CLOSE WINDOW

Q398: 'phags ma lha mo chen mo dpal lung bstan pa
Wyliee-texts produced with BDRC’s OCR application

དྷན་དུ་མན་ཏྲ་ཐཱ་དཔྲ་ཧཱ་རུ་མན་ཏྲཀྟ་ཏ། ། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱཱ་ཤྲཱི་མ་ཧཱ་དེ་བི་བྱཱ་ཀ་ར་ཎ།། བོད་སྐད་དུ། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས ་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དངག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་ཐམས་ཅད་སེལ་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་སེས་དཔའ་ཆེན་པོ་དག་བྱེད་ཀྱིས་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཀྱི་མཚན་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེ ་དཔའ་ཆེན་པོ་ཉི་ཟླ་དང་། འཇིག་རྟེན་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་སྟེགས་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ ་དཔལ་གཞོན་ནུར་གྱུར་པ་དང་། དེ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ལྷ་མོ་ཆེན་མོ་དཔལ་ཡང ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་འབུམ་བསྐོར་བ་བྱས་ནས་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་དེ་དག་ལ་ཡང་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་བརྒྱན་ཅིང་། དེ་བཞིན་གཤེགས་པ་བྱེ་བ་དག་གིས་ཡོངས་སུ་བསྐོར ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་སོ།། ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས་ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྤྱན་རས་གཟིགས་དབང་ཕྱག་རྒྱལ་པོ་འམ། བློན་པོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ན་མ། དགེ ་བསྙེན་མ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་གོང་ལ་ལ་ལྷ་མོ་ཆེན་མོ་དཔལ་གྱི་མིད་བརྒྱ་རྩ་བརྒྱད་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་བསོད་པ་འདི་འཆང་ན།། རྒྱལ ་རིགས་ཀྱི་རྒྱལ་པོ་དེའི་ཡུལ་དང་། སེམས་ཅན་དེ་དག་གི་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་ཞི་བར་འགྱུར་ཞིང་ཆོམ་རྐུན་དང་། གཡོ་ཅན་དང་། མེ་དང་མེ་མ་ཡིན་པའི་འཇིགས་པ་ཐམས ་ཅད་འབྱུང་བར་མི་འགྱུར་ཏེ། ནོར་དང་། འབྲུ་དང་། མཛོད་དང་། བདེ་བ་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ།། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ།། དེ་ནས་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གསུང་འདི་ལེགས་པར་བཀའ་སྩལ་པ་ལེགས་སོ།། ལེགས་ལགས་ཏེ། གང་དག་ལྷ་མོ་ཆེན་པོ་དཔལ་གྱི ་མིང་རྣམས་འཛིན་པ་དང་། ཐོས་ནས་ཀྱང་སྒྲུབ་པར་བགྱིད་པ་དེ་དག་གི་ཡོན་ཏན་དང་། ཕན་ཡོན་ན་དེ་དག་ལགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལྷ་མོ་དཔལ་གྱིས་དགེ་བའི་རྩ་བ་གང་དུ་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཆེན་པོ་དཔལ་གྱིས ་དེ་བཞིར་གཤེགས་པ་གང་གཱ་ཀླུང་གི་བྱེ་མ་སྙེད་ལ་དགེ་བའི་རྩབ་བ་སྐྱེད་དེ། ། སྤྱན་རས་གཟིགས་དབང་ཕྱུག་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་རིན་པོ་ལས་བྱུང་བ་ཞེས་བྱ་བ་ན་དེ་བཞིན་གཤེས ་བ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ་བཻ་དཱུརྱ་དང་། གསར་གྱི་རི་བོ་མདོག་གསེར་འོད་དཔལ་ཞེས་བྱ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མང་པོ་གཞན་དག་ལ་ཡང་ལྷ་རོ་ཆེན་མོད ་ཀྱིས་དགེ་བའི་རྩ་བ་བསྐྱེད་དོ། ། དེ་བཞིན་གཤེགས་པའི་མཚན་འདི་དག་ཀྱང་ལྷ་མོ་ཆེན་མོ་དཔལ་དེའི་དགེ་བའི་རྩ་བ་རྣམ་པར་འཇིག་པ་དང་། འགྲུབ་པར་བྱེད་པ་དང་། རྟག་ཏུ་རྗེས་སུ་འབྲང་བ་ཡིན་ཏེ། བདག་ནི་འདིར ་ལྷ་པོ་ཆེན་མོ་དཔལ་ཡང་དག་པར་བརྗོད་པ་དང་། སྡིག་པ་ཐམས་ཅད་སེལ་བ་དང་། ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ་དང་། ལུས་ཐམས་ཅད་དྲི་མ་མེད་པར་བྱེད་པ་དང་། ནོར་དང་འབྲུ་རྣམས་འདྲ་ཞིང་འབས་པར ་པ་དང་། དབུལ་བ་གཅོད་པར་བྱེད་པ་དང་། ལྷ་དང་། ཀྭ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་འདུན་པར་བྱེད་ཅིང་འགུགས་པར་བྱེད་པ ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཇ་ག་འཁྲུག་པ་དང་། འགྱེད་པ་དང་། རྩོད་པ་ཐམས་ཅད་ཞི་བར་བྱེད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་སྒྲུབ་པར་བྱེད་པའོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དཔལ ་ག་པ་ལ་བཞིར་དེན་པ་རོའི་མ་ཏོག་ཡོ་ང་དཀྲི་ན་པ་བདུ་བྱ་དང་། གསེར་གྱི་བོ་ས་དོག་མཛེས་གས་འོད་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གང ་མི་སོགས་ཀྱི་སྒོ་ཐམས་ཅད་ཀྱི་བཀྲ་ཤེས་ཀྱི་དཔལ་ལ་གག་འཚལ་ལ། ། དེ་བཞིན་གཤེགས་པ་ཅན་ངན་གྱི་མེ་ཏོག་གཟི་བརྗིད་སྐར་མོའི་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཀུན ་རྣམ་པ་རྒྱལ་དཔལ་ལ་ཕྱག་འཚལ་ལོ། ། ད་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྣང་བའི་དཀྱིལ་འཁོར་གྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི ་གས་ཀྱི་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྐར་འོད་ཞི་བའི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སེམས་ཅན་གྱི་བསམ་པ་ཞི་བར་མཛད་པའི་སྐུའི་དཔ ་རྟག་འཚལ་ལོ། ། དེ་བཞིན་གཤེགས་པ་སྨོན་ལམ་རྒྱ་མཚ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཡོངས་སུ་བརྗོད་པ་མཚན་གསོལ་དཔལ་ལ་ཕག ་འཚལ་ལོ། ། དེ་བཞིན་གཤེགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེའི་གནས་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་འོད་འབགས་དཔལ་ལ་ཕྱག་འཚལ་ལ།། དེ་བ ་གཤེགས་པ་བརྩོན་འགྲུས་གྲངས་མེད་པ་ལ་ཡང་དག་པར་རྫོགས་པའི་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་གསེར་མཆོག་སྣང་བའི་དཔལ་ཕྱག་འཚལ་ལོ།། ད་པཞིན ་གཤེགས་པ་གསུང་ག་ཡན་ལག་ཐམས་ཅད་ཀྱི་སྒྲ་དབྱངས་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་སྒྲོན་མ་གྲངས་མེད་པའི་འོད་ཀྱི་མེ་ཏོག་གི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་། ་པ་སྲིང་མེ་དཀྲི་བའི་བརྟུལ་ཞུགས་ཀྱིཆོག་ལྡན་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དབང་ཕྱུག་ཆེན་པོའི་དཔལ་ལ་ཕྱག་འཚའོ།། ་དེ་བཞིན་གཤེགས་པ་ཉི་ཟླའི་འོད་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཟབ་པའི་ཆོས་ཀྱི་འོད་ཀྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ནམ་མཁའི་སྒྲོན་མ་འོད་བཟངས ་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་འོད་ཏོག་གི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྤོས་ཀྱི་སྒྲོན་མའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རྒྱ་མཚོའི་སྙིང་པོ ་ལས་བྱུང་བའི་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྤྲུལ་པའི་འབྲུག་སྒྲ་སྙན་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བ་ཐམས་ཅད་བཀོད་པའི་དཔལ་ལ་ཕྱག་འཚལ ་ལོ། ། དེ་བཞིན་གཤེགས་པ་ཤ་ག་རྒྱལ་པོ་ལྟར་སྐྱེས་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་རི་བོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཡེ་ཤེས་འོད་འཕྲོ་རྒྱ་མཚོའི་དཔལ་ལ ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྔོན་ལམ་ཆེན་པོའི་ཤུགས་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དྲན་པའི་ཏོག་གི་རྒྱལ་པོ་ལ ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ནོར་དང་འབྲུ་ཐམས་ཅད་སྡུད་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ ་ཞི་བ་འདྲེན་པའི་དཔལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་འགུགས་པའི་དཔལ་ལ་ཕྱག་འཚ་ལོ།། དེ་བཞིན་གཤེགས་པའི་མཚན་འདི་དག་རིམ་གྲོར་བྱས་ཏེ། བཅད་པར་བྱའོ།། ཀླག་ལྔ་བྱའོ།། ་དེ་ལྟར་བྱས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཤིན་ཏུ་མང་དུ་སྐྱེད་པར་འགྱུར་རོ།། ལྷ་མོ་ཆེན་མོ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཏེ། ལྷ་མོ་ཆེན་མོ་དཔལ་ཁྱོད་མ་འོངས་པའི ་དྲས་ན། འཇིག་རྟེན་གྱི་ཁམས་དཔལ་ཆེན་པོ་རིན་པོ་ཆེས་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན ་དེ་ཡང་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ས་བརྒྱན་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དེ་ཉིད་སྣང་བ་མཛད་པར་འགྱུར་ལ། འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང ་རང་ལས་འོད་བང་གང་ཚེ་དཔག་ཏུ་མེད་པར་འགྱུར་རོ། ། ནམ་མཁའ་ལས་ཀྱང་སངས་རྒྱས་དང་། ཆོས་དང་དགེ་འདུན་གྱི་སྒྲ་འབྱུང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེ་བར་འགྱུར་བ ་དེ་དག་ཐམས་ཅད་ཀྱང་པད་མའི་སྙིང་པོ་དག་ལས་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་ལ་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པ་ལྟ་བུ་ཞེས་བྱ་བའི་བསྟོད་པ་རྒྱན་ཆགས་བཅུ་གཉིས་གང་ཞེ་ན། འཇིགས་པ་མེད་པ་སྟན་རས་གཟིགས ་དབང་ཕྱུག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམ་པར་ཉོན་ཅིག། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་སྐུར་བ། ལྷ་ཐམས་ཅད་ཀྱིས་དབང་སྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ལྷ་ཐམས ་ཅད་ཀྱི་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔལ། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དཔལ་ཚངས་པ་དང་། ཁྱབ་འཇུག་དང་། དབང ་ཕྲུག་ཆེན་པོ་རྣམས་ཀྱི་དཔལ། ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ། གནས་ཐམས་ཅད་ཡོད་པའི་དཔལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ ་ཆེན་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་ཐམས་ཅད་ཀྱི་དཔལ། འཇིག་རྟེན་སྐྱོང་བ་བཞི་དང་ལྷའི་དཔལ། གཟའ་བརྒྱད་དང་རྩཝ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཔལ ་ལོ། ། ཨོཾ་ཉི་མའི་བུ་མོ་འམ། ཡུམ་རིག་བྱེད་བཞིའི་དཔལ། བཀྲ་ཤིས་མ། སེམས་ཅན་གྱི་མ། རྒྱལ་མ། རྣམ་པར་རྒྱལ་མ། གང་ག་མ། མུ་སྟེགས་ཐམས་ཅད་མ། བཀྲ་ཤིས་ཐམས་ཅད་མ། དྲི་མ་མེད་པར་བྱེད་པ ་དཔལ། སྡིག་པ་ཐམས་ཅད་འཕྲོག་ལ། རྒྱགས་བྱེད་མ། ཟླ་བའི་དཔལ། ཉི་མའི་དཔལ། གཟའ་ཐམས་ཅད་ཀྱི་དཔལ། སེང་གེ་ལ་ཞོན་མ། པད་མའི་མཆོག་འབུམ་གྱིས་བཀབ་མ། པད་མ། པད་མ་ལས་བྱུང་ག་པད ་པལ་གནས་པ། པད་མ་འཛིན་མ། པད་མ་དང་ལྡན་པ། རིན་པོ་ཆེ་འོད་འབར་བའི་ཕྲེང་བདུམ་དང་ལྡན་པ། ནོར་སྨིན་ས། དཀར་མོ་དཀར་མོ་ཆེན་མོ།། ལག་དཀར་མ། བཀྲ་ཤིས་ཐམས་ཅད་འཛིན་མ། བསོད་ནམས ་བསགས་པ་ལུས་ཅན་མ། བགས་ག་མ་འོ།། ལག་པ་འབུམ་ལྡན་པ། མིག་འབུམ་ལྡན་མ། ས་གོ་འབུམ་ལྡན་པ། རོང་བུ་རྣམ་པ་སྣ་ཚོགས་ཀྱི། ཅོད་པན་དང་ལྡན་མ། གཟུགས་བཟང་མ། ཀུན་གྱིས་གཟུགས ་གྲགས་ས། ཤེན་གྲགས་པ། ནིས། སྨན་འདྲའི་སྲ་གཙངས། ཟླ་བ་ལྟར་མཛེས་པ། དགེ་ས། དགེ་བྱད་པ། སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལ། འཕགས་ས།། མ་ཏོག་གདཔལ་མ་ཏོ ་ག་དབང་ཕྱུགས། རང་རྒྱལ་པོར་རབགམས་ཅད་ཀྱི་དཔལ། རྒ་བླང་དང་མཚོ་ཐམས་ཅད་ཀྱི་དཔལ། དྷ་དང་རྒྱམ་ཐམས་ཅད་ཀྱི་དཔལ། མུ་སྟེགས་ཐམས་ཅད་མངོན་དཕྱོགས་པའི་དཔལ། སྐད་དང་། ཎྱ་དང་། ་ནགས་ཚལ་དང་། ནོར་དང་། འབྲུ་ཐམས་ཅད་མི་དཔལ། གསེར་སྟུན་མ། ཟས་དང་སྐོམ་སྦྱིན་མ། འོད་གསལ་མ། སྣང་མ། ལུས་གཙང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། དབང་སྐར་མ། ལྷར་ཚོགས་ཐ ་ཅད་ལ་མངོན་དུ་ཕྱོགས་མིའི་དཔལ། གཤསཿདང་། ཚུལ་དང་། ལུས་ངན་དང་། བརྒྱ་བྱིན་ལ་སོགས་པའི་དཔལ་སྦྱིན་བྱེད་མ། ལོངས་སྤྱོངས། གཟི་བརྗིད་མ། གཟི་བརྗིད་ལྡན་མ། ཕུན་སུམ་ཚོགས་པ་འབྱོར་པ་མ། ་རྣམ་པར་འཕེལ་པ། མཐོ་མ། ཆོས་ཀྱི་དཔལས། ཁྱབ་འཇུག་ལ་རྟེན་མ། ཀུ་མུ་ཏ་ལ་གནས་མ། གནོད་སྦྱིན་མ། བཟོད་སྦྱིན་པ། མཐུ་རྩལ་གྱི་གནས་མ། དག་བྱེད་དང་བཀྲ་ཤིས་ཐམས་ཅད་ཀྱི་ལག་ལྡན་མ། བཀྲ་མ་ཤེས ་པ་ཐམས་ཅད་འཇིག་པར་བྱེད་ན། བསོད་དམས་ཐམས་ཅད་སྣང་པའི་དཔལ། ས་ཐམས་ཅད་དང་རྒྱལ་པོ་ཐམས་ཅད་ཀྱི་དཔལ། རག་སྔགས་པས་ཐམས་ཅད་ཀྱི་དཔལ། འཐུང་པོ་དང་། གད་ཉིད་དང་། སྲན ་དང་། ཡེ་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། ལྷའི་གནས་དང་ལྷ་ཐམས་ཅད་ཀྱི་དཔལ། བཟླས་བརྗོད་དང་བཟླས་རྗོད་དབྱ་བ་དང་། སྦྱིན་སྲེག་དང་། སྤྱན་སྲེག་ཏུ་བྱ་བ་དང་། བཀྲ་ཤས་ཐམས ་ཅད་ཀྱི་དཔལ། འོད་ལྡན་པ། མཆོག་དགའམ། སྐལ་བས་འགྱུར་མ། དྲང་སྲོང་ཐམས་ཅད་དགའ་བར་བརྗོད་པའི་དཔལ། བུད་མེད་ཐམས་ཅད་ཀྱི་གནས་ཀུན་གྱི་གཙོ་མོ་ཉིད་ཀྱི་མཆོག། མེའམ་ཅི་མོ་ཐམས་ཅད་དང་། ལུམ་ཡིན་པོ ་ཐམས་ཅད་ཀྱི་དཔལ་གྱི་མཆོག་ཁན་མ་ཐོབ་མེད་པའི་གནས་ན་འདུག་མ། ཡིད་འོང་མ། སེམ་བྱེད་མ། ལུས་ངན་ལ་སྔག་མ། ཆོས་ཀྱི་རྒྱལ་པོའི་དཔལ། ཨོཾ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གཟིགས་ཤིང་སྒྲོལ་ཅིག། ཐར་པར ་ཡང་ཐེག་བསོད་རྣམས་ཀྱི་ཚོགས་ཐམས་ཅད་བདག་ལ་མངོན་དབྱར་པར་མཛད་ཅིག་སྭཱ་ཧཱ། མག་གས་རྦ་ཏ་དཱ་མ་ཁ~ཾ་སྭཱ་ཧཱ། ཨས་རྦ་བར་ཏྲེས་ས། སརྣམ་གལ་དཱར་ར་རྟ་གན། ཏར་བངས་རྦ་ཀྵ་དྲ། ཐཱ་ཧཱ་ག་ད ་ནཱ་དྷ་མཱརྷ་སྭཱ་ཧཱ། བྲདྠ་ཡ་སཱ་ཧཱ། བེ་ཥཱ་བེ་སྭཱ་ཧཱ། རུ་དཱ་ཡ་སཱ་ཧཱ། བ་ཤྲ་མུ་ཁཱ་ཡ་སྭཱ་ཧཱ། ཨོཾ་གྲ་ན་གླཻ་ན་སརྦ་ཀདྱ་སཱ་དྷ་ནེ། ས་ནི་ས་ནི། ཨཱ་བཱ་ཧཱ། དེ་བ་ཧཱ། བི་ཤྲ་མ་ནཱ་ཡ་སྭཱ་ཧཱ། སུ་བརྞེ། དྷན་དྷནྟ། ཨཱ་གང་ཤ་ནི་སཱ་ཧཱ། སརྦ་བུཎྱ ་སཱ་ཀ་ཤན་སྭཱཿ། (་བ་ཏེ་སྔག་ཤིན་སྭཱརྠ། སརྦ་བཱ་བ་ན་ཤ་མ་སྭཱཿ། སརྦ་ཨཱ་ལཀྵཔྤ་ཤམ་དྷི་སཱརྠ། ས་རྦ་རྦ་ཐཱ་ག་ཨུ0f7f། མ་བྷི་ཥེ་ཀ་ཡེ་སཱ་མཱ་ས་རྦ་བ་ཏ་ཨ་དྷི་མྲྀ་ལ་ཤྲཱི་ཡ་མུ་ཡུར་པལ་བརྟ་ཀེ་ར་ཡེ་སཱཿས ་བད་ཏྲ་མ་གལ་ཧ། ཡེ་སྭཱ་ཧཱ། ས་ཧ་བ་ཧན་ནི་སྭཱ་ཧཱ།། བད་མ་ས་བྷཱུ་ཏ་ཡཻ་སྭཱཧཱ། སརྦ་ཀྲིད་ཏེ་ཀ་ཁ་རྡ་བོ་ན་ཤ་མ~ཾ་སྭཱ་ཧཱ། འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག། གང་ལ་ལ་ལྷ་མོཆེན་མོ་དཔལ་གྱི་མིང་ཉེས་སྡིག་ཐམས ་ཅད་མེད་པར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ། བསོད་ནམས་ཐམས་ཅད་སྡུད་པར་བྱེད་པ། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ། དཔལ་དང་། བདེ་བ་དང་། སྐལ་པ་བཟང་པོ་ཐམས་ཅད་སྡུད་པར་བྱེད ་པའང་དག་དང་། དབཞིན་གཤེགས་པའ་མཚན་འདི་དག་འཆང་བ་དང་། ཀློག་པར་བྱེད་པ་དེས་ན་པར་ལངས་ཏགཅང་བར་བྱས་ལཡ་རྒྱས་ཐམས་ས་པས་ཏོག་དང་བདུག་པ་གསོལ་ན།། ལྷ་མཚན་པོ་དཔ་ལ ་ཡང་ཙན་དན་གྱི་བདུག་པ་ཕུལ་ཏེ་བླགས་ན་ངེས་དཔལ་ཐམས་ཅད་མཐོང་བར་འགྱུར། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར། ལྷ་ཐམས་ཅད་བསྲུང་བ་དང་། བསྒྲུབ་པ་དང་། སྦེད་པར་བྱེད་པར་འགྱུར། ་དེའི་དགོས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་ཆེན་མོ་དཔལ་དེ་དག ་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ལྷ་མོ་ཆེན་མོ ་དཔལ་ལུང་བསྟན་པ་རྫོགས་སྷོ། ། །། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ཤཱ་ཡ་སཱུ་ཏྲཾ།། བོད་སྐད་དུ། འཕགས་པ་དཔལ་ཆེན་མོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི ་