CLOSE WINDOW

Q385: seng ge sgra'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སི་དང་ངན་ཏྲ་ནཱ་མ། བོད་སྐད་དུ། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པ་དམ་གསུང་གི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པད་མ ་དབང་ཕྱུགརྫོགས་སོ། ། དེནཔ་གསང་པའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལས་རྣམས་ཇི་ལྟར ་ཨོཾ་མ་། སེམས་ཅནན་ལ་སྲིང་བརྩེ་བའི་མཆོག་སྤྱན་རས་གཟིགས་ས་དགེ་སྒྲ་ཞེས་བྱ་བ་ཡོད་དེ།། དེ་ལས་སྔོན་ལམ་སྦྱང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡིད་ལ་བྱས་སོ།། དེ་ནས། ་བཅོམ་ལྡན་འདས་པད་མའི་དབང་ཕྱུག་ལངས་ཏེ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ།། ན་མོ་རད་ན་ཏྲ་ཡཱ་ཡཱ། ན་མཿརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ་ཨོཾ་ཨ་ཀ་ཊེ་ཥི་ཀ་ཊེ། ནི་ཀ་ཊེ། ཀ་ཏ། ཀ་ཊེ། ཀ་རོ་ཊེ། ཀ་རོ་ཀཾ་ཊ། བཱིརྱེ་སྭཱ་ཧཱ། ཨོཾ་ཨཱཿཏྲིཿསི་ཏ་ནཱ་ད་ཏཱཾ། འབྲི་ཨཱ་ཛྲྀ་ཁཾ་ཧཱཾ། ཨོཾ་ཨཱཿཧཱུཾ། ཨོཾ་བ་ལིན་བྷུཉྫ་ཛི་བ་པུཥྤེ་དྷཱ་པ་ཏཱཾ། ཨོཾ་སརྦ་ཨ་མྲྀ་ཏེ་ཏཱ། ཨ་པ་ཏ་ལི། མ་ཧཱ ་པ་ཏ་ལི། ཧཱ་ཧཱ་ཧཱཾ་ཛ་སྭཱ་ཧཱ། ཨོཾ་བྷ་ཀྵ་བྷ་ཀཱ། ས་མ་ཡ་ཏིཥྛ་ཛྲྀ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ཛི་ཧཱུཾ་ཕཊ། སྭཱ་ཧཱ། ཨོཾ་ཏ་པྲ་ཏེ་ཧཱུཾ་ཕཊ། སྲྀ་ཏི་ཀ་ར་ཧཱུཾ་ཕཊ། ཨོཾ་བ་རུ་ཎ་ཨཱ་གཙྪ་ཡ་ཨཱི་གཙྪ་ཡ། མ་ཧཱ་རཱ་ག་ཀི་སཾ་ཏ་སརྦེ་བྷཱ་ར་པུཿཧུཿ ་པྲ་སྭཱ་ཧཱ། ཨ་བྷ་ག་བ་ཏི་ཤྲུ་ཏིསྠི་ཏི་ས་མ་རྦ་ཏི། ས་ར་མ་ཏི་སད་དྷ་སྭཱཧཱ། ཨོཾ་ཨཱཿཧྲཱིཿཏྲཱཾ་སྭཿ། པུཿཧྲཱི་ཨོཾ་སཾ་ཧ་ནཱད་ཧཱུཾ་ཕཊ་ཕཊ། ནཱ་ག་དུ་བ་ལི་སཱ་ར་ཡ་ཕཊ། ཛྭ་ལ་ཛྭ་ལ་ཏཱ་ཕཊ། ཨ་བརྞྞཿཀྲྀཏཛྫ། ཨོཾ་ཨཀྵ་མེ་ཨ ་ཏི་དྱ། ཨ་བྷི་ས་མ་ཡ་བི་ཤ། མ་ཏཱི་ཤྲི་ཡེ་ཏཿ། ཀ་བྱ་མ་ཏཱ་ནི་ཡ་སྭཱ་ཧཱ། ཨོཾ་བྷ་བ་ཀ་ཨགྣི་ཡེ། ཤཱན་ཏིང་ཀུ་རུ་ཡེ་བཱ་ཧཱ། ཨཱ་ཧྲཱིཿསི་ཏ་ནཱ་ད་བཛྲ་ཙཀྲ་བརྟ་ལོ་ཀི་ཀ་བྲུ་བྲུ་ཟུ། ལོ་ཀོཏྟ་ར་ཎི་སཾ་ཧ་ནཱ་ད་པྲུ་བྲུ་བྲཱ་ཙྪ་ཏཱཾ་ན་སཾ་ཧ་ནཱ ་ཟླ་བྲུཾ་བུ་ཏཱ་ཧཱ་ཏཱ་སྭཱ་ཧཱ། གསང་པའི་བདག་པོ་འདི་ནི་མན་ཌལ་གྱི་བསྒྲུབ་པ་ཞེས་བྱ་བའོ།། གསད་པ་དང་། ཕྱིར་ལྡོག་པ་དང་། དགུག་པ་དང་། བཅིང་བ་དང་། ཞི་བའི་ལས་ཡིན་ཏེ། ནང་བར་བའི་ལྕི་བསལ་མ་ལྟུང་བས་མཿ ་ཌལ་བྱས་ཏེ། མ་ར་གསུམ་ལག་པའི་མཐིལ་དུ་མཉེས་པས་ཀླུའི་ཞེ་སྡང་ཞི་བར་འགྱུར་རོ།། འདི་ནི་ཀླུའི་སྡེ་དཔོན་ཞེས་བྱ་སྟེ།། སེང་གེའི་སྟེང་དུ་ཟླ་བ་ལ།། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས།། གཡས་ན་ཐོ་མཚན ་རྩེ་གསུམ་ལ། ། དྲག་པོའི་རྒྱལ་རིགས་དཔང་དུ་བསྡུས།། པད་མིའི་རྩལ་ཐོད་པ་ནི།། ཕྲིན་ལས་བཞི་ལྡན་ཀུ་མྲ་ཏ།། ཤེས་རབ་སྦྱོར་བའི་རལ་གྲིར་བཅས།། དཀའ་ཐུབ་ལྡན་པའི་སྐུ་དེ་ནི་རིགས་ལྔས་རྣམ་པར་བརྒྱན ་པའོ། ། གསུམ་དང་ལྔ་ནི་མདུན་དུ་འཕྱང་།། རྩེ་མོར་འོད་དཔག་མེད་པས་བརྒྱན།། སེང་གེའི་ཆ་ལས་བྱུང་བ་ཡིན།། འདམ་སྐྱེས་དམར་པོའི་ལོ་མ་གཉིས།། པད་མ་བཞི་ལ་སྔགས་བཞི་ལྡན།། རང་ལུས་འོག་ནས་ཐལ་མོ ་སྦྱོར། ། སྐལ་འདུད་ཅིང་ཕྲིན་ལས་བྱེད།། རྡོ་རྗེའི་གདན་ལ་མི་བསྐྱེད་པའི།། ཐུགས་ཁ་ནས་ནི་སྔགས་འོད་འདོན།། སྤྲོ་བ་གསུམ་དུ་ལྡན་པའི་སྔགས།། ཉི་ཤུ་རྩ་གཅིག་གདོན་པར་བྱའོ།། གསང་བའི་བདག་པོ་རྒྱུད་འདི་ལ་སྤོད་པའི ་སེམས་ཅན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ། ། གསང་བའི་བདག་པོ་རྒྱུད་འདི་ཉན་པ་དང་། སེམས་པ་དང་། མཆོད་པ་དང་། འཆང་བ་དང་། ཐ་ན་འདི་ལ་མོས་པའི་སེམས་དེ་དག་ལ་རྒྱལ ་རྐྱེན་བཞིའི་ལྷ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་དང་། ཚངས་པའི་བུ་དང་། ཚངས་ཆེན་རྣམས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྲ་བ་དང་། ཀུན་ཏུ་རྗེས་སུ་འབྲང་བར་བྱེད་དེ། དེ་བས་ཆེས་ལྷག་པའི་སངས་རྒྱས་དང་བྱང ་རྨུག་སེམས་དཔའ་ཐམས་ཅད་བྲ་ལ་མས་སྤང་བ་བཞིན་དུ་བསྲུང་བར་འགྱུར་རོ། ། བདུད་ཀྱི་བར་དུ་གཅད་པར་མི་ནུས་སོ།། གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་པད་མོ་ལས་སྐྱེ་བར་འགྱུར་རོ།། མངལ་གྱི་སྡུག་བསྔལ ་ལས་ཐང་བར་འགྱུར་རོ། ། ཚེ་འདིར་ལ་དང་ཆུའི་འཇིགས་པ་ལས་ཐར་བར་འགྱུར་རོ།། འདིར་ནི་མདོཙ་མ་སྨོས་སུ་ཟད་ཀྱི། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ།། གང་རྒྱུད་འདལ ་གནོད་པ་དང་། འཚེ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན། དེ་ལ་ལྷའི་བུ་ཁྱེད་རྣམས་ཀྱིས་བསྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་དང་། ཚངས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས ་ཚུལ་བཞིན་དུ་ཁས་བླང་བ་བྱ་སོ། ། དེ་ནས་གཞན་བསྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ།། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲ་དྷཱ་ཀཱ ་ར་དང་ཁོད་ཀྱི་ལོ་ཙཱ་བ་འོགས་ཁུ་བ་ལྷ་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ། །། རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭར་ཡ་སིང་ཧ་རཱང་རཱ་མ་དྷཱ་རཎྜི། བོད།། རུ། གས་པ་སྤྱན་རས་གཟིགས ་