དག་ལ་ཁྱད་པར་མེད།། འོན ་ཀྱང་འགྲོ་བའི་ཐོས་ནི་བྲམ་ཟེ་དང་། ། འདི་ནི་མངས་རིགས་ཡིན་ཞེས་བརྟགས་པར་ཟད།། བདེན་པའི་ལམི་དམིགས་དགེ་བའི་རྗེས་འབྲངས་ན།། མངས་རིགས་དག་ཀྱང་སྐྱེ་ཤི་མེད་པར་འགྲོ།། ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན།། བྲམ་ཟེ་གང ་མིད་མི་བཟད་དམྱལ་བར་ལྷུརང། ། ལུས་ཅན་ཤིན་ཏུ་དྲིམ་ལྡན་པ་དག། འདི་ན་གཞན་གྱིས་དག་པར་མི་འགྱུར་ཏེ།། དེ་ནི་སྡིག་པ་རྣམ་པར་བསལ་བ་དང་།། བསོད་ནམས་མ་ལུས་ཡོངས་སུ་བཟུང་བས་འདག། དཔེར་ན་མ་ནི་གསོ་དང་བསལ་བའི་ཕྱིར།། ་ནད་པདག་ལ་སྨན་པ་སྦྱིན་པ་ལྟར།། དེ་བཞིན་འདིར་ཡང་བསྒྲེས་པའི་སྡུག་བསྔལ་དག། བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས།། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ།། བཀྲེས་བསྒོམ་གདུངས་པས་རང་གི་བུ་ཡི་ཤ། ཟ་བ་བཞིན་དུ། ་རྣལ་འབྱོར་སེམས་དམན་བཞིན།། ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ།། མང་དུ་བླུགས་ན་རྩོལ་མེད་མ་ཐོ་བ་དང་།། དེ་བཞིན་ཉུ་དུས་སྲང་ནི་དམའགྱུར་ལ།། རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར།། ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། ་དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར།། མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར།། དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་།། ཤིང་རྟའི་མིག་བསྐུ་བཞིན་དུ་ཁ་ཟས་བཟའ།། འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཤེས།། རྒྱལ་བས ་ཆོས་གཅིག་ཏུ་ནི་བཀའ་སྩལ་པས། ། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱས་ཏེ།། སེམས་ནི་བཟའ་གཏུང་ཚོགས་ལ་ཆགས་མི་བྱ།། དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག། བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ།། ལྷུང་བཟེད་དེ་དག ་ལས་ནི་གཅིག་ཐོགས་ནས། ། གཉའ་ཤིང་གང་དུ་ལྟ་ཞིང་བསོད་སྙོམས་སྤྱད།། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་ཟུར་མིག་ཅན།། ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས།། བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས།། སྐྱེས་པའི་སེམས་ནི ་མངོན་དུ་འཕྲོག་པར་བྱེད། ། ལྕགས་ཀྱི་ཐོད་ལྕགས་རབ་ཏུ་འབར་བ་ཡིས།། མིག་ནི་རྣམ་པར་བཀབ་པ་ཆེས་སླ་ཡི།། ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི།། དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ།། གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ།། སེམས ་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། ། རབ་དང་འབྲིང་ལ་སོགས་པ་སྤངས་ནས་སུ།། མི་སྨྲ་བཱ་ནི་གཞན་གྱི་ཁྱིམ་དུ་འགྲོ།། གང་ན་པ་གཞོན་ཟེ་འཕྲུག་ཆུང་བ་དང་།། གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་།། གར་ན་བུ་མོ་གཞོན་བསྟེན་པ ་པ་དང་། དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང་།། གང་ན་ཁྱི་ཟ་དགའ་སྟོན་བྱེད་པ་དང་།། གང་ན་སྐྱེ་བོ་མང་པོ་འདུས་པ་དང་། དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས།། དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ།། བསོད་སྙོམས་ཅི་སྙེད་ཁྱེར་ཏེ་འོངས་ནས་ཀྱང་།། དང་པོར ་ཅི་ལྟར་བདེ་བར་བགོ་བར་བྱ། ། རྐང་བཀྲུས་བློ་བུར་བ་ལ་བྱིན་ནས་སུ།། ལུས་བསྲུང་ཕྱིར་ནི་བཟས་བཟའ་བར་བྱ།། དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ཏེ།། ཕྲེང་བ་མར་མེ་བདུག་པ་སྟོད་དང་དྲི།། ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ།། ཀུ ་ཤའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། ། བདུག་པ་བྱུག་སྤོས་ལ་སོགས་མ་རྙེད་ན།། དྲི་ཞིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ།། པྲ་བ་ཨརྐ་བིལ་བ་འབྲི་ཧ་ཏེ།། ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང་།། འགྲེང་ངས་འདུག་གམ་མ་ལོག་ཉལ་བ་དང་།། འགྲ ་འཕྲོས་ཟ་ཀློག་བཟླས་བརྗོད་བྱེད་པ་ན། ། རྗེས་སུ་དྲན་དྲུགསོ་སོའི་ཡོན་ཏན་དག། རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་གཉིས་པའོ།། ། འདོད་ཆགས་ལ་སོགས་ནོན་མོངས་ཆོགས་ལྡན་པའི། ་སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད།། ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བའི།། སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས།། དཔེར་ན་དྲི་མེད་ཆུ་ནི་རྡུལ་ཚོགས་ཀྱིས།། སྐད་ཅིག་དུ་ཡང་རྙོག་པར་བྱེད་པ་ལྟར།། དེ་བཞིན་རྣམ་དག་དྲིམ ་མེད་པའི་སེམས། ། འདོད་ཆགས་ལ་སོགས་སྐྱོན་གྱིས་བརྙོགས་པར་འགྱུར།། བོ་དེ་ཙེ་དང་དུང་ཤེལ་རུ་རག་ཤ། ལུང་ཏང་པད་མའི་སྙིང་པོ་ཞི་ཉེ་ཟངས།། ཁར་བའི་བགྲང་ཕྲེང་བརྒྱ་ནི་རྫ་བརྒྱད་པ།། དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ།། ད་ནི ་ལག་པ་གཡས་པས་བཟུང་བའམ། ། ལག་པ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་བཟུང་།། ཚར་རེ་ཕྱིན་ཅིང་ནོར་བུ་རེ་རེ་ནས།། སྔགས་པ་ཡིས་ནི་རིམ་བཞིན་དྲན་པར་བྱ།། འདུག་ནས་དབང་པོ་ཡང་དག་བསྡམ་པ་དང་།། ལུས་ཀྱང་དྲང་ཞིང ་བརྟན་པར་བཞག་ནས་སུ། ། བྱིས་ནིམ་མཆུ་ཤིན་དུ་མཛེས་པར་ཡང་།། བསྒྲལ་ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ།། སེམས་ནི་གློག་དང་སྤྲིན་དང་དྲུང་དང་མཚུངས།། རྒྱ་མཚོ་ཆེན་པོ་ཡི་ནི་བརླབས་དང་འདྲ།། སྨྲ་ཅན་འདོད་དགུར་ཡུལ་བ་མོན ་དགའ་བ། ། གཡོ་ཞིང་འཕྱན་པ་ངེས་པར་འདུལ་བར་བྱ།། གང་ཚེ་ཟློས་པའི་སེམས་ནི་ཞིབ་ལ།། བསྟེན་པས་གཉིད་ཀྱིས་དྲན་པ་རྨོངས་གྱུར་ན།། ལངས་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང་།། ཚྭ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ།། ལས་ཀྱི ་དབང་གྱུར་བདག་པོ་མེད་པ་དང་། ། མགོན་མ་སྐྱབས་མེད་ཚ་བས་གཅིག་ནས་གཅིག། ལུས་ཀྱི་ལ་བརྒྱད་རྗེས་སུ་རབ་འགྲོ་བ།། དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང་།། ཚོལ་དང་མངའ་བ་ཤེས་དང་ནི་རྣམ་པར་བྲལ།། མི་སྡུག་པ་དང་ཕྲད་ཅིང་འདོད་པས ་གདུངས། ། ངན་པ་སྐྱེ་རྒན་འཆི་སྡུག་བསྔལ་ཅན།། ཡུལ་རྣམས་ཀུན་དུ་སོང་ནའང་མེད་པ་མིན།། ཤ་སྦྲང་ཚ་གྲང་བཀྲེས་དང་ངརལ་ལ་སོགས།། གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས།། ཡུལ་ལ་མངོན་དགའི་སེམས་ནི་འབྱུང་བས་ན།། ནམ་རྟོག ་དེ་དག་རྣམས་ཀྱིས་བཟློག་པར་བྱ། ། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་།། པགས་པ་གེང་རུས་ལྟ་བས་རྣམ་པར་བཟློག། བྱམས་དང་སྙིང་རྗེའི་ཆུས་གད་བཞེ་སྡང་ལ།། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།། རེ་ཤིག་གཅིག་ན་དགྲ་ཡང་མཛ ་བོར་འགྱུར། ། མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད།། དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར།། བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར།། དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ།། བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ།། གཉེན་ལ་དགའ་བའི ་སེམས་ཀྱི་རྟོག་པ་དག། བཟློག་ནས་དགེ་ལ་ཅི་བདེར་གཞག་པར་བྱ།། དང་པོ་བཟླས་ནས་བཟླས་བརྗོད་ཟིན་པར་དུ།། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཞིང་པ་དང་།། བུད་མེད་མ་ནི་དཁྱེའུ་བུ་མོ་དང་།། སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ།། ཅི་སྟེ་དགོས་པ ་ཡོད་ན་སྔགས་གཡོག་དང་། ། བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ།། སྨྲས་ནས་ལུང་པ་བཤད་ཅི་བོར་ནས་ཀྱང་།། ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ།། མེ་ཏོག་དྲི་སྣོད་པར་མེ་ཕུལ་བ་དང་།། ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི།། ་དགེ་བ་དེ་ནི་བླན་མེད་པ་ཡི།། སངས་རྒྱས་བྱང་ཆུབ་བྲ་མེད་མཆོག་ཏུ་བསྔོ།། དཔེར་ན་ཆུ་ཀླུང་རྒྱ་མཚོར་བྱིན་པ་ན།། ལན་ཚྭའི་རོད་ན་གཅིག་ཏུ་གྱུར་པ་བཞིན།། དེ་ལྟར་ཐ་མེད་བྱང་ཆུབ་བ་སྔོས་པ་འི།། བསོད་ནམས་རྒྱལ་པའི ་གཅིག་ཏུ་འགྱུར། དཔེར་ན་སྐྱེས་བྲལ་ལ་འབྲས་བུའི་བྱིར།། ས་ལུ་བསྐྱེད་ཀྱིས་སོག་མའི་ཕྱིར་མིན་ཡང་།། ས་མུ་ད་ནས་བསྒྲིམ་པ་མེད་པར་ནི།། སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། དེ་བཞིན་བྱང་ཆུབ་འབྲས་བུ་འའོད་པའི་ཕྱིག། ་བསོད་ནམས་བསྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་།། སོག་མའི་ཕུང་པོ་དག་དང་མཚུངས་པར་ནི།། མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ།། ཚེ་རིང་བ་འདི་ལེགས་པར་ཐོབ་པ་དང་།། ཆོས་བཞིན་སྒྲུབ་པའི་ཡུལ་དག་རྙེད་པ་འམ།། སྐྱོབ་མེད ་པར་འགྱུར་ཞིང་འགྲོ་བ་ཡི། ། བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ།། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་།། བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག། སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ།། སྡིག་པའི་གནས་སུ ་གྱུར་པ་སྤང་བར་བྱ། ། དཔེར་ན་རྒྱ་མཚོ་སྐད་གཅིག་ཙམ་ཡང་ནི།། མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར།། དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ།། སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ།། དཔེར་ན་རླུང་མད་ཁང་པའི་ནང་དུ་ནི།། མར་མེ ་བཙུགས་པ་མི་གཡོ་འབར་བལྟར། ། རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི།། ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་གྱུར།། སྟངས་དང་མཆོད་པ་དང་ནི་གར་བྱེད་དང་།། གླུ་ལེན་རྔ་བརྡུང་སྐྱེ་བོས་དབྱས་གྱུར་དང་།། ལྷག་པའི་ང་རྒྱལ་འདྲི་ད ་འདོད་ཆེན་དང་། ། བརྒྱན་པོ་དང་ནི་འདུས་ལ་ལྟ་འདོད་དང་།། དུས་མིན་གཉིད་དང་མི་འགྲུབ་སྨྲབ་དང་།། བསྟན་བཅོས་ངན་དང་སྙན་དག་ཀློག་འདོན་དང་།། ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང་།། ཞེལ་དྲི་དང་ལེ་ལོ་ག་ཡོ་རྒྱུ་སྤང་།། ཤ་ཅང ་ཀེའུ་དང་ཙོང་དང་སྒོག་རྡོག་དང་། ། འབྲུ་མར་ཏིལ་དང་ལ་ཕུག་སུར་ན།། འབྱུང་པོའི་ཟས་དང་ལྷ་བ་ཤོས་གཏོར་མ་དང་།། གུ་ལང་མཆོད་བྱས་གཏོར་མ་མི་བཟའའོ།། ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་དང་།། རྩབ་སྡོང་བུ་འབྲས་བུ་ཚོད ་མ་དང་། ཞོདང་ནས་དང་འོ་མ་མང་དག་དང་།། འབྲུ་མར་ཚིགྲམ་དང་བ་འོལ་ཀོན་དང་།། ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས།། ཤ་ཟ་སྲིན་པོ་དག་དང་གནོན་པོ་དང་།། རོ་ལངས་དང་ནི་འཇིགས་པ་སྒྲུབ་པ་དང་།། ལྷ་མིན་བུ་མོའི་འཁྲུལ་འཁོར། ་འཇོམས་པའི་ཚེ།། འབྲུ་མར་ཚིགས་མའི་བཟའ་བ་མཆོག་ཏུ་བསྔགས།། དེ་ལྟར་བཟླས་བརྗོད་བྱེད་པའི་བསྒྲུབ་པ་པོས།། ཉིན་གཅིག་བཞིན་དུ་བྱས་ནས་བཟླས་པ་ནི།། ཕུལ་ནས་ཆོ་ག་བཞིན་དུ་གཤེགས་སུ་གསོལ།། ནུབ་མོ་ཀུ་ཤ་བཏིང་ནས ་ཉལ་བར་བྱ། ། བྱམས་པ་སྙིང་རྗེ་དགའ་དང་བཏང་སྙོམས་ལྡན་པ་དང་།། བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱས་ཏེ།། ཤ་རིའི་བུ་དང་ངལ་ཐལ་སྦྱར་བཏུད་ནས་ཉལ།། དེ་ལྟར་བསྔགས་པ་སྡིག་པ་མཐའ་དག་ཟད་པར་བྱ།། འཕགས་པ་དཔུང ་བཟང་གིས་ཞུས་པའི་ལེའུ་གསུམ་པའོ། ། བསྒྲུབ་པ་པོ་ཡིས་ངེས་པར་བཅང་བ་ཡི།། རྡོ་རྗེ་དེ་དག་གང་ཡིན་བཤད་པར་བྱ།། སོར་བཅུ་བཅུ་གཉིས་བཅུ་དྲུག་བཅཝ་བརྒྱད་དང་།། མཆོག་གི་ཚདང་ནི་སོར་ཡང་ཉི་ཤུ་པའོ།། གསེར་གྱི་རྡོ་རྗེ་རིག་འཛིན ་ཉིད་དང་ནི། ། ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས།། རྒྱལ་པོའི་དོན་དུ་དངུལ་གྱི་མཆོག་ཡིན་ཏེ།། ཟངས་ཀྱི་རིན་ཆེན་འབྱུང་བའི་ཀླུ་བསྒྲུབ་ལ།། ལྷ་མིན་དབང་པོའི་འཁྲུལ་འཁོར་གཞིག་པ་དང་།། འུག་དུ་འགྲོ་ལ་རྡོ་ཡི་རྡོ་རྗེའོ།། དོན་ཀུན་བསྒྲུབ་པ། ་ལ་ནི་ལྕགས་གསུམ་གྱི།། གསང་བའི་སྡེགཞོམ་པ་ལ་ལྕགས་ཀྱིའོ།། དོན་གཞན་ལ་ནི་སེང་ལྡེང་དཔལ་དང་ཚེ།། ནད་མེད་ནོར་རྫས་ལི་ནི་བིལ་བའོ།། གནོད་སྦྱིན་མོ་བསྒྲུབ་པ་ལ་མདུའི་ཤིང་།། ཆོས་ཀྱི་དོན་དུ་ཨ་ཤྭ་ལས་བྱས་ཤིས།། གསལ་ཤིང ་རྩེ་མོ་འདིགྲ་རྣམས་གཞིག་པ་ལ། ། མི་རྣམས་བས་དཔལ་ནི་མི་རུས་ཀྱི།། ཤེས་ལས་བྱས་པ་མིག་འཕྲུལ་ཆེན་པོ་ལ།། དབྱི་ཕྱིར་ནིམ་པ་ལས་བྱས་རབ་ཏུ་ཤིས།། གསད་ཅིང་བསྐམ་པ་ལ་ནི་བ་རུའི་ཤིང་།། ཤ་ཟ་བ་སྒྲུབ་པས་ཡང་ང་ཏུ་ཤིག་། ལྷ་དང་གནོད ་བྱིན་དྲི་བསླབ་པ་ལ། ། བློན་གང་མས་ནི་བྱས་པའི་ཛིཇོའོ།། ཎིག་ཀླུ་ནི་དབང་བྱེད་འདན། ཅིཀྲ་ཤིང་རྩ་བ་ལས་བྱས་པའོ།། གཟུགས་བསྡུར་བ་ལས་ལས་བྱས་པ་སྟེ།། ངོ་སངས་བསྒྲུབ་པ་ལ་ནི་གཏམ་པའི།། བྲན་དག་དང་ང་མ་དང་། ་མ་ཐང་ཤི་ཤི་ནི་རྗེན་གྱི་བྱེད།། ཟླབ་སམ་གྲི་བར་ནབ་ལི།། མརྡུལ་སོགས་པ་ལས་བྱས་པདག། མི་རྣམས་གཡུལ་ལ་ས་རྒྱལ་བར་བྱ་ཕྱིར་རོ།། ཡིད་མྱོང་བའི་འདོད་པ་པོབ་བྱའི་ཕྱིར། ཙན་དན་དཀར་པོ་དང་ནི་དམ་པོ་བྷེ། ་ལེགས་འཇམ་ཞིང་མ་ཉམས་རྨ་མེད་པའི།། རྡོ་རྗེ་རྗེ་ལྔ་སྲ་བ་བཅང་བར་བྱ།། དང་པོ་ཟློས་ཚད་ནི་ཐོགས་ནས་སུ།། བཟླས་བརྗོད་ཟིན་ནས་མྱུར་བ་ཁོ་ནར་ཡང་།། དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས།། མཆོད་ནས་རྡོ་རྗེ་རྒྱལ་བའི་ཞབས ་དྲུང་གཞག། ང་ཡིས་རིགས་ཀྱིས་གསང་སྔགས་སྒྲུབ་པ་པོས།། རྡོ་རྗེ་མེད་ན་གྲུབ་པར་མི་འགྱུར་རོ།། དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན།། ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས།། ལྡོང་ངོས་འགིའུ་ཝང་རལ་གྲི་ཨ་ཛྷན།། ་སྤངས་མ་བབལ་ཞགས་པ་ལི་ཀྲི་བཙག། མར་དང་ཤུ་དག་འཁོར་ལོ་རྡོ་རྗེ་མདུང་།། ལྤགས་པ་གོ་ཙ་མདུང་ནི་རྩེ་གསུམ་པ།། རྫ་བ་ནི་བཅུ་བདུན་བསྒྲགས་པ་དེ་རྣམས་ཀྱིས།། གྲུབ་པ་རྣམ་པ་གསུམ་རྣམས་ཐོབ་པར་བྱེད།། རང་སྔགས་ཆོག་ལྷག ་པར་བཤད་པར་གང་། དེར་ཡང་གྲུབ་པ་རྣམ་པ་གསུམ་དུ་མཐོང་།། བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ།། རིག་པའི་ཚོགས་རྣམས་ཀྱིས་ནི་མདུན་ནས་རྒྱུ།། རིགས་འཛིན་བརྩོན་པའི་བདག་ཉིད་ཅན་དག་ལ།། རྣམ་པ་སྣ་ཚོགས་གླག ་སྐབས་ཚོལ་ཞིང་རྒྱུ། ། བགེགས་ཀྱི་རིགས་ནི་རྣམ་པ་བཞི་ཡོད་དེ།། ས་སྟེངས་འདི་ན་འཁོད་པའི་གེགས་རྣམས་ནི།། རྣམ་པར་འཇིག་དང་ཝ་དང་ནེའུ་ལེ་དང་།། དེ་བཞིན་སོ་གཅིག་པ་དང་རིགས་རྣམ་བཞི།། དེ་དང་དེ་ལས་འཕྲོས་པ་མཐའ་ཡས་སོ།། ་ས་སྟངས་འཇིག་རྟེན་སྐྱོང་བཞི་གང་ཡིན་པ།། དེ་དག་གཡོག་འཁོར་མྱ་ངན་མེད་པ་ཡིན།། དེ་ཡི་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས།། དེ་དག་གསང་སྔགས་སྒྲུབ་ལ་བགེགས་བྱེད་དོ།། ཝམི་རིགས་ནི་བྱེ་བ་བཅཝོ་བརྒྱད་དག། ང་བྲུག། ་ཆེན་པོའི་འཁོར་ཏེ་དེ་རྣམས་ཀྱི།། སྡེ་དཔོན་གླང་ཆེན་གདོང་སྟེ་སྟོབས་པོ་ཆེ།། ས་སྟེང་མཐའ་དག་ཀུན་ཏུ་བགེགས་ཀྱང་བྱེད།། སོགཅིག་རིག་ཀྱི་སྡེ་པོ་ན་གཙུག་འཕྱང་སྟེ།། བྱེ་བ་དྲུག། ཅུའི་བགེགས་ལ་དབང་སྒྱུར་ཞིང་།། ཚངས་དབང་ཁྱབ་འཇུག་ཉིམ་ཟླ་བ། ་དྲུག་དེ་རྣམས་ཀྱིས་བཀང་སྔགས་ལ་བགེགས་བྱེད་དོ།། ནེའུ་ལེའི་རིགས་གང་ཡིན་པ་རྒྱ་ཆེ་ཏེ།། ཁྲི་ཕྲག་བྱེ་བ་ཐེར་འབུམ་ཕྲག་སྟོང་དང་། དེ་དག་རྣམས་ནི་སྡེང་པོ་ན་གཙུག་ནས་ཕྱུང་།། ཡི་རིགས་དང་སྔགས་ལ་བགེགས་བྱེད་དོ།། དགའ་བྱེད་པདས ་འདྲ་བར་དཀྱུས་རིང་མིག། ལྔས་རྩེན་སྔགས་རྒྱུད་ལ་ནི་བགེགས་ཀྱང་བྱེད།། ནོར་སྤྱོད་བུ་ནི་གང་ཡིན་གང་བ་པ།། རང་གི་གསང་སྔགས་རྒྱུད་ལ་བགེགས་ཀྱང་བྱེད།། སྒྲུབ་པ་པོ་ནི་འབྱོར་བར་མི་དགའ་བ།། བརྩེ་མེད་རང་རང་རིགས་ལ་བགེགས་ཀྱང་བྱེད། ་རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ནས།། ཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན།། ལྷ་ཡིས་ལོག་འདྲེན་གྱིས་བྱས་དེ་མཐོང་ནས།། བྲོས་ཤིང་འཁྲུགས་ནས་ཕྱིར་ཡང་ཕྱོགས་པར་འགྱུར།། སྔོན་ཆད་སེམས་ནི་འཇུངས་དང་རྨོངས་པ་ཡིས། ་ལྷ་ཡིས་ལོག་འདྲེན་བགེགས་ཀྱི་ལུགས་འདི་བཏོང་།། ལུགས་འདི་ལྟ་དང་ཀླུ་དང་གྲུབ་པ་དང་།། སུམ་ཅུ་རྩ་གསུམ་ལྷས་ཀྱང་བཟློག་མི་ནུས།། བགེགས་ཀྱིས་འཇིགས་སུ་རུང་བ་བྱས་པ་དག། སྔར་བཤད་པས་ནི་དེ་དག་བཟློག་པར་བྱེད།། བཟླས་བརྗོད ་བེན་ནས་ལེགས་པར་བསྲུང་བ་དང་། དཀྱིལ་འཁོར་མང་བྱས་བསྒྲུབ་ལ་འཇུག་པར་བྱ།། གཞན་དུ་མཆོད་པའི་ཆོག་མེད་པ་དང་།། བཟླས་བརྗོད་སྦྱིན་པ་སྲེག་ཆོག་བྲལ་བའམ།། གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས།། རིག་པ་གང་ཞིག་བདག ་གིས་བཟླས་པར་བྱ། ། ཡུལ་དང་རྒྱལ་སོགས་གཏམ་ལ་ཆགས་པ་དེའི།། ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག།། འདི་ལྟར་ཕན་ཚུན་དུ་ནི་འགྲོ་བ་ན།། རིག་པ་འདོན་པའི་སེམས་ནི་གཡེམ་པར་བྱེད།། དཔེར་ན་ཆུན་གྲིབ་མ་སྣང་བ་ལྟར།། དེ་བཞིན ་མི་ཡི་ལུས་ལ་འཇུག་པར་འགྱུར། ། འབྲུ་ཚེ་གཞན་ལ་ཟློས་པ་ན་ཡང་གཞན།། ཉལ་ན་གཞན་མིན་མེ་ཏོག་བདུག་པ་དང་། མར་མི་འབྲལ་བའི་ཚེ་ན་གཞན་ཡིན་པ།། སྦྱིན་སྲེག་བྱེད་པ་ན་ཡང་གེགས་གཞན་འབྲུ།། དཔེར་ན་ནི་ཟེར་མ་ཤེས་བ ་བ་ཡི། རྐྱེན་གྱིས་མ་བསྒྲིབས་མན་འབྱུང་བ་ལྟར་།། དེ་བཞིན་གེགས་ཀྱང་ལུངས་ལ་དྲགས་གྱུར་ན།། འདོད་ཆགས་མ་ཆེན་ཀུན་དུ་བསྐྱེད་པར་བྱེད།། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས།། ཆུན་སྐྱེས་བུ་ཁྲུ་བའི་ཚེན་ལ་འཛིན།། ་བཀྲེས་ཤིང་ལུས་ལ་སྙེམས་པའི་གཉིད་ཀྱང་ཆེ།། དེ་བཞིན་ལུས་ལྕི་མཆོག་དུ་ཁྲོ་བར་འགྱུར།། དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས།། དེ་ནི་དྲི་འབུལ་བ་ན་ལུས་ལ་འཇུག། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས།། སྙོམ་ཞིང ་བུད་མེད་ལ་ནི་ཆགས་པར་འགྱུར། ། ནག་པོ་ལུས་ཅནས་ནི་བརྟོལ་ནས་སུ།། བདུག་པ་རབ་ཏུ་འབུལ་བའི་ཚེ་ན་འཇུག།། འཇུངས་དང་གཡོ་སྐྱ་བྱེད་ཅིང་མི་སུན་ལ།། འདོད་ཆེན་ཆེ་ལ་རབ་ཏུ་ཁུ་ཆུ་འཛག། མར་མེ་གཙུག་ཕུད་གཅིག་པ་བགེགས ་བྱད། ། སྟེང་ཀ་ཆ་ཞིང་གཟེར་ཐབས་སེམས་ཉམས་བྱེད།། འགྲེང་བའི་ཚེན་གཙུག་འཕྱང་འཇུག་འགྱུར་ཏེ།། རིམས་དང་ལ་ཁྲུ་སུག་དྲག་པོས་འདེབས་པར་བྱེད།། མེ་ཏོག་འབུལ་ཚེ་མེ་ཏོག་ཚེར་བཀོད་པ།། རང་གི་གནས་སྐབས་རྙེད་ནས་ལུས ་ལ་འཇུག། རིམས་དང་ཆམ་པ་ལུས་ཚིགས་ན་བ་དང་།། གྲོགས་པོ་དག་དང་རྣམ་པར་བྲལ་བར་བྱེད།། བགེགས་ཀྱིས་བརླམས་པ་ཕྱོགས་ན་ལམ་མིན་ལམ་དུ་མི་ཐོང་།། སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས།། བློ་བུར་སྨྲ ་ཞིང་གློག་ལ་དོན་མེད་ཀུན་དུ་འཕྱན། ། དོན་དུ་སྒྲུབ་པ་རྣམས་ལ་སེམས་ཀྱང་ཡིད་གཉིས་བྱེད།། སེམས་ནི་ལོག་པར་ལྟ་བས་ནོན་པས་ན།། གསང་སྔགས་མེད་ཅིང་ཐོ་རིས་ལྷ་ཡང་མེད།། བསོད་ནམས་མེད་ཅིང་སྡིག་པ་ཅུང་ཟད་མེད།། ཐར་པ་མེད ་འཆིང་བའི་རྒྱུ་ཡང་མེད། ། སྐྱེ་བ་དོན་མེད་ཉོན་མོངས་བཀའ་ཐུབ་ཆེས།། སྣ་ཚོགས་འཁྱལ་བའི་ཚི། འདི་ག་ཏུ་སྨྲ།། སེན་མོས་རྒྱ་གཙོད་པོར་རྡོ་འཇིག་པ་དང་།། མཚན་མོ་སོ་ཡང་ཀྲིག་ཀྲིག་འཚའ་བ་དང་།། བུ་མོ་བདག་འདོད་ཆུང་མ་གཞན་མི་རྙེད།། ་དགོས་པ་འདོན་ནི་མི་འགྲུབ་མི་དགས་འགྲུབ།། གང་ཡང་འགྲོ་འདོད་གཉིད་མེད་མི་ཡང་བརླམ།། དེ་བཞིན་སྟག་གཟིགསེང་གེ་ཁྱི་དང་པག། ཁོང་བུ་རྔ་མོ་བྱི་ཤ་ཟ་ལ།། བྱ་རྒོད་འུག་པ་སྐྱེ་མོ་མྲི་ཐུང་རྡུལ།། གཅེར་བུ་ཐལ་རིས་ཅན་དང་མནག་གོ།། ་ཁྲོན་སྐམས་ཐོད་པ་རུས་གོང་ཕུང་པོ་དང་།། ལྕགས་དང་རྡོ་ཁུད་མི་གཙང་ཁང་རུལ་དང་།། ཁ་བཞིན་འགྱུར་ཅིང་རལ་གྲི་མདུང་ཐོགས་པ།། མི་ལས་འདི་རྣམས་རྨིས་པའི་མི་ཡང་བ་རླམས།། བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། བདུ་རྩེ ་ཐབས་སྦྱོར་དྲག་ཤུལ་ཐབས་ལས་སྦྱར། ། སྔགས་པ་དེ་ཡི་གསང་སྔགས་ལམ་ཞུགས་པ།། བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས།། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པོ་འམ།། ལམ་གྱི་བཞི་མདོ་ཁང་སྟོང་ནགས་ཚལ་དུ།། ་དཀྱིལ་འཁོར་གྲཝ་བཞི་ལྷམ་པ་ཁྲུ་བཞིའི་ཚད།། མཚོན་རྩེ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི།། ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང་།། སྒོ་བཞི་པ་ལ་ཀུ་ཤ་ཎྜ་ཡང་བཀྲམ།། བཟའ་དང་ཤ་ཆང་ལ་ཕྲག་ལ་སོགས་བཅས།། འབྲས་ཆན་འབྲས་པ ་མང་པོའི་གཏོར་མ་སྦྱིན། ། བུམ་པ་པད་མདམར་པོའི་མདོག་འདྲ་བ།། ནག་པོ་རི་མེད་ཅིང་རིན་ཆེན་བཅས།། སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི།། ལྡུམ་བུས་ཁ་བརྒྱན་རས་ཀྱིས་མགུལ་བ་བཀྲི།། ལུས་དམར་པོ་དང་ཀཱི་ལི་ཀཱི་ལ་དང་།། འགྲོ་ལྡིང་ག ་ལོ་སོགས་པས་བརྒྱ་བཟླས་ཏེ། ། དཀྱིལ་འཁོར་ཁོར་ཡུག་དུ་ནི་བཞག་པར་བྱ།། དེ་ནས་བྱུག་སྤོས་བདུག་སྤོས་ལ་སོགས་འབུལ།། བགེགས་ཀྱིས་རླམས་པ་ཤར་ཕྱོགས་ཁ་བསྟན་ཏེ།། དཀྱིལ་འཁོར་གྱི་དབུས་བདེ་བའི་བསྟན་ལ་བཞག། བཟླས ་བརྗོད་བྱེད་ཅིང་བུ་མོར་ངེས་བཀྲུ། ། འོན་ཀྱང་ལོག་འདྲེན་རྣམས་ལས་ཐར་བར་འགྱུར།། སྒྲུབ་པ་པོས་པ་མི་ནི་འབའ་ཤིག་ལ།། བགེགས་རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི།། རྒྱལ་པོའི་འཁོར་དང་བུད་མེད་བུད་མེད་དང་།། བུ་མོ་དག་དང་རོལ་མོམ། ་རྣམས་དང་།། བུད་མེད་པལ་དང་ཆེན་པ་རྣམས་ཀྱང་རུ།། ཞིང་པ་རྣམས་དང་དབུལ་ཞིང་ཕོངས་པ་དང་།། གདོན་གྱིས་ཟིན་ཅིང་རིམས་ཀྱིས་བཏབ་པ་དང་།། བུས་པའི་གདོན་དང་མེ་ཏོག་འབྲས་བུ་འཕྲོག། རྨི་ལམ་སྨྱོ་དང་སེམས་ནི་གཡེངས་པ་དང་།། དུག ་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད། ། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཞི་པའོ།། ། བགེགས་ཀྱིས་སོད་ནམས་མ་ལུས་ཟད་པར་བྱེད།། དེབས་མེ་ཡིས་གསང་སྔགས་འགྲུབ་མི་འགྱུར།། ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར།། ་དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གས་ལ།། དཔེར་ནས་ཆུ་ངུས་དང་ནམཐལ་བའི།། སྒོད་གནས་འབྲས་བུ་མ་ཏོག་མུ་གུ་དང་།། དེ་དང་མ་བྲལ་མུ་གུལ་མ་དང་།། སྡོང་བུདག་དང་མེ་ཏོག་འབྲས་བུ་རྩེ།། ཆོགཉམས་ཤིང་ཡི་གེ་གུག་སྐྱེད་མེད།། ་མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས།། གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི།། གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེང་རོ།། དཔེར་ན་དབྱར་གྱི་དུས་ན་ཆར་སྤྲིན་དག། སྐྱེ་བོའི་བསྐལ་བཞིན་ཆར་པ་ལེགས་པ་འབེབས།། དེ་བཞིན ་མི་ཡི་སྐལ་པ་གཟིགས་ནས་ནི། ། འདོད་པ་བཞིན་དུ་གསང་སྔགས་དངོས་གྲུབ་སྩོ་ལ།། ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང་།། སྡིག་པ་སྦྱང་ཞིང་བསོད་ནམས་བསག་པ་དང་།། གུས་དང་བཟླས་བརྗོད་ཀུན་ལ་གཟིགས་ནས་ནི།། དེ་དག་གསང་སྔགས་འཐས ་བུ་རྣམ་པར་སྩོལ། ། ཇི་ཙམ་སྡིག་པ་མང་པོས་རབ་གང་ཞིང་།། ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་།། ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ།། དེ་སྲིད་སྔགས་པས་དངོས་གྲུབ་མི་ཐོབ་བོ།། ཆོ་ག་ཉམས་སམ་པར་བཅད་སྔགས་གཞན་བཟླས།། ་བཟླས་པ་བཏང་ངམ་གཞན་ལ་བཏང་གྱུར་ན།། དུས་གསུམ་མཆོད་པ་ལ་ནི་རྩོན་བྱས་ནས།། སླར་ཡང་འབུམ་ཟླས་བསྒྲུབ་ལ་འཇུག་པར་བྱ།། སྟོང་ཕྲག་བཅུ་འམ་བརྒྱད་དམ་བདུན་ནམ་བཞི།། བཟླས་མཐར་དེ་ལ་མར་གྱི་སྦྱིན་བསྲེག་བྱ།། ཡང་ནམ་གྲུགས ་ནས་སམ་ཏིལ་ནག་གམ། ། ཡུད་པ་དཀར་མར་དང་བཅས་པའི་སྦྱིན་བསྲེག་བྱ།། འཛམ་བུ་མ་རུ་ཀླག་ཤ་པ་ལ་ཤ། ཨུ་དུམ་སེང་ལྡེང་ཨ་ཤྭད་ཨ་པ་མར།། ཨརྒ་ཨ་ཤོ་ཀ་དང་ར་རྫ་ཀ། ནྱ་གྲོ་བིལ་བ་ཨ་སྥ་ཤ་མི་ཡི།། ཡམ་ཤིང་གཞོན་ནུ་སོར་ནི་བཅུ་གཉིས ་པ། ། བཙལ་ནས་ཞོ་མར་སྦྲང་རྩི་ལ་བཏགས་ནས།། རྟག་ཏུ་མེ་ལ་སྦྱིན་བསྲེག་བྱ་བར་བྱ།། དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ།། གཞན་གྱི་གསང་སྔགས་ཀྱིས་ནི་གསང་སྔགས་གང་།། གཅད་དམ་བཅིངས་སམ་མནན་པར་གྱུར་ཀྱང་རུང་།། དེ་ཡི་གཟུགས ་བརྙན་ས་ལ་བྱས་ནས་སུ། ། ང་ཡི་ཞབས་དྲུང་མངོན་ཕྱོགས་བཞག་སྟེ།། སྔགས་པས་ཀཱི་ལི་ཀཱི་ལི་ལ་སོགས་སྙིང་པོ་རྣམས།། མང་དང་འོ་མས་དེ་ཡི་གཟུགས་བརྙན་བཀྲུ།། དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག། བཅིངས་པ་དང་ནི་མནན ་ལས་གྲོལ་བར་འགྱུར། ། མཆོད་པ་ལ་སོགས་ཆོ་གར་ལྡན་ཡང་ནི།། ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན།། དེ་གཟུགས་དྲུག་དང་སྐེ་ཚེས་བྱུགས་ནས་སུ།། ཀཱི་ལཱི་ཀཱི་ལི་འགྲོ་ལྡིང་ལ་སོགས་པས།། སྔགས་ཀྱིས་དེ་ལ་ཡུངས་མར་ཚ་སྦྱར་བས།། ཞག ་བདུན་དུས་གསུམ་སྦྱིན་སྲེག་ལས་བྱས་ན། ། གསང་སྔགས་འོངས་ནས་རྨི་ལ་མ་དག་དུ་ནི།། ཅི་སྟེ་ཆོ་ག་ཉམས་དང་ཡི་གེ་ལྷག་ཆད་སྟོན།། སྔོན་གྱི་སྔགས་ལུགས་འཆང་བས་བསྟན་མོད་ཀྱི།། ཇི་ལྟར་རྒྱ་མཚོའི་དུས་ལས་མི་འདའ་བཞིན།། སྔགས་ཀྱིས ་གཞན་གྱི་གསང་སྔགས་མི་བསྣན་ཅིང་། ། བཅིང་དང་བཅད་པ་རྣམ་ཡང་མི་བྱའོ།། དཔེར་ན་བྱམས་པའི་མི་ཡིས་མི་གཞན་ལ།། ཆེ་གེ་མོ་ཡི་ཁྱིམ་འདིར་ཕྱིན་ཅད་ཁྱོད།། བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱ་ཞེས།། རིགས་པའི་ཚིག་གིས་རྣམ་པར་བསྟན ་པ་དང་། ། དེས་ཀྱང་དེ་ཡི་ཚིག་དེ་མཉན་ནས་སུ།། ཁྱིམ་དུ་སྨྲ་དང་བལྟ་ཕྱིར་མི་འགྲོ་བ།། དེ་བཞིན་སྔགས་པས་གང་ཡང་རུང་བའི་སྔགས།། བཟླས་ནས་གཞན་གྱི་གསང་སྔགས་བསྣན་མི་བྱ།། གསང་སྔགས་བཅད་དང་བཅིང་བ་མི་བྱ་ཞིང་།། ཡི་གེ ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། ། ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ།། གནས་རྣམས་གཟིར་བར་ནམ་ཡང་མི་བྱའོ།། དབབ་དང་བཅིང་དང་བརྡེག་དང་རྨོངས་བྱ་དང་།། ཡན་ལག་མིགཞིག་རིགས་ཀྱང་མི་བརླག་ཅིང་།། སྔགས་པས་ཀླུ ་དང་གདོན་ལ་སོགས་པ་རྣམས། ། གཞན་དུ་བསྐྲད་པར་ནམ་ཡང་མི་བྱའོ།། དགར་དང་བསྐྲད་པ་དང་ནི་གསད་པ་དང་།། བྱིས་པ་གདོན་ཟིན་ནམ་ཡང་མི་གསོ་ཞིང་།། རྒྱ་མོ་ས་མདའ་གཉི་དང་འཛོལ་བུ་ཡིས།། སེམས་ཅན་གནོད་པ་ནམ་ཡང་མི་བྱའོ།། ་དངོས་གྲུབ་བྱེར་ནི་རྣམ་པ་བཅུར་གསུངས་ཏེ།། སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས།། བཙོན་འགྲུས་ཕྱོགས་དང་ས་གནི་དུས་དང་ནི།། ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ།། གཞན་དག་ཁ་གཅིག་རིགས་འཛིན་གྲོགས ་ཤེས་ཟེར། ། གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད།། གཞན་ནི་རྫས་དང་ལྷ་དང་སྔགས་ཡིན་ཟེར།། ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ།། འགྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དང་ལྔ།། དེ་བཞིན་བཞི་དང་གསུམ་དང་ག་ཞི ་ཉིད་ཅེས། ། སྔགས་རིག་རང་རང་བློ་ཡིས་རྣམ་པར་འཆད།། སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ།། སྒྲུབ་པ་གང་ཞིག་རང་གི་ཡོན་ཏན་རྫོགས།། བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང་།། གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད།། ་འདོད་ལ་མ་ཆགས་ལུས་ཀྱི་ཉོན་མོངས་བཟོད།། གུག་སྐྱེད་ཀླ་སྐོར་ཆེག་ཚད་ཟུར་ཕྱིན་ལ།། གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས།། སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟན་པ་ཡི།། གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ།། ་ལྟར་རི་དགས་རྒྱལ་པོ་བཀྲེས་པ་དག། མཐུ་སྟོབས་ཆེན་པོས་གླང་ཆེན་གསོད་པ་དང་།། དེ་བཞིན་སྤྱད་ཀི་ཕག་དང་རི་དགས་དང་།། ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར།། དེ་བཞིན་སྔགས་པསེ་སེང་གེའི་ཚུལ་གྱིས་སུ།། རང་དང་འབྲིང་དང་ཐ་མའི་ལས ་རྣམས་ལ། ། བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང་།། འབད་པ་མཆོག་རྣམས་ཀྱིས་ཀྱང་བསྟེན་པར་བྱ།། རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང་།། ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང་།། གང་རྒྱངས་བཤུགས་གླུང་གདང་གླུ་གར་དང་།། གླིང་བུ་པི་བ་རྡ ་རྔ་ཆེན་པོའི་སྒྲ། ། བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང་།། བུད་མེད་ཚོགས་ཀྱི་སིལ་འགྲོལ་སྒྲ་རྣམས་དང་།། ཤ་སྦྲང་ཚེ་གྲང་རླུང་གི་གནོད་པ་ཡིས།། མི་ཡི་སེམས་ནི་གཡེར་ཞིང་གཡོ་བར་བྱེད།། བཟླས་བརྗོད་བྱེད་ཚེ་མི་མྱུར་མིངལ་ཞིང་།། སྒྲ་ཆེར་མི་དབྱུང ་ཧ་ཅང་ཆུད་པའང་མིན། ། སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན།། གུག་སྐྱེད་གླད་སྐོར་ཚིག་རྣམས་ཉམས་པར་མིན།། ཅི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི།། རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར།། དེ་བཞིན་ཕྱག་བཅས་བཟླས ་དང་བརྟུལ་ཞུགས་ཀྱིས། ། བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར།། ལེ་ལོ་འདོད་ཆགས་མི་དགར་ལྡན་པའི་སེམས།། གང་དག་གང་དུ་གཡོ་ཞིང་རྒྱུ་བ་དག། དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི།། གསང་སྔགས་ཡི་གེ་མཆོག་ལ་ལེགས་པར ་སྦྱར། ། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང་།། ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ།། དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ།། སེམས་ནི་ལས་སུ་རུང་བར་འགྱུར་བར་དེས།། རྩ་གཅིག་སེམས་དང་ལྡན་པའི་མི་ལ་ནི།། ཡིད་ལས་བྱུང་བའི ་དགའ་བ་རབ་ཏུ་སྐྱེད། ། དགའ་བས་ལུས་ནི་ཤིན་ཏུ་སྤངས་པ་འཐོབ།། ལུས་སྐངས་པས་ནི་བདེ་བའི་སྐལ་ལྡན་འགྱུར།། ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས།། དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར།། ཚེ་རབས་གཞན་དུ་གང་དང ་གད་བྱས་པའི། ། སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱེད།། བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ནས།། དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར།། དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས།། ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས ་གསུངས། ། སེམས་ནི་དང་བས་ལྷ་མའི་བདེ་བ་དང་།། མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར།། སེམས་ཀྱི་སྐྱོན་གྱིས་དུར་འགྲོར་སྐྱེ་བ་དང་།། སེམས་དམྱལ་གནས་ཤིང་མི་སྡུག་དབུལ་བློ་འགྱུར།། སེམས་ནི་རབ་ཏུ་དང་བར་གྱུར་པའི་མིས།། ས་ཆུ ་མེ་རླུང་སྐྱེ་རྒན་འཆི་སོགས། ། བར་དང་ཐ་མ་གནོད་པ་ཀུན་བྲལ་བ།། རྣམ་གྲོལ་བ་དེ་ཞིང་ཞི་བ་ཐོབ་པར་འགྱུར།། གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ།། བདེ་བ་ཆུང་ཞིང་སྡུག་བསྔལ་བ་དེ་དང་འབྲེལ།། ཉོན་མོངས་དྲུག་བཅས་རྣམ་པར ་འཇིག་འགྱུར་བ། ། དང་བའི་སེམས་ཀྱི་ཐོབ་པར་གྱུར་པ་ཡིན།། འདོད་རྒྱལ་ལས་ལ་སེམས་བྱུང་དུས་ལས་མིན།། རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་བ་མིན།། རྒྱུ་མེད་ཅན་མིན་སྐྱེས་བུས་མ་བྱས་ཀྱང་།། ལས་དང་ཉོན་མོངས་པ་ལས་སེམས ་ཅན་བྱུང་། ། གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན།། དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན།། གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ།། གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས།། གཟུགས་ནི་ལྦུ་བདག་དང་འདྲ་བ། ་སྟེ། ཚོར་བ་ཆུ་བུར་བཞིན་དུ་རྟག་པ་མེད།། དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན།། གང་ཞིག་གཞན་དུ་གྱུར་པ་དེ་ནི་ལྟ་ངན་གསུངས།། དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན།། མཚན་མོ་ཉལ་ནི་རྨི་ལམ་འདི་དག་མཐོང་།། ཁང་བཟངས་ལྗོན་ཤིང ་རྒྱལ་མཚན་སེང་གེ་རྟ། ། རི་བོ་ཤིང་རྟསྒྲ་ལྡན་སྤྲིན་དང་ཀླུ།། སྟག་དང་སེང་གེ་གླང་ཆེན་ཁྱུ་མཆོག་ལ།། རྨི་ལམ་ན་ནི་དགའ་བས་ཞོན་པ་དང་།། མེ་ཏོག་ཕྲེང་བ་གོས་དང་དྲི་རྣམས་དང་།། ཤ་ཆང་ཉ་དང་འབྲས་བུ་གླེགས་བ་མ་དང་།། ལྷ་ཡི་གཟུགས ་དང་ཨུ་དཔལ་དམར་པོ་དང་། ། ཤིང་རྟ་གང་བའམ་བ་གཞོན་བེའུ་ཕྲུག་ཅན།། གདུགས་དཀར་རྔ་ཡབ་ལྷམ་དང་རལ་གྲི་དང་།། བསིལ་ཡབ་གསེར་གཡུ་ཅན་དང་ཕྲེང་བ་དང་།། ནོར་བུ་མུ་ཏིག་ཉེ་ཕྱིས་དུང་དང་དངུལ།། བུད་མེད་གཟུགས་བཟང་ཡིད ་འོད་བུ་མོ་དང་། རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྨྲས་པའི་བརྒྱན།། མལ་བསྟན་དགར་པོ་བཏིང་བརྙེད་པ་དང་། ཐོ་ངས་ལན་མྱོ་ཆུ་ཀྲུང་དང་།། འབབ་ཆུའམ་རྒྱ་མཆོ་དང་ནི་རྫིང་བུ་དང་།། ལུམ་ལནི་འཐུ་ངམ་རྒྱལ་མི་དང་། བན། ་ཁྲག་གིས་ལུས་ནི་ཁྲུས་བྱེད་དང་།། ལྷ་ཁང་མཆོད་རྟེན་གདུག་དང་རྒྱལ་བའི་གཟུགས།། བྱང་ཆུབ་སེམས་དཔའ་མཆོག་དང་རང་སངས་རྒྱས།། ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ།། དགེ་བསྙེན་རྣམས་དངས་བདག་ལྷ་རྣམས་དང་།། མཆོད ་གནས་བྲམ་ཟེ་ཡིད་འོད་སྐྱེས་བུ་དང་། ། མི་དང་མི་མཆོག་ཕྲུག་ཅིང་འབྱོར་པའི་བུ།། པམ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་།། གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་།། ཅི་སྟེ་ཉི་མ་ཟླ་བཟ་བ་དང་།། སའི་ནད་འགྲོས་བོན་འཐུང་པ་དང་། མ ་ལ་རྫི་ཞིང་ཤ་ནི་ཟ་བ་དང་། ། ལུས་ཀྱི་ནང་དུ་མེ་ནི་ཞུགས་པ་མཐོང་།། རྨི་ལམ་བཟང་པོ་འདི་དག་མཐོང་བ་དང་།། དེ་དག་རིང་པོར་མི་ཐོགས་འགྲུབ་པར་འགྱུར།། ཟླ་བ་གཅིག་དང་ཟླ་བྱེད་ཉིན་ཞག་དང་།། སྐད་ཅིག་གིས་ཀྱང་ཕྱིར་ཕྱིར་ཉེ་བར་འགྱུར།། ་འཕགས་པ་དཔུང་བཟང་གིས་ནུས་པའི་ལེའུ་སྟེ་ལྔ་པའོ།། །། དངོས་གྲུབ་ཉེན་ཟློས་ལ་དགའ་བ་དང་།། སེམས་ནི་སྡིག་ལ་ནམ་ཡང་དགའ་མི་འགྱུར།། དཀྲེས་སྐོམ་ཆ་གྲང་རླུང་དང་ངལ་བ་ཡི།། སྡུག་བསྔལ་དྲག་པོས་གདུངས་ཀྱང་གསོ།། ་མི་འགྱུར།། སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྦུར་དང་།། སྡིག་སྤྲུལ་རྐང་བརྒྱ་པ་དང་སྦྲུལ་དང་དྲེད།། ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་དག་གི། ལུས་དང་གྲིབམ་ལ་ཡང་མི་འགོད་དོ།། ཚིག་ནི་བཟུང་བར་འོས་ཤིང་ཡིད་གཞུངས་ལ།། སྙན་དགས་དང་ནི་བྲི་བ ་རྣམས་ལ་མཁས། ། ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང་།། ལུས་ཀྱི་ནང་དང་དྲི་མ་མེད་པར་འགྲུར། སྐྱེས་བུས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་།། མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར།། བུད་མེད་འདོད་ལྷའི་མད་ས་ཕོག ་པ་རྣམས་ཀྱིས། ། ལུས་ལ་ལོངས་སྤྱོད་ཕྱིར་ནི་འབོད་པར་འགྱུར།། གང་ཚེ་མཁས་པས་ལྷ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ།། མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་ན།། དེ་ཚེ་ཤིན་དུ་ཉེ་བར་གྱུར་པ་ཡིན།། ལུས་ནི་དྲི ་མེད་དག་པར་རིག་པ་དང་། ། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས།། ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི།། ཁ་ཟས་སྤངས་ཤིང་སྨྱུང་བར་གནས་པ་ཡིས།། ཉིན་ཞག་དེ་དག་འདས་པར་བྱས་ནས་སུ།། རང་གི་འབྱོར་ཕྱིར་བསྒྲུབ་ལ ་འཇུག་པར་བྱ། ། གསུང་དེ་དཔུང་བཟང་གིས་ཐོས་སླར་གསོལ་བ།། ཟས་ཀྱིས་མི་འདག་ཅེས་ནི་སྔར་གསུངས་ན།། མཆོད་འོས་ཁྱོད་ཀྱིས་ལུས་དག་བགྱི་ཕྱིར་ཡང་།། ཅི་སླད་སྦྱང་བ་ཅི་བཟང་བགྱི་བར་གསུངས།། སྲིད་པར་མཐར་ཕྱིན་བདེ་བར་གཤེས ་པ་ཡིས། ། ཤིང་རྟའི་མིག་སུ་བཟའ་བའང་ཅི་ཕྱིར་གསུང་ས།། རྡོ་རྗེ་ཅན་གྱིས་དཔུང་ཟང་ཚིག་གས་ན་ནས།། འབྲུག་སྨྲ་ཟབ་འདྲའི་གསུང་གིས་བཀའ་སྩལ་པ།། བུ་གཅིག་པུས་དག་བྱ་ཕྱིར་སྦྱང་བྱ་བར།། བདེ་གཤེགས་འདི་ན་ནམ་ཡང་མི་གསུང་སྟེ། ་ལུས་འདི་མི་གཙང་ལྤགས་པ་ཤ་ཁྲག་རྐང།། གླང་རྒྱ་རྒྱུམ་མཚེར་མཆིན་མཁལ་མ་ཞག། མ་བྲིས་པ་པད་ཀན་ཁུ་ཆུ་བྱིས་དང་།། གཅིན་བསྣབས་བསྤུ་སྐྲ་དང་རུས་པ་དང་།། མིག་དང་ན་བ་སྣ་དང་འ་དང་ནི།། བཤེད་སྒོ་མཚན་དང་བུ་ག་དགུ་པོ་ཡི།། མན ་དྲི་མ་སྣ་ཚོགས་མི་གཙང་བ། ། འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡི།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་།། ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན།། ཅི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས།། ཐམས་ཅད་ལྡན་པའི་གཟུགས་ལ་གནས ་པ་ཡི། ། བཤང་གཅི་སྣབས་དང་མཆིལ་མ་པད་ཀན་དང་།། འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས།། དྲི་མ་ཟད་ནས་མི་ཡི་ལུས་དག་ན།། རང་གི་འབྱོར་ཕྱིར་བསྒྲུབ་ལ་བདེ་བར་འཇུག། འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང་།། ལུས་ཀྱི་ཡན་ལག ་འདི་དག་ཐམས་ཅད་ལ། ། དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི།། ཡེ་ཤེས་མིག་གིས་སོ་སོར་རྣམ་པར་རྟག། དེ་ལྟར་རང་གིས་ངེས་པར་བརྟགས་པ་ན།། ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི།། འདོད་ཆགས་རྩ་ནས་ཡོད་ཡེ་ཞེས་འགྱུར་ཏེ།། ་ཉི་མས་མུན་ནག་གཏན་ནས་གསལ་བ་བཞིན།། ཕན་ཡོན་དེ་ཡིས་གསང་སྔགས་ཉེ་བསྙེན་ནས།། རང་གི་ལུས་ལ་ཉེ་བར་རིག་པ་དང་།། ཡར་གྱི་ཚེས་བརྒྱད་དམ་ནི་བཅུ་བཞི་ལ།། ཡང་ན་བཅཝ་ལྔ་ལ་ནི་བཟླས་བརྗོད་བྱ།། ལྷ་ཡི་གནས་ཀྱིས་དག ་བསྟར་བའི་ཕྱིར། ས་དང་ལྕི་བར་སྲེས་ལ་སོགས་པས་བྱུག། དཔས་བདེ་གཤེགས་ཀུན་ལ་ཕྲེང་བ་དང་། ལྷ་བ་གོས་པ་ཏོག་ང་མ་མེས་མཆོད།། ནས་རྗེ་ཛིན་པདངས་མཛད།། ནས་གས་སྔགས་སྒྲས་འཕྲུལ་བ་བྱ།། ཨཱད ་འམསངས་རྒྱས་རྣམས་པ་བསྟད་ནསས། ། ཀྱེད་དེ་བྱང་ཆུབ་སེམས་ཀྱང་དྲན་བྱས་ཏེ།། སེམས་ཅན་སྦྱིན་ན་པས་གཟར་བལ།། ཅི་ལྟར་རིགས་པར་སྙིང་རྗེལ་གྱིསྒོམ་པར་།། དུས་ཆེན་མདས་པདག་པ་འམ་བ་ཨུ0f89ུ0f4གིས་ཀྱི།། ཚིགས་སྲས་འ ་ཨམཆོས་ཀྱི་འཁོར་ལོ་མཆོ། ། དེ་བཞིན་གཤེགས་པའི་གས་པའ་མ་སྒྲོན་མ་ཆེ།། གང་ཡང་རུང་བ་གཅིག་ནེ་མ་བཞིན་བཀླག།། དེ་ནས་བླའོག་ཕྱོགས་རྣམས་བཅིངས་ནས་སུ།། ལུས་ལག་ཆ་བགོ་བར་བྱས་ནས་ནི།། གང་དུ་སློས་པའི་དཀྱིལ་ལཚ ་དེརྣམས་ལས། ། གཅིག་ཅིག་ཚོན་རྩི་རྣམས་ཀྱིས་བྲི་བར་བྱ།། རྡོ་རྗེ་མཆུ་རླུང་དང་མདུང་ཐུང་དག། རིམ་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ།། རབར་བྲིས་པས་ལྷ་དང་ལྷ་མིན་དང་།། སྡང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར།། སེང་གེའི་གདན ་གྱིས་མངོན་པར་སྔགས་པའི་བསྟན། ། དེ་ནི་དཀྱིལ་འཁོར་དབུས་སུ་བཞག་པར་བྱ།། བདག་ཉིད་བསྲུང་བ་བྱས་ཏེ་དེར་འདུག་ནས།། རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི།། བདུག་པའི་སྦྱིན་བསྲེག་སྟོང་ཡང་སྦྱིན་བསྲེག་བྱ།། དེ་ནས་དེ་ནི་དྲི་ཆུས་བཀྲུས ་ནས་སུ། ། བགེགས་མེད་རྣམས་ཀྱང་རབ་ཏུ་བསལ་བྱས་ནས།། བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་གཞག། བཞི་ཡིས་བཀབ་ནས་ཅི་སྲིད་གྲུབ་པ་ནི།། རྣམ་གསུམ་མཐོང་གི་བར་དུ་གསང་སྔགས་བཟླས།། དྲོ་དང་དུད་འཕྲུལ་མེ་བཞིན་འབར་བའམ།། དེམ ་བཞིན་བཟློགནས་འབྱུང་ན་འང་འགྲུབ་པར་གསུངས། ། དྲོ་བས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ།། དུ་བ་འཐུས་པས་ལུས་ནི་མི་སྣང་འགྱུར།། འབར་བས་མཁའ་ལ་ཤིང་དུ་འགྲོ་འགྱུར་ཏེ།། མི་ཡི་ལུས་ནི་ལྷ་ལྟར་གསལ་བར་འགྱུར།། ཅི་ལྟར་ལུས ་ལ་གྲང་བ་འཇུག་པ་དང་། ཅི་ལྟར་མངལ་དུ་དྲི་ཟ་འཇུག་པ་དང་།། ཉི་ཟེར་མེ་ཤེལ་ཞུགས་ནས་མེ་འབྱུང་ལྟར།། དེ་བཞིན་དངོས་གྲུབ་ལུས་ལ་འཇུག་པར་འགྱུར།། མར་མེ་མཆེད་ཅིང་ཤིན་ཏུ་འབར་བ་དག། སྣུམ་ཞིང་དཀྱུས་རིང་གསེར་གྱི་མདོག་ལྟར་དངས།། ་འབྲུམ་ཀྱང་འབར་བར་གྱུར་ནནི།། དེ་ཙེ་སྔགས་པ་དང་ས་ཐུ་ཐོབ་འགྱུར་།། དེ་དག་རྫས་ལ་འབྱུང་བའི་དངས་གྲུབ་བ། ས་ན་མའི་སྐུ་གཟུགས་འགུལ་བའམ། བྲང་བ་སྨན་པ་མིག་ང་ཐ་བ་པམ།། གལ་རྒྱན་རྣམས་གཡོ་བར་བྱུར་བ། ་མམའལ་ཏེག་ཅ་མ་རྗེནར་བག། སནི་མྱུར་དྲུགས་པར་བྱུང་བ་མ་ལ་ན་ག་མ་པ་ཚིག་ན། ག་ཅིག་དམ་པ་ཅི་འད་གྲངས་གིགས།། ས་གྱུལ་ལ་ཀྱི་བསམ་པ། རྒྱུན་ཅི་ཆེན་འདྲ ་སྟེ་མཁའ་འ་ལྷ་དང་ལྷ་མིན་ད། ། གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་འགྲུབ།། མཉམས་མེ་ཏོག་དབྱིག་དང་ཆུང་བསྲེས་ཤིང་།། བསྟོད་དང་བཅས་པར་མཆོད་ཡོན་ཏན་སྦྲེངས་ནས།། རྗེ་གཙིག་སེམས་ཀྱིས་མགོ་བདྷད་བྱུག་བྱས་ཏེ།། ད་པང་། ་བའི་རྗེས་འཐུན་མཆོག་སླང་ངོ་།། མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ།། དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ།། གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ།། གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིན་ནོ།། གང་ཞིག་སེརྦ ་སྟོབས་པཆོག་དང་ལྡན་པ་དེས། ། འདིར་ནི་འཇིགས་དང་བཅས་པའི་ལས་ཀྱང་བྱ།། སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས།། གླགས་མཐོང་ནས་ནི་ཕུལ་བར་བྱེད་པར་འགྱུར།། དཔའ་བོས་གོ་གོས་མཚོན་ཆའི་ཐབས་མཁས་པས།། ཆས་པའི་རྨང ་ཆེན་མཆོ་གཞོན་གཞུ་ཐོགས་ཏེ། ། མདའ་འཕེན་མཐུ་དང་ལྡན་པ་གཅིག་པུས་ཀྱང་།། དགྲ་པོའི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས།། དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱི།། གོ་བགོས་ལེགས་བསྲུངས་གླང་ཆེན་ཞོན་ནས་སུ།། གསང་སྔགས ་གཞུ་ཐོགས་བཟླས་བརྗོད་མདརའ་འཕེན་པས། ། འབྱུང་བ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ།། སྒུར་པོ་ཡན་ལ་གལྷག་ཆང་ཐུང་ངུད།། དེ་བཞིན་རིང་པོ་ཡང་ན་སྦོམ་པོའམ།། སྨད་པའི་མངལ་ནས་སྐྱེས་པའམ་མ་ནིང་ངམ།། རྣམ་པ་དེ་འདྲའི་རོ་དག་ལྡ ་བྱ། ། མཐུ་བ་དང་རིམིས་དག་ཅད་པ་དང་། འབྲུ་སྡུག་ཟེངས་དང་ཆུང་ང་གསལ་ཤི་དང་།། རྩཝལ་གྱིས་པས་དམ་དུག་གིས་ཤིབའམ། བདག་ན་སུ་ལ་སོགས་མཐོད་དམིགས་པས་པ་ལ།། མན་ལ་ག་ཚང་ཞིང་བ་བཞིན་མ་སྣད་བ།། ལུས་ལ་མ་མ་ཀྱིར ་པའི་རོ་མཐོང་ན། ། རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས།། ཉིན་པར་ཐོག་ཐག་དུ་ནི་བསྲུང་བར་བྱ།། དུར་ཁྲོད་ཁང་སྟོང་དང་ནི་ཤིང་གཅིག་དང་།། བཞི་མདོའ་བབ་ཆུ་དག་གམ་ཆུ་ཀླུང་ངམ།། མཚེའམ་རྒྱ་མཚོའམ་ནི་རི་བོ་ལ།། སྐད་གཅིག་གིས ་ཀྱང་རོ་ལངས་འགྲུབ་པར་བྱ། ། གང་ཡང་རུང་བའི་གནས་ཅིག་བརྟགས་ནས་ནི།། ས་དང་ལྕི་བ་ལ་སོགས་བྱུག་པར་བྱ།། གཙང་མ་དེར་ནི་དཀར་ནག་དམར་པོ་འམ།། ཚོན་རྩི་སྣ་ཚོགས་རྣམས་མེ་དང་། བྲི།། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས།། ་བསམས་ནས་འདོད་པ་གང་ཡང་རུང་བ་གཅིག། དད་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག། ཟློས་ཤིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ།། འཇིགས་པ་མེད་པའི་གཡོག་གིས་དེ་བླངས་ནས།། ཁྱེར་ནས་འོངས་ཏེ་ཀུ་ཤའི་སྟེང་བཞག་སྟེ།། སྐྲ་དང་ཁ་སྤུ་བྲེགས། ་ཀྱང་བྲེགས་ནས་སུ།། དེ་ཡི་མོད་ལ་འབྲུ་མར་དག་གིས་བསྐུ།། དེ་ནས་བུམ་པ་ཞབས་མི་གནག་པ་བཞི།། གཙང་མའི་ཆུས་བཀང་ཁྲུས་རྩིས་སྦྱར་ཏེ་བཀྲུ།། དེ་ནས་གོས་དཀར་ཕྲུགས་ཅིག་བསྐོན་ནས་སུ།། དེ་ནས་དཀྱིལ་འཁོར་དབུས་སུ་རྩ་བསྟན་དང་། ་མཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང་།། རོ་ཡི་མགོ་བོ་ཤར་རམ་བྱང་དུ་བསྟན།། དྲི་ཡིས་བྱུག་ཅིང་བདུག་པས་བདུག་པར་བྱ།། ཕྲེང་བས་གདགས་ཤིང་མེ་ཏོག་སིལ་མས་གཏོར།། ཤ་དང་ཉ་ཤ་མར་ཁུ་ཏིལ་བསྲེས་པའི།། ཁུ་ར་བ་ལ་སོགས་ཅེ་སྙེད་བུངས་སྐྱེད། ་དེ།། འབྱུང་པོ་ཀླུ་དང་ཀ་ཟ་གནོད་སྦྱིན་དང་།། འབྲེལ་ཟླ་འོག་ཕྱོགས་སུ་སྦྱིན་པར་བྱ།། གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱ་སྟེ།། རྩེ་གཅིག་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ།། རོ་ནི་ལྡེང་དུ་ཉེ་བའི་ཚེ་ན་ནི།། འཇིགས་པའི་གཟུགས་ཅན ་བགེགས་ནི་སྣ་ཚོགས་འབྱུང་། ། གཙུག་ཏོར་རྒྱལ་བའི་སྔགས་ཀྱིས་ཐལ་བའམ།། མ་གྲུགས་ཡུངས་དཀར་སོགས་ལ་སྔགས་ནས་སུ།། གཏོར་མེ་ཕྱོགས་བཞི་དག་ནས་འོང་བའི་བགེགས།། གསང་སྔགས་མཐུ་ཡིས་དེ་དག་འབྱེར་བར་འགྱུར།། དེ་དག ་ཞི་བར་བ་ཕྱིར་ཁྲོ་བོ་ནི། ། བདུད་རྩི་ཐབས་སྦྱོར་དྲག་ཤུལ་ལས་ཅན་སྦར།། བགེགས་རྣམས་བཅོམ་པས་དེ་ནས་རོ་དེ་ཡང་།། གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར།། གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས།། མཐོང་བ་དེ་ནི་ཐོགས་མེད་དེས།། ་པར་འགྱུར།། གལ་ཏེ་རོ་དེ་ལངས་པར་གྱུར་པ་ལས།། དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ནའང་།། གསང་སྔགས་གཞན་དུ་བསྟན་པའི་ཚེ་གཡས།། ལངས་པ་དེ་ལ་རང་གིས་དངོས་གྲུབ་བླང་།། གཏེར་གྱི་ཕྱོགས་སུ་ཕུག་དུ་འགྲོ་བ་དང་།། རལ་གྲི་ཨན་ཛ ་བཞོན་པ་མངག་གཞུག་དང་། ། འབྱུང་ཁུང་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་སྟེར།། བསྲུང་བའི་སྟོབས་མེ་སྔགས་ཀྱི་སྟོབས་མེད་དང་།། དཀའ་ཐུབ་སྟོབས་མེད་སེམས་སྟོབས་མེད་པ་ཡི།། བློ་ཞན་གང་ཞིག ་རོ་ལངས་དངོས་གྲུབ་ཚོལ། ། དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད།། ། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དྲུག་པའོ།། ། མི་གང་མི་ཡི་ཤ་ནི་འཚོང་འདོད་དེས།། མར་གྱི་རོལ་དུར་ཁྲོད་སོང་ནས་སུ།། ཤིང་རྡོ་མཚོན་དང ་དུག་དང་དབྱུག་ཏོ་སྨན། ། བགེགས་ལ་སོགས་པས་ཤི་བར་གྱུར་པ་ཡི།། བྱིན་པ་བརླ་དང་སྐེ་དང་མགོ་བ་དང་།། འཇིགས་པ་མེད་པས་མཚན་མོ་བླངས་ནས་སུ།། བཏུབས་ཏེ་སྐོང་བུ་འམ་གྱོ་དུམ་གསར་པ་དང་།། གཙང་མ་དེར་ནི་མི་ཉུང་བཞག་བྱས་ལ།། ་ལུས་ལ་ཁྲག་གི་ལག་རྗེས་བྲིས་ནས་སུ།། རྣམས་མགོ་དང་མགྲིན་པ་དཀྲི་བར་བྱ།། ལུས་ལ་མི་ལྤགས་སར་པ་བགོས་ནས་ཀྱང་།། ལག་གཡོན་ཤས་བཀང་གྱི་མོ་ཐོགས་ནས་སུ།། ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱི།། རབ་ཏུ་བསྒྲ ་ནས་དེ་ནི་ཐོགས་ནས་ཀྱང་། ། སྒྲ་ཆེར་བོད་ཅིང་ཚིག་ཏུ་ཤ་འདི་དག། ཁྱེད་ཅག་སུ་ཞིག་ཉོ་བར་བྱེད་འདོད་ཅེས།། ཤར་དང་ནུབ་དང་ལྷོ་དང་བྱང་ཕྱོགས་སུ།། མྱུར་དུ་བསྐོར་ཅིང་ཤིན་ཏུ་བརྗོད་པར་བྱ།། ཅི་སྟེ་ལུས་ནི་སྡང་ངམ་མི་སྣང་བར།། ཚིག་གིས་ཁྱོད་ནི ་ནོར་རམ་རིག་པ་འམ། ། བཅུད་ཀྱིས་ལེན་པ་འམ་གྲོང་ངམ་རྒྱལ་སྲིད་དམ།། ཕུག་དུ་འགྲོ་བའམ་ཅི་འདོད་ཅེས་ཟེར་ན།། སྔར་ནི་གང་ཞིག་སེམས་ཀྱི་བསམ་པའི་དོན།། དེ་ཉིད་སྒྲ་ཡི་གཞན་ནི་སྨྲ་མི་བྱ།། རིག་པ་མང་པོ་བསྟན་པའི་དུར་ཁྲོར་འདིག། ་དོན་འདིའི་ཕྱིར་ནི་སྡུག་བསྔལ་དྲག་པོ་ཡིས།། བདག་ཀྱང་གདུངས་བཞིན་འོངས་ཀྱིས་འདི་ཉིད་ན།། ཡོད་ན་ཤ་འདི་ཁྱེར་ལ་བདག་ལ་བྱིན།། ཙིསྟ་སྲང་ལ་གཞལ་ཏེམ་གང་ན།། རང་གི་ཤ་ཡིས་དེ་ནི་དགང་བར་བྱ།། གལ་ཏེ་དུར་ཁྲིད་འདི་ནི་སྟོང་པ་སྟེ། ་ནོར་མེད་པ་ཁྱོད་གཞན་དུ་སོང་ཤིག་ཅེས།། མཚན་མོ་རྒྱུ་བས་དེ་སྐད་སྒོན་ནི།། དེ་ལ་བདག་ནི་གང་དུ་འགྲོ་ཞེས་དྲི།། ལན་ཐོབ་དེ་ཉིད་རང་གིས་བརྟགས་ནས་སུ།། ཤད་པོར་ནས་དེ་ནས་འགྲོ་བར་བྱ།། ཤ་ཡེ་ཆོ་ག་གང་ཞིག་ངས་གསུངས་པ། ་གསང་སྔགས་མ་བཟླས་པ་ཡིས་བསྟེན་མི་བྱ།། རིགས་མཆོག་གཙུག་གཏོར་སྟོབས་ཆེན་ལ་སོགས་པས།། དུར་ཁྲོད་དུ་ནི་བསྲུང་བར་ངས་གསུངས་སོ།། གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ།། དེ་ལ་དུར་ཁྲོད་མི་ཤའི་སྦྱིན་བསྲེག་བྱ།། རལ་གྲི་སོར ་གཉིས་སོར་གསུམ་ཙམ་དག་ཏུ། ། གཏུབས་ནས་མེ་ལ་སྦྱིན་བསྲེག་སྟོང་དུ་བྱ།། མེ་ཏོག་མཉམས་འབྲས་ཡོས་ཤ་ཁྲག་ཏ།། ཆང་ངམ་སྦྲང་རྩི་བྲར་མཆད་དང་ཏིལ།། བདྲུག་པ་ཕྲེང་བ་ཟུག་པ་མར་མེཆེན།། ལྷ་བ་ཤོས་གཏོར་མ་དུར་ཁྲོད་གཏོར་བར ་བྱ། ། དཔབ་ཅིང་བསྐྲད་དང་གཉིད་ཀྱིས་མྱོས་བྱ་དང་།། དམག་གཞོམ་ཐོང་ཁྱེར་ཕྲེང་བར་བྱ་བ་དང་།། ཤ་ཟ་མ་མོ་དྲག་མོ་སྲིན་མོའི་ཚོགས།། གནོད་སྦྱིན་རྣམས་ལ་མི་ཤའི་སྦྱིན་བསྲེག་བྱ།། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན།། བགླ་ཤ་ཡི་སྦྱིན་སྲེག་དེ་བཞིན ་ཤིས། ། མ་ཧེའི་ཤ་འམ་ཁྱི་ཤ་མར་བསྲེས་ལ།། ཚེས་གྲངས་དག་ལ་སྨྱུང་བྱས་སྨིན་བསྲེག་བྱ།། གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི།། གསང་སྔགས་མཉེས་བྱས་གྲུབ་པ་འདི་རྣམས་སྟེར།། མདང་སྒྱུག་མོ་སྲུ་མོ་གྲོགས་མོ་དང་།། བུ་མོ་ཆུང་མ་མནའ ་མར་གྲུབ་པར་འགྱུར། ། མ་དང་སྐྱུག་མོ་སྲིང་མོ་གང་ཡིན་དེ།། ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག། ཡིད་འོང་གྲོགས་མོ་བུ་མ་ཐུབབཔ་འབྲིང་།། ཆུ་མ་མནའ་མ་གྲུབ་པ་ཐ་མར་བསྒྲགས།། དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི།། མར་མ་འབྲུ་མར་མར ་མཚན་དན་དང་། ། ཨ་ཀར་དྲི་ཞིམ་བདུག་པས་མཆོད་པ་དང་།། གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན།། གནོད་སྦྱིན་མོ་ནི་དགའ་ནས་མངོན་ཕྱོགས་ནས།། རྙེད་པ་རྙེད་ཅིངས་པོན་འབྱུང་བར་བྱེད།། འདོད་ཆགས་ཟིལ་གྱིས་ནོན་པའི་ཐད་མེད་དག། ་གནོད་པ་བྱེད་པ་ངེས་པར་གནས་པར་འགྱུར།། བུད་མེད་གནོད་པ་བྱེད་པ་འགོ་མི་བྱ།། རྙེད་པ་མང་ཉུང་ལ་ཡང་འདོད་མི་སྐྱེད།། སྔགས་པས་མཚན་མོ་ཁུ་བདགག་བྱས་ནས།། བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ།། སེམས་རྨོངས་གང་གི ་གཞན་དུ་བརྩམས་བྱས་ན། ། གནོད་སྦྱིན་མོས་ནི་མྱུར་དུ་ཕྲེང་བར་བྱེད།། བསམས་ན་ཕུང་བར་ཡང་ནི་འགྱུར་བ་ཉིད།། ཤ་ཟའི་གནོད་སྦྱིན་མ་ལ་འདི་དིདེ་ཉིད་དེ།། དེ་ལས་ཆོ་ག་ལྷག་པ་འདི་རྣམས་བྱ།། ཤཆང་ལ་ཕྲག་ཚོད་མ་ཆུང་བ་དང་།། ནས་ཆེན་མག་ཆན ་དང་འབྲས་ཆན་ཉ། ། གཏོར་མ་དེ་དག་ཀུན་ཏུ་བདུག་པར་འབུལ།། གནས་ནི་ཁང་སྟོང་དག་གམ་དུར་ཁྲོད་ཤིས།། མེ་ཏོག་ཤིར་ཤ་ཀུན་དུ་ཨརྐ་དང་བིལ་བ་འབྲི་ཧ་ཀུ་ཤ་ར་རྫ་ཀ། ཨ་གས་ཨུད་པ་ལ་ཨ་ཏ་རུ་ཤ་ཀ། སེའུ་ཅན་མྱ་ངན་ཚང་སོགས ་མེ་ཏོག་དབུལ། ། ཀླུལ་བུ་རམ་འོ་མ་མར་སྦྱར་བའི།། བདུག་པ་དྲེ་ཞིམ་ཨ་ཀར་ཙན་དན་དྲི།། ཕྲེང་བ་མེ་ཏོག་དྲི་ཞིམ་སྣ་ཚོགས་དང་།། འབྲས་ཆན་ཞོ་དང་འབྲས་ཡོས་འབྲས་བུ་འབུལ།། བདན་སྔོན་པོ་བུམ་པ་སྔོན་པོ་དང་།། གོས་ཀྱང་སྔོན་པོ་ལྷ་བ་ཤོས ་གཏོར་མ་དྲི། ། ཕྲེང་བ་མེ་ཏོག་བྱུག་པ་སྔོན་པོ་དག། ཅི་སྙེད་བྲང་གིས་འགྲོ་བ་རྣམས་ལ་འབུལ།། མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ།། མར་མེ་ས་གཞི་ལྕགས་དང་ནམ་མཁའ་དང་།། ལྷུང་བཟེད་ནོར་བུ་དག་དང་མེ་འབར་བ།། འདི་ལ་གསལ་བར་སྟོན ་པརྟག་ཏུ་འབྱུང་། ། འདས་པ་དང་ནི་མ་འོངས་ད་ལྟར་བྱུང་།། མཐོ་རིས་ས་སྟེང་དུས་དང་མི་ལྡན་ཡང་།། ལྷ་དང་ལྷ་མིན་དགེ་དང་མི་དགེ་བའི།། ལས་རྣམས་ཐམས་ཅད་གསལ་བར་སྟོན་པར་རྟོགས།། ཆོ་ག་ཉམས་པའམ་ཡང་ན་ཕྱེད་བཟླས་པ་འམ།། ཡི་གེ ་ཆཚད་དམ་ཡི་གེ་ལྷག་པའམ། ། བཟླས་བརྗོད་མ་བྱས་དང་པ་མེད་པ་དང་།། མཆོད་པ་མེད་ཅིངས་གཞི་མི་གཙང་དང་།། སྤྲིན་གྱི་ཚོགས་ཀྱིས་ཉི་ཟེར་བསྒྲིབས་པ་དང་།། བྱིས་པ་ཡན་ལག་ཉམས་ཤིང་ལྷག་མ་དང་།། དེ་ལྟ་བུལ་མེ་ཡི་གས་ལ་སྟོན་པ།། 2 ་པར་མི་འགྱུར་དགོས་པ་ཡོངས་མི་སྟོན། ། གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན།། བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང་།། སྤྲང་བྱས་གོས་དཀར་ས་དང་ལྕི་བ་ཡིས།། བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་བྱུག། བྱུག་སྤོས་དང་ནི ་མེ་ཏོག་བདུག་སྤོས་དང་། ། ལྷ་བ་ཤོས་མར་མེ་དག་ཀྱང་ཕུལ་ནས་སུ།། བྱིས་པ་གཞོན་ནུ་སྟ་གོན་གནས་པར་བྱ།། དེ་ནས་ནད་པར་ཆོ་ག་འདི་ཀུན་བྱ།། ཁྲུས་བྱས་ལུས་ལ་གོས་དཀར་གཙང་དགོས་ཏེ།། ཤར་ཕྱོགས་ཁ་བསྟན་ཀུ་ཤའི་སྟན་སྟེང ་དུ། འདུག་ནས་གསང་སྔགས་རྗེས་སུ་དྲན་པར་བྱ།། མེ་ལོང་ཐལ་བ་གཙང་མས་ལན་བདུན་ནམ།། བརྒྱད་དང་མ་ཡང་ན་བཅུར་ནི་ཕྱིས་ནས་སུ།། རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ།། བུས་པ་གཞོན་ནུ་ནུབ་དུ་ཁ་བསྟན་ན། ་ལྷ་ཡི་མིག་གིས་བལྟས་ན་འདས་པ་དང་།། ད་ལྟར་དང་ནི་མ་འོངས་མཐོང་བར་གྱུར།། མ་ལོང་ཞེས་བྱའི་ཆོ་ག་མཐའ་དག་ནི།། རལ་གྲི་གསལ་བར་སྟོན་ལ་སྦྱར་བར་བྱ།། མཐེ་བོ་རྒྱ་སྐེགས་ཁུ་བས་བཀྲུས་ནས་སུ།། འབྲུ་མར་དྲི་ཞིམ་དག་གིས་བསྐུ་བར ་བྱ། བུཾ་པག་ང་མ་ཆུས་བཀང་མི་གཡོར་གཞག། ས་བ་ཙགས་ལྷུང་བཟེད་ནོར་བུ་ཆུ་ཡིས་གདབ།། སྐུ་གཟུགས་ལ་ནི་བྱུག་བོས་མེ་ཏོག་དབུལ།། དེ་ནས་བུས་པ་གཞོན་ནུས་བལྟ་བར་བྱ།། གསལ་བར་སྟོན་དང་རྨི་ལམ་ལ་སོགས་པས།། དངོས་གྲུབ ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ། ། གལ་ཏེ་ཡིད་ཆེས་པར་ནི་མ་གྱུར་ན།། དེ་ནས་རིག་སྔགས་མི་བདུག་བཟླས་བརྗོད་བྱ།། ང་ཡི་གསང་སྔགས་དག་པ་གང་ཡང་རུང་།། གསོ་སྦྱོང་བྱས་ནས་ནན་ཏན་བཟུང་ནས་སུ།། རྒྱལ་བའི་རིང་བསྲེལ་མཆོད་རྟེན ་དྲུང་དུ་བཟླས། ། ཡང་ན་སྐུ་གཟུགས་མ་ཉམས་དྲུང་དུ་བཟླས།། ལུས་དང་ངག་ཡིད་ལག་པ་མིག་དང་ནི།། སྨིན་མཚམས་ཡན་ལག་རྣམ་པར་གཡོ་བདག། རབ་ཏུ་བསྡམས་ནས་དེ་ལ་ཡིད་གཞོལ་ཞིང་།། བྱམས་ལ་གནས་ཤིང་ཀུ་ཤའི་ཁྲེས་ལ་འདུག། ་ཇི་སྲིད་དུ་ནི་རྩེ་གཅིག་གནས་འགྱུར་བ།། དེ་སྲིད་བར་དུ་འབུམའམ་ཉིས་འབུམ་བཟླས།། ང་ཡི་གསང་སྔགས་ཧཱུཾ་ཞེས་བྱ་བ་འདིས།། ཤིང་ལའང་འབབ་ན་མི་ལ་སྨོས་ཅི་དགོས།། དེ་ནས་དབབ་པའི་སྣོད་རྣམས་བརྟག་པར་བྱ།། བུ་མོ་གཞོན་ནུ་ལོ་བཅུ ་འམ་བཅུ་གཉིས་པ། ། བཅུའམ་བརྒྱད་དམ་བཅུ་བདུན་ནམ་བཞི་འམ་གསུམ།། ཡང་ན་བྱེའུའང་རུང་སྟེ་གཉིས་སམ་ལྟ།། ཚིགས་རུས་རྩ་མི་མངོན་ཞིང་གཟུགས་བཟང་བ།། ཡན་ལག་རྫོགས་ཤིང་མིག་དཀྱུས་རིང་ལ་དཀར།། བ་བཞིན་ཟླ་འདྲ་མཆེ ་བ་མཉམ་ལ་ནོ། ། སོར་མོ་ཐགས་བཟང་མཛེས་ལ་ལོང་བུ་ནུབ།། ལྟེ་བ་ཟབ་ཅིང་མཛེས་ལ་ནུ་མཇེད་ལེགས།། བ་སྥུ་རེ་རེ་སྐྲ་ཡང་གནག་ལ་སྟུག། ལྟོ་བ་མི་རློགཉེར་མ་གསུམ་དང་ལྡན།། མདོག་ཀྱང་བཟང་ཞིང་མངའ་བྱད་དང་ཡང་ལྡན།། གང་ལ ་ཡིད་དགའ་ལྟ་བ་བརྟན་པར་འགྱུར། ། ལྟ་བས་ཀྱང་ནི་ངོམས་པར་མི་འགྱུར་དང་།། ལྷ་གཞན་དག་ལ་མི་ཕྱོགས་དབབ་པའི་གནོད།། ཚེས་གྲངས་བཟང་ལ་ཉིན་ཞག་ཅིག་ཏུ་ནི།། སྨྱུང་བ་བྱས་པས་གདུག་སྤོས་ཕྲེང་བ་དང་།། ཙན་དན་མེ་ཏོག་མར་མེ ་རྣམས་ཀྱིས་མཆོད། ། བཟའ་དང་འབྲས་ཆན་ལ་སོགས་གཏོར་མ་མང་།། ལྷ་དང་ལྷ་མིན་གནོད་སྦྱིན་རྣམས་ལ་སྦྱིན།། དབབ་པའི་སྣོད་རྣམས་ཁྲུས་བྱས་གོས་དཀར་བསྐོན།། ཤང་ཕྱོགས་ཁ་བསྟན་རྒྱན་ནི་རྣམ་པར་སྤངས།། བྱུག་སྤོས་མེ་ཏོག་འོས ་དེ་ལ་སྦྱིན། ། བདུག་པས་བདུག་ཅིང་གསང་སྔགས་ལས་བརྗོད་བྱ།། ཧཱུཾ་གིས་གསང་སྔགས་ཐོག་མར་བཟླས་ནས་སུ།། གྷི་ན་ཨ་བེ་ཤ་ཞེས་བརྗོད་པར་བྱ།། མིག་ནི་གདངས་ཤིང་བཙུམས་པར་མི་བྱེད་ན།། རྫོགས་པར་གྱུར་པར་ཤེས་པར་བྱས་ནས་སུ།། ་འཇིགས་པ་མེད་པར་དེ་ཚེ་དྲི་བྱ་བ།། མཆོད་ཡོན་དང་ནི་བདུག་པ་ཕུལ་ནས་སུ།། རིག་པ་མཆོག་གི་གསང་སྔགས་དྲན་བྱས་ནས།། ཕྱག་འཚལ་ནས་ནི་ལྷོ་ཕྱོགས་གང་ཡིན་དྲི།། དུས་གསུམ་དག་ནི་བདག་གི་དགོས་པ་གང་།། དེ་ནི་ལེགས་པར ་དགོངས་ལ་བཀའ་སྩོལ་ཅིག། བདེ་དང་སྡུག་བསྔལ་དངོས་གྲུབ་ཐོབ་མི་ཐོབ།། ཤེས་ནས་དེ་ཡང་དེ་བཞིན་བཟུང་ནས་སུ།། དེ་མ་ཐག་ཏུ་སླར་ཡང་བཏང་བར་བྱ།། མི་བདུག་སྔགས་བཟླས་ཆོ་ག་འདི་རྣམས་ཀྱིས།། དབབ་པའི་སྣོད་ལ་མི་ཡིས་ཕབས ་གྱུར་གྱི། ། གང་ཞིག་བླུན་པས་གཞན་དུ་བརྩམས་ན་ནི།། དེ་ནི་མི་རྣམས་ཀུན་གྱིས་དཔྱས་པར་འགྱུར།། ཞེ་ཞིང་བཞུངས་ལ་རྒྱ་ཆེ་ཀྱུས་ཀྱང་རིང་།། བརྟན་ཞིང་གཟི་ཆེན་མདངས་ལྡན་དམར་བར་སྣང་།། འཛུམས་ཞིང་འབྱེད་མེད་ལྷའི་མིག་དང་འདྲ།། ་དབབ་པའི་སྣོང་ལ་ལྟ་བབས་དེ་ལྟར་འགྱུར།། མིག་ནི་རབ་ཏུ་དམ་ནིང་ཟླུམ་པོར་འདྲག། བསྐྲད་ཅིང་རབ་ཏུ་མི་སྡུག་འཇིགས་འཇིགས་ལྟ།། འཛུམས་པ་མེད་ཅིང་འཇིགས་མེད་བལྟ་བ་ནི།། སྲིན་པོ་ལྷོ་འཕྱ་གནོད་སྦྱིན་བབས་པའི་མིག། གལ་ཏེ ་བབས་པའི་སྣོད་ནི་མི་གཏོང་ན། ། ཤིན་ཏུ་བཀྲ་ཤིས་ཚིག་བཅད་བརྗོད་པའམ།། སྟོབས་པོ་ཆེའམ་དགོང་མ་འམ་ལྕགས་ཀྱུ་བཟླས།། ཡང་ན་རབ་ཏུ་འདུས་པའི་མདོ་སྡེ་བཀླག། སེང་གེ་གདན་གྱི་ཨརྐ་འམ་བ་ལ་ཤའི།། ཡམ་ཤིང་མར་གྱིས ་བསྐུས་པ་བརྒྱ་ཡང་བསྲེག། མགྲ་ག་ཏིལ་ནི་སྦྲང་རྩིའམ་མར་གྱིས་བསྐུས།། གཏུམ་པོས་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱ།། སྔ་མ་བཞིན་དུ་གསང་སྔགས་ཆོ་ག་དག། དམ་ཚིག་ཅི་བཞིན་མ་ལུས་སྦྱར་ན་ནི།། བདག་གི་ཡིད་དང་མཐུན་པའི། ་དངོས་གྲུབ་ཐོང་།། སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུར་རོ།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བདུན་པའོ།། །། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་འདི།། ཡང་དག་། མཚོ་དང་ལས་མཐའ་ཏིང་འཛིན་དག། ་རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས།། སོ་སོ་སོ་སོར་ཡང་དག་བསྟེན་པར་བྱ།། ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་།། དེ་བཞིན་འདིས་ནི་ཐར་པ་མྱུར་དུ་ཐོབ།། རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དག། འདི་ནས་གཤེགས་ཤིང ་དེ་བཞིན་གཤེགས་པར་འགྱུར། ། ངོམས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས།། གུས་པར་དགེ་བའི་བསོད་ནམས་གང་བསགས་པའང་།། བདེ་གཤེགས་གསུངས་པའི་བདེ་བའི་ལམ་དམིགས་ན།། དགེ་བའི་ལམ་དེ་ཡང་དག་བསྐྱེད་པ་ཡིན ་ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། ། ཆོས་གོས་དང་ནི་བསོད་སྙོམས་ངན་དོན་དང་།། དམན་དང་མལ་སྟན་ངན་དོན་ཙམ་གྱིས་ཀྱང་།། ཆོ་ག་པའི་སེམས་དང་ལྡན་པས་བསོད་ནམས་འཐོབ།། བདག་ལ་བསྟོད་པ་ནམས་ཀྱང་མི་བྱ་ཞིང་།། སེམས། ་ཅན་གཞན་ལ་སྨད་པར་མི་བྱའོ།། སྟག་དང་སྦྲུལ་དང་མེའདྲར་འཇིག་རྟེན་དག། བསམས་ནས་སྤངས་ཏེ་དབེན་པ་དགའ་བར་བྱ།། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་།། སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད།། མཚོན་ཆ ་བའམ་རྟང་དབྱང་རང་བཟོ་འམ། ། བསྟན་བཅོས་ངན་བསློབ་ཅིང་ཀློག་པ་སླང་།། གླང་ཆེན་རྟདང་བ་ལང་བྱ་གག་ཁྱི།། གོང་མོ་སྲེག་པ་འུག་པ་སྐྱེས་པ་དང་།། བུད་མེད་བུ་མོ་བྱིས་པར་ལུག་སོགས།། ཐབ་མོ་འགྱེད་པ་མི་ལྷ་མ་བྱའོ།། ཡུལ་སའི་གཏམད ་མི་དབང་བསྐོན་པ་དང་། ། དམག་དང་གྱད་དང་ན་ཆུང་གཏམ་དག་དང་།། སྱཱད་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ།། འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ།། སྔགས་པས་གསང་སྔགས་བཟླས་པ་མནོས་པ་ནི།། གྲོང་དང་གྲོང་ཁྱེར་ཁྱིམ་དང ་གཙུག་ལག་ཁང་། ། མཆོད་རྟེན་བསྟི་གནས་རི་ད་དཀའ་ཐུབ་གནས།། ཀུན་དགའ་ལུམ་འམ་རྫིང་བུར་འགྲོ་མ་བྱ།། སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན།། ལྷ་འང་སྟོང་པ་དག་གམ་ཤིང་དྲུང་ངམ།། རི་དང་ཆུ་བོ་ཆུ་ཀླུང་འབར་ཆུ་དང་།། ནགས་ཚལ ་སྟོང་བ་དང་ནི་ཡུལ་སྟོང་དང་། ། གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས།། ཡང་ན་གནས་ནི་ངེས་པར་མ་བྱས་ན།། ཟླ་བ་བརྒྱད་པོ་འདི་ཡི་དུབ་དག་ཏུ།། གནས་འདི་གང་ཡང་རུང་བཅིག་ཏུ་བསྙེན།། མཚོ་དང་ཤིང་དང་རི་བོ་འམ་དགོན ་པའི་གནས། ། མཚེའུ་དང་ཁང་བ་གནས་སམ་ཆུ་ངོགས་སུ།། རྒུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས།། སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ།། ཅི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ།། ཚུལ་ཞུགས་གནས་གཞན་མི ་འགྲོར་གསུངས་པ་བཞེན། ། དེ་བཞིན་བཅོམ་ལྡན་འདས་ཀྱི་སྔགས་པ་ཡང་།། ཟླ་བ་གསུམ་དུ་གཅིག་ཏུ་གནས་པར་གསུངས།། སྔགས་པས་དབྱར་ནི་བསྒྲུབ་ལ་མི་འཇུག་པར།། བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདས་པར་བྱ།། དབྱར་འདས་ནས། ་ནི་གསང་སྔགས་གཟི་བསྐྱེད་པས།། བདག་ཉིད་བསྲུང་བྱས་བསྒྲུབ་ལ་འཇུག་པར་བྱ།། མེ་ཐ་བཟླུམ་པོ་གྲུ་གསུམ་གྲུ་བཞི་དང་།། པད་མ་ལྟ་བུར་བྱ་ཞིང་དབྱིབས་ལེགས་ཤིང་།། འཇམ་ཞིང་ཤིན་ཏུ་མཉམ་པར་བྱས་ནས་སུ།། དེ་དག་ས་དང་ལྕིབས ་ལེགས་པར་བྱུག། ཟླུམ་པོ་དབང་དང་བསྐྱེད་དང་ནོར་དགུག་དང་།། སྤྱན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས།། གྲུ་གསུམ་དུ་ནི་དགར་བ་སྐྲད་གསང་བ་དང་།། གཤེད་བྱེད་ལ་སོགས་དྲག་པོའི་ལས་ཀྱང་བྱ།། གྲུ་བཞི་པར་ནི་ཀླུ་དང་བསང་བ་པའི།། སྲོག་སྐམ ་པ་འམ་ཡན་ལག་གེ་ཞིག་པར་བྱ། ། པདོ་མའི་དབྱིབས་སུ་བུད་མེད་བུ་མོའི་གྲོང་།། ཡུལ་འཁོར་འཐོབ་པ་འམ་དོན་ཀུན་བསྒྲུབ་པར་ཤིས།། མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང་།། ཐ་མ་ཐོག་ཏོག་ཀུ་ཤ་དགྲམ་པར་བྱ།། དཀོན་མཆོག་གསུམ ་དང་ཕྱག་ན་རྡོ་རྗེ་དང་། ། ཡུམ་ལའང་དད་པས་ཕྲེང་བ་བདུག་པ་དང་།། དྲི་དང་མ་ཉམས་མེ་ཏོག་ཅི་སྙེད་པས།། ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱ།། ཡམ་ཤིང་མང་པོ་ཐབ་ཀྱི་དྲུང་བཞག་སྟེ།། རླུང་ཡབ་ཀྱིས་ནི་མེ་ཡང་སྤར་བྱས་ནས།། སངས ་རྒྱས་རྣམས་ལ་ཕྱག་བྱས་ཁྲོ་བོ་ནི། ། བདུད་རྩི་འཁྱིལ་པས་མ་ཉམས་པད་མ་འམ།། མ་གྲུགས་ཏི་ལ་ནག་ལས་ནི་བདུན་ནམ་བརྒྱད།། བཅུ་འམ་ཉི་ཤུར་བསྲེག་ལུགས་མེ་ལ་བསྲེག། ཀུ་ཤ་བཏིང་དམ་ཁྲེས་སམ་རྩཝ་བསྟན་ལ།། འདུག་ནས ་ཤར་ཕྱོགས་ཁ་བསྟན་རྫས་རྣམས་ནི། ། མར་དང་སྦྲང་རྩི་འོ་མ་ལ་བསྟེགས་ན།། རང་གི་གསང་སྔགས་བསྒྲུབ་ཕྱིར་སྦྱིན་བསྲེག་བྱ།། མེ་ཡི་མཚན་མ་ཉེ་བར་བརྟགྲ་ན་ནི།། མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ལས།། གྲུབ་པ་དང་ནི་མི་གྲུབ་ཐམས་ཅད་ཀྱང་།། ་སྔགས་ཀྱིས་བྱིན་བརླབས་མེ་ནི་སྟོན་པར་བྱེད།། དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དངས།། མེ་ལྕེ་རབ་ཏུ་ཆེ་ལ་གཡས་སུ་འཁྱིལ།། ཁ་དོག་འཇའ་འདྲ་ཡང་ན་དགར་ཡང་རུང་།། ཡང་ན་བྱི་རུ་བཅག་པའི་ཁ་དོག་འདྲ།། ཤིན་ཏུ་སྡུམ་ལ་མེ་ལྕེ་བརྒབ་ནས་འཕྲོ།། ་རབ་ཏུ་འབར་བ་ཉི་མའི་འོད་ཟེར་འདྲ།། དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ།། དཔལ་བེའུ་དང་ནི་པད་མ་བླུགས་བཟར་འདྲ།། མེ་ལྕེ་ཏྲི་ཤཱལ་རྡོ་རྗེ་རལ་གྲི་འདྲ།། ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ།། རྫ་རྔ་རྔ་ཆེན་དང་ནི་གླིང་བུའི་སྒྲ།། དུ་བ་མེ་ལྕེ ་དྲི་ཞིམ་མེ་སྟག་བཟང་། ། ཡང་ནམ་སྤར་བར་ནི་འབར་འགྱུར་ན།། དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར།། དུད་པ་ཆེ་ཞིང་མེ་སྟག་རྒོད་པ་དང་།། འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར།། མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད།། རྩུབ་གནག ་སྤྲིན་དང་པ་ལ་ཤ་ཡི་མདོག། གསལ་ཤིང་འདྲ་ཞིང་ཞི་མའི་གཟུགས་ཀྱང་འདྲ།། ཕྱུག་གི་མགོ་འདྲ་ས་ཡང་རབ་ཏུ་རྩུབ།། མེ་ལྕེ་འཕྲོ་བས་སྦྱིན་བསྲེག་བྱེད་པའི་ཚིག། མི་རོའི་དྲི་དངོས་གྲུབ་མེད་པ་སྟོན།། མེ་ལྕེའི་མཚན་མ་འདི་འདྲ་མཐོང་ནས་ཀྱང་།། སྟོཊ ་པོ་ཚོའི་མར་གྱིས་སྦྱིན་བསྲེག་བྱ། ། བྱིན་བ་དག་དང་མཚན་ཁུང་སྤུན་མས་ནི།། ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང་།། མེ་ཡིས་མི་བསྲེག་སྤུ་གྲིས་ཟག་མི་བྱ།། སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ།། ཇི་ལྟར་རལ་གྲི་སོ་ལ་འཛིན་པའི་མིས།། ལེགས ་པར་མ་བཟུང་ལག་པ་ཆོད་པ་ལྟར། ། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན།། འབྲས་བུ་མེད་དམ་ཡང་ན་ཕུང་བར་འགྱུར།། མི་ནི་ཚུལ་ཁྲིམས་གཙང་སྣ་མི་ལྡན་ཡང་།། གསང་སྔགས་ལྷ་ནི་དེ་ལ་གནོད་མི་མཛད།། ལྷ་ཡི་འཁོར་དུ་གྱུར་པ ་གང་ཡིན་རྣམས། མི་ཡི་གླགས་མཐོང་ནས་ནི་ཕུང་བར་བྱེད།། བསྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི།། ལྷ་བ་ཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ།། སྔགས་པའི་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ།། རང་གི་ཉམས་ཀྱིས་ཅི་རྙེད་དབུལ་བར་བྱ།། ལྷ་དང ་ལྷ་མིན་གནོད་སྦྱིན་ལྷོ་འཕྱེ་གུལ། ། ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ།། དྲི་བ་སྲིན་པོ་གདོན་གྱི་རིགས་རྣམས་དང་།། གང་དགས་ལ་གནས་པའི་རྫུ་འཕྲུལ་ཅན།། བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ།། བདག་གིས་པུས ་མོ་ས་ལ་བཙུགས་ནས་སུ། ། ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས།། གནས་ནས་པན་གདགས་ཕྱིར་ནི་འདིར་སྤྱོན་ཅིག། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་།། དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་།། ཤར་ནུབ་རི་དང་ཉི་ཟླའི་ཁྱིམ ་རྣམས་དང་། རི་བོ་ཀུན་ལ་གང་དག་གནས་པ་དང་།། ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་།། རིན་ཆེན་གནས་ན་ལྷག་པར་གང་གནས་དང་།། མཚོ་དང་རྫིང་དང་ལྟེང་ཀ་ཆུ་དོགས་དང་།། ག་ཡའི་ཆུ་སིལ་མ་ཅན་ན་གང་གནས་དང་།། གྲོང་དང་བླུགས་ལྷས་གྲོང་ཁྱེར ་སྟོང་པ་འམ། ། ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་།། གཙུག་ལག་ཁང་དང་མཆོད་རྟེན་གནས་དག་གམ།། དཀའ་ཐུབ་གནས་སམ་གླང་ཆེན་བྲེས་དག་གམ།། རྒྱལ་པོའི་སྐོར་ཁང་དག་ན་གང་གནས་དང་།། ལམ་ཕྲན་འདུན་ཁང་དང་ནི་བཞི་མདོ་དང།། གང་དག་ལམ ་བོ་ཆེ་དང་ཤིང་གཅིག་དང་། ། དུརང་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོ་དང་།། སེང་གི་དྲེ་དང་གཅན་ཟན་གནས་དག་དང་།། འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་།། གང་དག་གླིང་མཆོག་རྣམས་ན་གནས་པ་དང་།། ལྷུན་པོ་དུར་ཁྲོད་དག་ན་གནས་པ ་རྣམས། རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ།། ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་།། བསྟོད་དང་གཏོར་མ་མར་མེ་གུས་འབུལ་བ།། འདི་དག་བཞེས་ནས་བཏུང་ཞིང་མན་པས་ནས་སུ།། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད།། དེ་ལྟར ་གདོན་ལ་མཆོད་པ་བྱས་ནས་སུ། ། དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ།། དབང་བདག་འབྱུང་པོའི་བདག་པོར་བཅས་པ་ཡི།། གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ།། མེ་དང་གཤིན་རྗེ་སྲིན་པོ་ཆུ་བདག་དང་།། རླུང་དང་ལུས་ངན་འབྱུང་པོ ་གདོན་དང་བཅས། ། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།། ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་།། རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ།། སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས།། རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་།། རང ་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། ། རང་གི་བུ་སྙེད་མཛའ་བཤེས་གཉེན་འདུན་དང་།། ནང་མི་དཔུང་བཅས་དམག་དང་ཐབས་གཅིག་ཏུ།། མེ་ཏོག་དྲི་དང་གཏོར་མ་ཐུག་པར་བཅས།། འདི་རྣམས་བཏུད་ཞིང་ལེགས་པར་གསོལ་ནས་ཀྱང་།། ་བདག་གི་ལས་འདི་འབྲས་བུ་མཆིས་པར་མཛད།། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ།། གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི།། དངོས་གྲུབ་མྱུར་ཞིང་ཤིན་དུ་བགེགས་ཀྱང་མེད།། ཡིད་དུ་འོང་བའི་འདོད་པའང་ཐོབ་པར་འགྱུར།། འཕགས་པ ་དཔུང་བཟང་གིས་ཞུས་པའི་ལེའུ་བརྒྱད་པའོ། ། །། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་།། འཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་།། དེ་བཞིན་གཤེགས་པ་སྡང་བའི་སེམས་ཀྱིས་སུ།། ནམ་ཞིག་མི་དག་སྲུ་འཚལ་འབྱིན་བྱེད་པ།། ་ཤིན་ཏུ་མི་བཟང་བ་ཡི་ལས་འདི་རྣམས།། རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད།། གཏི་མུག་ཅན་གྱིས་སྡིག་པ་གཅིག་བྱས་ཀྱང་།། ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར།། མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད།། ཉོན ་མོངས་ཟད་པའི་མི་ནི་སྲན་འབྱིན་དང་། ། སློབ་པ་གསོད་ཅིང་དགེ་འདུན་མང་པ་ལ།། གང་ཞིག་འདོད་པས་མང་ཅུ་རྐུ་བ་ཕྲག་པ།། མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་གསུངས།། ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ།། བསྐལ་པའི ་པར་དམནར་མེད་སྡུག་བསྔལ་མྱོད། ། གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོད་མི་ཐོབ།། གང་ཞིག་བདེ་གཤེགས་གསུང་གི་གླེགས་པམ་དག། ཆུད་གཟོན་པ་དང་མིས་ནི་བསྲེག་པ་དང་།། བསམ་པ་ངན་པས་ཆུང་ནི་འདོར་བ་དང་།། ཡང་ན་ཆོས་ཀྱི ་སྐུ་ནི་སྤོང་བ་འམ། ། བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི།། དགེ་སློང་དག་གམ་དགེ་སློང་མ་གསོད་དང་།། དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང་།། ངན་པའི་སེམས་ཀྱིས་ལྔ་ཁང་བསྲེགས་ཀྱང་རུང་།། མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ།། ་དཀའ་བ་སྤྱོད་པར་ལྡན་ཡང་གྲུབ་མི་ཐོབ།། གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི།། བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང་།། བདག་ཉིད་ངན་པས་དམྱལ་བར་བཙོས་པར་འགྱུར།། དེ་ནས་ཤི་ནས་ལས་ཀྱི་དབང་གིས་ཀྱང་།། ངིས ་ངན་མི་ཡི་ནང་དུ་སྐྱེ་བ་འཐོབ། ། འདི་དག་ངས་ནི་ཁྱད་ལ་མདང་བཤ་དང།། ག་ཤིག་བྱང་ཆུ་བ་སེམས་ནི་བླངས་པ་ལས།། རྨོངས་པས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན།། དེ་དག་དེ་ལ་མི་དགར་གྱུར་ནས་སུ།། དེ་ལ་གསང་སྔགས་དངོས་གྲུབ་ཉམས ་པར་བྱེད། ། གང་གི་ཚེ་ན་སེམས་ནི་དང་བ་ཡིས།། མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ།། དེ་ནི་བྱིན་ཆད་ལྷ་དང་ལྷ་མེན་དང་།། འཇིག་རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱར་བོས།། མིས་ནི་མངོན་པར་མཐོབ་མ་ལུས་པའི།། བསླབ་པ་མཐའ་དག་ཐ ་པབར་གྱུར་པ་དང་། སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་།། དཀོན་མཆོག་གསུམ་གྱི་རྒྱུད་དུ་སྙིང་ནས་སྐྱེས།། གང་ཞིག་མི་བཟང་ལས་བྱེད་ཐུབ་པ་གསོད།། རིག་སྔགས་གཅོད་དན་གདོད་བར་བྱེད་པའམ།། བསམ་པ་ངན་པས་གསང་སྔགས ་ཚོགས་མི་མཆོད། ། དོན་མེད་བཞིན་དུ་སེན་མོས་རྩཝ་གཅོད་དང་།། རྐང་པས་རྐང་པ་ཉེད་པར་བྱེད་པ་དང་།། ཕྱུགས་ལ་སོགས་པའི་ཚོགས་ཀྱི་སྣ་འབུགས་དང་།། འབྱུང་པོ་བྱིན་པའམ་ལྷ་ཡི་གཏོར་མ་འམ།། ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ།། ་འདོད་ཆགས་ཟིལ་གྱིས་གནོན་པའི་དུད་འགྲོ་དང་།། བུད་མེང་བགྲོད་བུ་མིན་པར་འགྲོ་མ་བྱ།། གླང་ཆེན་མེ་འདུལ་སྤྲུལ་ཡང་མེ་བཟུང་ཞིང་།། རྟ་རྒྱུག་གློ་རྡེབས་ལྕག་གིས་བཞུ་མི་བྱ།། ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི།། དངོས་གྲུབ་ནམ་ཡང ་འབྱུང་བར་མི་འགྱུར་རོ། ། སེམས་ཅན་ནད་ཀྱིས་གདུངས་དང་སྡུག་བསྔལ་ལ།། རྟག་ཏུ་བྱམས་པ་ཡང་ནི་ཡིད་ལ་བྱ།། དཔེར་ན་ནམ་མཁའ་མཐའ་ཐག་མེད་པ་ལ།། འདོམ་གྱིས་གཞལ་བས་མཐའ་རྟོགས་མི་ནུས་ལྟར།། དེ་བཞིན་དཀོན་མཆོག ་སུམ་ལ་བརྟེན་ནས་ནི། ། ཕན་དང་གནོད་པ་བྱས་པའི་མཐའ་མི་རྟོགས།། རྒྱ་དང་སྟེ་དང་པོང་རྒྱ་མཛེལ་བུ་ཡིས།། ཁྱི་ལ་སོགས་པས་སེམས་ཅན་གསོད་པ་དང་།། བྱ་རོག་ལ་སོགས་གཟེབ་ཀྱིས་བཅིང་བྱས་ན།། འདི་དང་ཕ་རོལ་དུའང་གྲུབ་མི ་ཐོག། ། བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས།། རྐང་པས་མི་རྫི་མགོ་ལ་གདགས་མི་བྱ།། བཀྲེས་པས་གདུངས་ཀྱང་དེ་དག་རྣམས་ལ་ནི།། ཕུལ་བའི་ལྷ་བཤོས་རྣམས་ཀྱང་བཟའ་མི་བྱ།། འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ ་འཇུག་དང་། ། དྲག་པོ་རླུང་ལ་སོགས་ལ་ཕྱག་མི་བྱ།། དེ་ཡིས་བཤད་པའི་ཆོས་ལ་བསྟེན་མི་བྱ།། དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད།། དེ་རྣམས་ཆོས་ལའང་ངན་སེམས་མི་བྱ་ཞིང་།། དེ་ཡི་སྤྱོད་ལ་ནམས་ཀྱང་དགའ་མི་བྱ།། དེ་དག་བསྟོད་པ་མི ་གདོན་སྔགས་མི་བཟླས། ། སྦྱིན་པ་བྱིན་ཏེ་སྙིང་རྗེ་སྐྱེད་ནས་སྦྱིན།། བདེ་བར་གཤེགས་པ་རྣམས་ཀྱིས་བརྟན་པ་ཡི།། གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ།། རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས།། དེ་དག་རྟག་ཏུ་ཕྱག་བྱའི་གནས ་ཡིན་ནོ། ། ཇི་ལྟར་ཟླ་བ་ཆས་ལ་མི་རྣམས་ནི།། ཕྱག་འཚལ་ཉལ་ལུས་ཅན་ཕྱག་མི་འཚལ།། དེ་བཞིན་དང་པས་རྒྱལ་བའི་ཐུགས་སྲས་ལ།། ཕྱག་བྱ་འདི་ལྟར་བདེ་བར་གཤེགས་ལ་མིན།། འཇིག་རྟེན་ཀུན་གྱི་མངོན་མཐོ་བསླབ་པ་ཅན།། སྙིང་རྗེའི ་བདག་ཉིད་འགྲོ་བའི་དོན་དུ་ནི། ། སྐྱེ་བ་ལེན་པ་དེ་ལ་ཅིའི་ཕྱིར།། བུ་གཅིག་བདག་ཉིད་ཀུན་གྱིས་དེ་ལ་ཕྱག་མི་བྱ།། སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན།། དེ་ལ་མི་ངན་གང་ཞིག་མི་འདུད་པ།། དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུང་ནས།། ་དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ལོ།། དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི།། ཡིད་འོང་ཕྱི་ནས་འབྲས་བུར་གྱུར་པ་ལྟར།། སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས།། འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས།། གང་ཞིག་རང་བཞིན་ཆགས ་དང་རྣམ་བྲལ་ཡང་། ། བརྩེལ་སྙིང་རྗེ་ཀྲོལ་ཁྲོ་བ་དང་།། འདོད་ཆགས་ཅན་ལ་ཆགས་ཅན་ལྟང་སྟོན་པ།། བྱང་ཆུབ་ཚུལ་གནས་དལ་ཕྱག་འཚལ་ལོ།། གང་ཤིག་ལས་དང་རྣམ་སྨིན་མཁྱེད་པ་ཡི།། འགྲོ་བ་ཀུན་དང་ཅི་ལྟར་མཐུན་པ་ཡི།། གསང ་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། ། སྔགས་ཀྱིས་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ།། འཕགས་པ་དབང་བཟང་གིས་ཞུས་པའི་ལེའུ་དགྲ་པའོ།། །། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར།། གསང་སྔགས་རིག་སྔ་གྲ་རྣམ་པ ་སྣ་ཚོགས་དག། འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དང་།། རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས།། ངས་ནི་གསང་བ་པ་རྣམས་གཞོམ་པ་དང་།། དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར།། དཀྱིལ་འཁོར་བཅབ་ཤིང་ཕྱག ་རྒྱ་ལྡན་པ་ཡི། ། གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད།། ཕོ་ཉ་བཅུ་དང་རིག་པའི་རྒྱལ་མོ་བདུན།། དེ་བཞིན་ཕྱག་བརྙན་དྲུག་བཅུ་རྩ་བཞི་དང་།། ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང་།། ཁྲོ་བོ་དྲག་པོ་བདུད་རྩི་ཐབས་སྦྱོར་དང་།། རིག་པ་མཆོག ་ལ་སོགས་པ་མཐུ་བོ་ཨུ0f7f། ། རིག་པའི་བདག་པོ་གས་སྔགས་རྗེས་འབྲང་བཅག།། དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ།། དེང་ནི་འདི་དགང་ཡིས་རྒྱ་ཆེར་བཤད།། སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག། གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམ ་བཤད། ། དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང་།། དེ་ཡི་མིང་ཅན་དཀྱིལ་འཁོར་དམ་པ་གསུངས།། བཅུ་གཉིས་ཕྱག་དང་ཕྱག་དྲུག་པ་དང་ནི།། ཐོར་ཚུགས་ཅོད་པན་འདོད་པ་འབྱོར་བྱེད་དང་།། ཞལ་བཞི་དོན་ཡོད་ཞགས་པར་བདུན་བསྟན་འདི།། ས་སྟེང ་གསང་སྔགས་ཉི་མ་བདུན་ལྟར་འབར། ། དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ།། མི་ལ་མཆོད་སྦྱིན་འཇིག་རྟེན་གསུམ་གྱིས་འདུད།། སྒྲོལ་མ་དཀར་མོ་གོས་དཀར་སྤྱན་མ་དང་།། རྣམ་གཟིགས་རལ་པ་གཅིག་མ་དཀར་ཤམ་དང་།། ་གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས།། པད་མོའི་རིགས་ཀྱིས་རིག་སྔགས་རྒྱལ་མོ་མཆོག། དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས་ཅན་དང་།། ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན།། རྒྱས་པའི་གསང་སྔགས་རྒྱུད་དྲའོགོ་བག་ཅན ་རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་བསྒོམ། ། དེ་ཡི་གསང་སྔགས་མི་ལ་གྲུབ་མཆོག་སྟེང།། དེལ་ལྔས་རྐྱེན་ཡང་ནི་མངོན་པར་དགའ།། གནོད་སྦྱིན་དབང་ཕྱུག་དེ་དག་རྟག་མཐུན་པས།། དེ་ཡི་བཀའ་ཡིས་གསང་སྔགས་ཚོགས་རྣམས་པ ་ལྔས་རྐྱེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། ། དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ།། ནོར་གྱི་བདག་པོས་སྟོང་ཕྲག་སུམ་བཅུ་སྟེ།། གང་པོ་པ་ཡིས་ཀྱང་ནི་འབུམ་བཤད་དོ།། ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ།། དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས ་བཤད། ། ཁ་ཅིག་ང་ཡི་རིགས་སུ་གཏོགས་པ་སྟེ།། ཁ་ཅིག་ཀྱང་ནི་པད་མོའི་རིགས་སུ་གཏོགས།། ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན།། གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ།། ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུང ་དེ་ནི་རྡོ་རྗེ་རིགས་ཤེས་རབ་ཏུ་བསྟན། ། སྤྱན་རས་གཟིགས་དབང་པད་མའི་རིགས་ཡིན་ཏེ།། རིགས་བཞི་པ་ནི་འདི་ཡང་ལྔ་རྩེན་ཡིན།། གསང་སྔགས་མདོ་སྡེར་ངས་བཤད་གང་ཡིན་ཏེ།། བཞི་པོ་འདིར་ནི་རྣམ་པར་སྦྱར་བར་བྱ།། གཞན་ཡང་འདི་ནི་ཁཅིག ་གནས་མེད་པར། ། བདེ་བར་གཤེགས་ལ་བསྟེན་ཅིང་ཡོངས་འཁྱམ་པ།། མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང་།། འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར།། ལ་མ་འདི་ཉིད་དུ་ཞུགས་པའི་སྔགས་པས་ནི།། ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་པར ་འགྱུར། ། སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ།། དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས།། དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ།། སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ།། འདི་གསུམ་བསོད་ནམས་ནམ་འཕེལ་རྒྱུ་ཡིན་པས།། དངོས་གྲུབ ་འདོད་པས་གསང་སྔགས་མགོ་ལ་གདོན། ། བསོད་ནམས་ཆེད་དང་ལོག་འདྲེན་རྨོངས་བྱེད་ཕྱིར།། ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས།། གསང་སྔགས་རྣམས་ཀྱི་མགོ་ལ་སྦྱར་བྱ་བར།། གནོད་སྦྱིན་མགོན་པོ་ངས་ནི་བཤད་པ་ཡིན།། ནོར་གྱི ་རིགས་དང་པད་མའི་རིགས་ལ་ཡང་། ། རང་གི་གསང་སྔགས་བདག་པོར་ལྡན་པར་བྱ།། བདེ་བར་གཤེགས་མིན་ཉན་ཐོས་ལམ་ཞུགས་དང་།། ང་རྒྱལ་རྣམས་ཀྱི་ལམ་ལ་གནས་པ་དང་།། དད་པ་མེད་ཅིང་ཚུལ་འཆོས་འཇུངས་པ་ཡིས།། ང་ཡི་རྡོ་རྗེ་ནམ་ཡང ་བཅད་མི་བྱ། ། གང་ཞིག་ཐེག་པ་མཆོག་ལ་སྡང་བ་དང་།། བདུད་ཀྱིས་བཤད་པ་ཡིན་ཞེས་ཟེར་བ་དང་།། རྨོངས་པ་ངལ་གནོད་སྦྱིན་ཞེས་སྨྲ་དང་།། བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི།། དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་།། དགེ་བསྙེན་མ་དང་འཇིག ་རྟེན་པ་རྣམས་ཀྱིས། ། ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན།། དེ་དག་རྣམས་ཀྱིས་ལུས་ནི་མྱུར་དུ་འཇིག། གང་ཞིགང་རིགས་རྗེས་སུ་འབྲང་བའི་གདོན།། འབྱུང་པོ་གནོད་སྦྱིན་ཀྲུང་ཤཿ་ཡིས།། ཡི་སྔགས་བརྗོད་རྡོ་རྗེ་ཐོགས་བདག ་མཐོང་ན་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། ། གང་ཞིག་ཐེག་མཆོག་རྒྱ་ཆེན་ཀློག་པ་དང་།། དེ་ལ་དད་ཅི་དེ་ཉིད་འཆད་པར་སྤྲོ།། བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ།། དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད།། ངས་ནི་འགྲོ་ལ་ཕན་ཕྱིར ་སངས་རྒྱས་པའི། ། གསང་སྔགས་ཡངས་ཤིང་བྱས་པར་བཤད་པ་ཡིན།། དེ་ནས་གཞན་ཡང་འཇིག་རྟེན་པ་བསྡུས་ནས།། ནོར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོན།། དྲག་པོ་ཡིས་ནི་བྱེ་བ་ཕྲག་བཅུ་བཤད།། ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་བཅུ་སྟེ། ་ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་བཅུ་ཉིད།། ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ།། ནམ་མཁའ་ལྡིང་གི་སྟོང་ཕྲག་བཅཝ་བརྒྱད་དེ།། གསུམ་བྱེད་མས་ནི་སྟོང་ཕྲག་བརྒྱད་བཤད་དོ།། མེ་ཡིས་ཀྱང་ནི་བརྒྱ་ཕྲག་བདུན་ཉིད་དེ།། ཕུར་བུ་གསུམ་པ ་ཡིས་ནི་སྟོང་བཤད་དོ། ། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ།། མཚན་མོ་རྒྱུ་དབང་སྟོང་ཕྲག་བཅུ་གཉིས་བཤད།། འགྲོ་ལ་ཕན་ཕྱིར་འཇིག་རྟེན་བདག་པོ་བཞིས།། འབུམ་ཕྲག་བཞི་ནི་རབ་ཏུ་བཤད་པ་ཡིན།། ལྷ་མི་ནང་ཟང་པོས་འབུམ་ཕྲག་གཉིས ་ཉིད་དེ། ། ལྷ་ཡི་དབང་པོས་ཀྱང་ནི་འབུམ་ཕྲག་གསུམ།། གསང་སྔགས་ཕྱག་རྒྱ་སྣ་ཚོགས་ཆོ་གར་ལྡན།། སོ་སོ་གཞུང་གི་དཀྱིལ་འཁོར་རྣམས་དང་བཅས།། རང་སྔགས་མདོ་སྡེའི་རྗེས་འབྲང་དང་བསྐྱེད་ན།། མ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར ་འགྲུབ། ། དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ།། སྡུག་བསྔལ་མདོ་པོ་ཡང་ནི་འཐོབ་པར་འགྱུར།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་པོའོ།། །། བཅུད་ཀྱིས་ལེན་དང་གཏེར་དང་ཕུག་འགྲོ་དང་།། ནོར་སྒྱུར་འབྱུང་ཁུང ་སྔགས་དང་གསེར་བསྒྱུར་རྩི། ། རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ།། བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན།། སྔགས་དང་ཕྲུག་ཏུ་འགྲོ་དང་བཅུད་ཀྱིས་ལེན།། སྡིག་པ་སྤོང་བར་བྱེད་པས་མཆོག་ཏུ་བསྟན།། རིན་ཆེན་དང་ནི་གཏེར་དང ་འབྲུང་ཁུར་འབྲིར། ། གསེར་བསྒྱུར་རྩི་དང་ནོར་བསྒྱུར་ཐ་མའོ།། མི་ནི་སམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན།། དཀའ་ཐུབ་ཀྱིས་ཕྱག་དང་པོར་བསྟན་པའི་སྣོད།། རྡུལ་ཤེས་ཆེ་བ་ལ་ནི་འབྲིང་པོར་གསུངས།། ཐ་མ་ལ་ནི་མུན་པ་ཅན་གྱིས་བརྟན།། གང ་ཞིག་མཆོག་ཏུ་བསྟན་པ་སྟེན་འདོད་པ། ། དེས་ནི་ཐ་མར་བསྟན་པ་རྣམ་པར་སྤང་།། གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས།། གདུངས་ན་འབྲིང་པོ་ལ་ནི་བསྟེན་པར་བྱ།། ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང་།། ཚེ་དང་སྟོབས་གཟུགས ་ཕུར་སུ་མཚོགས་པ་དང་། ། ཐོགས་མེད་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང་།། དབང་ཐར་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ།། ཆགས་ལ་རྣམ་བྲལ་དགེལ་དགའ་བ་དང་།། རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་དང་།། སྡིག ་མསྤངས་ཤིང་བཟླས་བརྗོད་ལྡན་པ་ཡི། ། མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད།། རྡོ་རྗེ་མཚོན་མེ་གནས་ལྤགས་མཐུ་འདྲ་བའི།། གསང་སྔགས་མེ་ཡི་འཇིག་རྟེན་མཆོག་སྦྱིན་མཛད།། འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང་།། སྡུག་བསྔལ་བ། ་ཅིང་སྡིག་འཇོམས་གཞན་མེད་དོ།། གང་ཞིག་དཔག་བསམ་ལྗོན་པ་ཤིང་ལྟ་བུར།། ལ་ལར་དངོས་གྲུབ་ལ་ལ་ར་བསོད་ནམས་དང་།། གཞན་ལ་གཟུགས་སྟོབས་ཆེ་དང་བདེ་བ་དག། ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ།། གསང་སྔས ་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། ། གང་ཞིག་སྡུག་བསྔལ་གད་ཞིག་འཇིགས་སྐྲག་པའམ།། རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི།། འགྲོ་བའི་ཚོགས་ཆེན་མཐའ་དགེ་སྐྱོབ་པར་མཛད།། གང་ཞིག་ཡུལ་དང་ཁྱིམ་ལ་བསྟེན ་ཀྱང་རུང་། ། དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི།། ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་བཟླས་ན།། དེ་ཡི་གསང་སྔགས་དུས་ཤིག་ན་ནི་འགྲུབ།། ཆོ་ག་བཞིན་དུ་དང་པོ་འབུམ་བཟླས་ནས།། དེ་ནས་སྔགས་པ་བསྒྲུབ་ལ་འཇུག་པར ་བྱ། ། དེས་ད་དངོས་གྲུབ་མྱུར་དུ་འཐོབ་འབྱུར་ལ།། གསང་སྔགས་ཚོགས་ཡུན་དང་ཉོན་མི་མོངས།། ལུས་ལས་ཡིས་དྲིལ་བྱི་བྱས་ནས་སུ།། ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་སུ།། ཅི་ཙམ་འདོད་པའི་བར་དུ་ཞུས་བྱས་ཏེ།། བྱུང་ནས ་ཤར་རམ་བྱད་དུ་ཁ་བསྟན་ནས། ། ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ།། པུས་མོ་ཕྱི་རིལ་དུ་ནི་བསྟན་བྱས་སྟེ།། བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས།། སྒྲ་མེད་དབུ་བ་མེད་པས་ཉེ་རེག་བྱ།། ལན་གསུམ་བར་དུ་ཆུ་ནི་འཐུངས ་ནས་ཀྱང་། ཚུལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ།། སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་།། སྦྲིད་པ་བྱུང་ན་ལ་ཡང་བཀྲུ་བར་བྱ།། རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་།། གཞོན་ནུ་མ་དང་ཅན་མོ་བྲམ་ཟེ་རྣམས།། དེ་ལ་ནམ་ཡང་སྔགས་པས་རེག་མི་བྱ།། ་སྔགས་པས་དེ་དག་རྣམས་ལ་མི་བསམ་མོ།། བརྒྱལ་དེ་དག་རྣམས་ཀྱིས་རེག་གྱུར་ཏམ།། བསྒྲུབ་པོས་དེ་དག་རྣམས་ལ་རེག་གྱུར་ན།། སླར་ཡང་ཁྲུས་དང་མཐོང་འཐུང་བྱས་ནས་སུ།། དེ་ནས་ཕྱིར་ཡང་བཟླས་ལ་འཇུག་པར་བྱ།། གཙང་སྤྲུ་ལ་དང ་ཟློས་དགའ་སྙིང་རྗེ་ཅན། ། རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་།། སློངས་མོའི་ཨ་བ་ལྷ་ཡི་ལས་བརྩོན་པ།། དེ་ཡི་ལུས་ལ་གསང་སྔགས་འཇུག་པར་འགྱུར།། འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང་།། གཞོན་བརྒྱན་དང་བྱུག་པ་བཟའ་བཏུར་དང་།། ་མ་ལ་སྟན་རྣམས་མང་ཉུང་བྱིན་གྱུར་ན།། དེ་ལ་བསྒྲུབ་ལ་གནས་པས་མི་བླང་ངོ་།། ས་ཕུང་བཤད་སྒོར་ལྔ་སྟེ་མཚན་ལ་གསུམ།། གཡོན་ལ་གསུམ་ཏེ་ལག་པ་གཉིས་ལ་བདུན།། ཡང་ནས་དང་ཆུ་ཡིས་ཅི་སྲིད་དུ།། དྲི་མ་དྲི་བྲལ་དེ་སྲིད་པར་དུ་བྱ།། ་སོས་ཀནགས་མེ་མཆེད་པའི་མེ་ལྕེ་ཡིས།། མ་བསྒྲིམས་བཞིན་དུ་ཚད་ཚི་དཀུན་བསྲེག་ལྟར།། བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྔར།། བརྩོན་འགྲུས་ཆེན་པོ་མེ་ལྕེས་སྡིག་པ་སྲེག། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས།། གདུངས་ནས ་གཟི་བརྗིད་མི་བཟོད་འཇུ་བ་བཞིན། ། ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས།། གདུངས་ན་སྡིག་པའི་གདས་ཀྱང་ཟད་པར་འགྱུར།། མུན་ནག་དམག་ལ་མར་མེ་ཕྱུང་བ་ཡིས།། མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར།། ཚེང་བས་སྟོད་ནས ་བསགས་པའི་སྡིག་པའི་མུན། ། བཟླས་བརྗོད་མར་མེས་མྱུར་དུསེལ་བར་བྱེད།། ཅི་སྟེ་བཟླས་བརྗོདཔ་ནི་སྦྱིན་བསྲེག་གིས།། གསང་སྔགས་བསྒྲུབ་ཀྱང་དངོས་གྲུབ་མཐོ་བ་ན།། འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ།། ཡང་ན་ཆུ་འགྲཾ ་བྱེ་མ་ལ་ཡང་གདབ། ། དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ།། བྱས་པ་གང་ཡིན་དེ་ནི་ཟད་གྱུར་ན།། དེས་ནི་གསང་སྔགས་མཐུ་ཡིས་འདི་ཉིད་དུ།། མཐོང་བའི་ཆོས་ལ་གསང་སྔགས་འབྲས་བུ་འཐོབ།། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ།། དེ་ནས ་བརྩོན་འགྲུས་དང་ནི་བཡོད་པ་དང་། རྒྱལ་བ་ལ་ནིད་ད་དང་བྱང་ཆུབསམས།། གས་སྔགས་དང་ནིམ་ལ་མེད་པའོ།། ལྟར་མ་དབང་ཡན་ལག་བདུན་ལྡན་པ།། སྒྲུབ་མད་པར་སྐྱེ་བུ་འདུལ་པར་བྱེད།། དེ་བཞིན་སྔགས་པའང་ན ་ལག་འདི་དུན་དང་། ། སྲན་དངོས་གྲུབདམ་པའ་ཐོབ་པར་འགྱུར།། ད་པོ་བ་ཟླས་བརྗོད་པ་ལ་ཆེར་བྱས་ནསས།། དེ་འི་འོག་ཏུ་འདི་ནི་སྦྱིན་པ་སྡུག་ས།། སྱཱ་པ་སྲེག་དག་གིས་གསུང་གྲགས་པ་ཆོག་བྷར་སྔོག།། ཐོང་བའི་། ་པའང་སྦྱིན་པར་མཛད།། གང་གིས་དཔག་ཚད་བ་རྒྱ་ཡི་ཕ་རོལ་ནས།། གསང་སྔགས་མཐུ་ཡིས་ཟད་མེད་པཀུག་ཀྱང་ནི།། བུད་མེད་མ་ཡིན་གནོད་སྦྱིན་བླ་མ་སྟེ།། དེ་གཟུགས་ཆ་བྱད་ཀྱིས་ནི་སྔགས་བསྟེན།། འདོད་པའི་དོན་ཕྱིར་བསྒྲུབས། ་གང་ཡིན་ཏེ།། གྲུབ་ནའང་གནོད་སྦྱིན་བུ་མོས་སྦྱིན་པར་བྱེད།། དེ་ནི་བུད་མེད་དེ་ཡི་ལུས་སུ་ཡང་།། སྤྲུལ་ནས་མཚན་པོ་འདོད་པ་སྟེན་པར་བྱེད།། ཅི་ལྟར་མི་དག་འདོད་ཕྱིར་བུད་མེད་ལ།། བསྟེན་ཕྱིར་མི་ཡི་ནོར་ནི་བད་འགྱུར་ལྟར།། དེ་བཞིན ་གནོད་སྦྱིན་མོ་འམ་བྲན་མོ་དག། གསང་སྔགས་མཐུས་བཀུག་བསྟན་པར་བྱེད་པའོ།། གཞན་གྱིས་ཆུད་མར་ཡིད་ལ་བཞག་ནས་སུ།། གང་ཞིག་དེ་ལ་འདོད་གདུངས་བསྟེན་བྱེད་པ།། མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ།། འདོད་པ་སྤྱད་པས ་སྡིག་པ་མང་པོ་འཐོབ། ། རྒྱལ་བ་ལ་དང་གཞན་ལ་ཕན་བརྩོན་པའི།། ལྷ་ཀླ་ལླ་མིན་གནོད་སྦྱིནི་དྲི་ཐ་དང་།། གྲུབ་པར་བཅས་པ་སྔགས་པ་ཤད་གང་ཡིན་པ།། དེ་དག་རྒྱལ་བའི་ནན་ཐོས་རང་སངས་རྒྱས།། དེ་བཞིན་གཤེགས་དང་བྱང་ཆུབ་སེམས ་དཔའ་ཡིས། ། མ་འོངས་སེམས་ཅན་མགོན་སྐྱབས་མེད་རྣམས་ལ།། རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད།། དེ་དག་འབྲས་བུ་རབ་དང་འབྲིང་དང་ནི།། ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བསྟེན།། མཁའ་ལ་འགྲོ་དང་པལ་གྱི་ཕུག་ཏུ ་འཇུག། འདོད་དགུ་གཟུགས་ཅན་མི་སྣང་རྣམ་པ་དང་།། གནོད་སྦྱིན་བུ་མོ་ཁྱོ་དང་བཅུད་ཀྱིས་ལེན།། དམིག་འཕྲུལ་སྒྱུམ་མཚན་མོ་རྒྱུ་བ་སྟེ།། དེ་དག་མཆོག་ཡིན་འབྲིང་ནིས་བདག་གོ།། གྲོང་དང་ནོར་དང་བྱེ་དང་དཀྲུག་པ་དང་།། དགར་དང་བསྐྲད ་ཡ་ནི་ང་དང་། ། ཁྲུས་གན་ཀྱིས་ཟིན་པགས་པ་དང། ག་པ་ནས་ཟད་མཐུན་པ་ས།། མལས་མ་ཐ་ཆགས་སན་པ་ས།། བྲག་ཏན་ཀྱདང་ཤིད་ད་ང། ས་པ་གན་ཀྱིས་ཀྱི་ག་ས། མ ་ཡོངས་པར་ཚིགས་དག། སྨོན་པར་བྱེད་པ་ཕྲེ་མའི་ཕྲིན་ཚོགས་ཡིན།། དང་འ་ཆུང་ལ་ལུགས་རྦ་དང་།། དབ་གས་ན་མ་ང་སྨ་པ་ང།། ས་དང་མིང་ས་སོགམཔས་ང་དང་།། ག་པའི་གས་དང་སྔག ་དང་། ངོགངས་སྤུན་དང་རྣམ་པར་བསྟོད་པ་ད།། མིག་དྲུག་སོ་གར་ནི་གཞུག་པ་དང་། རབ་ཀྱི་གཟུགས་དཔའ་ཡང་བསྟུག་དུགཟུག། བྲནས་རྦང་དང་ཡན་ལག་བཞིག་པ་དང་། ང་གི་འཟློ་བ་དག་ཀྱང་དཀྲུག་པ་དང་། ཕྱི་ཡང་བཅི་ང་གནན ་བྱ་བ་དང་། ། ལོངས་དང་བྱད་དང་དུགཟེར་གཞུག་པ་དང་།། དུག་ནི་གཞན་ལ་སྤོ་བར་བྱ་བ་དང་།། ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བའམ།། ལུས་ལ་ཞེན་པའི་དུག་ནི་བསླང་བ་དང་།། ཐོས་པར་བཟའ་དང་ཟོས་པ་བཅད་པ་དང་།། ས་བཅིང་བ་དང་པོ་ཉ་གཏང་བ་དང་།། ་བསྐྲད་པ་དང་ནི་ཀླུ་ལ་བསྟན་པ་དང་།། དུང་དང་རྫ་རྔའི་སྒྲས་ནི་བསླང་བ་སྟེ།། རྣམ་པ་འདི་དག་དུག་གི་རྒྱུད་དུ་བཤད།། སའི་སྟེང་ན་སྦྲུལ་ནི་རྒྱ་བཅུ་དག། གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་འབྱམ།། དེ་དག་རྣམས་ལས་ཉི་ཤུ་གདེངས་ཀ་ཅན།། འཁྱིལ་པ ་དྲུག་དང་དུག་མེད་བཅུ་གཉིས་དང་། ། དེ་བཞིན་སྦྲུལ་ནི་ཁྲོ་བོ་བཅུ་གསུམ་སྟེ།། སུམ་བཅུ་གང་ཡིན་རིགས་དེའི་ནང་དུ་གཏོགས།། སྦལ་པའི་མགོ་དང་སྡིག་པ་ཁ་བརྒྱད་དང་།། རྣམ་པར་དབྱེ་ན་རབ་ཏུ་མང་པོ་ཡོད།། གཅིན་རྟུག་ཁ་ཆུ་རེག་དང་མཐོང་བ་དང་། ་མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང་།། དེ་ལས་དུག་ནི་རྒྱུད་ལ་མཁས་པ་ཡིས།། རབ་འབྲིང་ཐ་མ་གསུམ་དུ་རྣམ་པར་དབྱེ།། དུག་མདོ་ཁྲོ་བོའི་དབང་བསྒྱུར་སྐྲག་པ་དང་།། དེ་བཞིན་སྔངས་པའམ་བཀྲེས་པའི་ཟས་ཕྱིར་རམ།། ཤ་མཁོན་ཡོད་པ ་འམ་གཤིན་རྗེས་བསྟན་པའམ། ། ལུས་ལ་བརྫིས་ན་དེ་དག་ཟ་བར་བྱེད།། ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ།། མཆེ་བས་ཟིན་དང་སོས་བཅད་བཏབ་པའོ།། གང་དུ་མཆེ་བ་ཅིག་གིས་ཁྲག་ཕྱུང་རྗེས།། དེ་ནི་རུག་ཆུང་བས་ནི་ཟིན་པར་བཤད།། ཀ ་དུམཆེ་བ་གཉིས་ཀྱིས་བཏབ་ནསས། ། ཐག་གཟུང་བར་གྱུར་བཟོས་པའོ།། གལ་ཏེ་མ་ཆ་བ་གསུམ་ཀྱིས་ག་བཅད་ན།། དེ་ནི་བཅང་པར་གྱུར་བ་ཡིན་ཞེས་བསྟན།། གང་དུམཆེ་བ་བཞི་ཡིས་བཏབ་ནས་སུ།། སྦྲུལ་གྱིས་ལུས་ནི་ཟོས ་བར་གྱུར་པད། ། བཏབ་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ།། དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་དཀའ།། མེ་ཡི་རང་བཞིན་གནད་རྣམས་འདྲལ་བའི་དུག། མཚོན་དང་མེ་དང་གཟི་བརྗིད་མཚུངས་པ་དང་།། ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་གྱུར་པ།། ་དེ་ལྟར་སྨན་པས་སྦྱར་བས་མི་ནུས་སོ།། ཅི་ལྟར་མེ་ཕུང་ཆེན་པོས་བུད་ཤིང་ལ།། ངེས་པར་བསྲེག་ལ་ཆུ་འབབ་སྐད་ཅིག་གིས།། ཞི་བར་གྱུར་བ་དེ་བཞིན་དུག་དག་ནི།། མེ་པུང་ལྟ་ཁྲུར་སྔགས་ཀྱིས་ཞི་བར་བྱེད།། དྲུག་གི་མཐུ་སྟོབས་ཤེས་ནས་རབ་མ ་ནས། ། གསང་སྔགས་ཆོག་བཞིན་བཟླས་བསྒྲུབས་ན་ནི།། སྦྱོང་བ་འདིས་ནི་དུག་ཀྱང་འཕྲོག་པར་བྱེད།། བ་ལང་གྷུན་སེ་ག་ཅི་ལ་བར།། དུག་ཅན་སྦྲུལ་དང་དོག་ས་མེད་ལྷ་ཅིག་ཅི།། མྲ་ཀཱ་ལཱམི་ན་གནོད་སྦྱིན་ཐུབ་པ་དང་། དྲིཊ་འབྱུང་པོ་བཙུན་དང་། ་གསང་བ་དང་།། ཡི་དགས་ཤ་ཟ་དང་ནི་ལུས་སྲུལ་པོ།། སྨྱོ་བྱེད་མ་དང་ས་འཕྲོག་པ་དང་གྲེ་བ་ནོན་དང་།། ས་ཡེ་སྟང་ན་གདོན་ནི་ཚོགས།། མི་ཡི་ཤ་ཚིལ་ཟ་ཞིང་ཁྲག་ཀྱང་འཐུང་།། མྱ་ངན་འདོད་གདུངས་ཁྲོབས་ཉམས་ཐག་པའི།། གླགས་སྐབས་རྙེ། ་ནས་ལུས་ལ་འཇུག་པར་བྱེད། དེ་དག་རྣམས་ཀྱིས་ཟིན་པའི་མི་འབྱིན་ཅིང་།། གླལེ་ན་ག་བྱེད་ནོ་དང་ཐོ་བ་དང་། དགའ་ཞིང་རྔམ་པ་ཆེལ་སྨྲ་འདོད།། འདོད་པ་སྣ་ཚོགས་བྱེད་ཅིང་ལྷརྣམས་དང་། ལྷ་མིན་ལྟང་འཆོས་སྐྱོ་པོའི་བནང་ག་བྱེད། ་མ་འདོད་པའམ་རྩེད་མོ་བྱེད་འདོད་པས།། གས་པའི་དོན་དུ་ལུས་ལ་འབའ་ཤིག་འཇུག། གསང་བ་པ་རྣམས་གཞིག་ཕྱིར་རིག་པའི་མཆོག། མཐུ་ཆེན་མཆོག་སྦྱིན་རྡོ་རྗེ་ལུགས་ཀྱུའམ།། གཞན་ཡངང་ཡི་རིགས་ལས་བྱུང་བའི་རིག་པའམ།། ་ཁོ་བ་བད་རྩི་ཐབས་སྐྱོར་སོགས་པས་ག་སོ།། ལྟར་རིག་སྔགས་འཛིན་པའི་མདག་པ།། གདོན་རྣམས་འཇིགས་པར་བྱུར་བ་དེ་ལྟར་ནི།། མེ་མིན་དྲུང་མིན་གྲོང་ཁྱོ་ལ་ག་དག། འཇོམས་བྱེད་ག་ཟི་ཆེན་ཉི་མམས་པོ་དང་།། ཆུ་བདག་མ་འི། ་ལྷ་མིན་རྣམས་ཀྱིས་མིན།། ནོར་བདག་མ་ཡིན་གནོད་སྦྱིན་རྒྱལ་པོས་མིན།། ལྷག་མ་མཁའ་ལྡིང་བྱ་ཡི་རྒྱལ་པོ་དང་།། ས་བསྲུང་བུ་ཞོན་ཁྱེར་འཇིགས་རྣམས་ཀྱིས་མིན།། འབྱུང་པོའི་རིག་སྔགས་འདིར་ནི་ཀུན་མཐོང་དང་།། གདོན་གྱིས་སྤྱོད་པ་མཐུས ་ཤེས་ནས་སུ། ། ཕྱེ་ནས་གདོན་རྣམས་དོགས་མེད་བཏུལ་ནས་ནི།། གདོན་གྱིས་མི་འཇིགས་སླར་ཡང་ཚུགས་མི་འགྱུར།། རིགས་གསུམ་འཕེལ་དང་སྲིད་གསུམ་མཐར་བྱིན་དང་།། ཉེས་པ་གསུམ་སྤངས་ལན་གསུམ་ཐུགས་ཆུ་དང་།། དེ་ཡི་སྲས་དང་དེ ་ཡི་རྗེས་འགྲོ་བའི། ། ལྷ་དང་ལྷ་མིན་སོགས་པས་བཤད་པའི་སྔགས།། བདག་ཉིད་ཆེན་པོའི་མུན་བ་སེལ་བ་ཡི།། གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་དེལ།། འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡི།། གས་སྔགས་མཐུ་ཡིས་དེལ ་བསྐྱོད་དུ་མེད། ། རྡོ་རྗེ་འཆང་ག་གསུང་ཐོས་ལྷ་རྣམས་དང་།། ཚངས་སོགས་ལྷ་མིན་གནོད་སྦྱིན་གྲུབ་པ་དང་།། རིགས་འཛིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང་།། གསང་བ་པ་དང་མཚུན་དང་འབྱུང་པོ་རྣམས?།། དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ།། གུས ་པས་ཐལ་མོ་སྦྱར་ནས་ཚིག་གསོལ་བ། ། ཀྱེ་མའོ་སྲོག་ཆགས་རྣམས་ལ་ཐུགས་རྗེར་ལྡན།། ཀྱེ་མའོ་ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་པས།། ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང་།། གཞན་གྱིས་དབྱིག་ཏོ་གཞན་གྱིས་འཁོར་ལོ་ཅན།། དེ་བཞིན་གཞན ་གྱིས་རྩེ་གསུམ་ཞགས་པ་ཅན། ། གཞན་གྱིས་རལ་གྲི་གཞུ་དང་བཙོན་དང་།། འཇིགས་པའི་གཟུགས་ཅན་མཚོན་ཅ་གུན་ཐོགས་དང་།། གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང་།། དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར།། ལྷ་དང་གནོད་སྦྱིན་གྱིས། ་མཐོང་དེ་ལ་འདུད།། ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ།། བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་འདུད།། རིག་པའི་དབང་ཕྱུག་གཞུགས་མ་ཁྱོད་ལ་འདུད།། ཁྱོད་ལ་བདག་ཅག་ཐམས་ཅད་ཕྱག་འཚལ་འདུད།། ཁྱོད་ལ་བདག་ཅག་དང ་ནི་སྐྱབས་སུ་མ་ཆི། ། ཁྱོད་ཀྱིས་ཅི་སྐད་གསུངས་པ་དེ་བཞིན་དུ།། མ་ཡིས་ལེགས་པར་སྤྱད་པ་བགྱིས་ན་ནི།། དེ་དག་མུར་དུ་དབྲལ་བའི་མུན་བསལ་ནས།། ཉི་མ་བཞིན་དུ་ཤི་ཏུ་འབར་བར་འགྱུར།། ཡན་ལག་མ་ཉམས་སེམས་ཀྱང་མི་ཉམས་ཤིང་།། ་ན་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ།། ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར།། དེ་སྐད་ཀུན་གྱིས་ཚིག་ཏུ་སྨྲས་ནས་ཀྱང་།། རྡོ་རྗེ་འཛིན་ལ་ཡང་ཡང་ཕྱག་འཚལ་ཏེ།། གཞལ་མེད་ཐེག་པར་མདེན་དུ་ཞུགས་ནས་ཀྱང་།། ཇི་ལྟར་འོངས ་པའི་ནམ་མཁའི་ལ་མནས་དོད། ། ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡིས།། དཔུང་བཟང་ལ་ནི་ཚིག་ཏུ་ཡང་གསུངས་པ།། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས།། ཁྱོད་ཀྱིས་འཇིག་རྟེན་འདིར་ནི་གྲགས་པར་གྱིས།། དེ་སྐད་གསུངས་ནས་དཔུང་བཟང ་དེ་ཡིས་ནི། ། ལངས་ཏེ་གུས་པར་རབ་ཏུ་ཕྱག་འཚལ་ནས།། གཙང་བྱེད་སྡིག་འཇོམས་དཔལ་ཡོད་ལྡན་པ་འདི།། མི་ཡི་འཇིག་རྟེན་ཁམས་འདིར་གྲགས་པར་གྱིས།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་གཅིག་པའོ།། འཕགས་པ ་དདུང་སང་ཀྱི་ཞུས་པའི་རྒྱུད། ། རྫོགས་སྷོ།། ། རྒྱ་གར་སྐད་དུ།། སརྦ་མཎ་ཌ་ལ་སཱ་མཨཱརྱ་བི་བྷིན་གུ་ཧྱ་ཏན་ཏྲ།། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ་