CLOSE WINDOW

Q424: gnod sbyin gyi sde dpon gar mkhan mchog gi brtag pa
Wyliee-texts produced with BDRC’s OCR application

པཇི་སྙེད་ཚད་ཀྱི་སྔགས་ཀྱི་ཆོ་ག་ཞི་བ་མོའི་རྟོགས་པ་རྫོགས་སྷོ། ། །། རྒྱ་གར་གྱི་མཁན་པོ་བཎ་ཎི་ཏ་མཉྫུ་ཤྲཱི་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། ་དེནས་བཅོམ་ལྡན་འདས་དལ་བསོ་བའི་གནས་ན་བཞུགས་པའི་ཚེ། གྲངས་མེད་པའི་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། ཚངས ་པ་དང་། མཐུ་བོ་ཆེ་དང་། ལྷ་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། སྟོབ་ཀྱི་སྒྲ་དང་། སྟོབས་པོ་ཆེའི་སྟོབས་དང་། དགའ་བའི་དབང་པོ་དང་། ནག་པོ་ཆེན་པོ་བྱི་ཤུར་དང་མ་མོའི་ཆོ་གྲད་དང་གསང་བ་ལ་གནས་པ། གྲུ་བཞིའི་རིལ་བནུ་བ་དང་། འབོད་འགྲོད ་རྣམ་པར་འབོད་འགྲོགས་དང་། རྣམ་པར་འཇིགས་བྱེད་དང་། རིན་པོ་ཆེ་རགས་པ་དང་། རབ་གནས་གསང་བ་དང་། མཐའ་ཡས་གར་མཁན་མཆོག་གསང་བ་དང་། རབ་མཆོག་ཆེ་བ་དང་། མཆེ་བ་འཁྱིལ་བ་དང་། མཆེ་བ་རྣོན་པོ་དང་། རྔ་མོ་རྐང་པ་ཅན་དང ་བལ་གླང་གི་མགོ་ཅན་དང་། རྒྱལ་བའི་དྲང་སྲོང་དང་། ཧ་ཏ་བ་ཏཏ་རབ་ཏུ་འཇོམ་པ་དང་། འོད་བྱེད་པ་དང་། རབ་ཏུ་གཟི་བརྗིད་ལྡན་པ་དང་། ཤིན་དུ་འོད་དང་དམིགས་བཟངས་དང་། གཏོགས་འདོད་དང་། གསེར་གྱི་བསྣུཅན་དང་།། གསེར་གྱི་སྤུ་ཅན་དང་། ་རྣམ་པར་འཁྱིལ་བ་དང་། འབར་བར་སྨ་བ་དང་། མི་མགོ་ཅན་དང་། རབ་ཏུ་གནས་པ་དང་། དཔུང་བཟངས་དང་། པན་ཙི་ཀ་དང་། མེ་ཏོག་གི་ཕྲེང་བ་དང་། གཙུག་ན་ནོར་བུ་དང་། གཙུག་ན་མ་ཏོག་དང་ནོར་གྱི་བདག་པོ་དང་། རབ་ཏུ་གསང་བ་བ་དང་། རབ་ཏུ ་ལྡསྔ་དང་ཐུགས་ག་པོའི་བྲས་དང་། ཉི་མི་ག་དང་ཞིཔ་འདོད་དག་བའི་ཉིམ་དང་མཆེ་བ་གཙིགས་པ་དང་། འབར་བའི་འབར་བ་དང་། འབར་བའི་འོད་དང་འཇིགས་བྱེད་ཀྱི་གདོང་དང་། ཀུན་ཏུ་སྡང་དེ་ལ་སོགས་པ་གྲངས་མེད་པ་མཐུ་བོ་ཆེ་དང་རྫ ་འཕྲུལ་ཆེན་པོ་རྣམས་བྱེ་བ་བརྒྱ་སྟོང་གི་འཁོར་གྱིས་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་འཁོད་དོ།། བྱང་ཆུབ་སེམས་དཔའ་མང་པོ་ཚོགས་པའི་འཁོར་ཡང་ལྷགས་ནས་འཁོད་དོ།། རིག་འཛིན་ཆེན་པོའི་འཁོར་ཚོགས་ནས ་ཉེབར་ལྷགས་ནག། དྲང་སྲོང་སྨན་མ་རྣམས་ཀྱིས་མདུན་གྱིས་བྱས་ཏེ། ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཡང་འཁོར་མང་པོས་བསྐོར་ཏེ། གར་མཁན་མཆོག་གནོད་སྦྱིན་གྱི་བདག་པོ་མཐུ་བོ་ཆེའི་ཆ་ལུགས་འཛིན་ཏེ། ཆ་ལུགས་བཟང་པོ་བསམ་པ ་བཟང་ངོ་པོ། ། སྐུ་བཟང་པོ་ཕྱག་བཟང་པོ།། ནོར་བུ་རྣམ་པ་སྣ་ཚོགས་ཀྱིས་འཁྱིལ་བ་འཆད་པ། དབུ་བཟང་པོ་སྤྱན་བཟང་པོ་སྣ་ཚོགས་མེ་ཏོག་གིས་མཉམ་པར་བརྒྱན་པའི་སྐུ། ཉི་མ་ཟླ་བ་པས་ལྷག་པའི་གཟི་བརྗིད་འཆང་བའི་རྒྱན་སྣ་ཚོགས་ཀྱིས་རྣམ ་པར་བརྒྱན་པའི་སྐུ། ། དགའ་བོ་དང་བསྙེན་དགའ་བོ།། ཀླུའི་རྒྱལ་པོ་སེར་ལ་ཁར་བྱས་པ། ཏོགཀྵ་ཀ་ཀླུའི་རྒྱལ་པོས་སྐེད་བཅིངས་བྱས་པ། གཟུགས་སྣ་ཚོགས་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ། ཟླ་བ་དང་ཉི་མ་འཛིན་ཅིང་ཀུན་དུ་འབར་བ་རབ ་ཏུ་འབར་བའི་སྐུ་སྣང་བར་བྱེད་ཅིང་། ཞལ་རབ་ཏུ་བཞད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྙེམས་པའི་ཡིད་ཀྱིས་འདུག་གོ། དེ་ནས་ངལ་བསོ་པོ་རྒྱལ་པོ་ཆེན་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གན་བར་འོངས་ཏེ། བཅོམ་ལྡན ་འས་ན་མ་དུན་ཀྱ་ཟན་ཏུས་རྟགགས་ས་ཅད་པ་བྱུང་ན། ། ཐངམས་སྐྱེས་པ་དང་། ཚུལས་སྐྱེས་པའས་ཏོག་ཚོགས་པ་དཔ་དང་། བྲན་དང་ག་ང་། ཀུམྲ་ཏ་དང་། སརྟུལ་བཐཾག་དང་། བན་དུ་དང་། བཛིན་ད། མ་། ་དང་། མན་དཱ་ར་བ་དང་། མན་དཱ་རབ་ཆེན་པོའི་མེ་ཏོག་ལ་སོགས་པ་ཐོགས་ནས། བཅོམ་ལྡན་འདས་ལ་མཆོད་དེ། བརྒྱ་ཕྲག་སྟོང་དུ་མ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གནོད་སྦྱིན་གྲངས ་མེད་པའི་འཁོར་ཆེན་པོ་འདུས་པར་གྱུར་ཏོ། ། ཤ་ཆེན་པོ་ཟ་བ་དང་། མིའི་ལུས་ཟ་བའི་གནོད་སྦྱིན་འབར་བ་དང་། སྣ་ཚོགས་ཀྱི་གཟུགས་འཛིན་པ་མང་པོ་འདུས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། འབར་བ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་།། ་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་སྣ་ཚོགས་ཚོགས་པར་གྱུར་ཏོ།། བཅོམ་ལྡན་འདས་རིག་འཛིན་ཚོགས་ཆེན་པོའི་ཚོགས་ཀྱི་འཁོར་དང་། དྲང་སྲོང་ཆེན་པོའི་ཚོགས་ཀྱི་འཁོར་དེ་དག་ཀྱང་འདུས་པར་གྱུར་ཏོ།། བྱང་ཆུབ་སེམས ་དཔའི་ཚོགས་མང་པོ་ཡང་ལྷགས་ཏེ། ཐོག་མའི་མཚན་མ་དེ་ངོ་མཚར་མཆོད་པར་མཐོང་སྟེ། བཅོམ་ལྡན་འདས་གང་རིག་པ་བཤད་དུ་དགོངས་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བདེ་བར་གཤེགས་པ་དུས་འདིའི་ཚེ་བཤད་དུ་གསོལ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་རལ་བསོ་པོའི་རྒྱལ་པོ་ཆེན་པོ་ལ་ཐུགས་ཕྱུང་ནས། གནོད་སྦྱིན་འདུལ་བའི་ཀུན་དུ་འབར་བའི་འོད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་ལ་འོད་ཟེར་སྣ་ཚོགས་བྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་སྣང་བར་བྱས་ནས། འདུས་པའི་གནོད་སྦྱིན་དང་འབར་བ་དང་འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་ཐམས ་ཅད་ལ་བསྐལ་ནས་འདུག་པའི་ཀླུ་དང་ཀླུ་ཆེན་པོ་ཐམས་ཅད་ལ་ཡང་བསྐལ་ནས། སླར་འོངས་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྟེང་གི་སྤྱི་གཙུག་ཏུ་ཞུགས་པ་དང་། བཅོམ་ལྡན་འདས་བཞེད་དེ། བཅོམ ་ལྡན་འདས་བཞད་པ་དེས་འོད་ཟེར་བདུན་ཞལ་གྱི་སྒོ་ནས་བྱུང་སྟེ། ངལ་བསོ་བོ་བུ་གར་མཁན་མཆོག་གི་སྤྱི་བོར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་འོད་ཟེར་དེ་ཞུགས་མཐག་ཏུ། གར་མཁན་མཆོག་གནོད་སྦྱིན་གྱི་བདག་པོ་རང ་གི་གཟུགས་སུ་གནས་པར་གྱུར་ཏེ། གནོད་སྦྱིན་བདག་པོ་གནོད་སྦྱིན་རབ་ཏུ་འཇོམས་པར་བྱེད། འཇིགས་བྱེད་ཀྱི་ཞལ་གང་མོ་ཆེར་མཐོང་བ། འཇིགས་པར་བྱེད་པ། སྐུ་ཆེན་པོ་ཕྱག་སྟོང་གི་རི་རབ་ཆེན་པོ་ལྟར་རབ་ཏུ་འབར་བའི་སྐུས་རབ་ཏུ་གཡོ ་ཞིང་སྟོབས་པོ་ཆེ་རྣམ་པར་གནས་པ། འཇིགས་པར་བྱེད་པ། སྒྲ་འབྱིན་པ་མཚོན་ཆ་སྣ་ཚོགས་འཛིན་ཅིང་འཇིགས་པར་བྱེད་པ། མི་ཐོད་གྱི་ཕྲེང་བས་བཅིངས་པ། མི་མགོ་ཁྲག་གིས་བཀང་བ་འཛིན་པའི་ཕྱག་ཆ། སྟག་ལྤགས་ཀྱིས་སྟོང་གཡོན ་སང་གེའི་འགྲོས་ལྟར་གྲགས་པ། བཅོམ་ལྡན་འདས་གལ་བདེར་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་སྙིང་པོ་གཅིག་སྟེ། ་ལྷ་མ་ཡིན་ཐམས་ཅད་ཀྱི་བར་དུ་གཞོམ་པ། ལྷ་དང་། ཀླུ་རྣམས་ཉེ་བར་དགུགས་པ་དང་། ཀླུ་ཐམས་ཅད་གཞོམ་པ། གནོད་སྦྱིན་དང་འབྱུང་པོ་དང་ཤ་ཟ་དང་། གཟའ་ཐམས་ཅད་རབ་ཏུ་གཞོམ་པར་བྱེད་པ། ཚངས་པ་དང་དབང་པོ་དང་། མཐུ་བོ ་ཆེས་ཕྱག་བྱས་པ། རིག་འཛིན་ཐམས་ཅད་ཀྱིས་གྲགས་པ། བརྗོད་པ་ཙམ་གྱིས་འགྲུབ་སྟེ། བཅོམ་ལྡན་འདས་བདག་གིས་འཁོར་ཆེན་པོ་ལྷགས་པའི་མདུན་དུ་རབ་ཏུ་བསྒྲགས་པར་འཚལ་ན། རིག་འཛིན་ཐམས་ཅད་གྲུབ་པ་དང་། སེམ ་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཕྱིར། ཀུན་དུ་བརྗོད་པ་ཙམ་གྱིས་འགྲུབ་པར་འགྱུར་ཞིང་། ལན་གཅིག་དྲན་པ་ཙམ་གྱིས་ཀྱང་། བཅོམ་ལྡན་འདས་རིག་པ་ཐམས་ཅད་ཀྱི་དངོས་གྲུབ་རབ་ཏུ་སྦྱིན་པར་བྱེད་ཅིང་། དཀྱིལ་འཁོར ་ཐམས་ཅད་ཀྱི་རྗེས་སུ་ཞུགས་ནས། དམ་ཚིག་ཤེས་པར་གྱུར་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། གླང་པོ་ཆེའི་རིགས་དང་། པད་མའི་རིགས་དང་རྡོ་རྗེའི་རིགས་དང་། དཀྱིལ་འཁོར་ཆེན་པོའི་དངོས་གྲུབ ་རྗེབ་སུ་སྟེ་བར་འགྱུར་ཏེ། དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་ཞུགས་པར་བྱེད་ག་གཟུངས་ཆེན་པོའི་སྔགས་རྗེས་སུ་སྦྱར་བ། བཅོམ་ལྡན་འད། ཆུང་དུན་ལན་གཅག་རྗེས་སུ་དྲན་པས་ཀྱང་དངས་གྲུབ་ཐམས་ཅད་རྗེས་བུ་སྦྱང་། ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་རིགས་ཐམས་ཅད་ཀྱི་ཕྱིར་བྱིན་གྱིས་བརླབ་དུ་གསོལ།། བཅོམ་ལྡན་འདས་བདག་ལ་བརྩེ་བར་དགོངས་ཏེ། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་ལུང་དང་། གསང་སྔགས་ཀྱི་དངོས་གྲུབ་རྗེས་སུ་སྩལ་བར ་གསོལ། ། དེ་ནས་མཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས་གར་མཁན་མཆོག་སྡེའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཐམས་ཅད་ཀྱི་སྤྱིའི་དམ་ཚིག་དང་། དཀྱིལ་འཁོར་དང་ཕྱག་རྒྱ་དང་། སྔགས་གྲུབ་པ་རངས ་བྱིན་གྱིས་བརླབས་ཀྱིས། རིག་འཛིན་ཐམས་ཅད་ཀྱི་དངོས་གྲུབ་མཆོག་གྲུབ་པར་བྱ་བའི་ཕྱིར། གནོད་སྦྱིན་གྱི་བདག་པོས་སྒྲོགས་ཅིག། དེ་ནས་གར་མཁན་མཆོག་གནོད་སྦྱིན་གྱི་བདག་གོ་བཅོམ་ལྡན་འདས་གན་པ་དེར་སོང་ནས། ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། སྤྱན་སྔར་འདུག་སྟེ་སྔགས་ཀྱི་ཚིག་འདི་སྨྲས་སོ།། ཨཱརྱན་དཀུ་བ་ར། མུ་ལ་མན་དྲ། ཨོཾ་ཨ་ཐཱ་ཏོ། ཛ་ལ་ཏ། ཧཱུ་བ་ཏ་ཏ་བ་ཏ། ཀ་ན་ཀ་མ། ནི་ཤི་ལ་ཏོ་བ་བ་ཏ། མ་ནི་བྲལ་མ་གཱ་ཧ་ཨུ0f7f ་ཧཱ་དང་། ཙི་ཏཏ་ཏཱ་ལ་ཙན་དན་ཨ་ག་རུ་དུ་རུས་ས་ཀྲིང། སནན་དང་། ཤིང་རམ། མ་ཧཱ་མ་རུ། མན་ཏ་། དར་ལྤག་མནྟེ་རི་ངི་ར་། དྷེ་རཱ། པྲ་མ་རང་ཐཱ། མན་དང་ཤན། ཨོཾ་སུ་ར་ར་ས་ནཿ། མར་དཀར། དང་ཛག། བྷཱི་སྥུ་ལི་དག་གང་། ་ཀིརན། པྲ་བ་ནུ་ར་ཙིཏ། ཀ་བ་ལ། མ་ལ་ཙ། བད་དཿ། ཏ་མ་ཀུཏ། ཧ་ས་ཀུ་ལཱ་མཱ། ནརི་མ་ལཱ་མཱ། སུ་མ་རུ། བ་ར་བ་ཏ། ན་མོསྐྲྀ་ཏ། བན་དི་དམ། བྲི་ཙི་དམ། ཏི་དྲ་ཏ་དང་ག། ཤི་ཁ་ར་ད་དུ་ཤཻ་ལ་པྲ་དཀར། ཨ་མཽ་ཀ། ཏྲ་ད་ཤ། སད་ཀ་ལཱ། ཛི་སཱ་ལང ་ཀྲིཏ། ནཱི་ཙིན་ལ། ཤ་རི་རམ། ཨ་དཏཏ། ཧ་ས་ཀུ་ལ་མ། བྲ་མ་ཐཱ་ནམ། ཨ་སུ་རཱ། བྷ་བ་ད་ན། ཀུ་ལ་ན། བ་ར་ཡང་བ་ཏོ།། བྲ་མྱནེ་ཏྲ། ཤཾ་ན། ཨ་ཙི་དམ། སརྦ་བྷྱི་རྱར། ནམ་སྠི་ཏམ། ཨ་ནེ་ཀ། ར་ཤེ་ཡི་ཤ་དི་ཀི་ཏ། གར་དང་ཛ། བུ་ཙི་དམ། མ་ཧཱ་མ་རུ། ་ཀུཎྜཎྜ་ལ། དྷརམ། པར་ཡང་བའོ། སུ།། ས་གར། ནན་ཏེ་བན། ཀལ་ཀ་བོ་ལ། མེད་ཛ་ཏྲཾ། ཀ་བ་ལཾ།། མ་མ་ལང་ཀྲི་མ། ཀ་རིངམ། ལུང་ལི་དམར། བ་ཨུ་བ་ཐན། མ་ཡ་ཝག་ཛ་བར་ཛ་དྷ། རང་།། ཙཀྲན་རམ། སུ་བ་ག། སུནན ་སྭ་ནེ་ཤཾ། སུ་ཝ་ཀ་རྦཾ། མ་ཏ་གུ་ཧ་ཀངད་། སི་ཧྱེ་སེན་པ་ཏིང་། ནདཀུ་པ་ར། མ་བར་ཏ་ཡེ་ཤ་མྱིང་། ཏདྱ་ཐཱ། ཨོཾ་ཨེ་ཧྱ་ཧི་བ་ག་བན། ན་དཀུ་པ་རམ། ཧ་ས་ས་ཧ་ས་ས། ཀུ་ཀུ་ར། ཀུ་ཀུར། དྲཱ་རཱ་ཧྲཱརཱ། ཙིཏི་ཙིཏི། ཏྱ་ཏཿཏི། ཧུཏ་ཧུ་ཏ། ཧ་ན་ཧ་ན། ཧ་ཧ་ན་ཨུ0f7fཏ་ནབྷཱུ ་ཏཱ་ནས་ཡ། ། བྷ་དྲ་བ་ཡ། ཨུད་ཙ་ཏ་ཡ། ཀུ་པ་ཀུ་པ་ར། གུ་གུ་ཀུ་ཀུ། ལག་ཀུ་བ་ར། ཙང་ཀ་ཡད། བེ་མར་ཏང་། ཡགྣ་ཏ། བཻ་ཤར་ན་མ་སུ་པཏྲ། ཧ་རི་ཏ་རི་ཨ་དུ་ཧ་རི་ནི། རང་ཀ་ཏ། ཨ་ནུཏ་ནི་ཀུ་པ་ར། ཨ་པ་ར་ཙི་ཏི། དེ་ཝི། དྲིན་གྲྀ་ཧི་ཧི་རཻ། ཥརེ། ་ལོ་ཙན་ནི་ལ་ལོ་ཙ་ན། བི་ཏ་ལོ་ཙན། ཏག་ཏ་ལོ་ཙན། བྷཱི་ཀྲིད་ལོ་ཙ་ན། ཀྲིཥྞ་ལོ་ཙན། དབྱུ་ལོ་ཙ་ན། སུ་པར་ན་ལོ་ཙ་ན། མེ་གྷ་གྷོ་ཤོད་བྷ་བཱ། ཧ་ལ་ལ། ཤབ་པད། ཀི་ནི་ཀི་ནི། ཀིན་པཱ་ཡཱ། ཧི་ཧིན་དཀུ་པ་ར། བཾ་ཀུ་ཀུ་པ་ར། ས་རི་ཤ། ཨཥྞཱི་ཏ། ནད ་ཀུ་པ་ར། ཀུ་པ་ར། ཝར་ཀུ་ར། ཙ་ལ་ཙ་ལ། མོ་ལི་ཡུད་ར། ཙ་ལ་ཡ་ཙ་པཾ་ཡ། བཛྲན་ལ་གུང་ཁུ་རུ། ཀུ་རུ་ཀུ་རུ། ཨ་ཏད་ཏ། ཧ་ས་ཀུ་ལ། ས་དཀུལང། ཀུ་ལ་ཀུ་ལ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུན་ཙ་ཤར་བ་ཏ། ཀུ་ལང་། ནད་། ་པར། ནད་མུ་དག་ར། ནད་ཀུ་པ་ར། ཝར་ཙ་བཛྲ། དར་བ་དམ་དར། མུས་ལ་དར། ཙཀྲ་ད་ར་ལ་ཀུ་ཏ་ར། པ་ར་ཤུདར། མ་ལོ་མུས་ལ། བྲ་ཧ་ར་ནདར། ཙན་ཏྲ་སུ་ཏ། མ་ལ་དར་ན། ཀྵ་དུ་དར། གྲ་ཧ་མན་ཏ་བྷ་ར། ཏཱ་དྷ་ཏ་ཏིང་ཛྭ་ལ་དེ། ཛ་ན་ཀ་ར། ་བྲ་བ་ནུར་ཙི་ཏ། མནད་ལ། ས་ག་ས་གར་སྱེ། བྷེ་ཤོ་ཤ་ན་ཀ་ར། མ་ཙྱཻ་མ་ཀ་རད། ཤུ་ཤུམ་ར། ཀྲེ་དཔ་ཤ་དར་། ཨ་སུ་ལ་གདནམ། པཱུད་ཏག་གྷ་ན་མ། མར་ཏ་ན་ཀར་ཀུན་བ་ནད་བུ་ཙ་ཀ་ཡ། བུ་ཙ་ཀ་ཡ། ཀྵ་རཀྵ་ས། དཱིད་ཡོད་མ་དན། ་ན། ང་བྷག་བཱནན་དཀུབར། ན་ཅན་། ཏོ་ཧེ་། རི་ལ་ཅན། དང་མོ་ཅན། རུ་མོ་ཛན། བྱི་ཀྲེ་ཏམ་ཅན། བཏལ་ཅན། སུ་བ་ན་ལ་ཅན། མ་བྱི་ཤ་ཨ་ཧྱེག། ཤི་ཀྴ་གི་ཐཱ། སིདྷན་དུམན་སྔར་སཱ་ན།། ག་མ་ལན་མཆོགས ་རིག་པ་དང་པོ་སྔ་ལས་སྟོང་བྱེད་དོ། ། སྤྱིར་བསྐྲད་པ་ལ་མཚོན་ཆའམ། བལ་པོ་སེའུའི་ལྐུག་མའམ། ཀ་ར་བི་རའི་ལྕུག་མ་འམ། ཆུ་འམཐལ་པས་སོ།། རྨ་བྱའི་འཇུག་མ་བུམ་པའི་ནང་དུ་སྨིན་ཞུགས་པ་ལྟར་གཡབས་ཏེ། ཆར་བ་དབང ་པའི་དུས་ན་པོག་གིས་གདུགས་ན། ཆར་བ་འབེབས་པར་འགྱུར་རོ།། ལན་གཅིག་བཟླས་པས་དབང་པོ་དང་། གཟའ་དང་གནོད་སྦྱིན་དང་། འབར་བ་དང་གདོན་ལ་བབ་པ་ནི། གུ་གུལ་གྱི་བདུགས་པས་ལན་གཅིག་བཟླས་པས་འབབ་པར་འགྱུར ་རོ། ། ཐམས་ཅད་སྟོན་ཅིང་གང་དྲིས་པ་དེ་སྨྲ་བར་འགྱུར་རོ།། གུ་གུལ་ལ་བཟླས་ཏེ་གདུགས་པས་ཐམས་ཅད་འགུགས་པར་འགྱུར་རོ།། ལྷ་དང་ཀླུ་ད་ང་གནོད་སྦྱིན་དང་།། འབར་བ་དང་ལྡམ་ཡིན་དང་། ནམ་མཁའ་ལྡིང་དང་། རླུང་ལྷ་དང་། མེ་འམ་ཅིད་། ་ལྟོ་འཕྱེ་ཆེན་པོ་དང་། འབར་བ་མོ་དང་ཤ་ཟ་མོ་ལ་སོགས་པ་ལ། གུ་གུལ་ལ་ལན་གཅིག་བཟླས་ཏེ་བདུགས་པས། ཐམས་ཅད་འགུགས་ཤིང་སྨྲ་བར་འགྱུར་རོ།། གུ་གུལ་ལ་ལན་གཅིག་བཟླས་ཏེ་གདུགས་ན། ཡུལ་ལ་སྐྲོད་པར་བྱེད་དོ།། མར། ་དང་ཡུངས་དཀར་ལ་སྦྱིན་བསྲེག་ལན་གཅིག་བཟླས་ཏེ་བསྲེགས་ན་ཕྱོགས་གཞན་དུ་སྐྲོད་པར་བྱེད་དོ།། ཐལ་བ་དང་ཡུངས་དཀར་གྱིས་སྦྱིན་སྲེག་བྱས་ལ།། ཕྱོགས་བཞིར་གཏོར་ན་ཕྱོགས་སུ་འགྲོ་བར་འགྱུར་རོ།། རེག་པས་དབབ་ཅིང་ལྡུང ་གཟེང་ལ་རྫམ་ཁན་གྱི་རྫས་བསྲེགས་པའི་ཐལ་བས་ལྷུང་བཟེད་བཀང་སྟེ། གུ་གུལ་ལ་ལན་གཅིག་བཟླས་ཏེ། བདུགས་ན་འབར་བར་འགྱུར་རོ།། གུ་གུལ་གྱིས་གདུགས་ཤིང་སྔགས་ལན་གཅིག་བརྗོད་ན། རང་གྲོལ་སྟེ་གང་དུ་འདོད་པ་དེར། ་འགྲོའོ།། བུམ་པ་བཀྲུས་ནས་ཙན་དན་དཀར་པོས་བསྐུས་ཏེ་ཆུས་བཀང་ལ། དཀྱིལ་འཁོར་བྱས་ཏེ། མེ་ཏོག་གིས་གཏོར་ནས། གུ་གུལ་གྱིས་བདུག་ཅིང་། བུམ་པ་ལ་ལ་ལན་གཅིག་བཟླས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་སྔགས ་བརྗོད་པར་བྱ། ལན་གཅིག་བརྗོད་པའི་གུ་གུལ་གྱི་གདུགས་ན་བུམ་པ་བབས་ནས་རང་འགྲོ་བར་འགྱུར་རོ།། ཡུངས་དཀར་གྱིས་བརྡེགས་ནས་ལས་འཕགས་ཤིང་སོར་བརྒྱད་ཀྱི་ཚད་ནམ་མཁའ་ལ་གནས་ཏེ། གང་དུ་འདོད་པ་དེར་འགྲོ་ཞིང་སླར ་ཡ་དས་ཀྱིལ་ལ་ཀྱ་མ་སུ་གནས་པར་འགྱུ་། ། པལ་ག་པ་ད་ལ་ཤ་ན་ཟུས་ས་ས།། ཟླ་ས་ས་ག་དུགས་རྣན་ལ་དུ་སུ་ད། ་ཐལ་བ་དང་ཡུངས་ཀར་གྱིས་དེའི་སྟེང་དུ་གཏོར་བར་བྱ། གུ་གུལ་ལ་ལན་གཅིག་སྔགས་བཟླས་ཏེ་གཏོར་ན། བ་གླད་དང་ཕྱུགས་དང་མ་ཧེ་ལ་བབས་པར་འགྱུར་རོ།། བུད་མེད་ལ་བབས་པར་འདོད་ན། དཀྱིལ་འཁོར་གྲུ་བཞིར་བྱ་སྟེ། གུས་ནས ་གོས་གཙང་མགོས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཞག་ནས། མེ་ཏོག་གིས་གཏོར་ཞིང་གུ་གུལ་གྱིས་བདུགས་ན། བུད་མེད་ལ་བབས་པར་འགྱུར་ནས། འདས་པ་དང་། མོ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་སྨྲ་བ་ནི། གུ་གུལ་གྱིས ་བདུགས་པ་ལན་གཅིག་བཟླས་སོ། ། དུར་ཁྲོད་ཀྱི་ཐལ་བ་དང་གུ་གུལ་དང་། ཡུངས་ཀར་དུ་བས?་ས་ཏེ། ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་སྐྱེས་བུའི་སྟེང་དུ་གཏོར་ན། དེ་མ་ཐག་ཏུ་བབས་པར་འགྱུར་རོ།། གླུ་ལེན་པ་དང་གར་བྱེད་པ་དང ་རྒོད་པ་དང་རྒྱུག་པ་དང་། འགྲེང་བ་དང་སྨྲ་བར་འགྱུར་བ་ནི། གུ་གུལ་གྱིས་བདུགས་པ་ལ་ལན་གཅིག་བཟླས་སོ།། མེས་མི་ཚུགས་པར་འདོད་ན་ཤིང་བལ་ལ་ཡོངས་སུ་བཟླས་ཏེ། མེའི་སྟེང་དུ་གཏོར་ན་ཆབ་བྲོམ་ལྟར་གྲང་ཞིང་མེས ་མི་ཚུགས་པར་འགྱུར་རོ། ། མཚོན་ཆས་མི་ཚུགས་པར་འདོད་ན། སྐུད་པ་དཀར་པོ་ལས་གུ་གུལ་གྱི་གདུག་པ་ལ་ལན་ཅིག་བཟླས་ཏེ་དཔུང་པ་གཡོན་པལ་བཅིངས་ན། གསང་སྔགས་ཐམས་ཅད་ཀྱིས་ཀྱང་མི་ཚུགས་པར་འགྱུར་རོ།། ་ཐོབ་ལ་བབས་པར་འདོད་ན།། བའི་ལྕི་བས་ལམ་ལྷུང་བས། དཀྱིལ་འཁོར་བཅས་ལ་མེ་ཏོག་གིས་གཏོར་ཏེ་དབུས་སུ་གཞག་པར་བྱ། གུ་གུལ་གྱི་གདུགས་པས་བདུག་ཅིང་སྔགས་ལན་གཅིག་བརྗོད་པས་ཐོབ་ལ་བབས་ནས་ལངས་ཏེ། ་འགྲོ་བ་ན། གང་དུ་གཏོང་བ་དང་འགྲོ་སྟེ། སླར་ཡང་འོངས་ནས་དཀྱིལ་འཁོར་ལ་གནས་སོ།། དམག་གི་ནང་དུ་ཞུགས་ནས་རང་ཉིད་ཀྱིས་འབབས་པར་བྱེད་དོ།། གཡུལ་དོར་འཐབ་ན་རྒྱལ་བར་འགྱུར་རོ།། གྲོང་ནས་མི་སྐྲོད་ཅིང་ཀོད་ཡང་ཞོ ་པ་བྱེད་དོ། ། ཤིང་རྩནས་འབྱིན་པ་དང་། སྣོད་གཞོམ་པ་དང་། སྒོ་གཞོམ་པ་དང་། གང་དང་གང་གིས་ལས་སུ་བྱ་བ་དེ་ཐོ་བས་བྱེད་དོ།། མདུང་རྩེ་གསུམ་པ་ལ་འབེབས་པར་འདོདདེ། དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། གུ་གུལ་ལ་ལན་གཅིག ་བཟླས་ཏེ་གདུག་པར་བྱ། སྔགས་ལན་གཅིག་རྗེས་ས་དྲན་པར་བྱས་ན། མདུད་རྩ་གསུམ་པ་ལངས་ནམ་མཁའ་འགྲོ་ཞིང་ཕྱོགས་ཀུན་དུ་འགྲོ་བ་དང་། ས་ལ་བྱེད་ཞིང་འབྱུང་བར་ཡང་བྱེད་ཅིང་། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཡང་གནས་པར ་འགྱུར་རོ། ། མཚོན་ཆལ་བབས་པར་འདོད་ན། སྔགས་ལན་གཅིག་བཟླས་ཏེ། གུ་གུལ་གྱི་གདུག་པས་ལན་གཅིག་གདུགས་ན། མཚན་ཆ་ལ་འབེབས་པར་འགྱུར་ཏེ། དངོས་པོ་ཐམས་ཅད་བྱེད་དོ།། རལ་གྲི་ལ་བབས་པར་འདོདན། དུང་ཁྲོད་ཀྱི ་ཐལ་བ་དང་གུ་གུལ་གྱི་བདུག་པས་གདུགས་ནས་འབབ་པར་འགྱུར་རོ། ། མི་ཐོད་པ་ལ་འབབས་པར་འདོད་ན། ཐོད་པ་དཀྲུས་ཏེ། ཙན་དན་གྱིས་བསྐུས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ན། ཐོད་པ་ལ ་བབས་པར་འགྱུར་ཏོ། ། གར་བྱེད་པ་དང་གླུ་ལེན་པ་དང་། རྒྱུག་པ་དང་སྨྲ་བ་དང་འགྱུར་བ་དང་སྟོན་ཏོ།། རོ་ལངས་གར་བྱེད་པར་འདོད་ན། ཡུངས་ཀར་ཆུས་ཁྲུས་བྱས་ཏེ། གུ་གུལ་གྱིས་བདུག་ཅིང་སྔགས་བཟླས་ན། རོ་ལངས་པར་འགྱུར་ཏེ། གར་བྱེད་པ ་ད་ཀླུ་ལེན་པ་དང་། སྨྲ་བ་དང་རྒོད་པ་དང་ཐམས་ཅད་བྱེད་པར་འགྱུར་རོ།། མིའི་རྐེར་རུས་ལ་དྲི་སྣ་ལྔས་ཁྲུས་བྱས་ནས་ཡུངས་དཀར་གྱིས་ཁྲུས་བྱས་ནས། དཀྱིལ་འཁོར་བྱས་ནས་མེ་ཏོག་གིས་གཏེར་ཞིང་། ཀེང་རུས་དཀྱིལ་འཁོར་གྱི་དབུས་སུ་བཞག ་ནས། གུ་གུལ་གྱི་བདུགས་ཏེ་སྔགས་བརྗོད་ན་ཀེང་རུས་ལ་འབབས་པར་འགྱུར་ཏེ། ལངས་ནས་གར་བྱེད་པ་དང་། གང་དུ་འདོད་པ་དེར་འགྲོ་ཞིང་སླར་འོངས་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གང་འདོད་དེས་པས་དེ་སྨྲའོ།། མཚོན་ཆལ ་ལན་གཅིག་བཟླས་ཏེ། གུ་གུལ་གྱིས་གདུགས་ཤིང་ཧཱུཾ་ཐད་ཅིག་བྱས་ཏེ་བཏང་ན། གཡུལ་དོར་རབ་ཏུ་ཞུགས་ན་འབར་ནས་གཡུལ་དོ་ཟློག་ཅིང་། དགྲ་ཐམས་ཅད་དང་ལོག་པར་བྱེད་པ་དང་མི་མ་ཛ་བ་རྣམས་རབ་ཏུ་འཇོམས་པ་དང་། སྐྲག་པར་བྱེད་པ་དང་། ཕྱོགས ་ཕྱོགས་སུ་བསྐྲད་པ་བྱེད་པར་འགྱུར་རོ། ། བུམ་པ་སྒྲུབ་པར་འདོད་ན་ཙན་དན་གྱིས་བསྐུས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གཞག་ནས་མེ་ཏོག་གིས་གཏོར་ནས། གུ་གུལ་གྱིས་བདུག་ཅིང་སྔགས་ལན་ཅིག་བརྗོད་པས་འབབ་པར་འགྱུར ་ཏོ། ། གང་དུ་འདོད་པ་དེར་འགྲོ་ཞིང་། སླར་ཡང་འོངས་ནས་རང་གི་གནས་སུ་འདུག་པར་འགྱུར་རོ།། མཛོད་དུ་བཟས་ན་འབྲུ་ཐམས་ཅད་གང་དུ་འདོད་པ་དེར་འཕོ་བར་བྱེད་དོ།། ཡུངས་དཀར་ལ་སྔགས་ལན་གཅིག་དྲན་པར་བྱས་ནས་ཚོང་དུས་སུ་བོར་ནས། ་ཚང་དུས་སུ་བཀྲམ་པའི་སྣོད་ཐམས་ཅད་འགུགས་ཤིང་གང་དུ་འདོད་པ་དེར་འགྲོའོ།། མཚན་ཆ་ཡང་གང་དུ་འདོད་པར་འཕོ་བར་འགྱུར་རོ།། བུ་དོན་གྱི་བདུན་དུ་སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ཏེ། གུ་གུལ་གྱིས་གདུགས་ན་བུ་དོན་གྱི་གཟུགས ་གཞན་དུ་འཕོ་ཞིང་གང་དུ་འདོད་པ་དེར་འགྲོའོ། ། གང་གིས་གནས་སུ་གཏེར་ཡོད་པར་དོགས་པ་དེར་དཀྱིལ་འཁོར་བྱས་ཏེ། གྲུ་གུལ་གྱིས་གདུགས་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ།། ཁང་སྟོང་ངམ། ཁང་པ་འམ། གྲོངངམ་ལྷའི་གནས་སམ། རི ་འམ་གཟུགས་སམ། མཆོད་བེན་ནམ་མཁའ་འམ། ཞིང་ངམ་སྟོན་ཀའི་གཡུལ་ལ་མ་བྲེས་ལ་སོགས་པར། གུ་གུལ་གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ན། གཏེར་ཐམས་ཅད་དང་འབྱུང་བར་འགྱུར་རོ།། གྲོང་དང་གྲོང་ཉེ་བར་དཀྱིལ་འཁོར། ་བྱས་ཏེ་སྔགས་དྲན་པར་བྱས་ནས། གུ་གུལ་གྱིས་བདུགས་ན་གྲོང་ཐམས་ཅད་ཆེར་གཡོས་པར་འགྱུར་རོ།། ཡུངས་དཀར་ལ་བཟླས་ཏེ། གྲ་གུལ་གྱིས་བདུགས་ལ་སྔགས་རྗེས་སུ་དྲན་པར་བྱས་ནས་ལྷ་ཁང་དུ་གཏོར་ན། ལྷའི་གཟུགས་ཐམས་ཅད ་གར་བྱེད་པར་འགྱུར་རོ། ། སྔགས་ལན་གཅིག་བཟླས་ཏེ། གུ་གུལ་གྱིས་བདུགས་ན་འགྲོ་བ་ཐམས་ཅད་ལ་འབབས་ཤིང་ཕྱོགས་ཀུན་དུ་ཐུག་པར་འགྱུར་རོ།། ལང་ལ་འབབས་པར་འདོན། ཡུངས་དཀར་ལ་སྔགས་ལན་ཅིག་བཟླས་ཏེ། གུ་གུས ་ཀྱི་དུགས་ལ་བརྡེགས་ན་པ་ལང་ལ་འབབས་པར་འགྱུར་ཏེ། གང་དུ་འདོད་པ་དེར་འགྲོ་ཞིང་དགྲ་ཐམས་ཅད་ལས་རྒྱལ་བ་དང་། དགོས་པ་ཐམས་ཅད་བྱས་ནས་སླར་འོང་བར་འགྱུར་རོ།། ཚད་མང་གི་ནང་དུ་སྔགས་དྲན་པར་བྱས་ནས། གུ་གུལ་གྱིས ་བདྲུས་ན། ། འཟས་ཆོས་པ་རྣམས་གང་དུ་འདོད་པ་ལོའོ།། མཐག་མ་ན་ཀྱིས་པང་བར་ཟུགས་དྲན་པར་བྱས་ཏེ། གྲགལ་གྱི་བདྲུག་པན་མཐང་ཐམས་ཅ་གང་འདོད་དང་གྲག་འམ་པ་ན་ཐམས་ནགཤེག་པ་དང་། སུང། ་བདང་མས་དག་དཔལ་པང་ཚུལ་ལན་ཅིག་ས་ནཔ་རྦ་གྲུབ་ཀྱིས་གས་སན། རྦ་འིན་དུ་ལ་འགུས་པར་ཚ་ས་ན། རིགས་པ་ན་མས་སལ་པར་འགྱུར་རོ།། མས་ད་རྣམས་ཅདག་པར་འདན་། པནཔས། ་ལན་གཅིག་ག་ནས་ལ་བདགས་ན་དེ་མ་ཐག་ཏུ་འགྲོ་བ་སྟོང་ཡང་རིམས་ནད་ཀྱིས་ཐེཟ་པར་འགྱུར་རོ།། དེ་ཉིད་ཀྱིས་འཐོས་པར་འགྱུར་རོ།། ནག་པ་ནི་མས་ཀྱིས་ག་ཡང་འདོདན། པལང་གི་ག་དང་གྲ་གུལ་གཅིག་དུ་སྲེས་པ་ལན་བདུ། ་ཐས་ཏེ་བསྲེགས་ན། གང་གིས་མི་འདོད་པདེ་ཞག་བདུན་གྱི་རིམས་ཀྱིས་བཏལ་པར་འགྱུར་རོ།། སྲ་ཡུལ་ལ་ལན་བདུན་པ་ཟླས་ཏེ་ལ་ན་བདུན་བསྔགས་ན་མར་སོས་པར་འགྱུར་རོ།། གང་གི་མི་དེ་ལ་ལན་ཅིག་ག་ཟླས་པའི་གྲ་གྲུལ་ལ་ལན ་བདུན་པ་ཟླས་གི་མེར་བཅུག་ན། གང་ད་གང་གིས་མིང་བཟུང་བ་དེ་ཉིད་གཟས་ཟིན་པར་འགྱུར་རོ།། ལ་བས་ཐིག་ས་རྒྱས་གྱིགཙུག་ཏུ་བཅིངས་པ་ཀྲོལ་བར་འགྱུར་རོ།། མ་པ་ན་ཐམས་ཅད་ནི་བར་འདོན་སྲུང་པ་ནག་པོ་འམ་འ ་མལལ་ན་གཅིག་བཟླས་པས་ཞི་བའོ། ། གང་ཅུང་ཟད་བྱས་པ་ཐམས་ཅད་ལ་གྲ་གྲལ་ལ་ལན་གཅིག་བཟླས་པ་པའི་སཟུག་ག་མ་ཁན་མཆོག་དབྱང་བ་དང་པོ་རྫོགས་སྷོ།། །། ན་མོར་དན་ཨུ0f7fཱ་ལ། ན་མོ་པ་ཤར་མན་སྱ། བཱནྱ་བ་ཏི། ་ཏབ་ན་དཀུ་པར། མལཛའི་ཤ་མེ་ཨ། ནུ་རུ་སུ་རཱུབ་བ། ན་དཀྲ་བ་ར། ཙན་ཏྲ། ཁནན་བནན། ཧེ་མ་ཧེ་མ་ཀ་ནན་དཀུ་བ་ར། ཉི་མ་གན། ག་ཧཀན། ཙ་ལ་ཅལ། བཙབཙ། པྲ་ལུ་དྷ་ཝ་སྠཱཿ། གཅིག་ཏུང་དཔའ་བ་རྣམས་འདྲ་བ་ཞིང་ལས ་ཁམས་ཅད་གདོན་མི་ཟ་བར་བྱེད་པ། དངོས་གྲུབ་ཀྱིས་པས་བླན་མེད་པ་ཐམས་ཅད་དང་། བླན་མེད་པ་དགོས་པ་ཐམས་ཅད་བརྗོད་པཙམ་གྱིས་ཐུབ་པར་འགྱུར་རོ།། སྤད་པར་བྱ་བར་འདོད་ན་སང་ལྡེང་གི་ཕྲེར་བུ་སོར་བརྒྱད་ཀྱིས་ཚང་དུ་བྱས་ཏེ། ་ལན་གཅིག་ཡོངས་སུ་བཟླམ་ཏེ། གང་གིས་སྒོར་བཏབ་སྟེ། དེ་མ་ཐག་ཏུ་སྨོད་པར་འགྱུར་རོ།། པུར་བུ་ཕྱུང་ན་གྲོལ་བར་འགྱུར་རོ།། ཡུངས་དཀར་ལ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དགྲ་བོའི་ཁྱིམ་དུ་བོར་ན། དེ་མ་ཐག་ཏུ་འབྱམ་པར ་འགྱུར་རོ། ། གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། བདུགས་ན་གྲོལ་བར་འགྱུར་རོ།། འཁྱམ་པར་འདོད་ན་མིའི་རུམ་པ་ལ་སོར་བརྒྱ་དང་བྱས་ཏེ། ལན་གཅིག་ཡོངས་སུ་བཟླས་ནས་གུ་གུལ་གྱིས་བདུགས་ཏེ། སྒོ་དྲུང་དུ་བཏབན་ཞག་གསུམ ་གྱིས་ཉེ་རུང་ཐམས་ཅད་དང་བཅས་ཏེ་འཁྱམ་པར་འགྱུར་རོ། ། ལྕགས་ལ་ཐོབ་བྱས་ཏེ། ལན་གཅིག་ཡོངས་སུ་བཟླས་ཏེ། གང་གི་མིང་བཟུང་ནས་སར་བཅུག་ན། དེའི་ལུས་དུམ་བུ་བཅུར་ཞིག་པར་འགྱུར་རོ།། བྱུང་ན་ཐར་རོ།། དུར་ཁྲོད་དུ་གང་གི་མིང ་གཟུང་སྟེ་བཅུག་ན་དེ་འབྱུང་པོ་ཆེན་པོས་ཟིན་ཏེ་ཕྱུང་ན་ཐར་རོ། ། ཁང་སྟོང་དུ་གང་གི་མིང་གཟུང་སྟེ་ཤ་ཟའི་གཟས་ཟིན་པར་འགྱུར་རོ།། བྱུང་ན་ཐར་རོ།། ལྷ་ཁང་དུས་བགོས་ཏེ་བཅུག་ན་ལྷ་ཆེན་པོའི་གཟས་ཟིན་པར་འགྱུར་རོ།། བྱུང་ན་ཐར་རོ།། ཚལ ་དྲགང་གི་མིང་བཟུང་སྟེས་སྐོས་ཏེ་གཙུག་ན་རང་གི་གཉེན་འཁོར་དང་། བུ་དང་བུ་མོ་དང་ཁྱིམ་ཐམས་ཅད་སྤངས་ནས་ཐམས་ཅད་རབ་ཏུ་འབྲོས་པར་འགྱུར་ཏེ་ཅི་ལྟར་རི་དགས་བཞིན་དུ་ནགས་སུ་སྤྱོད་པར་འགྱུར་རོ།། བྱུང་ན་ཐར་རོ།། ཐམས་ཅད ་ལགུ་གྲལ་ལ་ལན་གཅིག་བཟླས་པས་འགྲུབ་པར་འགྱུར་རོ། ། དཀྱིལ་འཁོར་གྲུ་བཞིར་བྱས་ཏེ། ཐོ་བ་ལ་ལན་གཅིག་བཟླས་ཏེ། གུ་གུལ་གྱིས་བདུག་ཅི་ཐོབ་དཀྱིལ་འཁོར་དབུས་སུ་བཞག་ན། གནོད་སྦྱིན་དང་འབར་བདངའབ་རབ་མོདང། ན ་སྦྱིན་མོ་རྣམས་དུ་ཞིང་ཕྱོགས་ཕྱོགས་སུ་འབྲོས་པར་འགྱུར་རོ། ། གནོད་སྦྱིན་གྱི་གཟུགས་བྱས་སམ། ཡང་ན་བྲིས་པ་ལ་ལན་གཅིག་བཟླས་ཏེ། གུ་གུལ་གྱིས་བདུག་མན་གནོད་སྦྱིན་དང་འབར་བ་མོ་དང་གནོད་སྦྱིན་མོ་མདུན་དུ་བཞུགས་ཤི ་པ་ཐམས་ཅད་བྱེད་པར་འགྱུར་རོ། ། གཏེར་ཐམས་ཅད་འགུགས་ཤིང་སྟོན་པར་བྱེད་དོ།། གང་དུ་གཏོར་བ་དེ་འགྲོ་བར་འགྱུར་རོ།། དལ་སོས་པོའི་གཟུགས་བརྟན་སྨྲ་བར་འགྱུར་ཏོ།། གང་འབྲི་བ་དེ་ཐམས་ཅད་སྨྲ་ཞིང་སྟོན་པར་བྱེད་དོ།། གཏེར་ཐམས ་ཅད་སྟོན་ཅིང་བདག་གིས་བླང་ནུས་པར་འགྱུར་རོ། ། ཡུངས་དཀར་དང་ཐལ་བར་བསྲེས་ཏེ། སྔགས་ལན་གསུམ་ཡོངས་སུ་བཟླས་ན་སྤྱི་བོར་གཞག་ལ། གུ་གུལ་གྱིས་བདུག་ཅིང་སྔགས་ལན་ཅིག་རྗེས་སུ་དྲན་པར་བྱས་ནས། ངལ་སོས་པའི་འཁོར ་དེ། གནོད་སྦྱིན་སྟོང་དང་བཅས་ཏེ། ནོར་དང་བཅས་ཏེ་མདུན་དུ་འོངས་ནས་ལ་ས་ཐམས་ཅད་བྱེད་པར་འགྱུར་ཞིང་ཐམས་ཅད་ཀྱང་དབང་དུ་འགྱུར་རོ།། མཐུ་བོ་ཆེ་རྐང་པས་མནན་ཏེ། གགྲལ་གྱིས་བདུག་ཅིང་གསང་སྔགས་བཟླས་ན། བཟླས་པ་ཙམ ་གྱིས་གཟུགས་གཡོ་བར་འགྱུར་ཏེ། ཡུངས་དཀར་གྱིས་བརྡེག་ན། ཚིག་སྨྲ་ཞིང་མཆོག་ཐམས་ཅད་སྦྱིན་པར་བྱེད་དོ།། མདུན་དུ་འདུག་ནས་བཀའ་ཐམས་ཅད་ཉན་ཅིང་། དགོས་པ་ཐམས་ཅད་འགྲུབ་ཅིང་དཔྱད་པ་ཐམས་ཅད་ཀྱི་དངོས་གྲུབ་སྦྱིན་པར་བྱེད ་དོ། ། མིའི་ཐོད་པ་ལ་སྔགས་ལན་བདུན་བཟླས་པའི་ཡུངས་དཀར་ཐོད་པའི་ནང་དུ་བཅུག་སྟེ། དྲག་པོའི་མགོར་བཅུག་ན་ཇི་སྲིད་མཚོའི་མགོར་ཐོད་པ་གནས་ཀྱི་བར། དེ་སྲིད་དགོས་པ་ཐམས་ཅད་འགྲུབ་ཅིང་། མཆོག་ཐམས་ཅད་སྟེར་ཞིང་དཀའ ་བཞིན་བྱེད་པར་འགྱུར་རོ། ། གུ་གུལ་གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ནས། ཚིག་སྨྲ་ཞིང་བྱ་བ་ཐམས་ཅད་བྱེད་མཆོག་ཐམས་ཅད་སྟེར་བར་འགྱུར་རོ།། ཚངས་པ་གང་པས་མནན་ཏེ། གུ་གུལ་གྱིས་བདུག་ཅིང་སྔགས་བརྗོད ་ནས། འོ་མ་དང་ཞེས་བཀྲུས་ན། ཚངས་པར་ང་ག་གཟུགས་ཀྱིས་མདུན་དུ་འདུག་སྟེ་གསང་སྔགས་དཔྱད་དང་དངོས་གྲུབ་ཐམས་ཅད་རྗེས་སུ་སྟེར་བར་འགྱུར་རོ།། ཁྲུས་བྱས་པའི་འོ་མདེ་འབྲས་ཁར་མའི་ཟན་དང་བསྲེས་ཏེ་ཟོས་ན་ཐོས་པའི་རྒྱུད ་ཐམས་ཅད་ཁ་ཏོན་ནུས་ཤིང་། དཔྱད་དང་སྔགས་ཐམས་ཅད་རྗེས་སུ་འཇུག་པར་འགྱུར་རོ།། ཐོས་པ་ཐམས་ཅད་ཆུད་མི་ཟ་བར་འགྱུར་རོ།། མི་འམ་ཅི་དང་ཚངས་པའི་དབྱངས་ཀྱི་ང་རོ་དང་ལྡན་པར་གྱུར་ནས། ལུས་ཐམས་ཅད་དག་ནས་ཚེལ ་སྟོང་དུ་འབྱུང་ཞིང་། འཁྱིམ་ཅིང་འཁྱིལ་བ་སྒྲ་དང་འཛིན་པའི་ཚིག་དུ་འགྱུར་རོ།། དགྲ་བོའི་གཟུགས་བརྙན་བྱས་པའམ། འོན་ཏེ་བྲིས་པ་ལ་བལ་པོ་སེའུའི་ལྕུག་མ་ལ་ལན་གཅིག་བཟླས་ཏེ་གུ་གུལ་གྱིས་བདུག་ན་ལུས་ཐམས་ཅད་བཅིང ་བ་གྱུར་། ། འི་བ་ཡ་། ཀ་བར་ལྡུགསས་དཐཔ་མི་ཤི་ཨན། དམཐམས་ཅ་སེཾ་པ་ཤེ་རྫས་ཀྱི་མས་ཉིད་འགྲགས་པ་པ་ནིག་པར་འགྱུར།། ཐམས་དག ་གྱིས་བདྲག་པ་དང་། ལན་ཅིག་པཟླས་སོ།། ལས་ཐམས་ཅད་ལ་ལ་ནི་གཅིག་ཟླས་པཙམ་གྱིས་དངོས་གྲུབ་འགྲུབ་པར་འགྱུར་རོ།། གཅིག་ཏུ་དཔའབགང་མཁན་མཆོག་གི་ཙོག་གཉིས་པ་རྫོགས་སོ།། ། ན་མོ་ཊཱིག ་ན་སུ་ང་ཡ། ཡ་ན་དྷ་ཀུ་པར་ཡང་བྷྱ། བྱིན་མ། ཚ་ཐ་ཡ། ག་མ་མ་ལ། ཀུམ་ཏ་ལ། ཤ་རི་ང་ཡ། ཀྵར།། ས་མན་ཏི་ཏ་ཡ། དྷམ་པག་པ་ན། ས་པཱ་དེ། བྱམྨེ། ཎྜཐཱ། བ་ནི་པ་ནི། རྦྷ!། ཀུན་ཏ་ཀྲུད།། ཀླ་ཀྲ་ཊརྦ། ཙང ་ཕུར་ཕུར། ཀུ་པར་ཀུབ། མ་དཀྲུ་པ་ར། དི་བྱི་མིན་ཀུན་ད་ལི། རུ་ཏི་དྱ་ཏི་སྭཱཧཱ།། དེ་ནས་གནོད་སྦྱིན་མོ་བསྒྲུབ་པར་འདོད་ན། ཝ་དེ་ཤིང་ལས་སྤང་ལེབ་བྱས་ལ། གནོད་སྦྱིན་མོ་བྲི་བར་བྱ།། དོག་སྔོབསངས་ལ། གདོང་ཐོག་ཉེར་ཅན། ་བ་འཁྱིལ་པ། སྟོང་གཡོགས་མེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཡོན་པ་ན་མིའི་ཐོད་པ་ཁྲག་གིས་གང་བ། ལག་པ་གཡས་པས་མཆོག་སྦྱིན་པ་སྟེ། དེའི་མདུན་དུ་རིག་པ་བཟླས་ཤིང་། ཟས་དཀར་པོ་བཟའ་བར་བྱ་བརྒྱ ་སྟོང་རྫོགས་པ་དང་། གནོད་སྦྱིན་མོ་མདུན་དུ་འོངས་པར་འགྱུར་ཏེ། དེའི་གཏོར་མ་དཀར་པོ་ཡོན་ཆུ་སྦྱིན་པར་བྱའོ།། སྤུ་བཅི་བགྱི་བཀའ་སྩོལ་ཅིག་ཅེས་བགྱིས་པ་དང་། རིག་འཛིན་གྱིས་སྨྲ་བར་བྱ་བ་ངའི་ཆུང་མ་གྱིས་ཤིག་ཅེས་སྨྲས་པ་དང་། དེ ་བཞིན་ནོ་ཞེས་ནས་མི་སྣང་བར་འགྱུར་རོ། ། དེ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་གཅིག་འོངས་ནས། དེ་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་དང་རོལ་ཅིང་དགའ་བ་ཡོངས་སུ་སྤྱོད་དོ།། རིག་འཛིན་དེ་གནོད་སྦྱིན་ཆེན་པོ་སྟོབས་དང་ལྡན ་པར་འགྲུ་རོ། གང་དང་གང་དུ་འདོད་པ་དང་འགྲོ་ནིང་ནམམ་པར་སྤྱོར། ཚ་ལོ་སྟོང་ཐུབ་པར་འགྱུར་རོ།། ནས་མངོན་པར་སྤྱོད་པར་འདོད་ན། བྱེད་པ་བརླབ་ནི་གོས་ཆེན་པོ་ཞིག་དགོས། སྟག་གི་ལྤགས་པས་སྤད་ག་ཡོགས་བྱས་ཏེ ་ཁྲོད་དབུས་ན་ཅི་འབྱོར་པའི་ཁྲག་གིས་སྦྱིན་བསྲེག་ཞག་བཅུ་གཉིས་ཀྱི་བར་དུ་བསྲེགས་ན། ཞག་བཅུ་གཉིས་ན་བུད་མེད་སེང་གི་ཞོན་པ་ཏྲི་ཤུ་ལ་དང་། དགྲ་སྟ་དང་། ཨུ་པར་ལག་པ་ན་དྲིལ་བུ་ཐོགས་པ་མདུན་དུ་འོངས་ནས། དེ་སྲུབ་རིགས་འཛིན ་དབཀྲེས་སོ་ཞེས་སྨྲས་པ། གཏོར་མ་འདིར་གར་མཁན་མཆོག་གི་བཀའ་སྟེ། དེ་ཅི་ལྟར་བདེ་བར་སྤྱོད་ཅིག་ཅེས་ནས། དེ་ནས་ཡོན་ཚྭ་སྦྱིན་པར་བྱའོ།། དེས་སྨྲས་པ་ཅི་སློང་ཞེས་པ་དང་། རིག་འཛིན་གྱིས་སྤྲས་པར་བྱ་སྟེ། ངའི་ལས་ཐམས་ཅད ་བྱོས་ཤིག་ཞེས་པ་དང་། དེས་སྨྲས་པ། རིག་པ་འཛིན་པ་དེ་དེ་བཞིན་ནོ་ཞེས་ནས། གང་དགོས་པར་འགྱུར་བ་དེ་ཐམས་ཅད་དང་། གཏེར་ཐམས་ཅད་སྟོན་ནོ།། ཧ་ན་ཙན་བསྒྲུབ་པར་འདོད་ན་ལྡོང་རོས་དམར་པོ་མི་མགོ་གའུའི་ནང་དུ་ཁྲག་དང་བསྲེ ་བཅུག་ནས། སྔགས་བརྒྱ་རྩ་བརྒྱད་སྔགས་ཤིང་། ཀ་ར་བཻ་རེའི་ལྕུག་མས་དཀྲུག་ཅིང་། དེ་ནས་མི་མགོ་འབར་བར་འགྱུར་ཏེ། དེས་ཐིག་ལེར་བྱས་ན། ནམ་མཁའ་ལ་འགྲོ་ཞིང་། རིག་འཛིན་དང་ཐབས་གཅིག་རོལ་པར་འགྱུར་རོ།། སྙིང་ཁར། ་ཐིག་ལེ་བྱས་ན། མི་སྣང་བར་འགྱུར་ཞིང་གང་འདོད་པ་དེར་ཞུགས་པར་འགྱུར་རོ།། མིག་ལ་སྐུས་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ།། ལྷོ་མ་ཡིན་གྱི་སྒོ་ཐམས་ཅད་བསྒྲིབ་པ་མེད་པར་མཐོང་བར་འགྱུར་རོ།། ཀླུའི་གནས་ཐམས་ཅད་ཀྱང ་མཐོང་ཞིང་ཀུན་དུ་འཇུག་པ་དང་ཀུན་དུ་འགྲོ་བ་དང་། ཐམས་ཅད་རོལ་ཅིང་དགའ་བ་མྱོད་པར་འགྱུར་རོ།། ཟོས་ན་བསྐལ་པ་སྟོང་ཕྲག་སྟོང་དུ་ཚེ་རིང་། རིག་འཛིན་གྱི་འཁོར་ལོ་འཁྱིལ་ཅིང་འཁྱིལ་ཏེ། མི་འམ་ཅིའི་དབྱངས་དང་ལྡན་པར་འགྱུར་རོ།། ་ཉུང་དུམ་དུ་བྱ་བར་འདོད་ན། དུར་ཁྲོད་ཀྱི་ཐལ་བས་གཟུགས་བྱས་ཏེ། སེང་ལྡེང་གི་ཕུར་བུ་བྱས་ཏེ། ལན་བདུན་སྔགས་བཟླས་ནས། སྙིང་ཁར་བཏབ་ན། དེ་མ་ཐག་ཏུ་ཉུང་རུམ་དུ་འགྱུར་རོ།། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་བཞི་ལ་ཏུ ་ཁྲོད་དུ་ཞུགས་ནས། སྔགས་ལན་ཉི་ཤུ་རྩ་གཅིག་རྗེས་སུ་དྲན་པར་བྱས་ན། ཧན་ཅན་བླངས་ནས་སོར་བྱིར་དང་ལྷན་ཅིག་བསྲེགས་ཏེ། ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། མིག་ལ་བརྐུས་ན། སྐལ་བ་མཆོག་དང་། རིག་འཛིན་དུ ་ལྡན་ཞིང་གང་མཐོང་བ་དེ་དབང་དུ་འགྱུར་རོ། ། འཇིག་རྟེན་ཀུན་དང་མཛའ་ཞིང་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། རོ་ཙན་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། ཐིག་ལེ་བྱས་ན་སྐལ་བ་མཆོག་དང་དགེས་པ ་ཐམས་ཅད་འགྲུབ་ཅིང་། བུད་མེད་ཀུན་དབང་དུ་འགྱུར་ནས་འགྲོ་བ་ཐམས་ཅད་མཛའ་བར་འགྱུར་རོ།། ཟོས་ན་རྩོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ།། ལན་ཉི་ཤུ་རྩ་གཅིག་བཟླས་པའི་ཆུས་བཀྲུས་ནས་གཏོར་ན་ཁྲོས་པའི་རྒྱལ་པོ ་ཞིར་འགྱུར་རོ། ། མཛའ་ཞིང་འཛིན་པ་དག་ཏུ་འགྱུར་རོ།། ཐམས་ཅད་ཀྱང་གུ་གུལ་གྱི་པོག་གིས་བསྒྲུབ་པར་བྱའོ།། གང་མཁན་མཆོག་གི་བསྒྲུབ་པའི་ཆོ་ག་གསུམ་པ་སྟེ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཛ་པཱ་ལ་ཤྲཱི་ནཱམ་དྷར ་