| Wylie | e-texts produced with BDRC’s OCR application |
ར་དང་ཁོད་ཀྱི་ལོ་ཙཱ་བ་འོགས་ཁུ་བ་ལྷ་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ། །། རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭར་ཡ་སིང་ཧ་རཱང་རཱ་མ་དྷཱ་རཎྜི། བོད།། རུ། གས་པ་སྤྱན་རས་གཟིགས ་དབང་ཕྱུག་སེང་གེ་སྒྲའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་ངས་གཟིགས་དབང་ཕྱུག་གི་ཕོ་བྲང ་རི་བོ་པ་ཏ་ལའི་རྩེ་མོན། རིན་པོ་ཆེའི་ཁང་བཟངས་རིན་པོ་ཆེ་དང་། མུ་ཏིག་དང་། ནོར་བུ་དཔག་མེད་ཀྱིས་སྤྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀུན་རས་བསྟར་པའི་ས་ཕྱོགས་པ ་བྱམས་པ་ལསགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། ཉན་ཐོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཞིང་། བཅོམ་ལྡན་འདས་སེང་གེའི་གདང་བཤམས ་པ་ལ་བཞུགས་སོ། ། འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུག་སྟེ། འདུག་པར་གྱུར་པ་དེ་རང་གི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟང་ནས་པུས་མོ་གཡས་པའི ་ལྷངས་པ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར ་དང་། བཙུན་པོ་དང་ལོངས་སྟོང་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོར་མཛེ་དང་། པོལ་མིག་དང་། དབུགས་མི་བདེ་བ་སྙིང་ནད་འབར་བ་བྱུང་སྟེ། དེ་ཇི་ལྟར་བསལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སྔོར་འཇིག་རྟེན་གྱི་ཁམས་འདི་ཉིད་ལ་འཇམ་དཔལ་ཁྱེད་ཉིད་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ་ཡིན་ལ། འཕགས་པ་སྤྱན་ར ་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་དེ་གཉིས་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ ་དཀར་པོ་ཅིག་དབང་དུ་བསྡུས་ཏེ་ཆིབས་བྱས། སྐལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན།། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པད་མ་དང་། ཨུད་པ་ལ་ཐོགས་ནས་བྱིན་པ་ལ།། རྒྱ་མཚོ་ཆེན་པོ་ལ ་རྒལ་བའི་དུས་སུ་སེང་གེ་བཞག་ནས་ཁུར་ངེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུམ་མོ།། བྱང་ཆུབ་སེམས ་དཔའ་སྙིང་རྗེ་མཆོག་གི་བསམ་པ་ལ་སྟེང་འོག་པར་སྣང་གི་ཀླུ་དང་ལྷ་ལ་སོགས་པས་བསད་དམ་སྙམ་ནས་བཏུང་བའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས། ཏྲི་ཤུ་ལ་རྩེ་གསུམ་པ་ལག་ན་ཐོགས། སེང་གེ ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།། རང་གི་གྲོགས་པོ་ས་སྤངས་ནས་གཅིག་པུ་ལུས།། ལྷ་རྣམས ་ཀུན་གྱིས་ཉེས་ན་ཆད་པའི་ལས། ། གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམས་པར་བགྱུད།། ཅེས་སྨྲས་ཏེ་ལྷ་རྣམས་ལ་ཏྲི་ཤཱུ་ལ་གདེངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང ་བརྒྱ་བྱིན་དང་། མི་འཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷས་དགའ་བའི་མདངས་བྷཱ་ང་སྟེ། ལྷའི་མེ་ཏོག་པ་དམ་དང་། ཀུ་མུ་ཏ་དང་། བུན་ཌ་རཱི་ཀ་དང་། ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་ཐོད་པ་བཀང་།། ་དེ་ནས་པར་སྡང་གི་ལྷ་དང་། ཀྭ་དང་། དྲི་བ་དང་། གནོད་ང་། སྐ་མ་ཡིན་དང་། གྲུལ་བུམ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ལ་སོགས་པ་ལ་བསྡིགས་པ་ཏྲི་ཤུལ་གདེངས་ནས། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན ་དོན་བྱས་པས། རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས།། སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ལས།། གྲོང་ཀྱང་འཇོམས་ཤིང་སྡེ་བརྒྱད་འགུམས་པར་བགྱིད་ཅེས་སྨྲས་ཏེ། སྡེ་བརྒྱད་ལ་ཏྲ་ཤཱ་ལ་གདེངས་པ་དང་། ་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་པོ་ཟུར་པུད་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་ཟངས་རིས་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུས་ཀྱི ་རྒྱལ་པོ་སྦལ་མགོ་དགུ་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ། སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ།། དེ་ནས་སའི་འོག་ན་གནས་པའི་ཀླུ་ལ ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།། རང་གི་གྲོགས་ཀྱིས་སྤངས་ནས་གཅིག་པུ་ལུས།། ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས།། གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམས་པར་བགྱིད།། ་ཅེས་སྨས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤུ་ལས་དཀྲུགས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་བ་རུ་ན་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན ་གྱི་གཡུལ་མྱོང་བར་བྱེད་པ། ཀྲིའི་རྡུལ་པོ་འབུམ་ཕྲག་དྲུག་གཡོག་དང་། འཁོར་དུ་བཅས་པ་འདུས་ཏེ། དགའ་བིའམདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ། བསྐོར་བ་ལན་གསུམ ་བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།། ཁྱོད་ལ་བདག་ནི་སྐྱབས་སུ་མ་ནི།། ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག། ཉམས་ན་ཀླུ་ཡི་གཤེད་མ་མཛོད།། ཅེས་སྨྲས་ནས་ཏྲི་ཤཱ་ལ་ལན་གསུམ་དཀྲིས་ཁ་བྱང་ཆུབ་སེམས ་དཔའ་ལ་བསྒྱུར། ཕུ་ཕུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲ་ག་འབྱིན་ཅིང་གནས་སོ།། ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས། བསྐོར་བ་ལན་གསུམ་གསུམ་བྱས་ནས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།། ་ཁྱོད་ག་བ་ག་གསྐབས་སུམ་འོ།། ཀཱ་མུས་ཐམས་ཅད་སྟབས་སུ་བཟུང་། ཉམས་ན།། ཡིག་ཤེང་མ་མཛོད་ཅེས་སྨྲས་ནས་ཀླུ་ཆེན་པ་བརྐྱང་སྩལ་ག་བཅག་ཏུ་བས་ནས་ཚངས་སྐང་ལ་འཁྲིས ་སོ། ། ཀྭའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་བགྱིད་དོ།། ཅི་བཀའ་སྩལ་པ། ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གནས་སུ་དེངས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ།། སྙིང ་དདས་ལ་བ་ཞེས་བྱ་བའོ། ། འཇམ་དཔལ་དེ་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དེ་འཇམ་དཔལ་སྨྲའིའི་སེང་གེ་ཁྱོད་ཉིད་ཡིན་ནོ།། དེའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་དེ་ནི་དེ་ལྟར ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཀླུའི་དེད་དཔོན་ཆེན་པོ་འདི་ཉིད་ཡིན་ནོ། ། འཇམ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔགས་བརྗོད་པར་བྱའོ།། ཡིད་ལ་ཟུང་ཤིག། ་དཔོ་རང་ར་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལ་ཀི་ཏེ་ཤ་རཱ་ཡ། བི་དྷི་ས་ཏྭཱ་ཡ། མཧཱ་ས་ཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཤྭ། རེ་ཀཊེ། ཀ་ཊ་ཀ་ཊེ་ཀ་ར་ཊེ་ཙི་ཏི་ཏ་ག་པཱ་ར་མི་སྭཱ་ཧཱ།། གཟུངས་འདི་ནི་སས ་རྒྱས་བྱེ་བ་ཕྲག་བརྒྱད་བཅུས་གསུངས་ལ། ད་ལྟར་ང་ཉིད་ཀྱིས་བརྗོད་པའོ།། འདིའི་ཆོ་ག་ནི་མི་དགོས་པས་ལས་ཐམས་ཅད་འགྲུབ་པའོ།། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྐུ་ལུགས ་ལའམ་བྲིས་སྐུའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྟུང་བས་སོ་སོར་མ་འདྲེས་པར་མ། ཊ་ལ་བརྒྱད་བྱས་ཏེ། མཎཌ་ལ་རེ་རེ་ལ་མེ་ཏོག་ཚོམ་བུ་ལྔ་ལྔ་བཀྲམ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། ་བྱེ་མ་རྣམས་ཀྱིས་མཆོད་རས་མན་ཊ་ལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་གྱི་བར་དུ་བཟླས་ལ་ལྕི་བ་དེ་བསྡུས་ཏེ། ལྕི་བ་ལྷག་མ་ལ་བསྔགས་ཤིང་ནད་པ་ལ་བྱུགས་ན་ནང་ཐམས་ཅད་ཉེ་བར་ཞི་བར ་འགྱུར་རོ། ། ལྷ་དང་ཀླུ་ལ་སོགས་པའི་དུག་གི་ནད་ཐམས་ཅད་ཞི་བར་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ན་འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ནོ།། འཇམ ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དམ་བཅས་པའི་ཚིག་གོ། འཇམ་དཔལ་རྒྱལ་པོ་ཆེན་པོའི་གནོད་པ་ནི་གཟུངས་འདིས་སྙིང་ནད་འབར་བ་ལས་གྲོལ་ནས་སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ།། ། ་འཇམ་དཔལ་ཉོན་ཅིག་སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྙིང་པོ་འདི་གསུངས་སོ།། ཨོཾ་ཨཱཿཧྲཱིཿསིང་ཧ་ནཱ་ད་ཧཱུ~ཾ་ཕཊ། ད་ལྟ་དེ་ཉིད་ཀྱིས་བརྗོད་དེ། རིག་སྔགས་ཀྱི་སྣ ་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཀུན་ལས་གྲོལ་བར་འགྱུར་རོ། ། སྲིད་པ་ཉམ་པར་འགྲོ་མི་འགྱུར།། ལུས་ལ་མཚོན་གྱིས་ཚུགས་མི་འགྱུར།། དགྲ་དང་ཆོམ་པོས་མི་ཚུགས་ཤིང་།། ཀླུ་ལ་སོགས་པས་འཚེམ ་འགྱུར། ། རྟག་ཏུ་དཔལ་དང་ལྡན་པར་འགྱུར།། བུད་མེད་ལུས་སུ་མི་འགྱུར་ཞིང་།། རྟག་ཏུ་སྐྱེ་བ་དྲན་པར་འགྱུར།། ཤི་ནས་བདེ་བ་ཅན་དུ་འགྲོ།། འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར ་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དང་སེལ་དང་། གསེར་ཐུབ་དང་། འོད་སྲུང་གིས་ཀྱང་གསང་སྔགས་འདི་གསུངས་ལ། ད་ལྟ་ཤཱཀྱ་ཐུབ་པ་ངས་ཀྱང་བརྗོད་པ་སྟེ། ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་ཧ་ཡ་གྲཱི་བཱ་ཡན་མོ ་ལོ་ཀེ་ཤྭ་རཱ་ཡ། ཏདྱ་ཐཱཾ། ཨོ་ཧྲིཿཀུ་ལུ་ཡུ་ལུ་རཱི་ལ་ཀཎཿ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ཧཱ་ཧཱ། བཛྲ་ཀྲོ་དྷ་ཧ་ཡ་གྲི་བཱ་ཧྲིཿཧཱུ~ཾ་ཕཊ། འཇམ་དཔལ་གཟུངས་འདི་འཕགས་པ་སྤན ་རས་གཟིགས་དབང་ཕྱུག་ཉིད་པད་མ་ཧ་ཡ་གྲཱི་བའི་སྔགས་ཡིན་ཏེ། ལན་ཅིག་ཀློག་པར་བྱེད་པའི་མི།། སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་།། ངན་སོང་སྒོ་རྣམས་གཅོད་པར་འགྱུར།། ཀླུ་སོགས་གདོན་གྱིས་འཚ ་མི་འགྱུར། ། བྱད་དང་དུག་ལས་གྲོལ་འགྱུར་ཞིང་།། སངས་རྒྱས་ཀུན་གྱིས་གསུངས་ཡིན་ནོ།། བྱེ་བ་གྲངས་མེད་མཐུ་ལས་བྱུད།། དེ་ཡི་ཡོན་ཏན་དཔག་ཏུ་མེད།། ལན་ཅིག་ཀླགས་ན་སྡིག་པ་སེལ།། ལན ་གཉིས་ཀླགས་པས་དཔལ་དང་ལྡན། ། གསུམ་གྱིས་ཚེ་རྣམས་རིང་བར་འགྱུར།། འབུམ་ཕྲག་བཅུ་ཡིས་ཞལ་མཐོང་འགྱུར།། པད་མ་ཅན་གྱི་ཞིང་དེར་འགྲོ།། འཇམ་དཔལ་མི་གཞན་དག་ནི་དག་ཁྲག་དང་མཁྲིས་པ ་ལས་གྱུར་པ་དང་། རླུང་དང་གྲང་བ་ལས་གྱུར་པ་དང་། ཀླུ་རྒྱལ་རིགས་ཀྱིས་ཟིན་པ་དང་། ཀླུ་བྲམ་ཟེའི་རིགས་ཀྱིས་ཟིན་པ་དང་། ཀླུ་གདོལ་པ་དང་དམངས་རིས་ཀྱིས་ཟིན་པ་ནི་སྙིང་མི་དགའ་བ་དང་། སྙིང་ན་བ་དང་། ་དབུགས་མི་བདེ་བ་དང་། ལྟོ་རྒྱབ་དུ་ན་པ་དང་། ཀླད་ཀོར་དུ་ན་པ་དང་། གཞོག་ཕྱེད་ན་བ་དང་། མ་ཞུ་བ་དང་། སྤོས་པ་དང་། ཞ་གྲུམ་གྱིས་བཏབ་པ་དང་། སྦྲུམ་པ་ལྟ་བུར་ན་བ་དང་། སྲོག་ཆགས་སུ་ན་པ་དང་། ཚིགས་དང་ཤ ་ཁོལ་བུར་ན་བ་དང་། ཟ་ཁུ་ཅན་དང་། ལུང་པ་ཀློ་ཅན་དང་། རུས་ཁོལ་དུན་པ་དང་། འབྲེས་པ་དང་། ཞ་བ་དང་། ཡི་གེ་མེ་བདེ་བ་དང་། ཐོར་པ་ལྟ་བུའི་ནད་དང་། སྨན་ཅན་དང་དམུ་ཆུ་ཅན་དང་། འབྲས་དང་། མེ་དཔལ་དང་། ལྐོག ་པ་དང་། གག་པ་དང་། ཆུ་ཐིག་ཅན་དང་། གྲང་ལྗང་ལྷང་དང་། ཚ་ཅག་ཅག་ལ་སོགས་པའི་མཛེ་རིགས་ཅན་དང་། པོལ་མིག་དང་བཅས་པ་དང་། ལྷ་དང་བདུད་དང་ཚངས་པ་དང་། གཤིན་རྗེ་དང་། ཁྲག་སྲིན་དང་། སེམས ་འཁྲུག་གི་གདོན་དང་། ཐབ་གཞོག་དང་། མཚོ་སྨན་དང་། ཀླུ་ལ་སོགས་པས་ཟིན་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ལོག་འདྲེན་དང་། ཤ་ཟའི་གདོན་རྣམས་ཀྱིས་ཟིན་པ་དང་། ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་མི་དག ་བ་ལས་སྡུག་བསྔལ་འབྱུང་བ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཉོན་ཅིག། སྙིང་པོ་གཟུངས་ཀྱི་ཆོ་ག་འདི།། དང་པོ་ཐུགས་རྗེ་ཆེན་པོ་ལ། ་གུས་ཤིང་དད་པའི་སེམས་བསྐྱེད་ནས།། སྔམ་པའི་ས་ལ་དཀྱིལ་འཁོར་བྱ།། ལྗི་པ་དྲིར་བཅས་བྱུགས་ནས་ནི།། ཚེན་གྱི་ཁ་དོག་སྣ་ལྔ་ཡིས།། དཀྱིལ་འཁོར་པད་མ་ལྟ་བུ་འབྲི།། བུམ་པ་གང་བ་ལྔ་དག་ཀྱང་།། ཕྱོགས་བཞི་དབུས ་དང་ལྔ་རུ་བཞག། གང་བའི་གཏོར་མ་ལྔ་ཡང་བཤམ།། སེང་ལྗང་ཕུར་བུ་ལྔ་ཡང་དགོད།། དར་གྱིས་དཀྲིས་པའི་མདའ་བཞི་དག་།། ཚོན་སྐུད་ལྔ་ཡི་དྲང་བ་བྲེ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག ་འཚལ་ལོ། ། ཁྲོ་བོའི་རྒྱལ་པོ་རྟ་འགྲིན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མགོས་དཀར་མོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་བ་རུཿ ་ལ་ཕྱག་འཚལ་ལོ། ། ཨཱ་ཧྲིཿཏྲི་བེ་ཏ་ནཾ། ཡི་གེ་དྲུག་པའི་སྔགས་འདི་ནི།། བརྗོད་པས་སྡིག་པ་སྡུག་བསྔལ་སེལ་སྭཱ་ཧཱ། སངས་རྒྱས་མཆོད་ལ་བརྩོན་པར་བྱ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང ་བྷག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་དང་། རྒྱན་ཐམས་ཅད་ཀྱིས་མཆོད་ནས། སེང་ལྡེང་རྒྱ་ཤུག་མེ་བཏང་ལ།། ཚོན་སྐད་བཅང་ཞིང་འབྲུ་རྣམས་བསྲེག། རྨ་བྱ་རྨག་ཤང་ལྕུག་མ་ཡིས། ་ཀླུ་ལི་དུག་རྣམས་སེལ་བར་བྱེད། ཧྲིཿནཱ་ག་ལེ་ལེ་ནཱ་ག་དཱ་མ་བ་ལེ་ལེ། ནཱ་ག་ཕཊ་ཕུཏ་ཧ་ལེ་ཧ་ལེ། ཏཱ་ལ་ཏཱ་ལ། སྥ་ཊ་སྥུ་ཊ། རཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ། ཀླུ་དང་ལེག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དྲག་དང་། མཐོང་བའི། ་ངག་དང་། བཅིངས་པའི་དུག་དང་། ཁ་རླངས་ཀྱི་དུག་དང་འོག་པའི་དུག་དང་དུགེ་ཐམས་ཅད་ཕྱིར་ཕུད་ཅིག་སྭཱ་ཧཱ། དུག་འདིར་མི་འདུག་ཅིང་། སྦྱིན་པར་བྱེད་པའི་གན་དུ་སོང་ཤིག། འཛིན་པའི་གན་དུ་སོང་ཤིག། མོའི་ནང་དུ་སོང ་ཤག། ཆུའི་ནང་དུ་སོང་ཤོག་ཞི་བར་གྱུར་ཅིཀ་སྭཱ་ཧཱ། འཇམ་དཔལ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་སྐར་བའོ།། ཧྲིཿབྲྀ་ཨཾ་ཧཱཾ་ཁཾ། རིགས་ལྔས་དབང་སྐུར་བའོ།། རྡོ་རྗེ་བསྲུང་བའི་མཆོག་ཏུ་འགྱུར། ་བཀྲགས་ལྷ་མོ་དཔལ་དང་ལྡན།། བསྙེན་གནས་ལ་ནི་གནས་ཀྱང་ནས།། དཀོ་པཆོག། རྗེས་དྲན་སེམས་བསྐྱེད་ནས།། བུམ་ཆུ་དག་པས་ལས་སྒྲིབ་སེལ།། ལུས་ངག་སེམས་ཀྱི་དག་པ་ཐོབ།། ཕ་རོལ་ཕྱིན་དྲུག ་གནས་འགྱུར་ཅིང་། ། སངས་རྒྱས་སེམས་ཅན་མཁྱེན་པར་འགྱུར།། ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར།། བུ་མོ་གཞོན་ནུས་བཀལ་བ་ཡི།། སྐུད་པ་དཀར་པོ་སུམ་སྒྲིལ་ལ།། བཟླས་བརྗོད་ཉི་ཤུ་བརྒྱད་བྱས་ནས།། མགུལ ་དུ་བཏགས་ན་ནད་ལས་གྲོལ། ། ནད་ལ་ཕན་པའི་སྨན་རྣམས་ལ།། གཟུངས་སྔགས་བཟླས་ཤིང་བཏབ་གྱུར་ན།། ནད་རྣམས་ཀུན་ལས་གྲོལ་བར་འགྱུར།། ཚུ་ལ་གཟུངས་སྔགས་མད་བཟླས་ན།། ཀླུ་ནང་ཁོང་དུ་སེལ་བར ་འགྱུར། ། ལོ་ཏོག་ཟ་བ་ཁ་བཅིང་ན།། བྱེམས་དང་ཐལ་བས་སེལ།། ཧ་ཅང་ཆར་པ་ཆེས་པ་ན།། ལྷ་ལ་ཕུལ་བའི་སྙིང་པ་ལ།། ཁམ་ཕོར་སར་པའི་ནང་དུ་ཡང་།། མེ་ཏོག་གཙང་མ་བླངས་ནས་ནི།། བསྲེགས་ན་ཆར་པ་འཆང ་པར་འགྱུར། ། སརབ་དྲག་པོ་འོདབན།། ཐབ་ན་གྲངས་དཀར་བཟླས་བརྗོད་ཀྱིས།། སེ་བ་ཏུ་ལྷག་པ་དང་།། ལྔལ་པ་བཏགས་ཏེ་བཙུགས་གྱུར་ན།། ས་རཔའ་ང་དབང་འགྱུར་བ་ཡིན།། ཀུརྣཾ་བ་ལ་སགས་པཔ། ་གདོར་ནི་གནོད་པར་གྱུར་པ་ལ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་བུམ་པ་གཙང་མ་ལྔ་བཞག་སྟེ།། སྨར་སྦྱར་ཆུས་ནི་གང་བ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས།། སློབ་མ་གོས་ཟས་དཀར་པོར་སྦྱར།། དཀྱིལ ་འཁོར་དེ་ཡི་ནང་དུ་གཞུག། བུམ་པའི་ཆུ་ཡིས་བཀྲུ་བར་བྱ།། ནད་དང་གནོད་པ་ཀུན་ལས་ཐར།། ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས།། གླགས་ཀྱང་རྙེད་པར་མི་འགྱུར་རོ།། བུས་པ་གདོན་གྱིས་འཇིགས་པ་ལས། ་འགི་ལྡང་གིས་ནི་བསྲུང་འཁོར་བྲི།། ཡུངས་དཀར་དག་དང་བཅས་ཏེ་གདགས།། བུས་པ་གདོན་དང་ནད་ལས་ཐར།། ལམ་དུ་ཞུགས་ཏེ་འགྲོ་བ་ན།། ཐུ་པ་གཡས་པའི་གོས་ཀྱི་གྲཝར།། བཟླས་བརྗོད་བདུད་བྱས་མདུད་པ ་བོར། ། སོ་ར་བདེའིང་དེར་ཡང་འགྲུབ།། ཏ་ལ་སོགས་པའི་ཕྱུགས་རྣམས་ལ།། ཆུ་དང་ཡུངས་དཀར་བཅས་པལ།། བཟླས་ནས་གཏོར་ནབང་བར་འགྱུར།། མི་ནད་ཕྲུགས་ནད་ཐམས་ཅད་ལ།། ཡུངས་དཀར་དང་ན ་བུམ་པའི་ཆུས། ། བཀྲུ་ཞིང་བཏགས་ན་མི་ནད་ཞི།། ཨ་སྥ་རེ་ཡཾ་གཟུངས་སེལ་ལྟར།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་འཇམ་དཔལ་རྒྱལ་པོ་འདིའི་ཁོང་ན་ཀླུའི་དུག་གིས་གང་ནས་འདུག་སྟེ། འདི་ནི་ཀླུའི་རྒྱལ་པོ་བ་རུ་ཎ་འདི་ཡིས་ཀླུ་ཐམས་ཅད་ལ་དབང་བྱེད་པ་ཡིན་པས་འདིས་དབྱུང་བར་བྱའོ།། བཅོམ་ལྡན་འདས་འཇིག ་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་ཏཀྵ་ཀ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་པད་མ ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་པད་མ་ཆེན་པོ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་དུང་སྲོང་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་དགའ་བོ་ལ་ཕྱག་འཚལ ་ཀླུའི་རྒྱལ་པོ་ནེར་རྒྱ་ས~ཾ་ལ་ཕྱག་འཚལ་ལོ། ། ཨོཾ་བ་རུ་ཎཱི་ཡ་སྭཱ་ཧཱ། ཨོཾ་ཨ་ནནཻ་ཏཱ་ཡ་སྭཱ་ཧཱ།། ཨོཾ་བཱ་སུ་ཀ་ཡ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་སཱཧཱ། ཨོཾ་ཀར་ཀོ་ཊཱ་ཡ་སྭཱ་ཧཱ། ཨོཾ་བད་མཱ་ཡཻ་སྭཱ་ཧཱ། ཨོཾ་མ་ཧཱ་པད་མཱ་ཡ་སྭཱ་ཧཱ། ཨོཾ་ཤ ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཀླུའི་གཟུགས་ནི་མང་པོ་ཡང་།། དཀར་གསུམ་མངར་གསུམ་འབྲས་ཟན་ལ། ལེགས་བྱས་ཁ་དོག་བསྒྱུར་བྱས་ལ།། མེ་ཏོག་སྤོས་དང་བྱུག་པ་དང་།། མར་མེ་ཞལ་ཟས་སྒྲ་སྙན་དང་། ་གདུགས་དང་རྒྱལ་མཚན་མེ་ཏོག་ཕྲེང་།། ཚངས་པའི་སྐུད་པས་མཉེས་པར་བྱ།། རྩ་བ་ལོ་མ་སྡོང་བུ་དང་།། མེ་ཏོག་འབྲས་བུ་སྨན་གྱིས་མཆོད།། རྨ་བྱ་གཟུངས་མོ་མེ་ལོང་གིས།། རྒྱལ་པོ་ཁོང་གི་དུག་ཐོན་ཅིག། རིན་ཆེན ་རྨག་ཤིང་མཆོད་པའི་ཏེ་ན། མི་ལྡོག་པའི་རྫས་སུ་ཆོངས།། བུམ་པ་གཏེར་གྱིས་གང་བ་མཛེས།། སྲོག་ཆགས་ཡིད་འོང་གཟུགས་ཀྱིས་མཆོད།། ཞི་འགྱུར་འདི་ལ་ཐེ་ཙོམ་མེད།། ཀླུ་ཡི་རྒྱལ་པོ་འཇོག་པོ་ཡིས།། ཟིན་ཀྱང ་སྐད་ཅིག་གཅིག་ལ་ཐོན། ། འཇམ་དཔལ་འདི་གཞན་གྱི་མཐུ་མ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་མཐུའོ།། སྟོབས་སོ།། བྱིན་གྱིས་བརླབས་སོ།། ཐུག་མརྗེ་དང་ལྡན་པའི་ངའི་ཡོན་ཏན་བརྗོད་ཀྱིས་མི་ལང ་ཡང་བདག་གིས་ཆ་ཤས་ཙམ་ཞིག་བརྗོད་ན། ཨོཾ་བཅོམ་ལྡན་འདས་བྱ་བ་བྱས་ཤིང་བྱེད་པ་བྱས། ཁུར་བོར་བདག་དོན་རྗེས་སུ་བརྙེས།། སྲིད་པར་སྦྱོར་བ་ཡོངས་སུ་ཟད།། ཡང་དག་བཀའ་ལས་རྣམ་པར་གྲོལ།། སེམས་དཔ ་དབང་བསྒྱུར་ཐམས་ཅད་ཀྱི། ། མཆོག་ཏུ་ཕ་རོལ་ཕྲིན་ཐོབ་པ།། སྲིད་ལས་རྒལ་ཞིང་ཚེགས་གཉིས་རྫོགས།། ཨ། གཞན་ལ་ཕན་བརྩོན་ཐུགས་རྗེ་ཅན།། སེམས་ཅན་ཀུན་ལ་མཆོག་ཏུ་བྱམས།། ཁམས་གསུམ་ཀུན་གྱི ་གཉེན་གཅིག་པོ། ། མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས།། ཧྲིཿའགྲོ་བ་ཉམས་ཐག་ཀུན་ཏུ་སྐྱོབ།། དྲི་མ་གསུམ་སྤངས་ཕ་རོལ་ཕྱིན།། མངོན་ཤེས་དྲུག་བརྙེས་ནྱ་གྲོལ་བུ།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།། སུམ་བཅུ་རྩ ་གཉིས་དག་དང་ལྡན། ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས།། སྐུ་མདོག་ཤེལ་གྱི་ཁ་དོག་འདྲ།། གངས་རི་ཉི་ཤར་ལྟ་བུར་མཚོན།། སྐུ་ཚད་ཆེ་ལ་འོད་ཟེར་འབར།། རིགས་ལྔས་སངས་རྒྱས་སྐུལ་འཕྲོ།། དབུ་མཐོར་ཚུགས ་གྱེ་ནལ་བརྫེས། ། དབུལ་འོད་དཔག་མེད་པ་བཞུགས།། ཀླུ་རྣམས་ཐམས་ཅད་འདུལ་མཛད་པ།། རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས།། རིགས་གསུམ་མགོན་པོའི་བྱིན་བརླབས་འཛིན།། དུག་གསུམ་རྩད་ནས་གཅོད་ལ་བསྟོད།། ་སྤྱོད་གྱིས་མགོས་པད་མ་བསྣམས།། ཤེས་རབ་ཕུན་སུ་པ་རལ་གྲི་འབར།། ཉོན་མོངས་དག་པ་བྲམ་ཟེའི་མགོ། མེ་ཏོག་དྲི་ཞིམ་ཚོགས་ཀྱིས་བཀང་།། ཀླུ་རྣམས་ཀུན་ནས་དབང་བསྡུས་པས།། སྦྲུལ་གྱི་ཚངས་སྐུད་མཛེས་ལ ་བསྟོག། ཅིངས། པར་མ་དག་གི་ཀུག་།། ། དག། ད། ངན་པ་བཞུག་པ།། འདོད་པའི་དོན་རྣམས་བསྒྲུབ་པའི་ཕྱིར།། རིན་ཅན་རྫོགས་བརྒྱན་ཀྱིས་པརྒྱན།། བསྶ ་མ་རར་ཡག། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།། ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད།། ཧཱ། དམ་ཆོས་རྒྱལ་བ་དབང་བསྐུར་པ།། ལྷམོ་སྒྲོལ་མ་རྗེས་སུ་འབྲང་།། འཇིགས་པ་བརྒྱད་སྟོབ་སྐུ་མདོག་ལྡང་།། གནོད་པ ་སེལ་བ་མི་འཇིགས་སྤྱད། ། ཨུད་པ་ལ་ཐུགས་རྗེའི་བདག་ཉིད་ཅན།། བཏུད་དེ་སྤྲུལ་པ་མང་པོ་བགྱིད།། ། གོས་དཀར་པའི་བཀའ་བཞིན་པང་།། ཡིད་བཞིན་འཁོར་ལོ་བདེ་བར་སྤོང།། འདོད་པའི་དོན་ཡོང་སྡུག་བསྔལ་ན། ་འཇིགས་པ་བརྒྱད་པོ་སེལ་ལ་བསྟོད།། ཕཊ། ཧ་ཡཱ་གྲཱི་བ་ཁྲོ་བོའི་སྐུ།། འཕགས་པ་རྟ་མགྲིན་བདུད་བའ་འཇོམས།། ཀྲོ་རྣམས་ནི་སྔོན་འདུག་པ་འདུལ། ཀླུ་བདུད་འདུལ་མཛད་ཧཱུཾ་གིས་བསྟོད།། ན། ན་མཁའ ་རྐྱལ་བ་རུ་ཎ། ། རུ་ལྷ་སྟོན་པའི་ཞལ་མཐོང་ཞིང་།། བསྟན་ལ་རབ་དགའ་ཀླུ་རྣམས་འདུལ།། ས་དང་པོ་ཡི་བདེན་པ་མཐོང་།། བདེ་བར་གཤེགས་པའི་རིང་བསྲེལ་འཛིན།། ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད།། ཨོཾ་ཏཱ་རེ་ཏུད་ཏཱར ་རེ་སཱཧཱཿ། ཨ་ཨ་བ~ཾ་ཀ་ཊེ་རི་ཀ་ཊེ། ཀ་ཏཾ་ཀར་སྭཱ་། གང་གིས་བསྟོད་ཅིང་ཟློས་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར ་གསེད་རྨུགས་ཐམས་ཅད་བཟླས་པར་འགྱུར་། བསྐལ་པ་སྟེང་གི་བར་དུ་ངན་སོང་དུ་མི་སྐྱེའོ།། བུད་མེད་ལུས་སུ་མི་སྐྱེའོ།། སུ་ཞིག་ནང་བར་ལངས་ནས་ཆུ་དི་ཞིས་བོས་ཁྲུས་བྱས་ཏེ། གཙང་སྒལ་གནས་ནས།། ཐུགས ་ཆེན་པོ་ས་ག་མའ་སྲན་སྦྱར་གཟུངས་འོད་ཀློག་གམ། འབྲི་འམ། འཆང་ངམ། ཀློག་ཏུ་འཇུག་གམ་ཁ་ཏོན་ཏུ་བཏོན་ནས། སྙིང་པོ་དང་གཟུངས་སྔགས་ཟློས་ན་ནི་དེའི་ལུས་ལ་མཛེ་དང་། ཤུ་བ་དང་། ཕལ་མིག་དང་། ་འབྲས་དང་། བས་ལྗགས་དང་། མེ་དཔལ་དང་། གཡན་པ་དང་། ལྷོག་པ་དང་། གག་པ་དང་། སྤོས་པ་དང་། དམུ་ཆུ་དང་། སྐམ་པ་དག་མཁལས་རྡོལ་བ་དང་། དོན་སྣོད་དུ་འདུས་པ་དང་། བྱད་ཀྱི་དཀྱིལ་འཁོར ་ལ་དད་སྣ་ཚོགས་འདུས་པ་དང་། ཀློ་བ་ན་པ་དང་། དབུགས་མི་བདེ་བ་དང་། རླུང་ཁྲིས་བད་ཀན་འདུས་པ་ཐམས་ཅད་ལས་ཐམས་ཅད་ལས་ཐར་བར་འགྱུར་རོ།། འཇམ་དཔལ་གཟུངས་འདི་ནི་དེ་བཞིན་གཤེགས་པ་ཐམས ་ད་ཀྱིས་བྱིན་གྱིས་བརླབས་པའོ། ། སུ་ཞིག་གམ་རྒྱལ་པོ་ཆེན་པོ་དེས་གཟུངས་འདི་གླེགས་བམ་ལ་བྲིས་ཏེ་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། མཆོད་པ་དང་། ཡི་གེར་འབྲི་བ་དང་། གྲོང་ངམ། གྲོང ་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོ་ཡུལ་འཁོར་དང་བཅས་པ་འམ། གཙུག་ལག་ཁང་དུ་གླེགས་བམ་འདི་འཆང་ན། དཔལ་ནག་པོ་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ་ཀཱ་ཆེན་པོ་བརྒྱད་རྣམས་སྲད་བཞིན་འབྲང་ཞིང་། དཔག་ཚད་སྟོང་ཚུན་ཆད་དུ་སྐར་རྒོལ་བ་དང་། ལྷ་དང་ཀླུ་དང་། གནོད་སྦྱི་དང་། གདོད་མ་ཚུངས་པ་ཐམས་ཅད་དང་། ལོག་པར་འདྲེན་པ་དང་། ཕྱིར་རྒལ་བ་ཐམས་ཅད་འཛམ ་པར་འགྱུར་རོ། ། བསྒོ་མཉེས་པ་དང་། བྲིཉེས་པ་དང་། སྔགས་ནོར་བ་དང་། ཕྱག་རྒྱ་ནོར་བ་དང་། བཤད་ཉེས་པ་དང་། མཉན་པ་ནོར་བ་ཡང་གཟུངས་འདི་གྲགས་པས་དག་པར་འགྱུར་རོ།། གཟུངས་འདིས་སུལ་བསྲུང ་བབས་པ་དང་ཡོངས་སུ་བསྐྱབ་པ་བྱས་པ་དང་། བསྐྲང་བ་དང་། ཞི་བ་དང་། བདེ་ལེགས་སུ་བྱས་པ་དེ་ལ་མཚོན་དང་། དུག་དང་། དབྱིག་དྲུག་དང་། བྱང་དང་། གཤེད་མ་དང་། རིམས་དང་། གནོད་པ་ཐམས་ཅད་དང་། ་དུས་མ་ཡིན་པ་ངས་མ་ཆགས་སོ།། གནོད་པ་བྱེད་པ་ཚར་གཅོད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཉན་ཐོས་ཆེན་པོ་ཤཱ ་ག་ཨ ་མ་དུ་ཐ~ཾད་འཁྲིས་ཀ་རང་བྱུང་གིས་ཅང་རྟེན་ཅང་། དངས་གྲུབ་བརྙེས་པར་རྗེ་བཙུན་མ་རྡོརྗེམམས་པ་དང་། སྭ་བསྦྱར་ཀྱིལ་ཟླབ་འགར་ཤེས་རབའ་བྱུང་གནས་ནས་བྱ ་བསད་ཅིང་ཞུས་ཏེ་ག། ཞལ་ཕབ་པའོ།། ནམ་ར་དན་ཏྲ་ཡཱ་ཡ། ནམས་ཨཱ་རྱ་བ་ལ་ཀ་ཏ་ཤྭ་རཱ་ཡ་བོ་དྷི་ས་ཏྭ་ཡ~ཾ། མཧཱས་ཏཱ་ཡ། མ་ཧཱ་ཀཱ་རཱ་ཎི་ཀཱ་ཡ། ཏཿཐཱ། ཨ་ཨ་ཀཱཊེ། བི་ཀ་ཊ། ནི་ཀ་ཊ། ཀཏ། ཊེ། ཀ་རཿ ་