| Wylie | e-texts produced with BDRC’s OCR application |
ཡེ་ཤེས་ཀྱིས་བདཱུར་བའི། ། ། 6ུ0f7f།། རྒྱ་གང་སྐད་དུ། ཤཱི་རང་ན་ཛྭལ་ཏན་ཏྲ་རཱ་ཛ་ནཱམ། བོད་མད་དུ། དཔལ་རིན་ཆེན་འབར་བའི་རྒྱུད་སྟེ་རྒྱལ་པོ་ཞེས་བྱ་བ། དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ ་ལོ། ། ཧེ་ཧེ་རྡོ་རྗེ་སྙིང་པོ་དང་།། མཁའ་སྤྱོད་མ་ལ་སོགས་པ་དག། སྒོ་གསུམ་ལེགས་པར་བསྡུས་ནས་ནི།། རལ་ཆེན་པོའི་དབྱེ་བ་ཉོན།། ལ་ལས་བྱུང་བ་ཐབས་ཀྱི་རྒྱུད།། ར་ལས་བྱུང་བ་ཤེས་རབ་རྒྱུད།། ཨི་ཕྱིས་ཨ ་ལས་གཉིས་མེད་རྒྱུད། ། ཐབས་ནི་སྐུ་སྟེ་ཤེས་རབ་གསུང་།། གཉིས་མེད་ཐུགས་སུ་ཤེས་པར་བྱ།། སྐུ་གསུང་ཐུགས་ཀྱི་རང་བཞིན་ལས།། ཉི་ཤུ་རྩ་བཞི་ཟུང་བའོ།། ཨ་ལ་ལ་ཧོ་ཨེ་མའོ།། ཐབས་ནི་ལ་ལས་ཇི་ལྟར་བྱུང་།། ར་ལས ་ཤེས་རབ་ཇི་ལྟར་བྱུང་། ། ཨ་ལས་གཉིས་མེད་ཇི་ལྟར་བྱུང་།། སྐུ་གསུང་ཐུགས་སུ་ཇི་ལྟར་འགྱུར།། ཉི་ཤུ་རྩ་བཞིར་ཇི་ལྟར་དབྱེ།། ཨེ་མའོ་མགོན་པོས་བདག་ལ་བཤང་དུ་གསོལ།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། ཨ ་ལས་ཨ་བ་དྷཱ་ཏཱི་སྟྭཾ། ། འདི་ཉིད་ལས་གཉིས་མེད་རྒྱུད།། འབྱུང་བའི་གནས་དང་རྒྱུ་རུ་བརྟག། ལ་ལས་ལ་ལན་ཡི་རྩ། དེ་ལས་ཐབས་ཀྱི་རྒྱུད་བྱུང་བའི།། རྒྱུ་དང་གནས་དང་ངོ་བོར་བརྟག། ར་ལས་ར་ས་ན་ཡི་རྩ།། འདི་ཉིད་ལས ་ནི་ཤེས་རབ་ཀྱི། ། ར་ལེ་འབྱུང་བའི་རྒྱུ་དང་གནས།། ར་ནི་ཆགས་ཕྱིར་ཤེས་རབ་སྟེ།། ཤེས་རབ་ཡི་གེ་བཅུ་དྲུག་བརྡའ།། ལ་ནི་ནུབ་ཕྱིར་ཐབས་ཡིན་ཏེ།། ཐབས་ཀྱི་ཡི་གེ་བཞི་བཅུའི་བརྡ།། ཐོག་མ་ཉིད་ནས་མ་སྐྱེས་པ།། ཨ་ནི ་གཉིས་མེད་རང་བཞིན་ཏེ། ། གཉིས་མེད་བློ་ཡི་སྤྱོད་ཡུལ་མིན།། བློ་དང་སྒྲ་ནི་ཀུན་རྫོབ་ཕྱིར།། གཡས་ནི་ཐབས་ཡིན་ལ་ལྡན།། གཡོན་ནི་ཤེས་རབ་རས་ན།། ཨ་བདྷི་ཏཱ་གཉིས་སུ་མེད།། ཐབས་དང་ཤེས་རབ་གཉིས ་མེད་ཀྱི། ། ར་ལིའི་ངོ་བོ་ཤེས་པར་བྱ།། འདོད་ཆགས་རྡུལ་ལ་ལུས་ནི་ཐབས།། ལ་ལཱ་ན་ནི་སྐུ་ཡིན་ཏེ།། གཏི་མུག་མུན་པ་དག་དང་ཡང་།། ཤེས་རབ་ར་ས་ན་ནི་གསུང་།། ཞེ་སྡང་སྙིང་སྟོབས་ཡིད་ཡིན་ཏེ།། སྐུ་གསུང་ཐུགས་ཀྱི་འགྱུར། ་བའོ།། སྐུ་ལ་བརྒྱད་དེ་གསུང་ལ་བརྒྱད།། ཐུགས་ལ་བརྒྱད་དེ་ཉི་ཤུ་བཞི།། རི་ལི་ཉི་ཤུ་བཞི་རུ་ངེས།། གནས་ནི་ཉི་ཤུ་རྩ་བཞི་དང་།། ཙན་ཌ་ལི་དང་ཕྱག་དག་དང་།། མཁའ་འགྲོའི་འབྱུང་པོ་ཉི་ཤུ་བཞི།། དེ་ཉིད་བརྡའ་རུ་ངེས་པ་སྟེ།། སྐུ ་གསུང་ཐུགས་ཀྱི་དབྱེ་བས་སོ། ། གནས་དང་མཁའ་འགྲོ་ར་ལི་དབྱེ།། སྐུ་གསུམ་དུ་ནི་དེ་ཉིད་བསྡུ།། དང་པོར་རྒྱུད་ཀྱི་ངེས་པ་དང་།། རྒྱུ་མི་གནས་དང་གནས་ངེས་པ།། གཏང་བ་དེས་དང་གོ་རིམས་དེས།། གྲངས་དེས་རིགས་ངེས་བཅཝ་ལྔན ་དེས། ། མདོ་སྡེ་འདུལ་བ་མངོན་པ་ཡི།། དམན་པའི་རིམ་པ་དང་པོར་གསུངས།། དམ་ནི་ཧཱ་རྣམས་ལ་བྱ་བའི་རྒྱུད།། དེ་རྗེས་རྣལ་འབྱོར་ཉིད་ཡིན་ཏེ།། སྐྱེས་པ་འདུལ་ཕྱིར་རྣལ་འབྱོར་རྒྱུད།། ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི།། བུད་མེད ་ཡོངསུ་གཟུང་ཕྱིར་རོ། ། དང་པོ་རྩ་བའི་རྒྱུད་གསུངས་ཏེ།། དེ་ནས་བཤད་པའི་རྒྱུད་ཉིད་དོ།། དེ་ནས་རྒྱུད་ནི་ཕྱེ་མའོ།། དེ་རྗེས་ཕྱི་མའི་ཕྱི་མ་སྟེ།། རིམ་པ་བཅུ་ནི་བསྐོར་བ་སྟེ།། སྣོད་ངན་དམན་པའི་རིམ་པས་གསུངས།། མེ་ཏོག ་སྙིང་པོའི་བཅུང་བཞིན་དུ། ། ཕྱི་ཡི་ཕྱི་ནས་བདུད་རྩི་ཡི།། ར་ལིའི་སྙིང་པོ་སྙིང་བརྒྱུད།། དང་པོར་ལ་ལས་སྐུ་ཡི་རྒུད།། དཔའ་བོ་མཁའ་འགྲོམས་ཞུས་ནས།། སྐུ་ཡི་མཁའ་འགྲོ་བརྒྱད་ལ་གཏང་།། དེ་རྗེས་རལས་གསུང་གི་རྒྱུད།། ་གསུང་གི་མཁའ་འགྲོ་བརྒྱད་ལ་གཏད།། ཕྱི་ནས་ཨ་ལས་ཐུགས་ཀྱི་རྒྱུད།། ཐུགས་ཀྱི་མཁའ་འགྲོ་བརྒྱད་ལ་གཏད།། གཉིས་མེད་ཡེ་ཤེས་བདུད་རྩིའི་ར།། ལུས་ལས་ལུས་གསལ་མིག་གི་ལུས།། གསལ་བའི་ཕྱིར་ན་སྒྲོན་མ་སྟྭ~ཾ། ་སེང་གེའི་གཟུགས་འདྲ་བདུད་རྩིའི་རོ།། ཉི་མའི་འོད་འདྲ་ཟླ་བའི་ཟེར།། འབྲུག་གི་སྒྲ་འདྲ་རྒྱ་མཚོའི་གཏིང་།། ཆུ་བོའི་རྒྱུད་འདྲ་རི་རབ་ལྷུན།། ཨུ་དུམ་འབའར་ཞིང་གི་རྡུལ།། འདི་ལ་འདོད་འདོད་ཚོལ་བ་དང་།། རྟོག་གེ་པ་ཡིས།། ་དཔྱད་དུ་མེད།། གལ་ཏེ་རང་འདོད་དཔྱར་གྱུར་ན།། དཔའ་བོ་མཁའ་འགྲོ་ཁྲོས་གྱུར་ཏེ།། མགོ་ལུས་ཚལ་བརྒྱ་རུ་འགེས།། དེ་བས་རང་གི་ཆུང་མ་དང་།། བུ་དང་ཡུལ་འཁོར་ལུས་ངག་གིས།། བླ་མ་དམ་པ་མཉེས་བྱ་སྟེ།། ཆུ་བོའི ་རྒུན་འདྲའི་མན་ངག་བླད་ཀྱེ་མའོ་མགོན་པོ་སྙིང་རྗེ་ཅན། ། ར་ལིའི་དབྱེ་བ་དེ་ལྟར་ན།། དེ་ཡི་ཆེན་པོ་ཇི་ལྟར་ལགས།། ནང་དུ་ཉི་ཤུ་རྩ་བཞི་ཡི།། དེས་པ་སླར་ཡང་བདག་ལ་གསུངས།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།། མ་སྤངས་ཉི་ཤུ། ་རྩ་བརྒྱད་ཀྱིས།། ར་ལི་འདི་ནི་ཆེན་པོར་ངེས།། རེ་རེ་ལ་ཡང་ཆེན་པོ་བདུན།། གང་ཞིག་འབྲས་བུ་འདོད་པ་ལ།། རྒྱུ་ཉིད་གཙོ་བོར་གྱུར་པ་སྟེ།། ས་ལུ་ལས་ནི་མྱུ་གུ་བཞིན།། དེ་ཕྱིར་དང་པོ་རྒྱུ་མི་སྤང་།། ལྷན་ཅིག་སྐྱེས་གཉིས ་རྒྱུ་ཡིན་ཏེ། ། རང་བཞིན་ལྷན་ཅིག་སྐྱེས་པ་དང་།། ལྷན་ཅིག་ལྷན་ཅིག་སྐྱེས་པའོ།། ཐུན་མོང་དང་ནི་ཐུན་མོང་མིན།། བླ་མའི་ཞལ་ནས་ཤེས་བྱའི་ཕྱིར།། དཔའ་བོ་མཁའ་འགྲོའི་ཞལ་ཡིན་ཏེ།། དེ་ཉིད་སྟོན་པའི ་བཀའ་ལས་འདས། ། དེ་ལས་འཁྲུལ་པ་སྙིང་རེ་རྗེ།། ཕུང་སོགས་རྩ་དང་ཤུ་ཀྲ་ནི།། ལྷན་ཅིག་སྐྱེས་པའི་རྒྱུ་ཡིན་ཏེ།། ལོག་རྟོག་འཁྲུལ་པ་རྒྱུར་འདོད་དང་།། ངོ་བོ་མ་གྲུབ་རྒྱུར་འདོད་དང་།། ཀུན་རྫོབ་བྱང་སེམས་རྒྱུར ་འདོད་པ། ། འདི་ནི་རྨོངས་པ་མ་རུངས་པ།། ཕུང་པོ་འབྱུང་བ་དབང་པོ་དང་།། ཕྱི་ཡི་སྐྱེ་མཆེད་དམན་པའི་རྒྱུ།། བརྟགས་པ་རྒྱུར་འདོད་སྙིང་རོ་རྗེ།། ནམ་མཁའི་མེ་ཏོག་གི་དྲི་གང་།། རང་བཞིན་གནས་པའི་རྩ་རླུང ་སོགས། ། ཁྱད་པར་ལམ་གྱི་རྒྱུ་ཡིན་ཏེ།། རང་བཞིན་གནས་པ་མ་ཤེས་པར།། ལོག་པར་རྟོགས་པ་སྙིང་རྗེ་ཉམས།། དོན་དམ་བྱང་ཆུབ་སེམས་ཀྱིས་ནི།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ།། བླ་མ་མ་རྟེན་དེ་ལས ་འཁྲུལ། ། ཀུན་རྫོབ་ཤུ་བཀྲ་རྒྱུར་འདོད་པ།། རྒྱུ་དང་འབྲས་བུ་འཁྲུལ་བའོ།། རྐྱེན་མེད་རྒྱུ་ཡིས་འབྲས་མི་འབྱིན།། དེ་ཕྱིར་རྐྱེན་ནི་སྤང་མི་བྱ།། ཡེ་ཤེས་རླུང་དང་ཡེ་ཤེས་མ།། ལྷན་སྐྱེས་གཉིས་མེད་རྐྱེན་ཡིན་ཏེ།། དེ ་ཉིད་སྤང་བར་མི་བྱ་ཞིང་། ། ལས་ཀྱི་རླུང་དང་མེ་ཉིད་དང་།། གཞན་དུའང་དེ་ཉིད་སྦྱར་བར་བྱ།། སྲིད་པ་ལེན་དང་བདེ་བ་ལེན།། ལས་མི་སྤང་ཞིང་བདེ་བ་ཡང་།། མི་སྤང་བ་ནི་བཞི་པའོ།། ལུས་དང་ལུས་ཀྱི་སྙིང་པོ་རྩ།། གནས་དང་གནས ་ཚན་མི་སྤང་བ། ། ལྔ་པ་དྲུག་པ་ཡིན་པར་འདོད།། དེ་ཉིད་ཕྱི་དང་ནང་དུ་ཤེས།། ཕྱི་ནི་དབྱེ་བ་མ་སྤངས་པའོ།། སྣང་བ་དང་ནི་མུན་པའི་ཆ།། གང་བ་དང་ནི་སྟོང་པའི་ཆ།། འཕོ་བ་མ་སྤངས་བརྒྱད་པའོ།། རྒྱུ་ཡི་གནས་དང་འབྲས་བུའི ་གནས། ། དེ་ཉིད་མི་སྤང་ཤེས་པར་བྱ།། རིན་པོ་ཆེ་ཡི་ཕོ་བྲང་དུ།། རྟེན་ནི་མི་སྤང་ཤུ་ཀྲ་བཟུང་།། གལ་ཏེ་ཤུ་རུ་མི་ཟིན་ན།། ཤོར་བ་མི་སྤང་རོ་མར་བསྟིམ།། གཉེན་པོ་མི་སྤང་གཟུགས་སྐུ་གཉིས།། མ་སྤངས་པ་ནི་བཅུ་གཉིས་པའོ།། ནོར ་བུའི་རྟེན་ལས་སྐྱེས་པ་ཡི། ། བདེ་བ་ལ་རྟེན་དབང་པོ་ཡི།། སྒོ་བསྡུ་ངོ་བོ་མ་སྤངས་པའོ།། གོང་འོག་ཁྱད་པར་ཤེས་བྱས་ནས་སྒྱུམས་གཉེན་པོ་མ་སྤངས་པའོ།། དགའ་བ་མཆོག་དགའ་ཤེས་བྱས་ཏེ།། སྔོན་དུ་འགྲོ་བ་མ་སྤངས་པའོ།། ་འཁོར་བ་ལུགས་ལས་བཟློག་བྱ་སྟེ།། གནས་ནས་གནས་སུ་བཟློག་བྱེད་པ།། གནས་ཀྱི་ཁྱད་པར་མ་སྤངས་པའོ།། དེ་ཉིད་རིམ་པར་འཕོ་བྱེད་པ།། བླ་མའི་བླ་མ་ལས་བརྒྱུད་ཤེས།། འཁོར་བ་འཇུག་ལྡོག་བྱེ་བྲག་ནི།། འཕོབ་མ་སྤངས ་རྣམ་པ་གཉིས། ། ཡེ་ཤེས་མེ་ནི་ཆེར་འབར་བས།། ཕུང་པོ་འབྱུང་བ་དབང་པོ་སོགས།། ཐམས་ཅད་བདུད་རྩིར་གྱུར་པ་ནི།། རྐྱེན་གྱི་ཁྱད་པར་མ་སྤངས་པའོ།། ལུས་ཀྱི་བ་སྤུའི་བུ་ག་དང་།། བརྟན་དང་གཡོ་བའི་དངོས་པོ་ཀུན།། བདེ་བའི་ངོ་བོར། ་གང་སྣང་བ།། ངོ་བོའི་ཁྱད་པར་མ་སྤངས་པའོ།། དེ་ཉིད་སྒྱུ་མའི་རང་བཞིན་མེད།། གཉེན་པོའི་ཁྱད་པར་མ་སྤངས་པའོ།། བཞིན་མཛེས་མིག་ཡངས་ཕྱག་རྒྱ་ནི།། ལྡན་པ་ཕྱག་རྒྱམ་སྤངས་པའོ།། དམ་ཚིག་ཆོས་ཀྱི་ཕྱག་རྒྱ་དང་།། དེ་ནས ་ཤེས་བྱག་ཅམ། ། བྷག་རྒྱུ་བྱེང་བར་ས་གས་པའོ།། གས་པའི་བྱུག་རྣལས་ཟིན་ཏེ།། མ་ལྡན་མ་། ག་ཏུགས་པགས་པ་། གས་ཕྱག་ན་པ་གཎྜཱིས།། རྣལ་བ.རའི་ཕྱག་རྒྱ་ན་པ་ཡང། ་ཕྱག་རྒྱའི་དབྱེ་བ་མ་སྤངས་པའོ།། དང་པོར་གསང་བའི་འཁོར་ལོར་ཏེ།། ཕྱི་ནས་རང་བཞིན་འཁོར་ལོར་ཡིན།། འཁོར་ལོའི་དབྱེ་བ་མ་སྤངས་པའོ།། དང་པོར་གསང་བའི་གཏུམ་མོ་སྟེ།། གཉིས་པར་རང་བཞིན་གཏུམ་མོ་ནི། ་གཏུམ་མོའི་དབྱེ་བ་མ་སྤངས་པའོ།། ལས་ཀྱི་རླུང་དང་མེ་གཉིས་ནི།། ཀུན་རྫོབ་འཁོར་བའི་རྐྱེན་ཡིན་ཏེ།། ཡེ་ཤེས་རླུང་དང་མེ་གཉིས་ནི།། དོན་དམ་གཉིས་མེད་རྐྱེན་ཡིན་ཏེ།། རྐྱེན་གྱི་དབྱེ་བ་མ་སྤངས་པའོ།། སྲིད་པ་སྐྱེད་ཅིང་འཛག་པ ་བདེས་ཀུན་རྫོབ་ཤུ་ཀྲའི་ལས་ཡིན་ནོ། ། སྲིད་པ་མི་ལེན་རང་རིག་སྐྱེས།། དོན་དམ་བྱེད་སེམས་ལས་ཡིན་ནོ།། ལས་ཀྱི་དབྱེ་བ་མ་སྤངས་པའོ།། སྦྱོར་ཐབས་རྩ་ནི་རྒྱས་པ་དང་།། ཁ་འབྱེད་པ་ཡིས་ལས་ཡིན་ཏེ།། སྦྱོར་ཐབས་བཞི་ལ་མ ་རྨོངས་པས་འདི་ནི་མ་སྤངས་ཉི་ཤུ་བརྒྱད། ། སྤྱི་ཐུན་ལས་ལས་གྲུབ་པ་ཡི།། མི་དྲུག་ལ་སོགས་གྲངས་ཀྱིས་བསྟན།། རང་རིག་ཡེ་ཤེས་གང་འདོད་པས།། བླ་མའི་དུས་ཐབས་ལེགས་སྟེན་ཏེ།། མི་སྤང་ངེས་པའི་གང་མ་དག་བླང་།། ་འདི་ཉིད་རྡོ་རྗེ་འཆང་གི་རྒྱུ།། དེ་ལས་བྱུང་བ་ཁྱད་པར་འབྲས།། དང་པོར་ཆ་སྟེ་ཐིག་ལེ་དང་།། ཚུལ་དང་ཚུལ་ཅན་མཆོག་གཞན་མཆོག། འདི་ཉིད་དེ་ཉིད་དྲུག་ཡིན་ཏེ།། དེ་ཉིད་དྲུག་ནི་ཙིཎ་ཌ་ལི།། རེ་རེ་ལ་ཡང་བཞི་བཞི་སྟེ།། ཙཎྜ ་ལི་ནི་ཉི་ཤུ་བཞི། ། ར་ལི་ཉི་ཤུ་རྩ་བཞིར་ངེས།། ཕྱི་རུ་གནས་ནི་ཉི་ཤུ་བཞི།། སྤྱན་དང་ཕྱག། རྒྱ་ཉི་ཤུ་བཞི།། ཙཎ་ཌ་ལི་དང་ར་ལི་ཡི།། ཕྱི་དང་ནང་དུ་གྲངས་སུ་ངེས།། ཧེ་ཧེ་དཔའ་བོ་རྡོ་རྗེ་འཆང།། ར་ལི་འབྱུང་བའི་རྒྱུ་གང་ལགས།། ར་ལིའི་ངོ། ་བོ་གང་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྐུ་དང་ཕྱག་མཚན་རིགས་པ་ཀུན།། ར་ལིའི་ངོ་བོ་དམན་པའི་ལམ།། མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད།། སྒོ་གསུམ་ལ་གནས་ཁྱད་པར་གྱི།། ར་ལིའི་ངོ་བོར་གསུངས་པ་སཱི། ་དགའ་བ་བཅུ་དྲུག་རྟེན་དང་བཅས།། ཟབ་པའི་ར་ལོའི་ངོ་བོར་བརྟག། རང་རིག་སྟོང་པ་ཐབས་དང་བཅས།། མཐར་ཐུག་ར་ལིར་ཤེས་པར་བྱ།། ཨ་ནི་ཐོག་མར་མ་སྐྱེས་པ།། ལ་ནི་ནུབ་དང་སྐྱོང་བ་སྟེ།། ར་ནི་ཆགས ་དང་རིན་པོ་ཆེ། ། ར་ལས་འདོད་ཆགས་ཁྲག་ཡིན་ཏེ།། ལ་ལས་ཞེ་སྡང་ཁུ་བའོ།། ཨ་ལས་གཏི་མུག་ཁུ་བ་སྟེ།། སེམས་ཅན་ར་ལིའི་རང་བཞིན་ཏེ།། ཡེ་ཤེས་ལྔ་དང་ས་བཅུ་སོགས།། ཀུན་ལ་ལྡན་པས་ཡི་གནས་སྐུ་ཡི་ར་ལི་སྤྱི་བ་ཡི།། ་གཙུག་ཏོར་དག་ལས་བྱུང་བའོ།། གསུང་ནི་ལྗགས་ཀྱི་དབང་པོ་ལས།། ཐུགས་ཀྱི་ར་ལི་ཐུགས་ཁ་ནས།། བྱུང་བ་རྣམ་པར་ངེས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། སྤྱན་རྣམས་ལ་ནི་རིམ་བཞིན་བྱུང་།། སྐུ་གསུང་ཐུགས་ཀྱི་གནྡ ་ལ་སྟེ། ། སྤྱི་བོ་ལ་སོགས་དག་ལས་བྱུང་།། ཕྱག་གི་མཐིལ་ནས་རིམ་པས་བྱུང་།། བླ་མའི་ཞལ་ནས་སྣང་བར་བྱ།། བྱེ་བྲག་འབྱུང་བའི་སྒོ་ཡིན་ཏེ།། ཧེ་ཧེ་སེམས་ཅན་སངས་རྒྱས་ཀྱི།། རང་བཞིན་ས་དང་ལམ་ལྡན་ཏེ།། ཟླ་བ་བཅུ ་སོགས་སོ་སོགས་ནི། ། བརྫུས་སྐྱེས་ལ་སོགས་ཇི་ལྟར་ལགས།། འོན་ཏེ་སངས་རྒྱས་མིན་ནམ་ཅི།། སེམས་ཅན་ཐམས་ཅད་བཟོད་མ་ནས།། སངས་རྒྱས་ཡིན་པར་གསུངས་པ་སྟེ།། བརྫུས་སྐྱེས་སྒོང་སྐྱེས་དྲོད་གཤེར་སོག། ་སེམས་ཀྱི་གནས་བཅུ་ས་བཅུ་སྟེ།། རྣམ་ཤེས་བརྒྱད་ནི་བྱང་ཆུབ་ལྔ།། མཁན་པོ་སེམས་ཀྱི་རྒྱལ་པོ་སྟེ།། རང་བཞིན་དག་པ་ཆོས་གོས་ཡིན།། རང་བཞིན་གནས་པ་ཁ་སྤུ་བྲེགས།། ཨ་དང་ཧཾ་གཉིས་སྔགས་ཀྱི་དོན།། ཐམས་ཅད ་སེམས་ལ་གནས་པ་སྟེ། ། སེམས་མེད་སངས་རྒྱས་མ་ཡིན་ཏེ།། ངམ་གྲོག་ལ་སོགས་བེམས་པ་ཡི།། སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར།། སེམས་ཅན་སངས་རྒྱས་རང་བཞིན་ནོ།། རྒྱུ་དང་འབྲས་བུའི་ཚུལ་དང་ཡང་།། ་བག་ལ་ཉལ་དང་ཀུན་དུ་རྒྱུ།། ནུས་པའི་ཚུལ་དང་མངོན་སུམ་ཚུལ།། གཟུགས་ཅན་གཟུགས་མེད་མཁས་པས་བརྟག། སངས་རྒྱས་སེམས་ཅན་དེ་བཞིན་ནོ།། དེ་ལྟར་སེམས་ཅན་སངས་རྒྱས་པས།། ར་ལི་སེམས་ཅན་རང ་བཞིན་ཕྱིར། ། ལུས་ལ་སྐུ་ཡི་ཕྱག་རྒྱས་གང་བ།། ངག་ལ་གསུང་གི་ཕྱག་རྒྱས་གདབ།། སེམས་ལ་ཐུགས་ཀྱི་ཕྱག་རྒྱས་གདབ།། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ།། དངོས་པོ་རོ་མཉམ་གྱུར་པ་ལས།། སངས་རྒྱས་སེམས ་ཅན་གལ་ཡོད། ། དམན་དང་གྱ་དམ་ག་ལ་ཡོད།། ལཁ་རབ་ཡོངས་སུ་ཤེས་པ་ལ།། མྱ་ངན་འདས་ཞེས་དེ་ལ་བརྗོད།། ཐམས་ཅད་འཇིགས་དང་རྣམ་རྟག་སྤངས།། འདི་ལ་ཐམས་ཅད་ངོ་མཚར་གྱིས།། ལེགས་པར་གཏད་ཀྱིས། ་དམ་དུ་སྨོས།། ང་ཚའཁོར་འདུས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། མི་སྣང་བར་གྱུར་ཏོ།། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། རྣལ་གྷོར་མ་ཟླ་བའི་ཕྲེང་བ་དང་།། ལེ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས ་བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། @#།། རྒྱ་གར་སྐད་དུ། ཤྲཱི་སཱུརྱ་ཙ་ཀྲ་ཏན་ཏཱ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།། དཔལ་བདེ་མཆོག་ལ་ཕྱག་འཚལོ།། ་