| Wylie | e-texts produced with BDRC’s OCR application |
གཏི་སུའི་མ་དོན་ས་དུས་ག་ན་། ཤེས་ཀྱི་མ་ཤེགས་།། ས།། ཨཱ་ཨུ0f89ུ0f4་ཀྱི་སྤང་མ་ནས་ག་སུཾ་ཙླིཀྐི།། བོད་ག་དང། འཕགས་པསྤྱན་རས་གཟིགས་དབང་ཕྱུག་ཕྱག་སྷོ། ་སྤྱན་སྟོང་དུ་སྤྲུལ་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། ་བཅོམ་ལྡན་འདས་རི་བོ་ཏ་ལིའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁང་པར་ནི་རིན་པོ་ཆེས་རྣམ་པར་བརྒྱན་པའི་ནང་ན་སེང་གེའི་གདན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ།། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་དང་། ལྷའི་བ ་ངན་ལ་སོགས་པ་ལྷ་བ་ལྷུབ་ཀྱིས་ཀླུབས་པའི་ནང་ན་བཞུགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་གཟུངས་སྔགས་ཀུན་ཏུ་འཛིན་པས་བཤད་པར་དགོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དག ་དང་ཐབས་གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། ། བྱང་ཆུབ་སེམས་དཔའ་གཟུངས་འཛིན་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་བླ་དང་། བྱང་ཆུབ ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་མེ་ཏོག་བཀོད་པ་དང་། བྱང་ཆུབ་སེམས་དཔའ་ཆེར་བཀོད་པ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་བཀོད་པ་དང་། བྱང་ཆུབ་སེམས ་དཔའདཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དང་འརྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཀུན་ཏུ་བཟང་པོ་དང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཆོས་ཆེན་པོའི་དབང་སྤྱི་བོ་ནས་བསྐུར་བ་ཤ་སྟག་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོའི་ནང་ན་གཙོ་བོ་འོད་བསྲུངས་ཆེན་པོ་དང་། ཉན་ཐོས་ཀྱི་དགེ་འདུན་གྲངས་མེད་པ་དག་དགྲ་བཅོམ ་པའི་ས་བཅུ་ལ་སྤྱོད་པ་ཤ་སྟག་དང་། ཡང་ཚངས་ལྷ་རྣམས་ཀྱི་ནང་ན་གཙོ་བོ་ཚངས་པ་ཆེན་པོ་དང་། ཚངས་ལྷ་གྲངས་མེད་པ་དག་དང་། ཡང་ལྷའི་བུའི་ནང་ན་གཙོ་བོ་ལྷའི་ཐང་སྣང་བུ་བཅན་དང་། ལྷའི་བུ་གྲངས་མེད་པ་དག་དང་། འཇིག་རྟེན་སྐྱོང་བའི་གཙོ་བོ ་གནས་སྲུང་པོ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་དག་དང་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མེའམ་ཅི་དང་ལྟོ་ཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པའི་ནང་ན་གཙོ་བོ་ཀླུའི་རྒྱལ ་པོའི་དཔལ་དང་། འདོད་པའི་ཁམས་ཀྱི་ལྷ་མོ་གྲངས་མེད་པའི་ནང་ན་གཙོ་མོ་ལྷ་མོ་གཞོན་ནུའི་མིག་དང་། ནམ་མཁའ་དང་ཆུ་བོ་དང་མཚོ་དང་། རྫིང་དང་། ཆུ་མིག་དང་། ཆུ་བྲང་དང་། ཤིང་དང་། སྨན་དང་། ཚལ་དང་། གྲོང་ཁྱི་བ་དང་། ས་དང་ཆུ་དང་མེ ་དང་རླུང་དང་། རི་དང་། ནགས་ཚལ་ལོ་སོགས་པའི་ལྷ་ཀུན་དང་ཐབས་གཅིག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འཁོར་མང་པོ་འདུས་པའི་ནང་ནས་གསངས་ཏེ་རྫུ་འཕྲུལ་གྱི་འོད ་ཕྱོགས་བཅུར་བཏང་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཀྱང་གསེར་གྱི་ཁ་དོག་ཏུ་སྣང་། ལྷའི་གནས་དང་། ཀླུའི་གནོས་དང་། གཉེན་པོ་ཐམས་ཅད་ཀྱི་གནས་ཀུན་ཀྱང་གཡོས་རབ་ཏུ་གཡོས། ཆུ་བོ་དང་རྒྱ་མཚོ་དང་། ་རི་རབ་དང་ལྕགས་ཀྱི་རི་དང་། ཁོར་ཡུག་དང་སའི་རི་དང་། རྡོའི་རི་དང་རི་ནག་པོ་དང་། རི་དམར་པོ་ལ་སོགས་པ་ཀུན་ཀྱང་གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་དུ་གཡོས། ཉི་མ་དང་། ཟླ་བ་དང་། ནོར་བུ་དང་། མེ་དང་། གཟའ་སྐར་རྣམས་ཀྱི ་འོད་ཀྱང་མེད་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་འཛིན་རྒྱལ་པོས་འདི་ལྟ་བུའི་ཡ་མཚན་ངོ་མཚར་རྨད་དུ་གྱུར་པ་མཐོང་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས ་བཅོམ་ལྡན་འདས་ལ་འདི་ལྟ་བུའི་རྫུ་འཕྲུལ་གྱི་ལྟས་ངོ་མཚར་དུ་བྱུང་བ་སུའི་མཐུ་ལགས་ཤེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་ཏེ་ཞུས་པ། ། གང་ཞིག་དེ་རིང་མངོན་པར་རྫོགས་སངས་རྒྱ།། འདི་ལྟར་འོད་ཆེན་ཀུན་ཏུ་བཏང་གནས་སུ་རྫོགས ་བཅུའི་འཇིག་རྟེན་ཁ་དོག་གསེར་དུ་སྣང་། ། སྟོང་ཁམས་ཀུན་ཀྱང་ཁྱབ་པར་དེ་བཞིན་ནོ།། སུ་ཞིག་དེ་རིང་དབང་ཕྱུག་ཐོབ་པ་སྟེ།། མཐུ་ཆེན་ངོ་མཚར་ལྡན་པའི་ལྷས་བྱུང་བས།། འཇིག་རྟེན་མཐའ་ཡས་ཀུན་ཀྱང་རབ་གཡོས་ཤིང་།། ལྷ་ཀླུའི་ཁ་ཁྱིམ ་ཀུན་ཀྱང་བདེ་མགྱུར། ། སུ་ཡི་མཐུ་སྟོབས་རྒྱུ་རྐྱེན་གང་ལགས་པ།། བདག་ཅག་མ་རིག་ཐིབས་པོར་སྐྱེས་པས་ན།། བཅོམ་ལྡན་བྱམས་པ་དང་ནི་ཐུགས་རྗེ་ཡིས།། འཕྲུལ་འདི་སུ་ཡི་ཡོན་ཏན་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་གཟུངས་འཛིན་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱེད་རྣམས་ཤེས་པར་གྱིས་ཤིག། དེ་ལྟར་འཁོར་འདིར་འདུས་པའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང ་ཐུག་ཅེས་བྱ་བར་ཐོག་མར་བསྐལ་པ་གྲངས་མེད་པ་ནས་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྒྲུབས་ཏེ། གཟུངས་ཀྱི་སྒོ་གྲངས་མེད་པ་སྡུད་ཅིང་སྤྱོད་པ་ལ་མཁས་པས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་པའི་ཕྱིར།། འདི་ལྟ་བུའི་རྫུ་འཕྲུལ་གྱིས་ལྷྭམ ་ཆེན་པོ་གསངས་ཏེ་བཏང་བ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སུལ་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བསྟན་ལས་ལངས་ཏེ། གོས་ཆགས་བཅོས་ནས་བཅོམ་ལྡན་འདས་གལ་བ་དེ་ལེགས་སུབལ་མོ། ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་ཀྱི་སྙིང་པོ་མཆིས་ཏེ་སེམས་ཅན་ཐམས་ཅད་བདེ་བ་ལ་གནས་པར་བགྱི་བ་དང་། ནད་ཐམས་ཅད ་སེལ་བར་རབགྱི་བ་དང་། ཚེ་སྐྱོང་བར་བགྱི་བ་དང་། ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པར་བགྱི་བ་དང་། སྡིག་པ་མི་དགེ་བའི་ལས་ཐམས་ཅད་སེལ་བར་བགྱི་བ་དང་། བགེགས་དང་བསྒྲིབ་པ་རྣམས་སེལ་བར་བགྱི་བ་དང་། ཆོས་དཀར་པོ་ཐམས་ཅད་དང་། ཡོན ་ཏན་ཐམས་ཅད་རྣམ་པར་འཕེལ་བར་བགྱི་བ་དང་ལེགས་པའི་ས་བོན་ཐམས་ཅད་ཡོངས་སུ་གྲུབ་པར་བགྱི་བ་དང་། འཇིགས་ཤིང་སྐྲག་པར་འགྱུར་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི་བ་དང་། རེ་བ་ཐམས་ཅད་མྱུར་དུ་བསྐོར་བར་བགྱི་བའི ་སླད་དུ་བཤད་པར་འཚལ་ན། དེ་བཞིན་གཤེགས་པས་ཐུགས་རྗེར་དགོངས་ཏེ་གནང་བར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་བྱམས་པ་དང་།། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སེམས་ཅན་ཐམས་ཅད་བདེ ་བལ་གནས་པར་བྱ་བའི་ཕྱིར་གསང་སྔགས་བཤད་པར་འདོད་ན་དུས་ལ་བབ་ཀྱིས་མྱུར་དུ་བཤད་པའི་རིགས་སོ། ། ང་ཡང་རྗེས་སུ་ཐུགས་རངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་རྗེས་སུ་ཐུགས་རངས་སོ་ཞེས་བཀའ་སྩལ་ནཱ ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་སྔོན་ཏུ་དྲན་པ་འདས་པའི་དུས་བསྐལ་པ་འབུམ་ཕྲག་གྲངས་མ་མཆིས་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྟོང་འབབ་པའི་རྒྱལ་པོ་དབེན་པར་གནས་ཤེས་བགྱི་བ་འཇིག་རྟེན་ཏུ་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་བདག་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། ཐུགས་རྗེར་དགོངས་པའི ་སླད་དུ་ཤིན་ཏུ་རྒྱ་ཆེ་བ་ཐོགས་པ་མ་མཆིས་པའི་སླད་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་ཀྱི་སྙིང་པོ་འདི་བཤད་དེ། ། ཕྱག་གསེར་གྱི་ཁ་དོག་ཅན་བདག་གི་སྤྱི་བོར་བཞག་ནས། འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གསང་སྔགས ་ཀྱི་སྙིང་པོ་འདི་གཟུངས་སུ་བཟུང་ལ། ཕྱིས་མ་འོངས་པའི་དུས་ངན་པ་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་ཆེན་པོར་གྱིས་ཤིག་ཅེས་བཀའ་སྩལ་པ་ནས། བདག་དེའི་ཚེ་དེའི་དུས་ན་ས་དང་པོ་ལ་གནས་པ་ལས་གཟུངས ་སྔགས་འདི་ལན་ཅིག་ཐོས་པ་ཙམ་གྱིས་འཕགས་ཏེ། ས་བརྒྱད་དུ་ཕྱིན་ཏོ།། དེའི་ཚེ་དེའི་དུས་ན་བདག་ཤིན་ཏུ་དགའ་བ་སྐྱེས་ནས་ཡིད་དམ་དུ་བཅས་པ། བདག་གི་དུས་སླད་མ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་བགྱི་བའི་མཐུ ་ཞིག་རྙེད་པར་འགྱུར་ན། བདག་གི་ལུས་འདི་ལ་ལག་སྟོང་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་ལུས་ལ་ལག་པ་སྟོང་དང་མིག་སྟོང་ཚང་བར་བྱུང་བར་གྱུར་ཏེ། དེ་ནས་ཕྱོགས་བཅུའི་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་ཕྱོགས ་བཅུའི་སངས་རྒྱས་སྟོང་གིས་འོད་ཟེར་བཏང་ནས། བདག་གི་ལུས་ལ་ཕྱོགས་བཅུའི་སངས་རྒྱས་སྟོང་གིས་འོད་ཟེར་བཏང་སྟེ།། བདག་གི་ལུས་དང་ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་པར་སྣང་བ་ཆེན་པོར་མཛད་དོ།། དེའི་སླན་ཅད་ཀྱང་སངས ་རྒྱས་མང་པོ་དང་འཁོར་མང་པོའི་ཚོགས་གྲངས་མ་མཆིས་པའི་ནང་ནས་ཡང་འདི་སྐད་དུ་ཐོས་ཏེ། བསྙེན་བསྐུར་བགྱིས་བླངས་ཏེ།། སེམས་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་ཏེ། དགའ་བ་དཔག་ཏུམ་མཆིས་པ་ནས་ཡང་བསྐལ་པ་འབུམ་ཕྲག ་གྲངས་མ་མཆིས་པའི་སྐྱེ་ཤི་ནི་ཤིན་ཏུ་ཕྲ་བ་ལས་ཐར་ཏེ་འཕགས་སོ། ། དེ་སླན་ཅད་རྟག་ཏུ་བཟླས་བརྗོད་པགྱི་སྟེ། གཟུངས་སུ་བཟུང་ནས་བསྒྱུད་མ་མྱོང་སྟེ། སྔགས་འདི་གཟུངས་སུ་འཛིན་པའི་སླད་དུ་བདག་གར་བྱུང་གར་སྐྱེས་ཀྱང་རྟག་ཏུ་སངས ་རྒྱས་ཀྱི་སྤྱན་སྔར་པད་མ་ལ་རྫུས་ཤིང་སྐྱེས་ཏེ། མངལ་ཏུ་སྐྱེ་མ་མྱོང་ངོ་གལ་ཏེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་མ་ཡིན་པ་གང་ལ་ལ་ཞིག་གཟུངས་སྔགས་འདི་འཛིན་པར་འཚལ་ན། སེམས་ཅན་ཐམས ་ཅད་ལ་བྱམས་པ་དང་། སྙིང་རྗེ་ཆེར་བསྐྱེད་དོ།། ཐོག་མར་བདག་སྤྱན་རས་གཟིགས་ཀྱི་མིང་ནས་བརྗོད་ཅིང་སྨོན་ལམ་འདི་སྐད་དུ་གདབ་པར་བགྱིའོ།། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་ཆོས་ཉིད་ཀུན་ཏུ་མྱུར ་དུ་ཆུད་གྱུར་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་ཤེས་རབ་སྤྱན་ནི་མྱུར་དུ་ཐོབ་གྱུར་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་སེམས་ཅན་ཐམས་ཅད་མྱུར་དུ ་སྒྲོལ་བར་གྱུར་ཅིག། ཐུགས་རྗེ་ཆེན་པོ་སྦྱར་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་ཟས་ལ་མཁས་པ་མྱུར་དུ་ཐོབ་པར་གྱུར་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་ནི་ཤེས་རབ་གྲུར་ནི་མྱུར་དུ་ཞུགས་གྱུར ་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་སྡུག་བསྔལ་མཚོ་ལས་མྱུར་དུ་རྒལ་གྱུར་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་ཚུལ་ཁྲིམས་ལམ་ལ་མྱུར་དུ་རྫོགས་གྱུར ་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་མྱ་ངན་འདས་ཀྱི་རི་ལ་མྱུར་དུ་འཛེག་གྱུར་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་འདུས་མ་བྱས་ཀྱི་ཁང་པར་མྱུར་དུ་འདུས་འགྱུར ་ཅིག། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། བདག་གིས་མྱུར་དུ་ཆོས་ཉིད་སྐྲ་དང་འཐུན་གྱུར་ཅིག། གལ་ཏེ་མཚོན་གྱི་རི་ལ་ཕྱོགས་གྱུར་ན། མཚོན་གྱི་རི་ནི་རབ་ཏུ་ཞིག་ཅིང་རྙིལ་གྱུར་ཅིག། གལ་ཏེ་བདག་གིས་ཆུ་ཚན་ཟངས། ་ལ་ཕྱོགས་གྱུར་ན། མེ་དང་ཆུ་ཚན་རང་དུ་ཞི་ཞིང་མེད་གྱུར་ཅིག། གལ་ཏེ་བདག་གིས་སེམས་ཅན་དམྱལ་བར་ཕྱོགས་འགྱུར་ན། སེམས་ཅན་དམྱལ་བཞི་ཞིང་སྡུག་སྔལ་ཟད་གྱུར་ཅིག། གལ་ཏེ་བདག་གིས་ཡི་དགས་བཀྲེས་ལྟོགས་ཕྱོགས ་གྱུར་ན། ཡི་དགས་ལྟོགས་པ་རབ་ཏུ་འགྲངས་གྱུར་ཅིག། གལ་ཏེ་བདག་གིས་ལྷ་མ་ཡིན་ཏུ་ཕྱོགས་གྱུར་ན། ལྷ་མ་ཡིན་གྱི་ངན་སེམས་ཡོངས་སུ་ཞི་གྱུར་ཅིག། གལ་ཏེ་བདག་གིས་བྱོལ་སོང་རྒྱུད་དུ་ཕྱོགས་གྱུར་ན། བདག་གིས་ཤེས་རབ་ཆེན ་པོའི་རང་བཞིན་ཐོབ་གྱུར་ཅིག། དེ་སྐད་སྨོན་ལམ་བཏབ་པའི་འོག་ཏུ་སེམས་རྩེ་གཅིག་ཏུ་བདག་དང་བདག་གི་མཁན་པོ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ལ་མངོན་དུ་དམིགས་ཏེ། གསང་སྔགས་འདི་ཞག་ཅིག་གི་བར་བཟླས་པ་ལན ་ལྔརང་བར་བགྱིས་ར། བསྒྲལ་བབ་རྒྱ་སྟོང་ཁྲི་ཁྲག་འབུས་ཀྱི་བར་དུ་བསགས་པའི་སྡིག་ཁྲི་བ་ཀུན་ཀྱང་བྱུང་བར་འགྱུར་རོ།། ཡང་བཅོམ་ལྡན་འདས་ལ་འདི་གད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྔ་དང་མི་དང་གང་ལ་ལ་ཞིག ་ཐུགས་རྗེ་ཆེན་པོའི་རིགས་སྔགས་འདི་འཛིན་པ་འམ་འཆང་བ་འམ། ཀློག་པ་འམ། གདོན་པར་གྱིས་ན། ཚེ་འཕོས་ཤིང་འགུམ་པའི་ཁར་ཕྱོགས་བཅུའི་སངས་རྒྱས་ཀུན་དེར་གཤེགས་ཏེ། ཕྱག་གིས་འཛིན་ཅིང་སངས་རྒྱས་ཀྱི་ཞིང་གང་ནས ་གང་དུ་སྐྱེ་བར་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། ། བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་གསང་སྔགས་འདི་གཟུངས་སུ་བཟུང་སྟེ། བཟླས་པ་ལས་ངན་སོང་གསུམ་དུ་ལྷུང་ན། བདག་མངོན་པར་རྫོགས་པར་འཚང ་རྒྱ་བར་མགྱུར་ཅིག། གང་གིས་ཐུགས་རྗེ་ཆེན་པོའི་གཟུངས་སུ་འཛིན་ཅིང་།། བཟླས་བརྗོད་པགྱིས་པ་ལས་སངས་རྒྱས་ཀྱི་ཞིང་དུ་མ་སྐྱེས་ན་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག། གང་གིས་ཐུགས་རྗེ་ཆེན་པོའི་གས ་སྔགས་འདི་གཟུངས་སུ་འཛིན་ཅིང་བཟླས་བརྗོད་བགྱིས་པ་ལས་ཏིང་ངེ་འཛིན་གྲངས་མེད་པའི་རང་རིག་པ་མཐོབ་ན། ། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག། ཐུགས་རྗེ་ཆེན་པོའི་གསང་སྔགས་འདི་གདལ་ལས་གཟུངས ་སུ་བཟུང་སྟེ། ། བཟླས་པ་བགྱིས་པ་ལས། ད་ལྟར་གྱི་ཚེ་འདི་ལ་རེ་བ་ཐམས་ཅད་མ་སྐོངས་ན་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་སྔགས་ཀྱི་སྙིང་པོ་ཞེས་བགྱིར་ཡང་མི་རུང་སྟེ།། གང་དགེ་བ་མི་སྤྱོད་པ་དང་། སེམས་ཐག་པ་ནཱ་མི་བསྒྲུབ་པ་ནི་མ་གཏོགས། ་སོ། བུད་མེད་གང་ལ་ལས་བུད་མེད་ཀྱི་ལུས་ཀྱིས་སྐྱོ་སྟེ།། སྐྱེས་པའི་ལུས་སུ་སྐྱེ་བར་འཚལ་ན་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་འདི་བཟླས་པ་བགྱིས་ཏེ་གཟུངས་སུ་བཟུང་བ་ལས་བུད་མེད་ཀྱིས་ལུས་ལས་སྐྱེས་པའི་ལུས་སུ་མ་གྱུར་ན། བདག་མངོན ་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག། གང་ཡིད་གཉིས་སམ་ཐེ་ཙོམ་ཆུང་ཟད་ཙམ་སྐྱེས་པས་ནི་གྲུབ་པར་མི་འགྱུར་རོ།། སེམས་ཅན་གང་ཞིག་དཀོན་མཆོག་གསུམ་གྱི་དཀོར་དང་ཞལ་ཟས་ལ་འབགས་ཏེ་སྦྱང་བའི་སྡིག་པ་སངས་རྒྱས་སྟོང ་འཇིག་རྟེན་ཏུ་གཤེགས་པའི་ཚེ་ཡང་འབོལ་ཞིང་འཆགས་སུ་མི་སྣང་སྟེ། འཐོལ་དུ་ལགས་ཀྱང་སྡིག་པ་མི་འབྱུང་བར་མི་འགྱུར་བ་རིག་སྔགས་འདི་འཆང་བའམ་བཟླས་པ་བགྱིས་ནདེ་མཐག་ཏུ་སྡིག་པ་འབྱུང་བར་འགྱུར་རོ།། དཀོན་མཆོགགསུཾ ་གྱི་དཀོར་ནོར་དང་། ཞལ་ཟས་ལས་སྤྱོད་པའི་སྡིག་པ་ཕྱོགས་བཅུའི་དགེ་འདུན་ལ་འཐོལ་ཞིང་འཆགས་ན་གདོང་བྱང་བ་ལགས་ཏེ། ད་འདིར་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་བཟླས་པ་ཙམ་གྱིས་ཕྱོགས་བཅུའི་དགེ་འདུན་ཡང་དེར་ལྷུང་བ་བྱང་ཞིང ་ཚངས་པར་བགྱིས་པས་སྡིག་པ་ཐམས་ཅད་ཀྱང་མྱུར་དུ་འབྱུང་ངོ་། ། མི་དགེ་བཅུ་དང་། འཚམས་མེད་པ་ལྔ་དང་། གང་ཟག་ལ་བསྐུར་བ་དང་མཆོད་རྟེན་ལ་འདྲལ་བ་དང་ཚུལ་ཁྲིམས་འཆལ་པ་དང་གཙུག་ལག་ཁང་ཞིག་པ་དང་། དཀོན་མཆོག་གསུམ ་གྱི་དཀོར་རྐུས་པ་དང་། ཚངས་པར་སྤྱོད་པ་ལ་མྱ་ངན་གྱིས་པ་ལ་སོགས་པའི་སྡིག་པ་ལྕི་བ་ལ་སོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ།། གང་གཟུགས་སྔགས་འདི་ལ་ཐེ་ཚོམ་འཚལ་བ་ནི་མ་གཏོགས་སོ།། དེ་སྡིག་པའི་ལས་ཆུང་བ་དང་། ཡང་བ་ལས ་ཀྱང་འབྱུང་བར་མི་འགྱུར་ན། སྡིག་པ་ལྕི་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྡིག་པ་འཕྲལ་མི་འབྱང་དུ་ལགས་ཀྱིས་ཀྱང་ཡུན་རིང་དུ་བྱང་ཆུབ་ཀྱི་རྒྱུར་ནི་འགྱུར་རོ།། སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གལ་ཏེ་ལྷ་དང་མི་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རིག་སྔགས་ཀྱི་སྙིང་པོ་གཟུངས་སུ་འཛིན་ཅིང་བཟླས་བརྗོད་བགྱིས་ན་ལེགས་པའི་ཡོན་ཏན་རྣམ་པ་བཅཝ་ལྔ་འཐོབ་པ་དང་། གཤིས་ངན་ཏུ་འགུམ་པ་རྣམ་པ་བཅཝ ་ལྔ་མི་མྱོང་བར་འགྱུར་རོ། ། གཤིས་ངན་དུ་མི་འགུམ་པ་གང་ཞེ་ན།། ལྟོགས་ཏེ། མི་འགུམ། མཚོན་ཆ་དང་ལྕགས་དབྱིག་གིས་མིའི་གུམ་དགྲ་ཤ་གླན་པས་མི་འགུམ། དམག་གིས་གཡུལ་ཏུ་མི་འགུམ། སྟག་དང་སྤྱང་གི་ལ་སོགས་པའི་གཅན ་བྲན་གྱིས་མི་འགུམ། སྦྲུལ་དང་སྡིག་པ་ལ་སོགས་པའི་གདུག་པ་ཅན་གྱིས་མི་འགུམ་ཆབ་ཀྱིས་མི་འགུམ་ཞུགས་ཀྱིས་མི་འཚིག། དུག་གིས་མི་འགུམ། མཁའ་འགྲོ་མས་མི་འགུམ། སེམས་སྟོར་ཅིང་མྱོས་པས་མི་འགུམ། རི་འམ་བྲག་གམ་ཤིང ་ངམ་ག་ད་ཀར་ལྟུང་སྟེམི་འགྲམ། བྱང་སྙེམས་ཀྱིས་མི་འགྲམ། ལྷ་མ་སྲིན་དང་འདྲེ་གདོན་གྱིས་མི་འགྲག་ན་དང་ན་གྱིས་མི་འགྲུས། ཁྲིབས་པས་མི་འགྲམ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུགས་སྔགས་འཆང་བཟླས་པ་དེས། ་གཤིས་ངན་དུ་འགྲུས་པ་ནས་པ་བཅུ་ལ་པོ་མྱོང་བར་མི་འགྱུར་རོ།། ལེགས་པའི་ཡོན་ཏན་བཅཝ་ལྔ་གང་ཞེན་གང་ནས་གང་དུ་སྐྱེ་བའི་སར་ཆོས་བཞིན་དུ་བགྱིད་པའི་རྒྱལ་པོ་དང་ཕྲད་པ་དང་། རྟག་པར་དགེ་བའི་ཡུལ་དུ་སྐྱེ་བ་དང་། རྟག་པར་དུས་བཅུ ་བོ་དང་ཕྲད་པ་དང་། རྟག་པར་དགེ་བའི་གྲོགས་པོ་དང་ཕྲད་པ་དང་། དབང་པོ་དང་ཡན་ལག་ཚང་བ་དང་། སྤྱོད་ལ་མ་ནི་དུལ་ཅན་དུ་འགྱུར་བ་དང་། ཚུལ་ཁྲིམས་མི་ཉམས་པ་དང་། གཉེན་བཤེས་དང་འཁོར་ལྡན་ཞིང་འདུམ་འཕྲོད་པ་དང་། འཚོག་ཆས་དང་ནོ ་ཟས་ཡོད་པ་གཞན་གྱིས་མི་འཕྲོག་པ་དང་། རྟག་པར་གཞན་གྱིས་བཀུར་སྟི་དང་ཕུ་རུང་བགྱི་བ་དང་། འཚོག་ཆས་དང་ནོར་ཟས་ལ་སོགས་པ་ཕུན་སུམ་ཚོགས་པ་དང་། ཡིད་ལ་འདོད་ཅིང་འཚལ་ལོ་ཅོག་མྱུར་དུ་འགྲུབ་པ་དང་། ལྷ་དང་ཀླུ་ཀུན་གྱིས་རྟག ་རྐུ་མགོན་སྐྱབས་བགྱིད་པར་འགྱུར་བ་དང་། གར་བྱུང་གར་སྐྱེས་ཀྱང་སངས་རྒྱས་ཀྱི་དྲུང་དུ་སྐྱེ་ཞིང་དམ་པའི་ཆོས་ཐོས་པ་དང་དམ་པའི་ཆོས་ཐོས་ནས་དོན་བཟང་པོ་ལ་རྟོག་པ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་འཆང་བ་དང་། བཟླས ་བདེས་ལེགས་པའི་ཡོན་ཏན་རྣམ་པ་བཅཝ་ལྔ་པོ་འདི་དག་དང་ལྡན་པར་འགྱུར་རོ། ། ལྷ་དང་མི་རྣམས་ཀྱིས་རིག་སྔགས་འདི་རྟག་ཏུ་རྒྱུན་མི་འཆད་པར་འཆང་བ་དང་བཟླས་བརྗོད་དུ་བགྱི་བའི་རིགས་ཏེ། དེ་ལ་ལེ་ལོ་བགྱི་བའི་མི་རིགས་སོ།། བྱང་ཆུབ་སེམས ་དཔའ་འཕགས་པ་སྨན་རས་གཟིགས་དབང་ཕྱུག་གིས་ཚིག་དེ་སྐད་ཅེས་གསོལ་ནས། འཁོར་འདུས་པ་མང་པོའི་དབུས་སུ་ཐལ་སོ་སྦྱར་ཅིང་ལུས་དྲང་པོར་སྲང་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྙིང་རྗེ་ཆེ་རེ་བསྐྱེད་དེ།། མདངས་ཕྱེ་ཞིང་འཛུམ ་དབུལ་ནས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་ཀྱི་སྙིང་པོ་དམ་པ་འདི་བརྗོད་དོ། ། ན་སོ་རད་ན་ཏྲ་ཡཱ་ཡ། ན་མོ་ཨཱ་རཱ་བ་ལོ་ཀི་ཏི་ཤྭ་ར་ཡ། བྷོ་དྷི་ས་ཏྭཱ་ཡ། མ་ཧཱ་ག་ཏཱ་ཡ།། མ་ཧཱ་ཀཱ་རུ་ཎི་ཀ་ཡཱ། ་ས་དྷས་པ་ཅད་། ཅོག་ན་ཀ་ར་བསརྦ་ཏུཎྜི་ག་བདག་ལ། སན་དྷབ་ཏྲག། ཤི་ཏུ་ནན་བག་ཏམ་ནས་སྲིད་། མིམས་ཨཱ་བྲལ་གི་ད་། དེ་ནི་ས་གན་རྟེན་མ་དྲི་ལ། མ་བར་ཏ་མི་རྦ་བྱ། ས་ས་དྷི་མི་ཏས་ངནན། གྲང་ན ་ཨ་ཙེ་ཡན། སརྦ་བྷཱུ་ཏ་ནན། བ་བྷ་མརྒ་བི་ཤོ་དྷ་ཀ་ན། ཏདྱ་ཐཱ། ཨ་ལོ་གེ་ལོ་ཀ། མ་ཏི་ལོ་ཀ། ཨ་ཏི་ཀྲན་ཏ། ཨ་ཏི་ཀྲན་ཏྲ་ཧེ་ཏྱཱ་ཏ་རེ་བ་ཧེ་བོ་དྷི་སཏྭ་ཧེ་བོ་དྷི་སཏྭཱ། ཧི་བྲི་ཡ་བོ་དྷི་སཏྭ། ཧེ་ཀ་རུ་ནི་ཀརྨ་ར་ཏྲི་ད་ཡ་ན། ཏི་ཧི་ཧ་རེ། ཨཱརྱཱ་བ་ལོ་ཀི་ཏི་ཤྭ་ར། ་བར་མ་མེ་ཏྲ། ཙེ་ཏི་ཏ་ན་ཀ་རུ་ཎི་ཀ། ཀུ་རུ་ཀུ་རུ། ཀརྨ་སྟ་དྷཱ་ཡ། བི་ན་དན་དེ་ཏི་དེ་ནི། ཀ་མང་ག་མ་བི་ཏང་ག་མ། སིད་དྷ་ཡོ་གི་ཤྭ་ར། དྷུ་རཱ་དྷ་རཱི། བི་ཡན་ཏི། མ་ཧཱ་བི་ཡན་ཏི། དྷི་ར་དྷ་ར། ད་རེན་ཏྲེ་ཤྭ་ར། ཙ་ལ་བི་མ་ལ་མུ་ཏེ། ཨཱ་རཱ་བ་ལོ་ཀི་ཏེ་ཥཱཥ་ཛིན ་ཀྲིཥྞ། ཛ་ཊ་མ་ཀུ་ཊ། ལམ་བ་པྲ་ལམ་པ། བི་ལ་མ་པ། མ་ཧཱ་བི་ལམ་པ། མ་ཧཱ་སིད་དྷ་བི་དད་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ། མ་ཏཱ་མ་ལ། ཙ་ལ་ཙ་ལ། མ་ཧཱ་ཙ་ལ། ཀི་ན་བ་ཀ་ཤ། ཀྲི་ཥ་བ་ན། ཀྲིཥྞ་བ་ཀྵ་ནརྒེད་ན། ཧེ་པད་མ་ཏ་སྟ། ཙ་ལ་ཙ་ལ ་ནཱིནིཤ་ཙ་རེ། ཤཱ་རི་ཀྲི་ཥ་ས་ར་བ་ཀྲིད་ཏེ།། ཡོ་ཛྙོ་བ་བི་ཏི། ཨེ་ཧི་ཧ་བ་ར་ཧ་སུ་ཀ། ཏྲི་བུ་ར། ད་ཧ་ན་ཤྭ་ར་ན་ར་ཡ་ན་བ་ལ་རཱུ་བ། བེ་ཤ་དྷ་རི། ཧེ་ནི་ལ་ཀ་ན་ཏ་ཏེ་མ་ཧཱ། ཧ་ལ་ཧ་ལ། བི་ཤ་ནིར་ཛ་ཏི། ལོ་ཀ་སྱ་རག་པ་ཤ་ན། ཤ་ན་ཤ་ན་ན། དེ་ཤ་ནི་ཤ་ན་ན། མོ་ཏྲ། ་བི་ཤ་ནན། ན་རི་མོ་ཀྵ་ན། དུ་ལཱ་ཧུ་ལུ། མ་ཧུ་ལ། ཧ་ལ་ཧ་རེ་མ་ཧཱ་པད་མ་བ་ན་ས་ར་ས་ར། སི་རི་སི་རི་སུ་རུ་སུ་རུ། བྷུ་དྷ་བྷུ་དྷ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ཡ་མི་ཏེ། ནི་ལ་ཀན་ཏ། ཨེ་ཧེ་ཧི། བ་མ་སྟི་ཏ་སིད་ཏ་མུ་ཀ། ཏ་ས་ཧ་ས། མུན་ཙ་མུན་ཙ། མ་ཧཱ་ཏ་ཏ། ཧ་ས ་ཨེ་དྷི་ཧེ། བོ་མ་ཧཱ། སྲིད་དྷཱ་ཡོ་ཀི་ཤར། བ་ན་བཱན། བ་ཙན་ས་དྷི་ཡ་ས་དྷ་ཡ་བ་དན། སྥ་རསྨ་ར། ཏན་བྷ་ག་བན་ཏམ། ལོ་ཀ་བི་ལོ་ཀ་ཏན། ཏ་ཐཱ་ག་ཏ་ན། དད་ཧི་མེ། ད་རི་ག་ན་པ། ཀ་མ་སྱ། ད་ནི་ཤ་ར། པྲ་ལ་དྷ་ཡ་མན་སཱ་ཏཱ། སིད་དྷ་སྭཱ་ཧཱ། མཏཱ ་མི་མ་སཱ་ཧཱ། སིད་དྷ་མ་ནི་ཀཱར་སཱ་ཧཱ། ནི་བ་གན་ཏམ་མཱཿ། བར་ཏ་མུ་ལ་ལ་སཱཏྨ། མ་བཱན་སིང་ག་པྲལ་ལ་སཱཧཱ། ཨིད་བི་ཏྱ་དྷ་མ་སྭཱ་ཧཱ། བད་ས་ཏ་སྟཱ་ཡ་སཱ་ཧཱ། ཀིན་སྔས་པ་ལ་དྷོ་བ~ཾ་བི་ཏ་མ་སྭཱཏྨ། མ་ཉྫམ་དེ་ས་ཨཱ་། ་ཙཀྲཱ་ཡུ་དྷ་ཡ་སྭཱ་ཧཱ། ཤང་ཀ་ཤ་བ་དྷ་ར་ནི་བོ་དྷ་ཡ་སྭཱ་ཧཱ། བི་མ་སྐན་དད་ཤ་སྟེད་ཏི། ཨིཥྛ་ཛི་ན་ཡ་སྭཱ་ཧཱ། བ་མ་ཧཱ་བྷ་སཱ་ཧཱ། ཀྲ་ཙར་མ་རི་བ་སི་ནི་ཡེ་སྭཱ་ཧཱ། ཀ་ལེ་ཀོ་ཤྭ་ར་ཡ་སཱ་ཧཱ། སརྦ་སིད་དྷ་ཤྭ་རྱ་སཱ་ཧཱ། རཀྵ་རཀྵ་མར་ན། བདག་སྲུང་དུ་གསོལ ་བསྲུང་དུ་གསོལ་ན་མོ་བྷ་ག་བ་ཏེ། ཨཱ་རྱཱ་བ་ལོ་ཀི་ཏི་ཤྭ་ར་ཡ། བེ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རཱ་ཎི་ཀ་ཡ། སིད་དྱན་དུ་མན་ཏྲ་པ་ཏེ་སྭཱ་ཧཱ། ཨཱ~ཾ་ཧཱི་མྲྀ་ཏྲཻ་ལེ་ཀྱཻ་བི་ཛ་ཡཱ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲི་ཏ་ཧཱུ~ཾ་ཕཊ་སྭཱ་ཧཱ།། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྔགས་འདི་བརྗོད་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། ། དེ་ནས་ལྷ་རྣམས་ཀྱིས་མེ་ཏོག་རིན་པོ་ཆེའི་ཆར་ཕབ་སྟེ་མཆོད་དོ།། ཕྱོགས་བཅུའི་སངས་རྒྱས་ཀྱང་ཤིན་ཏུ་ཐུགས་དགྱེས ་བར་གྱུར་ནས་ལྷའི་བདུད་དང་མུ་སྐེགས་རྣམས་ཀྱང་འཇིགས་སྐྲག་ཏེ་སྤྱི་བུང་ཞེས་བྱེད་དོ། ། འཁོར་འདུས་པའི་ཚོགས་ཐམས་ཅད་འབྲས་བུའི་ཁྱད་པར་འཐོབ་པ་ཁ་ཅིག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ།། ཁ་ཅིག་ནི་ལན་ཅིག་ཕྱིར་འོང་བ།། ཁ་ཅིག་ནི་ཕྱིར་མི ་འོང་བ། ཁ་ཅིག་ནི་དགྲ་བཅོམ་པའི་འབྲས་བུ།། ཁ་ཅིག་ནིས་དང་པོ་དང་། ས་གཉིས་པ་དང་། ས་གསུམ་པ་དང་། ས་བཞི་པ་དང་། ས་ལྔ་པ་དང་། ས་བཅུ་པའི་བར་གྱི་འབྲས་བུ་ཐོབ་པ་དང་། སེམས་ཅན་མང་པོ་ཞིག་ཀྱང་དེའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེས ་ནས་ཚངས་པ་ཆེན་པོ་སྟན་ལས་ལངས་ཏེ་གོས་ཆགས་བཅོས་ནས་ཐལ་མོ་སྦྱར་ཅིང་བསྙེན་བཀུར་གུས་པའི་ཚུལ་ཏུ་བྱང་ཆུབ་སེམས་དཔའ་འབགས་པ་སྤྱན་རས་གཟིགས་དབང་བླག་ལ་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་ཆེན་པོ་ལེགས་སོ།། བདག་སྔོན་སངས ་རྒྱས་གྲངས་པ་མཆིས་པ་ནས་ཆོས་ཀྱི་རྣམ་གྲངས་མང་པོ་ཞིག་ཐོས་ཀྱིས་ཀྱང་འདི་ལྟ་བུའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐོགས་པ་མི་མངང་བའི་གཟུངས་ཀྱི་སྙིང་པོའི་ཆོག་ཐོས་མམྱོང་སྟེ། སྐྱེས་བུ་ཆེན་པོའི་གཟུངས་འདིའི་མཚན་ཉིད་ཇིལྟ་བུ་ལགས་པ་བདག་ལ ་བན་དུ་གསོལ། ། བདག་ཅག་པ་ལ་མང་པོ་ཡང་ཐོས་པར་སྨོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཐུག་གིས་ཚངས་པ་ཆེན་པོ་ལ་སྨྲས་པ།། ཁྱོད་ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་ལྔ ་བྱ་བའི་ཕྱིར་འདི་སྐད་དུ་འདྲིན་ལེགས་པར་ཉོན་ཅིག་དང་ངས་བྱེད་རྣམས་ལ་མདོ་ཙམ་ཞིག་བཤད་དོ། ། གཟུངས་འདིའི་མཚན་ཉིད་ནི་འདི་ལྟ་སྟེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སེམས་སོ།། འདུས་མ་བྱས་པའི་སེམས་སོ།། ཆགས་པ་མེད་པའི་སེམས་སོ།། ་སྟོང་པ་ཉིད་རྟོགས་པའི་སེམས་སོ། རི་མ་གུས་པའི་སེམས་སོ། བདག་དམན་པའི་སེམས་སོ།། འཁྲུག་པ་མེད་པའི་སེམས་སོ།། བླད་མེད་པའི་བྱང་ཆུབ་ཀྱིསམས་སོ།། དག་བུའི་སེམས་ནི་གཟུངས་ཀྱི་མཚན་ཉིད་ཅེས་བྱས་ཏེ། ཁྱོད་ཀྱང་དེ་བཞིན་དུ་སྤྱོད་ཅིག། ཛྲྀ། ་པ་ཆེན་པོས་སུས་པ། བདག་ལ་སོགས་པ་པལ་མང་པོ་ས་གཟུང་འདིའི་མཚན་ཉིད་ནི་གདོད་བཆས་ཏེ། དེ་བྱིན་ཅང་གཟུངས་སུ་བཟུང་ཞིང་འི་ཨཱུ་དབར་བགྱིད།། སྤྱན་ངས་གཟིགས་དབང་བྱུག་གིས་སྤྲུས་པ།། རིགས་ཀྱི་བུའམ་རིགས་ཀྱི་དྲིམ་གང་ལ ་ལས་བྱང་ཆུབ་ཀྱི་སེམས་རྒྱ་ཆེར་བསྐྱེད་དོ། ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར། ཚུལ་ཁྲིམས་འཛིན་ཅིང་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་དོ།། སྔགས་འདི་རྟག་ཏུ་རྒྱུན་མི་འཆད་པར་གང་བ་དབེན་པ་ཞིག་ཏུ་ཁྲུས་བྱས་ཏེ ་གོས་གཙང་མ་བགོ་ཞིང་རྒྱལ་མཚན་དང་། བ་དན་དང་། མར་མེད། གདུག་སྤོས་དང་། བྲུག་པ་དང་། མེ་ཏོག་དང་། ཞལ་ཟས་རྣམས་ཀྱིས་མཆོད་ཅིང་དོན་གཞན་བཏང་སྟེ་སེམས་རྩེ་ཅིག་དུ་ཆོག་བཞིན་ཏུ་བཟླས་བརྗོད་བྱས་ན། དེའི་ཚེ་བྱང་ཆུབ་སེམས་དཔའ ་ཉི་འོད་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་དང་། རིག་འཛིན་གྲངས་མེད་པ་དག་དང་ལྷན་ཅིག་ཏུ་དེར་འོངས་ཏེ། དེ་ལ་ཕན་པར་བྱེད་པའི་རྟགས་དང་མཚན་མ་སྟོན་པར་འགྱུར་རོ།། ངས་ཀྱང་དེའི་ཚེ་དེའི་དུས་ན་མིག་སྟོང་གིས་བརྟག་ཅིང་ལག་སྟོང་གིས་བསྒྲུབ ་པར་བྱའོ། ། མུ་སྟེགས་ཀྱི་གཙུག་ལག་ཐམས་ཅད་ལ་མཁས་ཤིང་ཁོང་དུ་ཆུད་པར་བྱའོ།། གང་གིས་གཟུངས་སྔགས་འདི་གཟུངས་སུ་བཟུང་ཞིང་བཟླས་བརྗོད་བྱས་ན་འཇིག་རྟེན་གྱི་འདྲེ་གདོན་གྱི་ནད་བརྒྱད་ཁྲི་བཞི་སྟོང་ཀུན་གོསོ་པར་ནུས་ཏེ་མི་འཚེབ ་མེད་དོ། ། གཅིག་ཏུ་ན་ལྷ་མ་སྲིན་ཐམས་ཅད་བཀོལ་བ་དང་ལྷའི་བདུད་ཐམས་ཅད་ཕམ་པར་བྱེད་པ་དང་། མུ་སྟེགས་ཅན་ཐམས་ཅད་ཐུལ་བར་འགྱུར་རོ།། གལ་ཏེ་གང་ལ་ལས་དགོན་པ་ན་གནས་ཤིང་བསམ་གཏན་བྱེད་དམ། མདོ་སྡེ་ཀློག་པའམ། ་ཁ་དོན་བྱེད་པ་ལས་འབྱུང་པོ་དང་ཡི་དགས་ལ་སོགས་པས་བགེགས་བྱས་ཏེ། སེམས་མི་བདེ་ན། སྔགས་དེ་ལན་གཅིག་བཏོན་པ་ཙམ་གྱིས་བགེགས་བྱེད་པ་རྣམས་འཆིང་བར་འགྱུར་རོ།། དེ་ཆོ་ག་བཞིན་དུ་བཟླས་བརྗོད་བྱས་ཏེ། ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བསྐྱེད་དེ། དེའི་ཚེ་དེའི་དུས་ན་ངས་འཇིག་རྟེན་སྐྱོང་བ་དང་། རྡོ་རྗེ་གསང་བ་འཛིན་དང་། ཀླུའི་རྒྱལ་པོ་ལ་སོགས་པ་བསྒོ་སྟེ། དེ་ལ་བསྲུང་བ་དང་། སྐྱོབ་པ་དང་། སྦ་བའི་ཕྱིར་དུས་ཐམས་ཅད་དུ་ཕྱི་བཞིན ་དུའབྲང་ཞིང་གཅིག་ཏུ་ཡང་མི་འབྲལ་བར། ཇི་ལྟར་རང་གི་མིག་དང་སྲོག་ལ་འཕངས་པ་བཞིན་རིམ་གྲོ་བྱེད་པ་བཞིན་བསྲུང་ཞིང་སྐྱོ་དུ་གཞུག་གོ།། འདི་ལྟར་ངས་ནི་གསང་འཛིན་ཐལ་སྦྱོར་དང་། རྡོ་རྗེ་འཚོལ་བ་དང་ནི་ལྕགས་ཀྱུ་དང་། ལུ་གུ་རྒྱུད་དང་སྟོབ ་ཆེན་སྡེ་བརྒྱད་རྣམས། ། གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་དུ་གཞུག། ངས་ནི་སྲེད་མེད་བུ་དང་དབང་ལྡན་དང་།། ཀུ་མ་བི་ར་དང་ཀ་པ་ལྀ་ཀ་དང་། བ་ཧུ་ཆུ་བདག་དང་ནི་ལེགས་ལྡན་རྣམས།། གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག། ངས ་ནི་མགྲིན་བཅུ་དང་ནི་ཙན་དར། ། ཀ་ལན་ཏ་ཀ་དང་ནི་སན་ཙམ་པ་ལ།། པན་ཀི་ལ་དང་བི་རྦ་ལ་ཀ་ལ་རྒྱལ།། གཟུངས་འཛིན་དེ་ལ་སྲུང་ཞིང་བསྐྱོབ་དུ་ཞུགས།། ངས་ནི་ཨིང་དགི་པི་ཏ་སར་ག་དང་། ཚངས་པ་ཆེན་པོ་སམ་པྲ་ཀྲ་དང་ནི།། ཚངས་རིས་ལྷ་ཡི ་སྟེ་དང་གཤིན་རྗེ་རྣམས། ། གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་དུ་གཞུག། ངས་ནི་བརྒྱ་བྱིན་སུས་བཅུ་གཉིས་དབང་བཅས།། དབྱངས་ཙན་དཔལ་དང་ནི་ས་ཏན་དང།། མ་སོ་ལ་སོགས་མཐུ་ཆེན་རྣམས་ཀྱིས་ཀྱང་།། གཟུངས་འཛིན་དེ་ལ་བསྲུང ་འདི་བདྲུག་ག། ། ངས་ནི་འཇིག་ཏན་སྟོང་བ་གནས་བསྲུངས་དང་།། འཕགས་སྐྱེས་ནིག་མི་བཟང་དང་ས་བསོ་དང་། གསར་ཅན་དང་ནི་མ་བྱ་ཆེན་མོན་མས།། རྟག་ཏུད་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག། ངས་ནཱི་རིག་འཛིན་ཉི་ཤཱརྩ་བརྒྱང་དུང་། ་གནོད་སྦྱིན་སྡེ་དཔོན་ཆེན་པོ་ནོར་བཟངས་དང་། གང་བ་བཟང་དང་ཡང་དག་ཤེས་རྣམས་ཀྱིས།། རྟག་ཏུ་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག། ངས་ནི་ཀླུ་ཡི་རྒྱལ་པོ་དགའ་བོ་དང་།། ཉེ་དགའ་བོ་དང་མདྲོས་རྣམས་དང་ནི།། ཀླུ་ཡི་རྒྱལ་པོ་ཨི་ལ་མ་ལ་སོསྲ། ་གཟུངས་འཛིན་དེ་ལ་བསྲུང་ཞིདི་སྟོབ་དུ་གཞུག། ངས་ནི་ལྷ་མ་ཡིན་དང་དྲི་ཟ་དང་།། ནམ་མཁའ་ལྡིང་དང་མི་འམ་ཅི་དང་ནི།། ལྟོ་འཕྱེ་ཆེན་པོ་དང་ནི་གྲུལ་བུམ་གྱིས།། གཟུངས་འཛིན་དེ་འཆུང་འི་བྱེ་གཞུག། ངས་ནི་རུ་ངང་མ་དང་རླུང་ལྷ་དང་།། འབྲུག་དང ་ཀློག་གི་ལྷ་རྣམས་མཐུ་ཆེན་དང་། ། འབྱུང་པོ་ཤ་ཟ་རྣམས་ཀྱང་རྟག་པ་རུ།། གཟུངས་འཛིན་དེ་ལ་བསྲུང་ཤིང་སྐྱོབ་དུ་གཞུག། དེ་དག་ཀུན་ཀྱང་སོ་སོ་ནས་འཁོར་ལྔ་བརྒྱ་དང་གནོད་སྦྱིན་སྟོབས་པོ་ཆེ་རྣམས་ཐུགས་རྗེ་ཆེན་པོའི་རིག་སྔགས་འཆང་བ་དེ ་ལ་བསྲུང་བ་དང་སྐྱོབ་པ་དང་སྦ་བའི་ཕྱིར་དུས་ཐམས་ཅད་དུ་འབྲང་བར་བྱེད་དོ། ། དེ་འབྲོག་དགོན་པ་ན་གཅིག་པུ་གནས་པའི་ཚེ། མགོན་པོ་དག་རེས་ཀྱིས་བསྲུང་བ་བྱེད་ཅིང་གདོན་དང་བགེགས་སེལ་བར་བྱེད་དོ།། དགོན་པ་ཆེན་པོར་བསླང་ངམ་ལམ ་འཆོལ་བར་གྱུར་ན། ། རིག་སྔགས་འདི་བཟླས་པ་ཙམ་གྱིས་མགོན་པོ་དང་། ཀླུའི་རྒྱལ་པོ་ལ་སོགས་པ་མིར་སྤྲུལ་ཏེ་ལམ་གང་ཡིན་པ་སྟོན་པར་བྱེད་དོ།། གལ་ཏེ་འབྲོག་དགོན་པའམ་མྱ་ངན་འམ། ནགས་ཚལ་དག་དུ་འགྲོ་བའི་ཚེ་ཆུ་དང་མེས་འཕོང ་ན། རིག་སྔགས་འདི་དྲན་པ་ཙམ་གྱིས་ཀླུ་རྣམས་ཀྱི་ཆུ་དང་མེ་མངོན་ཏུ་སྤྲུལ་ཅིང་འབྱུང་བར་བྱེད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་སྔགས་འདིའི་ཡོན་ཏན་ཚིགས་སུ་བཅད་དེ་བརྗོད་པ།། གང་ཞིག་རི་བྲགས་དགོན་པར ་གནས་པའི་རྩ། ། གཅན་ཟན་སྟག་དང་དོ་མདྲད་སྤྱང་གི་དང་།། སྦྲུལ་གདུག་ཅན་དང་བརླབས་པའི་འདྲེ་རྣམས་ལ།། སྔགས་འདི་བརྗོད་པ་ཙམ་གྱིས་གནོད་མི་ནུས།། གང་ཞིག་རྒྱ་མཚོའམ་ཆུ་ཀླུང་སར་འགྲོ་ན།། ཀླུག་དུག་འཇོག་པོ་ཆུ་སྲིན་ཉ་རྣམས་དང་། ་གནོད་སྦྱིན་སྲིན་པོ་འབར་བ་ར་སྑལ་རྣམས།། སྔགས་འདི་ཐོས་པ་ཙམ་གྱིས་ལུས་སྐྱེད་འགྱུར།། ཕ་རོལ་དམ་ག་ཚོགས་པད་དེ་དགྲས་བསྐོར་ཏམ།། སྡིག་པ་ཅན་གྱིས་ནོར་ཟས་འཇོམས་པའི་ཚེ།། བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། ་དེ་དག་བྱམས་སེམས་གཡོ་ཞིང་ཕྱིར་ཡང་ལྡོག། གང་ཞིག་རྗེ་དཔོན་དག་གིས་བརྩོན་བཟུང་ནས།། ཁྲི་མོན་དང་ནི་བརྩོན་དང་འཇུག་པའི་ཚེ།། བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན།། རྗེ་དཔོན་སེམས་ཀློང་གནང་ཞིང་སླར་ལ་གཏོང་། ་དུག་ཅན་ཟས་རྣམས་གནོད་པར་གྱུར་པའི་ཚེ།། བསམ་པ་ཟག་པས་ཐུགས་རྗེའི་སྔགས་བརྗོད་ན།། དྲུག་ཅན་ཟས་དེ་འཕྲལ་དུ་བདུད་རྩིར་འགྱུར།། བུད་མེད་གང་ཞིག་བུ་དག་བཅ་འབུར།། གདོན་བགེགས་ཞུགས་ཏེ་སྡུགབསྔལ། ་མ་ཐེ་ཟང་ཆེ།། ཐུགས་རྗེ་ཡིན་སྔགས་འདི་བརྗོད་བྱས་པས།། གདོན་བགེགས་བྱེར་ཞིང་བདེ་བར་བཙའ་བར་འགྱུར།། ཀླུག་དུག་གོར་འདྲེས་རིམས་ནད་གཏོང་བ་ན།། ན་མ་མི་བཟད་འཆི་སྦྱོར་བསྙེན་པའི་ཚེ།། ཁས་པ་པ་ཟག་པས་ཐུགས་རྗེའི་སྔགས ་བརྗོད་ན། ། རིམས་ནད་ཞི་ཞིང་ཚེ་སྲོག་ནུར་བར་འགྱུར།། ཀླུ་དང་ཆུ་སྲིན་གདོན་གྱིས་སྐྲངས་གྱུར་ཅིང་།། འབྲས་དང་ཤུབ་རྣག་ཁྲག་མི་བཟང་ཚེ།། བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན།། མཆིལ་མཐོངས་གསུམ་གཏབ་པས་རྗེས་བཞིན་འ ་སྙིགས་མ་ཅན་སྡིག་སེམས་ཅན་སྡིག་སྤྱོད་ཅིང་། ། སྔགས་དང་བྱད་ཀྱིས་ཁོ་ན་ལ་ཤར་གཉེར་བ།། བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན།། བྱད་སྔགས་དྲག་པོ་དེ་ལ་སླར་འཁོར་རོ།། དུས་ངན་སྙིགས་ཅན་འཁྲུག་ཅིང་ཆོས་འཇིག་ཆ།། 66 ་མེད་བདེ་ཞིང་འདོད་ལ་སེམས་རྨོངས་ཏེ། ། བཟའ་ཤུག་དབེན་ཞིང་ཉིན་མཚན་གཞན་དག་ལ།། འདོད་པའི་ཆགས་སེམས་གཏོང་བའི་དུས་མེད་པ།། དེ་ཚེ་ཐུགས་རྗེ་ཅན་གྱི་སྔགས་བརྗོད་ན།། འདོད་ཆགས་མེ་དང་འཁྲུག་སེམས་འགག་པར་འགྱུར།། ་དས་ཏིང་མི་དག་ཀྱི་ཡོད་ད་པན། གང་འགས་པར་མིརྫོགས་སོ།། གས་བསྟན་ལག་གིས་དང་ཅུ་གྱུག་སྷོ་སྔུན་སྟོང་ལྕུ་བདི་ཀླུ་རྗོངས་སྷོ།། ག་གདང་། ས་དོ་ཏེ་ཐ་ས་ཏ་ཤུ་ཊྛི་མ་ཤི་པ་བུཾ་ཐཱམ་ཏང་གླི་ག་དང།། ། འཕགས་པ་བྱང་ཆུབ་སེམས་དཔའ་སྨན་རས་གཟིགས ་