| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་ཛ་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། @6།། རྒྱ་གར་སྐད་དུ། བཛྲ་དུརྞྞ་ནཱ་མ་ནཱ་ག་ས་མ་ཡེ ་བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བ་དམ་ཚིག་གོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་གཡེག་འདོར་ན་བཞུགས་ཏེ། འཁོར་འདུས་པ་ཆེན་པོ་འཇོག་པོ་ལ་སོགས ་པ་ཀླུའི་འཁོར་དང་། ལྷ་དང་མིའི་ཚོགས་ཀྱི་འཁོར་ཆེན་པོ་ལ་སེམས་ཅན་རྣམས་ཀྱི་དོན་ཆེན་པོའི་ཕྱིར་ཏེ། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་སྐོང་པ་བདེ་བར་བྱེད་པའི་ཆོས་སྟོན་ཏོ།། ཏིལ་དང་འབྲས ་སྐྲོད་པ་དགེ་བར་བྱེད་པའི་ཆོས་སྟོན་ཏོ། ། དེ་ནས་གྲོང་ཁྱེར་དེ་ནས་བྲམ་ཟེའི་ཁྱེའུ་ཁྱབ་མ་སྤྱན་ཞེས་བྱ་བ་ཕྱུག་པ་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། རྫས་དང་ཡོ་བྱད་དམང་པོ་ཕུན་སུམ་ཚོགས་པ། རིག་བྱེད་དང ་རེག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ། སྔགས་ལ་འཇུག་པ། སྔགས་གྲུབ་པ་ཞིག་འདུག་སྟེ། དེ་ཡང་ཡང་དང་ཡང་དུ་ཀླུ་འགུགས་ཞིང་མའི་སྤྱན་བསྲེག་བྱེད་དོ།། བྲམ་ཟེ་དའལ་ཏག་སྨིན་ཀར ་ཆར་ཆད་པར་གྱུར་ནས། དེས་ང་རྒྱལ་གྱི་སྒྲས་སྔགས་བརྗོད་པ་དང་མཐུན་པས་འདི་སྐད་ཅེས་བདག་གིས་ཆར་རབ་རྒྱུན་དབབ་ཅིང་ཀླུ་དགུག་པར་བྱའོ།། ཞེས་སྨྲས་ཏེ། དེས་མེའི་སྦྱིན་བསྲེག་བྱ་བར་བཤམས་ནས་ཏལ ་དང་། འབྲས་དང་། ཡུངས་ཀར་རྣམས་འབྲུ་མར་ཚ་བ་དང་བསྲེགས་ཏེ་སྦྱིན་པསྲེག་བྱེད་དོ།། དེ་ནས་ཀླུ་མི་བསྲུན་པ་ཞིག་གི་གཟུགས་བྱས་ཏེ། དེས་ལྗགས་ཀྱི་ཕུར་བུལ་བསྔགས་ནས་ཀླུའི་སྤྱི་བོར་བཏབ་པ་དང་། ཀླུར ་སྤྱིསྐྱེ་བོགས་ནས་སྡུག་བསྔལ་གྱི་ཚོར་བ་ཆེན་པོར་གྱུར་ཏོ། ། ཀླུ་དེ་ཡང་ཆེར་འཁྲུགས་ཏེ་ཁྲོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཀླུས་ཁྱབ་པར་བྱེད་པའི་ཤུགས་ཀྱིས་ཆེར་གནོད་ཅིང་རྡུལ་འབྱུང་བའི་འོད་ཟེར ་བ་རང་གི་ལུས་ལས་བཀྱེ་སྟེ་གནོད་པ་ཆེན་པོས་ཁེབས་པར་བྱས་ནས་བྲམ་ཟེ་དེའི་ཞིང་ཚིག་པར་བྱས་སོ། ། དེ་ཡང་ལྕེ་འབབ་པའི་ཆར་གྱི་རྒྱུན་ཆེན་པོ་བྲམ་ཟེའི་ལུས་ལ་ཕབ་ནས་བྲམ་ཟེ་དེ་མགོན་མེད། སྐྱབས ་མེད། དཔུང་གཉེན་མེད་དེ། མེའི་སྦྱིན་བསྲེག་བྱེད་པ་བཏང་ནས། དེ་བཅོམ་ལྡན་འདས་ལ་མགོན་དང་སྐབས་དང་དཔུང་གཉེན་བཙལ་ཏེ་འབྲོས་པར་བསམས་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱུགས་ཏེ།། ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུ་ཁྲོ་བདག་གི་སྲོག་མ་རུངས་པར་བགྱིད་པར་འཚལ་ཏེ་སྐྱབས་སུ ་ཡང་མ་མཆིས་ན། བཅོམ་ལྡན་འདས་བསྐྱབ་དུ་གསོལ། བདེ་བར་གཤེགས་པ་བསྐྱབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེན་པོ་དེ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེ ་ཆེན་པོ་མ་འཇིགས་ཤིག། ངས་ཁྱོད་ཀྱི་མགོན་དང་། སྐབས་དང་། དཔུང་གཉེན་བྱའོ་ཞེས་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ནརྡོ ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཟིགས་སུ་གསོལ། མངོན་སུམ་དུ་གྱུར་བཞིན་དུ་ཡང་ཀླུ་མི་བགྲངས་པས་ལོ་ཏེནམ་རུངས་པར་བགྱིད་ན། བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས ་ཀྱི་སླད་ན་སྲད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་རྟེན་ནི་སུ་ལགས། ཇི་ལྟར་འགྱུར། བཅོམ་ལྡན་འདས་ལོ་ཏོག་ཐམས་ཅད་ཀྱི་དོན་དུ་ལོ་ཏོག་རྣམས་ཚིམ་པར་འགྱུར་བ་དང་། ཀུན་དུ། བསྲུང་བ་དང་། རབ ་ཏུ་འཕེལ་བར་བགྱིད་པར་གྱུར་པ་ལོ་ཏོག་ཡོངས་སུ་སྐྱོང་ཞིང་ཀླུ་བཟློག་པ་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པ་ལགན་རྡོ་རྗེ་ལ་བཀའ་སྩལ་ཏོ།། ལག་ན་རྡོ་རྗེས་ཀླུ་རབ་ཏུ་འགྲོ་བར ་བ་ཡེད་པའི་སྙིང་པོ་སྦས་པ་རྡོ་རྗེ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡོད ་དེངས་བཤད་པར་བྱའོ། ། དེས་མྱུར་དུ་གནོད་པ་བཀག་པའི་ཕྱིར་ལོ་ཏོག་ཐམས་ཅད་མྱུར་དུ་བསྐྱེད་པར་འགྱུར་རོ།། ལེགས་པར་བསྲུངས་པར་འགྱུར། མེའི་རི་སུལ་ཆེན་པོ་སོ་སོ་ཕྱོགས་བཅུ་ཀུན་ནས་ཀླུ་ཐམས ་ཅད་ཀྱི་མཚམས་བཅད་པར་འགྱུར་རོ་མ་ཀྱིལ་འི་མ་པ་བློན་ཆེན་པ་རྣམ་མཁའ་ལྡིང་འདབ་མི་གདངས་པའི་ཤུགས་ཞེས་བྱ་བའི་སྤྲིན་གྱི་རིམ་པས་ནམ་མཁའ་ཁེབས་པར་བྱེད་དོ། ། ཡ་ཏོག་དང་། མེ་ཏོག་དང ་འབྲས་བུ་ཐམས་ཅད་ཀུན་ཏུ་བསྲུང་སྟེ་གནས་པར་འགྱུར་རོ། ། ངས་ཀཱ་ལ་སགས་པ་ཐམས་ཅད་ཀུན་དུ་རབ་ཏུ་འབར་བར་འགྱུར་རོ།། ཀླུམ་བགྲངས་པ་རྣམས་ཟུང་བར་འགྱུར་རོ།། འདུམ་པར་འགྱུར་རོ།། ་དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་གཟུངས་ཆེན་པོ་འདིའི་སྔགས ་ཀྱི་ཚིག་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་བཀའ་སྩལ་ཏོ།། ན་མོ་བྷ་ག་བ་ཏེ། སརྦ་བུད་དྷ་ནཱན། ན་མོ་བྷ་ག་བ་ཏེ་ཤཱཀྱ་རཱ་ཛ་ཡ། ཨོཾ་ཛྭ་ལ་ཛྭ་ལ། ག་རཱི་བ་རྡྷ་ནི། ཏ་བ་ཐ་བེ་ག་མ་ཧཱ་པ ་རེ་བྷ་ག་བ་ཏེ་ས་ཧཱ་ཙཎ་ཌ་ཧྲི་ཡ་ས་ལ་ནི། ཧུ་རུ་ཧྲ་རཱ། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། སརྦ་སྱ་ན་ཤ་ཡ། ནཱ་ག་ཀུ་ལ་པད་ཤན་དྷ་ར་དྷ་ར་པྲ་ས་ར་ཙཎ་ཌ་བེ་ཀ་མ་ཧཱ་བ་ལ་བ་རཀྲ་མ་སུ་རི་ཏ་རོ་དྲ་བག་པྲ། མ་ཐ་མ་ཨུ0f7f། པྲ ་ཛྭ་ལ་མཱ་ལ་དྷཱ་ར་ཎཱི། ཙཎ་ཌ་བེ་ག་བ་ཏེ། ཐ་བ་ར་བི་སན་དྷཱ་ར་ཎི། ཧཱུཾ་ཧཱཾ། བ་ལ་བ་ཏི། བེ་ག་བ་ཏི། ས་ར་ས་ར། བི་ས་ར་བི་ས་ར། ས་རན་ཏི། སརྦ་ས་དྲི་སྱ་ན་ནཱ་མ་དྲི་བ་ན་ཡ་དྲི། བུ་ཡ་ཕ་ལ་ཕཊ། དྲ་སན་དྷཱ་ར་ཎཱི། ཨ་བ ་མརྦན་དུ་སརྦ་ནཱ་ག་ཏོ་ཤ་སརྦ་བ་བྷ་བ་བྷ་ནི། བ་ག་ཏ་བེ་གེ་བ་ཏི་སྭཱ་ཧཱ། ཧཱུཾ་ཧཱུ~ཾ་ཕཊ། ནཱ་ག་བི་ས་ར་ནི་ཕཊ། ཛྭ་ལ་མཱ་ལི་ནི་ཕཊ། ཛྭ་ལ་མ་ལི་ནི་ཕཊ། ཕཊ་ཕཊ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་ཀླུ་ཐམས་ཅད་དང་། ་ཀླུ་མི་བགྲངས་པ་ཐམས་ཅད་མ་རུངས་པར་བྱེད་པའི་རིག་པ་འདི་བཤད་མ་ཐག་ཏུ་ཀླུ་དང་ཀླུ་ཆེན་པོ་ཐམས་ཅད་གླད་པ་ན་བར་གྱུར། ལུས་རུལ་ཏེ་ལུས་རྣགས་ཤིང་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས ་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འད་ལྔས་ཀྱི་ཚིག་ཤིན་ཏུ་མི་བཟང་བ་དག་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ནོངས་པ་བགྱིས་མི་དྲན་དུལ་གགྱིས་ཀྱང་། བཅོམ་ལྡན་འདས་རིག ་འཛིན་གནོད་པ་བགྱིད་པས་བདག་ཅག་ལ་བརྙས་པ་དང་། རྡེག་པ་དང་། འཆིང་པ་དང་། སྐྲོད་པ་དང་། གནད་པ་དེའི་ཚེ་བཅོམ་ལྡན་འདས་ཀླུ་མི་བཀྲུངས་པ་རྣམས་འཁྲུགས་ཏེ། དེའི་ཚེ་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་མ ་རུངས་པར་བགྱིད། སེར་པ་འབབ་པར་བགྱིད། སད་དང་ཀླུང་གི་འཁྲུག་པ་བགྱིད། ཧ་ཅང་ཆར་ཆེ་བ་དང་། ཆར་མི་འབབ་པ་དང་། དུས་མ་ལགས་པར་ཆར་བབ་པར་བགྱིད་དོ།། བཅོམ་ལྡན་འདས་རིག་པ་འཛིན་པ ་སྔགས་སྦས་པས་བྱམས་པ་ལ་གནས་པར་བགྱི། བྱམས་པའི་གོ་བགོ་བར་བགྱི། བྱམས་པའི་རལ་གྲི་ལག་ན་ཐོགས་པར་བགྱི་སྟེ། བྱམས་པས་གནོད་པ་བགྱིད་པ་ཐམས་ཅད་ཞི་བར་བགྱིད་དོ།། བཅོམ ་ལྡན་འདས་དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་བདག་ཅག་དམ་བཅའ་བར་འཚལ་ཏེ། གང་ན་རིག་པའི་རྒྱལ་མོ་འདི་རབ་ཏུ་སྤྱོད་པ་དེར་བཅོམ་ལྡན་འདས་ཀླུ་གཙེ་བར་མི་བགྱིད་དོ།། གང་ན་སྙིང་པོའི ་གཟུངས་འདིས་བསྲུང་བར་བགྱིས་པ་དང་། ཡོངས་སུ་སྒྲུབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བར་བགྱིས་པ་དང་། སྲད་བུ་བྲོ་བ་དང་། མཚམས་དགུམ་པ་དང་། དཀྱིལ་འཁོར་གྱིས་རིས་གཅད་པར ་བགྱིས་པ་དེར་བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་རྒྱུན་དུ་གནོད་པ་ཐམས་ཅད་བཟློག་པར་བགྱི་འཚལ་ལོ། ། ལེ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ཀུན་དུ་བསྲུང་བར་འཚལ་ལོ།། ཡོངས་སུ ་བསྐྱང་བར་འཚལ་ལོ། ། ཐ་ན་རྐུན་པོ་དང་། གཡོ་ཅན་དང་། རི་དགས་དང་། བྱ་རྣམས་ཀྱང་ཀུན་དུ་བསྲུང་བར་འཚལ་ཏེ། སླད་ཀྱིས་ཀྱང་མ་རུངས་པར་མི་བགྱིད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་དེ ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀླུའི་བདག་པོ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱིས་དེ་ལྟར་གྱིས་ཤིག། ཁྱེད་ཀྱིས་འཛམ་བུའི་གླིང་ལེགས་པར་བསྲུངས་པས་བསྲུང་བར་གྱིས་ཤིག། དེ་ནས་དེའི་འོག་ཏུ ་ཆོ་གར་བྱ་བ་ལས་ཐམས་ཅད་བྱེད་པ་དགེ་བར་བྱ་བ་བརྗོད་པར་བྱའོ། ། ལོ་ཏོག་ལ་གནོད་པར་བྱེད་ན་དེའི་ཚེ་རིག་པ་འཛིན་པས་ཤིང་གི་དབུས་སམ། ཁང་སྟོང་ངམ། གནས་མཐོན་པོར་དཀྱིལ་འཁོར་གྲུ་བཞི ་ཨུ0f7f། ། པ་བྱས་ལ་ཕྱོགས་བཞིར་བུམ་པ་ག་བནི་བཞག་གོ།། མེ་ཏོག་སིལ་མས་གཅལ་བཀྲམ་སྟེ་བཞག་གོ། གཟུགས་འཁྱིལ་པ་བདུན་བྱའོ།། འབྲས་ལས་བྱས་པའི་འཁྱིལ་པ་བདུན་བྱས་ཏེ། གཟུས ་རེ་རེ་ཞིང་ཡང་གཟུངས་ཉི་ཤུ་རྩ་རེ་བྱའོ། ། འབྲས་དང་འོ་ཐུག་བསྲེས་པ་དང་། ཞོ་དང་། འོ་མ་བཞག་པར་བགྱིའོ།། ཕྱོགས་བཞིར་དྲིལ་བུ་གཞག་པར་བྱའོ།། པད་མ་ལྟ་བུར་ཟན་གྱ་གཏོར་མ་སྔ་མ་བཞིན་བཞག ་པར་བྱའོ། ། དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཆེན་པོ་བཞག་སྟེ་བ་ལས་བྱུང་བ་ལྔ་དང་། འོ་མ་དང་ཆུས་དགང་ངོ་།། ཡུངས་ཀར་དང་། འབྲས་ཡོས་བླུགས་པར་བྱའོ།། སྔགས་ལན་དྲུག་ཅུར་ཡོངས་སུ ་བཟླས་པར་བྱའོ། ། སེང་ལྡེང་གི་ཕུར་བུ་བཞི་དང་། ལྕགས་ཀྱི་ཕུར་བུ་གཅིག་བྱ་སྟེ། ཐམས་ཅད་སོར་བརྒྱད་ཀྱི་ཚད་དུ་བྱའོ།། བ་སེར་སྐྱའི་ལྕི་བ་འམ། བག་ཕྱེ་ལས་བྱས་པའི་ཀླུའི་གཟུགས་བཞི་བྱ་སྟེ། དཀྱིལ ་འཁོར་གྱི་གྲཝ་བཞིར་བཞག་པར་བྱའོ། ། སེང་ལྡེང་གི་ཕུར་བུ་དེ་དག་ཀྱང་སྙིང་གར་ནུབ་པར་གཟུགས་སོ།། སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ།། ཤར་ཕྱོགས་སུ་ཀླུ་མགོ་བདུན་པ་བཞག་པར་བྱའོ།། ་ནུབ་ཕྱོགས་སུ་མགོ་བརྒྱད་པའོ།། ལྷོ་ཕྱོགས་སུ་མགོ་ལྔ་པའོ།། བྱང་ཕྱོགས་སུ་མགོ་གསུམ་པའོ།། དཀྱིལ་འཁོར་གྱི་དབུས་སུ་མགོ་དགུ་པ་བཞག་པར་བྱའོ།། པོག་པོར་རེ་རེ་སྟེ་ལྔ་བཞག་པར་བྱའོ།། ཡུངས་ཀར ་དང་། ཟའོ་ཡོངས་སུ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ། ཕྱོགས་བཞིར་གཏོར་རོ།། གཟུངས་འདི་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་དཀྱིལ་འཁོར་གྱི་གྲཝ་བཞིར་གཟུགས་སོ།། ཞིང ་གི་དབུས་ཡང་གཟུགས་སོ། ། བསྐྱེད་མོས་ཚལ་གྱི་དབུས་སུ་ཡང་གཟུགས་སོ།། དེ་གཙུགས་མ་ཐག་ཏུ་ཕྱོགས་བཞི་ཀུན་ནས་རི་སུལ་ཆེན་པོས་མཚམས་བཅད་པར་འགྱུར་རོ།། ཇི་སྲིད་དུ་ཕུར་བུ་མ་བྱང་བ ་དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ། ། ལེ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལེགས་པར་བསྲུངས་པར་འགྱུར་རོ།། ཐ་ན་འདབ་མ་ཅིག་ཀྱང་སྐམས་པར་མི་འགྱུར་ན། ་ཡལ་ག་དང་། སྡོང་བུ་སྐམས་པར་འགྱུར་བ་ལྟ་ཅི་སྨོས། སྲོག་ཆགས་ཀྱི་རིགས་རི་དགས་དང་། བྱ་ཐམས་ཅད་ཀྱང་ཁ་བཅིངས་པར་འགྱུར་རོ།། མ་རུངས་པར་བྱེད་ཀྱང་མི་ནུས་སོ།། གནས་དེར་རླུང ་དང་། སྤྲིན་དང་། སེར་བ་དང་། སད་དང་དུས་མ་ཡིན་པའི་རླུང་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ།། ཀླུའི་གནོད་པ་བྱས་ཀྱང་མ་རུངས་པར་བྱེད་མི་ནུས་སོ།། མ་རུང་བ་ཞིག་ཏུ་གྱུར་ན་དེ་ཡང་སླར་རྟས་པར ་འགྱུར་རོ། ། ཡང་སྟོབས་དང་། རྟས་པ་དང་། འོངས་ཡོད་པར་འགྱུར་རོ།། བུམ་པ་ཆེན་པོ་ནང་ན་ཡོད་པ་དེ་ཡང་། ཞིང་དང་ཀུན་དགའ་ར་བ་དང་། བསྐྱེད་མོས་ཚལ་གྱི་ཕྱོགས་བཞི་ཀུན་དུ་གཏོར་བར་བྱས ་ན་སྲོག་ཆགས་ཐམས་ཅད་མེད་པར་འགྱུར་རོ། ། སྦྲུལ་དང་། བྱི་བ་དང་། ནེའུ་ལེ་དང་། བྱི་དུར་དང་། དོམ་དང་། སྦལ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། བྱི་བ་དང་། འདབ་ཆགས་རྣམས་མེད་པར་འགྱུར་རོ།། ་གྲོག་སྲུར་ཐམས་ཅད་མེད་པར་འགྱུར་རོ།། ཐ་ན་ཕྱེ་མ་ལེབ་ལ་སོགས་པ་ཡང་ནམ་ཡང་མི་འབྱུང་ངོ་།། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པའི་བར་གྱིས་ཀྱང་མ ་རུངས་པར་བྱེད་མི་ནུས་སོ། ། རླན་དང་མེ་ཏོག་ལས་སྐྱེས་པའི་སྲོག་ཆགས་ཀྱི་རྣམ་པ་དག་ཀྱང་ཕུར་བུ་མ་བྱུང་གི་བར་དུ་ནམ་ཡང་མི་འབྱུང་ངོ་།། ཕུར་བུ་མ་བྱུང་གི་བར་དུ་ཀླུའི་ཉེས་པ་རྣམ་པ་སྣ་ཚོགས་མི ་འབྱུང་ཞིང་རབ་ཏུ་འབྱུང་བར་མི་འགྱུར་རོ། ། བདེ་བ་དང་ལོ་ལེགས་པ་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ།། རོ་ཞོམ་པ་དང་འཇམ་པར་འགྱུར་རོ།། ཀླུ ་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་བསྲུང་བ་དང་། སྐྱོབ་པ་དང་། སྲེད་པར་བྱེད་པར་འགྱུར་རོ།། ཕྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱས། ཁ་ཏོག་དང་། མེ་ཏོག་དང་། འདབ་མ་དང་། ཤིང་ཛྙཱ། ་པ་རྣམས་ལ་གཏོར་ན་སྲོག་ཆགས་ཐམས་ཅད་ལྷུང་ཞིང་མེད་པར་འགྱུར་རོ།། སྲིན་བུ་ཏྲཾ་མ་བུ་ཀ་དང་། ཏྲཻ་ལ་ཏ་དང་། སྦྲུལ་གདུག་པ་དང་། ཀང་བརྒྱད་པ་དང་། སྲོག་ཆགས་ཀྱི་རིགས་གཞན་དག་ཀྱང་ཕུར་བུ ་མ་བྱུང་གི་བར་དུ་མེད་པར་འགྱུར་རོ། ། མི་འབྱུང་བར་འགྱུར་རོ།། ཞིང་གི་ཕྱོགས་བཞི་ཤི་བའི་ལས་བྱ་སྟེ། ནས་དང་། གྲོ་དང་། ཏིལ་དང་། ཉུངས་དཀར་དང་། འབྲས་དང་མར་བསྲེས་ཏེ་སྦྱིན་བསྲེག་བྱས་ན་ཞི་བ ་ཆེན་པོར་འགྱུར་རོ། ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བདག་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ།། གཟུངས་འདི་དང་། ཆོ་གར་བྱ་བ་འབྱུང་བ་མཐའ་དག་བྲི་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་། དྲ ་སྲོང་ཆེན་པོ་ཉེས་འདོར་དང་། རྡོ་རྗེ་འཛིན་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གནས་མཐོན་པོར་གཟུགས་སོ།། གཏོར་མ་དང་། མེ་ཏོག་དང་། བདུག་པ་ཡང་དབུལ་ལོ།། སེང་ལྡེང་གི་ཕུར་བུ་སོར་བརྒྱད ་པ་ལ་ལན་སྟོང་ཡོངས་སུ་བཟླས་པར་བྱས་ཏེ། ཁང་སྟེང་དུ་བཙུགས་ན་རླུང་དང་། སད་དང་། སྤྲིན་དང་། སེར་པ་ཐམས་ཅད་ཐུབ་པར་འགྱུར་རོ།། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་མ་མ་རུངས་པར། ་བྱེད་པའི་སྲོག་ཆགས་རྣམས་མེད་པར་འགྱུར་ཏེ། ཤ་སྦྲང་དང་། སྦྲད་བུ་དང་། པི་ཙི་ལི་ཀ་དང་། བྱི་བ་དང་། སྦྲང་མ་དང་། ཏྲཾ་མ་བུ་ཀ་དང་། ཏྲཻ་ལ་ཏ་དང་། བི་ཤ་ཀི་ཏ་ཀ་དང་། ཉ་ཕྱིས་ཅན་དང་ཉ་དང་ལ་མི་ཀ་དང་། སྦལ ་བ་དང་། ནེའུ་ལ་དང་། ཕག་དང་། ཀན་ཏི་ཀ་དང་། སེང་གེ་དང་། རྐང་མངས་དང་། རྐང་གཅིག་པ་དང་། རུ་སྦལ་དང་། གྲོག་མོ་དང་། སྦྲང་རྩིའི་སྦྲང་མ་དང་། ཐང་གི་སྦྲང་མ་དང་། བུང་བ་དང་། ནག་པོ་དང་། ཤང་ག་ནི་ཀ ་དང་། སའི་འོག་ནས་བྱུང་བ་དང་། མ་ལུ་ཤི་ཀ་དང་། འུག་པ་དང་། བྱི་བ་དང་། མཆུ་རིངས་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་མེད་པར་འགྱུར་རོ།། མི་འབྱུང་བར་འགྱུར་རོ།། ཐམས་ཅད་ཕུད་པར་འགྱུར། ་རོ།། བྱ་རོག་དང་། བྱེའུ་དང་། ཁྲག་རྟ་དང་། ཕུག་རོན་དང་། མུ་དུ་རི་ཀ་དང་། འུག་པ་དང་། ཁ་ན་ཛ་ན་དང་། ནེའུ་ཚོ་དང་། རི་སྐེགས་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་རོ།། སྔགས་འདིས་ཕུར་བུ་ལ་ཡོངས་སུ་བཟླག ་པར་བྱ་སྟེ་ཕྱོགས་བཅིང་ངོ་། ། ན་མོ་བུད་དྷཱ་ཡ། ཨོཾ་ཀི་ལི་མོ་ལི་ཙན་ཌེ། མེ་རེ་ལི། ཙཎ་ཌ་ཙཎ་ཌེ་བན་དྷ་ཡ་སྭཱ་ཧཱ། དེ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་བཅོམ་ལྡན་འདས་དང་ཧ་ཅང་མི་རིང་བཞིག་ན་འདུག་པས་གཟུངས ་འདི་ཐོས་ནས་དེ་བསྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གི་སྲོག་ཆགས་ཀྱི་རིགས་གནོད་པར ་སེམས་པ། རབ་ཏུ་གནོད་པར་སེམས་པ། དུག་འཆང་བ་ལོ་ཏོག་དང་མེ་ཏོག་དང་འབྲས་བུ་དང་། འདབ་མ་དང་། སྡོང་བུ་དང་། རྩ་བ་མ་རུངས་པར་བགྱིད་པ་ཐམས་ཅད་ཀྱི་ཁ་བཅིང་བར་བགྱིའོ།། བཟློག་པར་བགྱིའོ།། བསྡིགས ་པར་བགྱིའོ། ། ཕྱོགས་བཞི་ཀུན་ནས་དཔག་ཚད་དུ་མཚམས་བཅད་པ་ཆེན་པོ་བགྱིའོ།། ཀུན་ཏུ་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་གནོད་པར་སེམས་པ། རབ་ཏུ་གནོད་པར ་སེམས་པ་ཐམས་ཅད་བཟློག་པར་བགྱིའོ། ། སྔགས་ཀྱི་ཚིག་རྗེས་སུ་སྩལ་བར་བགྱིའོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། བདག་ལ་ཐུགས་བརྩེ་བའི་སླད་དུ་དེ་བྱིན་གྱིས་བརླབ་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲང་སྲོང་ཆེན་པོ་དེས་བྱིན་གྱིས་བརླབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། ལྡུམ་ར་ཡོངས་སུ་བསྲུང ་ཤཐ་གསས་ཀྱ་ག་ཨ་དྷ་གག། དདས་དྲང་མང་ཅན་པོ་ནམས་ཀྱང་བཅོམ་ལྡན་འདས་ཀྱི་སྨྲ་པར་འདུག་ནས་འདི་སྐད་ཅེས་སྨྲས་སོ།། ནམཿག། ཨུ0f7f་ཛཱ་ག་ཏཱཐཱག ་ན་ཨ་ཀཏཱ་ཡ། མ་ཧཱ་ན་ལ། ཙཊྚ། ཌཱ་མ་ནུམ། ལ་ཙར་ཙར། ཙམ་ལི། བན་དྷ་། རཱ་ཤ་ནི། དཏ་ཥྛ། པུ་པ+འུ་རི་ཙ་རེ། སརྦ་ཥྚཱན་པན་དྷནི་དྲན་ད་ཅན་དྷ་ནི་སར་པར་ནི། ཀྵུཀྵཉྫ། མ་ནི་ཐ་བས ་ཏ་ལ་ཛྭ་ལ། ཏེ་དྷ་ཏི། ས་ར་མ་ནི། ས་རན་དུ། བརྦ་པཱ་པཱ་བཱ་ན་ཀ་ཀཱ་དྷ་ལི་སྭཱ་ཧཱ། དྲང་སྲོང་ཆེན་པོ་ཉིས་འདོར་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་འདི་སྨྲས་མ་ཐག་ཏུ་ཀླུ་དང་། གནོད་སྦྱིན་དང་། སྦྱིན ་དོད་པར་ཐམས་དཔའ་དེ་དག་ཐམ་པཅད་ཁས་བུབ་དུ་འབྲེལ་ནས་བཅོམ་ལྡན་འདས་ལ་ཀ་ཀྱིས་གས་མཐོན་པོས་སྨྲེ་སྔགས་འདོན་ཏེ། བཅོམ་ལྡན་འདས་བདག་ཅག་ས་རུང་ལགས་སོ།། ང་ཐོ ་དམོད་པ་ཟབ་པར་གྱུར་ཏོ། ། བཅོམ་ལྡན་འདས་བདག་ཅག་དྲང་སྲོང་གི་དམོད་པའི་མས་ཚིག་གོ།། ཀུན་དུ་ཚིག་གོ།། བཅོམ་ལྡན་འདས་ཤཱཀྱ་བདག་ཅག་སླན་ཆད་འཛམ་བུའི་གླིང་དུ་མམས་ཅན་རྣམས་ལ་རྣམ་པར ་བར་མི་བགྱིད་དོ། ། བཅོམ་ལྡན་འདས་བདག་ཅག་བླན་ཅད་པོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འདབ་ས་མ་རུངས་པར་མི་བགྱིད་དོ།། ཐོག་གས་ཀྱི་རིགས་ཐམས་ཅད་བཟློག་པར་བགྱིད་དོ།། བཅོམ་ལྡན ་ཀྱིདེ་ག་ག་མ་འི་བདག་པོ་དག་ཀྱིས་རྙེན་གས་ཤེག། དས་པ་བྱུང་པའི་སེམས་ཅན་ཐམས་ཅད་ལ་ཏོག་དང་། མེ་ཏོག་དང་། འཟས་ཟུ་དང་། འདགས་དང་ལས་ཀཱ་པ ་སེལ་པར་གྱུར་བརྗེས་སསྨྲས་པ། དེ་ན་པ་དྲང་ཐོང་ཅན་པོ་དེས་ཆོ་གར་བྱ་བ་སྨྲས་པ། བཅོམ་ལྡན་འདས་འ་ཤར་ཕྱོགས་སུ་བལྟས་ཏེ་མཆིས་ལ། རིག་པ་དྲང་ཐ~ཾང་ཅན་པོན་སྙིང་པོ་འདི་རིལ་བཟིང་ག ་བཅུས་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱི་སྟེ། དྲང་སྲོང་གི་མི་སྨྲ་བས་ཕྱོགས་བཞིར་གཏོར་བར་བགྱིའོ།། ཨ་བ་ས་ར་ས་ར་ཤ་བ་ཏ་བ་དཱ་མ། ཧྲི་ད་ཡ་གྲོད། ཨ་བ་མུ་ཀ་བན་དྷ་ཡ། པྲ་ན་ཙ་ར། སུ་མུ་རུ ་ཙ་ལ་སྭཱ་ཧཱ། ། སྔགས་འདི་ལན་བདུན་སྟོང་བཟླས་པ་བགྱི་སྟེ། བཟླས་པ་ཙམ་གྱིས་ཀླུ་གནོད་པར་སེམས་པ་ཐམས་ཅད་ཚ་བས་གདུངས་པར་འགྱུར་རོ།། རྐང་གཉིས་པ་དང་། རྐང་བཞི་པའི་བར་གྱི་སྲོག་ཆགས ་ཀྱི་རིགས་ཐམས་ཅད་དམོད་པས་གདུངས་པར་གྱུར་ཏེ་ཐམས་ཅད་འབྱེར་རོ། ། སླར་ཡང་ཕྱོགས་དེར་ཁེ་ཏོག་ལ་གནོད་པ་མི་བགྱིད་དོ།། སྲོག་ཆགས་ཀྱི་རིགས་ཐམས་ཅད་མ་མཆིས་པར་འགྱུར་རོ།། སྲོག་ཆགས ་ཀྱི་རིགས་ཐམས་ཅད་ཕྱིས་ཀྱང་མ་མཆིས་པར་འགྱུར་རོ། ། ཡང་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་འདབ་མ་མ་རུངས་པར་མི་བགྱིད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་ལ་ལེགས་སོ་ཞེས་བྱ ་བ་གནང་སྟེ། དྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ་ཁྱོད་ཀྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ལེགས་པར་སྲུང་བར་འགྱུར་བ་དང་། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལེགས་པར་བསྲུང ་བར་འགྱུར་བ་དེ་ལྟར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། སླད་མའི་ཚེ་སྐད་མའི་དུས་ན་རྗེས་སུ་སྲུང་བར་བགྱིད། ཡོངས་སུ་བཟུང ་པར་བགྱིད་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ཡོངས་སུ་སྲུངས་ཤིག། ལོ་ཏོག་ལ་གནོད་པར་བྱེད་པ་ཀླུའི་ཆོ་ག་རྫོགས་སྷོ།། ་དེ་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཞམ་རིང་ཆེན་པོ་དང་། འཁོར་འདུས་པ་ཆེན་པོ་དང་། བཀོད་པ་ཆེན་པོ་དང་། ཡོན་ཡོད་པའི་མཐུ་ཆེན་པོ་དང་། ཆོ་འཕྲུལ་ཆེན་པོས་ཀུན་ཏུ་སྟོན་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི ་གནས་སུ་གཤེགས་སོ། ། དེ་ནས་བཅོམ་ལྡན་འདས་རྣམ་ཐོས་ཀྱི་བུའི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་དུ་བྱོན་པ་དང་། ས་ཕྱོགས་དེ་ན་འབྲོག་གི་ནགས་ཉི་ཤུ་པ་ཞེས་བྱ་བ་ཞིག་ཡོད་དེ། ནགས་དེའི ་མཐོངས་ན་རྫིང་བུ་ཞིག་ཡོད་ལ། རྫིང་བུ་དེའི་མཐུས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་གྱི་ཞིང་དང་། ཀུན་དགའ་དང་། ནགས་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་ཀུན་ཏུ་ཚིམ་པར་གྱུར་ཏོ།། སྐྱེས་པ་དང་བུད་མེད ་དང་། ཁྱེའུ་དང་། བུ་མོ་དང་། བ་ལང་དང་། རྟ་དང་། རྟ་རྒོད་མ་དང་། མ་ཧེ་དང་། གླང་པོ་ཆེ་དང་། བོང་བུ་དང་། སྐྱེ་བོའི་ཚོགས་ཐམས་ཅད་བདེ་བས་ཚིམ་པར་གྱུར་ཏོ།། རྫིང་བུ་དེ་ཡང་ཕྱོགས་བཞི་ཀུན་ཏུ་རྒྱར་དཔག་ཚད་གཉིས ་ཀྱི་ཚད་དོ། ། རྫིང་བུ་དེ་ཡང་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། བུན་ད་རི་ཀ་སྣ་ཚོགས་ཀྱིས་ཀུན་ཏུ་ཁེབས་ཏེ། ཉ་སྣ་ཚོགས་དང་། ཆུ་བྲན་དང་། ཉ་མིང་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། བུད་པ་གཟུག ་སྣ་ཚོགས་ཅན་ནོ། ། དེ་ནས་དེའི་འོག་ཏུ་ཐན་པ་བྱུང་བ་དེའི་ཚེ་ནགས་ཚལ་དང་། མེ་ཏོག་དང་འབྲས་བུ་དང་། འདབ་མ་དང་། ཡལ་ག་ཐམས་ཅད་སྐམས་ཏེ་མེ་ཏོག་དེ་དག་རྙིངས་སོ།། ཉ་དང་། ཆུ་སྲིན་དང་། ཉ་མ ་དང་། ཆུ་སྲིན་བྱིས་པ་གསོད་དང་། བུད་པ་གཟུགས་སྣ་ཚོགས་པ་དེ་དག་ཀྱང་ཆུ་བྲི་སྟེ་ཅུང་ཟད་ཅིག་ལུས་པས་ཕྱོགས་བཅུར་རྒྱུག་ཀུན་ཏུ་རྒྱུག་རབ་ཏུ་རྒྱུག་སྟེ། སྲོག་འགགས་ལ་ཐུག། སྲོག་ཆད་ལ་ཐུག་པས་སྙིང་འཕར ་ཞིང་རྒྱུག་གོ། ། དེ་ནས་བཅོམ་ལྡན་འདས་ཞམ་རིང་བ་ཆེན་པོ་དང་། རྫིང་བུ་དེར་བྱོན་པ་དང་། དེན་ཉ་དང་ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། བུང་བ་བརྒྱ་སྟོང་དུ་མ་སྲོག་འགགས་ལ་ཐུག། སྲོག་ཆད་ལ་ཐུག་སྟེ ་ཕྱོགས་བཅུར་རྒྱུག་ཅིང་སྙིང་རྗེ་ཇི་ལྟར་གཟིགས་ནས་བཅོམ་ལྡན་འདས་ཀྱིས་བྱམས་པའི་དམིགས་པ་སྙིང་རྗེས་དབུགས་ཕྱུང་སྟེ་སེ་གོལ་གྱི་སྒྲས། ཀླུ་རྣམས་འབོད་ཅིང་ལན་གཉིས་ལན་གསུམ་དུ་སེ་གོལ་རྡོབ ་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་གྲག་པར་མཛད་དེ། ། སྔོན་གྱི་ལས་ཀྱི་རྐྱེན་འགའ་ཞིག་གིས་སྲོག་ཆགས་དེ་དག་ཀྱང་སྲོག་མ་ཆད་དོ།། ཀླུ་ཆེན་པོ་དེ་དག་གིས་སྒྲ་དེ་ཡང་མཐོས། ་བཅོམ་ལྡན་འདས་ཀྱང་རྗེས་སུམ་དྲན་ནོ།། དེ་ནས་བདུད་ཀྱི་རིས་ཀྱི་གནོད་སྦྱིན་རྣམ་པར་འཐོར་རླུང་ཞེས་བྱ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་བསྒྲགས་པ་ཞག་བདུན་གྱི་ཉིན་པར ་སྲེག་པའི་བསྐལ་པ་འབྱུང་སྟེ། འདི་ནི་སྲིད་པའི་རྩེ་མོ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་མནར་མེད་པ་ལ་ཐུག་པའི་བར་དག་ལས་ཚིག་པར་མ་གྱུར་པ་ཅུང་ཟད་ཀྱང་མི་སྲིད་དོ།། འཇིག་རྟེན་དུ་འཇིགས་པ་ཆེན ་པོ་བྱུང་ཞེས་སྒྲ་གྲག་གོ། ། དེ་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་སྒྲ་དེ་ཐོས་ནས་ཀྱི་ཧུད ་ཀྱི་ཧུད་འཇིག་རྟེན་མ་རུང་བར་གྱུར་ཏོ་ཞེས་དུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྐྱེན་གྱིས་འདི་མྱོང་བར་མཁྱེན་མོད་ཀྱི། འོན་ཀྱང་དགོངས་པ་མཛད་དེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་བུ་ནས ་འོད་ཟེར་བྱུང་ནས་འོད་ཟེར་དེས་ཀླུའི་ཁྱིམ་ཐམས་ཅད་སྣང་བར་བྱས་ནས་ཀྱང་སླར་ལོག་ཏེ་སྤྱིའི་གཙུག་ཏུ་ནུབ་པར་གྱུར་ཏོ། ། དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་ཞེས་བྱ་བས་ཀླུ་ཐམས་ཅད ་བསྡུས་ནས་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཅིའི་ཕྱིར་འོད་ཟེར་བྱུང་ཞིང་རྐྱེན་གང་གིས་འཇིག་རྟེན་དུ་བྱུང་། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོས་བསམས་ན་བཅོམ་ལྡན་འདས་ཀྱི་མཐུས་འོད་ཟེར ་བྱུང་བར་མཐོང་ངོ་། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེ་བ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་འོད་ཟེར་རབ་ཏུ་བཀྱེ་བའི་རྒྱུ་གང་ལགས་རྐྱེན་གང་ལགས་འོད་ཟེར་རབ་ཏུ་བཀྱེ་སྟེ་ཁང་པ་ཐམས་ཅད་སྣང་བར་བགྱི་སྟེ། སླར་ལྡོག་པར་བྱེད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་དག་སྲོག་ཆགས་བརྒྱ་སྟོང་ཕྲག་སང་པོ་འི་དགགས་པས་འགག་པར་འགྱུར་བའོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་རྫིང་དུ ་ཆར་གྱི་རྒྱུན་གྱི་ཆུས་བཀང་ནས་བདེ་བས་ཚིམ་པར་བྱས་སོ། ། དེ་ནས་ཕྱོགས་དེར་གོ་སྐབས་ཆེན་པོ་བྱུང་བར་གྱུར་ནས་ས་ཕྱོགས་དེར་བཅོམ་ལྡན་འདས་འཁོར་ཆེན་པོས་ཀུན་ནས་བསྐོར་ཏེ་མདུན་དུ་བདར་བའི ་དབུས་ན་བཞུགས་སོ། ། ཀླུའི་འཁོར་ཆེན་པོ་འདུས་པ་ནི་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སྟོང་ཕྲག་བརྒྱད་བཅུ་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་དེ་སྟན་ལས ་ལ་ཨངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱིན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས ་ནས་མེ་ཏོག་དང་། བདུག་པ་དང་། ཕྲེང་བ་དང་། སྤོས་དང་བྱུག་པ་དང་། རྒྱན་དང་ལྷབ་ལྷུབ་དང་། ན་བཟའ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་རྒྱལ་པོ ་ཆེན་པོ་བཞིས་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཇིགས་པ་ཆེན་པོ་མི་བཟད་པ་འཇིག་རྟེན་དུ་བྱུང་སྟེ། ་འདི་ལྟར་ཐན་པ་བྱུང་ཞིང་མུ་གེའི་དགོན་པར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་སྡུག་བསྔལ་འདིས་སེམས་ཅན་ཐམས་ཅད་མགོན་མ་མཆིས་སྐྱབས་མ་མཆིས་དཔུང་གཉེན་མ་མཆིས་པར་གྱུར་ན། བཅོམ ་ལྡན་འདས་ཀྱིས་དེ་ལྟ་བུ་དང་མཐུན་པའི་སྔགས་ཀྱི་ཆོ་ག་བཤད་དུ་གསོལ། གང་གིས་སླད་མའི་ཚེ་སྐད་མའི་དུས་ན་སྡུག་བསྔལ་སྣ་ཚོགས་སུ་ལྟུང་བའི་འཇིག་རྟེན་ཀུན་དུ་སྒྲོལ་བ་དང་། ཧ་ཅང་ཆར་ཆེ་བ་དང་། ཆང་མ ་མཆིས་པ་དང་། དུས་མ་ལགས་པའི་ཆར་དང་། སེར་བ་དང་། སད་དང་ཚ་བ་མ་མཆིས་པར་བགྱིད་པ་དང་། མུ་གེའི་དགོན་པ་རབ་ཏུ་མ་མཆིས་པར་བགྱིད་པ་དང་། བཟློག་པ་དང་། ཡོངས་སུ་བསྒྱུར་བའི་སླད་དུ་གཟུངས་ཀྱི ་སྔགས་ཀྱི་ཚིག་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྒྱལ་པོ་ཆེན་པོ་དག་ཀླུའི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་སྐུལ་མ་འདེབས་པ་ཀུན་ནས་འབར་བའི་ཀློག་ཅེས་བྱ་བ་ཡོད་དེ། དེ་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ཁྱིམ་དང་། ཀླུ་ཐམས ་ཅད་ཀྱི་ལུས་འཕར་བར་འགྱུར་རོ། ། ཀླུ་མི་བགྲུངས་པ་ཐམས་ཅད་ཀྱི་སྙིང་འབར་བར་འགྱུར་རོ།། ཀླུ་ཐམས་ཅད་ཀྱི་མགོ་ཚལ་བ་བདུན་དུ་འགས་པར་འགྱུར་རོ།། མིག་དང་མགོ་རྣམས་གས་ནས་དུམ་བུ་དུམ་བུར་ཆད་ཅིང ་འབྲུལ་བར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དག་ཀླུ་གནོད་པར་སེམས་པ་དང་། རབ་ཏུ་གནོད་པར་སེམས་པ་རྣམས་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཟུང་ཤིག། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན ་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀླུའི་སྙིང་པོའི་སྔགས་ཀྱི་ཚིག་སྐུལ་མ་འདེབས་པ་ཀུན་ནས་འབར་བའི་ཀློག་ཅེས་བགྱི་བ་བཤད་དུ་གསོལ། དེ་ནས་བཅོམ ་ལྡན་འདས་ཀྱིས་ཀླུའི་ལྟ་སྟངས་དང་། དེ་བཞིན་གཤེགས་པའི་གཟིགས་སྟངས་ཀྱིས་རྣམ་པར་གཟིགས་ནས་ཀླུའི་འཁོར་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་དགང་ལས་གཟུངས ་ཀྱི་ཚིག་གི་སྔགས་ཀྱི་ཚིག་ཉོན་ཅིག། ཏདྱ་ཐཱ། ཨོཾ་བི་པུ་ལེ། པྲ་བ་རེ། ནཱ་གེ་མ་ཧཱ་ནཱ་ག་ཧྲི་ད་ཡ། ཨ་བར་ཏེ། ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲི་ད་ཡ་ནི། ཀི་མི་ཀ་མི། ནཱ་ག་ཀུ་ལ་བི་དྲན་ས་ནི་ཧ་ན་ཧ་ན། སརྦ་ནཱ་གཱ་རཱཥྚན ་ཧྲིད་ཡ་ནི། ཧ་ན་ཧ་ན། སརྦ་དུཥྚཱ་ན་ནཱ་ག་བ་བ་ན་ནི། པ་ཙ་པ་ཙ་པ་ཙ་ཡ་སརྦ་དུཥྚཱན་ནཱ་ག་ནན། ཨ་ཀྲྀ་མ། ཨ་ཀྲི་མ། ས་མུ་ཏྲཱ་ས་ག་ར། བི་མ་ལེ། བི་ཀྲ་མེ། མ་ཧཱ་ནཱ་ག་ག་ཏེ། ཛ་བ་རེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྙིང་པོའི ་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་གསུངས་པ་ཙམ་གྱིས་ཀླུ་དེ་དག་ཐམས་ཅད་འདར་ཞིང་ལུས་རུལ་ཏེ་དྲི་མི་ཞིམ་པར་གྱུར་ཏོ། ། མེ་འབར་བ་བཞིན་དུ་ལུས་ལ་དུ་བ་འཐུལ་ཞིང་འདྲེ་ལྡོག་གོ། ཐམས་ཅད་སྐད་ཆེར་བཅོམ ་ལྡན་འདས་ལ་ངུ་ཞིང་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཀྱི་སྙིང་ལ ་གཡོ་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ཚིག་སྟེ་མ་རུང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱི་སླན་ཆད་འཐུན་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡི་དམ་བགྱིད་དོ།། བཅོམ ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་ན་གནས་ཀྱི་བར་དུ་བཅོམ་ལྡན་འདས་ཡང་བདག་ཅག་འཛམ་བུའི་གླིང་དུ་འཚེ་བར་མི་བགྱིད་དོ། ། མ་རུངས་པར་མི་བགྱིད་དོ།། མེ་ཏོག་དང་། ཡལ་ག་དང་། འབྲས་བུ་དང་། ལོ་ཏོག ་ཐམས་ཅད་ཡོངས་སུ་རྒྱས་པར་བགྱིད་དོ། ། དུས་དུས་སུ་ཆར་གྱི་རྒྱུན་འབབ་པར་བགྱིད་དོ།། བདེ་བ་དང་ཡིད་བདེ་བར་བགྱིད་དོ།། ལོ་ཏོག་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་འགྲུབ་པར་བགྱིད་དོ།། དེ་བཞིན་གཤེགས། ་པའི་བཀའ་རྗེས་སུ་སྐྱོང་བར་བགྱིད་དོ།། བདེན་པའི་དམ་ཚིག་ལ་གནས་པར་བགྱིད་དོ།། བུ་གཅིག་པ་ལ་བགྱི་བ་བཞིན་དུ་སེམས་ཅན་ཐམས་ཅད་རྗེས་སུ་སྐྱོང་བར་བགྱིད་དོ།། བཅོམ་ལྡན་འདས་ཕྱོགས་གང་དང ་གང་ན་རིག་པའི་རྒྱལ་མོ་འདི་སྤྱོད་པ་དེར་བཅོམ་ལྡན་འདས་བདག་ཅག་འཐུན་པར་བགྱིད་དོ། ། བཅོམ་ལྡན་འདས་རིག་པའི་རྒྱལ་མོ་འདི་དྲན་པ་ཙམ་གྱིས་ཀྱང་བདག་ཅག་ཐམས་ཅད་ཀྱིས་ཆར་གྱི་རྒྱུན་འབབ་པར་བགྱིད ་དོ། ། དྲན་པ་ཙམ་གྱིས་ཀྱང་ཧ་ཅང་ཆར་ཆེ་བ་ཟློག་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལས་ལོག་པར་མི་བགྱིད་དོ།། བཅོམ་ལྡན་འདས་ཡང་མནས་བསྒག་པའི་སྔགས་ཀྱི་ཚིག་སྩལ་ཏོ།། དེ་ནས ་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ། ། ཏདྱ་ཐཱ། ཨོཾ་ཙ་ཏཱཙཏ་བི་ཙི་ཏ། ཤ་ཏ་ཤཱཏ། བཙར་ཏི་སྭཱ་ཧཱ། བཅོམ་ལྡན་འདས་གལ་ཏེ་རིག་པ། ་འཛིན་པས་གདུགས་ཞག་གཅིག་ཆོ་ག་བགྱིས་ལ་བདག་ཅག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བའི་དོན་དུ་འཛམ་བུའི་གླིང་ཐམས་ཅད་དུ་ཆར་གྱི་རྒྱུན་མ་ཕབ་ནི། བཅོམ་ལྡན་འདས་བདག་ཅག་ཡང ་དག་པར་རྫོགས་པའི་སངས་རྒྱས་ལ་འཁུས་པར་འགྱུར་རོ། ། བདག་ཅག་ཀླུའི་སྐྱེ་གནས་ནས་འཆི་འཕོ་བར་གྱུར་དུ་ཡང་མཆིས་ཏེ་བཅོམ་ལྡན་འདས་དེའི་ཚེ་རིག་པ་འཛིན་པས་མནས་བསྒག་པའི་གཟུངས་ཀྱི་སྔགས ་ཀྱི་ཚིག་འདི་ཐོག་མ་ཉིད་དུ་ལན་བདུན་དུ་བརྗོད་པར་བགྱིའོ། ། དེའི་འོག་ཏུ་མེ་ཚེའི་ས་བོན་བརྒྱ་རྩ་བརྒྱད་ཀླུའི་ས་བོན་དུ་མཚེ་འུར་དོར་རོ།། བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་ཀྱི་ཁང་ཁྱིམ་མཐའ་དག ་ཞུགས་འབར་བར་གྱུར་པ་དག་ཤི་ཀེང་རུས་ཀྱི་ལྷག་མ་ཙམ་ཞིག་ལུས་ནས་ཡོངས་སུ་ཐར་པར་མ་གྱུར་གྱི་བར་དུ་དུམ་བུ་དུམ་བུར་འཆད་པར་འགྱུར་རོ། ། དེའི་ཚེ་བདག་ཅག་ཐམས་ཅད་ཀྱིས་མྱུར་བར་ཆར་གྱི་རྒྱུན ་འཐེབས་པར་བགྱིད་། ། གལ་ཏེ་མྱུང་དུ་ཆར་གྱི་རྒུན་མ་ཕབ་ན། བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་འགུམ་པའི་དུས་ཀྱི་དབང་དུ་འཆིའོ།། བུ་དང་ཆ་བོར་བཅས་ཏེ་འགུམ་པར་འཚོའོ།། དེ་ནས་རྣམ་ཐས ་ཀྱེ་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀླུ་མནས་བསྒག་པའི་སྔགས་ཀྱི་ཚིག་ཤིན་དུ་མི་བཟང་བ་དག་བཤད་དོ། ་སྙིང་རྗེ་མ་མཆིས་པའི་མནས་བསྒག་པ་དག་བཤད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་བགྲངས་པ་མ་རུངས་པ་གདུམ་པ་གནོད་པར་བྱེད ་བདག་འབྱུང་སྟེ་དེའི་ཚེ་མནའ་འདས་འཇིགས་པར་འགྱུར་སྐྲག་པར་འགྱུར་དུས་དུས་སུ་ཆར་གྱི་རྒྱུན་ནི་ལེགས་པར་འབེབས་སོ། ། དུས་དུས་སུ་ལོ་ཏོག་དང་། མེ་ཏོག་དང་འབྲས་བུ་རྣམས་བསྒྲུབ་བོ།། དེ་ནས ་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོ་ག་རྒྱ་ཆེར་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོ་ག་བཀའ་སྩལ་པ་ཆེར་མི་འབབ། ་པའི་དུས་ན་དེས་རི་འམ། དགོན་པའི་གནས་སམ། གཙུག་ལག་ཁང་ངམ། ཆུ་མིག་གམ་མཚའུ་འམ། མཚོའམ། ལྟེང་ཀ་འམ། ཁྲོན་པ་འམ། ཀླུའི་གནས་ཀྱི་མཚབུ་འམ། འཇམ་པ་དང་། ལྕི་བར་བསྲེས ་པའི་དཀྱིལ་འཁོར་གྲུ་གསུམ་དུ་བྱ་སྟེ། དཀྱིལ་འཁོར་དབུས་ཟབས་ཁྲུ་གང་བརྐོས་ལ་ཁ་ཁྱེར་ཡང་ཁྲུ་གང་བར་བྱའོ།། ཤིན་ཏུ་འཇམ་པ་དང་ཤིན་ཏུ་ཕྱེ་བར་བྱའོ།། སྤོས་ཆུས་ཁོར་ཡུག་ཏུ་གཏོར་རོ།། དེའི་དབུས་སུ་རྒྱལ་པོ་ཆེན ་པོ་བཞི་བྱ་སྟེ། བསེར་སྐྱའི་ལྕི་བ་དང་འཇིམ་པར་བསྲེས་པས་ཀླུའི་རྒྱལ་པོ་མགོ་དགུ་གདངས་ཀ་ཅན་ལུས་དབྱིབས་དགུ་བར་བྱས་ཏེ་ཐམས་ཅད་ཀྱི་མགོ་ལ་ཡང་ཡིད་བཞིན་ནོར་བུ་བྱའོ།། ཤར་ཕྱོགས་སུ ་ཀླུའི་རྒྱལ་པོ་རྒྱ་མཚོ་བྱའོ། ། ལྷོ་ཕྱོགས་སུ་ཀླུའི་རྒྱལ་པོ་གདུགས་བྱའོ།། ནུབ་ཕྱོགས་སུ་ཀླུའི་རྒྱལ་པོ་ཆུ་ལྟ་བྱའོ།། བྱང་ཕྱོགས་སུ་ཀླུའི་རྒྱལ་པོ་ལམ་བུ་ཀར་བྱའོ།། དེའི་གཡོག་འཁོར་བདུན་བདུན་མགོ་གསུམ།། ་པ་མགོ་གཉིས་པ་མགོ་ལྔ་པར་བྱའོ།། ལུས་ངག་ལ་སྤོས་སྣ་ཚོགས་ཀྱིས་བྱུག་པར་བྱའོ།། ཙན་དན་དཀར་དམར་དང་། སུ་ར་བིན་ཙན་དང་། ཤུག་པ་དང་། གུར་གུམ་རྣམས་ཕྱེ་མར་བྱས་ཏེ་གཏོར་བར་བྱའོ།། མེ ་ཏོག་དང་མེ་ཏོག་ཕྲེང་བ་གདགས་སོ། ། གནས་དེའི་དབུས་སུ་འབྲས་ཡོས་དང་ཡུངས་དཀར་གྱིས་གཏོར་བར་བྱའོ།། གྲཝ་བཞིར་རྒྱལ་པོ་ཆེན་པོ་བཞི་བཞག་པར་བྱའོ།། ཕྱོགས་ཆེན་པོ་བཞིར་སངས་རྒྱས་ཤཱཀྱ ་ཐུབ་པའི་སྐུ་གཟུགས་རིང་བསྲེལ་དང་བཅས་པ་དང་། མཆོད་རྟེན་རིང་བསྲེལ་དང་བཅས་པ་དག་བཞག་གོ།། དར་དང་བ་དན་གྱིས་བརྒྱན་པར་བྱའོ།། མཆོད་པ་ལྔས་མཆོད་དོ།། ཨ་ག་རུ་དང་ཙན་དན་དང་། དུ་རུ་སྐས ་བདུག་གོ། ། རྒྱ་སྤོས་དང་། ནལ་དང་། ཀུན་དུ་རུ་དང་། ཡུངས་དཀར་དང་། གན་དྷ་ར་ས་དང་། སྲ་རྩིའི་བོག་དང་པོག་དཀར་པོ་རྣམས་དང་སྦྲང་རྩི་དང་བསྲེས་ཏེ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཀླུ་རྣམས་ལ་བདུག ་པར་བྱའོ། ། དཀྱིལ་འཁོར་གྱི་མཐའ་ཀུན་དུ་ནས་བྱས་པད་མ་བྲི་བར་བྱའོ།། སྒོ་བཞི་བཏོང་ལ་ངོས་བཞི་རེ་རེར་ཡང་གཏོར་མས་གཞོད་པ་བཀང་བ་བདུན་བདུན་བཞག་པར་བྱའོ།། གཏོར་མ་དཀར་པོ་དང་། ཅི་འབྱོར ་པའི་རྣམ་པ་མང་པོ་བཞག་གོ། མེ་ཏོག་སིལ་མས་གཏོར་བར་བྱའོ།། བུམ་པ་བཀང་བ་བཞི་བཞག་གོ།། བུམ་པ་གཏོར་མས་བཀང་བ་བཞི་བཞག་གོ།། པོག་པོར་བཞི་ནས་གུ་གུལ་གྱི་བདུག་པས་བདུག་གོ།། ་མ་མ་ར་ཁ་བརྒྱད་དུ་བུང་ངོ་།། རིག་པ་འཛིན་པས་ཤར་གྱི་སྒོ་རུ་སྦྱིན་བསྲེག་བྱ་སྟེ། ཤིང་ཀ་ར་བི་ར་དང་། ཡུངས་དཀར་དང་ཙེ་ཙ་དམར་པོ་བསྲེས་ཏེ་ལན་བརྒྱ་རྩ་བརྒྱད་དོར་ཏ། དོར་བ་བརྒྱ་རྩ་བརྒྱད་ཚང་བ་དང་ཀླུ་ཐམས ་ཅད་ཆར་གྱི་རྒྱུན་འབེབས་ཏེ་འཇམ་བུའི་གླིང་ཐམས་ཅད་དུ་ཕྱོགས་བཞི་ཀུན་ནས་ཆར་གྱི་རྒྱུན་འབབས་སོ། ། ཀླ་དེ་དག་ཐམས་ཅད་འདིར་ཆར་འབེབས་སོ།། འདིན་ཚིག་དང་པོའོ།། ཡུངས་དཀར་གྱི་མར་དང་། སྦྲད་རྩི་དང ་ཤིང་ཀར་བི་རིའི་མེ་ཏོག་དང་། ནཱ་ག་གེ་སར་དང་བཏགས་པའི་རི་ལུ་བྱས་ལ། དེ་ནས་རི་ལུ་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ཀླུའི་མཚོར་བོར་མ་ཐག་ཏུ་ཀླུ་ཐམས་ཅད་དགའ་བར་གྱུར་ཏེ། ཆ ་རྒྱན་ཆེན་པོ་འབེབས་སོ། ། གལ་ཏེ་དེ་མ་ཐག་མ་ཕབ་ན་ཀླུ་དེ་དག་ཐམས་ཅད་ལུས་ཞིག་པར་འགྱུར་རོ།། གླད་པ་ན་པར་འགྱུར་སྡུག་བསྔལ་ཆེན་པོ་འབྱུང་བར་འགྱུར་རོ།། འདི་ནི་ཆོ་ག་གཉིས་པའོ།། སྦྱིན་བསྲེག་བྱས། ་པོའི་ཐལ་པ་དང་། རྩབ་མོ་དཀྲུགས་ལ་བསྔགས་ལན་དྲུག་བཅུ་བཟླས་པ་བྱ་སྟེ་ཁྱིམ་གྱི་ནང་དུ་པོན་པོ་མ་ཐག་ཏུ་ཀླུ་ཐམས་ཅད་འཁྲུགས་པར་གྱུར་ཏེ། དེའི་ཕྱིར་ཆར་གྱི་རྒྱུན་འབེབས་སོ།། གལ་ཏེ་དེ་མ་ཐག་ཏུ་མ་པབ་ན ་ཀླུ་ཐམས་ཅད་ཀྱི་ལུས་ལ་ཤ་བཀྲ་འབྱུང་ཞིང་མཛེས་བཏབ་པར་འགྱུར་ལོང་བར་འགྱུར་རོ། ། འདི་ནི་ཆོ་ག་གསུམ་པའོ།། །། ཤུག་པ་དང་ཨུད་པ་ལ་སྔོན་པོ་དང་། བབ་ལ་དང་། ཟངས་ཕྱེ་དང་། ཡུངས་དཀར་དང་། ཨི་ནང? ་ཧསྟ་དང་། བ་ལ་ཤ་བསྲས་ཏེ་བུ་རམ་ཁུ་བས་ཐུས་པ་ཤེས་རབ་ཅན་གྱིས་སྔགས་ལན་བརྒྱད་བཅུ་བཟླས་ཏེ། རི་ལུ་རྒྱ་ཤུག་གི་འབྲུ་ཙམ་དུ་བྱས་ལ་ཆར་མི་འབབ་པའི་དུས་རི་ལུ་བདུན་ཀླུའི་ཁྱིམ་དུ་བོར་ན་ཉིན་མཚན ་བདུན་ཆར་འབེབས་སོ། ། གལ་ཏེ་འཕྲལ་དུ་མ་ཕབ་ན་དེའི་ཕྱིར་ཀླུའི་ཁྱིམ་ཆུ་ཐམས་ཅད་གཅེར་བུར་འགྱུར་རོ།། ཀླུའི་ཁྱིམ་ན་གནས་པ་ཐམས་ཅད་གཅེར་བུར་འགྱུར་རོ།། རི་ལུ་གཅིག་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས ་ཏེ་ཀླུའི་མཚོར་གཟུགས་སོ། ། བ་དན་སྔོན་པོ་གདགས་སོ།། སྔགས་འདི་བྲིས་ཏེ་དེར་གདགས་པ་བྱས་ན་ཇི་སྲིད་དུ་རྒྱལ་མཚན་མ་བསྡུས་པ་དེ་སྲིད་ཀླུ་ཐམས་ཅད་ཆར་འབེབས་སོ།། ཡང་རྒྱལ་མཚན་གྱི་རྩེ་མོ་ལ ་བཏགས་ཏེ་ཁང་ཐོག་མཐོན་པོར་གཟུགས་སོ། ། སེར་བ་འབབ་པའི་དུས་ན་ཡང་ཀླུ་རྣམས་སེར་བ་འབེབས་ཀྱང་མེ་ནུས་སོ།། ཀླུ་རྣམས་ཀྱིས་གསེར་གྱི་ཁ་དོག་འདྲ་བ་དེ་འདྲ་བར་མཐོང་སྟེ། ཀླུ་ཐམས་ཅད་དང་ངས ་སྐྲག་ཅིང་གནས་དེར་འདོད་པ་བཞིན་ཆར་འབེབས་སོ། ། ཨོཾ་སུ་པྲ་ཏེ་བཛྲ་དུན་དེ་མི་མི་ལི་མཱ་ཧཱ། འདི་ནི་སྔགས་མོ།། བག་ཕྱེ་ལས་ཀླུ་མགོ་དགུ་པའི་གཟུགས་བྱས་ལ་ལུས་མཚལ་གྱིས་བསླུ་བར་བྱའོ།། མགུལ་དུ ་དན་གདགས་སོ། ། དཀྱིལ་འཁོར་གྲཝ་བཞི་བྱས་ཏེ་དབུས་སུ་ཀླུའི་གཟུགས་བཞག་ལ་མེ་ཏིག་སེལ་མས་གཏོར་རོ།། གཏོར་མ་དཀར་པོ་ཅི་འབྱོར་ཚད་སྦྱིན་ནོ།། མེ་ཏོག་དང་བདུག་སྤོས་ཀྱང་སྦྱིན་ནོ།། བལ་པོ་སེའུ་ཤིང་གི ་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ། སྔགས་དང་བལ་པོ་སེའུ་ཤིང་གི་ལྕུག་མ་ལ་ཀླུའི་གཟུགས་ལ་ལན་བརྒྱ་རྩ་བརྒྱད་དུ་བྱབ་པ་བྱས་ན་ཀླུ་གང་གི་མིང་བྲིས་པའི་ཀླུ་དེ་བཀུག་པར་འགྱུར་ཏེ། ་ཀླུ་དེ་ཡང་རང་གི་ཁྱིམ་ལ་དགའ་བར་མི་འགྱུར་རོ།། གལ་ཏེ་ཆར་གྱི་རྒྱུན་ལེགས་པར་མ་ཕབ་ན་འཕྲལ་དུ་སྲོག་མ་རུང་བར་འགྱུར་རོ།། ཡུངས་དཀར་ལ་ལན་སྟོང་རྩ་བརྒྱད་རེ་རེ་ལ་ཡོངས་སུ་བཟླས་པ་བྱ་སྟེ། སྟོང ་བརྒྱད་དུ་ཚང་ན་ཀླུའི་གཟུགས་ཐམས་ཅད་འགྲོ་ཞིང་མགོ་གདེངས་ཀ་བྱེད་དོ། ། དེའི་འོག་ཏུ་བལ་པོ་སེའུ་ཡི་ལྕུག་མས་བསྡིགས་ན་ལྡང་ཞིང་ལྕེ་སྟོན་པར་འགྱུར། ལུས་ཀྱི་བར་དུ་སྟོན་པར་འགྱུར་ཀླུ་ཐམས་ཅད་དབང་དུ ་འགྱུར་ཏེ། གང་བསྒོ་བ་དེ་བཞིན་བྱེད་དོ།། འོ་མ་དང་། ཡུངས་དཀར་ལ་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ། གནས་ཐམས་ཅད་དུ་གཏོར་ན་ཐམས་ཅད་ལ་ཕྱིར་ལེགས་པ་བྱས་པར་འགྱུར་རོ།། འདི་ན ་ཆོ་ག་བཞི་པའོ། ། །། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེ་བ་ཀླུའི་རྒྱལ་པོ་བརྒྱ་སྟོང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ ་ཏོ། ། བཅོམ་ལྡན་འདས་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ།། ལས་བསྒྲུབ་པ་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དེ་དང་འདྲ་བར་བཤད་པར ་བགྱིའོ། ། དུས་དུས་སུ་ཆར་གྱི་རྒྱུན་འབབས་སོ།། སྨན་པ་ན་སེམས་ཅན་དག་ལ་རྣམ་པར་འཚེ་བར་མི་བགྱིད་དོ།། བཅོམ་ལྡན་འདས་བདག་ཅག་གིས་ཀླུ་མི་བསྙུངས་པ་རྣམ་པར་འཚེ་བར་བགྱིད་པ ་རྣམས་ཀྱི་དོན་ཏུ་དམ་ཚིག་མ་འཚལ་བ་རྣམས་བཟློག་པའི་སྔགས་ཀྱི་ཚིག་བཤད་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཀྭའི་བདག་པོ་དགོངས་དམ་ཚིག་གི་སྔགས་བྱིན་གྱིས་བཛྲ། ་ཀྱིས་དེ་ཤོད་ཅིག། ན་མོ་བྷ་ག་བ་ཏ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། བྷུ་ཛེ་བྷུ་ཛ་ས་མ་ཡ་བྷེ་ཛེ་ཏད་ཏྭ་བྷུ་ཛྲ་པྲ་བྷ་ར་བྷུ་ཛེ་ས་མན་ཏ་ཨ་ཀ་ར་བྷུ་ཛ། དུ་རུ་དྲ་དྲ་སྭཱ་ཧཱ། ས་མ་ཡ་བ་ལ་ནེ་སྭཱ་ཧཱ། ནཱ་ག་མ་རས་བཙོ ་སྭཱ་ཧཱ། ། བཅོམ་ལྡན་འདས་སླད་མ་ཚེ་སླད་མ་འདུས་ན་ཀཱ་མ་བགྲངས་པ་ཐམས་ཅད་སླར་བཟློག་པའི་སླད་དུ་བདག་ཅག་གིས་དམ་ཆོག་གི་སྔགས་འདི་བཤད་དོ།། ཧཅང་ཆར་ཆེ་བའི་ཚེ་དང་། རར་དཀོན ་བའི་ཚེ་དང་། སད་དང་སེར་བ་དང་། སེར་བ་འབབ་པའི་ཚེ་སྔགས་འདི་དྲན་པར་བྱའོ།། བརྗོད་པར་བགྱིའོ།། དེ་ནས་ཀླུ་ཐམས་ཅད་བསྐལ་བར་བགྱིའོ།། རེག་པ་འཛིན་པ་དེས་ཤིན་དུ་ཁྲུས་བགྱིས་ཏེ་གཙང་མར ་བགྱིས་ལ། གོས་ས་རབ་བགོས་ཏེ་ཀྭའི་གནས་སུ་མཆི་བར་བགྱིའོ།། ཀླུའི་གནས་སུ་ཅི་འབྱོར་པའི་སྤོས་ཀྱི་དཀྱིལ་འཁོར་བགྱིས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་སམ། སྐུ་གདུང་དང་བཅས་པའི ་མཆོད་རྟེན་དཀྱིལ་འཁོར་དེའི་སྟེང་དུ་བཞག་སྟེ་སུམ་ཆབ་ཀྱིས་བཀྲ་བར་བགྱི། མེ་ཏོག་དང་། བདུག་པས་མཆོད་པར་བཀྱེ། ཀླ་ཀུན་ཡང་བཀྲ་བར་བགྱིའོ།། སྐུ་བསིལ་བའི་ཆབ་དེ་ལ་ལན་བརྒྱད་ཡོངས་སུ་བཟླས ་པ་བགྱིས་ཏེ། དེའི་ནང་དུ་ཡངས་དཀར་སྩལ་ནས་མཚའ་དེའི་ནང་དུ་དབོ་ཞིང་ཕྱོགས་བཞི་ནས་བདུག་པས་བདུགས་ན། དེ་ཐ་མ་ཐག་ཏུ་སྐད་ཅིག་དེལ་ཀླུའི་གནས་འགུལ་ཞིང་དུ་བལྟ་བུ་བྱུང་ནས་སྤྲིན་གྱི་དཀྱིལ ་འཁོར་ཆེན་པོར་གྱུར་ཏེ། ནམ་མཁའི་དཀྱིལ་དེ་ཁེབས་པར་ཆར་གྱི་རྒྱུན་འབེབས་སོ།། སེར་བ་འབབ་པའི་དུས་སུ་ཡུངས་དཀར་དང་། ཏིལ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བགྱིས་ཏེ་ཕྱོགས་བཞིར་བཅིང ་བར་བརྫིའོ། ། ཀྭའི་ཕྱོགས་སུ་གཏོར་བར་བགྱིའོ།། སེར་རབ་མི་འབབ་པ་དང་། ཀླུ་ཐམས་ཅད་ཀྱང་གཅོད་པར་འགྱུར་རོ།། སད་དང་སེར་བ་དང་། དུས་མ་ཡིན་པའི་རླུང་རབ་ཏུཞི་བར་འགྱུར་རོ།། ཀྭའི་མཚོ་འགྲམ་འམཐོན་པ ་འམ། ལྟེང་ཀའམ་རྫིང་བུའི་འགྲམ་འམ། རིའི་ཆུ་སོང་ཤིང་ཨརྒ་དང་། ཞུན་མར་དང་། ཡུངས་དཀར་དང་། ཤིང་ཀ། ར་བི་རའི་མེ་ཏོག་གིས་སྟེང་རྣ་བརྒྱད་སྦྱིན་བ་སྲེག་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་རོ།། ་སྦྱིན་བསྲེག་བྱས་མ་ཐག་ཏུ་ཆར་གྱི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ།། ཧ་ཅང་ཆར་ཆེ་བའི་དུས་ན་འབྲས་ཡོས་དང་། ཡངས་དཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ནམ་མཁའ་ལ་གཏོར་ན་ཆར་ཆེན་པོ ་ཀློག་པར་འགྱུར་རོ། ། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གོས་དགུང་གསུམ་གྱིས་ཆར་ཀྱཻ་ཛྙཱན་མ་ཕབ་ན། བཅོམ་ལྡན་འདས་དེའི་ཆ་ཤ་བཀྲ་འབྱུང་བར་འགྱུར་ལགས་སོ།། ལོང་བ་དང་ལས་དྲི་མི་ཞིམ་པ ་འགྱུར་ལགས་སོ། ། སངས་རྒྱས་དང་། ཆོས་དང་དགེ་འདུན་སླ་བར་བགྱིད་པ་ལགས་སོ།། འཇིག་རྟེན་གས་མ་སླ་བར་བགྱིད་པེ་ལགས་སོ།། བདག་ནག་གཱའི་སྒྲ་གནས་འཕོ་བར་གྱུར་ཅིག། བཅོམ་ལྡན་འདས་གཞན ་ཐམས་ཅད་ལ་ཡང་སྦྱོར་བར་བགྱིད་ན་ཐམས་ཅད་རུང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀློའི་རྒྱལ་པོ་དག་དབུགས་ཐང་། དམ་ཚིག་ལེ་བཀ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་ཕུལ་ཡོངས ་ཀརཏ། རྫས་སུ་གཏང་རྣམ་ས་གྲགས་དེ་ནས་གཤེགས་སོ།། རྣམ་ཐོས་ཀྱི་བུ་གཞལ་བཞུགས་སོ།། ཀྭ་དམ་ཚིག་ཅེས་བྱ་བ་ཆང་འབེབས་པའི་སྐབས་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས ་ཚངས་པའི་འང་པ་བརྩེགས་པར་བཞུགས་པ་དང་། ལྷའི་ཚོགས་དུམ་ལྤགས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་ཡང་ལྷགས། སྒྲ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཀླུའི་དབང་པོ་མཐུ་ཆེ་བ་ཐམས་ཅད་ཀྱང་ལྷགས། ནམ་མཁའ་ལྡིང་གི་དབང་པོ་དང་། རྒྱལ་པོ་ཆེན་པོ་གསེར་མིག་གི་འདབ་མ་ཅན། རྡོ་རྗེའི་མཆུ་ཅན་བདག་ཉིད་ཆེན་པོ་ལུས ་བབར་ཞིང་ཁྲོ་བ་འཇིགས་སུ་རུང་བའི་རྩལ་ཅན་རིན་པོ་ཆེ་ཐ་དད་པ་སྣ་ཚོགས་དང་། མུ་ཏིག་དང་། གསེར་གྱིས་སྤྲས་པའི་གཅོད་པན་མགོ་ལ་ཐོགས་པ། གསེར་གྱིས་ཀླུབས་པ་དྲག་པོའི་གཟུགས་ཅན་འགྱིང ་བར་བལྟ་བ། ཀླུའི་དབང་པོ་གདན་དུ་བཏིང་བ། གཡོག་འཁོར་མང་པོ་ཐམས་ཅད་དང་ལྷགས་སོ།། གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེ་གནོད་སྦྱིན་བྱེ་བ་དང་། རྡོ་རྗེ་འཛིན་གཡོག་འཁོར་རིག་འཛིན་སྟོང་ལྷགས ་ཏེ། བཅོམ་ལྡན་འདས་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། མུ་ཏིག་དམར་པོ་ཐ་དད་པ་མང་པོས་བརྒྱན་པའི་སེང་གེའི་ཁྲི་ལ་བཞུགས་པ། ཁང་པ་བརྩེགས་པ་ན་ཞམ་རིང་ཆེན་པོ་དང་། དེ་བཞིན་གཤེགས ་པའི་བྱིན་གྱི་རླབས་ཆེན་པོས་བྱིན་གྱིས་བརླབས་པ་དང་ལྡན་པས་བཞུགས་ཏེ། བཅོམ་ལྡན་འདས་ནི་འོད་ཟེར་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་སྐུ་ནི་ཤིན་དུ་བརྒྱན། གསེར་གྱི་མཆོད་སྡོང་ལྟར་ནི་འབར།། ་ཉི་མ་ལྟར་ནི་སྣང་། མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་མངའ་བ་འོད་འདོམ་གང་བས་ནི་སྐུ་ལེགས་པར་རྒྱན། དེ་བཞིན་གཤེགས་པའི་སྐུ་ནི་ཤིན་དུ་རྣམ་པར་དག་ཅིང་ཤིན་དུ་དྲི་མ་དང་སྐྱོན ་མེད་པའི་འོད་ནི་གསལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཆེན་པོ་འདུས་པར་མཁྱེན་ནས་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱུང་སྟེ་འོད་ཟེར་གྱི་སྣང་བ་དེས་ཕྱོགས་བཅུ་ཀུན་དུ་ཁྱབ་པར་མཛད་དོ།། དེ་ནས་ཚངས་པ ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པའི་འོད་ཟེར་ལ་བལྟས་ནས་འཇམ་བུའི་གླིང་ན་ཀླུམ་བགྲངས་པས་སད་དང་། སེར་བ་དང་། རླུང་དང་། སེར་སྨིན་པབ་སྟེ། མེ་ཏོག་དང་། འབྲས་བུ་ཐམས ་ཅད་དང་། ལོ་ཏོག་ཐམས་ཅད་དང་། ཤིང་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་དང་། སྨན་གྱི་བར་བསྲེགས་ཏེ། མ་རུང་བར་བྱས་ནས། ཡལ་ག་ཡང་འཛམ་བུའི་གླིང་ན་མེད་པར་བྱས་ཏེ་མ་རུང་བར་བྱས ་ན། དེ་ན་སེམས་ཅན་དེ་དག་སྡུག་བསྔལ་ཆེན་པོས་གཟིར་ཅིང་ཉམ་ཐག་པའི་སྐད་བྱུང་བ་ཐོས་སོ།། དེ་ནས་ཚངས་པ་དང་། ཁྱབ་འཛག་དང་། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀླུ་གནོད་པར་སེམས་པ་གདུམ་པོ་རྣམས་ཀྱིས་འཛམ་བུའི་གླིང་རྣམ་པར་བཤིག་སྟེ། ཐམས་ཅད་མ་རུངས་པར་བགྱིས་ནས་སེམས་ཅན་རྣམས་སྡུག་བསྔལ་མི་བཟད ་པ་ཆེན་པོ་མྱོང་ངོ་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷའི་དབང་པོ་དག་འདི་ནི་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་དང་། སངས་རྒྱས་ཀྱི་ཡེ་ཤེས་ཟབ་མོ་དང་། དེ་བཞིན་གཤེགས ་པའི་ཡོན་ཏན་གྱི་ཁྱད་པར་གྱི་བྱིན་གྱིས་བརླབས་ལ་ལྟོས་ཤིག། དེ་ནས་བཅོམ་ལྡན་འདས་ནམ་མཁའ་ལྡིང་བགྱིངས་པས་རྣམ་པར་ལྟས་པ་ཞེས་བྱ་བ་ཀུན་ནས་མེ་ལྕེ་འབར་བའི་ཕྲེང་བ་ཅན་རྣམ་པར་འཕྲུལ་པའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་སྐུ་ཕྲག་པ་གཉིས་རབ་ཏུ་འབར་ཏེ། འབར་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རབ་ཏུ་འབར་བར་འགྱུ་རོ།། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས ་གདུགས་ཀྱིས་རྣམ་པར་བསྐོར་བས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚིག་ལགས་སོ།། བདེ་བར་གཤེགས་པ་ཚིག་ལགས་སོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་ཅང་མི་གསུང་བར་གནང་ནས་སྟེང་དུ་རྣམ་པར་གཟིགས་ཏེ། ཕྱོགས་བཅུ་ཀུན་ནས་ཡང་གཟུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞེས་ཏེ་ནམ་མཁའ་ལྡིང་གཤུགས ་ཆེན་པོས་ཀུན་ཏུ་འབར་བ་ནམ་མཁའ་ལྡིང་གི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་འཁོར་འདི་རྗེས་སུ་དགོངས་སོ། ། ཨོཾ་བཛྲ་བ་ཏི་ག་རུ་ཌ་བེ་ཀེ་ཧཱུཾ་ཧཱུཾ། ར་ཙི་སྲིཛ་ཧཱུ་ཕཊ། དེ་ནས་ཀླུ་མི་སྲུན་པ་དེ་དག་ཡུང་ཡུར་བོར་གྱུར་ནས ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདར་ཡང་ཡེང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་མོ་ལྕེ་འབར་བ་ཞེས་བྱ་བའི་སྙིང་པོ་ཆེན་པོ་བཀའ་སྩལ་པ། ན་མོ་བྷ་ག་བ་ཏེ ་ཤཱཀྱ་མུ་ན་ཡ། ཏ་ཐཱ་ག་ཏཱ་ཡ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ། ཧ་ན་ཧ་ན། སརྦ་ནཱ་ག་ཧྲྀ་ད་ཡ་དྷཱ་ར་ཎཱི། ཧ་ར་ཧ་ར། སརྦ་ཀན་ནན་བ་ལ་བཱིརྱ། པྲ་ར་ཀྲ་མན། ད་ཧ་ད་ཧ། སརྦ་ན་ག་ཧ་ཤཱི་ར་ནི། པ་ཙ་བ་ཙ། སརྦ་ནཱ་གརྨ་ནི། ག་རུ་ཌ་བྷེ་ག ་བག་ཤི་ནི་པ་ཏེ། ནད་བ་ཏ་ཡ་བ་ཏ་ཡ། སརྦ་ནཱ་ག་བ་བ་ནི་ནི། ཨོཾ་མ་ཏ་མ་ཏ། མ་ཧཱ་བི་ཙི་དྲ་མ་ནི་མོ་ཧུ་ལི་ད་ར་ཧ་མ་ཧཱ་རུ་ཏ་བྷེ་ག་དེ་ར་བི་ཙི་དྲ། ཨ་བ་ར་ཎ་བི་བུ་ཧུ་ཤ་ཏི་ཀཱ་ཡ། སརྦ་ནཱ་ག་ན་ན། ཀ་ར་ཀ་ར། སྥ་ར་སྨ ་ར་བྷོ་ག་རུ་ཌེ་ན་བ་ར་ཐག་ན་བན་ཏྲན་ཤཱཀྱ་མུ་ནེ་པྲ་ཙ་ན་མ་ནུ་བ་ལ་ཡ། ཏརྫ་ཡཱ། ནཱ་ག་ནན། བ་ག་ཤཱ་ཡ། དུཥྚཱ་ན་པྲ་མ་ཏ་ཡ། བ་ཡུ་བེ་ཛ་ག་བ་ན། སྥོ་ཏ་ཡ། མུརྟ་ནན་ཤོ་ཤཱ་ཡ། བི་དུ་ཛྭ་ལ་ན། ཧཱུ་ཧཱ། ཕཊ་ཕཊ། པྲ་མ་ཏ ་སརྦ་བ་ཏ་ཨ་ཤིན་ནེ་མེ་ཀ་ན། ན་ཤ་ཡ་ན་ཤ་ཡ། སརྦ་ནཱ་ག་བ་ལན་བ་ཧ་ར། པ་ཙ་དུན་ཏེ་ར། ཨ་ག་ར་བཱ་ཡ། སུ་ཤ་ནཱ་ག་ན། གརྫ་གརྫ་མ་ཧཱ་ག་རུ་ཌ་བྷེ་ག་ན། ཧཱུ་ཧཱུཾ། ཕཊ་ཕཊ། སྟམ་བྷ་ཡ་ནི་ཤི་ཏ་བ་ལ་ཧ་ཀན། ས ་བཀྵ་ཡ། ཧཱུཾ་ཧཱ། ཕཊ་ཕཊ། སྟམ་བྷ་ཡ། ཤི་ཏ་བ་ཡུ། མུ་གྷ་ན། སརྦ་ནཱ་ག་བྷི་ཧ་རི་ནི། ཏྲཱ་ཧཱ། ཕཊ་ཕཊ། བྷོ་ནཱ་ག་པི་ཏི་པི་ཏི། མུན་ཙ་ཏྲི་བཀྵ་བུ་ཡུ་ན་ག་རུ་ཌ་གྲོ་ཏ་མ་ཧཱ་བྷེ་ག་བན་དྷ་ཡ། བུ་ཡུ་བ་ལ་ཧ་ཀན ་རྨ་ཀུན་དུ་ནག་ན་ནན་ག་། ། ཡནསུ་དག་ན་དུ་ན་། ་ཏིཏི་ཏི་ཏི། དཱུངྐུ། ཕཊ་ཕཊ་སྭཱ་ཧཱ། ཛ་ལམ་པ་དུཿ། སརྦ་ཨ་ཤན་ཏ་ཐཱ་ཀ་ཏ་ཨ་དྷིཥྛ་ནེན་ཧཱུཾ་ཕཊ། ཨ་མྲི་ཏེ་མ་བྷ་བ་ཏུ། སརྦ་ཤི་ཏ་བཱ་ཡུ་ནེ་ག་ཨ་ཤ་ནི། ཧཱ། ཕཊ་ཕཊ། མ་ཏྲི་ཀྲ་མ་ཐ་ཏ་ཡ~ཾ། ནཱ་ག་མ་ཏྲི་ཀྲམ ་ཡ་ཏེ་མུ་ག་ད། ཡེ་ཏི་ག་ཏ~ཾ། ཏུ་ར་དྷ་རུ། ཧཱརྨྨ་ཊ་ཕཊ་སྭཱ་ཧཱ། བར་ཏཱ་ཡ་སྭཱ་ཧཱ། ནཱག་སྭཱཿས་སྭཱཏྨ། ནཱ་ག་བ་ཏ་ར་མ་སྭཱཏྨ། ཨོཾ་སྭཱ་ཧཱ། སརྦསྭཱ་ཧཱུ~ཾ། པྲ་བ~ཾ་སཱདྷཱ། ཏ་ཐཱ་ག་ཏས་མ་ཡ་སྭཱ་ཧཱ། ཏྲཻ་ལ་ཀྱ་ཅྀང ་ཏ་ཡ་སྭཱ་ཧཱ་ཨོཾ་དཱ་ཧཱ། ཧཱ་ད་ཧཱ། ཕཊ་ཕཊ་ཕཊ། ཀྲྀའི་བདག་པ་དག་དེ་བཞིན་གཤེག་པའི་ནམ་མཁའ་ལྡིང་གི་འབེར་བའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ཀླུ་མོ་བསྲུན་པ་ཐམས་ཅད་ཟློག་པར་བྱེད་པའོ།། སྤྲིན ་དང་། ལྷགས་པ་དང་། རླུང་དང་། སེར་བ་ཐམས་ཅད་འཇིག་པའོ།། ཟློག་པའོ།། ལོ་ཏོག་ཡོངས་སུ་སྐྱོང་བའོ།། མེ་ཏོག་དང་། འབྲས་བུ་དང་། ནགས་ཚལ་ཡོངས་སུ་སྐྱོང་བའོ།། བདུད་རྩིའི་འབྲས་བུ་ཡོངས་སུ་འགྲུབ་པར ་བྱེད་པའོ། ། དེ་བས་བསྟབས་པ་འཕེལ་བར་བྱེད་པའོ།། ཀྱེ་ཀླུའི་བདག་པོ་དག་འདི་དྲ་ནས་ཟག་པ་ཙམ་གྱིས་ཀླུའི་དཀྱིལ་འཁོར་བྱེད་པ། བུ་དང་ཆུང་པར་བཅས་པ་དང་། བློན་པོར་བཅས་པ་དང་། མངག་གཞུག ་པར་བཅས་པ་དང་། འཁོང་དང་བཅས་པ་ལྷགས་པའི་སྟོབས་བྱེད་པ། རླུང་གི་སྟོབས་བྱེད་པ། སྡང་པ་དང་། སྟོབས་བྱེད་པ། ཀུན་ཐམས་ཅད་འཐུན་པ་དེ་བཞིན་གཤེགས་པའི་བཀའ་གནང་བ་དང་། དེ་བཞིན ་གཤེགས་པའི་དམ་ཚིག་གི་བྱིན་གྱི་རླབས་ཀྱིས་ཕྱི་མིའི་ཚེ་ཕྱི་མའི་དུས་ན་འཛམ་བུའི་གླིང་འདིར་ལོ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་དང་། རྫས་དང་། ཤིང་དང་། སྨན་ཐམས་ཅད་ཀུན ་དུ་བསྲུང་བགྱིས་ཤིག། དུས་དུས་སུ་ཆར་གྱི་རྒྱུན་པོ་བ་ཤིག། བདག་གི་སྲོག་ཇི་ལྟ་བ་དེ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྟས་པར་བྱེད་པ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག ་རྣམས་ཡོངས་སུ་སྦྱོངས་ཤིག། གལ་ཏེ་གཞན་དུ་འགྱུར་ཏེ། དེ་བཞིན་གཤེགས་པའི་བཀའ་ལུང་དགེ་བ་ལྟར་མ་བྱས་ན་དེའི་ཚེ་གླུ་ཐམས་ཅད་ཀྱི་ཁྱིམ་ཀུན་ཏུ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ ་ལྕེ་གཅིག་ཏུ་འབར་བར་གྱུར་ཅིག། ཀླུ་ལ་མུ་གེ་ཆེན་པོ་འབྱུང་བར་གྱུར་ཅིག། སྟོབས་བྲི་ཞིང་བརྩོན་འགྲུས་མ་རུང་བར་གྱུར་ཅིག། ཆུ་སྐམས་པར་གྱུར་ཅིག། ཁྱིམ་སྐམས་པར་གྱུར་ཅིག། ལུས་རྩུབ་པར་གྱུར ་ཅིག། འདབ་བཟངས་ཀྱིས་འཇིགས་པ་དང་། མེ་དང་བྱེ་མ་ཡིས་འཇིགས་པ་དང་། རྟག་ཏུ་བཀྲེས་པ་དང་སྐོམ་པ་ཡིས་འཇིགས་པ་ཅན་དུ་གྱུར་ཅིག། ཕར་རྒྱུག་ཚུར་རྒྱུག་ཅིང་ལུས་ཀུན་དུ་ཚིག་པ་དང་། ཉི་མའི ་དུགས་ཀྱིས་ཡོངས་སུ་གདུངས་པས་ལུས་ཚིག་པར་གྱུར་ཅིག། ནད་དང་། ན་བ་དང་། གནོད་པ་དང་། ནད་མགོ་བ་སྣ་ཚོགས་པ་འདུས་པར་གྱུར་ཅིག། དེ་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་སྲུན་པ། ཀླུ་གཏུམ ་པ། ། རབ་ཏུ་གཏུམ་པ་རྣམས་གལ་ཏེ་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་འབར་བ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་ལས་འགལ་བར་བྱེད་ན་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་ཏེ། ཀླུའི་བདག་པོ་དག ་དེའི་ཕྱིར་བདེན་པའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམ་ཚིག་གི་རྗེས་སུ་བསྲུང་བར་བྱའོ། ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བྱའོ།། བསྲུང་བར་བྱའོ།། བསྒྲུབ་པར་བྱའོ།། དེ་ནས ་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ཆེན་པོ་དགའ་བ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་ཆེན་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་ཆེན་པོ་ཧྲུལ་བ ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཆུ་ལྷ་དང་། ཀླུའི་རྒྱལ་པོ་ཆེན་པོ་འབར་བ་ཀུན་ཏུ་འཛིན་པ་ཁ་བྱེ་རབ་ཏུ་དགའ་བའི་གཙུག་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཚངས་པའི་མགོ་དང་། ཀླུའི་རྒྱལ་བ་ཆེན་པོ་འཇིག་རྟེན་གསུམ ་དུ་གྲགས་པའི་རྒྱལ་མཚན་དང་། ཀླུའི་རྒྱལ་པོ་ཆེན་པོ་དབང་ཕྱུག་འོད་དང་། ཀླུའི་རྒྱལ་པོ་ཆེན་པོ་འོད་རྣམ་པར་གྲགས་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྒྱལ་མཚན་གྱི་རྣམ་པ་ཞེས་བྱ་བ་དང་། ་ཀླུའི་རྒྱལ་པོ་ཆེན་པོ་ནོར་བུ་མགོ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གནས་པ་ཚངས་པའི་གཙུག་དང་། ཀླུའི་རྒྱལ་པོ་ཆེན་པོ་གཙུག་གི་ནོར་བུ་འབར་དང་། ཀླུའི་རྒྱལ་པོ་ཆེན་པོ་མཚོ་ཆེན་པོ་གནོན་དང་། ཀླུའི་རྒྱལ་པོ ་ཆེན་པོ་ཀུན་དུ་ལྟ་བའི་མིག་དང་། ཀླུའི་རྒྱལ་པོ་ཆེན་པོ་ཁྱབ་འཇུག་ཁོར་ཡུག་དང་། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྣམ་པར་བྲང་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་དགའ་བས་ཆར་འབེབས་དང་། ཀླུའི་རྒྱལ་པོ་ཆེན་པོ ་རྣམ་དག་རབ་དགའ་དང་། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གཏོར་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་གློག་འབར་དང་། ཀླུའི་རྒྱལ་པོ་ཆེན་པོ་ས་སྲུང་གི་བུ་དང་། ཀླུའི་རྒྱལ་པོ་ཆེན་པོ་ཆུ་འབེབས་སྣ་ཚོགས་དང་། ཀླུའི་རྒྱལ་པོ ་ཆེན་པོ་བཏང་གཟུངས་སྟོབས་དང་། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་རབ་ཏུ་ཆར་འབེབས་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྣ་ཚོགས་དང་། དེ་ལ་སོགས་པ་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ཁྲི་བཞི ་སྟོང་ཀླུའི་རྒྱལ་པོ་ཆེན་པོ་རེ་རེ་ཡང་གཡོག་འཁོར་ཀླུའི་རིགས་སྟོང་ཕྲག་བདུན་བཅུ་རྩ་བདུན་ཡོད་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ། བྱས་ཏེ། ་། མཆོད་པ་ཆེན་པོས་མཆོད་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ན། བཅོམ་ལྡན་འདྲལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དྲག། ་པོ་ཆེན་པོ་ལྟ་དཀའ་བ་ཆེན་པོ་དག་བཀའ་སྩལ་པས། བཅོམ་ལྡན་འདས་བདག་ཅག་ནི་ཕུང་ངོ་།། ཚིག་གོ།། ལུས་རབ་ཏུ་འདོར་རོ།། སྤུ་ཟིང་ཞེས་བགྱིད་དོ།། བཅོམ་ལྡན་འདས་བདག་ཅག་བས་པར་བཅོམ ་ལྡན་འདས་ཀྱི་སྤྱན་སྔན་སྔོན་སུམ་དུ་གྱུར་པར་གནས་པ་ལགས་ཏེ། འདི་ལྟར་འཇིགས་སྐྲག། བ་སྤུང་བུ་གནས་སྤྱི་བུང་ཞེས་བགྱིད་ཅིང་། འཇིགས་པ་མི་བཟད་པ་ཆེན་པོ་སྐྱེས་ཏེ། བས་པར་ཡང་སྒྱིད་ལུག་ཅིང ་མཆིས་སོ། ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་དགེ་སློང་དྲག་ཤུལ་བགྱིད་པ་ནོར་ལ་བརྐམ་པ་དག་མཆིས་པ་ལ། སད་དང་། རླུང་དང་སེར ་བཟློག་པའི་སླད་དུ་གསོལ་བ་བཏབ་པར་གྱུར་ནས། བཅོམ་ལྡན་འདས་དེ་ལ་ཀླུ་མི་བགྲུངས་པ་དེ་དག་གིས་ཇི་ལྟར་ནན་ཏན་དུ་བགྱི། དེ་དག་གི་སྲོག་སླར་ཞིང་ཇི་ལྟར་འགྱུར། བཅོམ་ལྡན་འདས་བདག་ཅག་གི་པུ་དང ་ཚ་བོ་ཇི་ལྟ་བུ་མང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱམས་པ་ལ་གནས་པར་བྱའོ།། དེ་བཞིན ་གཤེགས་པའདམ་ཚིག་དང་མཐུན་པར་བྱའོ། ། དུས་དུས་སུ་ཆར་གྱི་རྒྱུན་ཕོབ་ཅིག། དུས་དུས་སུ་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་སྒྲུབས་ཤིག། རླུང་དང་། སྤྲིན་དང་། སེར་པ་ཐམས་ཅད་ཟློག་ཤིག། ཆུད་ཟ་བར ་མ་བྱེད་ཅིག། ཀྭའི་བདག་པོ་དག་དེའི་ཕྱིར་ཁྱེད་ཕྱི་མའི་ཚེ་ཕྱི་མའི་དུས་ན་གནོད་པ་མེད་པར་གནས་པར་གྱིས་ཤིག། ཀླུའི་བདག་པོ་དག་གལ་ཏེ་ཡང་དག་པར་དམ་ཚིག་མ་བསྲུངས་ན་དེའི་ཕྱིར་ཀླུའི་བདག་པོ་དག ་ཁྱེད་ལ་ཉེས་པ་ཆེན་པོར་འགྱུར་རོ། ། ཞེས་སྨྲའོ།། ཐོག་མར་ཀླུ་བསྐུལ་བའི་རིག་པ་རྫོགས་སྷོ།། །། དེ་ནས་དེའི་འོག་ཏུ་རྩ་བའི་རིག་པ་ཆོག། ཀླུ་རྣམས་ཀྱི་ཁྲོས་པ་ཞི་བར་བྱེད་པ་ནམ་མཁའ་ལྡིང་འབར་བའི ་གཟི་བརྗིད་ཀྱི་སེང་པོའི་དཀྱིལ་འཁོར་འདི་བརྗོད་པར་བྱའོ། ། ཐོག་མ་ཁོ་ནར་གནམ་དུ་བལྟས་ཏེ། ཡུངས་དཀར་དང་ཆུ་བ་སྲེས་པ་ཕྱོགས་བཞིར་གཏོར་ན། སང་དང་། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ཐུབ་པར ་འགྱུར་རོ། ། བཅིངས་པར་འགྱུར་རོ།། ཀླུ་ཐམས་ཅད་འདར་ཡང་ཡོད་ཅིང་འཁོད་པར་འགྱུར་རོ།། ཐལ་བ་དང་ཆུར་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱས་ཏེ། དབང་བསྐུར་ན་བདག་བསྲུང་བ་བྱས་པར་འགྱུར ་རོ། ། འབྲག་ཟེར་བའི་ཚེ་ཡུངས་དཀར་ལ་ལན་ཉི་ཤུ་རྩ་བདུན་ཡོངས་སུ་བཟླས་པར་བྱས་ལ། ཆུ་ལ་ལན་བདུན་དུ་ཡོངས་སུ་བཟླས་པ་བྱས་ཏེ་གནམ་ལ་སྤྲིན་བཅིང་བར་བྱའོ།། དེ་ནས་སྤྲིན་ལ་བལྟས་ཏེ། ཡུངས་དཀར ་གནམ་དུ་གཏོར་ན་མེ་ཏོག་དང་། འབྲས་བུ་ཐམས་ན་བསྡུས་ནས་སའི་སྟེང་དུ་ལྟུང་ངོ་།། བསྔགས་ཀྱང་བརྗོད་ཅིང་ཁྲོས་པས་ཕཊ་ཅེས་བྱ་བ་བརྗོད་པར་བྱ་སྟེ།། ཕཊ་ཅེས་བྱ་བ་ལན་གསུམ་གྱིས་ཀླུ་ཕྲུག་གུ་རྣམས་ཀྱང་ལྟུང་བར་འགྱུར ་ཀླུ་རྣམས་ཀྱི་ལུས་ཀྱང་ཞིག་སྟེ་ཐང་ལ་ལྒང་བར་འགྱུར་རོ། ། བལ་པོ་སེའུའི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ། འཁོར་མོའི་ཚུལ་དུ་ལན་བདུན་བསྐོར་ན་ཀླུ་མི་བགྲངས་པ་ཐམས་ཅད ་སད་དང་། སྤྲིན་དང་། རླུང་དང་། སེར་བ་ཐམས་ཅད་ས་ལ་མི་འབེབས་སོ།། མགོ་ཚལ་པ་བདུན་དུ་འགས་སོ།། མིག་འབྱུང་ངོ་།། ཁྲོས་པས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ན། ཀླུ་རྣམས་རིགས ་དང་། སྤྲིན་དང་། གཡོག་འཁོར་ཀུན་དང་བཅས་ཏེ་སའི་སྟེང་དུ་ལྷུང་ངོ་།། ཀླུའི་ཁྱིམ་དང་། གཞལ་ཡས་ཁང་མཐའ་དག་དང་། ཆུ་དང་། ཤིང་དང་། ནགས་ཚལ་དུ་བཅས་པ་མེ་ལྕེ་འབར་བ་གཅིག་ཏུ་འགྱུར་རོ།། ཀླུའི ་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་བ་མཐུ་ཆེ་བ་ཐམས་ཅད་ཀྱང་གླང་ནད་དྲག་པོས་བཏབ་པར་འགྱུར་རོ། ། གལ་ཏེ་རིག་པ་འཛིན་པས་མྱུར་དུ་མ་བསྐྱབས་ན་རིགས་ཐམས་ཅད་ཕུང་བར་འགྱུར་རོ།། བུ་དང་ཚ་བ་དང་འཁོར་དུ་བཅས་པ་དང ་བཞོན་པར་བཅས་ཏེ་རྣམ་པར་མེད་པར་འགྱུར། མིག་མེད་པར་འགྱུར་རོ།། ཆར་མེད་པའི་དུས་ན་ཡུངས་ཀར་ལ་ལན་སྟོང་བཟླས་ཏེ། ཁྱིམ་ལ་གཏོར་ན། གྲུཐམས་ཅད་འད་ཡང་ས་ཅིང་། ཁྱི་མ་དང་མཚོས་ལྕེ་འཐར་བ ་གཅིག་ཏུ་གྱུར་ཏེ། འདོད་པ་བཞིན་དུ་མྱུར་དུ་ཆར་གྱི་རྒྱུན་འབེབས་སོ།། ཡང་དང་ཡང་ཆར་གྱི་རྒྱུན་འབེབས་སོ།། གང་གི་ཚེ་ཆར་དགོས་པ་དེའི་ཚེ་རིག་པ་འཛིན་པས་ཆུ་དང་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ། ་གནས་མཐོན་པོར་སོང་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ཆུ་སྙིམ་པ་བདུན་ལ་སྔགས་ལན་བདུན་བདུན་དུ་ཡོངས་སུ་བཟླས་ཏེ། ཤར་ཕྱོགས་སུ་གཏོར་ན་ཀླུའི་རྒྱལ་པོ་ཐམས་ཅད་འཕྲལ་དུ་གཅིག་ཏུ་འདུས་ཏེ་ཆར་གྱི་རྒྱུན་འབེབས ་སོ། ། སྐྱ་རེངས་ཤར་བའི་དུས་ན་ཡུངས་ཀར་དང་། གུར་གུམ་དང་ཆུར་བསྲེས་ལ་ལན་བདུན་བཟླས་པ་བྱས་ཏེ་ཕྱོགས་བཞིར་གཏོར་ཞིང་སྟེང་དང་འོག་ཏུ་ཡང་གཏོར་ནས་སད་དང་། རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ལ་ཀུན་ནས ་དཔག་ཚད་ཚུན་ཆད་དུ་མཚམས་བཅད་པར་འགྱུར་རོ། ། ཀླུ་མི་བསྲུན་པ་ཐམས་ཅད་བཅིངས་པར་འགྱུར་རོ།། ཀླུ་ཐམས་ཅད་མི་འདའ་བར་འགྱུར་རོ།། བ་སེར་སྐྱའི་ལྕིབས་ལ་མ་ལྷུང་བར་བླངས་པ་དང་། དེ་ཉིད་ཀྱི་མར་དང་། འོ་མ ་དང་། གཅིན་བླངས་ལ་སབ་ཏ་བྱི་ས་ཀ་དང་། བག་ཕྱེ་དང་། ཐམས་ཅད་བསྲེས་ལ་ལན་དགུ་བཅུ་རྩ་གཉིས་བཟླས་པ་བྱས་ཏེ། དེ་ནས་ཀླུ་མགོ་ལྔ་པ་བྱའོ།། མགོ་གདེངས་ཀ་ཅན་གྱི། སྐྱིལ་མོ་ཀྲུང་བཅས་པ་ལུས་བཅུས་པ་བྱས ་ཏེ། ཙན་དན་དཀར་པོ་དང་། གུར་གུམ་གྱིས་ལུས་བཀྲུ་བར་བྱའོ།། སྟན་གཙང་མའི་སྟེང་དུ་བཞག་གོ། དར་གྱི་ཅོད་པན་གྱིས་དབང་བསྐུར་རོ།། མེ་ཏོག་ཕྲེང་བ་གདགས་སོ།། དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ།། མེ་ཏོག་སིལ་མ ་གཏོར། བུམ་པ་གང་བ་བཞི་བཞག་གོ། མདའ་བཞི་བཙུགས་ཏེ། དར་གྱི་བ་དན་དཀར་པོ་བཞི་གདགས་སོ།། དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་བཞག་གོ། དཀྱིལ་འཁོར་གྱི་གྲཝ་བཞིར་སེང་ལྡེང་གི་ཕུར་བུ་བཞི་གཟུགས་སོ།། ་ན་ལྔ་ལྔའི་སྤད་པས་ལན་ལྔ་བཐར་།། ཀུན་ལ་ཡང་ལནན་སཅག་ཅག་རྣ་བྱལས་བྱག།། ཐས་པ་མཐལ་དང་བྱས་པ་ང་།། ན་ལ་དང་། མཿ་ག་དང་། རྒྱག་དང་། ཀུན་དུ་དང། ཅན་མོ་དང་། ན་གཟུ་ལ་དང་། ལུ་ས་ཀ་ག ་དང་། ཤ་ཀར་དང་བསྲེས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་བདུག་པར་བྱའོ།། བདུག་པ་འདི་སྦྱར་ལ། དེ་ནས་རིག་པ་འཛིན་པས་ཤིན་དུ་ཁྲུས་བྱས་ཏེ། གོས་གཙང་མགོན་ལ་སྔགས་འདི་ཉིད་ཀྱིས་ཉེ་རེག་དང་། བྲག་བཅིང་བ་དང་། མཚམས་བཅིང་བ་དང་། ་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། གོས་གདེག་པ་དང་། བདག་བསྲུང་བ་དང་། ཁྲུས་བྱ་བ་རྣམས་བྱའོ།། ཀླུལ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ། རིག་པ་འཛིན་པ་སྐུལ་བལྟས་ཏེ། སྐྱིལ་མོ་ཟུང་དུ་འདུག་ལ། སྔགས་འདི ་ཉིད་ཀྱིས་དགུག་པ་དང་། གཏོར་མ་དང་། བདུག་པས་སླར་གཏང་བར་བྱའོ།། དེ་ནས་རིག་པ་འཛིན་པས་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་རེ་རེ་ལ་བཟླས་ལ་ཀླུའི་གཟུགས་ལ་བསྣུན་པར་བྱའོ།། མར་མེ་ཁ་བཞི་བུད་དོ།། ཀླུའི་མིང་བྲིའོ།། གང་བོས་པ ་དེའགྲེང་བར་འགྱུར་རོ། ། བཟླས་པ་སྟོང་རྩ་བརྒྱད་ཚང་བར་བྱས་ན་ཀླུའི་རྒྱལ་པོ་ཆེན་པོ་ཐམས་ཅད་དབང་དུ་འགྱུར་རོ།། ཐམས་ཅད་སྟོན་པར་འགྱུར་རོ།། ཅི་བསམས་པ་དེ་ཐམས་ཅད་སྦྱིན་པར་འགྱུར་རོ།། དབང་ཐམས་ཅད་བཟློག་པར་འགྱུར་རོ།། ་རང་གི་སྐྱེ་བོ་དང་། འཁོར་དུ་བཅས་པ་དང་། བུ་དང་ཚ་བོར་བཅས་པ་ཐམས་ཅད་དབང་དུ་འགྱུར་རོ།། ལས་ཐམས་ཅད་བྱེད་པར་འགྱུར་རོ།། རང་གི་ཁྱིམ་བཞིན་དུ་ཡོངས་སུ་སྐྱོང་བར་འགྱུར་རོ།། ཀླུའི་གཟུགས་དེ་གནས་དབེན་པར་བཞག་ལ། མེ ་ཏོག་དང་བདུག་པ་སྦྱིན་ནོ། ། ལང་ལོང་མེད་པར་བཞག་ཅིང་མི་མཐོང་བར་བྱ་སྟེ། སུ་ལ་ཡང་མི་བསྟན་ནོ།། གོས་གཙང་མས་དགབ་པོ།། ནམ་དགོས་པ་ཡོད་པ་དེའི་ཚེ་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱ་སྟེ། བསྟན་ན་དགོས་པ ་ཐམས་ཅད་བྱེད་པར་འགྱུར་རོ། ། གར་བཏང་བ་དེར་འགྲོ་ཞིང་སླར་ཡང་འོང་ངོ་།། རྨི་ལམ་དུ་དགོས་པ་ཐམས་ཅད་སྟོན་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཀླུའི་མངག་གཞུག་པ་ཞེས་བྱའོ།། གང་གི་ཚེ་དུས་མ་ཡིན་པའི་སྤྲིན་དང ་རླུང་དང་། སེར་བ་དང་། ས་དབྱུང་བ་དེའི་ཚེ་སྐྱེ་ཆེའི་འབྲུ་དང་། ཡུངས་དཀར་དུ་བསྲེས་ལ་ལན་བརྒྱ་རྩ་གཅིག་བཟླས་པ་བྱས་སྟེ། ཁྲོས་པས་སྤུའི་གཟུགས་ལ་བསྟན་ན་སྐད་ཅོག་དེ་ལ་རླུང་དང་། སེ་རབ་དང་། སྤྲིན་མེད་པར་འགྱུར ་ཐམས་ཅད་བཅིང་བར་འགྱུར་རོ། ། ཐ་ན་པ་བྱུང་བ་དེའི་ཚེ་ཡི་གེར་བྲིས་ལ་སྐུད་པ་དམར་པོ་དཀྲིས་ལ་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ། ཀླུའི་མགུལ་དུ་བཏགས་ལ་ཀླུའི་སྤྱི་བོར་ལ་ན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ན་སྐད་ཅིག་དེ་ལ ་མར་གྱི་རྒྱུན་འབེབས་ཏེ། སྒྲུབ་པ་པོ་ཇི་ལྟར་འདོད་པ་བཞིན་ཆར་འབེབས་སོ།། གཅང་ཆར་ཆེན་མུ་དབ་སྔོན་པོ་ལ་ལ་ན་བདུན་བཟླས་པ་བྱས་ཏེ།། མདུད་པ་བདུན་པོར་ན་མར་ཆེན་པོ་འབབ་པར་འགྱུར་རོ།། ཆོག་དང་རིག་པ་སྒྲུབ་པ་གའན་ཐས ་ཅད་ལ་ཡང་སྔགས་འདི་ཐོག་མ་ཁོ་ནར་ལན་བདུན་བརྗོད་དོ། ། འདི་ཀུན་དུ་སྦྱོར་བ་སྟེ། རྗོད་པ་བསྒྲུབ་པ་འགྲུབ་བོ། ནམ་མཁའ་ལྡིང་ཆེན་པོ་རྡོ་རྗེ་ཤུགས་འབར་བ་ནམ་མཁའ་ལྡིང་གི་སྙིང་པོ་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། ་དེ་ནས་དེའི་འོག་ཏུ་རྩ་བའི་སྙིང་པོའི་ཆོ་ག་སྟན་ཏོ།། གཟུངས་སྟོན་མ་ཐག་པ་ཙམ་གྱིས་ཀླུ་ཐམས་ཅད་འདར་ཡང་ཡོད་དོ།། བལ་པོ་སེའུ་ཤིང་གི་ལྕུག་མ་དང་། ཤིང་ཀ་ར་བི་རའི་ལྕུག་མས་རླུང་དང་། སྤྲིན་བཟློག་པར་བྱའོ།། བའི་ལྕི་བ་ས་ལམ ་ལྷུང་བས་ཁང་སྟེང་དུ་དཀྱིལ་འཁོར་གྲཝ་བཞི་པ་ཤིན་དུ་རྣམ་པར་ཕྱེ་བ་རེའུ་ཆ་ལེགས་པར་བྱས་ཏེ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བརྒྱད་ཕྱོག་མཚམ་སུ་གཟུག་སོ།། མདའ་ལྔ་གཟུག་སོ།། རྩེ་གསུམ་ས་གཟུགས་སོ།། མདའ་བཞི་ལ་ཚོན་སྣ་ལྔའི་སྐུད་པ ་བཞིས་འཁོར་བར་བསྐོར་རོ། ། བུམ་པ་གང་བ་བཞི་དང་། པོག་པོར་དང་། གཏོར་མའི་བུམ་པ་བཞི་བཞག་གོ།། གཏོར་མ་དཀར་པོས་བཀོད་པ་བཞིད་ཀྱིལ་འཁོར་གྱི་དབུས་སུ་བཞག། མེ་ཏོག་སིལ་མས་གང་བར་གཏོར། བྲ་ཡོས་དང་ཡུངས ་དཀར་གྱིས་གཏོར་རོ། ། ཐམས་ཅད་ལ་ལན་བདུན་བདུན་གྱིས་བཟླས་པ་བྱས་ཏེ་གཟུགས་སོ།། ཡུངས་ཀར་དང་ཆུ་བ་སྲེས་ལ་བཟླས་པ་བྱས་པས་ཕྱོགས་བཞིར་མཚམས་བཅད་དོ།། དེ་ནས་དཔག་ཚད་ཚུན་ཆད་ཀུན་དུ་མཚམས་ཆེན་པོ་བན ་བར་འགྱུར་རོ། ། དེར་ཀླུ་མི་བསྲུན་པ་རྣམས་འཕྲོག་མི་ནུས་སོ།། ཀླུ་ཆེན་པོ་རྣམས་ཀྱང་རྟག་ཏུ་དུས་མ་ཡིན་པའི་རླུང་དང་། སྤྲིན་དང་། སེར་བ་འབེབས་མི་ནུས་སོ།། མེ་ཏོག་དང་འབྲས་བུ་ཐམས་ཅད་འཚེ་ཡང་མི་ནུས། ལན་དགའ་ཡང་རྩཝའི་ལོ་མ་ཡང་འཚོ་མི། ་ནུས། དེ་བཅིང་བ་ལྔས་བསྡམས་ཏེ་ཐམས་ཅད་བཅིངས་པར་འགྱུར་རོ།། འདི་ཟླ་བ་བརྒྱད་དུ་མཚམས་བཅིང་བར་འགྱུར་རོ།། གནོད་སྦྱིན་དང་། འབྱུང་པོ་དང་། སྲིན་པོ་དང་། ཡི་དགས་དང་། གྲུལ་བུམ་དང་། གསང་བ་འོད་ཟེར་གྱི་སྣང་བ་དེ་རྣམས་གནས ་འདི་ལས་མི་འདའོ། ། དེ་ནས་རིག་པ་འཛིན་པ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། བལ་པོ་སེའུའི་ཤིང་གི་ལྕུག་མ་ལ་ལན་བདུན་བཟླས་པས་ཀླུ་བཟློག་པར་བྱའོ།། ཤིན་དུ་ཁྲོ་བས་བཟློག་པར་བྱ་བ་ནི་མ་ཡིན་ནོ།། ཀླུའི་དཀྱིལ་མོ་དཀྲུང་གི་ཕྱག་རྒྱབཅིང ་བར་བྱ་སྟེ། ། འཛུབ་མོ་གཉིས་མགོ་བོ་གདེངས་ཀ་ལྟར་བྱས་ལ་མཐེའུ་ཆུང་གཉིས་བརྐྱང་ངོ་།། འདི་ནི་ཀླུ་ཐམས་ཅད་ཀྱི་ཕྱག་རྒྱའོ།། བརྗོད་མ་ཟག་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་དག་ལ་གནོད་པར་འགྱུར་རོ།། གལ་ཏེ་ཀླུ་དག་ཕྱོགས་དེམ་རུང་བར་བྱ ་བར་འདོད་ན་དེའི་ཚེ་བྱི་ཚན་མགོ་ལ་འབབ་བོ། ། མགོ་དང་། འཇུག་མ་དང་། ཁོག་པ་ཇི་ཙམ་པར་དེ་ཙམ་དུ་ལུས་ལ་རལ་གྲིའི་ཆར་གྱི་རྒྱུན་འབབ་པར་འགྱུར་རོ།། དེ་ནས་ཀླུ་ཐམས་ཅད་སྔངས་སྐྲག་པར་གནས་པར་འགྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་དུ་ངུས ་དུས་སུ་ཆར་གྱི་རྒྱུན་འབེབས་སོ། ། ཀླུ་མེ་བསྲུངས་པ་ཐམས་ཅད་དབང་དུ་འགྱུར་རོ།། ཁང་སྟེང་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་སྟེ། མེ་ཏོག་སིལ་མས་གང་བར་གཏོར་ལ་བདུག་པས་བདུགས་ཏེ། བུམ་པ་ཆུས་གང་བ་ཐམས་ཅད་ལ་ལན་བདུན་དུ ་བར་བྱའོ། ། གཏོར་མ་བཞག་གོ།། སེང་ལྗང་གི་པུར་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེང་ལྡེང་གི་པུར་དུ་དཀྱིལ་འཁོར་གྱི་དབུས་སུ་བཙུགས་ན་རླུང་དང་། སྤྲིན་དང་། སེར་བ་དང་། སད་ཀྱི་ཉེས་པ་ཐམས་ཅད་བཅིངས་པར་འགྱུར་ཏེ། ཕུར་བུམ ་ཕྱུང་གི་བར་དུ་ཐུབ་པར་འགྱུར་རོ། ། ཡུངས་དཀར་ལ་ལན་བདུན་བཟླས་ལ་སྤྲིན་ལ་བལྟས་ཏེ་གཏོར་ན། སེ་ར་བ་ཐམས་ཅད་འཆང་བར་འགྱུར་རོ།། ཤིང་ཀ་ར་བཱི་རའི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གདུ་བུར་བྱས་ན་ཐམས་ཅད་དུ་སེར ་བཆོད་པར་འགྱུར་རོ། ། ཤིང་ཀ་ར་བཱི་རི་དམར་པོའི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གློག་འབྱུང་བའི་ཚེ་ན་ནམ་མཁའ་ལ་འཕངས་ན་ནམ་མཁའ་ཉིད་དུ་འདུག་སྟེ་བཅིངས་པར་འགྱུར་རོ།། ཚུལ་ལན་བདུན་བཟླས ་གཏོར་ན་གྲོལ་བར་འགྱུར་རོ། ། འབྲུག་ཟེར་བའི་ཚེ་རྩེ་གསུམ་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་སྟེ། དཀྱིལ་འཁོར་གྱི་དབུས་སུ་བཙུགས་ན་རྩེ་གསུམ་པ་མ་ཕྱུང་གི་བར་དུ་འབྲུག་ཟེར་ཏེ་སྤྲིན་བཅིངས་པར་འགྱུར་རོ།། ཕྱུང་ནས་གྲོལ་བར ་འགྱུར་རོ། ། རལ་གྲིལ་ལན་བདུན་བཟླས་ཏེ། ཀླུའི་ཕྱག་རྒྱ་དཀྱིལ་མོ་དཀྲུང་གིས་བཟུང་ལ་སྦྱིན་ལ་ལྟས་ཏེ་འདུག་ན་བཟུང་མ་ཐག་ཏུ་ཀླུ་མཐའ་དགའ་བར་བར་འགྱུར་ཏེ། ཀླུ་ཐམས་ཅད་མུག་པར་འགྱུར་རོ།། རལ་གྲི་ཐོགས་ལ་ལན་བརྒྱཿ ་བརྒྱད་བཟླས་ཏེ། གུར་གུམ་གྱིས་དེའི་སྟེང་དུ་ནམ་མཁའ་ལྡིང་བྲིས་ནས་ཇི་ལྟ་ཇི་ལྟ་བུར་བསྐོར་བ་དེ་ལྟ་བུར་ནམ་མཁའ་ལྡིང་གི་འདབ་གཤོག་ཀླུའི་ལུས་ལ་འབབ་པར་འགྱུར་ཏེ། ཀླུ་ཐམས་ཅད་སྐྲག་ཅིང་ཕྱོགས་བཅུར་འབྲོས་པར་འགྱུར་ཏེ། ་ཕྱིས་རླུང་དང་སེར་བ་འབེབས་མི་ནུས་སོ།། ཤིང་ཀ་ར་བཱི་རའི་མེ་ཏོག་དང་ཡུངས་དཀར་བསྲེས་ཏེ།། དཀྱིལ་འཁོར་དུ་ལན་དྲུག་བཅུ་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་གྲང་བའི་སྟོབས་བྱེད་པ་དང་། སེར་བ་དང་ཁ་བའི་བར་ལ་སོགས་པ་ཐུབ་པར ་འགྱུར་རོ། ། གང་གི་ཚེ་ཆར་དགོས་པར་འགྱུར་བ་དེའི་ཚེ་ཆར་འབེབས་སོ།། སྤྲ་ཚིལ་ལས་ཀླུའི་གཟུགས་ཚད་སོར་བཞི་པ་མགོ་ལྔ་པ་བྱས་ཏེ། གསེར་གྱིས་གཡོགས་ལ་སྟེང་གོས་དཀར་པོས་གཡོགས་ཏེ། རྩ་བའི་སྔགས་ལན་སྟོང་བཟླས ་པ་བྱས་ལ། ། བུམ་པ་གས་རབ་མ་སྤྱད་པའི་ནང་དུ་བཙུག་སྟེ། ལུས་གོས་ཀྱིས་དཀྲིའོ།། རྒྱས་གདབ་པོ།། བའི་ལྕིབས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་བྲི་ཡོས་དང་ཡུངས་དཀར་གྱིས་གཏོར་ལ་བདུག་པས་བདུག་སྟེ། སྔགས་འདི་བརྗོད་པར ་བྱའོ། ། བལ་པོ་སེའུ་ཤིང་གི་ལྕུག་མལ་ལན་བདུན་བཟླས་ཏེ། བུམ་པ་ལ་དལ་བུ་དལ་བུས་གཞུས་ན། སེར་བ་ཐམས་ཅད་བུམ་པའི་ནང་དུ་འཕོའོ།། ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། །། ཀླུའི་རྒྱལ་པོའི་གཟུགས་སྒྲ་ཚིལ་ལ་བྱས་པ་ལ ་ཐམས་ཅད་ཀྱི་མིང་བྲིས་ན་གང་གིས་མིང་གིས་རིགས་བརྗོད་པས་ཀླུ་དབང་དུ་འགྱུར་ཏེ། འཁོར་དང་བཅས་པ་བྲམ་ཟེའི་གཟུགས་ཀྱི་མདུནན་འཇུག་ཅིང་ཅི་བསྒོ་བ་དེ་ཐམས་ཅད་བྱེད་དོ།། ཀླུའི་རྒྱལ་པོ་མས་ཅན་མ་ཡིན་པ་ཡུལ་ཡོངས་སུ་མི་སྤྱོད། ་མོ་ཏོག་དང་འབྲས་བུ་ཆུད་གཟོན་པའི་ཀླུའི་ཁྱིམ་དུ་སོང་སྟེ། ཤིན་ཏུ་ཁྲུས་བྱས་ལ་གོས་དཀར་པོ་གཙང་མ་བགོས་ཏེ། རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ན། ཀླུའི་ཁྱིམ་དེ་ནས་བུད་མེད་རྒན་མོ་དགའབྱུང་ཞིང་། རིག་པ་འཛིན་པ་ཅི་ཚོལ་ཞེས་ཟེར ་བ་དང་། ལན་མི་གདབ་པར་རྡོ་རྗེས་ལ་བརྡབ་པར་བྱའོ།། ཕཊ་ཞེས་བྱ་བ་བརྗོད་པར་བྱའོ།། ཀླུ་རྒན་མོ་དེ་ངུས་ནས་ཤི་ཤིའི་ནས་ཟེར་ཞིང་ཁྱིམ་དུ་འཇུག་གོ།། དེ་ནས་ཀླུ་རྣམས་འདུས་ཏེ་སྡང་ས་སྐྲག་སྐྲག་སྟེ། ཁྱེའུ་ཡི་གཟུགས་སུ་བསྒྱུར་ན་རིག ་པའཛིན་པའི་མདུན་དུ་འདུག་སྟེ། ཀྱེ་རིག་པ་འཛིན་པ་ཅི་ཞིག་ཚལ། རིག་པ་འཛིན་པས་སྔར་སྔགས་བརྗོད་ལ། ཁྲོས་པས་བལ་པོ་སེའུ་ཤིང་གི་ལྕག་མས་ལ་བརྡབས་པ་དང་། ཁྱེའུ་ཡི་གཟུགས་ཅན་དེས་ལ་འགྲེ་ལྡོག་ཅིང་། ཀྱེ་རིག་པ་འཛིན ་བཅི་ཞིག་ཚོལ་ཞེས་སྨྲའོ། ། རིག་པ་འཛིན་པས་སྙིང་རྗེ་མེད་པར་བྱ་སྟེ། བསྒྱེལ་བའི་ཚུལ་གྱིས་བསྒྱེལ་བ་དང་། འདི་སྐད་ཅེས་ཀྱེ་རིག་པ་འཛིན་པས་བསྒོ་བ་ཐམས་ཅད་བགྱིད་དོ་ཞེས་སྨྲའོ།། དེ་ནས་རིག་པ་འཛིན་པས་འདི་སྐད་ཅེས་བརྗོད་དོ།། དེ ་བཞིན་གཤེགས་པའི་དམ་ཚིག་བསྲུངས་ཤིག། བསྲུང་ངོ་།། རིག་པ་འཛིན་པས་ཡང་འདི་སྐད་ཅེས་བརྗོད་དོ།། དགེ་བ་བཅུ་ཟུང་ཤིག། འཛིན་ཏོ།། རིག་པ་འཛིན་པས་ཡང་གསུམ་ལ་སྐྱབས་སུ་གསོལ། གཏད་དོ་རྗེས་སུ་འཛིན་ཏོ།། རིག་པ་འཛིན ་པ་ཕུར་བུ་དབྱུད་དུ་གསོལ། མི་དབྱུང་ངོ་།། འདི་སྐད་ཅེས་བརྗོད་དེ། དེ་བཞིན་གཤེགས་པའི་དམ་ཚིག་བཟླས་པ་རྗེས་སུ་བཟུང་ཤིག། གདོང་ཕུར་བུ་དབྱུང་ངོ་ཞེས་བྱའོ།། འོན་ཏད་ཀླུ་དེ་འཁོར་དང་བཅས་ཏེ་གཉིས་ལ་གདུག་གོ། གསུམ་ལ ་སྐྱབས་སུ་འགྲོ་བར་བྱ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྗེས་སུ་སྦྱིན་པར་བྱའོ།། དམ་ཚིག་རྗེས་སུ་འཛིན་དུ་གཞུག་གོ།། དེ་ནས་གདོད་ཕུར་བུ་ཕྱུང་ལ་དེ་ཉིད་དུ་ཁ་ཟས་ཀྱང་བྱིན་པ་དང་། ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། རང་གི་ཁྱིམ་དུ ་འཇུག་པ་བཞིན་དུ་ཞུགས་ཤིང་ལས་སུ་བྱ་བ་རྣམས་ཅི་འདོད་པ་བཞིན་དུ་བྱ་བ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ། ། གང་དུ་བཏང་བ་དེར་འགྲོའོ།། བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ།། ཀྭའི་བྱི་བ་དེར་ཕྱིས་ཀླུ་མི་བསྲུན ་བམི་འབྱུང་ངོ་། ། དུམ་དུས་སུ་ཆར་གྱི་རྒྱུན་འབེབས་སོ།། དུས་དུས་སུ་ལོ་ཏོག་སྒྲུབ་བོ།། དེར་མེ་ཏོག་དང་། འབྲས་བུ་དང་། ལོ་མ་རྣམས་སྒྲུབ་བོ།། ཕྱིས་གནོད་པ་བྱེད་པར་མི་འགྱུར་རོ།། བླགས་པས་འགྲུབ་པའི་གཟུངས་ཆེན་པོ་ལས་ཐམས ་ཅང་ལ་སྦྱར་བར་བྱའོ། ། ལས་ཐམས་ཅད་འགྲུབ། མཆོག་འགྲུབ་པ། བླན་མེད་པའོ།། རྩ་བའི་སྔགས་ཀྱི་བྱ་བའི་ཆོ་ག་དང་བཅས་པ་རྫོགས་སྷོ།། དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་བྲལ་མོ ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀླུ་ཐམས་ཅད་ཀྱི་སྙིང་འབར་བར་བགྱིད་པ། དུས་མ་ལགས་པའི་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་ཟློག་པ་མེ་ཏོག་དང་། འབྲས ་བུ་དང་། ལོ་ཏོག་ཐམས་ཅད་སྒྲུབ་པ། སའི་རྡུལ་དང་། སྙིང་པོ་དང་། བྱིན་འཕེལ་བར་བགྱིད་པ། རྡོ་རྗེའི་མཆུ་གྲོག་འབར་བ་ཞེས་བྱ་བའི་གཟུངས་བརྗོད་པར་བགྱིད་ན། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་བསྐར་བའི་སླད་དུ་བཅོམ ་ལྡན་འདས་དེ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ནམ་མཁའ་ལྡིང་གི་བདག་པོ་རྡོ་རྗེ་མཆུ་ཞེས་བྱ་བའི་གཟུངས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་དག་གིས་ཀྱང་བྱིན་གྱིས་བརླབས་ཀྱིས་ནམ་མཁའ་ལྡིང་གི་བདག་པོ་ཀླུ་མི་བསྲུན་པ་རྣམས་ཚར་གཅད་པའི་ཕྱིར་སྨོས་ཤིག། དེ་ནས་ནམ་མཁའ་ལྡིང་གི་བདག་པོས་རྡོ་རྗེ་མཆུ་ཞེས་བྱ་བའི་གཟུངས་འདི་སྨྲས་སོ། ་། ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཤྩ་ཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་སྟྲཻ་ལོ་ཀྱ་ཨ་དྷི་བ་ཏ་ཡེ། ན་མཿཙ་ཏུར་ནཱ་མ་མ་ཧཱ་རཱ་ཛ་ནཱ་ནེ། ཨོཾ་བཛྲ ་དུནཏ་དྲན་ཏེ། མན་ན་ཏེ། དུ་ཏྲི་དུཿ། བཛྲག་པར་དྲན་ཏེ། མན་ཀ་ན་ཨ་ཙི།། ས་པར། བི་ཧཱ་ཤི་ག་། ཛྙཱནྡ་ཤྩཿ། རྦ་པ་ཊ་སཊ་པ་རྦ་བ་ཀྲ་ནཱ་ག་དྷ་ལྡང་བ་ཅད་ཡན། སྲོ་ཏལ་བདུན་ཏན། ཛྙཱ.ཱ་ཧཱ། རྣམ་ཏ་བཛིན་ཏན། ཏནནི། ་ན། ག་རུ་ཎ་བཀྵ་ནི་བ་ཏེན་བ་སྨི་ཀུ་རུ་ཀུ་རུ་ཀུ་རུ་ཀུ་རུ་ཀུ་རུ་དུཤྭ་རཱ་ག་ནན། དྷུ་ནཱ་ནཱ་ཧཱུ~ཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། བྷོ་བྷ་བཱནན་གེན་ཏྲ་སཱུ་ཏ་སཱུ་ཏ་སྥུདན་ཏུ་ནགས་སྨན་ཀྲོ་དྷ་རཱ་ཛ་མ་ཧཱ་པ་ལ་བ་དཀྲམ། ཛྭ་ལ་ཛྭ་ལ། པྲཛྭ་ལ། དྷཱ་ཏྲཱཿཧཱུཾ་ཏྲཱ~ཾ། བཊ་ཝ ་ཕཊ་ཕཊ་བཊ། བྷོ་ག་ར་ཌ་རཱ་ཛ་བ་བཛྲ་དུན་ཏེ། སུ་བ་ར་ན་བཀྵ་མ་ཧ་བ་ལ། མ་ཧཱ་ཀ་ན་ཀ་བི་ཙི་ཏྲི་མི་ཧཱུཾ་དར། བཀྵ་ཡ་དུཥྚཱ་ནཱ་ག་ན་བི་བ་དུ་བྷོ་བ་ཡུ་བ་ལ་ཧ་ཀན་ཧཱ་ཧཱུ། ཕཊ་ཕཊ། ཤོ་ཤ་ཡ་ཤི་ཏ་བ་ལ་ཧ་ག་ག་རུ་ཌ་ཨུསྨེ་ན། ཧཱུཾ་ཧཱུ་ཏཱ་ཏྭེ། ཕཊ་ཕཊ ་ཕཊ་ཕཊ། བྷོ་བྷོ་བཛྲ་དུན་ཏ་བི་ཙུ་ཧུ་ན། བིད་དུ་ཛྭ་ལ་ན། ཧཱུཾ་ཧཱུ་ཧཱུ། ཕཊ་ཕཊ་ཕཊ། བན་ཛ་ཡ། སརྦ་ཤ་ར་ནི་མ་ཏི་ཀྲ་མ་སི་མན། བྷོ་བ་ན་ནཱ་གེ་ན་དྲ་མ་ཏེ། བཛྲ་དུན་ཏེ། ན་མཱུ་ར་ནཱན། སྤ་ཏ་ཡཱ་མི། ཧ་ར་ཧ་ར། བྲ་ཧ་ར་ཧཱུཾ་ཕཊ། མ་ཏ་མ་ཏི། སརྦ་ནཱ་ག་རཱན་ཧཱ་ཏཱཾ ་བཊ། ཏ་ཐཱ་ག་ཏ་པ་ཙ་ན་མ་ནུ་སྨ་ར་ཧཱ་ཧཱུ་ཕཊ། བཛྲ་པཱ་ཎི་ས་མ་ཡ། མ་ནུ་པཱ་ལ་ཡ། ཧཱུཾ་ཧཱུཾ་ཕཊ། ཏྲེ་ལོ་ཀྱ་ཨ་ཏི་བ་དེར་བ་ཙན་མ་ནུ་པཱ་ལ་ཡ་ཧཱུ~ཾ་ཧཱུཾ་ཕཊ། ས་རཱ་ས་རཱ། སྥ་རཱ་སྨ་རཱ། ས་མ་ཡ། མ་ནུ་པཱ་ལ་ཡ། ཏྲི་རད་ན་ས་ཏྱེ་ན། དཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཧྲི་བཛྲ་དུན་ཏ ་སརྦ་ནཱ་ག་བི་དྲན་ཀ་ར་དྭེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཏྲི་རད་ན་མ་ནུ་པཱ་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། པྲ་མ་དན་ཏ་ཧ་དས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བི་ནི་ཙཀྲ་ཧ་ཏ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། མ་ཧེ་ཤྭ་ར་ཏྲི་ཤཱུ་ལ་ཧསྟ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ག་རུ་ཌ་བི་ཀྲ་མ་ཡ ་ཏཱཧཱ་ཧཱ་ཕཊ་སཱ་ཧཱ། ནཱ་ག་ཀུ་ལན་ཤ་ན་ཡ་ཙཱུརཱ་ཕཊ་སྭཱ་ཧཱ། ག་རུ་ཨུ0f7f་སརྦ་ཨ་ཤ་ནི་བ་བན་ཡ་ཧཱུཾ་ཧཱུ་ཕཊ་སྭཱ་ཧཱ། སརྦ་པཱ་བ་བ་ཡུས་བཀྵ་ན་ཡ་ཧཱི་ཧཱུ~ཾ་ཕཊ་སྭཱ་ཧཱ། སརྦ་ཨ་ཀ་ལ་བ་ཏ་མ་གྷ་ཨ་ཤ་ནི་བ་ར་ན་ཨ་ཧཱ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མ་ཧཱ་བཛྲ་ཛྭ་ལ་སཱཧཱ། སཿ ་དུཥྚ་ན་ནཱ་ག་བི་ན་ཤ་ཀ་ཡ་སྭཱ་ཧཱ། ག་རུ་ཌ་ཧྲི་ད་ཡ་སྭཱ་ཧཱ། ག་རུ་ཌ་རུ་ན་ཏ་ཡ་སྭཱ་ཧཱ། སརྦ་ན་ཤ་ན་ཡ་སྭཱ་ཧཱ། ཨོཾ་དུ་རུ་དུ་རུ་སྭཱ་ཧཱ། མུ་རུ་མུ་རུ་སྭཱ་ཧཱ། ཏུ་རུ་ཏུ་རུ་སྭཱ་ཧཱ། དི་རི་དི་དི། རུ་རུ་རུ་རུ་རུ་རུ་རུ་རུ་ར། ཧྭེ་ཧྲི་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ནམ་མཁའ་ལྡིང ་གི་དབང་པོས་རྡོ་རྗེའི་མཆུའི་གཟུངས་འདི་བརྗོད་མ་ཐག་ཏུ་ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཐིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་བས་བུབ་དུ་འགྱེལ་ནས་ལུས་རྡུལ་བྱུང་ཞིང་ལུས་རབ་ཏུ་འདར་ཏེ་བརྒྱལ་ནས་ས་ལ་འགྲེ་ལྡོག་གོ། ། ཀྱེ་མོའོ་གཟུངས་ཆེན ་པོ་སྔགས་ཀྱི་ཚིག་མི་བཟད་པ་དག་སྨྲས་སོ་ཞེས་མཛེར་ཞིང་། ཐམས་ཅད་ལུས་འདར་ཡང་ཡོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱབ་དུ་གསོལ། བདེ་བར་གཤེགས་པ ་བསྐྱབ་དུ་གསོལ། བཅོམ་ལྡན་འདས་བདག་ཅག་སླན་ཆད་འཛམ་བུའི་གླིང་དུ་མ་རུང་བར་མི་བགྱིད་དོ།། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་མ་རུང་བར་མི་བགྱིད་དོ།། བཅོམ་ལྡན་འདས་ས་ཕྱོགས་འདི་མཆོད་རྟེན་དང་འདྲ་བར་འཛིན་ཏེ། གདན ་ཆོ་གའི་རྒྱལ་པོ་ཆེན་པོ་འདི་སྤྱོད་པ་དང་གང་ན་གནས་པས་སྤྱོད་པ་དེར་བཅོམ་ལྡན་འདས་བདག་ཅག་གིས་རྒྱུན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་དང་འདྲ་བར་འཛིན་ཏོ། ། ཡུལ་ལམ། གྲོང་ཁྱེར་རམ། ལྗོངས་སམ། རི་བྲགས་སམ། གྲོང་ངམ ་གཙུག་ལག་ཁང་དེ་རྟག་པར་རྒྱུན་དུ་བསྲུང་བ་དང་། བསྐྱེད་བ་དང་། སྦ་བར་བགྱིའོ།། སད་དང་། རླུང་དང་། སེར་བ་དང་། དུས་མ་ལགས་པའི་སྤྲིན་ཐམས་ཅད་སྣུམ་པ་དང་། མངར་བ་དང་། ཡིད་དུ་འོང་བ་དང་། རོ་ཞིམ་པ་དང་། སྙི་བ་དང་། རོ་བྲོ་བའི་མེ ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་བསྒྲུབ་པར་བྱའོ།། འཐབ་པ་དང་། སྡིག་པ་ཐམས་ཅད་བྱུང་བ་དང་། ལྟས་ངན་པ་ཐམས་ཅད་བསལ་བར་བགྱིའོ།། དུས་དུས་སུ་ཆར་གྱི་རྒྱུན་དབབ་པར་བགྱིའོ།། མེ་ཏོག་དང་། འབྲས་བུ་དང་། ལོ ་ཏོག་རྣམས་ཡང་དག་པར་འགྲུབ་པར་བགྱི། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། བྱི་བ་དང་། སྦྲུལ་དང་། སྦལ་བ་དང་། ཏྲི་མ་བུ་ཀ་དང་། མཀྵི་ཀ་དང་། ཏྲཻལ་ཏ་དང་། ཤ་ཏ་པ་དང་། བུང་བ་དང་། ནེ་ཙོ་དང་། རི་སྐེགས་ཀྱིས་འཇིགས་པ་ཐམས་ཅད ་མེད་པར་བགྱི། རྣམ་པར་འཇིག་པར་བགྱི། ཡམས་ཀྱི་ནད་དང་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། བཟློག་པར་བགྱིའོ།། བཅོམ་ལྡན་འདས་སླན་ཆད་སྡིག་པའི་ལས་ཀུན་དུ་སྤྱོད་པའི་ཚུལ་མི་སྤྱོད་པར་བགྱི། ཆར་གནོད་པ་འ ་པ་དང་། དུས་མ་ལགས་པའི་ཆར་ཐམས་ཅད་མ་མཆིས་པར་བགྱིའོ།། བཅོམ་ལྡན་འདས་རང་གི་མནའི་ཡི་དམ་གྱིས་གནས་པར་བགྱིའོ།། བཅོམ་ལྡན་འདས་དཀོན་མཆོག་གསུམ་གྱི་དགོངས་པ་བསླབ་པའི་སྡོམ་པ་ཡོངས་སུ་བསྐྱེད་པར་བགྱིའོ།། ་བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད། བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བཀའ་ལུང་བཞིན་དུ་སླང་མའི་ཚེ་སྨད་མའི་དུས་ན ་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བགྱིའོ། ། ཀུན་དུ་འཛིན་པར་བགྱིའོ།། དགེ་བ་དང་། བདེ་བ་དང་། ལོ་ལེགས་པ་ཀུན་དུ་བསྒྲུབ་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ལ་དབུགས་ཕུང་ནས་འདི་སྐད་ཅེས་བཀའ། ་སྩལ་ཏོ།། ཀླུའི་རྒྱལ་པོ་དག་དེ་ལྟར་གྱིས་ཤིག། ཡལ་བར་མ་གཏང་ཤིག། དེ་ནས་དེའི་འོག་ཏུ་ཆོག་བྱ་བ་བརྗོད་པར་བྱ་སྟེ། སྔགས་འདི་དཔའ་བོ་གཅིག་པུ་ནི།། ལས་ཀུན་བྱེད་པ་དགེ་བ་སྟེ།། ཤེས་རབ་ཅན་གྱིས་ལན་གཅིག་དྲན། ་དགོས་པ་ཐམས་ཅད་བྱེད་པར་འགྱུར།། མཐོན་པོའི་གནས་སུ་མཁས་པ་ཡིས།། སྒྲ་སྐད་ཆེན་པོ་བརྗོད་པར་བྱ།། གནས་གང་དང་གང་དུ་སྒྲ་བསྒྲགས་པ་དེ་དང་དེར་དུས་མ་ཡིན་པའི་རླུང་དང་། སད་དང་། སྤྲིན་དང་། སེར་བ་དང་། ཀློག་ཐམས་ཅད ་ཀྱིས་མི་ཚུགས་སོ། ། སུས་ཀྱང་བྱིན་འཕྲོག་པར་མི་ནུས་སོ།། གཙེ་བར་མི་ནུས་སོ།། གནས་མཐོན་པོའི་རིའམ། དགོན་པའི་གནས་སམ། གྲོང་ངམ། གཙུག་ལག་ཁང་ངམ། གནས་ཁང་ཤིན་དུ་མཐོ་བ་དེར་རིག་པ་འཛིན་པ་གཙང་མར ་བྱས་ཏེ། གོས་གཙང་མ་དཀར་པོ་བགོས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བའི་ལྕི་བ་དང་། འཇིམ་པ་བསྲེས་པས་དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་མདའ་གད་ཙམ་པ་ཅིག་བཙུགས་ཏེ། སྔགས་ལན ་ཉི་ཤུ་རྩ་གཅིག་བཟླས་སོ། ། དཀྱི་ག་གྱེ་གྲཝ་བཞིར་སེར་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཙུགས་ཏེ། སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ལ་ཚོན་སྣ་ལྔ་པའི་སྐུད་པས་ལན་གསུམ་ལ་བྲིས་པར་བསྐོར་རོ།། ཀྱིལ་འཁོར་གྱི ་དབུས་སུ་པོག་ཕོར་བཞག་ལ་ལན་བདུན་བཟླས་པའི་བདུག་པས་བདག་གོ། ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ལ་ཡངས་དཀར་གྱིས་གཏོར་རོ།། མེ་ཏོག་སིལ་མས་གང་བར་གཏོར་རོ།། ཕྱོགས་བཞིར་གཏོར་མའི་བུམ་པ ་བཞི་བཞག་གོ། ། དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་བཞག་པར་བྱ་སྟེ། ཞོ་དང་། འོ་མ་དང་། འབྲས་བཅས་པ་དང་། བུར་མ་དང་། ཤ་ཀ་རས་གདབ་པོ།། ཆུ་དང་ཡུངས་དཀར་ལ་སྔགས་ལན་ལྔ་བརྗོད་དེ། ཕྱོགས་བཞིར་མཚམས་ཅ ་པར་བགྱི། ཟླ་བ་ཉ་ལ་སྦྱོར་བར་བྱའོ།། སྐད་ཆེར་བཀླགས་ལ་ཕྱོགས་བཞི་དང་། སྟེང་དང་འོག་ཏུ་ཡུངས་དཀར་གཏོར་ཞིང་། ཀླུ་ཐམས་ཅད་ཀྱི་སོ་སོའི་མིང་ནས་བརྗོད་ན། ཚིག་འདི་བྱས་མ་ཐག་ཏུ་དུས་མ་ཡིན་པའི་རླུང་དང་། སྤྲིན་དང་། སེ་རབ ་དང་། ཀླུ་མི་སྲུན་པ་ཐམས་ཅད་བཅིངས་པར་འགྱུར། ཐུབ་པར་འགྱུར་རོ།། ལྟས་ངན་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། གདོན་འབྱུང་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་རྒྱང་རིང་དུ་སྤང ་པར་འགྱུར་རོ། ། དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པག་གྱུར་རོརོ།། ནད་ཐམས་ཅད་དང་། ན་བ་ཐམས་ཅད་དང་། གནོད་པར་སེམས་པ་དང་། རབ་ཏུ་གནོད་པར་སེམས་པ་དང་། ཕྱིར་རྒོལ་བ་དང་། ཕྱིར་གནོད་པར་བྱེད་པ ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། མེ་ཏོག་དང་འབྲས་བུ་དང་། ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་འགྲུབ་པར་འགྱུར། ལེགས་པར་ཡོངས་སུ་སྨིན་པ་དང་། རོ་ཞིམ་པར་འགྱུར་རོ།། ས་བོན་ལེགས་པར་བཏབ ་པ་ཐམས་ཅད་ལེགས་པར་འཁྲུང་བར་འགྱུར་རོ། ། གཤེད་བྱེད་དང་། ལས་དང་། བྱད་སྙམ་ཐམས་ཅད་རྣམ་པར་འཇིག་པར་འགྱུར། མི་ཚུགས་པར་འགྱུར་རོ།། ཇི་སྲིད་དུ་ཕུར་བུམ་ཕྱུང་བ་དེ་སྲིད་དུ་མཚམས་ཆེན་པ་བཅད་པར་འགྱུར་རོ།། ་དེ་སྲིད་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ།། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་རྒྱས་པར་འགྲུབ་པར་འགྱུར་རོ།། གང་དང་གང་དུ་དགོས་པར་འགྱུར་བ་ཐམས་ཅད་ལན་གཅིག་དྲན་པར་བྱས ་ན་འགྲུབ་པར་འགྱུར། སྥ་ཚལ་ལས་རྣམ་མཁའ་ལྡིང་ག་གཟུགས་ས་རབརྒྱ་པ་ཀྱིམ་མ་ཀྲུང་བཅས་པ། འདབམ་བབྱུད་བ། བརྒྱལ་གདན་ཀྱང་བ།། མག་དགྲ་བ་མག་རྒྱན་དུརྫོགས་པ། ཀླ་མག་གསུམ་པ་ལག་ས་གསས་ན་གྲགས ་པ་ནོར་བུ་རིན་པོ་ཆེ་འབར་བ་ལག་པ་གཡོན་ན་ཐོགས་པ། གསེར་གྱིས་གཡོགས་པ་བྱས་ཏེ། ཆོ་ག་བཞིན་དུ་ཚོན་གྱིས་རི་མོ་བྲིས་ལ། སྟན་སྣ་ཚོགས་ཀྱི་སྐང་དུ་བཞག་ལ། ཉིན་ཞགཅིག་ལ་སྔགས་སྟོང་བརྗོད་དོ།། ནམ་ལུས་ཀྱིས་མི ་ཐུབ་པའི་ཚ་ཁ་ཟས་དཀར་པོ་བཟའ་བར་བྱ་སྟེ། ཡང་ཁྲུས་བྱས་ལ་བསྒྲུབ་པར་བྱའོ།། གུ་གུལ་གྱིས་བདུག་གོ།། མེ་ཏོག་དང་། བདུག་པ་དང་། གཏོར་མཅི་འབྱོར་བསྦྱར་རོ།། མར་མ་བཏང་ལ་དེའི་མདུན་དུ་ཉལ་ན་སྟོན་པར་འགྱུར་ཞིང་ལས་ཐམས་ཅད ་བརྗོད་པར་འགྱུར་རོ། ། མཆོག་ཐམས་ཅད་སྦྱིན་པར་འགྱུར། ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཅི་བསྒོ་བ་བྱེད་པར་འགྱུར་རོ།། ལང་ལོང་མང་པིའི་གནས་སུ་བཞག་ལ། ནམཐན་པ་བྱུང་བའི་ཚེ་རིག་པ་འཛིན་པས་བླངས་ཏེ། ཀླུའི་གནས་སུ་བཀུར ་བར་བྱ། ཀླུའི་གནས་མཆོང་བཞག་ལ། མི་ཏོག་དང་བདུག་པ་བྱིན་ལ། ཡུངས་དཀར་ལ་སྔགས་ལན་གསུམ་བཟླས་ཏེ་གནས་སུ་གཏོར་ན་འཕྲལ་དུ་གྲུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ།། གལ་ཏེ་འཕྲལ་དུ་ཆར་གྱི་རྒྱུན་མི་འབེབས་ན། དེའི ་ཕྱིར་ཀླུའི་གནས་ཀུན་དུ་ནམ་མཁའ་ལྡིང་གིས་གང་བར་མཐོང་བར་འགྱུར། གནས་མེ་ལྕེ་གཅིག་ཏུ་འབར་བར་འགྱུར། བྱེ་ཚན་མགོ་ལ་འབབ་པར་འགྱུར། ཆུ་སྐམས་པར་འགྱུར་རོ།། ཐན་པ་བྱུང་བའི་ཚེ་སྤྲིན་ལ་བསྟན་ན་ཆར་འབེབས་པར ་འགྱུར་རོ། ། རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། ཆར་སྤྲིན་ལ་བསྟན་ན་སྐད་ཅིག་ཏུ་མེད་པར་འགྱུར་རོ།། དཔག་ཚད་བདུན་གྱི་ནང་དུ་ཕྱོགས་བཞི་ཀུན་དུ་སེར་བ་མི་འབབ་ཅིང་། སད་དང་དུས་མ་ཡིན་པའི་རླུང་གིས་མི་ཚུགས་པར་འགྱུར་ཏེ། ་ཐམས་ཅད་ཐུབ་པར་འགྱུར། རླུང་འཁྲུགས་པའི་ཚེ་ལམ་གྱི་བཞི་མདོར་བཞག་གོ། ཡང་ན་གྲོང་ཁྱེར་གྱི་སྒོར་རོ།། ཡང་ན་རྒྱལ་པོའི་སྒོར་བཞག་གོ། དེས་རླུང་ཐམས་ཅད་ཆོད་པར་འགྱུར་རོ།། རླུང་ཆེན་པོ་རྣམ་པར་འཐོར་རླུང་ཡང་ཚེད་པར ་ཨུ0f7f། འགྱུར་རོ།། ཕྱིས་ལྡང་མི་རུས་སོ།། བསྟར་པ་ཐག་ཏུ་ཀླུ་ཐམས་ཅད་འབྲོས་པར་འགྱུར་རོ།། རྡོ་རྗེ་མཆུའི་གཟུངས་ལས་ཐམས་ཅད་བྱེད་པ་ནམ་མཁའ་ལྡིང་བཀླགས་པས་གྲུབ་པ་མཆོག་ཏུ་འགྲུབ་བོ།། དེ་ནས་ཚངས་པ་དང་། དབང་ཕྱུག། ་ཆེན་པོ་དང་། རྒྱལ་པོ་ཆེན་པོ་དང་། བཅོམ་ལྡན་འདས་གལ་བདེར་དང་སྟ་ལྷགས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཐམས་ཅད ་ཚོགས་པས་ཀྱང་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བགྱི་བའི་གཟུངས་བརྗོད་པར་བྱ་སྟེ། ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པ། སྙིང་འགེམས་པ། ཀླུ་མེ་སྲུན་པའི་རིགས་ཕུང་བར་བགྱིད་པ། རླུང་དང་། སྨིན་དང་། སེར་པ་ཐམས་ཅད་སལ། ་བ། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་སྒྲུབ་པ་འདུལ་ན། སེམས་ཅན་ཐམས་ཅད་ལ་སྨན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་དང་། བྱ ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ངས་བྱིན་གྱིས་བརླབ་ཀྱིས་བརྗོད་ཅིག། དེ་ནས་ཚངས་པ ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་གཟུངས་འདི་སྨྲས་སོ།། ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བྷ་ག་བཱ་ཏེ། ཤཱཀྱ་མུ་ནི་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་ས་མྱགས་མ་བུད་དྷཱ་ཡ། ན་མ་ཤྩཎ་ཎ་བཛྲ་དྷར། ་ཡ། མ་ཧཱ་བལ་བ་ར་ཀྲ་མ་ཡི། ན་མ་སྟྲཻ་ལོ་ཀྱ་མུར་ཏ་ཡེ། ན་མ་ཤྲུ་ཏུར་ནན། མ་ཧཱ་རཱ་ཛ་ན་ན། ན་མོ་བཛྲ་ཤ་ནི་ཛྭ་ལི་ཏ་རཽ་ཏཱ་དཏ་ཧ་ས་ཡ། ཛ་ཡ་མ་ཧཱ་བ་ལ་བཱི་རྱ་བ་ར་ཀྲ་མ་ཀྲོ་དྷ་རཱ་ཛ་བྲཧྨ་སུ་བྲཧྨ་བྲཧྨ་སྭར་བྷེ་བྷོ་ནཱ་ག་ཨི་དྷི་བ་ཏི་བི་ས་ར་བི་ས་ར། ་མ་རེ་པྲཧྨདན་དྷེ་ན་མུར་དྷ་ནཱན། པྲ་ཏ་ཡ་ཧཱུཾ་ཧཱུཾ་ཕཊ། བྷ་ར་བྷ་ར། བི་ཀཱུ་ཙཀྲ་ཧསྟ་ན་བོ་ཤཱ་ནཱ་གེན་དུ་མ་ཏི་བིཥཱ་ཙཀྲེ་ཤྲི་ཙྪན་ད་མི་ཏུ་ཏི་ཏུཏི། ལི་ལི་ལི་ལི། ཧཱ་ཧཱུཾ་ཕཊ། མུ་ཧུ་མུ་ཧུ་མུ་ཧན་ཏུ་སརྦ་ཤྭ་ནཱ་གན། པི་ཊ་ཡ་ཧྲིད་ཡན་མ་ཧེ་ཤྭ་ར་ཛྭ་ལ། ་ཏིཏྲ་ཤཱུ་ལ་དཱ་ར། ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ། མུ་ཙི་མྲ་ཙི། ཏུ་ཏི་ནྱ་ཏི། བྷ་བ་བྷ་ག་ཀྵི་ཎི་ཀྵི་ཎི་ཀྵི་ཌི། ཙ་ཏུར་ནན། མ་རི་ཙ་ནན། ཛྭ་ལི་ཏ་ཤ་ཀ་ཏི་དྷ་ར་དྷ་ར། ཧཱུཾ་ཧཱུཾ་ཕཊ། སཱུར་སཱུ་ར། བི་སཱུ་ར་བི་སྥཱ་ར། ཙརཱ་ཙ་ར། ན་ཤ་ཡ། དུཥྚ་ན་ནཱ་ག་ཏྲིད་ཡ་ན། སྭོཏ། ་ཡ་ཧཱུ~ཾ་ཧཱ་ཕཊ། ས་ཧ་ར་ས~ཾ་ཧ། དབཱ་ན་ཡ་ཤ་ནི། བ་ཏི་ནཱ་གན་ཤེ་ཏ་བ་ཏུ་ཛྭ་ལ་བཱ་སྨིཾ་ཀུ་རུ་ཧཱུ~ཾ་ཧཱུ~ཾ་ཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨར་བོ་ནཱ་ག་ཨ་དྷི་བ་ཏེ་བཛྲ་བ་ཡ་བྷོ་བྷོ་ཏྱཏི་ཏུཏི་ཙུ་དྷུ་བ་རྡ་བ་རྦ་སྭཱཧཱ། བཛྲ་ས་ཤན་ནི་ན་ག་ཡ་ཧཱུཾ་ཊསཧཱ། ་སརྦ་ནཱ་ག་ཧྲི་ད་ཡ་ནི། བི་སྥོ་ཊ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། བུད་དྷ་བི་ལོ་ཀི་ཏཱ་ཡ་སྭཱ་ཧཱ། བྲ་ཧཱ་ཡ་སྭཱ་ཧཱ། བིཥྞུ་མུ་རད་ཏེ་སྭཱ་ཧཱ། མ་ཧེ་ཤ་ར་ཛྭ་ལི་ཏི་ཏྲི་ཤུ་ལ་ཡ་སྭཱ་ཧཱ། ཙ་ཏུ་ར་མ་ཧཱ་རཱ་ཛ་ས་མ་དྷ་ར་ཡ་སྭཱ་ཧཱ། བྷུ་རྩ་ག་ཡ་སྭཱ་ཧཱ། ནཱ་ག་ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། ཨོཾ ་དྷ་རི་དྷ་ར་སྭཱ་ཧཱ། ཛྭལ་ཏ་བག་ཏྲ་ཡ་སྭཱ་ཧཱ། རོ་མ་ཧཱ་ར་ན་ཤ་ཡ་སྭཱ་ཧཱ། ཛུ་ཏིདྱ་ཏི་ཛྲ་ཏི་སྭཱ་ཧཱ། ཕཊ་ཕེཾཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། དེ་ནས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བྱ་བའི་གཟུངས་འདི་བརྗོད་མ་ཐག་ཏུ་ཀླུ་མི་སྲུན་པ་ཐམས་ཅད་ལུས ་རུལ་ཏེ་དྲི་མི་ཞིམ་པར་གྱུར་ཏོ། ། ལུས་ཤིག་ཤིག་པོར་གྱུར་ཅིང་། ཤ་བཀྲས་བཏབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱབ་དུ་གསོལ། བཅོམ་ལྡན ་འདས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པར་གྱུར་ཏོ། ། བཅོམ་ལྡན་འདས་བདག་ཅག་ནི་བརླག་གོ། བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད་དོ།། གནོད་པར་མི་བགྱིད་དོ།། ་བཅོམ་ལྡན་འདས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུའི་གཟུངས་འདི་བརྗོད་པ་དེར། བཅོམ་ལྡན་འདས་ཀླུ་ཐམས་ཅད་གནོད་པར་སེམས་ཤིང་མི་མཆི་སྟེ། ཐ་ན་ལྟ་བར་ཡང་མི་བགྱིད་ན་འཇུག་པ་ལྟ་ཅི་སྨོས་ཀྱང་ཅི་འཚལ། དེ་ནས། ་འདིའི་ཆོ་ག་བརྗོད་དེ། གཟུངས་འདི་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ལུས་དུམ་བུ་དུམ་བུར་འཕྲུལ་ལོ།། ལུས་དྲི་མི་ཞིམ་པར་འགྱུར་རོ།། ཡུངས་དཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་གཏོར་ན་ཀླུ་ཐམས་ཅད ་བཅིངས་པར་འགྱུར་རོ། ། དཔག་ཚད་བདུན་ཁོར་ཁོར་ཡུག་ཏུ་མཚམས་བཅང་བར་འགྱུར་རོ།། རྡོ་རྗེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ཀླུ་བཟློག་པར་བྱའོ།། ལན་གཅིག་བརྗོད་ན་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད ་བཟློག་གོ། ། ཐམས་ཅད་མེད་པར་འགྱུར་རོ།། དྲན་པ་ཙམ་གྱིས་སེར་བ་ཐམས་ཅད་སྐད་ཅིག་ཏུ་མེད་པར་འགྱུར་རོ།། གལ་ཏེ་ལ་ཡན་ཡང་ཡུད་ཙམ་གྱིས་ཆུར་འགྱུར་རོ།། སེར་བ་འབབ་པའི་དྲིས་ན་རྡོ་རྗེ་པསྐོར་ནཕྱོགས་གང་དྲ་བསོར་བདེར་ས ་བ་འདྲིམས་པར་འགྱུར་ཏེ། ཕྱོགས་དེར་སེར་བ་མི་འབབ་པར་འགྱུར་རོ།། ནད་པར་དབེན་པར་སོང་སྟེ། ནང་དུ་ཡང་དག་འཇོག་ཏུ་ཞུགས་ལ། དཀྱིལ་མོ་དཀྲུང་གི་ཕྱག་རྒྱ་བཅིངས་ཏེ། སྔགས་འདི་ལན་སུམ་བཅུ་རྩ་གཉིས་བརྗེད་དེ་བརྗོད་མ་ཐག ་ཏུརླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་མེད་པར་འགྱུར་རོ།། རླུང་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། མི་འབྱུང་བར་འགྱུར་རོ།། ཡུངས་དཀར་ཕྱོགས་བཞིར་གཏོར་ན་ལོ་གཅིག་བྱུད་ཀོར་དུ་མཚམས་བཅད་པར་འགྱུར་རོ།། ་རླུ་དང་། སྤྲིན་དང་། སེར་བ་ཐམས་ཅད་བཅིངས་པར་འགྱུར་རོ།། ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། བུ་དང་ཚ་བོ་འཁོར་དང་བཅས་པ་རྒྱུན་དུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་འགྱུར་རོ།། ལས་ཐམས་ཅད་བྱེད་པར་འགྱུར་རོ།། དྲིལ་བུ ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེར་བ་འབབ་པའི་དུས་ན་དཀྲོལ་ན་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་གླད་པ་འགས་པར་འགྱུར་རོ།། ནམ་མཁའ་ལས་ས་ལ་ལྷུང་བར་འགྱུར་རོ།། ལས་ཐམས་ཅད་བྱེད་པར་འགྱུར་རོ།། གཟུངས་འདི་ནི ་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཚངས་པ་ཆེན་པོ་སེམས་ཅན ་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ཀླུ་མི་སྲུན་པ། སྙིང་རྗེ་མེད་པ། འཚོ་བ་རྣམས་གདུལ་བ་དང་། ཚར་གཅད་པ་དང་། ཆད་པས་གཅད་པའི་ཕྱིར་ཁྱོད་ཀྱིས་རིག་པ་ཆེན་པོའི་གཟུངས་སྔགས་ཀྱི་ཚིག་འདི་བརྗོད་ནས་འཛམ་པའི ་གླིགླེང་དུ་བཞག་པ་ལེགས་སོ་ལེགས་སོ། ། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྣམ་པར་ཀུན་ནས་བསྐོར་བ་དང་། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དང་། གཞན་ཡང་ཀླུ་མི་སྲུན། ་པབྱེ་བ་བྲག་དུམ་དག་བཅོམ་ལྡན་འདས་གལ་བདིར་དོང་། ལྤགས་ནས་བཅོམ་ལྡན་འདས་ཀྱི་ཞབྲས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདིན་ཅེས་གསོལ་ཏོ།། ཅོམ་ལྡན་འདས་དག་ཅག་འཚ ་པས་སྨད་པའི་ཆ། སླད་མའི་དུས་ན་འཇམ་བུའི་གླིང་ཐམས་ཅད་ཀྱི་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ལོ་མ་དང་། ཡལ་ག་རྣམས་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱང་བར་བགྱིད་དོ།། རླུང་དང་། སྲིན་དང་། ས་བ་དང་ས ་ཆད་པ་ཐམས་ཅད་ཟློག་པར་བགྱིད་དོ། ། དུས་དུས་སུ་ཚར་གྱི་རྒྱུན་འབེབས་པར་འཚལ་ལོ།། རང་གི་མནའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམཚིག་བསྐྱེད་པར་འཚལ་ལོ།། སེམས་ཅན་ཐམས་ཅད་ཀྱི་པོ་ཡོངས ་ཤིང་བསམ་པ་གྲུབ་པར་འཚལ་ལོ། ། མི་འཚེ་བར་འཚལ་ལོ།། བཅོམ་ལྡན་འདས་གལ་ཏེ་ཆོ་གའི་རྒྱལ་པོ་འདི་ལས་གོང་དུ་སྔགས་དང་། གཟུངས་ཇི་སྐད་བཤད་པའི་ཡོན་ཏན་གྱི་ཁྱད་པར་རྣམས་དང་འགལ་བར་བགྱིད་ན། བདག་ཅག ་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མགྱུར་ན། ། འདི་ནི་བྲི་བོར་བ་སྟེ། ཏདྱ་ཐཱ། བཀིཙ་ཏི། ཤུ་ལི་ཤུ་མྲ་ལི། ཤ་ཤ་ཤུ་ཤྲུ། ཏི་ཏི་བི་རི་ཏི། སུ་མུ་ཧུ་རྠ། ཙུ་རི་ཏི་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཀླུའི་མནའ་ལགས་ཏེ། སླད་མའི་ཚེ་སྐང ་ཡའི་དུས་ན་ཀྵ་མ་སྲུན་པ་རྣམས་འཇིག་པར་བགྱིད་དོ། ། ཐན་པ་དང་། ཐན་པ་ཆེ་བ་དང་། དུས་མ་ལགས་པའི་ཚར་དང་། རླུང་དང་། སྨིན་དང་། སེརབ་དང་། སང་དང་། དུས་མ་ལགས་པའི་རླུང་དང་། ཀློག་བྱུང་ན། རིའམ་ཁང་པ་མཐོན་པའི་སྟེང་དུ།། ་རིག་པ་འཛིན་པ་ཁ་ཤར་ཕྱོགས་སུ་བལྟས་ཏེ། མནའ་འདི་དག་གིས་བསྟོད་དེ་ལན་བདུན་བརྗོད་ལ། ཆུ་དང་ཡུངས་དཀར་བསྲེས་པས་ཕྱོགས་བཞིར་གཏོར་བར་བྱའོ།། གཏོར་ཅིང་དྲན་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རྣམས་དུམ་བུ་བརྒྱར། ་འཆ་བར་འགྱུར་རོ།། གྱེས་པར་འགྱུར་རོ།། འགགས་པར་འགྱུར་ཏེ། དེའི་སྲད་དུ་མར་གྱི་རྒྱུན་འབེབས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་ཀྱད་ཀྱིས་དེ་ལྟང་བྱོས་ཤིག། རྗེམ་ཚུ་ག་གས། ་