CLOSE WINDOW

Q37: dpal ye shes gsang ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

བཎ་ཌི་ཏ་གཱ་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཧྱ་ཏན་ཏྲ་རཱ་ཛཱ། བོད་སྐད་དུ།། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་བདེ་བ་ཆེན་པོ ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་ཕྱོགས་ཆོས་སུམ་བཅུ་རྩ་བདུན་གྱི།། རང་ལུས་རྩ་ཡི་འཁོར་ལོ་བཞིའི་གཙོ་བོ།། སྙིང་པོ་དེ་ལ་ཡང་དག་ཕྱག་འཚལ་ལོ།། དབང་བཞིའི་དེ་ཉིད་བདག་ལ་གསུངས།། ཉོན་ཅིག་རྡོ་རྗེ་སྙིང་པོའི་བདག ་བསྐྱེད་པའི་རིམ་པའི་ལྷ་རྣམས་ཀྱི། ། དེ་ཉིད་དང་པོར་བཤད་བྱ་སྟེ།། དྲུག་བཅུ་རྩ་བཞི་དཔེ་བྱད་ཡིན།། སུམ་བཅུ་རྩ་བདུན་བྱང་ཆུབ་ཕྱོགས།། ལྔ་ནི་ཡེ་ཤེས་ལྔ་ཡིན་ཏེ།། དཔའ་བོ་གཅིག་པ་ཆོས་ཀྱི་དབྱིངས།། ཕྱག་མཚན ་མ་མདོག་གཞན་ནས་གསུངས། ། གཱ་ཏྱའི་རྡོ་རྗེ་དྲིལ་བུའི་ཚད།། ནས་དང་སོར་ཚིགས་ཡིན་པར་འདོད།། དེ་ཉིད་ཐབས་དང་ཤེས་རབ་ཡིན།། དོན་དམ་ཉིད་ལ་དབྱེར་མེད་དེ།། བསྒོམ་བྱ་མེད་ཏེ་བསྒོམ་པ་མེད།། སྒོམ ་པས་ཐོབ་པ་ཅི་ཡང་མེད། ། རྒྱུ་དང་རྐྱེན་གྱིས་བསྐྱེད་དུ་མེད།། སེམས་ཀྱི་བཞི་ལ་སྐུ་ལྔ་དང་།། སྟོན་པ་མེད་ཅིང་བསྟན་པ་མེད།། འཇིགས་དང་རྣམ་རྟོག་ཀུན་དང་བྲལ།། དེ་ཉིད་བཞི་པའི་དིདེ་ཉིད་དོ།། དང་པོ་རླུང་གི་དེ་ཉིད་དེ།། སྲོག་རྩོལ་གཉིས ་ནི་ཨ་དང་ཧཾ། ། ཨ་ནི་ཆོས་རྣམས་ཐོག་མ་ནས།། མ་སྐྱེས་པ་ཡི་དོན་ཡིན་ནོ།། ཧ་ནི་བཟུང་འཛིན་གཉིས་ཀྱིས་སྟོང་།། ལྡང་འཇུག་གསུམ་ནི་སྐུ་གསུང་ཐུགས།། སེམས་ཀྱི་གཞི་དང་སྐུ་ལྔ་དང་།། རྣམ་པར་ཐར་དང་སྟོང་པ་དང་།། དེ་བཞིན ་མཚན་དང་དཔེ་བྱད་སོགས། ། དེ་དག་རླུང་གི་དེ་ཉིད་དེ།། དེ་ནས་ཐིག་ལེའི་དེ་ཉིད་ཀྱང་།། ཉི་ཟླ་ཐབས་དང་ཤེས་རབ་སྟེ།། སྔགས་ཀྱི་ཕྲེང་བ་མཚན་དཔེ་ཡིན།། ཐིག་ལེ་ཡེ་ཤེས་ལྔ་ར་དེ་བཞིན།། གཉིས་སུ་མེད་པའི་དེ་ཉིད་ཡིན།། ཕྲ་མོ་ལས ་སོགས་གཞན་ནས་ཤེས། ། དེ་ནས་འོག་གི་སྒོ་དག་ནི།། དེ་ཉིད་ཡང་དག་བཤད་བྱ་སྟེ།། རྩ་གསུམ་སྐུ་གསུང་ཐུགས་ཀྱི་སྟེ།། རྩ་ལྔ་ཡེ་ཤེས་ལྔ་ཡིན་ནོ།། ཙཎ་ཌ་ལི་ནི་ཉི་ཤུ་བཞི།། དེ་ཉིད་ཡེ་ཤེས་ཉི་ཤུ་བཞི།། ཆོས་སུའི་འཕྲིན་ལས ་ཉི་ཤུ་བཞི། ། ཁ་སྦྱར་ཐབས་དང་ཤེས་རབ་སྟེ།། འཛག་དང་འབར་བ་གཉིས་མེད་ཡིན།། འཁོར་ལོ་བཞི་ནི་སྐུ་བཞི་སྟེ།། དྲུག་ནི་དེ་ཉིད་དྲུག་ཡིན་ཏེ།། སྒྲོལ་མ་རླུང་གི་དེ་ཉིད་དེ།། མེ་ནི་གོས་དཀར་ངོ་བོ་ཉིད།། བཅུ་དྲུག་སྟོང་པ་བཅུ་དྲུག ་ཡིན། ། བཞི་ནི་ཡེ་ཤེས་བཞི་ཡིན་ནོ།། རྣམ་པར་ཐར་དང་སྟོང་པ་དང་།། དེ་བཞིན་མཚན་དང་དཔེ་བྱད་དང་།། རིག་སྔགས་སྙོམས་འཇུག་ཕྲ་བ་དག།། ཡེ་ཤེས་ལྔ་བཅུ་ལ་སོགས་པ།། རྩ་འདབ་དེ་ཉིད་ཡིན་པར་ངེས།། རྩཝ་དེ་གནས ་པའི་རིམ་པ་ཡང་། ། འཁོར་ལོ་བ་ཐག་ཁུག་པ་ལས།། གཡས་གཡོན་སྦྲུལ་ལྟར་འཁྲིལ་པ་སྟེ།། ། ཕྱི་ཡི་གཡས་གཡོན་གཞུ་ལྟ་བུ།། གསུམ་པའི་དབང་གི་དེ་ཉིད་ཀྱང་།། སིམྦ་ཤེས་ར ་ཆོས་དབྱིངས་ཏེ། ། གཟུང་ཐབས་ཀྱི་ཡེ་ཤེས་བཞི།། རྩ་ནི་འོག་མིན་གནས་ཡིན་ཏེ།། དགའ་བ་མཆོག་དག་འ་བྱང་ཆུབ་ཕྱོགས།། རང་བཞིན་དགའ་བཅོས་སྐུ་སྟེ།། བྲལ་བའི་དགའ་བ་གཟུགས་སྐུ་གཉིས།། བཅུ་དྲུག་སྟོང་པ་བཅུ་དྲུག། ་རྒྱུད་ཀྱི་ཚུལ་དུ་སྙ་མ་ཙམ།། ག་ཤིག་རང་རིག་འདོད་པས་ཀྱང་།། དང་པོར་ངོ་བར་ཤེས་བྱ་སྟེ།། དེ་ནས་དེ་ཉིད་ཤེས་པར་བྱ།། གལ་ཏེ་དེ་ཉིད་མི་ཤེས་པར།། ཟབ་མོའི་ལམ་ཉིད་སྒྲོམ་བྱེད་ན།། འབྲས་བུ་མེད་ཅིང་བརླག་པར་ངོས།། ལྷ་ཡེ་ན ་ཉིད་མ་ཤེས་ན། ། དུར་ཁྲོད་གནས་པའི་སྲིན་པོ་འདྲ།། དེ་བཞིན་དུར་ཁྲོད་སྲིན་མོ་འདྲ།། སྤྱོད་པའི་དེ་ཉིད་མ་ཤེས་ན།། གྲོང་ཁྱེར་གནས་པའི་སྟོན་པ་འདྲ་།། ཁྱི་པག་སྲིན་པོ་ར། ཥ།། ཕྱག་མཚན་དེ་ཉིད་མ་ཤེས་ན།། བཎྜ་བྱིན ་ལག་ན་མཚོན་ཐོགས་འདྲ། ། ཕྱག་རྒྱའི་དེ་ཉིད་མ་ཤེས་ན།། རྒྱལ་པོ་སྤང་གི་བཙུན་མོ་འདྲ།། རླུང་གི་དེ་ཉིད་མ་ཤེས་ན།། བརྒྱ་བྱིན་སྤྱི་བོའི་ངུ་བ་འདྲ།། རྩ་ཡི་དེ་ཉིད་མ་ཤེས་ན།། ཙན་དན་ཤིང་གི་སྒྲ་ལ་སོགས་འདྲ།། ལུས་ཀྱི་གཉེར ་མ་དག་དང་འདྲ། ། ལུས་ཀྱི་དྲི་མ་ཆུ་དང་འདྲ།། ཐིག་ལེའི་དེ་ཉིད་མ་ཤེས་ན།། ཙན་དན་ཤིང་གི་མཛེར་པ་འདྲ།། འཁོར་ལོ་འདི་ཉིད་མ་ཤེས་ན།། བརྒྱ་བྱིན་ལག་ན་འཁོར་ལོ་འདྲ།། དེ་བཞིན་སྲིད་པའི་འཁོར་ལོ་འདྲ།། པད་མའི་དེ་ཉིད ་མ་ཤེས་ན། ། འདམ་བུ་ཚལ་གྱི་པད་མ་འདྲ།། སྟུག་པོའི་དེ་ཉིད་མ་ཤེས་ན།། མཆོད་རྟེན་གྱི་ནི་འཁོར་ལོ་འདྲ།། ཁ་སྦྱོར་དེ་ཉིད་མ་ཤེས་ན།། ཐལ་མོ་གཡས་གཡོན་སྦྱར་བ་འདྲ།། གནས་ཀྱི་དེ་ཉིད་མ་ཤེས་ན།། འཁོར་ལོ་སྒྱུར་རྒྱལ་པོ ་བྲང་འདྲ། ། བྱང་སེམས་དེ་ཉིད་མ་ཤེས་ན།། མི་གཙང་སྒོ་ཡི་ལུང་བ་འདྲ།། སི་ཏཱི་འདི་ཉིད་མ་ཤེས་ན།། མཚོན་སོགས་ལས་བྱུང་ཁྲག་དང་འདྲ།། དགའ་བའི་དེ་ཉིད་མ་ཤེས་ན།། སྨད་འཚོང་མའི་འདོད་ཆགས་འདྲ།། སྤང་བྱའི་དེ་ཉིད ་མ་ཤེས་ན། ། གྲོང་ཁྱེར་མེད་པའི་རྒྱལ་པོ་འདྲ།། གཉེན་པོའི་དེ་ཉིད་མ་ཤེས་ན།། རྒྱལ་པོ་མེད་པའི་གྲོང་ཁྱེར་འདྲ།། རང་རིག་དེ་ཉིད་མ་ཤེས་ན།། འདུས་བྱས་ནམ་མཁའ་སྟོང་པ་འདྲ།། གཞན་ཡང་དེ་ཉིད་བཅོ་བརྒྱད་ནི།། བླ་མའི ་ཞལ་ནས་ཤེས་པར་བྱ། ། ཐམས་ཅད་སྒྱུ་མའི་ཚུལ་དང་ནི།། རྨི་ལམ་གློག་དང་སྤྲིན་ལྟ་བུ།། དེ་ཉིད་ཤེས་ན་གྲོལ་བར་འགྱུར།། ཀྱེ་ཧོ་མགོན་པོ་ཐུགས་རྗེ་ཆེ།། རང་རིག་ཡེ་ཤེས་ཚོལ་བ་ལ།། རང་དང་གཞན་གྱི་སྡེ་བ ་ལ། ། འདི་ལ་ཁྱད་པར་མེད་དམ་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁྱད་པར་ཆེན་པོ་དེ་ཉིད་དེ།། གཞན་ནི་ཁྱད་པར་དབང་བཞི་དང་།། དེ་ཡི་ལམ་གྱི་དེ་ཉིད་བརྟགས།། རྐད་པ་བདག་དང་དབང་ཕྱུག་དང་།། བྱེ་དང་བྱེད་པ་ཐེ ་ཉིད་ལས། ། རྒྱུ་སོགས་རྒྱུད་ལས་ཁྱད་པར་འཕགས།། གང་ཟག་བདག་དང་བྲལ་བའི་ཕྱིར།། ཉན་ཐོས་རང་རྒྱལ་ཐེག་ཆེན་དང་།། རླུང་སོགས་ཆོས་ཀྱི་བདག་གིས་བཅིངས།། དམན་པ་རྣམས་ཀྱི་སྡང་བས་ཁྱད།། ཐེག་ཆེན་རང་བཞིན ་ལྷ་ཡིས་ཁཱད། ། རྣལ་འབྱོར་རྣལ་འབྱོར་ཆེན་པོ་སོགས།། དེ་ཉིད་ཀྱི་ནི་ཁྱད་པར་ཆེ།། ལེགས་པར་བསྟན་གྱིས་ལེགས་པར་ཟུང་།། དེ་ནས་འཁོར་ཐམས་ཅད་དགའ་ཞིང་ཡིད་རངས་པར་གྱུར་ཏོ།། དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས ་གསང་བའི་དེ་ཁོར་ཉིད་ཀྱི་རྒུད་ཀྱི་རྒྱལ་པོ་རྫོགས་སྷོ། ། །། རྣལ་འབྱོར་མཚན་འདྲ་མཱ་ལེ་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། #།། རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་མཱ་ལ་ཏན་ཏྲ་རཱ་ཛཱ། བོད་སྐད་དུ། ་