| Wylie | e-texts produced with BDRC’s OCR application |
ཚིམ་པ་དང་། བཤམས་པས་ཚིམ་པ་དང་། བསྔོས་པས་ཚིམ་པ་དང་། རིག་པས་ཚིམ་པ་དང་། རྗེས་ཀྱིས་ཚིམ་པ་དང་། བཤལ་བས་ཚིམ་པ་ཡོད་དེ། ལས་ཀྱི་རིམ་པ་བཞིན་ནོ།། འཇུར་འགེགས་ནི་གཞན་བཀག་པའི ་ལས་ཀྱིས་སྔགས་དང་། ཕྱག་རྒྱ་དང་། དམིགས་པ་གཞན་གྱིས་མི་ཐོག། རྫས་ཐམས་ཅད་ལ་འཐམས་ཏེ་བཀག་པས་རྫས་གཞན་མི་མྱོང་།། གཞན་གྱི་ཆུ་གཅིག་པུ་མ་བཀག་པ་ས། ཏུགཅང་ཙམ་པས་མ་རེག་པ་ལས་དང ་མེད། རང་གི་རྒྱུད་ཞི་བར་བྱེད་པའི་སྔགས་དང་། ཕྱག་རྒྱ་སེ་གོལ་གཅིག་མིན་པ་གཞན་གང་གིས་ཀྱང་ཐོབ་པར་མི་ནུས་སོ།། སེ་གོལ་གཅིག་ཏུ་བཞག་པ་ཅི་ཞེ་ན། གཉིས་སུ་གྱུར་ན་གཞན་གྱི་སྒྲར་གྱུར་ནས་མེ་ཐོབ།། དེས་ན་རང ་གི་གོ་པ་བསྐྱེད་པ་སྒྲ་གཅིག་ཏུ་ངེས་པའོ། ། འདི་ནི་བར་ཆད་ཀྱིས་མི་ཚུགས་པ་དང་། ནད་ཉུང་བ་དང་། ཚེ་རིང་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། ཡིག་མཆུས་པ་རྣམས་འབྱེད་པར་བྱེད་པ་དང་། མདངས་ཉམས་པ་རྣམས ་གསལ་བར་བྱེད་པ་དང་། འདི་གཞན་ལ་སྤེལ་ན་རྒྱུད་གྲོལ་ནས་ཡི་དགས་ཀྱི་རྒྱུན་ཆད་དེ་མཐར་མངོན་པར་རྫོགས་པར་འཚང་རྒྱའོ།། དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་བུ་དེ་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་བསྟོད་དོ། ། །། འཇུར་འགེགས་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། ཞུ་ཆེན་གྱི་ལོ་ཙྪ་བ་བཱན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་བབ་པའོ།། @#།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ་ལུས་ཀྱི་ཟག་པ་སྦྱིན་པར་བཏང་བའི་གཟུངས། མཆིལ་མ་ལ། ཨོཾ་ཨ་སྨ་མ་ཨ་ཧེ་རེ་བྷྱཿསྭཱ་ཧཱ། ལུང་བ་ལ། ཨོཾ་ཨ་ཁྲོ་ར་ཨ་ཏ་རེ་བྷྱཿསྭཱ་ཧཱ། སྐབས་ལ། ཨོཾ་ཨ་སི་གྷན། ཨ་ཧ་རེ་བྷྱཿསྭཱ་ཧཱ། ལུས་ཀྱི་དྲིམ་ལ། ་ཨ་མ་ལ་ཨ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆེན་པ། ཨོཾ་ཨ་བྷིམྦ་ཨ་ཧ་རབྷྱཿསྭཱ་ཧཱ། དྲི་ཚུལ། ཨོཾ་ཨ་ནུད་ཏྲ་ཨ་ཏ་རེ་དྷཿཱ་ཧཱ། དེ་རྣམས་སོ་སོ་ལ་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ།། ས་གོལ་བརྡབ་པོ།། དེ་རྣམས ་དེ་ལྟར་བྱིན་པའི་བསོད་ནམས་ཅི་བསགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་དུ་བསྔོ་བར་བྱའོ། ། འདི་དག་ནི་ཐས་རྡོ་རྗེ་གདན་པས་མདོ་ཆུད་ནས་ཕྱུང་སྟེ། བ་རི་ལོ་སྟོབས་བསྒྱུར་བའོ།། །། དཀོ་མཆོག་གསུམ ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས ་པ་ན་མ་ཁའི་སྙིང་པོ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། བཛྲ་མ་བུ། བཛྲ་མ་བུ་བུད་དྷ་ཛྲེ། བཛྲ་མ་བུ་བུད་དྷ་བཛྲེ། ཤུ་ཧྱ་ཏ་པྲ་བྷེ་ཤཾ། བཻ་རོ་ཙ་ན་ག་དྷེ། བཙྪེ་ད་ཡ། ཨ་བ་བོདྷ་ན་སྭཱ་ཧཱ། ཅོ་ག་ནི་རྟག་ཏུ་བཟླས་བརྗོད་བྱས་ན་ཤེས་རབ་ཀྱི་ཕ་རོལ ་དུ་བྱིན་པ་ལ་གནས་པ་ཐོབ་པར་འགྱུར་རོ། ། བདུད་ཐམས་ཅད་དང་། དགྲ་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་སོ།། འཆི་བའི་ཚེ་འཕགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ།། དེ་བཞིན་དུ་དེ་བཞིན་གཤེགས་པ ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ།། ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ།། རྫོགས་སྷོ།། །། ཨོཾ་བཛྲ་ཨ་ཡུ་ཤེ་ཧཱུཾ་ཨ། འཕགས་པ་ཚེ་དཔག་མེད་ཀྱི་སྙིང་པོ་འདི ་རྟག་ཏུ་བཟླས་སམ། སྔགས་ཆབ་ཀྱིས་དབང་བསྐུར་ན་ཚེ་རུར་བར་འགྱུར་རོ།། ཨོཾ་བུ་རྩེ་བུ་ཎྱེ་མཧཱ་བུ་ཎྱེ། ཨ་པཱ་ར་མི་ཏ་ཨ་ཡུར་བུ་ཎྱེ་ཛྙཱ་ན་ས~ཾ་བྷ་རོ་པ་ཙི་ཏཻ་སྭཱ་ཧཱ།། 6།། རྒྱ་གར་སྐད་དུ། ཨཱ་རྱ་ཨ་པཱ་ར་མི་ཏ་ཨ ་ཡུད་ཛྙཱ་ན་ནཱ་མ་མ་ཧཱ་ཡཱན་སུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གས་ཐས་པའི་དུས ་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་བྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་